Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་ཚན་གཉིས་པ། ས་བོན་ལ་སོགས་པའི་སྡེ་ཚན།


 
previousབཅུ་ཚན་གཉིས་པ། ས་བོན་ལ་སོགས་པའི་སྡེ་ཚན། no next

བཅུ་ཚན་གཉིས་པ། ས་བོན་ལ་སོགས་པའི་སྡེ་ཚན།


DKG006_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། ས་བོན་འཕྱབ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོང་པ་དང་། །ཕྱིས་གནོད་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེའི་ཚེ་ན་སྔོན་ཤིང་མཁན་རྒན་ཞུགས་བྱིས་པ། རྨོངས་པ། མུ་གསལ་བ་མི་མཁས་པ་ཞིག་གིས་ཤིང་ལྗོན་པ་བཅད་ནས་དགེ་འདུན་ཡི་གཙུག་ལག་ཁང་བྱེད་དུ་བཅུག་གོ །དེ་ནས་ཤིང་ལྗོན་པ་དེ་ལ་གནས་པའི་ལྷ་ཁ་དོག་ཤིན་ཏུ་འདས་པ་གང་ཡིན་པ་དེ་མཚན་མོན་མ་སྲོས་པ་དང་བཅོམ་ལྡན་འདས་ག་ལ་བདེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་ལྷ་དེའི་ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ལྷ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་ཤིང་མཁན་རྒན་ཞུགས་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་བ་ཞིག་གིས་བདག་གི་གནས་པ་དང་། གླིང་དང་། སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་དང་། གནས་མལ་དང་། གཞི་དང་། རྟེན་གྱི་ཞུགས་ཤིང་ལྗོན་པ་གང་ལགས་པ་དེ་བཀུམ་ནས་དགེ་འདུན་གྱི་གཙུག་ལག་ཁང་བགྱིད་དུ་སྩལ་ཏེ། བཙུན་པ་དགུན་གྱི་དགུང་ནི་རིང་། དགུན་སྨད་ཀྱི་དུས་ཚེ་ནི་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་དག་ལྡང་ཞིང་བཙུན་པ་བདག་གི་བུ་དང་ཕྲུག་གུ་དག་ནི་ཆུང་ན་བདག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཞིག་


DKG006_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀའ་སྩལ་པ། ལྷ་ཁྱོད་ཀྱི་གནས་སུ་ལྷ་འདིའི་གནས་བྱིན་ཅིག །ལྷ་དེས་འདི་ལྟ་སྟེ། སྟོན་པའི་བཀའ་ལུང་གིས་རང་གི་གནས་སུ་ལྷ་དེའི་གནས་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་གྱི་མཚན་མོ་འདས་པ་དང་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་ལྷ་ཁ་དོག་ཤིན་ཏུ་འདས་པ་ཞིག་མཚན་མོ་ནམ་སྲོས་པ་དང་ངག་ལ་བ་དེར་འོངས་ཏེ་ཕྱིན་ནས། ངའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་ལྷ་དེའི་ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བརྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །མཐའ་གཅིག་ཏུ་འདུག་ནས་ང་ལ་ལྷ་དེ་འདི་སྐད་ཅེས་བཙུན་པ་སྔོན་ཤིང་མཁན་རྒན་ཞུགས་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཞིག་གིས་བདག་གི་གནས་དང་། གླིང་དང་། སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་དང་། གནས་མལ་དང་། གཞི་དང་། རྟེན་གྱི་ཞུགས་ཤིང་ལྗོན་པ་གང་ལགས་པ་དེ་བཀུམ་ནས་དགེ་འདུན་གྱི་གཙུག་ལག་ཁང་བགྱིད་དུ་སྩལ་ཏེ། བཙུན་པ་དགུན་གྱི་དགུང་ནི་རིང་། དགུན་སྨད་ཀྱི་དུས་ཀྱི་ཚེ་ནི་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་དག་ལྔང་ཞིང་། བཙུན་པ་བདག་གི་བུ་དང་ཕྲུག་གུ་དག་ནི་ཆུང་ན་བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བས་དགེ་སློང་དག་འདི་ལྟར་ལྷ་དག་དེ་སྐད་ཅེས། ཀྱེ་མ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ཀྱིས་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་པར་བྱེད་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི་དགེ་སློང་དག་ཤིང་ལྗོན་པ་གཅོད་པར་བྱེད་པ་ལས་གྱུར་པ་ཡིན་ནོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ཤིང་ལྗོན་པ་གཅད་པར་མི་བྱའོ། །གཅོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་འབྲོག་གནས་ན་


DKG006_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོག་གི་ནགས་མཆོག་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལྗོན་པ་གཅད་པར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ལག་གི་བླ་དག་གིས་ཤིང་མེད་པས་མཁར་ལན་དག་བཏང་བར་གྱུར་ཏེ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་ལག་གི་བླ་དག་གིས་མཁར་ལན་དག་བཏང་བར་གྱུར། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལྗོན་པ་གཅད་པ་ར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ལག་གི་བླ་དག་གིས་ཞུགས་ཤིང་མ་མཆིས་པས་མཁར་ལན་བཏང་བར་གྱུར་ཏོ། །ཀུན་དགའ་བོ་ངས་དགེ་སློང་ལག་གི་བླའི་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ལག་གི་བླས་ཞག་བདུན་ནམ་བརྒྱད་ཀྱིས་ཤིང་ལྗོན་པ་གཅོད་པར་འགྱུར་བ་ན་ཤིང་ལྗོན་པ་དེའི་དྲུང་དུ་དཀྱིལ་འཁོར་བྱ་ཞིང་། སྤོས་དང་། མེ་ཏོག་དང་། གཏོར་མ་ཡང་སྦྱིན་པར་བྱ། རྒྱུད་ཆགས་གསུམ་པ་ཡང་བཀླག་པར་བྱ། ཡོན་བཤད་པ་ཡང་བྱ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་དག་ཉེ་བར་གཞག་པར་ཡང་བྱ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་གི་བསྔགས་པ་མ་ཡིན་པ་དག་ཀྱང་བརྗོད་པར་བྱ། འདི་སྐད་ཅེས་ཤིང་ལྗོན་པ་འདི་ལ་ལྷ་གང་གནས་པ་དེ་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་གྱིའམ། ཆོས་ཀྱིའམ། དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་ཀྱངབརྗོད་པར་བྱའོ། །དེའི་འོག་ཏུ་ཉི་མ་བདུན་ནམ་བརྒྱད་ཀྱིས་ཤིང་ལྗོན་པ་དེ་གཅད་པར་བྱའོ། །གལ་ཏེ་འགྱུར་བ་སྟོན་ན་གཅད་པར་མི་བྱའོ། །དགེ་སློང་ལག་གི་བླས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚ་བས་ཅན་དུ་འགྱུར་རོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམལྡན་འདས་རེ་ཞིག་འདུལ་པ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་


DKG006_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་རང་གི་ལག་གིས་ཤིང་ལྗོན་པ་གཅོད་ཅིང་གཅོད་དུ་འཇུད་པར་ཡང་བྱེད། རྩྭ་སྔོན་པོ་རྔ་ཞིང་རྔར་འཛུད་པར་ཡང་བྱེད། མེ་ཏོག་དག་འཐོག་ཅིང་འཐོག་ཏུ་འཛུད་པར་ཡང་བྱེད་ནས་གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་རང་གི་ལག་གིས་ཤིང་ལྗོན་པ་གཅོད་ཅིང་གཅོད་དུ་འཇུད་པར་ཡང་བྱེད། རྩྭ་སྔོན་པོ་རྔ་ཞིང་རྔར་འཛུད་པར་ཡང་བྱེད། མེ་ཏོག་དག་འཐོག་ཅིང་འཐོག་ཏུ་འཛུད་པར་ཡང་བྱེད་དེ། བྲམ་ཟེ་དང་། ཁྱིམ་བདག་འདི་དག་ཀྱང་རང་གི་ལག་གིས་ཤིང་ལྗོན་པ་གཅོད་ཅིང་གཅོད་དུ་འཛུད་པར་ཡང་བྱེད། རྩྭ་སྔོན་པོ་རྔ་ཞིང་རྔར་འཛུད་པར་ཡང་བྱེད། མེ་ཏོག་དག་འཐོག་ཅིང་འཐོག་ཏུ་འཛུད་པར་ཡང་བྱེད་པས་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་དང་། བྲམ་ཟེ་དང་། ཁྱིམ་བདག་འདི་དག་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་བྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཅག་རང་གི་ལག་གིས་ཤིང་ལྗོན་པ་གཅོད་ཅིང་གཅོད་དུ་འཛུད་པར་ཡང་བྱེད། རྩྭ་སྔོན་པོ་རྔ་ཞིང་རྔར་འཛུད་པར་ཡང་བྱེད། མེ་ཏོག་དག་འཐོག་ཅིང་འཐོག་ཏུ་འཛུད་པར་ཡང་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་


DKG006_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་བ་ཡང་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ས་བོན་གྱི་ཚོགས་དང་། འགྱུར་པོའ་གནས་འཇིག་གམ། འཇིག་ཏུ་འཛུད་ན་ལྟུང་བྱེད་དོ། །ས་བོན་གྱི་ཚོགས་ཞེས་བྱ་བ་ནི་ས་བོན་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོ་གུའི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་ཉིད་ནི་ལྔ་པའོ། རྩ་བའི་ས་བོན་གང་ཞེ་ན། གླས་གང་དང་། ཤུ་དག་དང་། ཡུང་དང་། སྒེའུ་གཤེར་དང་། བོང་ང་དཀར་པོ་དང་། གཞན་ཡང་རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བ་གང་ཡིན་པའོ། །སྡོང་བུའི་ས་བོན་གང་ཞེ་ན། ཤིང་ཀན་ཙ་ན་དང་། ཀ་པི་ཏ་ལ་དང་། ཨཤྭཏྠ་དང་། ཨུ་དུམ་བཱ་ར་དང་། ནྱ་གྲོ་ངྷ་དང་། གཞན་ཡང་སྡོང་བུ་བཏབ་པ་ལས་སྡོང་བུ་ཉིད་སྐྱེ་བ་གང་ཡིན་པའོ། །ཐོ་གུའི་ས་བོན་གང་ཞེ་ན། བུ་རམ་ཤིང་དང་། འདམ་བུ་དང་། སྨིག་མ་དང་། རྒྱ་མཚོ་ནས་འཕྱུང་བ་དང་། གཞན་ཡང་ཐོ་གུ་བཏབ་པ་ལས་ཐོ་གུ་ཉིས་སྐྱེ་བ་གང་ཡིན་པའོ། །འགས་པའི་ས་བོན་གང་ཞེ་ན། ཨརྫ་ཀ་དང་། སརྫ་ཀ་དང་། ཕ་ནི་ན་རྫ་ཀ་དང་། བྷུ་སྟྲིན་དང་། ཛམ་བྷ་རི་དང་། གཞན་ཡང་འགས་པ་བཏབ་པ་ལས་འགས་པ་ཉིད་སྐྱེ་བ་གང་ཡིན་པའོ། །ས་བོན་གྱི་ས་བོན་གང་ཞེ་ན། སཱ་ལུ་དང་། ནས་དང་། གྲོ་དང་། མོན་སྲན་སྡེའུ་དང་། ཡུངས་ཀར་དང་། གཞན་ཡང་ས་བོན་བཏབ་པ་ལས་ས་བོན་ཉིད་སྐྱེ་བ་གང་ཡིན་པའོ། །འབྱུང་པོའི་གནས་ཞེས་བྱ་བ་ལ་འབྱུང་པོ་ཞེས་བྱ་བ་ནི་


DKG006_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གྲོག་སྦུར་དག་དང་། ཕྱེ་མ་ལེབ་དག་དང་། སྦྲང་བུ་དག་དང་། ཏིལ་དང་ཕུབ་མ་ཟ་བ་དག་དང་། སྦྲུལ་དག་དང་། སྡིག་པ་དག་དང་། སྒྲང་བུ་ཏྲེ་མ་པུ་ཀ་དག་དང་། ཏྲེལ་ཏ་ཀ་དག་གོ །གནས་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པའོ། །དེ་དག་འཇིག་གམ་འཇིག་ཏུ་འཇུད་ན་ཞེས་བྱ་བ་ནི་འབྱིན་པ་དང་། སྙོལ་བ་དང་། གཅོད་པ་དང་། འབིགས་པ་དང་། འཚེག་པ་དང་། འཚེག་ཏུ་འཇུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། །བར་སྡོམ་ལ། །ས་བོན་ལྔ་དང་ཉམས་བྱེད་དང་། །ལྗོན་ཤིང་གཅོད་དང་རྩྭ་རྡ་དང་། །སྔོན་དང་འཆག་དང་རྩྭ་རྒྱུནད་ང་། །ཉ་ལྕིབས་ཤ་མོ་རླམ་ཉིད་དོ། །དགེ་སློང་གིས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོང་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་


DKG006_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རྩ་བའི་ས་བོན་ལ་ཐོ་གུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རྩ་བའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རྩ་བའི་ས་བོན་ལ་ས་བོན་གྱིས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་པ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་གིས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྡོང་བུའི་ས་བོན་ལ་རྩ་བའི་


DKG006_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྔོང་བུའི་ས་བོན་ལ་ཐོ་གུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་བོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐབ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྡོང་བུའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐབ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྡོང་བུའི་ས་བོན་ལས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་གིས་ཐོ་གུའི་ས་བོན་ལ་ཐོ་གུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་


DKG006_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འདུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཐོ་གུའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཐོ་གུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཐོ་གུའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་


DKG006_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅིད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཐོ་གུའི་ས་བོན་ལས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིས་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་གིས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འགས་པའི་ས་བོན་ལ་རྩ་བའི་ས་བོད་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འགས་པའི་ས་བོན་ལ་ལྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། །གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་


DKG006_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འགས་པའི་ས་བོན་ལ་ཐོ་གུའི་བོན་དུ་འདུ་ཤེས་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་པ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ་། །དགེ་སློང་གིས་འགས་པའི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ཕས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་གིས་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ས་བོན་གྱི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་


DKG006_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། དགེ་སློང་གིས་ས་བོན་གྱི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་ངོན་པོར་འདུ་ཤེས་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། དགེ་སློང་གིས་ས་བོན་གྱི་ས་བོན་ལ་ཐོ་གུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་བོར་འདུ་ཤེས་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། དགེ་སློང་གིས་ས་བོན་གྱི་ས་བོན་ལ་འགས་པའི་ས་བོད་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྔོན་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །སྐམ་པོ་ལ་ཡིད་གཉིས་ཟ་བས་གཅོད་དམ། གཅོད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ས་བོན་ཉམས་པར་གྱུར་ཅིག །ས་བོན་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ས་བོན་གྱི་རིགས་ལྔ་པོ་དག་མེར་འཇུད་པར་བྱེད་ཅིང་། ས་བོན་ཉམས་པ་དང་། ས་བོན་རྣམ་པར་ཉམས་པར་གྱུར་ན་དགེ་སློང་ལ་ལྟུང་བྱེད་ལྔར་འགྱུར་རོ། །ས་བོན་ཉམས་པར་མ་གྱུར་ཅིང་། ས་བོན་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ལྔར་འགྱུར་རོ། །དགེ་སློང་གིས་ས་བོན་ཉམས་པར་གྱུར་ཅིག །ས་བོན་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ས་བོན་གྱི་རིགས་ལྔ་པོ་དག་ཆུར་འཇུད་ཅིང་། ས་བོན་ཉམས་པ་དང་། ས་བོན་ཉམས་པར་གྱུར་ན་དགེ་སློང་ལ་ལྟོོང་བྱེད་ལྔར་འགྱུར་རོ། ས་བོན་ཉམས་པར་མ་གྱུར་ཅིག ས་བོན་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ལྔར་འགྱུར་རོ། དགེ་སློང་གིས་ས་བོན་ཉམས་པར་གྱུར་ཅིག །ས་བོན་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ས་བོན་གྱི་རིགས་ལྔ་པོ་དག་གཏུན་དུ་བླུགས་ཏེ་


DKG006_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གཏུན་བུས་བརྡུངས་ནས་ས་བོན་ཉམས་པ་དང་། ས་བོན་རྣམ་པར་ཉམས་པར་གྱུར་ན་དགེ་སློང་ལ་ལྟུང་བྱེད་ལྔར་འགྱུར་རོ། །ས་བོན་ཉམས་པར་མ་གྱུར་ཅིང་། ས་བོན་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ལྔར་འགྱུར་རོ། །དགེ་སློང་གིས་ས་བོན་ཉམས་པར་གྱུར་ཅིག །ས་བོན་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ས་བོན་གྱི་རིགས་ལྔ་པོ་དག་ས་སྐམ་པོ་ལ་འཇོག་ཅིང་ས་བོན་ཉམས་པ་དང་། ས་བོན་རྣམ་པར་ཉམས་པར་གྱུར་ན་དགེ་སློང་ལ་ལྟུང་བྱེད་ལྔར་འགྱུར་རོ། །ས་བོན་ཉམས་པར་མ་གྱུར་ཅིང་། ས་བོན་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ལྔར་འགྱུར་རོ། །དགེ་སློང་གིས་ས་བོན་ཉམས་པར་གྱུར་ཅིག །ས་བོན་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ས་བོན་གྱི་རིགས་ལྔ་པོ་དག་ཚྭ་རྒོའམ། འགྱུར་བྱེད་དམ། ལྕི་བའམ། སས་འགེབས་བར་བྱེད་ཅིང་ས་བོན་ཉམས་པ་དང་། ས་བོན་རྣམ་པར་ཉམས་པར་གྱུར་ན་དགེ་སློང་ལ་ལྟུང་བྱེད་ལྔར་འགྱུར་རོ། །ས་བོན་ཉམས་པར་མ་གྱུར་ཅིང་། ས་བོན་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ལྔར་འགྱུར་རོ། །དགེ་སློང་གིས་ས་བོན་ཉམས་པར་གྱུར་ཅིག །ས་བོན་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ས་བོན་གྱི་རིགས་ལྔ་པོ་དག་ལ་ཁུ་ཚན་ནམ། འབྲས་ཁུའམ། སྲན་ཚོང་ལྡུགས་པར་བྱེད་ཅིང་། ས་བོན་ཉམས་པ་དང་། ས་བོན་རྣམ་པར་ཉམས་པར་གྱུར་ན། དགེ་སློང་ལ་ལྟུང་བྱེད་ལྔར་འགྱུར་རོ། །ས་བོན་ཉམས་པར་མ་གྱུར་ཅིང་། ས་བོན་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ལྔར་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཅིག་གཅོད་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཉིས་གཅོད་ན་ཉེས་བྱས་གཅིག་དང་ལྟུང་བྱེད་གཉིས་སུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཅིག་གིས་ཤིང་ལྗོན་བ་རབ་ཏུ་མང་པོ་གཅོད་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་རབ་ཏུ་མང་པོར་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཅིག་གཅོད་ན་ཉེས་བྱས་གཉིས་དང་། ལྟུང་བྱེད་གཅིག་ཏུ་འགྱུར་རོ། །


DKG006_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཉིས་གཅོད་ན་ཉེས་བྱས་གཉིས་དང་། ལྟུང་བྱེད་གཉིས་སུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་རབ་ཏུ་མང་པོ་གཅོད་ན་ཉེས་བྱས་གཉིས་དང་། ལྟུང་བྱེད་རབ་ཏུ་མང་པོར་འགྱུར་རོ། །དགེ་སློང་གིས་སྦྱོར་བ་རབ་ཏུ་མང་པོས་ཤིང་ལྗོན་པ་གཅིག་གཅོད་ན་ཉེས་བྱས་རབ་ཏུ་མང་པོ་དང་། ལྟུང་བྱེད་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་རབ་ཏུ་མང་པོས་ཤིང་ལྗོན་པ་གཉིས་གཅོད་ན་ཉེས་བྱས་རབ་ཏུ་མང་པོ་དང་། ལྟུང་བྱེད་གཉིས་སུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་རབ་ཏུ་མང་པོས་ཤིང་ལྗོན་པ་རབ་ཏུ་མང་པོ་གཅོད་ན་ཉེས་བྱས་རབ་ཏུ་མང་པོ་དང་། ལྟུང་བྱེད་རབ་ཏུ་མང་པོར་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཅིག་གིས་རྩྭ་གཅིག་རྔ་ཉེས་བྱས་གཅིག་དང་། ལྟུང་བྱེད་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཅིག་གིས་རྩྭ་གཉིས་རྔ་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་གཉིས་སུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཅིག་གིས་རྩྭ་རབ་ཏུ་མང་པོ་རྔ་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་རབ་ཏུ་མང་པོར་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཉིས་ཀྱིས་རྩྭ་གཅིག་རྔ་ན་ཉེས་བྱས་གཉིས་དང་། ལྟུང་བྱེད་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཉིས་ཀྱིས་རྩྭ་གཉིས་རྔ་ན་ཉེས་བྱས་གཉིས་དང་། །ལྟུང་བྱེད་གཉིས་སུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་གཉིས་ཀྱིས་རྩྭ་རབ་ཏུ་མང་པོ་རྔ་ན་ཉེས་བྱས་གཉིས་དང་། ལྟུང་བྱེད་རབ་ཏུ་མང་པོར་འགྱུར་རོ། །དགེ་སློང་གིས་སྦྱོར་བ་རབ་ཏུ་མང་པོས་རྩྭ་གཅིག་རྔ་ན་ཉེས་བྱས་རབ་ཏུ་མང་པོ་དང་། ལྟུང་བྱེད་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་རབ་ཏུ་མང་པོས་རྩྭ་གཉིས་རྔ་ན་ཉེས་བྱས་རབ་ཏུ་མང་པོ་དང་། ལྟུང་བྱེད་གཉིས་སུ་འགྱུར་རོ། །དགེ་སློང་གིས་སྦྱོར་བ་རབ་ཏུ་མང་པོས་རྩྭ་རབ་ཏུ་མང་པོ་རྔ་ན་ཉེས་བྱས་རབ་ཏུ་མང་པོ་དང་། ལྟུང་བྱེད་རབ་ཏུ་མང་པོར་འགྱུར་རོ། །ཨུཏྤ་ལ་དང་། པད་མ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རྒྱས་པར་སྦྱར་རོ། །དགེ་སློང་གིས་སྔོ་ཉམས་པར་གྱུར་ཅིག །སྔོ་རྣམ་བར་ཉམས་པར་གྱུར་ཅིག་སྙམ་པས་སྔོའི་ཕྱོགས་སུ་ཚྭ་རྒོའམ། འགྱུར་བྱེད་དམ་


DKG006_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་བ་འམ། སས་ཉུག་པར་བྱེད་ཅིང་། སྔོ་ཉམས་པ་དང་། རྣམ་པར་ཉམས་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །སྔོ་ཉམས་པར་མ་གྱུར་ཅིང་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་སུ་འགྱུར་རོ། །ཉུག་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་སྔོ་ཉམས་པར་གྱུར་ཅིག །སྔོ་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་སྔོའི་ཕྱོགས་སུ་ཁུ་ཚན་ནམ། འབྲས་ཁུའམ། སྲན་ཚོད་འཐོར་བར་བྱེད་ཅིང་། སྔོ་ཉམས་པ་དང་། རྣམ་པར་ཉམས་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །སྔོ་ཉམས་པར་མ་གྱུར་ཅིང་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་སུ་འགྱུར་རོ། །འདོར་བའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་སྔོ་ཉམས་པར་གྱུར་ཅིག །སྔོ་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་སྔོའི་ཕྱོགས་སུ་འཆག་པར་བྱེད་ཅིང་སྔོ་ཉམས་དང་། རྣམ་པར་ཉམས་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །སྔོ་ཉམས་པར་མ་གྱུར་ཅིང་སྔོ་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་སུ་འགྱུར་རོ། །འཆག་པའི་བསམ་པ་ལ་ནི་ལྟུང་བ་མེད་དེ། །དགེ་སློང་གིས་སྔོ་ཉམས་པར་གྱུར་ཅིག །སྔོ་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་སྔོའི་ཕྱོགས་སུ་ཡལ་གའམ། སེག་གམ། རེ་ལྡེ་འདྲིན་པར་བྱེད་ཅིང་། སྔོ་ཉམས་པ་དང་། སྔོ་རྣམ་པར་ཉམས་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །སྔོ་ཉམས་པར་མ་གྱུར་ཅིང་སྔོ་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་སུ་འགྱུར་རོ། །འདྲུད་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ཤ་བལ་ཉམས་པར་གྱུར་ཅིག །ཤ་བལ་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ཤ་བལ་ཆགས་པའི་ཕྱོགས་སུ་འཆག་པར་བྱེད་ཅིང་། ཤ་བལ་ཉམས་པ་དང་། རྣམ་པར་ཉམས་པར་གྱུར་ན་ཉེས་བྱས་སུ་འགྱུར་རོ། །ཤ་བལ་ཉམས་པར་མ་གྱུར་ཅིང་རྣམ་པར་ཉམས་པར་མ་གྱུར་ན་ཡང་ཉེས་བྱས་སུ་འགྱུར་རོ། །འཆག་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ཤ་བལ་ཉམས་པར་གྱུར་ཅིག །ཤ་བལ་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ཤ་བལ་ཆགས་པའི་ཕྱོགས་སུ་ཁུ་ཚན་ནམ། འབྲས་ཁུའམ། སྲན་ཚོད་འདོར་བར་བྱེད་ཅིང་ཤ་བལ་ཉམས་པ་དང་། ཤ་བལ་རྣམ་པར་ཉམས་པར་གྱུར་ན་ཉེས་བྱས་སུ་འགྱུར་རོ། །ཤ་བལ་ཉམས་པར་མ་གྱུར་ཅིང་རྣམ་པར་ཉམས་པར་མ་གྱུར་ན་ཉེས་བྱས་ཉིད་དུ་འགྱུར་རོ། །འདོར་བའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ཤ་བ་ལ་ཉམས་པར་གྱུར་ཅིག །


DKG006_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་བལ་རྣམ་པར་ཉམས་པར་གྱུར་ཅིག་སྙམ་པས་ཤ་བལ་ཆགས་པའི་ཕྱོགས་སུ་ཚྭ་རྒོའམ། འགྱུར་བྱེད་དམ། ལྕི་བའམ། སས་ཉུག་པར་བྱེད་ཅིང་ཤ་བལ་ཉམས་པ་དང་། ཤ་བལ་རྣམ་པར་ཉམས་པར་གྱུར་ན་ཉེས་བྱས་སུ་འགྱུར་རོ། །ཤ་བལ་ཉམས་བར་མགྱུར་ཅིང་རྣམ་པར་ཉམས་པར་མགྱུར་ན་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །ཉུག་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ཤིང་ལྗོན་པའི་རྩ་རྒྱུན་འབྱིན་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་རྩ་བ་འབྱིན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་ཤུན་པ་འཆུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་པྲི་འཆུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་སྙིང་པོ་འཆུ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་ལོ་མ་རློན་པ་རློག་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་ལོམ་སེར་པོ་རློག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློག་གིས་ཤིང་ལྗོན་པའི་མེ་ཏོག་ཁ་མ་བྱེ་བ་རློག་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་མེ་ཏོག་ཁ་བྱེ་བ་རློག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་འབྲས་བུ་མ་སྨིན་པ་རློག་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤིང་ལྗོན་པའི་འབྲས་བུ་སྨིན་པ་རློག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཉ་ལྕིབས་འབྱིན་པར་བྱེད་ན་ཇི་སྲིད་དུ་ཆུ་ནས་སྐམ་ལ་འདོན་པར་མི་བྱེད་ཀྱི་བར་དུ་ཉེས་བྱས་སུ་འགྱུར་རོ། །ཆུ་ནས་སྐམ་ལ་འདོན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉ་ཚང་འདོན་པར་བྱེད་ན་ཇི་སྲིད་དུ་ཆུ་ནས་སྐམ་ལ་འདོན་པར་མི་བྱེད་ཀྱི་བར་དུ་ཉེས་བྱས་སུ་འགྱུར་རོ། །ཆུ་ནས་སྐམ་ལ་འདོན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤ་མོ་འཐོག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཕ་བ་གོལ་གོལ་འཐོག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རྫ་མའམ། ཕྲུ་བའམ། རིལ་བའམ། གོས་སམ། གོས་ཀྱི་གདང་ལ་རླམ་ཆགས་པ་བསྐྱོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །རུང་བར་བྱས་ཏེ་སྤྱོད་པ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་བ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བདག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དེ་བཅུ་གཅིག་པ་རྫོགས་སོ།།


previousབཅུ་ཚན་གཉིས་པ། ས་བོན་ལ་སོགས་པའི་སྡེ་ཚན། no next