Nitartha Digital Library
Tibetan
 
previousལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ། no next

ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།


DKG014_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་བདག་


DKG014_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱང་ཆུབ་སེམས་དཔའ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ཏེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས། བདག་གིས་དངོས་པོ་མ་དམིགས་མ་འཚལ་ཡང་དག་པར་རྗེས་སུ་མ་མཐོང་སྟེ།བཅོམ་ལྡན་འདས། བདག་གིས་དངོས་པོ་མ་དམིགས་མ་འཚལ་ཡང་དག་པ་རྗེས་སུ་མ་མཐོང་བཞིན་དུ། ཆོས་གང་གིས་ཆོས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་ཐམས་ཅད་ལ་འཕེལ་བ་དང༌། འགྲིབ་པ་མ་དམིགས་མ་འཚལ་བར་འདི་ལྟ་སྟེ། མིང་ཙམ་དུ་བྱང་ཆུབ་སེམས་དཔའ་ཞེའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་འཕེལ་བ་དང༌། འགྲིབ་པར་བགྱིས་ན། དེ་ཉིད་བདག་གི་འགྱོད་པར་འགྱུར་རོ། །བཅོམ་ལྡན་འདས། མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། བཅོམ་ལྡན་འདས། བདག་གིས་གཟུགས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གཟུགས་ཀྱི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། གཟུགས་ཀྱི་མིང་དེའང་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཚོར་བའི་


DKG014_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཚོར་བའི་མིང་དེའང་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདུ་ཤེས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདུ་ཤེས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུ་ཤེས་ཀྱི་མིང་དེའང་གནས་པ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདུ་བྱེད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདུ་བྱེད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུ་བྱེད་ཀྱི་མིང་དེའང་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་


DKG014_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། རྣམ་པར་ཤེས་པའི་མིང་དེའང་གནས་པ་མ་མཆིས། ཐུག་བ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན༑ མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིག་གི་འཕེལ་བ་དང༌། འགྲིབ་བ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མིག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣ་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྣའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་


DKG014_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་སྣའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྣའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལྕེའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལྕེའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལྕེའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལུས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལུས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལུས་ཀྱི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ཡིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཡིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་


DKG014_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཡིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་གཟུགས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གཟུགས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། གཟུགས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྒྲའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྒྲའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྒྲའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དྲིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དྲིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དྲིའི་མིང་དེའང་གནས་པ་མ་མཆིས། ཐུག་པ་


DKG014_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རོའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས༑ དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རེག་གི་འཕེལ་པ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རེག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རེག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་བ་མ་མཆིས་ཏེ། །བཅོམ་ལྡན་འདས། བདག་གིས་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆོས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་


DKG014_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིག་གི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མིག་གི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མིག་གི་རྣམ་པར་ཤེས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣ་བའི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣ་བའི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣ་བའི་རྣམ་པར་ཤེས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྣའི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྣའི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྣའི་རྣམ་པར་ཤེས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་


DKG014_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལྕེའི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལྕེའི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། ལྕེའི་རྣམ་པར་ཤེས་བའི་མིང་དེའང་གནས་པ་མ་མཆིས། ཐུག་བ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན༑ མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལུས་ཀྱི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལུས་ཀྱི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལུས་ཀྱི་རྣམ་པར་ཤེས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཡིད་ཀྱི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཡིད་ཀྱི་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཡིད་ཀྱི་རྣམ་པར་ཤེས་པའི་མིང་དེའང་


DKG014_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིག་གི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ།བཅོམ་ལྡན་འདས། དེ་ལྟར་བདག་གིས་མིག་གི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མིག་གི་འདུས་ཏེ་རེག་པའི་མིང་དེའང་གནས་པ་མ་མཆིས། ཐུག་བ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣ་བའི་འདུས་ཏེ་རེག་པའི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣ་བའི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣ་བའི་འདུས་ཏེ་རེག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས།བདག་གིས་སྣའི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྣའི་འདུས་ཏེ་རེག་པའི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་


DKG014_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྣའི་འདུས་ཏེ་རེག་པའི་མིང་དེའང་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གན་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ལྕེའི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལྕེའི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལྕེའི་འདུས་ཏེ་རེག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལུས་ཀྱི་འདུས་ཏེ་རེག་པའི་འཕེལ་པ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས།དེ་ལྟར་བདག་གིས་ལུས་ཀྱི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལུས་ཀྱི་འདུས་ཏེ་རེག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཡིད་ཀྱི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ།བཅོམ་ལྡན་འདས། དེ་ལྟར་བདག་གིས་ཡིད་ཀྱི་འདུས་ཏེ་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་


DKG014_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། ཡིད་ཀྱི་འདུས་ཏེ་རེག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣ་པའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་བ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེ་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌།


DKG014_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ༑ བཅོམ་ལྡན་འདས། དེ་ལྟར་བདག་གིས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ།།བཅོམ་ལྡན་འདས། བདག་གིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།


DKG014_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སའི་ཁམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆུའི་ཁམས་ཀྱི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆུའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆུའི་ཁམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་


DKG014_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པ་མ་མཆིས་ཏེ༑ དེ་ཅིའི་སླད་དུ་ཞེན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མེའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མེའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མེའི་ཁམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ།དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རླུང་གི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རླུང་གི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རླུང་གི་ཁམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ནམ་མཁའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ནམ་མཁའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ནམ་མཁའི་ཁམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་


DKG014_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཤེས་པའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་ཤེས་པའི་ཁམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣམ་པར་ཤེས་པའི་ཁམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མ་རིག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་མ་རིག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ མ་རིག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདུ་བྱེད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་འདུ་བྱེད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུ་བྱེད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་


DKG014_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་ཤེས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣམ་པར་ཤེས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིང་དང་གཟུགས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མིང་དང་གཟུགས་ཀྱི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མིང་དང་གཟུགས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྐྱེ་མཆེད་དྲུག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས།དེ་ལྟར་བདག་གིས་སྐྱེ་མཆེད་དྲུག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱེ་མཆེད་དྲུག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་


DKG014_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རེག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། རེག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ།བཅོམ་ལྡན་འདས། དེ་ལྟར་བདག་གིས་ཚོར་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། ཚོར་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྲེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྲེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྲེད་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལེན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལེན་པའི་


DKG014_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལེན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྲིད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྲིད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྲིད་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ༑ དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྐྱེ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྐྱེ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱེ་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྒ་ཤིའི་འཕེལ་བ་དང༌།འགྲིབ་པ་མ་དམིགས་ཡང་དག་པ་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྒ་ཤིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་


DKG014_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འདས། རྒ་ཤིའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མ་རིག་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མ་རིག་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མ་རིག་པ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་འདུ་བྱེད་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདུ་བྱེད་འགག་པའི་འཕེལ་བ་དང༌།འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུ་བྱེད་འགག་པའི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཤེས་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་ཤེས་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་


DKG014_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ རྣམ་པར་ཤེས་པ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིང་དང་གཟུགས་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མིང་དང་གཟུགས་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མིང་དང་གཟུགས་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྐྱེ་མཆེད་དྲུག་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྐྱེ་མཆེད་དྲུག་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱེ་མཆེད་དྲུག་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རེག་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་རེག་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་


DKG014_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི།བཅོམ་ལྡན་འདས། རེག་པ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་བས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཚོར་བ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཚོར་བ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཚོར་བ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྲེད་པ་འགག་པའི་འཕེལ་བ་དང༌།འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྲེད་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྲེད་པ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལེན་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལེན་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་


DKG014_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལེན་པ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྲིད་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྲིད་པ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྲིད་པ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྐྱེ་བ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྐྱེ་བ་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱེ་བ་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྒ་ཤི་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྒ་ཤི་འགག་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་


DKG014_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྒ་ཤི་འགག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདོད་ཆགས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདོད་ཆགས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདོད་ཆགས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་ཞེ་སྡང་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཞེ་སྡང་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཞེ་སྡང་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་གཏི་མུག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གཏི་མུག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་


DKG014_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས། གཏི་མུག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་ལྟ་བའི་རྣམ་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི།བཅོམ་ལྡན་འདས། ལྟ་བའི་རྣམ་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་བདག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བདག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བདག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སེམས་ཅན་གྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སེམས་ཅན་གྱི་འཕེལ་བ་དང༌། འགྲིབ་བ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སེམས་ཅན་གྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ།


DKG014_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྲོག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྲོག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྲོག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འགྲོ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འགྲོ་བའི་འཕེལ་བ་དང༌།འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འགྲོ་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་བ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་གསོ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གསོ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། གསོ་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་


DKG014_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་སྐྱེས་བུའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྐྱེས་བུའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱེས་བུའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་གང་ཟག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གང་ཟག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས།གང་ཟག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཤེད་ཅན་གྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ༑ བཅོམ་ལྡན་འདས། དེ་ལྟར་བདག་གིས་ཤེད་ཅན་གྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཤེད་ཅན་གྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཤེད་བདག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཤེད་བདག་གི་


DKG014_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཤེད་བདག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་བྱེད་པ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བྱེད་པ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བྱེད་པ་པོའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གི་ཚོར་བ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཚོར་བ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཚོར་བ་པོའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ།དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཤེས་པ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཤེས་པ་པོའི་འཕེལ་བ་དང༌། འགྲིབ་པ་མ་


DKG014_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཤེས་པ་པོའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མཐོང་བ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མཐོང་བ་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མཐོང་བ་པོའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་རྩ་གཉིས་པ། བཅོམ་ལྡན་འདས། བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་


DKG014_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེ་


DKG014_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེའང་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ནང་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ནང་སྟོང་པ་ཉིད་ཀྱི་འཕེལ་པ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་


DKG014_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ནང་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ཕྱི་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཕྱི་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཕྱི་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཕྱི་ནང་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཕྱི་ནང་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཕྱི་ནང་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་


DKG014_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི།བཅོམ་ལྡན་འདས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆེན་པོ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆེན་པོ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆེན་པོ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དོན་དམ་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དོན་དམ་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དོན་དམ་པ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདུས་བྱས་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདུས་བྱས་


DKG014_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུས་བྱས་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས།བདག་གིས་འདུས་མ་བྱས་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདུས་མ་བྱས་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུས་མ་བྱས་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས།དེ་ལྟར་བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་མ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་


DKG014_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི།བཅོམ་ལྡན་འདས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ།བཅོམ་ལྡན་འདས། བདག་གིས་རང་བཞིན་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རང་བཞིན་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རང་བཞིན་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་


DKG014_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འདས། བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས།དེ་ལྟར་བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མི་དམིགས་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མི་དམིགས་པ་སྟོང་པ་ཉིད་ཀྱིས་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མི་དམིགས་པ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ།


DKG014_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དངོས་


DKG014_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཡང་དག་པར་སྤོང་བ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཡང་དག་པར་སྤོང་བ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཡང་དག་པར་སྤོང་བ་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ།བཅོམ་ལྡན་འདས། དེ་ལྟར་བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་


DKG014_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དབང་པོ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དབང་པོ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དབང་པོ་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྟོབས་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྟོབས་རྣམས་ཀྱི་འཕེལ་བ་དང༌།འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྟོབས་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་


DKG014_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན༑ མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཕེལ་བ་དང༌།འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན། མིང་དེ་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན༑ བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་


DKG014_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་མིང་དེའང་གནས་པ་མ་མཆིས༑ ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་བསམ་གཏན་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ༑ བཅོམ་ལྡན་འདས། དེ་ལྟར་བདག་གིས་བསམ་གཏན་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བསམ་གཏན་བཞིའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་


DKG014_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འདས། བདག་གིས་བྱམས་པའི་འཕེལ་བ་དང༌།།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བྱམས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། བྱམས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས།བདག་གིས་སྙིང་རྗེའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྙིང་རྗེའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྙིང་རྗེའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས།བདག་གིས་དགའ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དགའ་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དགའ་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་བཏང་སྙོམས་ཀྱི་འཕེལ་བ་


DKG014_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་བཏང་སྙོམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས།བཏང་སྙོམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། གཟུགས་མེད་པའི་སྙོམས་པར་འཇུག་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་སངས་རྒྱས་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སངས་རྒྱས་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ སངས་རྒྱས་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་


DKG014_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆོས་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆོས་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དགེ་འདུན་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དགེ་འདུན་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དགེ་འདུན་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཚུལ་ཁྲིམས་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཚུལ་ཁྲིམས་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཚུལ་ཁྲིམས་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།


DKG014_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་གཏོང་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་གཏོང་པ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་གཏོང་བ་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལྷ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལྷ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ལྷ་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས།ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་


DKG014_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྐྱེ་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྐྱོ་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱོ་བ་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འཆི་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ༑ བཅོམ་ལྡན་འདས། དེ་ལྟར་བདག་གིས་འཆི་བ་རྗེས་སུ་དྲན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་


DKG014_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། བཅོམ་ལྡན་འདས། འཆི་བ་རྗེས་སུ་དྲན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཤའི་མིག་གི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཤའི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན༑ བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཤའི་མིག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ལྷའི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ལྷའི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས།ལྷའི་མིག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཤེས་རབ་ཀྱི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཤེས་རབ་ཀྱི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་


DKG014_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། བཅོམ་ལྡན་འདས། ཤེས་རབ་ཀྱི་མིག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆོས་ཀྱི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་ཀྱི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆོས་ཀྱི་མིག་གི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སངས་རྒྱས་ཀྱི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སངས་རྒྱས་ཀྱི་མིག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི།བཅོམ་ལྡན་འདས། སངས་རྒྱས་ཀྱི་མིག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མངོན་པར་ཤེས་པ་དྲུག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མངོན་པར་ཤེས་པ་དྲུག་གི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་


DKG014_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མངོན་པར་ཤེས་པ་དྲུག་གི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྟོབས་བཅུའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མི་འཇིགས་པ་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ།བཅོམ་ལྡན་འདས། དེ་ལྟར་བདག་གིས་མི་འཇིགས་པ་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མི་འཇིགས་པ་བཞིའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སོ་སོ་ཡང་དག་པར་རིག་པ་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་


DKG014_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

འདས། དེ་ལྟར་བདག་གིས་སོ་སོ་ཡང་དག་པར་རིག་པ་བཞིའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ སོ་སོ་ཡང་དག་པར་རིག་པ་བཞིའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྙིང་རྗེ་ཆེན་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྙིང་རྗེ་ཆེན་པོའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྙིང་རྗེ་ཆེན་པོའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་


DKG014_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས།ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྒྱུ་མ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྒྱུ་མ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྒྲ་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྒྲ་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་


DKG014_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མིག་ཡོར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མིག་ཡོར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་གཟུགས་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ༑ བཅོམ་ལྡན་འདས། དེ་ལྟར་བདག་གིས་གཟུགས་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྨིག་རྒྱུ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་


DKG014_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྨིག་རྒྱུ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ཆུ་ཟླ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས།དེ་ལྟར་བདག་གིས་ཆུ་ཟླ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཉེ་བར་ལེན་པའི་ཕུང་པོ་ལྔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །


DKG014_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། བདག་གིས་དབེན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དབེན་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དབེན་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་ཞི་བའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཞི་བའི་འཕེལ་བ་དང༌།འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཞི་བའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་སྐྱེ་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་སྐྱེ་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། སྐྱེ་བ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན༑ མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འགག་པ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འགག་པ་མ་


DKG014_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འགག་པ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས༑ བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འབྱུང་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ༑ བཅོམ་ལྡན་འདས། དེ་ལྟར་བདག་གིས་འབྱུང་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འབྱུང་བ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་མངོན་པར་འདུ་བགྱི་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མངོན་པར་འདུ་བགྱི་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། མངོན་པར་འདུ་བགྱི་བ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་


DKG014_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཀུན་ནས་ཉོན་མོངས་པ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། །བཅོམ་ལྡན་འདས། བདག་གིས་རྣམ་པར་བྱང་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་རྣམ་པར་བྱང་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། རྣམ་པར་བྱང་བ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆོས་ཀྱི་དབྱིངས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་ཀྱི་དབྱིངས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི།བཅོམ་ལྡན་འདས། ཆོས་ཀྱི་དབྱིངས་ཀྱི་མིང་དེའང་


DKG014_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན༑ མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དེ་བཞིན་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དེ་བཞིན་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དེ་བཞིན་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ༑ ༑བཅོམ་ལྡན་འདས། བདག་གིས་ཡང་དག་པའི་མཐའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཡང་དག་པའི་མཐའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཡང་དག་པའི་མཐའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན།མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆོས་ཀྱི་གནས་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས།ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་ཀྱི་གནས་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན།བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། ཆོས་ཀྱི་


DKG014_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས༑ བདག་གིས་ཆོས་སྐྱོན་མེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་སྐྱོན་མེད་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ ཆོས་སྐྱོན་མེད་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་དགེ་བ་དང༌། མི་དགེ་བའི་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས༑ ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་དགེ་བ་དང༌། མི་དགེ་བའི་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། དགེ་བ་དང༌། མི་དགེ་བའི་ཆོས་ཀྱི་མིང་དེའང་གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་


DKG014_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས་།བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཟག་པ་དང་བཅས་པ་དང་ཟག་པ་མ་མཆིས་པའི་ཆོས་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་ཟག་པ་དང་བཅས་པ་དང་ཟག་པ་མ་མཆིས་པའི་ཆོས་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ ཟག་པ་དང་བཅས་པ་དང་ཟག་པ་མ་མཆིས་པའི་ཆོས་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་


DKG014_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས༑ འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་འདས་པ་མ་མཆིས་པ་དང༌། མ་འོངས་པ་མ་མཆིས་པ་དང༌། ད་ལྟར་བྱུང་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་འདས་པ་མ་མཆིས་པ་དང༌། མ་འོངས་པ་མ་མཆིས་པ་དང༌། ད་ལྟར་བྱུང་བ་མ་མཆིས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་བར་བགྱི། བཅོམ་ལྡན་འདས། འདས་པ་མ་མཆིས་པ་དང༌། མ་འོངས་པ་མ་མཆིས་པ་དང༌། དེ་ལྟར་བྱུང་བ་མ་མཆིས་པའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །དེ་ལ་ཅི་ཞེས་བགྱི་ཞེ་ན། དེ་ནི་འདུས་མ་བགྱིས་ཏེ། འདུས་མ་བགྱིས་ནི། འདས་པ་མ་ལགས་སོ། །མ་འོངས་པ་མ་ལགས་སོ། །ད་ལྟར་བྱུང་བ་མ་ལགས་སོ། །བཅོམ་ལྡན་འདས། བདག་གིས་འདུས་མ་བགྱིས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། འདུས་མ་བགྱིས་པའོ། །དེའང་གང་ཞེ་ན། གང་ལ་སྐྱེ་བ་མ་མཆིས། གནས་པ་མ་མཆིས། འཇིག་པ་མ་མཆིས་ཏེ།བཅོམ་ལྡན་འདས། བདག་གིས་ནི། བཅོམ་ལྡན་འདས་ཀྱི་འཕེལ་བ་དང༌། འགྲིབ་བའང་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་


DKG014_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ།


DKG014_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས།བདག་གིས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། བདག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས། དེ་ལྟར་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་


DKG014_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་ཞིག་བརྟགས་པར་བསྟན་པར་བགྱི། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་མཚན་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས། དགེ་འདུན་གྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས། བྱང་ཆུབ་སེམས་དཔའི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་བ་མ་མཆིས།བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས། བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས༑ དེ་ལྟར་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི༑ བཅོམ་ལྡན་འདས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མིང་དེའང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་རྩ་གསུམ་པ༑ བཅོམ་ལྡན་འདས། གང་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང༌། ཆོས་སུ་གདགས་པ་དེའང་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲའམ། དྲི་འམ།


DKG014_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རོའམ། རེག་གམ།ཆོས་སམ། མིག་གི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ཤེས་པའམ། སྣའི་རྣམ་པར་ཤེས་པའམ། ལྕེའི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའམ། མིག་གི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སའི་ཁམས་སམ། ཆུའི་ཁམས་སམ། མེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པའམ། ཚོར་བའམ།སྲིད་པའམ། ལེན་པའམ། སྲིད་པའམ། སྐྱེ་བའམ། རྒ་ཤིའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ།


DKG014_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ༑ དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ༑ བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་བ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ༑ གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་བརྗོད་དུ་མ་མཆིས་པ་སྟེ། ཆོས་སུ་གདགས་པ་ཙམ་དུ་བས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། རྨི་ལམ་ཞེས་བགྱི་བའི་མིང་ནི༑ གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །སྒྱུ་མ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །སྒྲ་བརྙན་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །མིག་ཡོར་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །སྨིག་རྒྱུ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཆུ་ཟླ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ༑ ༑དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ཞེས་


DKG014_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཆུ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །མེ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རླུང་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །མ་ནོར་བ་དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཆོས་ཉིད་ཅེས་བགྱི་བའི་མིང་ནི༑ གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཆོས་ཀྱི་དབྱིངས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཆོས་ཀྱི་གནས་ཉིད་ཅེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཆོས་སྐྱོན་མེད་པ་ཉིད་ཅེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཡང་དག་པའི་མཐའ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ན། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཚུལ་ཁྲིམས་ཞེས་བགྱི་བའི་མིང་ནི། གང་གིས་བརྗོད་དུ་མ་མཆིས་སོ། །ཏིང་ངེ་འཛིན་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཤེས་རབ་ཅེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རྣམ་པར་


DKG014_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ༑ ༑རྒྱུན་དུ་ཞུགས་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རྒྱུན་དུ་ཞུགས་པའི་ཆོས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ལན་གཅིག་ཕྱིར་འོང་བ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ལན་གཅིག་ཕྱིར་འོང་བའི་ཆོས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཕྱིར་མི་འོང་བ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཕྱིར་མི་འོང་བའི་ཆོས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །དགྲ་བཅོམ་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །དགྲ་བཅོམ་པའི་ཆོས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རང་སངས་རྒྱས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རང་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བྱང་ཆུབ་སེམས་དཔའི་ཆོས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ཡང་དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མ་མཆིས་པའམ། རྟག་པའམ། མི་རྟག་པའི་མ། བདེ་བའམ། སྡུག་བསྔལ་བའམ༑ བདག་གམ། བདག་མ་མཆིས་པའམ། ཞི་བའམ། མ་ཞི་བའམ། དབེན་པའམ། མི་དབེན་པའམ། དངོས་པོའམ། དངོས་པོ་མ་མཆིས་པ་གང་གིས་ཀྱང་བརྗོད་དུ་མ་མཆིས་པས།བཅོམ་ལྡན་འདས། བདག་གིས་དོན་གྱི་དབང་དེ་


DKG014_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མཐོང་བའི་སླད་དུ། བདག་གིས་ཆོས་ཐམས་ཅད་ཀྱི་འཕེལ་བ་དང༌། འགྲིབ་པ་མ་མཐོང་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་མིང་དུ་གདགས་པ་ནི། བདག་གི་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་མིང་དེ་ནི། གནས་པ་མ་མཆིས།ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན། མིང་དེ་ནི། གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་པའོ། །བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དེ། རྣམ་པ་འདི་དག་དང༌། ཚུལ་འདི་དག་དང༌། མཚན་མ་འདི་དག་གིས་བརྟན་པའི་ཚེ་སེམས་ཞུམ་པར་མི་འགྱུར་ཡོངས་སུ་ཞུམ་པར་མི་འགྱུར་ཞིང༌། འགྱོད་པ་མ་མཆིས་ལ་མི་འཇིགས་མི་དངང་མི་སྐྲག་པར་མི་འགྱུར་ན།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ངེས་པར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་རྟོགས་པར་བགྱི་སྟེ། གནས་པ་ཞེས་བགྱི་བ་ནི། གནས་བ་མ་མཆིས་པའི་ཚུལ་ལོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་གནས་པར་མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་འདུ་ཤེས་ལ་གནས་པར་མི་བགྱིའོ། །དེས་འདུ་བྱེད་ལ་གནས་པར་མི་བགྱིའོ། །དེས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་མིག་ལ་གནས་པར་མི་བགྱིའོ། །དེས་རྣ་བ་ལ་གནས་པར་མི་བགྱིའོ། །དེས་སྣ་ལ་གནས་པར་མི་བགྱིའོ། །དེས་ལྕེ་ལ་གནས་པར་མི་བགྱིའོ། །དེས་ལུས་ལ་གནས་པར་མི་བགྱིའོ། །དེས་ཡིད་ལ་གནས་པར་མི་བགྱིའོ། །དེས་གཟུགས་ལ་གནས་པར་མི་བགྱིའོ། །དེས་སྒྲ་ལ་


DKG014_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་མི་བགྱིའོ། །དེས་དྲི་ལ་གནས་པར་མི་བགྱིའོ། །དེས་རོ་ལ་གནས་པར་མི་བགྱིའོ། །དེས་རེག་ལ་གནས་པར་མི་བགྱིའོ༑ ༑དེས་ཆོས་ལ་གནས་པར་མི་བགྱིའོ། །དེས་མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་རྣ་བའི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་སྣའི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་ལྕེའི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ༑ ༑དེས་མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །དེས་རྣ་བའི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །དེས་སྣའི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །དེས་ལྕེའི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །དེས་ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །དེས་ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །དེས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ༑ ༑དེས་སའི་ཁམས་ལ་གནས་པར་མི་བགྱིའོ། །དེས་ཆུའི་ཁམས་ལ་གནས་པར་མི་བགྱིའོ། །དེས་མེའི་ཁམས་ལ་གནས་པར་མི་བགྱིའོ། །དེས་རླུང་གི་ཁམས་ལ་གནས་པར་མི་བགྱིའོ། །དེས་ནམ་མཁའི་ཁམས་ལ་གནས་པར་མི་བགྱིའོ། །དེས་རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བགྱིའོ། །དེས་མ་རིག་པ་ལ་གནས་པར་མི་བགྱིའོ། །དེས་འདུ་བྱེད་ལ་གནས་པར་མི་


DKG014_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །དེས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་མིང་དང་གཟུགས་ལ་གནས་པར་མི་བགྱིའོ། །དེས་སྐྱེ་མཆེད་དྲུག་ལ་གནས་པར་མི་བགྱིའོ། །དེས་རེག་པ་ལ་གནས་པར་མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་སྲེད་པ་ལ་གནས་པར་མི་བགྱིའོ། །དེས་ལེན་པ་ལ་གནས་པར་མི་བགྱིའོ། །དེས་སྲིད་པ་ལ་གནས་པར་མི་བགྱིའོ། །དེས་སྐྱེ་བ་ལ་གནས་པར་མི་བགྱིའོ། །དེས་རྒ་ཤི་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་མ་ལགས། གཟུགས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཚོར་བས་སྟོང་སྟེ། ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་མ་ལགས། ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་སྟེ༑ འདུ་ཤེས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་མ་ལགས། འདུ་ཤེས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་མ་ལགས། འདུ་བྱེད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད༑ སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་མ་ལགས། རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་


DKG014_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། དེས་གཟུགས་ལ་གནས་པར་མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་འདུ་ཤེས་ལ་གནས་པར་མི་བགྱིའོ། །དེས་འདུ་བྱེད་ལ་གནས་པར་མི་བགྱིའོ། །དེས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། དེའང་འདི་ལྟར་མིག་མིག་གིས་སྟོང་སྟེ། མིག་གི་སྟོང་པ་ཉིད་གང་ལགས་པ་དེའང་མིག་མ་ལགས། མིག་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མིག་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མིག་གོ །རྣ་བ་རྣ་བས་སྟོང་སྟེ། རྣ་བའི་སྟོང་པ་ཉིད་གང་ལགས་པ་དེའང་རྣ་བ་མ་ལགས༑ རྣ་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣ་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣ་བའོ། །སྣ་སྣས་སྟོང་སྟེ། སྣའི་སྟོང་པ་ཉིད་གང་ལགས་པ་དེའང་སྣ་མ་ལགས། སྣ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྣ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྣའོ། །ལྕེ་ལྕེས་སྟོང་སྟེ། ལྕེའི་སྟོང་པ་ཉིད་གང་ལགས་པ་དེའང་ལྕེ་མ་ལགས། ལྕེ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལྕེ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལྕེའོ། །ལུས་ལུས་ཀྱིས་སྟོང་སྟེ། ལུས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ལུས་མ་ལགས། ལུས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལུས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལུས་སོ། །ཡིད་ཡིད་ཀྱིས་སྟོང་སྟེ། ཡིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཡིད་མ་ལག༑ཡིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡིད་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཡིད་དོ། །གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་མ་ལགས། གཟུགས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །སྒྲ་སྒྲས་སྟོང་སྟེ། སྒྲའི་སྟོང་པ་ཉིད་གང་ལགས་པ་དེ་


DKG014_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

འང་སྒྲ་མ་ལགས། སྒྲ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྒྲ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྒྲའོ། །དྲི་དྲིས་སྟོང་སྟེ། དྲིའི་སྟོང་པ་ཉིད་གང་ལགས་པ་དེའང་དྲི་མ་ལགས།དྲི་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། དྲི་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་དྲིའོ། །རོ་རོས་སྟོང་སྟེ། རོའི་སྟོང་པ་ཉིད་གང་ལགས་པ་དེའང་རོ་མ་ལགས། རོ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རོ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རོའོ། །རེག་རེག་གིས་སྟོང་སྟེ། རེག་གི་སྟོང་པ་ཉིད་གང་ལགས་པ་དེའང་རེག་མ་ལགས། རེག་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རེག་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རེག་གོ །ཆོས་ཆོས་ཀྱིས་སྟོང་སྟེ། ཆོས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཆོས་མ་ལགས། ཆོས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཆོས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆོས་སོ། །མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་སྟེ། མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་མིག་གི་རྣམ་པར་ཤེས་པ་མ་ལགས། མིག་གི་རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་སྟེ། རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་རྣ་བའི་རྣམ་པར་ཤེས་པ་མ་ལགས། རྣ་བའི་རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་སྟེ། སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་སྣའི་རྣམ་པར་ཤེས་པ་མ་ལགས། སྣའི་རྣམ་པར་ཤེས་པ་ལས་


DKG014_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་སྟེ། ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་ལྕེའི་རྣམ་པར་ཤེས་པ་མ་ལགས། ལྕེའི་རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད།སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ༑ །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་སྟེ། མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་མིག་གི་འདུས་ཏེ་རེག་པ་མ་ལགས། མིག་གི་འདུས་ཏེ་རེག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ༑ མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་སྟེ། རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་རྣ་བའི་འདུས་ཏེ་རེག་པ་མ་ལགས། རྣ་བའི་འདུས་ཏེ་རེག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་


DKG014_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣའི་འདུས་ཏེ་རེག་པས་སྟོང་སྟེ། སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་སྣའི་འདུས་ཏེ་རེག་པ་མ་ལགས། སྣའི་འདུས་ཏེ་རེག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྣའི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་སྟེ། ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་ལྕེའི་འདུས་ཏེ་རེག་པ་མ་ལགས། ལྕེའི་འདུས་ཏེ་རེག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་རེག་པས་སྟོང་སྟེ། ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་ལུས་ཀྱི་འདུས་ཏེ་རེག་པ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་ཡིད་ཀྱི་འདུས་ཏེ་རེག་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་གུང་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣ་བའི་འདུས་ཏེ་


DKG014_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པའི་རྐྱེན་གྱིས་ཚོར་བས་སྟོང་སྟེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་སྟེ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་སྟེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས།ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་སྟེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལུས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་


DKG014_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ།ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ།།སའི་ཁམས་སའི་ཁམས་ཀྱིས་སྟོང་སྟེ། སའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་སའི་ཁམས་མ་ལགས། སའི་ཁམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སའི་ཁམས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཆུའི་ཁམས་ཀྱིས་སྟོང་སྟེ། ཆུའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཆུའི་ཁམས་མ་ལགས། ཆུའི་ཁམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཆུའི་ཁམས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆུའི་ཁམས་སོ། །མེའི་ཁམས་མེའི་ཁམས་ཀྱིས་སྟོང་སྟེ། མེའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་མེའི་ཁམས་མ་ལགས། མེའི་ཁམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མེའི་ཁམས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མེའི་ཁམས་སོ། །རླུང་གི་ཁམས་རླུང་གི་ཁམས་ཀྱིས་སྟོང་སྟེ༑ རླུང་གི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རླུང་གི་ཁམས་མ་ལགས། རླུང་གི་ཁམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རླུང་གི་ཁམས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ནམ་མཁའི་ཁམས་ཀྱིས་སྟོང་སྟེ། ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ནམ་མཁའི་ཁམས་མ་ལགས། ནམ་མཁའི་ཁམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་སྟེ། རྣམ་པར་ཤེས་


DKG014_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པའི་ཁམས་མ་ལགས། རྣམ་པར་ཤེས་པའི་ཁམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །བཅོམ་ལྡན་འདས། མ་རིག་པ་མ་རིག་པས་སྟོང་སྟེ། མ་རིག་པའི་སྟོང་པ་ཉིད་གང་ལགས་པ་དེའང་མ་རིག་པ་མ་ལགས། མ་རིག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མ་རིག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་མ་ལགས། འདུ་བྱེད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་མ་ལགས། རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མིང་དང་གཟུགས་མིང་དང་གཟུགས་ཀྱིས་སྟོང་སྟེ། མིང་དང་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་མིང་དང་གཟུགས་མ་ལགས།མིང་དང་གཟུགས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མིང་དང་གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གིས་སྟོང་སྟེ། སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་གང་ལགས་པ་དེའང་སྐྱེ་མཆེད་དྲུག་མ་ལགས། སྐྱེ་མཆེད་དྲུག་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་སྟོང་པ་ཉིད༑ སྟོང་པ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ །རེག་པ་རེག་པས་སྟོང་སྟེ། རེག་པའི་སྟོང་པ་ཉིད་གང་ལགས་པ་དེའང་རེག་པ་མ་ལགས། རེག་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།རེག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རེག་པའོ། །


DKG014_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་ཚོར་བས་སྟོང་སྟེ། ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་མ་ལགས། ཚོར་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ༑ ཚོར་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚོར་བའོ། །སྲེད་པ་སྲེད་པས་སྟོང་སྟེ། སྲེད་པའི་སྟོང་པ་ཉིད་གང་ལགས་པ་དེའང་སྲེད་པ་མ་ལགས། སྲེད་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྲེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྲེད་པའོ། །ལེན་པ་ལེན་པས་སྟོང་སྟེ། ལེན་པའི་སྟོང་པ་ཉིད་གང་ལགས་པ་དེའང་ལེན་པ་མ་ལགས། ལེན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལེན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ལེན་པའོ། །སྲིད་པ་སྲིད་པས་སྟོང་སྟེ། སྲིད་པའི་སྟོང་པ་ཉིད་གང་ལགས་པ་དེའང་སྲིད་པ་མ་ལགས། སྲིད་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྲིད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྲིད་པའོ། །སྐྱེ་བ་སྐྱེ་བས་སྟོང་སྟེ། སྐྱེ་བའི་སྟོང་པ་ཉིད་གང་ལགས་པ་དེའང་སྐྱེ་བ་མ་ལགས། སྐྱེ་བ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྐྱེ་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་རྒ་ཤིས་སྟོང་སྟེ། རྒ་ཤིའི་སྟོང་པ་ཉིད་གང་ལགས་པ་དེའང་རྒ་ཤི་མ་ལགས། རྒ་ཤི་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྒ་ཤིའོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་ལ་གནས་པར་མི་བགྱིའོ། །འདུ་བྱེད་ལ་གནས་པར་མི་བགྱིའོ། །རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །མིང་དང་གཟུགས་ལ་གནས་པར་མི་བགྱིའོ། །སྐྱེ་མཆེད་དྲུག་ལ་གནས་པར་མི་བགྱིའོ། །རེག་པ་ལ་གནས་པར་མི་བགྱིའོ། །ཚོར་བ་ལ་གནས་པར་མི་བགྱིའོ། །སྲེག་པ་ལ་གནས་པར་མི་བགྱིའོ། །ལེན་པ་ལ་གནས་པར་མི་བགྱིའོ། །


DKG014_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ལ་གནས་པར་མི་བགྱིའོ། །སྐྱེ་བ་ལ་གནས་པར་མི་བགྱིའོ། །རྒ་ཤི་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེའང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེའང་བཟོད་པའི་ཕ་རོལ་ཏུ་


DKG014_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་མ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེའང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེའང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་ཤེས་རབ་


DKG014_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཡང་དག་པར་སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་སྟེ། ཡང་དག་པར་སྤོང་བ་རྣམས་ཀྱི་


DKG014_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གང་ལགས་པ་དེའང་ཡང་དག་པར་སྤོང་བ་རྣམས་མ་ལགས། ཡང་དག་པར་སྤོང་བ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡང་དག་པར་སྤོང་བ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།ཡང་དག་པར་སྤོང་བ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་སྟེ༑ རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་ལྔ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་སྟེ། དབང་པོ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་དབང་པོ་རྣམས་མ་ལགས། དབང་པོ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། དབང་པོ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དབང་པོ་རྣམས་སོ། །བཅོམ་ལྡན་འདས། རྣམ་


DKG014_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་ལྔ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས། དེ་ནི། འདི་ལྟར་སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་སྟེ། སྟོབས་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་སྟོབས་རྣམས་མ་ལགས། སྟོབས་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སྟོབས་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྟོབས་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ༑ བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་སྟེ།བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་


DKG014_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ལམ་ལམ་གྱིས་སྟོང་སྟེ༑ ལམ་གྱི་སྟོང་པ་ཉིད་གང་ལགས་པ་དེའང་ལམ་མ་ལགས། ལམ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ལམ་ཡང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ལམ་མོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས༑ དེ་ནི། འདི་ལྟར་འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་སྟེ། འཕགས་པའི་བདེན་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འཕགས་པའི་བདེན་པ་རྣམས་མ་ལགས། འཕགས་པའི་བདེན་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འཕགས་པའི་བདེན་པ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ༑ ༑བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་རྣམས་ལ་གནས་པར་མི་བགྱིའོ།།བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས། དེ་ནི། འདི་ལྟར་བསམ་གཏན་རྣམས་བསམ་གཏན་རྣམས་ཀྱིས་སྟོང་སྟེ། བསམ་


DKG014_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་བསམ་གཏན་རྣམས་མ་ལགས། བསམ་གཏན་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། བསམ་གཏན་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མེད་པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚད་མེད་པ་རྣམས་ཚད་མེད་པ་རྣམས་ཀྱིས་སྟོང་སྟེ།ཚད་མེད་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚད་མེད་པ་རྣམས་མ་ལགས། ཚད་མེད་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚད་མེད་པ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚད་མེད་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མེད་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ལགས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།


DKG014_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ༑ ༑བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པ་བརྒྱད་ལ་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཐར་པ་རྣམས་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་སྟེ། རྣམ་པར་ཐར་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཐར་པ་རྣམས་མ་ལགས། རྣམ་པར་ཐར་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཐར་པ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས།དེ་ནི༑ འདི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ལགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་


DKG014_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས།གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པས་སྟོང་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌།མཚན་མ་མེད་པ་དང༌། སྨོན་པ་མེད་པ་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའོ། །བཅོམ་ལྡན་འདས༑ རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པའི་སྟོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་


DKG014_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མི་འཇིགས་པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་མི་འཇིགས་པ་རྣམས་མི་འཇིགས་པ་རྣམས་ཀྱིས་སྟོང་སྟེ། མི་འཇིགས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་མི་འཇིགས་པ་རྣམས་མ་ལགས། མི་འཇིགས་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། མི་འཇིགས་པ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མི་འཇིགས་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མི་འཇིགས་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སོ་སོ་ཡང་དག་པར་རིག་པ་


DKG014_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་སྟེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས། སོ་སོ་ཡང་དག་རིག་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི།འདི་ལྟར་བྱམས་པ་ཆེན་པོ་བྱམས་པ་ཆེན་པོས་སྟོང༌། སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས། བྱམས་པ་ཆེན་པོའི་སྟོང་པ་ཉིད་གང་ལགས་པ་དང༌། སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་གང་ལགས་པ་དེའང་བྱམས་པ་ཆེན་པོ་མ་ལགས། དེའང་སྙིང་རྗེ་ཆེན་པོ་མ་ལགས། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། བྱམས་པ་ཆེན་པོ་དང༌།སྙིང་རྗེ་ཆེན་པོའང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་


DKG014_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡི་གེ་རྣམས་ལ་གནས་པར་མི་བགྱི་སྟེ༑ ཡི་གེ་མངོན་པར་སྒྲུབ་པ་ལ་གནས་པར་མི་བགྱི། གཅིག་ཏུ་བརྗོད་པ་ལ་གནས་པར་མི་བགྱི། གཉིས་སུ་བརྗོད་པ་ལ་གནས་པར་མི་བགྱི། ཐ་དད་དུ་བརྗོད་པ་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཡི་གེ་རྣམས་ཡི་གེ་རྣམས་ཀྱིས་སྟོང་སྟེ། ཡི་གེ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཡི་གེ་རྣམས་མ་ལགས། ཡི་གེ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡི་གེ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཡི་གེ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡི་གེ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DKG014_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་མངོན་པར་ཤེས་པ་རྣམས་མ་ལགས། མངོན་པར་ཤེས་པ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།མངོན་པར་ཤེས་པ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཏིང་ངེ་འཛིན་གྱི་སྒོ་རྣམས་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱིས་སྟོང་སྟེ།ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཏིང་ངེ་འཛིན་གྱི་སྒོ་རྣམས་མ་ལགས། ཏིང་ངེ་འཛིན་གྱི་སྒོ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཏིང་ངེ་འཛིན་གྱི་སྒོ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་སྟེ། གཟུངས་


DKG014_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུངས་ཀྱི་སྒོ་རྣམས་མ་ལགས། གཟུངས་ཀྱི་སྒོ་རྣམས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུངས་ཀྱི་སྒོ་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུངས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་མི་རྟག་པ་ཉིད་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། གཟུགས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་མི་རྟག་པ་ཉིད་མ་ལགས། གཟུགས་མི་རྟག་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་མི་རྟག་པ་ཉིད་ཚོར་བ་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། ཚོར་བ་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་མི་རྟག་པ་ཉིད་མ་ལགས། ཚོར་བ་མི་རྟག་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་


DKG014_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་མི་རྟག་པ་ཉིད་འདུ་ཤེས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་མི་རྟག་པ་ཉིད་མ་ལགས། འདུ་ཤེས་མི་རྟག་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་རྩ་བཞི་པ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་མི་རྟག་པ་ཉིད་འདུ་བྱེད་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་མི་རྟག་པ་ཉིད་མ་ལགས། འདུ་བྱེད་མི་རྟག་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད།སྟོང་པ་ཉིད་ཀྱང་འདུ་བྱེད་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན༑ བཅོམ་ལྡན་


DKG014_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་མི་རྟག་པ་ཉིད་རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་མི་རྟག་པ་ཉིད་མ་ལགས། རྣམ་པར་ཤེས་པ་མི་རྟག་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་སྡུག་བསྔལ་བ་ཉིད་གཟུགས་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། གཟུགས་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་སྡུག་བསྔལ་བ་ཉིད་མ་ལགས། གཟུགས་སྡུག་བསྔལ་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།གཟུགས་སྡུག་བསྔལ་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་སྡུག་བསྔལ་བ་ཉིད་ཚོར་བ་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། ཚོར་བ་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་


DKG014_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འང་ཚོར་བ་སྡུག་བསྔལ་བ་ཉིད་མ་ལགས། ཚོར་བ་སྡུག་བསྔལ་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་སྡུག་བསྔལ་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་སྡུག་བསྔལ་བ་ཉིད་འདུ་ཤེས་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་སྡུག་བསྔལ་བ་ཉིད་མ་ལགས། འདུ་ཤེས་སྡུག་བསྔལ་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་སྡུག་བསྔལ་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་སྡུག་བསྔལ་བ་ཉིད་འདུ་བྱེད་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་སྡུག་བསྔལ་བ་ཉིད་མ་ལགས། འདུ་བྱེད་སྡུག་བསྔལ་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་སྡུག་བསྔལ་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་བྱེད་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་


DKG014_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་མ་ལགས། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་བདག་མེད་པ་ཉིད་གཟུགས་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། གཟུགས་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་བདག་མེད་པ་ཉིད་མ་ལགས། གཟུགས་བདག་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་བདག་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་


DKG014_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་བདག་མེད་པ་ཉིད་ཚོར་བ་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། ཚོར་བ་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་བདག་མེད་པ་ཉིད་མ་ལགས། ཚོར་བ་བདག་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་བདག་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་བདག་མེད་པ་ཉིད་འདུ་ཤེས་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་བདག་མེད་པ་ཉིད་མ་ལགས། འདུ་ཤེས་བདག་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་བདག་མེད་པ་ཉིད་ཀྱང་སྟོང་པ་ཉིད༑ སྟོང་པ་ཉིད་ཀྱང་འདུ་ཤེས་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་བདག་མེད་པ་ཉིད་འདུ་བྱེད་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་བདག་མེད་པ་ཉིད་ཀྱི་


DKG014_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་བདག་མེད་པ་ཉིད་མ་ལགས། འདུ་བྱེད་བདག་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་བདག་མེད་པ་ཉིད་ཀྱང་སྟོང་པ་ཉིད༑ སྟོང་པ་ཉིད་ཀྱང་འདུ་བྱེད་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་བདག་མེད་པ་ཉིད་རྣམ་པར་ཤེས་པ་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་བདག་མེད་པ་ཉིད་མ་ལགས། རྣམ་པར་ཤེས་པ་བདག་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།རྣམ་པར་ཤེས་པ་བདག་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་ཞི་བ་ཉིད་གཟུགས་ཞི་བ་ཉིད་ཀྱིས་སྟོང་སྟེ། གཟུགས་ཞི་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་ཞི་བ་ཉིད་མ་ལགས། གཟུགས་ཞི་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཞི་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་ཞི་བ་ཉིད་དོ། །


DKG014_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་ཞི་བ་ཉིད་ཚོར་བ་ཞི་བ་ཉིད་ཀྱིས་སྟོང་སྟེ། ཚོར་བ་ཞི་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་ཞི་བ་ཉིད་མ་ལགས། ཚོར་བ་ཞི་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཞི་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་ཞི་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་ཞི་བ་ཉིད་འདུ་ཤེས་ཞི་བ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་ཞི་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་ཞི་བ་ཉིད་མ་ལགས། འདུ་ཤེས་ཞི་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་ཞི་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་ཞི་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་ཞི་བ་ཉིད་འདུ་བྱེད་ཞི་བ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་ཞི་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་ཞི་བ་ཉིད་མ་ལགས།


DKG014_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཞི་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་ཞི་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་བྱེད་ཞི་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་ཞི་བ་ཉིད་རྣམ་པར་ཤེས་པ་ཞི་བ་ཉིད་ཀྱིས་སྟོང་སྟེ༑ རྣམ་པར་ཤེས་པ་ཞི་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་ཞི་བ་ཉིད་མ་ལགས། རྣམ་པར་ཤེས་པ་ཞི་བ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཞི་བ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཞི་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་ཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་


DKG014_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་སྟོང་པ་ཉིད་གཟུགས་སྟོང་པ་ཉིད་ཀྱིས་སྟོང་སྟེ། གཟུགས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་སྟོང་པ་ཉིད་མ་ལགས། གཟུགས་སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སྟོང་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་སྟོང་པ་ཉིད་ཚོར་བ་སྟོང་པ་ཉིད་ཀྱིས་སྟོང་སྟེ། ཚོར་བ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་སྟོང་པ་ཉིད་མ་ལགས། ཚོར་བ་སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་སྟོང་པ་ཉིད་དོ། །བཅོམ་ལྡན་འདས༑ རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་སྟོང་པ་ཉིད་འདུ་ཤེས་སྟོང་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་སྟོང་པ་ཉིད་མ་ལགས། འདུ་ཤེས་སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ།འདུ་ཤེས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་སྟོང་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་སྟོང་པ་ཉིད་འདུ་བྱེད་སྟོང་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་སྟོང་པ་ཉིད་མ་ལགས༑ འདུ་བྱེད་སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་སྟོང་པ་


DKG014_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་བྱེད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་སྟོང་པ་ཉིད་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་སྟོང་པ་ཉིད་མ་ལགས། རྣམ་པར་ཤེས་པ་སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་བར་ཤེས་པ་སྟོང་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས༑ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་མཚན་མ་མེད་པ་ཉིད་གཟུགས་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། གཟུགས་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་མཚན་མ་མེད་པ་ཉིད་མ་ལགས། གཟུགས་མཚན་མ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་མཚན་མ་མེད་པ་ཉིད་ཀྱང་སྟོང་པ་ཉིད༑ སྟོང་པ་ཉིད་ཀྱང་གཟུགས་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་


DKG014_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་མཚན་མ་མེད་པ་ཉིད་ཚོར་བ་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། ཚོར་བ་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་མཚན་མ་མེད་པ་ཉིད་མ་ལགས། ཚོར་བ་མཚན་མ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་མཚན་མ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་མཚན་མ་མེད་པ་ཉིད་འདུ་ཤེས་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་མཚན་མ་མེད་པ་ཉིད་མ་ལགས། འདུ་ཤེས་མཚན་མ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་མཚན་མ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ།དེ་ཅིའི་སླད་དུ་ཞེ་ན།


DKG014_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་མཚན་མ་མེད་པ་ཉིད་འདུ་བྱེད་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་མཚན་མ་མེད་པ་ཉིད་མ་ལགས། འདུ་བྱེད་མཚན་མ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་མཚན་མ་མེད་པ་ཉིད་ཀྱང་སྟོང་པ་ཉིད།སྟོང་པ་ཉིད་ཀྱང་འདུ་བྱེད་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་མཚན་མ་མེད་པ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་མ་ལགས། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ༑ རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་སྨོན་པ་མེད་པ་ཉིད་གཟུགས་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། གཟུགས་སྨོན་པ་མེད་པ་ཉིད་


DKG014_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་སྨོན་པ་མེད་པ་ཉིད་མ་ལགས། གཟུགས་སྨོན་པ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་སྨོན་པ་མེད་པ་ཉིད་ཚོར་བ་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། ཚོར་བ་བ་སྨོན་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་སྨོན་པ་མེད་པ་ཉིད་མ་ལགས། ཚོར་བ་སྨོན་པ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ༑ ཚོར་བ་སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་སྨོན་པ་མེད་པ་ཉིད་འདུ་ཤེས་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་སྨོན་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་སྨོན་པ་མེད་པ་ཉིད་མ་ལགས། འདུ་ཤེས་སྨོན་པ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་


DKG014_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་སྨོན་པ་མེད་པ་ཉིད་འདུ་བྱེད་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་སྨོན་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་སྨོན་པ་མེད་པ་ཉིད་མ་ལགས། འདུ་བྱེད་སྨོན་པ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་བྱེད་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས།དེ་ནི༑ འདི་ལྟར་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་མ་ལགས། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་


DKG014_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་དབེན་པ་ཉིད་གཟུགས་དབེན་པ་ཉིད་ཀྱིས་སྟོང་སྟེ། གཟུགས་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་དབེན་པ་ཉིད་མ་ལགས། གཟུགས་དབེན་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་དབེན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་དབེན་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་དབེན་པ་ཉིད་ཚོར་བ་དབེན་པ་ཉིད་ཀྱིས་སྟོང་སྟེ། ཚོར་བ་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཚོར་བ་དབེན་པ་ཉིད་མ་ལགས། ཚོར་པ་དབེན་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་དབེན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཚོར་བ་དབེན་བ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་ཤེས་དབེན་པ་ཉིད་འདུ་ཤེས་དབེན་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་ཤེས་དབེན་པ་ཉིད་མ་ལགས། འདུ་ཤེས་དབེན་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་


DKG014_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཏེ། འདུ་ཤེས་དབེན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་དབེན་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་དབེན་པ་ཉིད་འདུ་བྱེད་དབེན་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་དབེན་པ་ཉིད་མ་ལགས། འདུ་བྱེད་དབེན་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་དབེན་པ་ཉིད་ཀྱང་སྟོང་པ་ཉིད་ཀྱང་འདུ་བྱེད་དབེན་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་རྣམ་པར་ཤེས་པ་དབེན་པ་ཉིད་རྣམ་པར་ཤེས་པ་དབེན་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་རྣམ་བར་ཤེས་པ་དབེན་པ་ཉིད་མ་ལགས། རྣམ་པར་ཤེས་པ་དབེན་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་དབེན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་དབེན་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །


DKG014_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་དེ་བཞིན་ཉིད་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་དེ་བཞིན་ཉིད་མ་ལགས། དེ་བཞིན་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། དེ་བཞིན་ཉིད་ཀྱང་སྟོང་པ་ཉིད།སྟོང་པ་ཉིད་ཀྱང་དེ་བཞིན་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་ཉིད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན༑ བཅོམ་ལྡན་འདས། དེ་ནི། འདི་ལྟར་ཆོས་ཉིད་ཆོས་ཉིད་ཀྱིས་སྟོང་སྟེ། ཆོས་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཆོས་ཉིད་མ་ལགས། ཆོས་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཆོས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆོས་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཉིད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱིས་སྟོང་སྟེ། ཆོས་ཀྱི་དབྱིངས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཆོས་ཀྱི་དབྱིངས་མ་ལགས། ཆོས་ཀྱི་དབྱིངས་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཆོས་ཀྱི་དབྱིངས་


DKG014_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །བཅོམ་ལྡན་འདས༑ རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་ལ་གནས་པར་མི་བགྱིའོ༑ ༑བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་སྐྱོན་མེད་པ་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཆོས་སྐྱོན་མེད་པ་ཉིད་ཆོས་སྐྱོན་མེད་པ་ཉིད་ཀྱིས་སྟོང་སྟེ། ཆོས་སྐྱོན་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་ཆོས་སྐྱོན་མེད་པ་ཉིད་མ་ལགས། ཆོས་སྐྱོན་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཆོས་སྐྱོན་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆོས་སྐྱོན་མེད་པ་ཉིད་དོ། །བཅོམ་ལྡན་འདས།རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་སྐྱོན་མེད་པ་ཉིད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡང་དག་པའི་མཐའ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི༑ འདི་ལྟར་ཡང་དག་པའི་མཐའ་ཡང་དག་པའི་མཐས་སྟོང་སྟེ། ཡང་དག་པའི་མཐའི་སྟོང་པ་ཉིད་གང་ལགས་པ་དེའང་ཡང་དག་པའི་མཐའ་མ་ལགས། ཡང་དག་པའི་མཐའ་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། ཡང་དག་པའི་མཐའ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡང་དག་པའི་མཐའོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས། གལ་ཏེ་བྱང་


DKG014_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཚོར་བ་ལ་གནས་ན། དེ་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས།གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་འདུ་ཤེས་ལ་གནས་ན། དེ་འདུ་ཤེས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་འདུ་བྱེད་ལ་གནས་ན།དེ་འདུ་བྱེད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣམ་པར་ཤེས་པ་ལ་གནས་ན། དེ་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་


DKG014_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་མིག་ལ་གནས་ན། དེ་མིག་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣ་བ་ལ་གནས་ན། དེ་རྣ་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྣ་ལ་གནས་ན། དེ་སྣ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལྕེ་ལ་གནས་ན། དེ་ལྕེ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ༑ ༑བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་


DKG014_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལུས་ལ་གནས་ན། དེ་ལུས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་ལ་གནས་ན། དེ་ཡིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྒྲ་ལ་གནས་ན། དེ་སྒྲ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་དྲི་ལ་གནས་ན།


DKG014_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དྲི་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རོ་ལ་གནས་ན། དེ་རོ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རེག་ལ་གནས་ན། དེ་རེག་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཆོས་ལ་གནས་ན། དེ་ཆོས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་མིག་གི་རྣམ་པར་ཤེས་


DKG014_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་ན། དེ་མིག་གི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣ་བའི་རྣམ་པར་ཤེས་པ་ལ་གནས་ན། དེ་རྣ་བའི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས།གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྣའི་རྣམ་པར་ཤེས་པ་ལ་གནས་ན། དེ་སྣའི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལྕེའི་རྣམ་པར་ཤེས་པ་ལ་གནས་ན། དེ་ལྕེའི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་ན། དེ་ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DKG014_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ན། དེ་ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་མིག་གི་འདུས་ཏེ་རེག་པ་ལ་གནས་ན། དེ་མིག་གི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣ་བའི་འདུས་ཏེ་རེག་པ་ལ་གནས་ན༑ དེ་རྣ་བའི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྣའི་འདུས་ཏེ་རེག་པ་ལ་གནས་ན། དེ་སྣའི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་


DKG014_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལྕེའི་འདུས་ཏེ་རེག་པ་ལ་གནས་ན། དེ་ལྕེའི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་ན། དེ་ལུས་ཀྱི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་ན། དེ་ཡིད་ཀྱི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་མིག་གི་འདུས་ཏེ་


DKG014_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས།གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ༑ ༑བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི།


DKG014_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སའི་ཁམས་ལ་གནས་ན། དེ་སའི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཆུའི་ཁམས་ལ་གནས་ན། དེ་ཆུའི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་


DKG014_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་ཁམས་ལ་གནས་ན། དེ་མེའི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རླུང་གི་ཁམས་ལ་གནས་ན། དེ་རླུང་གི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ནམ་མཁའི་ཁམས་ལ་གནས་ན། དེ་ནམ་མཁའི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣམ་པར་ཤེས་པའི་ཁམས་ལ་གནས་ན། དེ་རྣམ་པར་ཤེས་པའི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་


DKG014_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་མ་རིག་པ་ལ་གནས་ན། དེ་མ་རིག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་འདུ་བྱེད་ལ་གནས་ན། དེ་འདུ་བྱེད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣམ་པར་ཤེས་པ་ལ་གནས་ན། དེ་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་མིང་དང་གཟུགས་ལ་གནས་ན། དེ་མིང་དང་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྐྱེ་མཆེད་དྲུག་ལ་གནས་ན། དེ་སྐྱེ་མཆེད་དྲུག་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་


DKG014_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རེག་པ་ལ་གནས་ན། དེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་བས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཚོར་བ་ལ་གནས་ན། དེ་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྲེད་པ་ལ་གནས་ན། དེ་སྲེད་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལེན་པ་ལ་གནས་ན༑ དེ་ལེན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྲིད་པ་ལ་གནས་ན། དེ་སྲིད་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌།


DKG014_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྐྱེ་བ་ལ་གནས་ན། དེ་སྐྱེ་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྒ་ཤི་ལ་གནས་ན། དེ་རྒ་ཤི་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན༑ མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌།


DKG014_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ།། །།


previousལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ། no next