Nitartha Digital Library
Tibetan
 
previousཉེར་གསུམ་པ། སྐུ་གདུང་གི་ལེའུ། སྟོད་ཆ།no next

ཉེར་གསུམ་པ། སྐུ་གདུང་གི་ལེའུ། སྟོད་ཆ།


DKG018_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འད་ས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་དེ་དག་ད་གེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དེའི་རྒྱུས། དེའི་བསོད་ན་མས་མང་དུ་འཕེལ་བར་འགྱུར་ར་རམ། གསོལ་པ་བཅོམ་ལྡན་འདས་མང་ང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ལ་ལ་ཞིག་གིས། ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པའམ། བྲི་བའམ། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་གང་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སློབ་ཅིང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། རྒྱུན་


DKG018_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱིས། བྱང་ཆུབ་སེམས་ད་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་མང་པོ་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་རྒྱ་ཆེར་བསྟན་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འད་ས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་


DKG018_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཱོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། འདི་དག་ནི་ཟག་པ་མྱེད་པའི་ཆོས་ཏེ། དེ་དག་ནི་ཤིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱ་ཆེར་བསྟན་ཏོ། །དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་སེམས་ཅན་གཅིག་ཅིག་རྒྱུན་ཏུ་ཞུགས་པ་འི་འབྲས་བུ་ལ་བཞག་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ད་གི་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་སེམས་ཅན་རྣམས་ནི། སེམས་ཅན་


DKG018_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་དང་། བྱོལ་སོང་གི་སྐྱེ་གན་ས་དང་། གཤིན་རྗེའི་འཇིག་རྟེན་ན་ས་ཡོངས་སུ་གྲོལ་བ་མ་ཡིན་ན་ནོ། །ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་སེམས་ཅན་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གན་ས་དང་། གཤིན་རྗེའི་འཇིག་རྟེན་ན་ས་ཡོངས་སུ་གྲོལ་བའི་ཕྱིར་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། ད་གྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཅི་སྨོས། ཀཽ་ཤི་ཀ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་རྣམས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཆ་ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བཀོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆ་ད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆད་


DKG018_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མྱི་འོང་བའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་བཀོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ཏུ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གཅིག་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཞོག་པ་དེ་ནི། སངས་རྒྱས་ཀྱི་ཚུལ་རྒྱུན་མི་ག་ཅད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་


DKG018_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། མཆོད་ཅིང་རིམ་གྲོར་བྱ་བ་ཡིན་ཏེ། འཇིག་རྟེན་ལྷ་དང་བ་ཅས་པ། བདུད་དང་བཅས་པ། ཚངས་པ་དང་བ་ཅས་པ། ད་གེ་སྦྱོང་དང་བྲམ་ཟེར་བ་ཅས་པའི་སྐྱེ་དགུས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ད་གེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ན་མས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་བྲི་བའམ། ཀླག་པའམ། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་


DKG018_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ན་ང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། ད་ངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་


DKG018_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་ད་གུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ད་གའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བད་ག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་ད་བང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་


DKG018_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་ད་མ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པའི་ངོ་བོ་


DKG018_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །ད་བང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ད་གུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །ད་གྲ་བཅོམ་པ་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་ནམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །ད་གྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་ད་གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལྟ་ཞོག་གི། ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་


DKG018_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། ལ་ལས་ད་གེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདིའི་གླེགླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ད་གྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་ད་པའ་སེམས་ད་པའ་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་ད་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་


DKG018_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་། གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤིས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ན་ང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། ད་ངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་ད་གུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ད་གའ་བ་ཆེན་པོ་


DKG018_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་ད་གའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚང་ས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགིའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་


DKG018_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོད་དོ། །ན་ང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ན་ང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གན་ས་པའི་སྙོམས་


DKG018_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་ད་གུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཱོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །ད་གྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན། ཇི་སྙེད་ཅིག་ཡོད་པ་དེ་དག ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དེའི་བསོད་ན་མས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བ་ཀའ་སྩལ་པ།


DKG018_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ་འཐོབ་བོ། ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་། གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།


DKG018_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་ད་གུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏ་ང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་


DKG018_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །ད་གའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་ད་གའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་


DKG018_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ན་ང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །


DKG018_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །ད་གྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །ད་གྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བདུན་པ། ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུ་ལྟ་ཞོག་གི། ཀཽ་ཤི་ཀ་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དགི་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ན་མས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་


DKG018_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ ། འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་། གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་


DKG018_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་དེའི་བསོད་ན་མས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །


DKG018_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་ནམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །ད་གའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་ད་གའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་ད་བང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མིན་གྱི་ལྷ་རྣམས་ཡོད་དོ། །ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །


DKG018_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏ་ན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་ད་གུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་


DKG018_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །ད་གྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་སྟོང་གཉིས་པ་འཇིག་རྟེན་གྱི་ཁམས་འབྲིང་པོ་ལྟ་ཞོག་གི ། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ན་མས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་


DKG018_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ། །ཐོབ་པར་འགྱུར་རོ། །ད་གྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་


DKG018_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏ་ང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ན་མས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བད་ག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་


DKG018_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་ད་གེའི་ལྷ་རྣམས་ཡོད་དོ། །ཚད་མེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིནད་པ་ཡོད་དོ། །ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་ད་མ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་


DKG018_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །ད་བང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ད་གུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །ད་གྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་


DKG018_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་ད་གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སང་ས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །གསོལ་པ། བཅོམ་ལྡན་འད་ས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་ར་བ་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ། །ཐོབ་པར་འགྱུར་རོ། །ད་གྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་


DKG018_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་ད་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གན་ས་པའི་


DKG018_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ད་གའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །ད་གའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་ད་གའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་ད་བང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མེད་སྣང་བའི་ལྷ་རྣམས་ཡོད་དོ། །


DKG018_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །ད་གེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ན་ང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འད་ས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པའི་ངོ་བོ་


DKG018_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །ད་བང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏ་ན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སང་ས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཱོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །ད་གྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །ད་གྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་ད་གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་མྱི་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་


DKG018_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏ་ན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ན་མས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འད་ས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འད་ས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ན་མས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ད་གྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །རང་སང་ས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །


DKG018_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ན་ང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། ད་ངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་


DKG018_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ད་གའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ།  ། འཕྲུལ་ད་གའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་ནམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །ད་གེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་


DKG018_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ན་ང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འད་ས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །ད་ངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །ད་བང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་


DKG018_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ད་གུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལྟ་ཞོག་གི ། ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་


DKG018_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སང་ས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་


DKG018_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། ད་ངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་།


DKG018_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ད་གའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་། རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བད་ག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་


DKG018_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ན་ང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ན་ང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་


DKG018_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །ད་གྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི ། ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །གསོལ་པ། བ་ཅོམ་ལྡན་འདས་


DKG018_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འད་ས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ ། ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །ད་གྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །རང་སང་ས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་


DKG018_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་ད་མ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འད་ས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། ད་ངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤིས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སང་ས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་


DKG018_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

པ་གླེགླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ན་མས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་ད་བང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་


DKG018_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ན་ང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ན་ང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །ད་བང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་


DKG018_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གན་ས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རབ་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།། །


previousཉེར་གསུམ་པ། སྐུ་གདུང་གི་ལེའུ། སྟོད་ཆ།no next