Nitartha Digital Library
Tibetan
 
previousང་དྲུག་པ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་ལེའུ།next

ང་དྲུག་པ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་ལེའུ།


DKG024_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་བཅུ་བཞི་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས ལ་ཡང བསྙེན་བཀུར་མྱི་བགྱིད་དགེ་བའི་རྩ་བ་འདི་ཡོངས་སུ་རྫོགས་པར་མྱི་བགྱིད་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་མ་བཟུང་བར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས་ལ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་ཡང་བྱས། དགེ་བའི་རྩ་བ་ཡང་ཡོངས་སུ་རྫོགས་པར་བྱས། དགེ་བའི་བཤེས་གཉེན་ལ་ཡང་བསྟེན་པ་བྱས་ཀྱང་། ད་དུང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་ནུས་ན། སངས་རྒྱས་བཅོམ་ལྡན་འད་ས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་ལ་མ་བསྟེན་པ་རྣམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མྱིང་བདེན་པ་ལ་གནས་པར་འདོད་པ་དང་། མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བར་བྱའོ། །དགེ་བའི་རྩ་བ་མང་པོ་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་


DKG024_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟེན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས། དགེ་བའི་རྩ་བ་བསྐྱེད། དགེ་བའི་བཤེས་གཉེན་ལ་བསྟེན་པ་རབགྱིས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཐབས་མཁས་པ་དང་མྱི་ལྡན་པའི་ཕྱིར་ཏེ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཐབས་དེ་ཐོས་པར་མ་གྱུར་པའི་ཕྱིར་དགེ་བའི་རྩ་བ་དེ་ལྟ་བུ་ཡང་མ་བསྐྱེད། གང་དེ་ལ་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་དག་ལ་ཡང་མ་བསྟེན་པས་དེ་ལྟར་ཐོབ་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐབས་མཁས་པ་གང་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། མྱི་དང་མྱི་མ་ཡིན་པར་གྱུར་པ་དག་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དང་ལྡན་པས། སྦྱིན་པ་ལ་ཡང་སྦྱིན་པའི་འདུ་ཤེས་སུ་མྱི་འགྱུར། ལེན་པ་ལའང་ལེན་པའི་འདུ་ཤེས་སུ་མྱི་འགྱུར། གཏོང་བ་ལ་ཡང་གཏོང་བའི་འདུ་ཤེས་སུ་མྱི་འགྱུར་རོ། །དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པདང་། མངོན་པར་མ་གྲུབ་པར་མཐོང། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་


DKG024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་སྦྱིན་པའི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱོད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་དྲུག་གོ། །།


previousང་དྲུག་པ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་ལེའུ།next