Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་ལྔ་པ།


   
   
   
   
   
   
   
   
   
བདུན་པ་ཅུ་པ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མེད་པའི་ལེའུ།
   
   


 
previousབདུན་པ་ཅུ་པ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མེད་པའི་ལེའུ།next

བདུན་པ་ཅུ་པ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མེད་པའི་ལེའུ།


DKG025_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་ཏེ། དེ་ད་ག་སངས་རྒྱས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་ཀྱིས་ཀྱང་མ་བགྱིས། ད་གྲ་བཅོམ་པས་ཀྱང་མ་བགྱིས། ཕྱིར་མྱི་འོང་བས་ཀྱང་མ་བགྱིས། ལན་ཅིག་ཕྱིར་འོང་བས་ཀྱང་མ་བགྱིས། རྒྱུན་ཏུ་ཞུགས་པས་ཀྱང་མ་བགྱིས། དེ་དག་ལ་ཞུགས་པས་ཀྱང་མ་བགྱིས། གང་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བགྱིས་ན། ཆོས་དེ་དག་ལ་འདི་ད་ག་ནི་སེམས་ཅན་དམྱལ་བ་པའོ། །འདི་དག་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་དག་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་དག་ནི་ལྷའོ། །འདི་དག་ནི་མྱིའོ། །ལས་འདིས་ནི་སེམས་ཅན་ད་མྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གན་ས་པ་དང་། གཤིན་རྗེའི་འཇིག་རྟེན་པར་འགྱུར་ར་རོ། །ལས་འདིས་ནི་མྱིར་འགྱུར་རོ། །ལས་འདིས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་སུམ་ཅུ་རྩ་གསུམ་གྱི་ལྷར་འགྱུར་རོ། །ལས་འདིས་ནི་མཚེ་མའི་ལྷར་འགྱུར་རོ། །ལས་འདིས་ནི་དགའ་ལྡན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་འཕྲུལ་དགའི་ལྷར་འགྱུར་རོ། །ལས་འདིས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚངས་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚངས་ལྷ་ཉེ་ཕན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚངས་པ་ཀུན་འཁོར་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚང་ས་ཆེན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི་ཆུང་སྣང་གི་ལྷར་འགྱུར་རོ། །ལས་འདིས་ནི་ཚད་མྱེད་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི་ཀུན་སྣང་དང་བའི་ལྷར་འགྱུར་རོ། །ལས་འདིས་ནི་དགེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་ཆུང་དགེའི་ལྷར་འགྱུར་རོ། །ལས་


DKG025_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་ཚད་མྱེད་དགེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་དགེ་རྒྱས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་ཆུང་ཆེའི་ལྷར་འགྱུར་རོ། །ལས་འདིས་ནི་ཚད་མྱེད་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་འབྲས་བུ་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་མྱི་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་མྱི་གདུང་བའི་ལྷར་འགྱུར་རོ། །ལས་འདིས་ནི་ཤིན་ཏུ་མཐོང་བའི་ལྷར་འགྱུར་རོ། །ལས་འདིས་ནི་གྱ་ནོམ་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི་འོག་མྱིན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདི་ནི་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུར་འགྱུར་རོ། །ལས་འདིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུར་འགྱུར་རོ། །ལས་འདིས་ནི་ཕྱིར་མྱི་འོང་བའི་འབྲས་བུར་འགྱུར་ར་རོ། །ལས་འདིས་ནི་དགྲ་བཅོམ་པ་ཉིད་དུ་འགྱུར་ར་རོ། །ལས་འདིས་ནི་རང་སངས་རྒྱས་སུ་འགྱུར་རོ། །ལས་འདིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་ར་རོ། །ལས་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བགྱི་བར་ཐ་ད་ད་དུ་དབྱེ་བའམ། རྣམ་པར་དགོད་པ་ཡང་ཇི་ལྟར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི་བགྱི་བ་གང་ཡང་མ་མཆིས་ཏེ། བགྱི་བ་གང་གིས་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་


DKG025_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བའམ། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བའམ། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའམ། ར་ང་བྱང་ཆུབ་ཐོབ་པར་འགྱུར་བའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་


DKG025_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་སྤྱོད་པར་འགྱུར་བའམ། རྣམ་པ་ཐམས་ཅ་ད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའམ། ཐོབ་པར་གྱུར་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ད་གྲོལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། རབ་འབྱོར་དངོས་པོ་མྱེད་པ་ལ་ནི་ལས་ཀྱང་མྱེད། བྱ་བ་ཡང་མྱེད། འབྲས་བུ་ཡང་མྱེད་ན། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ། འཕགས་པའི་ཆོས་ལ་མྱི་མཁས་པ་རྣམས་ཀྱིས་ཆོས་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མྱི་ཤེས་ཏེ། ཕྱིན་ཅི་ལོག་ལས་བྱུང་བའི་སེམས་ཀྱིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པས། དེ་ད་ག་གི་ལུས་རྣམ་པ་དེ་བཞིན་དུ་མངོན་པར་འགྲུབ་སྟེ། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ན་མ། མྱིའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའམ། སུམ་ཅུ་རྩ་གསུམ་གྱི་ལྷའམ། མཚེ་མའི་ལྷའམ། དགའ་ལྡན་གྱི་ལྷའམ། འཕྲུལ་དགའི་ལྷའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའམ། ཚང་ས་རིས་ཀྱི་ལྷའམ། ཚངས་ལྷ་ཉེ་ཕན་གྱི་ལྷའམ། ཚངས་པ་ཀུན་འཁོར་གྱི་ལྷའམ། ཚངས་ཆེན་གྱི་ལྷའམ། སྣང་བའི་ལྷའམ། ཆུང་སྣང་གི་ལྷའམ། ཚད་མྱེད་སྣང་བའི་ལྷའམ། ཀུན་སྣང་དང་བའི་ལྷའམ། དགེ་བའི་ལྷའམ། ཆུང་ད་གེའི་ལྷའམ། ཚད་མྱེད་དགེ་བའི་ལྷའམ། ད་གི་རྒྱས་ཀྱི་ལྷའམ། ཆེ་བའི་ལྷའམ། ཆུང་ཆེའི་ལྷའམ། ཚད་མྱེད་ཆེ་བའི་ལྷའམ། འབྲས་བུ་ཆེ་བའི་ལྷའམ། མྱི་


DKG025_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་ལྷའམ། མྱི་གདུང་བའི་ལྷའམ། ཤིན་ཏུ་མཐོང་བའི་ལྷའམ། གྱ་ནོམ་སྣང་བའི་ལྷའམ། འོག་མྱིན་གྱི་ལྷའམ། ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷའམ། རྣམ་ས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷའམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷའི་ནང་དུ་ལུས་མངོན་པར་འགྲུབ་སྟེ། དངོས་པོ་མྱེད་པ་ལ་ནི་ལས་སམ། བྱ་བའམ། འབྲས་བུ་མྱེད་དེ། དངོས་པོ་མྱེད་པ་གང་ཡིན་པ་དེ་ནི་དངོས་པོ་མྱེད་པ་ཉིད་དོ། །རབ་འབྱོར་དེ་ལ་འདི་སྐད་དུ་དངོས་པོ་མྱེད་པ་ལ་ནི་བྱ་བ་གང་ཡང་མྱེད་དེ། བྱ་བ་གང་གིས་སེམས་ཅན་ད་མྱལ་བར་འགྲོ་བའགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའགྲོ་བའམ། མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགིའི་ལྷར་སྐྱེ་བའམ། ཚད་མྱེད་ད་གེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ།


DKG025_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བའམ། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བའམ། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའམ། རང་བྱང་ཆུབ་ཐོབ་པར་འགྱུར་བའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ལ་སྤྱོད་པའ་མ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའམ། དེ་ཐོབ་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་བ་དེ་ལྟ་བུའི་བྱ་བ་གང་ཡང་མྱེད་དོ་ཞེས་ཟེར་བ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལམ་དངོས་པོ་མྱེད་པ་མ་ཡིན་ན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དངོས་པོ་མྱེད་པ་མ་ཡིན་ན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དངོས་པོ་མྱེད་པ་མ་ཡིན་ན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་དངོས་པོ་མྱེད་པ་མ་ཡིན་ན་ནམ། དགྲ་བཅོམ་པ་ཉིད་དངོས་པོ་མྱེད་པ་མ་ཡིན་ན་ནམ། རང་བྱང་ཆུབ་དངོས་པོ་མྱེད་པ་མ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་མྱེད་པ་མ་ཡིན་ན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མྱེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ལམ་ནི་དངོས་པོ་མ་མཆིས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་དངོས་པོ་མ་མཆིས་


DKG025_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དགྲ་བཅོམ་པ་ཉིད་ནི་དངོས་པོ་མ་མཆིས་པའོ། །རང་བྱང་ཆུབ་ནི་དངོས་པོ་མ་མཆིས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དངོས་པོ་མ་མཆིས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དངོས་པོ་མྱེད་པའི་ཆོས་ཤིག་དངོས་པོ་མྱེད་པའི་ཆོས་ཐོབ་པར་བྱེད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་དངོས་པོ་མྱེད་པ་གང་ཡིན་པ་དང་། ལམ་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན་གཟུགས་མྱེད་པ། བསྟན་དུ་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་ཕྱིན་ཅི་ལོག་བཞིས་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་མྱི་རྟག་པ་ལ་རྟག་པའི་འདུ་ཤེས་སུ་གྱུར་པ། སྡུག་བསྔལ་བ་ལ་བདེ་བའི་འདུ་ཤེས་སུ་གྱུར་པ། བད་ག་མྱེད་པ་ལ་བདག་གི་འདུ་ཤེས་སུ་གྱུར་པ། མྱི་སྡུག་པ་ལ་སྡུག་པའི་འདུ་ཤེས་སུ་གྱུར་པ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་དངོས་པོ་ལས་རྣམ་པར་འགྲེལ་ཏོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འད་ས་ཅི་ལགས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་དངོས་པོའོ་ཞེས་ནས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་དངོས་པོ་དེ་བཞིན་མ་ནོར་བ་དེ་བཞིན་ཞེས་བགྱི་བ་མ་མཆིས་སམ། དེ་སྟེ་མ་མཆིས་ན་ནི་ལས་མངོན་པར་འདུ་བགྱིད་པར་ཡང་ཇི་ལྟར་འགྱུར།


DKG025_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སུག་ལས་དེས་ཀྱང་ཤུལ་རྒྱུད་ལྔའི་འཁོར་བ་ལས་ཅི་སྟེ་མྱི་འགྲོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པའི་དངོས་པོ་ནི་ཆུང་ངུ་ན། སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་ཡང་མྱེད་དོ། །རབ་འབྱོར་དེ་ལྟ་བས་ན་ཅི་ནས་ཀྱང་དོན་འདི་གསལ་ཞིང་རྫོགས་པ་དང་། མཁས་པས་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་ད་པེ་བཤད་ད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨྱི་ལམ་དུ་མཐོང་བ་ལ་རྨྱི་ལམ་མཐོང་བ་དེ་གང་ལ་གནས་ཤིང་། འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་རྨྱི་ལམ་ཉིད་ཀྱང་མ་མཆིས་ན། རྨྱི་ལམ་མཐོང་བ་དེ་ལ་གནས་ཤིང་། འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་ས་སོ། །བཅོམ་ལྡན་འད་ས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མྱེད་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་རྨྱི་ལམ་དང་འདྲ་བ་མ་ཡིན་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མ་མཆིས་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་རྨྱི་ལམ་ལྟ་བུ་མ་ལགས་པ་དེ་ལྟ་བུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་རྨྱི་ལམ་ལ་རྒྱུད་ལྔའི་འཁོར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །


DKG025_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨྱི་ལམ་ལ་ལམ་བསྒོམས་པས། ཀུན་ནས་ཉོན་མོང་ས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བ་དེ་ལྟ་བུའི་ལམ་བསྒམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་དངོས་པོ་མ་མཆིས་ཏེ། བརྗོད་པ་དང་། ཚིག་དང་། སྒྲ་དང་། ཡི་གེ་ཐམས་ཅད་ཀྱིས་གདགས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མེ་ལོང་ལ་གཟུགས་བརྙ་ན་སྣང་བ་དེ་ལ་གང་ལས་མངོན་པར་འདུ་བྱེད་ཅིང་། མངོན་པར་འདུ་བྱས་པས། སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའགྲོ་བའམ། མྱི་དང་ལྷར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་གཞན་དུ་ན། བྱིས་པ་རྣམས་ལ་བསླུ་བ་མ་གཏོགས་པར་དངོས་པོ་མ་མཆིས་པ་སྟེ། གཟུགས་བརྙན་ཉིད་ཀྱང་མ་མཆིས་ན། གང་ལས་མངོན་པར་འདུ་བགྱིད་ཅིང་། མངོན་པར་འདུ་བགྱིས་པས། སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མྱི་དང་ལྷར་འགྱུར་བའི་སུག་ལས་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལ་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་ད་ད་མ། གསོལ་པ། བཅོམ་ལྡན་འདས་


DKG025_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒོམ་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་བརྙན་ཉིད་ཀྱང་དངོས་པོ་མ་མཆིས་ན། ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ནགས་སྟུག་པོ་དང་། རི་དང་། གཅོང་རོང་དང་། ལུང་པ་ནས་སྒྲ་བརྙ་ན་བྱུང་ན་སྒྲ་བརྙ་ན་དེ་ལ་ལས་གང་མངོན་པར་འདུ་བྱེད་ཅིང་། མངོན་པར་འདུ་བྱས་པས། སེམས་ཅན་ད་མྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའགྲོ་བའམ། ལྷ་དང་མྱིར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྲ་བརྙ་ན་དེ་ཉིད་ཀྱང་དངོས་པོ་མ་མཆིས་ན། དེ་ལ་གང་སུག་ལས་མངོན་པར་འདུ་བགྱིད་ཅིང་མངོན་པར་འདུ་བགྱིས་ན་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། །ལྷ་དང་མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ།


DKG025_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་ལྟ་སྨས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྲ་བརྙ་ན་དེ་ལ་ལམ་གང་བསྒོམས་པས། ཀུན་ནས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བའི་ལམ་བསྒོམ་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ་བཅོམ་ལྡན་འདས་སྒྲ་བརྙ་ན་ཉིད་ཀྱང་ཤིན་ཏུ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས། ཀུན་ན་ས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་མྱི་འགྱུར་བའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྨྱིག་རྒྱུ་ལ་ཆུ་མྱེད་པར་ཆུའི་འདུ་ཤེས་སུ་གྱུར་པ་དང་། ་ཀླུང་མྱེད་པར་ཀླུང་གི་འདུ་ཤེས་སུ་གྱུར་པ་དང་། གྲོང་ཁྱེར་མྱེད་པ་ལ་གྲོང་ཁྱེར་གྱི་འདུ་ཤེས་སུ་གྱུར་པ་དང་། སྐྱེད་མོས་ཚལ་མྱེད་པར་སྐྱེད་མོས་ཚལ་གྱི་འདུ་ཤེས་སུ་


DKG025_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་ལ་འདུ་ཤེས་ཀྱི་ལས་གང་མངོན་པར་འདུ་བྱས་པས། སེམས་ཅན་ད་མྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའགྲོ་བའམ། མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་ད་གའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། །ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། ད་གེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། །ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ།གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤིས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་སྨྱིག་རྒྱུ་ལ་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མྱིག་གིས་ལོག་པར་མཐོང་བ་མ་གཏོགས་པར་


DKG025_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཀླུང་དང་། གྲོང་ཁྱེར་དང་། སྐྱེད་མོས་ཚལ་ཤིན་ཏུ་མ་མཆིས་ན། སུག་ལས་གང་མངོན་པར་འདུ་བགྱིས་པས། སེམས་ཅན་ད་མྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲལ་དགའ་ི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། ་དགེ་བའི་ལྷར་སྐྱེ་བའམ། །ཆུང་དགེའི་ལྷར་སྐྱེ་བའམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་


DKG025_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དེ་ཇི་སྙམ་དུ་སེམས། ཕྱིན་ཅི་ལོག་གི་འདུ་ཤེས་དེ་ལ་ལམ་གང་བསྒོམས་པས། ཀུན་ནས་ཉོན་མོང་ས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དད་མ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཕྱིན་ཅི་ལོག་གི་འདུ་ཤེས་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས། ཀུན་ནས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་སྣ་ཚོགས་གླང་པོའི་ཚོགས་སམ། རྟའི་ལུས་ཚོགས་སམ། གླང་གི་ལུས་ཚོགས་སམ། དཔུང་བུ་ཆུང་གི་ཚོགས་སམ། བུད་མྱེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་མངོན་པར་སྤྲུལ་ནས། སྒྱུ་མ་དེ་ལ་ལས་གང་མངོན་པར་འདུ་བྱས་པས། སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའགྲོ་བའམ། མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་ཀྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ།


DKG025_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་ད་གེའི་ལྷར་སྐྱེ་བའམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤིས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྒྱུ་མ་དེ་ལ་གང་གནས་ཏེ། །སུག་ལས་དེ་གང་མངོན་པར་འདུ་བགྱིད་པ་དང་།སུག་ལས་གང་མངོན་པར་འདུ་བགྱིས་པས། སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མྱིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་ད་གའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ།


DKG025_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ད་གེ་བའི་ལྷར་སྐྱེ་བའམ། ཆུང་ད་གེའི་ལྷར་སྐྱེ་བའམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མ་ཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ནི་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བ་ཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལ་ལམ་གང་བསྒོམས་པས། ཀུན་ན་ས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་མྱི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་མཛད་ན། སྤྲུལ་པ་དེ་ལ་ལས་གང་མངོན་པར་འདུ་བྱས་པས། སེམས་ཅན་ད་མྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའགྲོ་བའམ། མྱིར་སྐྱེ་བའམ།


DKG025_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚང་ས་རིས་ཀྱི་ལྷར་སྐྱེ་བའམ། ཚང་ས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། ད་གེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མྱིན་གྱི་ལྷར་སྐྱེ་བའམ། ན་མ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མྱེད་འདུ་ཤིས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འད་ས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྤྲུལ་པ་དེ་ལ་དངོས་པོ་མ་མཆིས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེ་ལ་ལམ་གང་བསྒོམས་པས། ཀུན་ནས་ཉོན་མོངས་པར་ཡང་མྱི་འགྱུར་ལ། རྣམ་པར་བྱང་བར་ཡང་


DKG025_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མྱི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དད་མ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བ་ཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལ་གང་ལ་ལ་ཞིག་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་ཡོད་དད་མ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། ཇི་ལྟར་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་གང་ཡང་མྱེད་པ་དེ་བཞིན་དུ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་དང་བདག་གིར་བྱ་བ་ལ་གནས་ཤིང་། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་གྱི། ཡང་དག་པ་མཐོང་བ་ནི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མྱེད་དོ། །ཇི་ལྟར་ཡང་དག་པ་མཐོང་བ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མྱེད་པ་དེ་བཞིན་དུ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུའོ།། །།


previousབདུན་པ་ཅུ་པ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མེད་པའི་ལེའུ།next