Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་ལྔ་པ།


   
   
   
   
   
   
   
   
   
   
དོན་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ།
   


 
previousདོན་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ།next

དོན་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ།


DKG025_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བ་ཡང་མ་མཆིས་པ་དེ་བཞིན་དུ། ཡང་དག་པ་མ་མཐོང་བ་ལ་ཡང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མ་མཆིས་ཏེ། དེ་ནི་ཆོས་ཐམས་ཅད་དངོས་པོ་མ་


DKG025_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པའི་ངོ་བོ་ཉིད་པས། བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མ་མཆིས་ཏེ། བཅོམ་ལྡན་འདས་ངོ་བོ་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་མཆིས་ཏེ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་རྨོངས་པ་དང་། རྣམ་པར་བྱང་བ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བར་གསུངས་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བར་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་གང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་བཞིན་དུ་གནས་པའི་ཆོས་ཀྱི་གནས་ཉིད་དང་། ་དབྱིངས་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་འདི་ནི་རབ་འབྱོར་རྣམ་པར་བྱང་བ་སྟེ། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་ཀྱི། དེ་ནི་བརྗོད་དུ་མྱེད་ཅིང་སྨོས་སུ་མྱེད་པ་སྟེ། སྒྲ་དང་ཚིག་ཐམས་ཅད་ཀྱི་ལམ་ལས་འདས་པའི་ཆོས་སོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ། མྱིག་ཡོར་ལྟ་བུ། སྨྱིག་རྒྱུ་ལྟ་བུ། སྒྱུ་མ་ལྟ་བུ་སྤྲུལ་པ་ལྟ་བུ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་


DKG025_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྨྱི་ལམ་ལྟ་བུ་དང་། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ་དང་། ཆོས་ཐམས་ཅད་མྱིག་ཡོར་ལྟ་བུ་དང་། ཆོས་ཐམས་ཅད་སྨྱིག་རྒྱུ་ལྟ་བུ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་སྟེ། དངོས་པོ་མ་མཆིས་པ། རྫས་མ་མཆིས་པ་ལ། བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དོར་བ་མྱེད་པ་


DKG025_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱའོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །བསམ་གཏ་ན་བཞི་ཡོངས་སུ་རྫོགས་པར་བྱའོ། །ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་བྱའོ། །མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །


DKG025_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱའོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱའོ། །མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་རྫོགས་པར་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱའོ། །འོད་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་པར་བྱ་སྟེ། དབྱངས་གཅིག་གིས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པའི་ཚངས་པའི་དབྱངས་ཡོངས་སུ་རྫོགས་པར་བྱའོ། །ཞེས་བགྱི་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་དག་རྨྱི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་མ་ཡིན་ན་ནམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་རྨྱི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བ་གྱི། བཅོམ་ལྡན་འདས་རྨྱི་ལམ་ནི་ཡང་དག་པ་མ་ལགས། སྒྲ་བརྙ་ན་ནི་ཡང་དག་པ་མ་ལགས། མྱིག་ཡོར་ནི་ཡང་དག་པ་མ་ལགས། སྨྱིག་རྒྱུ་ནི་ཡང་དག་པ་མ་ལགས། །སྒྱུ་མ་ནི་ཡང་དག་པ་མ་ལགས། སྤྲུལ་པ་ནི་ཡང་


DKG025_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་མ་ལགས་ཏེ། བཅོམ་ལྡན་འདས་ཡང་དག་པ་མ་ལགས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ནང་སྟོང་པ་ཉིད་ལ་སྤྱད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱད་པ་དང་། ཡང་དག་པར་སྤོང་བ་བཞི་ལ་སྤྱད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱད་པ་དང་། དབང་པོ་ལྔ་ལ་སྤྱད་པ་དང་། སྟོབས་ལྔ་ལ་སྤྱད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པ་དང་། །འཕགས་པའི་བདེན་པ་བཞི་ལ་སྤྱད་པ་དང་། བསམ་གཏན་བཞི་ལ་སྤྱད་པ་དང་། ཚད་མྱེད་པ་བཞི་ལ་སྤྱད་པ་དང་། གཟུགས་མྱེད་པའི་སྙོམས་


DKG025_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་བཞི་ལ་སྤྱད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱད་པ་དང་། མངོན་པར་ཤེས་པ་ལྔ་ལ་སྤྱད་པ་དང་། ཏིང་ངེ་འཛིན་ཐམས་ཅད་ལ་སྤྱད་པ་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱད་པ་དང་། མྱི་འཇིགས་པ་བཞི་ལ་སྤྱད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱད་པ་དང་། ་སྙིང་རྗེ་ཆེན་པོ་ལ་སྤྱད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མྱི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། ཡང་དག་པ་མ་ཡིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ནང་སྟོང་པ་ཉིད་ལ་སྤྱད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱད་པ་དང་། དོན་ད་མ་པ་སྟོང་པ་ཉིད་ལ་སྤྱད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་། དོར་བ་


DKG025_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། མྱི་ད་མྱིགས་པ་སྟོང་པ་ཉིད་ལ་སྤྱད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱད་པ་དང་། ཡང་དག་པར་སྤོང་བ་བཞི་ལ་སྤྱད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱད་པ་དང་། དབང་པོ་ལྔ་ལ་སྤྱད་པ་དང་། སྟོབས་ལྔ་ལ་སྤྱད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པ་དང་། འཕགས་པའི་བདེན་པ་བཞི་ལ་སྤྱད་པ་དང་། བསམ་གཏན་བཞི་ལ་སྤྱད་པ་དང་། ཚད་མྱེད་པ་བཞི་ལ་སྤྱད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱད་པ་དང་། མངོན་པར་ཤེས་པ་ལྔ་ལ་སྤྱད་པ་དང་། ཏིང་ངེ་འཛིན་ཐམས་ཅད་ལ་སྤྱད་པ་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱད་པ་དང་། མྱི་འཇིགས་པ་བཞི་ལ་སྤྱད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱད་པ་དང་། ་སྙིང་རྗེ་ཆེན་པོ་ལ་སྤྱད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ།། །།ཤེས་རབ་ཀྱི་


DKG025_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། རབ་འབྱོརད་དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པ་ར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་


DKG025_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ན་ང་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཕྱི་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཕྱི་ནང་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བ་ཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆེན་པོ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དོན་དམ་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བ་ཀའ་


DKG025_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུས་བྱས་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འད་ས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུས་མ་བྱས་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཐའ་ལས་འདས་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དོར་བ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རང་བཞིན་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་


DKG025_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དེ་ཇི་སྙམ་དུ་སེམས། ཆོས་ཐམས་ཅད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རང་གི་མཚན་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མྱི་དམྱིགས་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དངོས་པོ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་


DKG025_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཡང་དག་པར་སྤོང་བ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྫུ་འཕྲུལ་གྱི་རྐང་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དབང་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོབས་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱི་ཡན་ལག་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འཕགས་པའི་ལམ་ཡན་ལག་བརྒྱད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ།


DKG025_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འཕགས་པའི་བདེན་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བསམ་གཏ་ན་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཚད་མྱེད་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འད་ས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་ཐར་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་


DKG025_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འད་ས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མངོན་པར་ཤེས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཏིང་ངེ་འཛིན་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུངས་ཀྱི་སྒོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྟོབས་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མྱི་འཇིགས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །


DKG025_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སོ་སོ་ཡང་དག་པར་རིག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྙིང་རྗེ་ཆེན་པོ་བླ་ན་མྱེད་པ་ཡང་དག་པ་ར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སྦྱིན་པ་འི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །བཟོད་པའི་ཕ་རོལད་ཏུ་ཕྱིན་ད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་ད་ག་


DKG025_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ནང་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཕྱི་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཕྱི་ནང་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །སྟོང་པ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཆེན་པོ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དོན་དམ་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །འདུས་བྱས་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །འདུས་མ་བྱས་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །རང་བཞིན་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་


DKG025_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་འཚང་མྱི་རྒྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པ་ར་རྫོགས་པར་འཚང་མྱི་རྒྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དྲ་ན་པ་ཉེ་བར་གཞག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཡང་དག་པར་སྤོང་བ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དབང་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །སྟོབས་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །འཕགས་པའི་བདེན་པ་རྣམས་བླ་ན་མྱེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་


DKG025_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

མྱི་རྒྱའོ། །བསམ་གཏན་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཚད་མྱེད་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །རྣམ་པར་ཐར་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །མངོན་པར་ཤེས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །ཏིང་ངེ་འཛིན་རྣམས་བླ་ན་མྱེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །གཟུངས་ཀྱི་སྒོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །མྱི་འཇིགས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་


DKG025_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཚང་མྱི་རྒྱའོ། །སྙིང་རྗེ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ཐམས་ཅད་ཀྱང་འདུས་བྱས་པ་མངོན་པར་འདུས་བྱས་པ་སྟེ། འདུས་བྱས་པ་དང་། མངོན་པར་འདུས་བྱས་པའི་ཆོས་ཀྱིས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་ནུས་སོ། །རབ་འབྱོར་འོན་ཀྱང་ཆོས་དེ་ད་ག་ནི་ཐམས་ཅད་ཀྱང་ལམ་བསྒྲུབ་པ་དང་། ལམ་བསྐྱེད་པའི་རྒྱུར་འགྱུར་བ་སྟེ། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡན་ནོ། །ཆོས་དེ་དག་གི་མྱི་སྐྱེ་བ་དང་། མྱི་འབྱུང་བ་གང་ཡིན་པ་ནི་མཚན་ཉིད་མྱེད་པ་ཡང་དེ་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པའམ། ན་ང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་


DKG025_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དམ། མྱི་ད་མྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲ་ན་པ་ཉེ་བར་གཞག་པ་རྣམས་སམ། ཡང་ད་ག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏ་ན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་བརྒྱད་ད་མ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། དགེ་བའི་ཆོས་གང་དང་གང་རྩོམ་ཡང་དེ་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་བྱ་བར་ར་བ་ཏུ་ཤེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་ད་མ་པ་


DKG025_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲ་ན་པ་ཉེ་བར་གཞག་པ་རྣམས་དང་། ཡང་ད་ག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏ་ན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། །རྣམ་པར་ཐར་པ་རྣམས་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མྱི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། ་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་ད་ག་ཡོངས་སུ་རྫོགས་པར་མ་བྱས་པར། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་མྱི་ནུས་པས། དེའི་ཕྱིར་དེ་ལྟ་བས་ན་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་


DKG025_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ད་གེ་བའི་ཆོས་གང་དང་གང་རྩོམ་ཡང་དེ་ཐམས་ཅད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུར་ཤེས་ས་སོ། །མྱིག་ཡོར་ལྟ་བུར་ཤེས་ས་སོ། །སྨྱིག་རྒྱུ་ལྟ་བུར་ཤེས་སོ། །སྒྱུ་མ་ལྟ་བུར་ཤེས་སོ། །སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་།


DKG025_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་ལ་སྤྱོད་པའི་ཚེ། ན་ང་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤིས་སོ། །དེ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་ན་ང་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་ལ་སྤྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོན་ད་མ་པ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་


DKG025_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤིས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་ལ་སྤྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤིས་ས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་


DKG025_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་ད་མྱིགས་པ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲ་ན་པ་ཉེ་བར་གཞག་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་ད་ག་པར་སྤོང་བ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་།


DKG025_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏ་ན་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མྱེད་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་།


DKG025_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་པར་ཐར་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་གན་ས་པའི་སྙོམས་པར་འཇུག་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་རྣམས་


DKG025_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྨྱི་ལམ་ལྟ་བུར་ཤིས་ས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་འཇིགས་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་རྣམས་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཱོ་བརྒྱད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། །མྱིག་ཡོར་ལྟ་བུ་དང་། །སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐམས་ཅད་ཤེས་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་


DKG025_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྨྱི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙ་ན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་དེ་ད་ག་ཐམས་ཅད་ཀྱང་རྨྱི་ལམ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྒྲ་བརྙ་ན་ལ་སྤྱོད་དོ་ཞེས་བྱ་བར་ཤེས་ས་སོ། །མྱིག་ཡོར་ལ་སྤྱོད་དོ་ཞེས་བྱ་བར་ཤེས་ས་སོ། །སྨྱིག་རྒྱུ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྒྱུ་མ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྤྲུལ་པ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་ས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཆོས་རྣམས་དངོས་པོ་མྱེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྒྲ་བརྙན་ལྟ་བུའི་ཆོས་རྣམས་དངོས་པོ་མྱེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་ཡོར་ལྟ་བུའི་ཆོས་རྣམས་དངོས་པོ་མྱེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྨྱིག་རྒྱུ་ལྟ་བུའི་ཆོས་རྣམས་དངོས་པོ་མྱེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྒྱུ་མ་ལྟ་བུའི་ཆོས་རྣམས་དངོས་པོ་མྱེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་


DKG025_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྲུལ་པ་ལྟ་བུའི་ཆོས་རྣམས་དངོས་པོ་མྱེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་ཡང་གཟུང་དུ་མྱེད་དོ། །བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མྱེད་དོ། །ན་ང་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ར་ང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །མྱི་ད་མྱིགས་པ་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་


DKG025_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱང་གཟུང་དུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མྱེད་དོ། །དྲ་ན་པ་ཉེ་བར་གཞག་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །ཡང་ད་ག་པར་སྤོང་བ་རྣམས་ཀྱང་གཟུང་དུ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཟུང་དུ་མེད་དོ། །དབང་པོ་རྣམས་ཀྱང་གཟུང་དུ་མྱེད་དོ། །སྟོབས་རྣམས་ཀྱང་གཟུང་དུ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཟུང་དུ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཟུང་དུ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །བསམ་གཏན་རྣམས་ཀྱང་གཟུང་དུ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་གཟུང་དུ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱང་གཟུང་དུ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་གཟུང་དུ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་གཟུང་དུ་མེད་དོ། །མྱི་འཇིགས་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །བྱམས་པ་ཆེན་པོ་ཡང་གཟུང་དུ་མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་གཟུང་དུ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་གཟུང་དུ་མྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་གཟུང་དུ་མྱེད་པར་ཤེས་པར་བྱས་ཤིང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཏོ། །


DKG025_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གཟུང་དུ་མྱེད་ཅིང་དངོས་པོ་མྱེད་པ་སྟེ། རྨྱི་ལམ་ལྟ་བུ་སྒྲ་བརྙན་ལྟ་བུ་མྱིག་ཡོར་ལྟ་བུ། སྨྱིག་རྒྱུ་ལྟ་བུ། སྒྱུ་མ་ལྟ་བུ། སྤྲུལ་པ་ལྟ་བུ་སྟེ། སེམས་ཅན་རྣམས་ཀྱི་ཆོས་དེ་དག་མ་ཤེས་མ་མཐོང་བ་མ་གཏོགས་པར་གཟུང་དུ་མྱེད་པའི་ཆོས་ཀྱིས་གཟུང་དུ་མྱེད་པའི་ཆོས་གང་ཡང་ཐོབ་པར་མྱི་ནུས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་གང་ཅི་གཏོང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏོང་ངོ་། །ཚུལ་ཁྲིམས་གང་ཅི་སྲུང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྲུང་ངོ་། །བཟོད་པ་གང་ཅི་སྒོམ་ཡང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོམ་མ་མོ། །བརྩོན་འགྲུས་གང་ཅི་རྩོམ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྩོམ་མོ། །བསམ་གཏན་གང་ཅི་ལ་མཉམ་པར་གཞོག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཉམ་པར་གཞོག་གོ །ཤེས་རབ་གང་ཅི་སྒོམ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོམ་སྟེ། བད་ག་གི་དོན་དུ་མ་ཡིན་ནོ། །བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པ་ར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱི་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གང་སེམས་ཅན་མྱེད་པ་ལ་སེམས་ཅན་གྱི་འདུ་ཤེས་སུ་གནས་པ་དང་། བད་ག་མྱེད་པ་ལ་བད་ག་གི་འདུ་ཤིས་སུ་གནས་པ་དང་། སྲོག་མྱེད་པ་ལ་སྲོག་གི་འདུ་ཤེས་སུ་གནས་པ་དང་། འགྲོ་བ་མྱེད་པ་ལ་འགྲོ་བའི་འདུ་ཤེས་སུ་


DKG025_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང་། གསོ་བ་མྱེད་པ་ལ་གསོ་བའི་འདུ་ཤེས་སུ་གནས་པ་དང་། སྐྱེས་བུ་མྱེད་པ་ལ་སྐྱེས་བུའི་འདུ་ཤེས་སུ་གནས་པ་དང་། གང་ཟག་མྱེད་པ་ལ་གང་ཟག་གི་འདུ་ཤེས་སུ་གནས་པ་དང་། ཤེད་ཅ་ན་མྱེད་པ་ལ་ཤིད་ཅན་གྱི་འདུ་ཤེས་སུ་གནས་པ་དང་། ཤེད་བད་ག་མྱེད་པ་ལ་ཤེད་བདག་གི་འདུ་ཤེས་སུ་གནས་པ་དང་། བྱེད་པ་པོ་མྱེད་པ་ལ་བྱེད་པ་པོའི་འདུ་ཤེས་སུ་གནས་པ་དང་། བྱེད་དུ་འཇུག་པ་པོ་མྱེད་པ་ལ་བྱེད་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། སློང་བ་པོ་མྱེད་པ་ལ་སློང་བ་པོའི་འདུ་ཤེས་སུ་གནས་པ་དང་། སློང་དུ་འཇུག་པ་པོ་མྱེད་པ་ལ་སློང་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། ཚོར་བ་པོ་མྱེད་པ་ལ་ཚོར་བ་པོའི་འདུ་ཤེས་སུ་གནས་པ་དང་། ཚོར་དུ་འཇུག་པ་པོ་མྱེད་པ་ལ་ཚོར་དུ་འཇུག་པ་པོའི་འདུ་ཤེས་སུ་གན་ས་པ་དང་། ཤེས་པ་པོ་མྱེད་པ་ལ་ཤེས་པ་པོའི་འདུ་ཤེས་སུ་གནས་པ་དང་། མཐོང་བ་པོ་མྱེད་པ་ལ་མཐོང་བ་པོའི་འདུ་ཤེས་སུ་གནས་པ་དེ་དག་ཕྱིན་ཅི་ལོག་ལས་རྣམ་པ་ར་འགྲེལ་ཏེ། ཕྱིན་ཅི་ལོག་ལས་རྣམ་པར་བཀྲོལ་ཞིང་འཆི་བ་མྱེད་པའི་དབྱིངས་སུ་འགོད་དོ། །དེ་ལ་བཀོད་ནས་རྒྱུ་བ་འདི་ད་ག་ཡོངས་སུ་མྱི་རྒྱུ་སྟེ། བད་ག་གི་འདུ་ཤེས་སམ། སེམས་ཅན་གྱི་འདུ་ཤེས་སམ། སྲོག་གི་འདུ་ཤེས་སས་མ། འགྲོ་བའི་འདུ་ཤེས་སམ། གསོ་བའི་འདུ་ཤེས་སམ། སྐྱེས་བུའི་འདུ་ཤེས་སམ། གང་ཟག་གི་འདུ་ཤེས་སམ། ཤེད་ཅན་གྱི་འདུ་ཤེས་སམ། ཤིད་བད་ག་གི་འདུ་ཤེས་སམ། བྱེད་པ་པོའི་འདུ་ཤེས་སམ། བྱེད་དུ་འཇུག་པ་པོའི་འདུ་ཤེས་སམ། སློང་བ་པོའི་འདུ་ཤེས་སམ། སློང་དུ་འཇུག་པ་པོའི་འདུ་ཤེས་སམ། ཚོར་བ་པོའི་འདུ་ཤེས་སམ། ཚོར་དུ་འཇུག་པ་པོའི་འདུ་


DKG025_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སམ། ཤེས་པ་པོའི་འདུ་ཤེས་སམ། མཐོང་བ་པོའི་འདུ་ཤེས་ཡོངས་སུ་མྱི་རྒྱུ་སྟེ། དེ་གཡོ་བ་དང་། རློམ་སེམས་དང་། འད་ར་བ་དང་། སྤྲོས་པ་འདི་ད་ག་བཏང་ནས། སྤྲོས་པ་མྱེད་པའི་སེམས་ཀྱིས། ཉེ་བར་བསྒྲུབས་ཤིང་མང་དུ་སྤྱོད་དེ། རབ་འབྱོར་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བད་ག་ཉིད་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མྱེད་ལ། སེམས་ཅན་ཐམས་ཅད་ཀྱང་མངོན་པར་ཞེན་པ་མྱེད་པ་ལ་རབ་ཏུ་འགོད་དེ། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་ད་མ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ། འཇིག་རྟེན་གྱི་ཐ་སྙད་དུ་མངོན་པར་རྫོགས་པར་སངས་རྒྱས་སམ། མ་ལགས་ཀྱི་དོན་ད་མ་པར་མངོན་པར་རྫོགས་པར་སངས་རྒྱས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བརྫོད་པ་སྟེ། དེ་ལ་ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དེ་ལྟ་བུ་གང་ཡང་མྱི་ད་མྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་ད་མྱིགས་པ་སྟེ། གཉིས་ཀྱིས་ནི་གང་ཡང་ཐོབ་པའམ། མངོན་པར་རྟོགས་པར་འགྱུར་བ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ་གཉིས་ཀྱིས་ཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་མ་མཆིས་ན།


DKG025_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མ་མཆིས་པས་ཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་ཀྱང་ཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་མྱེད་དེ། ་གཉིས་སུ་མྱེད་པས་ཀྱང་ཐོབ་པ་དང་མངོན་པར་རྟོགས་པར་འགྱུར་བ་མྱེད་དེ།གང་ལ་གཉིས་ཀྱང་མྱེད་ལ། མྱི་གཉིས་པ་ཡང་མྱེད་པ་ནི་ཐོབ་པ་དང་། མངོན་པར་རྟོགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་ཐོབ་པའོ། །འདི་ནི་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་སྤྲོས་པ་སྟེ། ཆོས་མཉམ་པ་ཉིད་ལ་སྤྲོས་པ་མྱེད་དེ། སྤྲོས་པ་མྱེད་པ་ནི་ཆོས་མཉམ་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རྣམས་ལ། ཆོས་ཀྱི་མཉམ་པ་ཉིད་དེས་བགྱི་བ་ཡང་གང་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དངོས་པོ་མྱེད་པ་དང་། དངོས་པོ་མྱེད་པ་ཡང་མ་ཡིན་པ་དང་། ངོ་བོ་ཉིད་མྱེད་པ་དང་། ཡོངས་སུ་བརྗོད་པ་མྱེད་པ་འདི་ནི། ཆོས་མཉམ་པ་ཉིད་དེ། ཆོས་མཉམ་པ་ཉིད་པོ་དེ་ནི་བརྗོད་དུ་མྱེད་པའོ། །ཆོས་མཉམ་པ་ཉིད་མ་གཏོགས་པར་ཡང་ད་མྱིགས་པར་འགྱུར་བའི་ཆོས་གང་ཡང་མྱེད་དེ། ཆོས་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ལས་རྣམ་པར་འད་ས་པའོ། །ཆོས་མཉམ་པ་ཉིད་ནི་བྱིས་པའམ། འཕགས་པའམ། ཆོས་གང་གིས་ཀྱང་ཤེས་པར་མྱི་རུང་ཞིང་། ཡུལ་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་མཉམ་པ་ཉིད་པོ་དེ་དེ་བཞིན་གཤེགས་པའི་ཡུལ་ཡང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་མཉམ་པ་ཉིད་ནི་འཕགས་པ་ཐམས་ཅད་ཀྱི་ཡུལ་མ་


DKG025_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། རྒྱུན་ཏུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མྱི་འོང་བའམ། དགྲ་བཅོམ་པའམ། རང་བྱང་ཆུབ་བམ། བྱང་ཆུབ་སེམས་ད་པའའམ། དེ་བཞིན་གཤེགས་པའི་ཡུལ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ཀྱི་ཡུལ་ལ་མང་འ་སྒྱུར་བ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་མཉམ་པ་ཉིད་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཞན་ཞིག་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་སྒྱུར་བར་ཡང་འགྱུར་ན། རབ་འབྱོར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། ཕྱིར་མྱི་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། ད་གྲ་བཅོམ་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། རང་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ནི་མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་དང་མྱི་མཉམ་པ་ཉིད་ལ་བྱེ་བྲག་གང་ཡང་མྱེད་དོ། །དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། འཕགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གང་


DKG025_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་གཅིག་པ་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་ད་པའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་གཉིས་སུ་བྱ་བ་མྱེད་དེ། རྣམ་པར་རྟོག་པ་དེ་ད་ག་ནི་མཉམ་པ་ཉིད་ལ་མྱི་ད་མྱིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔ་འོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བའི་རྣམ་པར་རྟོག་པ་དེ་དག་མྱི་ད་མྱིགས་ན། དེས་སོ་སོའི་སྐྱེ་བོ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ད་ག་པར་རྫོགས་པའི་སངས་རྒྱས་རྣམས་ཁྱད་པར་མ་མཆིས་པར་འགྱུར་ར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་


DKG025_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ད་ག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱད་པར་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱད་པར་མ་མཆིས་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། ད་གེ་འདུན་དཀོན་མཆོག་དང་། ད་ཀོན་མཆོག་གསུམ་པོ་དེ་ད་ག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཏེ། ད་གེ་འདུན་དཀོན་མཆོག་ཀྱང་གཞན་ཞིག་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་ཞིག་ཡིན་སྙམ་མམ་གསོལ་པ། བཅོམ་ལྡན་འདས་བད་ག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཏེ། དགེ་འདུན་དཀོན་མཆོག་ཀྱང་གཞན་ཞིག་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་པ་མ་ལགས་ཀྱི བཅོམ་ལྡན་འདས་སངས་རྒྱས་དཀོན་མཆོག་གང་ལགས་པ་དང་། ཆོས་དཀོན་མཆོག་གང་ལགས་པ་དང་།དགེ་འདུན་དཀོན་མཆོག་


DKG025_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལགས་པ་དེ་ཉིད་ཆོས་མཉམ་པ་ཉིད་དེ། ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ལགས། མྱི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ་བསྟན་དུ་མ་མཆིས་པ། ཐོགས་པ་མ་མཆིས་པ་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པའོ། །དེ་ལྟར་ཆོས་རྣམས་མཚན་ཉིད་མ་མཆིས་པ་ལ་འདི་ནི་སོ་སོསོའི་སྐྱེ་བོའོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་རྣམ་པར་ད་གོད་པར་བགྱི་བ་དེ་ནི་བཅོམ་ལྡན་འདས་ཀྱི་ཡུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་མྱེད་པའི་ཆོས་རྣམས་རྣམ་པར་ད་གོད་པ་དེ་ནི་དེ་བཞིན་གཤེགས་པའི་ཡུལ། དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། །དེ་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ལ། མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཕྱིར། ཆོས་རྣམས་རྣམ་པར་ད་གོད་པ་མ་མཛད་ན། སེམས་ཅན་ད་མྱལ་བ་ཡོད་པར་མངོན་ན་ནམ། བྱོལ་སོང་གི་སྐྱེ་གནས་ཡོད་པར་མངོན་ནམ། གཤིན་རྗེའི་འཇིག་རྟེན་ཡོད་པར་མངོན་ན་མ། མྱི་ཡོད་པར་མངོན་ན་མ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཡོད་པར་མངོན་ན་མ། སུམ་ཅུ་རྩ་གསུམ་གྱི་ལྷ་ཡོད་པར་མངོན་ནམ། མཚེ་མའི་ལྷ་རྣམས་


DKG025_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་མངོན་ནམ། དགའ་ལྡན་གྱི་ལྷ་ཡོད་པར་མངོན་ནམ། འཕྲུལ་ད་གའི་ལྷ་ཡོད་པར་མངོན་ནམ། གཞན་འཕྲལ་དབང་བྱེད་ཀྱི་ལྷ་ཡོད་པར་མངོན་ནམ། ཚངས་རིས་ཀྱི་ལྷ་ཡོད་པར་མངོན་ན་མ། ཚངས་ལྷ་ཉེ་ཕན་གྱི་ལྷ་ཡོད་པར་མངོན་ན་མ། ཚངས་པ་ཀུན་འཁོར་གྱི་ལྷ་ཡོད་པར་མངོན་ནམ། ཚངས་ཆེན་གྱི་ལྷ་ཡོད་པར་མངོན་ན་མ། སྣང་བའི་ལྷ་ཡོད་པར་མངོན་ནམ། ཆུང་སྣང་གི་ལྷ་ཡོད་པར་མངོན་ནམ། ཚད་མྱེད་སྣང་བའི་ལྷ་ཡོད་པར་མངོན་ན་མ། ཀུན་སྣང་དང་བའི་ལྷ་ཡོད་པར་མངོན་ན་མ། དགེ་བའི་ལྷ་ཡོད་པར་མངོན་ན་མ། ཆུང་དགེའི་ལྷ་ཡོད་པར་མངོན་ན་མ། ཚད་མྱེད་དགེ་བའི་ལྷ་ཡོད་པར་མངོན་ན་མ། དགེ་རྒྱས་ཀྱི་ལྷ་ཡོད་པར་མངོན་ན་མ། ཆེ་བའི་ལྷ་ཡོད་པར་མངོན་ན་མ། ཆུང་ཆེའི་ལྷ་ཡོད་པར་མངོན་ན་མ། ཚད་མྱེད་ཆེ་བའི་ལྷ་ཡོད་པར་མངོན་ན་མ། འབྲས་བུ་ཆེ་བའི་ལྷ་ཡོད་པར་མངོན་ནམ། མྱི་ཆེ་བའི་ལྷ་ཡོད་པར་མངོན་ན་མ། མྱི་གདུང་བའི་ལྷ་ཡོད་པར་མངོན་ནམ། ཤིན་ཏུ་མཐོང་བའི་ལྷ་ཡོད་པར་མངོན་ནམ། གྱ་ནོམ་སྣང་བའི་ལྷ་ཡོད་པར་མངོན་ནམ། འོག་མྱིན་གྱི་ལྷ་ཡོད་པར་མངོན་ན་མ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ན་མ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ན་མ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ན་མ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ན་མ།


DKG025_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ན་མ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ན་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ན་མ། བྱང་ཆུབ་སེམས་ད་པའི་ས་བཅུ་ཡོད་པར་མངོན་ན་ནམ། ནང་སྟོང་པ་ཉིད་ཡོད་པར་མངོན་ན་ནམ། ཕྱི་སྟོང་པ་ཉིད་ཡོད་པར་མངོན་ན་མ། ཕྱི་ནང་སྟོང་པ་ཉིད་ཡོད་པར་མངོན་ན་མ། སྟོང་པ་ཉིད་སྟོང་པ་ཉིད་ཡོད་པར་མངོན་ན་མ། ཆེན་པོ་སྟོང་པ་ཉིད་ཡོད་པར་མངོན་ན་མ། དོན་ད་མ་པ་སྟོང་པ་ཉིད་ཡོད་པར་མངོན་ན་མ། འདུས་བྱས་སྟོང་པ་ཉིད་ཡོད་པར་མངོན་ན་མ། འདུས་མ་བྱས་སྟོང་པ་ཉིད་ཡོད་པར་མངོན་ན་མ། མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་པར་མངོན་ན་མ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་པར་མངོན་ན་མ། དོར་བ་མྱེད་པ་སྟོང་པ་ཉིད་ཡོད་པར་མངོན་ན་མ། རང་བཞིན་སྟོང་པ་ཉིད་ཡོད་པར་མངོན་ན་མ། ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་པར་མངོན་ན་མ། ར་ང་གི་མཚན་ཉིད་སྟོང་པ་ཉིད་ཡོད་པར་མངོན་ན་མ། མྱི་ད་མྱིགས་པ་སྟོང་པ་ཉིད་ཡོད་པར་མངོན་ན་མ། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་པར་མངོན་ན་མ། ངོ་བོ་ཉིད་སྟོང་པ་ཉིད་ཡོད་པར་མངོན་ན་མ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་པར་མངོན་ན་མ། དྲ་ན་པ་ཉེ་བར་གཞག་པ་རྣམས་ཡོད་པར་མངོན་ན་མ། ཡང་ད་ག་པར་སྤོང་བ་རྣམས་ཡོད་པར་མངོན་ན་མ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་པར་མངོན་ནམ། དབང་པོ་རྣམས་ཡོད་པར་མངོན་ནམ། སྟོབས་རྣམས་ཡོད་པར་མངོན་ན་མ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་པར་མངོན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པར་


DKG025_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ན་ནམ། འཕགས་པའི་བདེན་པ་རྣམས་ཡོད་པར་མངོན་ནམ། བསམ་གཏ་ན་རྣམས་ཡོད་པར་མངོན་ནམ། ཚད་མྱེད་པ་རྣམས་ཡོད་པར་མངོན་ན་མ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་པར་མངོན་ན་མ། རྣམ་པར་ཐར་པ་རྣམས་ཡོད་པར་མངོན་ནམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོད་པར་མངོན་ན་མ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་པར་མངོན་ན་མ། མངོན་པར་ཤེས་པ་རྣམས་ཡོད་པར་མངོན་ན་མ། ཏིང་ངེ་འཛིན་རྣམས་ཡོད་པར་མངོན་ན་མ། གཟུངས་ཀྱི་སྒོ་རྣམས་ཡོད་པར་མངོན་ན་ནམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་པར་མངོན་ན་མ། མྱི་འཇིགས་པ་རྣམས་ཡོད་པར་མངོན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་པར་མངོན་ན་མ། བྱམས་པ་ཆེན་པོ་ཡོད་པར་མངོན་ན་མ། སྙིང་རྗེ་ཆེན་པོ་ཡོད་པར་མངོན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་པ་ར་མངོན་ནམ། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་པར་མངོན་ནམ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོད་པར་མངོན་ན་ནམ། སངས་རྒྱས་དཀོན་མཆོག་ཡོད་པར་མངོན་ན་མ། ཆོས་དཀོན་མཆོག་ཡོད་པར་མངོན་ན་མ། ད་གི་འདུན་་དཀོན་མཆོག་ཡོད་པར་མངོན་ནམ། ཉན་ཐོས་ཀྱི་ཐེག་པ་ཡོད་པར་མངོན་ནམ། ར་ང་སངས་རྒྱས་ཀྱི་ཐེག་པ་ཡོད་པར་མངོན་ན་མ། སངས་རྒྱས་ཀྱི་ཐེག་པ་ཡོད་པར་མངོན་ན་མ། ཐེག་པ་ཆེན་པོ་ཡོད་པར་མངོན་ན་ནམ། དད་པའི་རྗེས་སུ་འབྲང་བ་ཡོད་


DKG025_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པར་མངོན་ན་མ། ཆོས་ཀྱི་རྗེས་སུ་འབྲང་བ་ཡོད་པར་མངོན་ན་མ། བརྒྱད་པ་ཡོད་པར་མངོན་ན་ནམ། རྒྱུན་ཏུ་ཞུགས་པ་ཡོད་པར་མངོན་ནམ། ལན་ཅིག་ཕྱིར་འོང་བ་ཡོད་པར་མངོན་ན་མ། ཕྱིར་མྱི་འོང་བ་ཡོད་པར་མངོན་ན་མ། དགྲ་བཅོམ་པ་ཡོད་པར་མངོན་ན་མ། རང་སངས་རྒྱས་ཡོད་པར་མངོན་ནམ། བྱང་ཆུབ་སེམས་དཔའ་ཡོད་པར་མངོན་ནམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་པར་མངོན་ན་མ། གསོལད་པ། བཅོམ་ལྡན་འདས་ཆོས་དེ་དག་ཐམས་ཅད་ནི་མཆིས་པར་མངོན་པར་མྱི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། རབ་འབྱོརད་དེ་ལྟ་བས་ན། དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ལས་ཀྱང་མྱི་གཡོ་ལ། ཆོས་རྣམས་རྣམ་པར་ད་གོད་པ་མཛད་པ་ནི། དེ་བཞིན་གཤེགས་པའི་མཐུའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་ད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་ལྔ་པ། གསོལད་པ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་དེ་བཞིན་དུ། སོ་སོའི་སྐྱེ་བོ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་བརྒྱད་པ་ཡང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་རྒྱུན་ཏུ་


DKG025_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་ཕྱིར་མྱི་འོང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་དགྲ་བཅོམ་པ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་མཉམ་པ་ཉིད་ལས་མྱི་གཡོ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མྱི་གཡོའོ། །ཆོས་མཉམ་པ་ཉིད་ལས་མྱི་འད་འོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤིགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའ་གང་ཡིན་པ་དེ་ཉིད་ནི། སོ་སོའི་སྐྱེ་བོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། །ཆོས་ཉིད་དང་། ཆོས་ཀྱི་ད་བྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའ་སྟེ། དེ་ཉིད་ནི་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་།


DKG025_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་ད་བྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་བརྒྱད་པ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་རྒྱུན་ཏུ་ཞུགས་པ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་ད་བྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་ཕྱིར་མྱི་འོང་བ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའོ། །དེ་ཉིད་ནི་དགྲ་བཅོམ་པ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་


DKG025_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་རང་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་ད་བྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའོ། །དེ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ད་ག་པའི་མཐའ་སྟེ། དེ་དག་ཐམས་ཅ་ད་ནི་ཆོས་མཉམ་པ་ཉིད་དེ་དེ་ལས་རྣམ་པར་མྱི་འད་འོ། །དེ་ཅིའི་ཕྱིར་ཞེ་ན། དེ་ད་ག་གི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཡང་དག་པའི་མཐའ་ནི་དེ་ཉིད་ཡིན་ཏེ། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གཞན་གང་ཡང་མྱེད་དོ། །རབ་འབྱོརད་ཀྱིས་གསོལད་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ལགས་པ་དེ་ཉིད། ད་ད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བརྒྱད་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རྒྱུན་ཏུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཕྱིར་མྱི་འོང་བ་


DKG025_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་དགྲ་བཅོམ་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རང་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད་ལགས་ན། བཅོམ་ལྡན་འདས་མཚན་ཉིད་མྱི་འདྲ་བའི་ཆོས་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། མྱིག་གི་རྣམ་པར་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་རྣམ་པར་ཤེས་པ་དང་། སྣའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ལྟ་བའི་རྣམ་པ་


DKG025_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། བསམ་གཏ་ན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་ད་པའི་ས་བཅུ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། ན་ང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ན་ང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་ད་མ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་ད་མྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པ་ར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་


DKG025_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། ད་པེ་བྱད་བཟང་པོ་བརྒྱད་ཅུ་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཏེ། བཅོམ་ལྡན་འདས་ཆོས་དེ་དག་ནི་ཀུན་ཀྱང་གཅིག་དང་གཅིག་ཏུ་མྱི་འདྲ་བ། གཅིག་ལས་གཅིག་འདས་པའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ལ། ཚོར་བའི་ཆོས་ཉིད་ཀྱང་གཞན། འདུ་ཤེས་ཀྱི་ཆོས་ཉིད་ཀྱང་གཞན། འདུ་བྱེད་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན་ཏེ། མྱིག་གི་ཆོས་ཉིད་ཀྱང་གཞན། རྣ་བའི་ཆོས་ཉིད་ཀྱང་གཞན། སྣའི་ཆོས་ཉིད་ཀྱང་གཞན། ལྕེའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་ཆོས་ཉིད་ཀྱང་གཞན། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། སྒྲའི་ཆོས་ཉིད་ཀྱང་གཞན། དྲིའི་ཆོས་ཉིད་ཀྱང་གཞན། རོའི་ཆོས་ཉིད་ཀྱང་གཞན། རེག་གི་ཆོས་ཉིད་ཀྱང་གཞན། ཆོས་ཀྱི་ཆོས་ཉིད་ཀྱང་གཞན། མྱིག་གི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། སྣའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་


DKG025_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། སའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། ཆུའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། མྱེའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། རླུང་གི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། ན་མ་མཁའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། མ་རིག་པའི་ཆོས་ཉིད་ཀྱང་གཞན། འདུ་བྱེད་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། མྱིང་དང་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱང་གཞན། རེག་པའི་ཆོས་ཉིད་ཀྱང་གཞན། ཚོར་བའི་ཆོས་ཉིད་ཀྱང་གཞན། སྲེད་པའི་ཆོས་ཉིད་ཀྱང་གཞན། ལེན་པའི་ཆོས་ཉིད་ཀྱང་གཞན། སྲིད་པའི་ཆོས་ཉིད་ཀྱང་གཞན། སྐྱེ་བའི་ཆོས་ཉིད་ཀྱང་ག་ཞན། རྒ་ཤིའི་ཆོས་ཉིད་ཀྱང་གཞན། འདོད་ཆ་གས་ཀྱི་ཆོས་ཉིད་ཀྱང་གཞན། ཞེ་སྡང་གི་ཆོས་ཉིད་ཀྱང་གཞན། གཏི་མུག་གི་ཆོས་ཉིད་ཀྱང་གཞན། ལྟ་བའི་རྣམ་པའི་ཆོས་ཉིད་ཀྱང་གཞན། སྦྱིན་པ་འི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན།


DKG025_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འི་ཆོས་ཉིད་ཀྱང་གཞན། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། ན་ང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཕྱི་ན་ང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དོན་ད་མ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དབང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་ཀྱང་གཞན། འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བསམ་གཏ་ན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན།


DKG025_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་ཉིད་ཀྱང་གཞན། མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བྱམས་པ་ཆེན་པོའི་ཆོས་ཉིད་ཀྱང་གཞན། སྙིང་རྗེ་ཆེན་པོའི་ཆོས་ཉིད་ཀྱང་གཞན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མྱི་ཆེན་པོའི་མཚན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དཔེ་བྱད་བཟང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། འདུས་མ་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན་ན། བཅོམ་ལྡན་འདས་ཇི་ལྟར་མཚན་ཉིད་མྱི་འདྲ་བའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་འགྱུར་བ་ལགས། ཆོས་རྣམ་པར་དགོད་པར་ནི་ཇི་ལྟར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གང་ལ་གནས་ཤིང་ཆོས་རྣམས་ཐ་ད་ད་དུ་བགྱིད་པ་ལགས། ཆོས་རྣམས་ཐ་ད་ད་དུ་མ་བགྱིས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་ལ་སྤྱོད་པར་མྱི་ནུས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ས་ནས་སར་འཕར་ཞིང་སྐྱོན་མྱེད་པར་འཇུག་པ་ལགས། ཇི་ལྟར་སྐྱོན་མྱེད་པར་


DKG025_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ན་ས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཇི་ལྟར་མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་ས་སུ་རྫོགས་པར་བགྱི་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། བསམ་གཏ་ན་གྱི་ཕ་རོལད་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། དེ་དག་ལ་རྣམ་པར་རྩེ་བས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས། དེ་དག་ཏུ་ཡང་དགེ་བའི་རྩ་བ་སྐྱེད་པ་ལགས། དགེ་བའི་རྩ་བ་དེས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ད་གང་འདི་སྐད་དུ་དེ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་དེ། དེ་ཉིད་ད་ད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། །དེ་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བརྒྱད་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རྒྱུན་ཏུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཕྱིར་མྱི་འོང་བ་རྣམས་ཀྱི་ཆོས་


DKG025_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད། དེ་ཉིད་དགྲ་བཅོམ་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རང་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད་ཡིན་ན། མཚན་ཉིད་མྱི་འདྲ་བའི་ཆོས་རྣམས་ཀྱི་མཉམ་པ་ཉིད་ཇི་ལྟར་མཚན་ཉིད་གཅིག་པར་འགྱུར་ཞེས་ཟེར་བ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འདུ་ཤེས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འདུ་བྱེད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། མྱིག་གི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྣའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལྕེའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྒྲའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དྲིའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རོའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རེག་གི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཆོས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མྱིག་གི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་


DKG025_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ། དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་འི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྣའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཆུའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ།


DKG025_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མྱེའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རླུ་ང་གི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ནམ་མཁའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མ་རིག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འདུ་བྱེད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། མྱིང་དང་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྐྱེ་མཆེད་དྲུག་གི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྲེད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལེན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྲིད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྐྱེ་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྒ་ཤིའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་


DKG025_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་མ་ཡིན་ན་མ། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཕྱི་ན་ང་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དོན་ད་མ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མྱི་ད་མྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དྲ་ན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡང་ད་ག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་


DKG025_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དབང་པོ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སྟོབས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། བསམ་གཏ་ན་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་


DKG025_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། སྙིང་རྗེ་ཆེན་པོའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དགྲ་བཅོམ་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རང་བྱང་ཆུབ་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ལམ་གྱི་རྣཱམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་ནམ། རྒྱུན་ཏུ་ཞུགས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། ཕྱིར་མྱི་འོང་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དགྲ་བཅོམ་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རང་སངས་རྒས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ན་མ། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་སྟོང་པ་ཉིད་ད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སྟོང་པ་ཉིད་ལ་གཟུགས་ཀྱི་མཚན་ཉིད་དད་མ། ཚོར་བའི་མཚན་ཉིད་དམ། འདུ་ཤེས་ཀྱི་མཚན་ཉིད་དམ། འདུ་བྱེད་ཀྱི་མཚན་ཉིད་དམ། རྣམ་པར་ཤིས་པའི་མཚན་ཉིད་དམ། མྱིག་གི་མཚན་ཉིད་དམ། རྣ་བའི་མཚན་ཉིད་དད་མ། སྣའི་


DKG025_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དམ། ལྕེའི་མཚན་ཉིད་དམ། ལུས་ཀྱི་མཚན་ཉིད་དམ། ཡིད་ཀྱི་མཚན་ཉིད་དམ། གཟུགས་ཀྱི་མཚན་ཉིད་དམ། སྒྲའི་མཚན་ཉིད་དམ། དྲིའི་མཚན་ཉིད་དམ། རོའི་མཚན་ཉིད་དམ། རེག་གི་མཚན་ཉིད་དམ། ཆོས་ཀྱི་མཚན་ཉིད་དམ། མྱིག་གི་རྣམ་པར་ཤེས་པའི་མཚན་ཉིད་དད་མ། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་དམ། སྣའི་རྣམ་པར་ཤེས་པའི་མཚན་ཉིད་དམ། ལྕེའི་རྣམ་པར་ཤིས་པའི་མཚན་ཉིད་དད་མ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དམ། མྱིག་གི་འདུས་ཏེ་རེག་པའི་མཚན་ཉིད་དམ། རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་དམ། སྣའི་འདུས་ཏེ་རེག་པའི་མཚན་ཉིད་དམ། ལྕེའི་འདུས་ཏེ་རེག་པའི་མཚན་ཉིད་དམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དད་མ། མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བའི་མཚན་ཉིད་དམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དམ། སའི་ཁམས་ཀྱི་མཚན་ཉིད་དམ། ཆུའི་ཁམས་ཀྱི་མཚན་ཉིད་དམ། མྱེའི་ཁམས་ཀྱི་མཚན་ཉིད་དད་མ། རླུང་གི་ཁམས་ཀྱི་མཚན་ཉིད་དད་མ། ན་མ་མཁའི་ཁམས་ཀྱི་མཚན་ཉིད་དམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དམ། མ་རིག་པའི་མཚན་ཉིད་དད་མ། འདུ་བྱེད་ཀྱི་མཚན་ཉིད་དམ། རྣམ་པར་ཤེས་པའི་མཚན་ཉིད་དམ། མྱིང་དང་གཟུགས་ཀྱི་མཚན་ཉིད་དད་མ། སྐྱེ་མཆེད་དྲུ་ག་གི་


DKG025_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དམ། རེག་པའི་མཚན་ཉིད་དམ། ཚོར་བའི་མཚན་ཉིད་དམ། སྲེད་པའི་མཚན་ཉིད་དམ། ལེན་པའི་མཚན་ཉིད་དད་མ། སྲིད་པའི་མཚན་ཉིད་དད་མ། སྐྱེ་བའི་མཚན་ཉིད་དམ། རྒ་ཤིའི་མཚན་ཉིད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དད་མ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དད་མ། ཕྱི་སྟོང་པ་ཉིད་ཀྱི་མཚན་ཉིད་དད་མ། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དོན་ད་མ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། མྱི་ད་མྱིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དྲ་ན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་དད་མ། ཡང་དག་པར་སྤོང་བ་རྣམས་ཀྱི་མཚན་ཉིད་དམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་ཉིད་དམ། དབང་པོ་རྣམས་ཀྱི་མཚན་ཉིད་དམ། སྟོབས་རྣམས་ཀྱི་མཚན་ཉིད་དམ། བྱང་ཆུབ་ཀྱི་ཡན་


DKG025_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྣམས་ཀྱི་མཚན་ཉིད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་དམ། འཕགས་པའི་བདེན་པ་རྣམས་ཀྱི་མཚན་ཉིད་དམ། བསམ་གཏ་ན་རྣམས་ཀྱི་མཚན་ཉིད་དམ། ཚད་མྱེད་པ་རྣམས་ཀྱི་མཚན་ཉིད་དམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་དམ། རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མཚན་ཉིད་དམ། མངོན་པ་ར་ཤེས་པ་རྣམས་ཀྱི་མཚན་ཉིད་དམ། ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་དམ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་དམ། དེ་བཞིན་གཤིགས་པའི་སྟོབས་རྣམས་ཀྱི་མཚན་ཉིད་དམ། མྱི་འཇིགས་པ་རྣམས་ཀྱི་མཚན་ཉིད་དམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་དམ། ་སྙིང་རྗེ་ཆེན་པོའི་མཚན་ཉིད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་ཉིད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་ཉིད་དམ། ཕྱིར་མྱི་འོང་བའི་འབྲས་བུའི་མཚན་ཉིད་དམ། དགྲ་བ་ཅོམ་པ་ཉིད་ཀྱི་མཚན་ཉིད་དད་མ། ར་ང་བྱང་ཆུབ་ཀྱི་མཚན་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་དམ། རྒྱུན་ཏུ་ཞུགས་པའི་མཚན་ཉིད་དམ། ལན་ཅིག་ཕྱིར་འོང་བའི་མཚན་ཉིད་དམ། ཕྱིར་མྱི་འོང་བའི་མཚན་ཉིད་དམ། དགྲ་བཅོམ་པའི་མཚན་ཉིད་དམ། རང་སངས་རྒྱས་ཀྱི་མཚན་ཉིད་དམ། བྱང་ཆུབ་སེམས་ད་པའི་མཚན་ཉིད་དམ། དེ་བཞིན་གཤེགས་པའི་མཚན་ཉིད་དམ། ཆོས་ཀྱི་མཚན་ཉིད་ཐ་དད་པར་འགྱུར་བ་དེ་ལྟ་


DKG025_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཆོས་གང་ཡང་ད་མྱིགས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ཡང་སོ་སོའི་སྐྱེ་བོ་མྱེད། སོ་སོའི་སྐྱེ་བོ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་དད་པའི་རྗེས་སུ་འབྲང་བ་མྱེད། ད་ད་པའི་རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་ཆོས་ཀྱི་རྗེས་སུ་འབྲང་བ་མྱེད། ཆོས་ཀྱི་རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་བརྒྱད་པ་མྱེད། བརྒྱད་པ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་རྒྱུན་ཏུ་ཞུགས་པ་མྱེད། རྒྱུན་ཏུ་ཞུགས་པ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་ལན་ཅིག་ཕྱིར་འོང་བ་མྱེད། ལན་ཅིག་ཕྱིར་འོང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་ཕྱིར་མྱི་འོང་བ་མྱེད། ཕྱིར་མྱི་འོང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་དགྲ་བཅོམ་པ་མྱེད། ད་གྲ་བཅོམ་པ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་རང་སངས་རྒྱས་མྱེད། ར་ང་སངས་རྒྱས་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་བྱང་ཆུབ་སེམས་དཔའ་མྱེད། བྱང་ཆུབ་སེམས་དཔའ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་དེ་བཞིན་གཤེགས་པ་མྱེད། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་མྱེད་པར་རིག་པར་བྱའོ། །གསོལ་པ། ་ཆོས་ཉིད་དེ་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་དམྱིགས་སུ་མྱེད་དོ། །འདུས་མ་བྱས་ལས་གུད་ན་ཡང་འདུས་བྱས་དམྱིགས་སུ་མྱེད་དེ། རབ་འབྱོར་དེ་ལྟར་འདུས་བྱས་ཀྱི་ཁམས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མྱེད་པ་བསྟན་དུ་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །


DKG025_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་ཀྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པ་ལ་ལུས་ཀྱི་འདུ་བྱེད་དད་མ། ངག་གི་འདུ་བྱེད་དད་མ། ཡིད་ཀྱི་འདུ་བྱེད་མྱེད་དེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་ལས་གུད་ན་ཡང་དོན་དམ་པ་དམྱིགས་སུ་མྱེད་དོ། །འོན་ཀྱང་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དོན་དམ་པ་ལས་ཀྱང་མྱི་གཡོ་ལ། བྱང་ཆུབ་སེམས་དཔའི་སྦྱོད་པ་ཡང་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུ་གཅིག་གོ། །


previousདོན་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ།next