Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གསུམ་པ།


   
   
   
   
   
ལྔ་པ། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྔ་པ། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ། next

ལྔ་པ། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ།


DKG033_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོག་ཅིང་མོས་ལ་


DKG033_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལྷག་པའི་བསམ་པས་ཉན་ཅིང་འཛིན་བ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། འདིའི་དོན་རྣམ་པར་འགྲེལ་བ་།དང་ཡིད་ཀྱིས་རྗེས་སུ་རྟོག་པ་དང་ཅི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱིས་འདིར་ཡོངས་སུ་དཔྱོད་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་བ་དང་། ཚུལ་དང་མ་བྲལ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་བསྒྲུབ་པ་བགྱིས་པར་འགྱུར་བར་ཆུང་དུ་ན་གླེགས་བམ་དུ་ཆུད་པར་བགྱིས་ཏེ་འཆད་ངམ་འཇོག་པ་དང་དེ་ལྟར་བསྟན་པ་འདི་ཐོས་ནས་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་དོན་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་ཕན་ཡོན་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་འབྲས་བུ་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་རྣམ་པར་སྨིན་པ་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་ཡོན་ཏན་མང་པོ་དང་ལྡན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གིས་གཏང་བར་མི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གིས་བསྲུང་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གིས་སྦ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་རྙེད་པར་དཀའོ་ཞེས་ལྷག་པར་མོས་ཤིང་། བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་བདུག་བ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དག་དང་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དག་དང་མཆོད་པ་རྣམ་པ་མང་པོ་དག་གིས་མཆོད་དེ། བཀུར་སྟིར་བགྱིད་པ་དང་བླ་མར་བགྱིད་པ་དང་རྗེད་པར་བགྱིད་པ་དང་མཆོད་པར་བགྱིད་པ་དང་རི་མོར་བགྱིད་པ་དང་བསྙེན་བཀུར་བགྱིད་པ་དང་། ཡང་གཞན་ཞིག་ཐ་ན་གླེགས་བམ་དུ་ཡང་ཆུད་པར་བགྱིས་


DKG033_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོད་དེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་དོན་དུ་གཉེར་ཞིང་འདུན་ནས་སློང་བ་ལ་སྦྱིན་པ་དང་སྟོབ་ཅིང་འདུལ་ལ་ཡོངས་སུ་གཏོང་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཏོང་བའི་བློ་དང་ལྡན་པ་གང་ལགས་པ་དང་གཏོང་བའི་བློ་དང་མི་ལྡན་པ་གང་ལགས་པ་དེ་གཉིས་གང་གིས་བསོད་ནམས་ཆེས་མང་དུ་སྐྱེད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེའི་ཕྱིར་འདིར་ཁྱོད་ཉིད་ལ་དྲི་སྟེ་ཁྱོད་ཀྱིས་ཅི་ལྟར་ནུས་པ་དེ་བཞིན་དུ་ལུང་སྟོན་ཅིག །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སྐུ་ལ་བདག་ཉིད་ཀྱིས་བཀུར་སྟིར་བྱས་ནས་བསྙེན་བཀུར་བྱེད་ཅིང་འཛིན་པར་བྱེད་དེ། བཀུར་སྟིར་བྱེད་པ་དང་བླ་མར་བྱེད་པ་དང་རྗེད་པར་བྱེད་པ་དང་མཆོད་བར་བྱེད་པ་དང་རི་མོར་བྱེད་པ་དང་བསྙེན་བཀུར་བྱེད་པ་དང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་དེ་བཞིན་གཤེགས་པའི་སྐུ་ལ་བདག་ཉིད་ཀྱིས་ཀྱང་བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་ལ་མཆོད་པ་རྒྱས་པར་འགྱུར་རོ་སྙམ་པས། །སེམས་ཅན་རྣམས་ལ་ཡང་སྙིང་བརྩེ་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་སྦྱིན་པར་བྱེད་ཀུན་འགེད་བར་།བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཉིས་གང་བསོད་ནམས་ཆེས་མང་དུ་སྐྱེད། ཅི་བདག་ཉིད་ཀྱིས་ཀྱང་མཆོད་པར་བྱེད་ལ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་སྦྱིན་པར་བྱེད་ཀུན་འགེད་པར་བྱེད་པ་གང་ཡིན་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དམ། ཅི་འོན་ཏེ་གང་ཞིག་རང་ཉིད་ཁོ་ནས་བདག་ཉིད་སོ་སོ་ལ་མཆོད་པ་བསོད་ནམས་མང་དུ་སྐྱེད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་བཀུར་སྟིར་བགྱིད་བླ་མར་བགྱིད་རྗེད་པར་བགྱིད་མཆོད་པར་བགྱིད་རི་མོར་བགྱིད་བསྙེན་བཀུར་བགྱིད་ལ་མཆོད་པ་རྒྱས་པར་འགྱུར་རོ་སྙམ་པས་སེམས་ཅན་རྣམས་ལ་གློ་བ་བརྩེ་བའི་སླད་དུ་གཞན་དག་ལ་


DKG033_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་སྤྱིན་པར་བགྱིད་ཀུན་འགེད་བར་བགྱིད་ན། འདི་གཉིས་ལས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་འདི་བྲིས་ནས་གླེགས་བམ་དུ་ཆུད་པར་བྱས་ཏེ། འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་དོན་དུ་གཉེར་ཞིང་འདུན་ནས་སློང་བ་དག་ལ། ཆུང་དུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ཏེ་སྦྱིན་པ་དང་སྟོབ་ཅིང་འབུལ་ལ་ཡོངས་སུ་གཏོང་ན་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཉིས་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་རྗེས་སུ་འཛིན་པར་བྱེད་པ་ཡོངས་སུ་གཏོང་བའི་བློ་དང་ལྡན་པ་འདི་ཉིད་གཞི་དེ་ལས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྣོད་དུ་གྱུར་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དང་གང་ན་འདུག་པ་དེ་དང་དེར་སོང་སྟེ་དེ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྦྱིན་པར་བྱེད་ཡང་དག་པར་འགེད་པར་བྱེད་ན། འདི་ཉིད་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་ན། ཀཽ་ཤི་ཀ་འདི་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་ཆེས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་།ན་གླེགས་བམ་དུ་ཆུད་པར་བྱས་ཏེ། མངོན་པར་


DKG033_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་འདྲི་བ་དང་ཀློག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་ཅིང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་། དེ་ལ་འདིའི་དོན་ཡང་དག་པར་སྟོན་ཅིང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་འདི་ལྟར་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡོངས་སུ་གཏོང་བའི་བློ་དང་ལྡན་པ་འདི་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་ཀྱང་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་འདིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་


DKG033_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བུར་སྟོང་སྦྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྦྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་བ་དེ་དག་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གཉིས་པ་བར་མཱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་།མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལ་མ་ལ་ཡང་དག་པར་བཀོད་ཅིང་བཞག་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་བས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་


DKG033_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་བས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ། ལྷག་པའི་བསམ་པས་བྱིན་ནམ། ཆུང་དུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་བར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་བར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་བར་ཟད་པ་བླན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་པར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡོངས་སུ་གཏོང་བའི་བློ་དང་ལྡན་པ་འདི་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་།བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་གླེགས་བམ་དུ་ཡང་ཆུད་བར་བྱས་ནས་མངོན་བར་དད་པས་མངོན་བར་དད་པ་ལ། རབ་ཏུ་རྟོག་ཕས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ།


DKG033_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་དུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་བར་དང་། ཚིག་གིས་མཚོན་བ་དང་རྣམ་བར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྤྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པའོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲང་དེ་ལྟ་བུར་སྟོང་གཉིས་བ་བར་མའི་འདིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་


DKG033_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་ན། ཀོ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤ་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་བ་དང་དེའི་དོན་ཡང་དག་པར་སྟོན་པ་དང་། དེལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་


DKG033_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག་ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེང་པར་བྱེད་པའོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའ་གླིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཚད་མེད་པ་བཞི་ལ་བཀོད་པ་དང་། དེ་བཞིན་དུ་སྦྱར་ཏེ་ཚད་མེད་པ་ལ་ཅི་ལྟ་བ་དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མངོན་པར་ཤེས་པ་ལྔ་ནས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་མ་ལུས་པའི་བར་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དང་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་པས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ། ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་བསྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་


DKG033_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་བ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཤིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པའོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བསམ་གཏན་དང་ཚང་མེད་པར་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་རྣམས་ལ་བཀོད་པའི་བསོད་ནམས་མངོན་བར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤིག་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་


DKG033_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྷ་ཞོག །ཀཽ་ཤི་ཀ་སྟོང་གཉིས་བ་བར་མའི་འཇུག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་བ་དང་གཟུགས་མེད་པའི་སྙོམས་པར་འཇུག་བ་དང་མངོན་པར་ཤས་བདག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པ་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་མཁམ་ན་སེམས་ཅན་གང་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་གང་ཅི་སྙེང་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚང་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་


DKG033_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲེ་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོར་བ་དང་ཐེ་ཚོམ་མེད་པར་བྱེད་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་བདག་ཉིད་ཀྱང་ཀློག་བ་དང་བྲིས་ནས་གཞན་དག་ལ་ཡང་ལྡ་མ་བཞིན་དུ་བྱིན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཚེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དོན་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་པ་དང་། བྲིས་ནས་གཞན་དག་ལ་ཡང་སྔ་མ་བཞིན་དུ་བྱིན་ལ་དོན་དང་བཅས་ཚིག་འཕྲུ་དང་བཅས་པར་ཉེ་བར་སྟོན་པ་ཡོངས་སུ་གསལ་


DKG033_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཉེ་བར་བསྟན་པར་བགྱི་བ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མ་རྟོགས་པ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡད་ཉེ་བར་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བསྙན་འབྱུང་བར་འགྱུར་ཏེ། དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བོ་མ་མ་རྟོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཐོས་ནས་ཆུད་ཟོས་བར་གྱུར་ན་མི་རུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་བསྟན་པ་དེ་ནི་འདི་ལགས་སོ་ཞེས་ཇི་ལྟར་མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དུ་རིག་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་མ་འོངས་པའི་དུས་ན། དགེ་སློང་ཁ་ཅིག་ལུས་མ་བསྒོམས་པ་ཚུལ་ཁྲིམས་མ་བསྒོམས་པ་སེམས་མ་བསྒོམས་པ་ཤེས་རབ་མ་བསྒོམས་པ་ཤེས་རབ་འཆལ་པ་ལུག་ལྟར་ལྐུག་པའི་རང་བཞིན་ཅན་ཤེས་རབ་ཡོངས་སུ་ཉམས་པ་དག་འབྱུང་སྟེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་ནས་དེའི་གཟུགས་བརྙན་སྟོན་པར་འགྱུར་རོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཇི་ལྟར་སྟོན་པར་འགྱུར་ཞེ་ན། གཟུགས་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དོ་ཞེས་སྟོན་པར་འགྱུར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་འཇིག་པ་ནི་རྣམ་པར་ཤེས་པ་མི་རྟག་པ་ཉིད་དོ་ཞེས་སྟོན་པར་འགྱུར་


DKG033_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འདི་སྐད་དུ་གང་དེ་ལྟར་ཚོལ་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར་རོ་ཞེས་ཀྱང་ཉེ་བར་སྟོན་ཏེ། ཀཽ་ཤི་ཀ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དུ་རིག་པར་བྱའོ། །ཀཽ་ཤི་ཀ་ཡང་གཟུགས་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དུ་མི་བལྟའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ཀཽ་ཤི་ཀ་ཡང་རྣམ་པར་ཤེས་པ་འཇིག་པ་ནི་རྣམ་པར་ཤེས་པ་མི་རྟག་པ་ཉིད་དུ་མི་བལྟ་སྟེ། གལ་ཏེ་དེ་ལྟར་ལྟ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ཉེ་བར་བསྟན་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉེ་བར་བསྟན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ནི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ཏེ། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་བ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་བ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་


DKG033_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་སྟོན་པ་དང་། ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་། དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག །བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པ་དང་ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་རྒྱུན་ཏུ་ཞུགས་པའི་འབྲས་བུ་རབ་ཏུ་འབྱེད་དོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྦྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་ཏུ་


DKG033_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཅི་སྙེད་ཡོད་བ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་འདི་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇུག་རྟེན་གྱི་མཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱད་དམ། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་


DKG033_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་བ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་། དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚངས་རྒྱ་བར་འགྱུར་རོ། །མངོན་བར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པ་དང་། ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་རྒྱུན་ཏུ་ཞུགས་པའི་འབྲས་བུ་རབ་ཏུ་འབྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀཽ་ཤི་ཀ་དེབས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པས་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་


DKG033_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་བའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྤྱོད་པ་དང་ཐེ་ཚོམ་མེད་པར་བྱེད་པ་དང་། ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རབ་ཏུ་འབྱེད་དོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོང་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་


DKG033_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་


DKG033_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་དུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག །བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྦྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ། ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་བ་དང་ཚེག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་།སྔ་མ་དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེན། ཀཽ་ཤི་ཀ་འདི་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རབ་ཏུ་འབྱེད་པོ། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་དྲུག་པ། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་འོང་བའི་


DKG033_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལ་བཀོད་ན་ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆོས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལས་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པར་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པ་དང་ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་བར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མེད་བས་འདི་ཉིད་བསོད་


DKG033_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་ཕྱིར་མི་འོང་པའི་འབྲས་བུ་རབ་ཏུ་འབྱེད་དོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེང་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱིར་མི་འོང་བའི་


DKG033_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་བ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འདུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་བདེའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་ད་།འབད་ན་མྱུར་དུ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པ་དང་། ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཉིད་བསོད་ནམས་


DKG033_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་ཕྱིར་མི་འོང་བའི་འབྲས་བུ་རབ་ཏུ་འབྱེད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་བས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་ཚེག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ཡ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་བར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པ་དང་། ཚིག་འདི་


DKG033_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀོ་ཤི་ཀ་འདི་ལས་དགྲ་བཅོམ་པ་ཉིད་ཀྱང་རབ་ཏུ་འབྱེད་དོ། །དེ་ལ་འདི་ལྟར་རིགས་ཀྱི་བུ་ཁྱོད་ཅི་ལྟ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དེ་ལྟ་དེ་ལྟར་ཁྱོད་ཀྱིས་མཐར་གྱིས་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ། །ཁྱོད་ཀྱིས་བསླབ་པ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་རྒྱུན་དུ་ཞུགས་པའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །རང་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ་ཞེས་སྤྲོ་བ་འཕེལ་བར་བྱེད་པར་འགྱུར་རོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག། ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སང་།ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་


DKG033_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེའི་གྲངས་སུ་བགྱི་སླ་པ་མ་ལགས་ཏེ། བཅོམ་ལྡན་འདས་བསོད་ནམས་གྱི་ཕུང་པོ་དེ་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བགྱི་བར་ཡང་རྟེན་དུ་ཡང་ཉེ་བའི་རྒྱུར་ཡང་བགྱི་བསླ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་པ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲིབ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་།


DKG033_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྟོན་པ་དང་ཡང་དག་པར་འགོང་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་པ་དང་ཐེ་ཚོམ་མེད་པར་བྱེད་བ་དང་། ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་དགྲ་བཅོམ་པ་ཉིད་རབ་ཏུ་འབྱེད་དོ། །དེ་ལ་འདི་ལྟར་རིགས་ཀྱི་བུ་ཁྱོད་ཅི་ལྟ་ཅི་ལྟར་ཤིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དེ་ལྟ་དེ་ལྟར་ཁྱོད་མཐར་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ། །བྱོད་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་རྒྱུན་དུ་ཞུགས་པའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །རང་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ་ཞེས་སྤྲོ་བ་འཕེལ་པར་བྱེད་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་


DKG033_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་སྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྤྱོད་པ་དང་ཐེ་ཚོམ་མེད་པར་བྱེད་པ་དང་། ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན། དེ་བས་འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་རང་སངས་རྒྱས་ཉིད་རབ་ཏུ་འབྱེད་དོ། །དེ་ལ་འདི་ལྟར་རིགས་ཀྱི་བུ་


DKG033_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཅི་ལྟ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་གྱུར་པ་དེ་ལྟ་དེ་ལྟར་མཐར་གྱིས་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ། །ཁྱོད་བསླབ་པ་འདི་ལ་སློབ་ཅིང་སྤྱད་དེ་འབད་ན་རྒྱུན་དུ་ཞུགས་པའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །རང་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ་ཞེས་སྤྲོ་བ་འཕེལ་བར་བྱེད་པར་འགྱུར་རོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་


DKG033_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་བས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་


DKG033_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པ་དང་། ཚིག་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དེ་དག་ཉིད་ཐོབ་པར་གྱིས་ཤིག་ཅེས་ཟེར་ན་དེ་བས་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་རང་སངས་རྒྱས་ཉིད་རབ་ཏུ་འབྱེད་དོ། །དེ་ལ་འདི་ལྟར་རིགས་ཀྱི་བུ་ཁྱོད་ཅི་ལྟ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་བ་དེ་ལྟ་དེ་ལྟར་མཐར་གྱིས་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ། །ཁྱོད་བསླབ་པ་འདི་ལ་སློབ་ཅིང་སྤྱད་དེ་འབད་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་རབ་ཏུ་འབྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །རང་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རབ་ཏུ་འབྱེད་པར་འགྱུར་རོ་ཞེས་སྤྲོ་བ་འཕེལ་བར་བྱེད་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང་། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བྱིན་པ་དང་། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པར་འགྱུར་ཞིང་རྣལ་འབྱོར་དུ་བྱེད་པར་འགྱུར་ཏེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྒོམ་པ་དང་འཕེལ་བ་དང་རྒྱས་པ་དང་ཡངས་པར་གྱུར་པས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་


DKG033_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙམ་པས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ངེས་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་


DKG033_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང་། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ལ་ལ་ཞིག་གིས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བྱིན་པ་དང་། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པར་འགྱུར་ཞིང་རྣལ་འབྱོར་དུ་བྱེད་པར་འགྱུར་ཏེ། དེ་ལྟར་ན་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྷག་པར་སྒོམ་པ་དང་འཕེལ་བ་དང་རྒྱས་པ་དང་ཡངས་པར་གྱུར་པས་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་ན་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་པས་འདི་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ། དེ་དག་ཉིད་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲི་བར་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ། དོན་དང་བཅས་ཤིང་ཡི་གེ་དང་བཅས་པ་སྟོན་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་


DKG033_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་གྲངས་སུ་བགྱི་བར་སླབ་མ་ལགས་ཏེ། བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་བགྲང་བར་ཡང་དཔེར་ཡང་དེ་བས་བསྟན་པར་བགྱི་བར་ཡང་རྟེན་དུ་ཡང་རྒྱུར་ཡང་བགྱི་བར་སླབ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཚེས་བསོད་ནམས་མང་དུ་སྐྱེད་དེ། གང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ་དོན་དང་བཅས་ཤིང་ཡི་གེ་དང་བཅས་པ་ཉེ་བར་སྟོན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འདོམས་ཤིང་རྗེས་སུ་སྟོན་པའོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག། ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ་དེ་དག་ལ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་ལ་དོན་དང་བཅས་ཤིང་ཡི་གེ་དང་བཅས་པ་ཉེ་བར་སྟོན་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་བང་གྱུར་ལ་དེ་དག་ལ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་


DKG033_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ་དོན་དང་བཅས་ཤིང་ཡི་གེ་དང་བཅས་ཤིང་ཡི་གེ་དང་བཅས་པ་ཉེ་བར་སྟོན་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ་དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ་དོན་དང་བཅས་ཤིང་ཡི་གེ་དང་བཅས་ཤིང་ཡི་གེ་དང་བཅས་པ་ཉེ་བར་སྟོན་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག ། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ་དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ་དོན་དང་བཅས་ཤིང་ཡི་གེ་དང་བཅས་པ་ཉེ་བར་སྟོན་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གཏད་བའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ་དེ་དག་ལ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ་དོན་དང་བཅས་ཤིང་


DKG033_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་བཅས་པ་ཉེ་བར་སྟོན་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་གསོད་ནམས་མང་དུ་སྐྱེས་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་གྲངས་སུ་བགྱི་བར་སླ་བ་མ་ལགས་ཏེ། བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བགྱི་བར་ཡང་རྟེན་དུ་ཡང་རྒྱུར་ཡང་བགྱི་བར་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲི་བ་བྱས་ནས་བྱིན་ཞིང་ཉེ་བར་གཏད་དེ་དོན་དང་བཅས་ཤིང་ཡི་གེ་དང་བཅས་པ་ཉེ་བར་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོམས་ཤིང་རྗེས་སུ་སྟོན་པ་དང་། ཀཽ་ཤི་ཀ་དེ་ནས་བྱང་ནུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཞིག་བྱུང་སྟེ་དེ་འདི་སྐད་དུ་བདག་ནི་འདི་དག་བས་ཆེས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ཟེར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་མངོན་པར་ཤེས་པ་ཤི་ཏུ་མྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོམས་ཤིང་རྗེས་སུ་སྟོན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་བ་ལགས་སོ། །དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་བ་དང་རྗེས་སུ་བསྟན་པར་བགྱི་བ་ལགས་པས་དེ་བཞིན་ཉིད་ལ་ཉེ་བར་


DKG033_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བཞིན་ཉིད་ལ་ཉེ་བར་གྱུར་ན་གང་དག་གི་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་བྲོ་འཚལ་བའི་གསོས་སྨན་དང་ཡོ་བྱད་རྣམས་ཡོངས་སུ་སྤྱད་པ་དེ་དག་གི་བྱ་བ་བྱས་པ་དེ་དག་འབྲས་བུ་ཆེན་པོ་དང་སྨན་ཡོན་ཆེན་པོར་བགྱིད་པ་དེས་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་པ་འདི་ནི་དེ་ལྟ་བུ་ཉིད་ལགས་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་སྤྲོ་བ་སྦྱིན་པ་དང་ཡོངས་སུ་འཛིན་པ་དང་རྗེས་སུ་སྟེན་པར་བྱེད་པ་ནི་ལེགས་སོ་ལེགས་སོ། །ཀཽ་ཤིག་ཁྱོད་ཀྱི་བྱ་བ་ནི་འདི་ཡིན་ཏེ། འཕགས་པ་ཉན་ཐོས་གང་ཞིག་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་བྱེད་འདོད་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་འཕེལ་བར་བྱེད་པ་དང་ཡོངས་སུ་འཛིན་པར་བྱེད་པ་དང་རྗེས་སུ་སྟེན་པར་བྱེད་པ་དེ་ལྟར་འདི་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་སྐྱེས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་མ་བསྐྱེད་དུ་ཟིན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་ཡང་མི་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་ཡང་མི་འགྱུར་ལམ་བསླབས་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བཞིག་ན། གང་གི་ཕྱིར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་བསླབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་སློབ་སྟེ་དེའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་བའོ།། །།


previousལྔ་པ། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ། next