Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་བཞི་པ། མངོན་པའི་ང་རྒྱལ་གྱི་ལེའུ།
   
   
   
   
   
   
   
   


 
previousཉི་ཤུ་རྩ་བཞི་པ། མངོན་པའི་ང་རྒྱལ་གྱི་ལེའུ། next

ཉི་ཤུ་རྩ་བཞི་པ། མངོན་པའི་ང་རྒྱལ་གྱི་ལེའུ།


DKG033_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློང་བ་།དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ། ཀུན་དགའ་བོ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་དེ་དག་ཐམས་ཅད་འདི་ལྟ་ཐེ་ཚོམ་ཟ་ བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཅི་བར་མ་དོར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་དམ་འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་མོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་


DKG033_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་གནས་པ་དེའི་ཚེ། གང་བདུད་སྡིག་ཅན་དེ་དག་མྱ་ངན་གྱི་ཟུག་རྡུས་ཟུག་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེའི་ཚེ་བདུད་སྡིག་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འཚེ་བར་བྱེད་དེ། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཞུམ་པར་འགྱུར་བ་དང་སྤུ་ཟིང་ཞེས་བྱེད་པར་འགྱུར་བ་དང་དེས་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་དེའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཟད་པར་འགྱུར་སྙམ་སྟེ་འཇིགས་པ་དག་ཀྱང་འབྱིན་ཅིང་ཕྱོགས་དང་ཕྱོགས་སུ་སྐར་མདའ་ལྟུང་བ་དང་མེ་ཐར་བ་ལྟ་བུ་དག་ཀྱང་གཏོང་ཞིང་སྟོན་ཏོ། །ཀུན་དགའ་བོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་འཚེ་བར་སེམས་ཤིང་མི་འོང་སྟེ། །་འོན་ཀྱང་ཁ་ཅིག་གི་དྲུང་དུ་ནི་འོང་ཁ་ཅིག་གི་དྲུང་དུ་ནི་མི་འོང་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་བུའི་དྲུང་དུ་བདུད་སྡིག་ཅན་འཚེ་བར་སེམས་ཤིང་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་མོས་པའི་སེམས་མ་བསྐྱེད་པར་གྱུར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ། གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་ བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་ཡིད་གཉིས་སྐྱེ་བར་འགྱུར་ཏེ། ཀུན་དགའ་བོ་དེ་ལྟར་ཐ་ཚོམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡང་བདུད་སྡིག་ཅན་ལ་ཚེ་བར་སེམས་ཤིང་འོང་སྟེ་དེ་ལ་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་འདི་ལ་ཡང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་


DKG033_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་གྱུར་ན་དེ་ཟབ་མོ་ཟབ་མོ་འདི་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་མི་ཉན་ཏེ་མ་མཉན་པས་མི་ཤེས་སོ་མི་ཤེས་པས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་བྱ་ཞེས་མི་འདྲི་སྟེ། ཀུན་དགའ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལའང་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ་དེ་ལ་གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་ལ་སྤྱོར་བ་ལ་བརྟེན་པར་འགྱུར་ཏེ། འདི་ནི་བདག་གི་གྲོགས་པོ་དོན་ཐམས་ཅད་ལ་ཡང་ང་མི་འདོར་བ། བདག་གི་གྲོགས་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་མང་དུ་ཡོད་མོད་ཀྱི་དེ་དག་ནི་བདག་གི་བསམ་པ་རྫོགས་པར་མི་བྱེད་དེ། འདི་ནི་བདག་དང་མཐུན་པའི་གྲོགས་རྙེད་པ་ཡིན་ཏེ་འདིས་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན། ཀུན་དགའ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ཡང་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ་གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་སྟེ་ཁྱོད་ལ་འདི་མཉན་པས་ཅི་ཞིག་བྱ། ཇི་ལྟར་ མདོ་སྡེ་གཞན་དག་ཏུ་དེ་བཞིན་གཤེགས་པས་བཤད་པ་དེ་ལྟ་འདིར་བཙོན་པར་བྱས་པ་ན་ནི་མ་ཡིན་ཏེ། བདག་གིས་ནི་འདིའི་གཏིང་མི་རྙེད་རོ་མི་མཉོང་ན་ཁྱོད་ལ་འདི་མཉན་པའམ་བྲོས་པས་ཅི་ཞིག་བྱ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ཀྱང་དེ་ལྟར་འབྲལ་བར་བྱེད་དེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ཡང་ང་དུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ་གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པར་བྱེད་ཅིང་བདག་ནི་དབེན་པར་གནས་པས་གནས་ཏེ་གཞན་དག་ནི་


DKG033_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པར་གནས་པས་མི་གནས་སོ། །གཞན་དག་ལ་ནི་དབེན་པར་གནས་པ་མེད་དོ་སྙམ་ན་ཀུན་དགའ་བོ་དེའི་ཚེ་བདུད་སྡིག་ཅན་དགའ་མགུ་ཡི་རངས་པར་འགྱུར་ཞིང་རབ་ཏུ་དགའ་བ་དང་རངས་པར་དང་ཡིད་བདེ་བསྐེད་སྟེ། །ཀུན་ཏུ་ཚིམ་པ་སྐྱེ་ཞིང་སེམས་ཚིམ་པར་གྱུར་ལ་རབ་ཏུ་དགའ་བ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱང་རིང་དུ་བྱེད་དོ་སྙམ་མོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་ནས་སྨོས་པའམ་རུས་ནས་སྨོས་པའམ་སྦྱང་པའི་ཡོན་ཏན་ཡོངས་སུ་བརྗོད་པ་དེའི་ཚེ་དེ་ཙམ་གྱིས་དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་པ་དགེ་པའི་ཆོས་ཅན་གཞན་དག་ལ་བརྙས་པར་བྱེད་དེ། དེ་ལ་ཡང་ཡོན་ཏན་དེ་དག་མེད་དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སྨེས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཡོན་ཏན་གང་ཡིན་པ་དེ་དག་དང་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་མེད་དོ། །དེ་དག་དེ་ལ་མེད་བཞིན་དུ་དེ་ཕྱིར་མི་ལྡོག་པའི་ཡོན་ཏན་རྣམས་ལ་ཉོན་མོངས་པ་སྐྱེད་དེ་འདི་ལྟ་སྟེང་གང་ལ་སྣང་བའི་ཆོས་དེ་དག་ལ་ཁྱོད་མི་སྣང་ངོ་ཞེས་བདག་ལ་སྟོད་ཅིང་གཞན་ལ་སྨོད་དོ། །དེ་ལ་བདུད་སྡོག་ཅན་འདི་སྙམ་དུ་སེམས་ཏེ། བདུད་ཀྱི་ནས་སྟོངས་པར་མི་འགྱུར་ཞིང་སེམས་ ཅན་དམྱལ་བ་ཆེན་པོ་ཞིག་པར་མི་འགྱུར། བྱོལ་སོང་གི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དང་ལྷ་མ་ཡིན་གྱི་ཚོགས་ཞིག་པར་མི་འགྱུར་བ་ལྟ་སྙམ་ནས། །བདུད་སྡིག་ཅན་གྱིས་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདི་ལྟར་རྙེད་པ་དང་བཀུར་སྟེས་ནོན་པའི་རང་ཞིན་ཅན་དུ་འགྱུར་ཞིང་། ཚིག་བཙུན་པར་འགྱུར་བ་དང་ཚིག་བཙུན་པ་དེས་སྐྱེ་བོ་མང་པོས་འཛིན་པར་འགྱུར་ཞིང་དེ་དག་ལ་སྐྱེ་བོ་མང་པོ་ཡང་མཉན་པ་དང་དད་པར་བྱ་སྙེམ་དུ་སེམས་པ་དེ་ལྟར་བྱིན་གྱིས་རློབ་སྟེ། མཐོང་ངམ་ཐོས་ནས་ཀྱང་དེ་དག་གི་རྗེས་སུ་བྱེད་པར་འགྱུར་ཞིང་དེ་དག་མཐོང་བ་དང་ཐོས་པའི་རྗེས་སུ་བྱེད་པ་ན་དེ་བཞིན་ཉིད་དུ་མི་སློབ་དེ་བཞིན་ཉིད་དུ་མི་སྒྲུབ་བ་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་མི་བྱེད་པར་འགྱུར་རོ། །དེ་དག་དེ་ལྟར་དེ་བཞིན་ཉིད་ལ་མི་སློབ་ཅིང་དེ་


DKG033_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ལ་མི་སྒྲུབ་དེ་བཞིན་ཉིད་ལ་རྣལ་འབྱོར་དུ་མི་བྱེད་པས་ཉོན་མོངས་པ་རྣམ་པར་འཕེལ་བར་འགྱུར་རོ། །དེ་དག་དེ་ལྟར་སེམས་ཀྱི་རྒྱུད་ཕྱིན་ཅི་ལོག་པས་ལུས་དང་ངག་དང་ཡིད་ཀྱི་ལས་གང་དང་གང་བྱེད་པ་དེ་དག་ཐམས་ཅད་མི་འདོད་པ་དང་མི་སྡུག་པ་དང་མི་དགའ་བ་དང་ཡིང་དུ་མི་འོང་བར་འགྱུར་རོ། །དེ་ལྟར་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཞིག་པར་མི་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དང་ལྷ་མ་ཡིན་གྱི་ཚོགས་དང་བདུད་ཀྱི་གནས་རྣམ་ཞིག་པར་མི་འགྱུར་རོ། །ཀུན་དགའ་བོ་དོན་གྱི་དབང་འདི་ཡང་མཐོང་ནས་བདུད་སྡིག་ཅན་དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་བ་དང་ཚིམ་པ་དང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་ལྷན་ཅིག་འཐབ་པར་བྱེད། ཙོད་པར་བྱེད་འགྱེད་པར་བྱེད་གཤེ་ཞིང་སྦྱོ་བར་བྱེད་གནོད་པར་སེམས་ཤིང་ཞེ་སྔང་སྐྱེད་ན། དེའི་ཚེ་བདུད་སྡོག་ཅན་འདི་སྙམ་དུ་སེམས་ཏེ་ཀྱེ་མ་རིགས་ཀྱི་བུ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་རྒྱང་རིང་དུ་བྱེད་པར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་ལས་ཤིན་ ཏུ་རྒྱང་རིང་བར་གནས་པར་འགྱུར་རོ་སྙམ་མོ། །གལ་ཏེ་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན། །གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དང་ལྷན་ཅིག་འཐབ་བར་བྱེད་རྩོད་པར་བྱེད་འགྱེད་པར་བྱེད་གཤེ་ཞིང་སྤྱོད་པར་བྱེད་གནོད་པར་སེམས་ཤིང་ཞེ་སྡང་སྐྱེད་ན། དེ་ལ་བདུད་སྡིག་ཅན་ཤིན་ཏུ་དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་བ་དང་ཚིམ་པ་དང་ཡིད་བདེ་བསྐྱེ་བར་འགྱུར་ཏེ། དེ་འདི་སྙམ་དུ་སེམས་དེ་བྱང་ཆུབ་སེམས་དཔའ་འདི་གཉི་ག་ཡང་ཐམས་ཅད་མཁྱེད་པ་ཉིད་ལས་རྒྱང་རིང་དུ་གནས་པར་འགྱུར་རོ་སྙམ་མོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་གང་བྱང་ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་ལུང་བསྟན་པ་དང་ལྷན་ཅིག་འཐབ་པར་བྱེད་རྩོད་པར་བྱེད་འགྱེད་པར་བྱེད་གཤེ་ཞིང་སྦྱོ་བར་བྱེད་གནོད་པར་སེམས་ཤིང་ཞེ་སྡང་སྐྱེད་ལ་སེམས་ལ་གནོད་པར་བྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་མ་བཏང་ན་སེམས་བསྐྱེད་བ་དེ་སྙེད་ཀྱི་


DKG033_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པར་གོ་ཆ་བགོ་དགོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཏེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་ལ་ངེས་པར་འབྱུང་བ་ཅུང་ཟད་ཅིག་མཆིས་སམ་འོན་ཏེ་བསྐལ་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གདོན་མི་འཚལ་བར་གོ་ཆ་བགོ་འཚལ་བ་ལགས། །བོཅམ་ལྡ་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་རང་སངས་རྒྱ་ཀྱི་ཐེག་པ་ཅན་དང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དག་ལ་ངས་པར་འབྱུང་བ་དང་བཅོས་པའི་ཆོས་བསྟན་ཏོ། །དེ་ལ་ཀུན་དགའ་བོ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ཞིག་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དང་ལྷན་ཅིག་འཐབས་ཤིང་རྩོད་དེ་བཀྱེ་ནས་གཤེ་ཞིང་སྤྱོས་གནོད་པར་བསམས་ཞི་སྡང་བསྐྱེད་ ནས་སོ་སོར་བཤགས་པར་མི་བྱེད་ཕྱིས་སྡོམ་པར་མི་འཛིན་ཁོན་དུ་འཛིན་ཅིང་ཁོ་ན་དུ་བཟུང་ནས་འདུག་ན། ཀུན་དགའ་བོ་གང་ཟག་དེ་ལ་ངེས་པར་འབྱུང་བ་ཡོད་པར་ང་མི་སྨྲ་སྟེ་ཀུན་དགའ་བོ་གང་ཟག་དེས་ཕྱིར་བསྐལ་བ་དེ་སྙིད་དུ་གདོན་མི་ཟབ་བར་གོ་ཆ་བགོ་དགོས་སོ། །ཀུན་དགའ་བོ་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དང་ལྷན་ཅིག་འཐབས་ཤིང་རྩོད་དེ་བཀྱེ་ནས་གཤེ་ཞིང་སྦྱོས་གནོད་པར་བསམས་ཞེ་སྡང་བསྐྱེད་ནས་སོ་སོར་བཤགས་པར་བྱེད་སོ་སོར་བཤད་པར་བྱས་ནས་ཕྱིས་ཀྱང་སྡོམ་པས་འཛིན་པ་ལ་སེམས་འདི་ལྟ་བསྐྱེད་དེ་ཅི་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་རྩོད་པ་གཅད་པ་བྱ་བ་ཡིན་བསལ་བ་བྱ་བ་ཡིན་ན། བདག་ཉིད་རྩོད་པར་བྱེད་པ་དང་སྨྲས་པ་ལ་བདག་སླར་སྨྲ་བ་ནི་རྙེད་པ་ངན་པ་རྙེད་པ་ཡིན་ནོ། །ངན་པ་རྙེད་དེ་ལེགས་པར་མ་རྙེད་དོ། །བདག་གིས་ཅི་ནས་སེམས་ཅན་ཐམས་ཅད་ཀྱི་ཇམ་པ་ལྟ་བུར་འགྱུར་བར་བྱ་བ་ཡིན་ལ་བདག་ཕ་རོལ་ལ་ཁྱོད་ཅེས་ཚིག་དྲང་ཏུ་སྨྲ་བསམ། །ཚིག་རྩུབ་བོས་ལན་ལྡོན་ཞིང་སྨྲ་བ་འདི་ནི་བདག་གིས་སྨྲ་བ་མེ་།བྱ་སྟེ། འཐབ་ཅིད་རྩོད་པ་དང་འགྱེད་པ་རྣམས་ལ་བདག་ནི་གླེན་པ་དང་འོན་པ་དང་ལྐུག་པ་དང་འདྲ་བར་བྱའོ། །ཕ་རོལ་གྱིས་ངན་དུ་སྨྲས་པ་དང་ངན་དུ་བརྫོད་པ་དང་ངན་དུ་ཟེར་


DKG033_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སྨྲས་པ་ཐོས་ཀྱང་གཞན་གྱི་དྲུང་དུ་ངན་སེམས་སུ་མི་བྱའོ། །ཕ་རོལ་གྱི་ཉེས་པ་དང་སྐྱོན་བདག་གིས་ཤེས་པར་བྱ་བ་ན་འདི་ནི་བདག་ལ་ལེགས་པ་མ་ཡིན་ཏེ་བདག་གི་ཆ་མ་ཡིན་ནོ། །བདག་གིས་བཞན་གྱི་ཉེས་པ་དང་སྐྱོན་མཉན་ཏོ་སྙམ་དུ་བསམ་པ་འདི་ནི་བདག་གི་ཆ་མ་ཡིན་ནོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ལྷག་པའི་བསམ་པ་འཁྲུག་པར་བྱ་བ་མ་ཡིན་ནོ། །ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ ཐམས་ཅད་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བར་བྱ་བ་དང་ཡོངས་སུ་མྱན་ངས་ལས་འདའ་བར་བྱ་བ་ཞེས་བྱ་བདེ་བདག་གིས་བྷོད་སེམས་བསྐྱེད་པ་ཡིན་ནམ་བདག་དང་གཞན་དག་འགྲས་པ་ན་ཡང་དག་གིས་གཞན་ལ་གནོད་སེམས་ཅེ་བྱ་བ་ཞེས་བྱ་བདེ་བདག་འཁྲུགས་པར་གྱུར་པ་ཡིན་ནམ། །འདི་ནི་བདག་གིས་བྱ་བ་མ་ཡིན་ཏེ་བདག་གིས་ནི་བརྟུལ་བ་བརྟན་པས་ཕ་རོལ་ཏུ་གནན་པར་བྱ་ཞིང་སྲོག་གི་བར་ཆད་བྱེད་པ་ལ་ཡང་བདག་འཁྲུག་པར་མི་བྱ་བ་དང་བཞིན་ལ་ཁྲོ་གཉེར་བྱུང་བར་མི་བྱའོ་སྙམ་པ་འདི་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ངེས་པར་འབྱུང་བ་ཡིན་པར་ངས་བཤད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་རྣམ་ཀྱི་དྲུང་དུ་ཡང་དེ་ལྟར་གནས་པར་བྱ་སྟེ། ཅི་ལྟར་སེམས་ཅན་སུའི་དྲུང་དུ་ཡང་འཁྲུག་པ་མི་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་གནས་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཅེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དག་གིས་དྲུང་དུ་ཅི་ལྟར་གནས་པར་བྱ་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ་སྟོན་པ་ལ་ཅི་ལྟ་བ་དེ་བཞིན་དུ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ངའི་སྟོན་པའོ་ཞེས་དེ་ལྟར་གནས་པར་བྱའོ། །བྱང་ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་ཐེག་པ་གཅིག་ལ་ཞུག་པའོ། །བྱང་ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་ལམ་གཅིག་ཏུ་ཞུགས་པའོ། །བྱང་ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་བསམ་པ་མཐུན་པའོ། །བྱང་ཆུབ་སེམས་དཔའ་


DKG033_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་ཐེག་པ་མཐུན་པ་ལ་ཡང་དག་པར་ཞགས་པ་སྟེ། གང་ལ་འདི་དག་གིས་བསླབ་པར་བྱ་བ་དེ་ལ་བདག་གིས་ཀྱང་བསླབ་པར་བྱའོ། །འདི་དག་གིས་ཅི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་ཀྱིས་ཀྱང་དེ་ལྟར་བསླབས་པར་བྱའོ། །གལ་ཏེ་འདི་ དག་ལས་ཁ་ཅིག་འདྲིས་པར་གནས་པས་གནས་པར་གྱུར་ནམ་ཡང་བདག་གིས་ནི་འདྲིས་པར་ནས་པར་གནས་པར་མི་བྱའོ། །གལ་ཏེ་ཡང་འདི་དག་ཐམས་ཅད་མཁྱེན་པར་དང་ལྡན་པའི་ཡིད་ལ་བྱད་པས་མ་འདྲེས་པར་གནས་པས་གནས་ན་བདག་གིས་ཀྱང་དེ་བཞིན་དུ་བསླབ་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བར་ཆད་མེད་པར་འགྱུར་ཏེ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་མངོན་པའི་ང་རྒྱལ་གྱི་ལེའུ་ཞེས་བྱ་སྟེ། ཉེ་ཤུ་བཞི་པའོ།། །།


previousཉི་ཤུ་རྩ་བཞི་པ། མངོན་པའི་ང་རྒྱལ་གྱི་ལེའུ། next