Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


 
previousའཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།no next

འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG091_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མོ་གྷ་པཱ་ཤ་ཧྲྀ་ད་ཡཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པོ་ཏ་ལ་ཀའི་རིའི་རྩེ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ས་མ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། མྱ་ངན་མེད་པ་དང་། ཨ་ཏི་མུཀྟ་ཀ་ལ་སོགས་པ་མང་པོ་དང་། སྣ་ཚོགས་པའི་རིན་པོ་ཆེའི་སྡོང་པོས་ཡང་དག་པར་བརྒྱན་པར་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཕྲག་བཅྭ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། གནས་གཙང་མའི་ལྷའི་བུ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་རིས་ཀྱི་ལྷའི་བུ་རྣམས་གཙོར་བྱས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་བའི་ལྷ་ང་ས་ལ་བཙུགས་ཏེ། གང་བཅོམ་ལྡན་འདས་ལ་དེ་ཡིས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་ཞལ་འཛུམ་པར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། གང་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་ན་འཇིག་རྟེན་རྣམ་པར་གཟིགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། འཇིག་རྟེན་གྱི་དབང་པོ་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བདག་གིས་བླངས་ཏེ། གང་ཡང་བདག་གིས་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་གཙོར་བྱས་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་མང་པོ་ཡང་འདུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཡོད་


DKG091_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པའི་ཡེ་ཤེས་ཀྱི་གཙོ་བོའི་ཏིང་ངེ་འཛིན་བཅུ་པ་བརྒྱ་སྟོང་བདག་གིས་རབ་ཏུ་རྙེད་དོ། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་ས་གཞིའི་ཕྱོགས་གཅིག་ཏུ་རབ་ཏུ་སྤྱོད་པ་ལས་རྟོག་པར་བྱ་སྟེ། བཅོམ་ལྡན་འདས་དེའི་ཚེ་ས་ཕྱོགས་དེ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་རིས་གཙོར་བྱས་པའི་ལྷའི་བུ་སྟོང་ཕྲག་བཅུ་གཉིས་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པའི་དོན་དུ་གནས་པར་འགྱུར་རོ། །གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་རབ་ཏུ་སྤྱོད་ན་བཅོམ་ལྡན་འདས་སའི་ཕྱོགས་གཅིག་པོ་དེ་མཆོད་རྟེན་དུ་འགྱུར་རོ། །སེམས་ཅན་གང་དག་དོན་ཡོད་ཞགས་པའི་སྙིང་པོ་ཉན་པ་དེ་དག་ནི་སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་མཆོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པས་བདག་གིས་དགེ་བའི་རྩ་བསྐྱེད་པར་འགྱུར་རོ། །གང་ཁ་ཅིག་བཅོམ་ལྡན་འདས་སྡིག་པའི་སྐྱོན་བྱེད་པ། སྡིག་པའི་ཆོས་ཐམས་ཅད་ལ་ཡང་དག་པར་སྤྱོད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་ལ་སྨོད་པ། མནར་མེད་པ་ལ་གཞོལ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སྨོད་པ་པོ་དེ་གལ་ཏེ་འགྱོད་པར་གྱུར་ཅིང་སླན་ཆད་གཅོད་ཅིང་སྡོམ་པར་གྱུར་ན། བཅོམ་ལྡན་འདས་དེས་རེ་ཞིག་དེ་ཉིད་སྨྱུང་བར་གནས་པ་གཅིག་གིས་དེ་བཟླས་ན་དེའི་སྐྱེ་བ་འདིའི་ལས་ཡོངས་སུ་དག་ཅིང་ཡོངས་སུ་ཟད་པར་འགྱུར་རོ། །ཕྱིར་བཟློག་པར་འགྱུར་རོ། །རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། དེའི་ཕྱིར་ཁྲག་ཏུ་འཁྲུ་བའམ། ཚད་པའམ། ལག་པ་ན་བའམ། རྐང་པ་ན་བའམ། མགོ་ན་བའམ། ཧ་ལ་ཧ་ལ་ཡིས་བཏགས་པའམ། མཛེའམ། རྐང་ཤུའམ། འབྲུམ་བུ་ཕྲ་མོའམ།ལྷོག་པའམ། འབྲས་སམ། བྱེའུ་འབྲས་སམ། གཡན་པའམ། མཚན་བར་རྡོལ་བའམ། འབྲུམ་བུའམ། བརྗེད་བྱེད་དམ། ཁྱབ་པར་ན་བའམ། གསོད་པའམ། འཆིང་


DKG091_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། བརྡེག་པའམ། བསྡིགས་པའམ། མི་སྙན་པར་བརྗོད་པའམ། མདོར་བསྡུ་ན་བཅོམ་ལྡན་འདས་ལུས་ཀྱི་ན་ཚའམ། སེམས་ཀྱི་སྡུག་བསྔལ་ལམ། རྨི་ལམ་ངན་པ་མཐོང་བས་དེའི་ལས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ། །སྔར་ཉིད་ནས་དག་པའི་སེམས་དད་ཅིང་ལྷག་པར་མོས་པ་རྣམས་ཤིན་ཏུ་ཡོངས་སུ་བྱང་བར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་འཁོར་བཞི་པོ་དང་། རིགས་བཞི་པོས་ཇི་སྙེད་དུ་བདག་ལ་སྒྱུ་དང་གཡོས་ཀྱང་། མཆོད་པར་བྱེད། གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཉན་པར་བྱེད་པ་དང་། དོན་འཛིན་པར་བྱེད་པ། འཆང་བར་བྱེད་པ། ཀློག་པར་བྱེད་པ། འདྲི་བར་བྱེད་པ། འདྲིར་འཇུག་པར་བྱེད་པ། ཀུན་ཆུབ་པར་བྱེད་པ། སེམས་ཅན་གཞན་རྣམས་ཉན་དུ་འཇུག་པར་བྱེད་པའམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རྣ་བུག་ཏུ་གཏུགས་ཏེ་ཟློས་པར་བྱེད། སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ་དང་། དོར་བ་མེད་པ། གཟུགས་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། སྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡེང་བ་མེད་པ། ཕུང་པོ་ལྔ་དང་བྲལ་བའི་སྦྱོར་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པར་བྱའོ། །དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བརྒྱ་སྟོང་གིས་ཞལ་སྟོན་པར་འགྱུར་རོ། །ཁྱེད་ཀྱིས་བཟླས་པས་སྡིག་པ་བཤགས་པར་འགྱུར་རོ། །ཇི་སྙེད་པོ་ཏིར་བྲི་བ་བྱས་ནས་ཁྱིམ་དུ་བཞུགས་སུ་གསོལ་བར་བྱའོ། །བཅོམ་ལྡན་འདས་མང་པོས་ཅི་བྱ་སྟེ། ཕན་ཚུན་འགྲན་པས་ཉན་པའམ། རྗེ་དཔོན་གྱིས་འཇིགས་པས་སམ། གཞན་གྱི་རྗེས་སུ་འཇུག་པས་སམ། གཞན་སྨད་པར་བྱ་བའི་ཆེད་དུ་ཉན་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱིན་གྱིས་བརླབས་སུ་མཁས་པས་ཤེས་པར་བྱའོ། །དེ་དག་གི་རྣ་བུག་ཏུ་དེའི་སྒྲ་གྲགས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། གང་ལ་ལའི་སྐྱེས་བུས་ཙནྡན་ནམ། ག་བུར་རམ། གུར་གུམ་མམ། གླ་རྩི་གནུར་ཞིང་བརྒྱད་ཅིང་རྔོ་བའམ། ས་ལ་གཞིབས་ནས་བདག་ཉིད་ལ་བྱུགས་ན། དེ་ལ་


DKG091_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་ནམ། ག་བུར་རམ། གུར་གུམ་མམ། གླ་རྩི་གནུར་བའམ་བརྒྱ་དཔས་དེ་ལྟར་དྲི་འཕོ་བར་མི་འགྱུར་རོ། །ཡང་དྲི་ཞིམ་པོའང་དེ་ཉིད་དོ། །བཅོམ་ལྡན་འདས་དེ་ལྟར་ཁོ་ནར་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་འདི་ལ་ཡང་གང་ལ་ལ་ཞིག་གིས་འཕྱ་ཞིང་སྨོད་པ་དང་། སྔ་མ་ལྟར་ཇི་སྙེད་བདག་ལ་སྒྱུ་དང་གཡོས་མཆོད་པ་བྱེད་པ་དེ་དག་ནི་བཅོམ་ལྡན་འདས་དམུ་རྒོད་ཀྱི་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །འདོད་པས་དཀའ་བར་འཛིན་པར་བརྗོད་དེ་ཕྱི་མ་ལའང་ངོ་། །གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་མི་འབྲལ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཉིད་དུ་བྱེད་དོ། །གང་ཡང་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པའི་ཁ་ཅིག་དོན་ཡོད་ཞགས་པའི་སྙིང་པོ་ཆེད་དུ་བྱས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྨྱུང་བར་གནས་པར་བྱས་ཏེ། ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཚིག་ཏུ་མི་བརྗོད་པར་ཡོངས་སུ་བཟླས་ན། དེ་ལ་བཅོམ་ལྡན་འདས་མཐོང་བའི་ཆོས་ཉིད་ལ་ཕན་ཡོན་ཉི་ཤུ་ཐམ་པ་སོ་སོར་འདོད་པར་བྱའོ། །ཉི་ཤུ་པོ་གང་ཞེ་ན། གང་དེའི་ལུས་ལ་ནད་མི་འབྱུང་བ་དང་། ལས་ཀྱི་དབང་གིས་ནད་བྱུང་བ་ཡང་མྱུར་དུ་ཞི་བར་འགྱུར་རོ། །སྣུམ་ཞིང་ཡིད་དུ་འོང་བའི་ལུས་དཀར་བར་ཡང་འགྱུར་རོ། །སྐྱེ་བོ་མང་པོའི་ཡིད་དུ་འོང་བར་འགྱུར་རོ། །དབང་པོ་སྦུབས་སུ་ནུབ་པ་དང་ནོར་རྙེད་པར་ཡང་འགྱུར་རོ། །ནོར་ཡོད་པ་ཡང་རྐུན་པོས་ཁྱེར་བར་མི་ནུས་སོ། །མེས་མི་འཚིག་གོ། །ཆུ་ཡིས་མི་འཁྱེར་རོ། །རྒྱལ་པོའི་ཡིད་ཀྱིས་ཀྱང་འཕྲོག་པར་མི་ནུས་སོ། །དེའི་ལས་ཀྱི་མཐའ་རྒྱས་པར་འགྱུར་རོ། །དེའི་ལུས་ལ་ཆུའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །རླུང་དང་ཆར་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཆུའམ་ཐལ་བ་ལ་ཡོངས་


DKG091_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྔགས་ཏེ། ཕྱོགས་དང་མཚམས་དང་སྟེང་དང་འོག་གི་ཞིང་ལ་བཅིང་བ་བྱས་ན་ཉེ་བར་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །མདངས་ཟ་བས་མདངས་འཕྲོག་པར་མི་ནུས་སོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །དགྲ་ཡིས་འཇིགས་པ་འབྱུང་བ་ཡང་མྱུར་དུ་ཞི་བར་འགྱུར་རོ། །མི་ཡིས་འཇིགས་པར་མི་འགྱུར་རོ། །ཁྱབ་པར་ན་བའི་འཇིགས་པ་དང་། །མཁའ་འགྲོ་མའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཉོན་མོངས་པ་དྲག་པོའང་འབྱུང་བར་མི་འགྱུར་རོ། །མེ་དང་ཆུ་དང་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལྷས་ཀྱང་རྒྱུན་དུ་ཉེ་བར་སྲུང་བ་དང་། སྐྱོབ་པ་དང་སྦེད་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་བྲལ་བར་མི་འགྱུར་རོ། །ཕན་ཡོན་ཉི་ཤུ་པོ་འདི་དག་སོ་སོར་འདོད་པར་བྱའོ། །གཞན་ཡང་ཆོས་བརྒྱད་སོ་སོར་འཐོབ་སྟེ། བརྒྱད་པོ་གང་ཞེ་ན། འཆི་བའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་གི་གཟུགས་ཀྱིས་ཞལ་ཡང་དག་པར་སྟོན་པར་འགྱུར་རོ། །བདེ་བར་ཚེའི་དུས་བྱེད་པར་འགྱུར་རོ། །མཐོང་བ་འཁྲུལ་པ་མེད་དོ། །ལག་པ་གཡོབ་པ་མེད་དོ། །བཤང་བ་མེད་དོ། །གཅི་བ་མེད་དོ། །རླུང་གི་རྣམ་པ་མེད་དོ། །ཤིན་ཏུ་ལེགས་པར་གནས་ཤིང་དྲན་པ་དང་ལྡན་པར་འགྱུར་རོ། །ཁ་འོག་ཏུ་བལྟས་ནས་ཚེའི་དུས་བྱེད་པར་མི་འགྱུར་རོ། །འཆི་བའི་དུས་སུ་ཉོན་མོངས་པ་མེད་པར་རབ་ཏུ་བརྗོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་དེ་དང་དེ་རུ་སྐྱེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་དང་འབྲལ་བར་མི་འགྱུར་རོ། །ཉིན་རེ་ཞིང་དུས་གསུམ་དུ་ལན་གསུམ་དུ་བཀླག་པར་བྱའོ། །ཆང་དང་ཤ་དང་བཙོང་དང་སྒོག་སྐྱ་དང་། བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་བསྲུང་བར་འདོད་པས་དེ་རྣམས་སྤང་བར་བྱའོ། །དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་ནུས་སམ་མི་ནུས་ཤེས་པར་བྱས་ལ་མཉན་དུ་གཞུག་པར་བྱའོ། །སློབ་དཔོན་གྱིས་སེར་སྣ་མི་བྱ་སྟེ། གང་གི་ཕྱིར་ཕྲག་དོག་དང་སེར་སྣའི་དྲི་མ་སྤངས་པ་ནི་བྱང་ཆུབ་


DKG091_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡིན་ནོ། །སེམས་ཅན་གྱི་དོན་གྱི་ཆེད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་དུ་ཡང་འགྱུར་རོ། །ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ་སེམས་དཔའ་ནི་ཐབས་ཏེ། དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་ཆོས་འདི་རྗེས་སུ་ཟློས་ཤིང་སྙིང་པོ་དེ་བཞིན་གཤེགས་པའི་མདུན་དུ་རྗོད་པར་བྱེད་པ་ནི་འཁོར་བཞི་པོ་རྣམས་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དང་། སྡིག་པ་བྱེད་པ་གཞན་རྣམས་ཀྱི་ཡང་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། གང་འདི་དག་པའི་སེམས་ཅན་ལ་ཁྱོད་ཀྱིས་བསྟན་པའི་དུས་ལ་བབ་སྟེ། དེ་བཞིན་གཤེགས་པས་ཀྱང་རྗེས་སུ་ཡི་རང་ངོ་། །ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་མི་འཛུམས་པར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསོན་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་འདི་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་རྗེས་སུ་བརྩེ་བ་དང་སྐྱེ་དགུའི་ཚོགས་ཆེན་པོ་ལ་ཕན་པ་དང་བདེ་བ་དང་རྣམ་པར་ཐར་པའི་དོན་གྱི་ཕྱིར་ཡང་ངོ་། །ན་མ་སྟྲཻ་ཡ་དྷྭཱ་ནུ་ག་ཏ་པྲ་ཏིཥྛི་ཏེ་བྷྱཿ། སརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ། ན་མཿཔྲ་ཏྱེ་ཀ་བུད་དྷཱཪྻ་ཤྲཱ་བ་ཀ་སཾ་གྷེ་བྷྱོ྅་ཏཱི་ཏཱ་ནཱ་ག་ཏ་པྲ་ཏྱཏྤནྣེ་བྷྱཿ། ན་མ་སྶམྱཀྒ་ཏཱ་ནཱཾ། ན་མཿསཾ་མྱ་ཀྤྲ་ཏྱུཏྤནྣཱ་ནཱཾ། ན་མཿཤ་ར་དྭ་ཏཱི་པུ་ཏྲཱ་ཡ། མ་ཧཱ་མ་ཏ་ཡེ། ན་མཿཨཱཪྱ་མཻ་ཏྲེ་ཡ་པྲ་མུ་ཁེ་བྷྱོ་མ་ཧཱ་བོ་དྷི་སཏྭ་སྃ་གྷེ་བྷྱཿ། ན་མཿསུ་པྲ་ཏིཥྛི་ཏ་ཤཾ་ལེནྡྲ་རཱ་ཛ་པྲ་མུ་ཁེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨརྷ་དྦྷྱཿ། སམྱཀྶཾ་བུདྡྷེ་བྷྱོ་བྷ་ག་བདྦྷྱཿ། ན་མཿསུ་བརྞྞ་བརྞྞ་སུ་པྲ་ཏི་བྷཱ་ས་བི་ན་རྡི་ཏེ་ཤྭ་ར་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ནམཿསིཾ་ཧ་བི་ཀྲཱ་ཌི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ནམཿསུ་པྲ་


DKG091_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛི་ཏེ་མ་ཎི་ཀཱུ་ཊ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ནམཿས་མནྟ་ར་སྨྱུ་ཏྒ་ཏ་ཤྲཱི་ཀཱུ་ཊ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བི་པ་ཤྱི་ནེ་ཏ་ཐཱ་ག་ཏཱ་ཡ། ནམཿཤི་ཁི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤྭ་བྷུ་ཛེ་ཏ་ཐཱ་ག་ཏཱ་ཡ། ནམཿཀྲ་ཀུཙྪཱ་ནྡཱཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ་ཀ་ན་ཀ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿཀཱ་ཤྱ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ། ནམཿཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་སཾ་མྱཀྨཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ཤ་མེ་ཤ་མེ་མ་ཧཱ་ཤ་མེ་རཀྵ་རཀྵ་མཾ་སརྦ་སཏྭཱཾ་ཤྩ་སརྦ་པཱ་པཾ་པྲ་ཤ་མ་ནེ་སྭཱ་ཧཱ། ན་མཿསུ་པ་རི་ཀཱིཏྟི་ཏ་ནཱ་མ་དྷེ་ཡཱ་ཡ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿས་མནྟ་ཝ་བྷཱ་ས་བི་ཛི་ཏ་སཾ་གྲཱ་མ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མ་ཨིནྡྲ་ཀེ་ཏུ་དྷྭ་ཛ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མོ་རཏྣ་ཏྲ་བྷཱ་སེ་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ྅་པྲ་ཏི་ཧ་ཏ་བྷཻ་ཥ་ཛྱ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བིཀྲཱནྟ་གཱ་མི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བུད་དྷཱ་ཡ། ན་མོ་དྷརྨྨཱ་ཡ། ནམཿསྃ་གྷཱ་ཡ། ན་མོ྅་ཏཱི་ཏཱ་ནཱ་ག་ཏ་པྲ་ཏྱུཏྤནྣེ་བྷྱོ་བུདྡྷེ་བྷྱ་བྷ་ག་བདྦྷྱཿ། ཏདྱ་ཐཱ། སྨྲྀ་ཏི་བརྦྷ་ནི། མ་ཏི་བརྡྷ་ནི། ག་ཏི་བརྡྷ་ནི། དྷྲྀ་ཏི་བརྡྷ་ནི། པྲཛྙཱ་བརྡྷ་ནི། པྲ་ཧི་བྷཱ་ན་བརྡྷ་ནི། དྷྱཱ་ན་བརྡྷ་ནི། ཤཱ་མ་ཐ་བརྡྷ་ནི། བི་པ་ཤྱ་ན་བརྡྷ་ནི། སརྦ་བོ་དྷི་བཀྵ་དྷརྨྨ་བརྡྷ་ནི། ས་ཀ་ལ་བུདྡྷ་དྷརྨྨ་པ་རི་པཱུ་ར་ཎཱ་ཡ་སྭཱ་ཧཱ། ན་མོ་ར་ཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻ་ཝ་ལོ་ཀི་ཏེ་ཤྭ་རྭ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་བྲ་པྟཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་བྷྱོ་ན་མ་སྐྲྀ་ཏཱ་ཨི་དམཱཪྻ་ཝ་ལོ་ཀི་ཏེ་ཤྭ་ར་མུ་ཁོ་ཏྒི་རྞྞཾ། ཨ་མོ་གྷ་པཱ་ཤྭ་རཱ་ཛ་ནཱ་མ་ཧྲྀ་ད་ཡི་ཏ་ཐཱ་ག་ཏཱ་སཾ་མུ་ཁཾ་བྷཱ་ཥི་ཏཾ་མཧཱ་ཏཱཾ་བཪྵནྨ་དྷེ་ཨ་ཧ་མི་དཱ་ནཱི་མཱ་བཏྟ་ཡི་ཥྱ་མི། སིདྦྷྱནྟུ་མེ་མནྟྲ་པ་དཱཿ། སརྦ་ཀཱཪྻ་ཎི་སརྦ་བྷ་ཡོ་བྷྱོ་མ་མ་སརྦ་སཏྭཱ་ནཱཉྩ་རཀྵ་བྷ་བནྟུ། ཏ་དྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཙི་རི། པི་རི་པི་རི། བི་རི་བི་རི། མི་རི་མི་རི། མ་ཧཱ་པདྨ་ཧ་སྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུདྡྷ་སཏྭ། བུད་དྷྱ་བུད་དྷྱ། བོ་དྷ་བོ་དྷ། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎ། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུདྡྷ་སཏྭ། ཀ་ར་


DKG091_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། བི་ཙ་ལ་བི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཨེ་ཊ་ཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ །མ་ཧཱ་པ་ཤུ་བ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། པ་ར་པ་ར། བ་ར་བ་ར། མ་ར་མ་ར། ལ་ར་ལ་ར། ཧ་ར་ཧ་ར། ཧཱ་ཧཱ་ཧཱི་ཧཱི་ཧཱུ་ཧཱུ། ཨོཾ་ཀཱ་ར་བྲཧྨ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། ན་ར་ན་ར། བ་ར་བ་ར། ཧ་ར་ཧ་ར། ར་སྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷཱ་ཥ་བྷཱ་ཥ། བྷྲ་མ་བྷྲ་མ། བྷ་ག་ཝཱནྶཽ་མཱ་དི་ཏྱ། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨེནྡྲ། བཱ་ཡུ། ཨགྣི། དྷ་ན་དཱ། རྀ་ཥི་དེ་བ་ག་ཎཱ་བྷྱརྩྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། ས་ནཏྐུ་མཱ་ར། རུ་དྲ། བཱ་ས་བ། པིཋྞུ། དྷ་ན་དཱ། བཱ་ཡུ། ཨགྣི། རྀ་ཥི། ནཱ་ཡ་ཀ །བི་ནཱ་ཡ་ཀ །བ་ཧུ་བི་བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། པ་ར་པ་ར། ལ་ར་ལ་ར། ཧ་ར་ཧ་ར། ཡ་ར་ཡ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ །ས་མན་ཏཱ་ཝ་ལོ་ཀི་ཏ། པི་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། ཏྲེ་བྷུ་བ་ནེ་ཤྭ་ར། སརྦ་གུ་ཎ་ས་མཱ་ལཾ་ཀྲྀ་ཏ། ཨ་ཝ་ལོ་ཀི་ཏེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། ར་ཀྵ་རཀྵ་མཾ་སརྦ་ས་ཏྭཱཾ་ཤྩ། སརྦ་བྷ་ཡེ་བྷྱཿ། སརྦོ་པ་དྲ་བེ་བྷྱཿ། སརྦོ་པསརྒེ་བྷྱཿ། སརྦོ་གྲ་ཧེ་བྷྱཿ། སརྦ་བྱཱ་དྷི་བྷྱཿ། སརྦ་བི་ཥེ་བྷྱཿ། སརྦ་ཛྭ་རེ་བྷྱཿ། ཨེ་པྃ། བཾ་དྷ་བནྡྷ་ན། ཏཱ་ཌ་ན། ཏརྫ་ན། རཱ་ཛ། ཏསྐ་ར། ཨགྣི། ཨུད་ཀ །བི་ཥ་ཤ་སྟྲ་པ་རི་མོ་ཙ་ཀ །ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིནྡྲིཡ། བ་ལ། བོ་དྷྱཾ་ག །ཙ་ཏུ་རཱ་ཪྱ་སཏྱ་སཾ་པྲ་ཀཱ་ཤ་ཀ །ཏ་པ་ཏ་པ། ཏ་མ་


DKG091_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་མ། ད་མ་ད་མ། ཤ་མ་ཤ་མ། མ་སམ་ས། དྷ་མ་དྷ་མ། མ་ཧཱ་ཀཱ་རུ་ཎི་ཀ །མ་ཧཱ་ཏམོ྅ནྡྷ་ཀ་རི། བི་དྷ་མ་ན། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཀ །མ་ལ་མ་ལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ཎེ་ཡ་ཙརྨ་ཀྲྀ་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ །ཨཱི་ཤྭ་ར། མ་ཧེ་ཤྭ་ར། མ་ཧ་བྷུ་ཏ་ག་ཎ་སཾ་བྷཉྫ་ཀ །ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། པ་ར་པ་ར། ཧ་ར་ཧ་ར། བ་ར་བ་ར། ས་ར་ས་ར། མ་ར་མ་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུད་དྷ་བི་ཥ་ཡ་ནི་བཱ་སི་ཏ། མ་ཧཱ་ཀཱ་རུ་ཎི་ཀ་ཤྭེ་ཏ་ཡཛྙོ་བ་བཱི་ཏ། རཏྣ་མུ་ཀུ་ཊ། མཱ་ལཱ་དྷ་ར། སརྦ་ཛྙ་ཤི་ར་སི་ཀྲྀ་ཏ་ཛ་ཊཱ་མུ་ཀུ་ཊ། མ་ཧཱ་ཨདྦྷུ་ཏ་ཀ་མ་ལཱ་ལཾ་ཀྲྀ་ཏ་ཀ་ར་ཏ་ལ། དྷྱཱ་ན་ས་མཱ་དྷི་བི་མོཀྵ་པྲ་ཀམྤྱ། བ་ཧུ་སཏྭཱ་སནྟ་ཏི་པ་རི་པཱ་ཙ་ཀ །མ་ཧཱ་ཀཱ་རུ་ཎི་ཀ །སརྦ་ཀརྨྨཱ་ཝ་ར་ཎ་བི་ཤྭ་དྷ་ཀ །སརྦ་ཛྙཱ་ཛྙཱ་ན་པ་རི་པཱུ་ར་ཀ །སརྦ་བྱཱ་དྷི་པ་རི་མོ་ཙ་ཀ །སརྦ་སཏྭཱ་ཤཱ་བ་རི་པཱུ་ར་ཀི །སརྦ་སཏྭ་ས་མཱ་ཤྭཱ་ས་ན་ཀ་ར་ན་མཿསྟུ་ཏེ་སྭཱ་ཧཱ། ཨ་མོ་གྷཱ་ཡ་སྭཱ་ཧཱ། ཨ་མོ་གྷ་པཱ་ཤཱ་ཡ་སྭཱ་ཧཱ། ཨ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་པ་རཱ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་སུ་ཏཱ་ཡ་སྭཱ་ཧཱ། མཱ་ར་སཻ་ནྱ་པྲ་མརྡྡ་ནཱ་ཡ་སྭཱ་ཧཱ། ཨ་བྷ་ཡཱ་ཡ་སྭཱ་ཧཱ། ཨ་བྷ་ཡ་པྲ་དཱ་ཡ་སྭཱ་ཧཱ། ཛ་ཡཱ་ཡ་སྭཱ་ཧཱ། བི་ཛ་ཡཱ་ཡ་སྭཱ་ཧཱ། ཛ་ཡ་བི་ཛ་ཡཱ་ཡ་སྭཱ་ཧཱ། བ་ར་དཱ་ཡ་སྭཱ་ཧཱ། བ་ར་པྲ་དཱ་ཡ་སྭཱ་ཧཱ། ཨ་ཀཱ་ལ་མྲྀ་ཏྱུ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨི་དཉྩ་མེ་ཀརྨྨ་ཀུ་རུ་ན་མཿསྟུ་ཏེ་སྭཱ་ཧཱ། ཨོྃ་ར་ཎ་ར་ཎ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཛ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཛྲ་ཛྲིཾ་ཛུཾ་སྭཱ་ཧཱ། ཨོྃ་ཧཱུྃ་ཛ་ཡ་སྭཱ་ཧཱ། ཨོྃ་ཧྲཱིཿསྟྲཻ་ལོ་ཀྱ་བི་ཛ་ཡཱ་མོ་གྷ་པཱ་ཤཱ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་པ་སུ་པ་ཏི་སྭཱ་ཧཱ། ཨོྃ་ཨཱ་རོ་ལིཀ་སྭཱ་ཧཱ། ཨོྃ་བ་ཧུ་ལེ་བ་ཧུ་ལེ་སྭཱ་ཧཱ། ཨོྃ་ཨཱ་རོ་ལི་ཀ་ཧྲཱིཿཧྲཱིཿཧུྃ་ཕཊ་སྭཱ་ཧཱ། ནི་ཡ་ཏཱ་ནི་ཡ་ཏ། བི་ད་ནཱི་ཡཱ་ཤུ་བྷ་སྱ་མེ་བྷ་ག་ཝཱན་ཀརྨ་ཎོ྅་ཤེ་ཥ་ཏཿཀྵ་ཡཾ་ཀུ་རུ་སྭཱ་ཧཱ། ཨོྃ་པདྨ་ཧསྟཱ་ཡ་སྭཱ་ཧཱ། ཨོྃ་བུདྡྷ་དྷརྨྨ་སཾ་གྷཱ་ཡ་སྭཱ་ཧཱ། བཀླགས་པས་


DKG091_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །དུས་གསུམ་དུ་བཟླས་ན་མཚམས་མེད་པ་ལྔ་རྣམ་པར་དག་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཨ་ག་རུའི་བདུག་སྤོས་དང་། ཐལ་བ་དང་། ཆུ་དང་། ཡུངས་ཀར་དང་སེང་ལྡེང་གི་ཕུར་བུ་ལ་སོགས་པས་མཚམས་བཅིང་ངོ་། །རིམས་ནད་ཐམས་ཅད་ལ་སྲུངསྐུད་བཅིང་བར་བྱའོ། །ནད་ཐམས་ཅད་ལ་མར་རམ། མར་ནག་གམ། ཆུ་ལ་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱའོ། །ལུས་ལ་ཁྱབ་པའི་ནད་ལ་མཚོན་ཆས་གཅད་ཅིང་སྲུངསྐུད་ཀྱང་བྱའོ། །ལྟོ་ན་བ་ལ་ཚྭ་ཆུས་ཉམས་པར་བྱེད་པའམ། འཇིམ་བག་གམ། ཆུས་ཀྱང་བྱའོ། །མིག་གི་ནད་ལ་སྐུད་པ་དཀར་པོ་རྣ་བ་ལ་བཅིང་བར་བྱའོ། །སོའི་ནད་ལ་ཀ་ར་བཱི་རའི་སོ་ཤིང་གིས་སོ། །མཚམས་བཅིང་བ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་བཅིངས་ཏེ་ཕྱོགས་བཞིར་གདབ་པར་བྱས་ན་མཚམས་བཅིངས་པ་ཡིན་ནོ། །ཐམས་ཅད་དུ་སྲུང་སྐུད་དམ། ཆུའམ་ཐལ་བས་བྱའོ། །གཟའ་ཐམས་ཅད་ལ་ཚོན་སྣ་ལྔའི་སྐུད་པས་བྱའོ། །རིམས་ཐམས་ཅད་ལ་སྐུད་པ་དཀར་པོས་བྱའོ། །སྦྲུལ་དང་། སྲིན་བུ་དང་། བ་སྤུ་བྱི་བ་དང་། ལྷོག་པ་དང་། གྲེ་བ་འགགས་པ་རྣམས་ལ་སྦྲང་རྩི་པི་པི་ལིང་དང་ལྡན་པས་བྱའོ། །མིག་གི་ནད་ལ་དྲི་ཞིམ་པོའི་ཆུའམ། རྒྱ་སྐྱེགས་ཀྱི་ཆུའམ། སྦྲང་རྩིའམ། ཤིང་མངར་གྱིས་བྱའོ། །རྩོད་པའི་དུས་ཐམས་ཅད་དུ་རྩོད་པ་དང་མི་སྙན་པར་བརྗོད་པ་ལ་ཆུ་ལ་ཡོངས་སུ་བཟླས་ཏེ་གདོང་བཀྲུ་བར་བྱའོ། །ཡུལ་གཞན་གྱི་རྒྱལ་པོའི་འཚེ་བ་ལ་ཡུལ་འཁོར་དུ་བུམ་པ་གང་བ་ཡང་དག་པར་བཞག་ནས་གཙང་མས་གོས་གཙང་མ་གྱོན་ཏེ་མཆོད་པ་ཆེན་པོ་བྱས་ཤིང་བཀླགས་ན་ཞི་བ་ཆེན་པོར་འགྱུར་རོ། །དེའི་ཆུས་ཀྱང་གཏོར་བར་བྱས་ནས་སེམས་ཅན་ཐམས་ཅད་བསྲུང་བ་ཡིན་ནོ། །ཉེ་བར་འཚེ་བ་ཐམས་ཅད་དང་། ཡམས་རྣམས་ཞི་བ་ཡིན་ནོ། །ཕྱག་རྒྱ་ཙནྡན་གྱི་


DKG091_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ན་མཚམས་མེད་པ་ཐམས་ཅད་ཟད་པར་བྱེད་དོ། །རྟག་ཏུ་བཟླས་ན་ཁྱིམ་བསྲུང་བའོ། །པདྨའི་སྦྱིན་སྲེག་གི་སེམས་ཅན་ཐམས་ཅད་ཀྱི་བསྲུང་བའོ། །ཙནྡན་གྱི་སྦྱིན་སྲེག་གིས་གཟའ་དང་། འབྱུང་པོ་དང་རྒྱུ་སྐར་ཐམས་ཅད་ལས་བསྲུང་བའོ། །རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། གཞན་གྱིས་མི་ཐུབ་པ་དང་། ན་གུ་ལི་དང་། དྲིའི་ན་གུ་ལི་དང་། དྷ་ར་ནི་དང་། མི་འཇིགས་པའི་ལག་པ་དང་། དབང་པོའི་ལག་པ་དང་། དྲིའི་པྲི་ཡང་ཀུ་དང་། ཏ་ཀ་ར་དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། རྣམ་པར་གནོན་པ་དང་། སོ་མ་རཱ་ཛི་དང་། སུ་ནཏྟ་ཞེས་བྱ་བ་སྟེ། དེ་དག་གང་ཡང་རུང་བ་ལ་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡོངས་སུ་བཟླས་ནས་ནོར་བུ་ལྟ་བུར་བྱས་ནས་མགོ་བོ་དང་དཔུང་པ་ལ་བཅིང་བར་བྱའོ། །བྱིས་པ་རྣམས་ཀྱི་ནི་མགུལ་དུའོ། །བུད་མེད་རྣམས་ཀྱི་མདོམས་སུ་བཅངས་ན་རང་ཉིད་མཆོག་ཏུ་སྐལ་བ་དང་ལྡན་པར་བྱེད་དོ། །གཡང་མེད་པ་ཉམས་ནས་བུ་ཡང་སྟེར་རོ། །ནོར་བུ་འདི་བཅངས་པས་ཐམས་ཅད་དུ་བསྲུང་བ་བྱས་པ་ཡིན་ནོ། །དུག་དང་མེས་མི་ཚུགས་སོ། །དུག་གིས་བྱས་པ་ཡང་སྐྱེ་བར་མི་འགྱུར་རོ། །ནད་བྱུང་བ་ཡང་མི་སྐྱེ་ཞིང་མྱུར་དུ་ཞི་བར་འགྱུར་རོ། །གཟའ་རབ་ཏུ་ཞི་བར་འགྱུར་རོ། །རླུང་དང་སྤྲིན་དང་ཐོག་ནི་ཆུས་རེངས་པར་བྱེད་དོ། །ཀ་ར་བཱི་རའི་ལྕུག་མས་ནི་ལས་ཐམས་ཅད་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་མཆོག་ཏུ་གྲུབ་པ་འདིས་མ་བསྒྲུབས་པར་ཡང་ལས་འདི་རྣམས་བྱེད་དོ། །དེ་ནས་བསྒྲུབ་པར་འདོད་ན་ཐང་སྐུའི་ཆོ་ག་ནི་ཚོན་སྣ་མ་ལུས་པས་སངས་རྒྱས་ཀྱི་སྐུ་གཟུགས་མཉམ་པར་བྲི་བར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ་རི་དགས་ཀྱི་པགས་པས་སྨད་དཀྲིས་བྱས་ཤིང་ཕྱུགས་བདག་གི་ཆ་ལུགས་འཆང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །ལྷ་བཟོ་མཁན་གསོ་སྦྱོང་དང་ལྡན་པས་རི་མོ་བྲི་བར་བྱའོ། །དེ་ནས་སྒྲུབ་པ་པོས་སྐུ་གཟུགས་དེའི་མདུན་དུ་


DKG091_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་བརྒྱད་གཞག་པར་བྱའོ། །ཉེ་བར་སྤྱོད་པ་བརྒྱད་དང་ཉེ་བར་མཁོ་བ་དྲུག་ཅུ་རྩ་བཞི་དང་། ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པ་བྱའོ། །ཨ་ག་རུའི་བདུག་སྤོས་བསྲེགས་ལ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཉིན་ཞག་གཅིག་ཏུ་སྨྱུང་བར་གནས་པའམ། དཀར་གསུམ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་གོས་གཙང་མ་གྱོན་པར་གྱུར་པས་བཟླས་པ་བྱའོ། །དེ་ནས་སྐུ་གཟུགས་ཀྱི་མདུན་དུ་རང་ཉིད་བྲིས་པ་བལྟས་ཏེ་དེ་མཐོང་བས་དགའ་བར་འགྱུར་རོ། །ཇི་སྲིད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལྡོང་རོས་སམ་མིག་སྨན་ལ་ཡོངས་སུ་བཟླས་ཏེ་མིག་ལ་བསྐུས་ན་དེ་ནས་མི་སྣང་བར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཡང་དག་པར་རྨོངས་པ་མེད་པའི་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ། །སྒྲུབ་པ་པོ་གང་འདོད་པ་དེ་འདིས་བྱེད་དོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


DKG091_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཨ་མོ་གྷ་པཱ་ཤ་ཧྲྀ་ད་ཡཾ་མ་ཧཱ་ཡཱ་ན་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །མཐུ་ཆེན་པོ་ཐོབ་པ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁ་ནས་བརྗོད་པ་དེ་བཞིན་གཤེགས་པའི་སྤྱན་སྔར་འཁོར་མང་པོའི་དབུས་སུ་སྨྲས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བགྱི་བ་ད་ལྟར་བདག་གིས་བཤད་པར་བགྱིའོ། །བདག་གིས་སྔགས་ཀྱི་ཚིག་དང་དགོས་པ་ཐམས་ཅད་ནི་གྲུབ་པར་གྱུར་ཅིག །བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །ཏ་དྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎི་ཀ །ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཙི་རི། བི་རི་བི་རི། པི་རི་པི་རི། མི་རི་མི་རི། མ་ཧཱ་པདྨ་ཧསྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུད་དྷ་སཏྭ། བུདྷྱ་བུདྷྱ། བོ་དྷ་བོ་དྷ། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་


DKG091_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀུ་རུ། མ་ཧཱསྠཱ་མ་པྲཱ་པྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། པི་ཙ་ལ་བི་ཙ་ལ། ཨེ་ཊ་ཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ །མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་རས་ར། ཙ་ར་ཙ་ར། པ་ར་པ་ར། བར་བ་ར། མ་ར་མ་ར། ལ་ར་ལ་ར། ཧ་ར་ཧ་ར། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ། ཨོཾ་ཀ་ར་བྲཧྨ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་རས་ར། ཙ་ར་ཙ་ར། ན་ར་ན་ར། བ་ར་བ་ར། ཧ་ར་ཧ་ར། ར་སྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ་ཤ་རཱི་རཾ། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷཱ་ས་བྷཱ་ས། བྷྲ་མ་བྷྲ་མ། བྷ་ག་ཝན་སོ་མ། ཨཱ་དིཏྱ། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨནྦྲ། བཱ་ཡུ། ཨགྣི། དྷན་ད། དེ་བ། རྀ་ཥི་ག་ཎ་ཨ་བྷྱར་ཙི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། ས་ནད་ཀུ་མཱ་ར། རུ་དྲ། བཱས་བ། པིཋྞུ་དྷན་ད། བཱ་ཡུ། ཨགྣི། རྀ་ཥི། ནཱ་ཡ་ཀ།བི་ནཱ་ཡ་ཀ་བ་ཧུ་པི་བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ །ས་མནྟ་ཨ་ཝ་ལོ་ཀི་ཏི། བི་ལོ་ཀི་ཏི། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། ཏྲི་བྷུ་བ་ནེ་ཤྭ་ར། སརྦ་གུ་ཎ་སམ་ཨ་ལཾ་ཀྲྀ་ཏ། ཨ་ཝ་ལོ་ཀི་ཏེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། ཤཱི་གྷྲཾ་ཤཱི་གྷྲཾ། བདག་འཇིགས་པ་ཐམས་ཅད་དང་། གདོན་ཐམས་ཅད་དང་།


DKG091_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་དང་། འཁྲུག་པ་ཐམས་ཅད་དང་། དུག་ཐམས་ཅད་དང་། ནད་ཐམས་ཅད་ལས་སྲུངས་ཤིག །སྲུངས་ཤིག །དེ་བཞིན་དུ་བསད་པ་དང་། བཅིང་བ་དང་། རྡེག་པ་དང་། སྤྱོ་བ་དང་། རྒྱལ་པོ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ལས་ཡོངས་སུ་ཐར་བར་གྱུར་ཅིག །ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིན་དྲི་ཡ། བ་ལ། བོ་དྷྱཾ་ག །ཙ་ཏུར་ཨཱཪྱ་ས་ཏྱ་སཾ་པྲ་ཀཱ་ཤ་ཀ །ཏ་པ་ཏ་པ། ཏ་མ་ཏ་མ། ད་མ་ད་མ། ས་མ་སམ། དྷ་མ་དྷ་མ། མ་ཧཱ་ཀཱ་རུ་ཎི་ཀ །མ་ཧཱ་ཏ་མོ། ཨན་དྷ་ཀ་ར་བི་དྷ་མ་ན། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ །མ་ལ་མ་ལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ཎེ་ཡེ་ཙརྨྨ་ཀྲྀ་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ །ཨཱི་ཤྭ་ར། མ་ཧེ་ཤྭ་ར། མ་ཧཱ་བྷཱུ་ཏ་ག་ཎ་སཾ་བྷཉྫ་ཀ །ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། པ་ར་པ་ར། ཧ་ར་ཧ་ར། བ་ར་བ་ར། ས་ར་ས་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུད་དྷ་བི་ཥ་ཡ་ནི་བཱ་སི་ན། མ་ཧཱ་ཀཱ་རུ་ཎི་ཀ་ཤྭེ་ཏ་ཡཛྙཱེ་ཨུ་པ་པཱི་ཏ། ར་ཏྣ་མུ་ཀུ་ཊ། མཱ་ཡཱ་དྷ་ར། སརྦ་ཛྙཱ་ཤི་ར་སི་ཀྲྀ་ཏ་ཛ་ཊཱ་མ་ཀུ་ཊ། མ་ཧཱ་ཨད་བྷུ་ཏ། ཀ་མ་ལ་ཨ་ལཾ་ཀྲྀ་ཏ་ཀ་ར་ཏ་ལ། དྷྱཱ་ན། ས་མཱ་དྷི། བི་མོཀྵ། ཨ་པྲ་ཀམྤྱ། བ་ཧུ་སཏྭ་སན་ཏ་ཏི་པ་རི་པཱ་ཙ་ཀ །མ་ཧཱ་ཀཱ་རུ་ཎི་ཀ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཀ །སརྦ་ཛྙཱ་ཛྙཱ་ན་པ་རི་པཱུ་ར་ཀ །སརྦ་བྱཱ་དྷི་པ་རི་མོ་ཙ་ཀ །སརྦ་སཏྭ་ཨཱ་ཤཱ་པ་རི་པཱུ་ར་ཀ །སརྦ་སཏྭ་ས་མཱ་ཤྭཱ་ས་ན་ཀ་ར་ན་མསྟུ་ཏེ་སྭཱ་ཧཱ། ཨ་མོ་གྷཱ་ཡ་སྭཱ་ཧཱ།


DKG091_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མོ་གྷ་པཱ་ཤཱ་ཡ་སྭཱ་ཧཱ། ཨ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་པཱ་རཱ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷ་སུ་ཏཱ་ཡ་སྭཱ་ཧཱ། མཱ་ར་སཻནྱ་པྲ་མརྡནཱ་ཡ་སྭཱ་ཧཱ། ཨ་བྷ་ཡཱ་ཡ་སྭཱ་ཧཱ། ཨ་བྷ་ཡ་པྲ་དཱ་ཡ་སྭཱ་ཧཱ། ཛ་ཡཱ་ཡ་སྭཱ་ཧཱ། བི་ཛ་ཡཱ་ཡ་སྭཱ་ཧཱ། ཛ་ཡ་བི་ཛ་ཡཱ་ཡ་སྭཱ་ཧཱ། བ་ར་དཱ་ཡ་སྭཱ་ཧཱ། བ་ར་པྲ་དཱ་ཡ་སྭཱ་ཧཱ། ཨ་ཀཱ་ལ་མྲྀ་ཏྱུ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨིད་ཉྩ་མེ་ཀརྨ་ཀུ་རུ་ན་མ་སྟུ་ཏེ་སྭཱ་ཧཱ། ཨོཾ་ར་ཎ་ར་ཎ་ཧཱུཾ་ཕཊ། ཨོཾ་ཛ་ཡ་ཧཱུཾ་ཕཊ། ཨོཾ་ཛྲ་ཛྲིཾ་ཛུ་ཧཱུཾ་སྭཱ་ཧཱ། ཨོཾ་ཧཱུཾ་ཛ་ཡ་སྭཱ་ཧཱ། ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་ཨ་མོ་གྷ་པཱ་ཤའི་གཟུངས་བུམ་པ་ལ་བཟླས་པས་མི་བགེགས་ཀྱིས་བརླམས་པའམ། འདྲེ་གདོན་གྱིས་ཟིན་པའམ། བྱད་འོག་ཏུ་ཆུད་པའམ། བུད་མེད་བྱུར་ངད་ཅིང་བུ་མེད་པའམ། བུ་མི་འཚོ་བ་ལ་སོགས་པ་ལ་ཕན་པར་བྱ་བའི་ཕྱིར་ཆོ་ག་བྱ་ན། འབབ་ཆུའི་འགྲམ་མམ། ཤིང་གཅིག་པའི་དྲུང་ངམ། ལམ་གྱི་བཞི་མདོའམ། ཁང་སྟོང་ལ་སོགས་པའི་དབུས་ནས་དཀྱིལ་འཁོར་གྱིས་བླང་བར་བྱ་སྟེ། དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་ལ། ནུབ་ཕྱོགས་སམ། བྱང་ཕྱོགས་ཀྱི་སྒོ་བཏོད་པ་ཅིག་ཚོན་རྩི་དཀར་པོ་སྣ་གཅིག་གིས་བྲིས་ཏེ། དབུས་སུ་ཡང་པད་མ་དཀར་པོ་འདབ་མ་བརྒྱད་པ་ཅིག་བྲིས་ལ། གསེར་དངུལ་ལམ་ཟངས་ཀྱི་བུམ་པ་མ་ཞུམ་པ། མི་འཇིག་པའམ། ཁམ་པའི་བུམ་པས་ར་པ་སོ་བཏང་བའི་ནག་པོ་དང་ར་རི་མེད་པ་གཅིག་སྤོས་ཆུས་བཀང་སྟེ། རིན་པོ་ཆེ་སྣ་ལྔ། སྨན་སྣ་ལྔ། འབྲུ་སྣ་ལྔ་བླུགས་ལ། མགུལ་རས་དཀར་པོ་སར་པ་ཁ་ཚར་མ་བཅད་པ་དང་། མེ་ཏོག་གི་ཕྲེང་བས་བཅིངས་ཏེ། ཁར་ཤུག་པའམ། ཐང་ཤིང་གི་མགོ་ལྕོགས་བཅུག་ལ་


DKG091_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དང་འབྲས་བུས་བརྒྱན་པ་གཅིག་པད་མའི་སྟེང་དུ་བཞག་ལ། གཟུངས་ཀློག་པ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྒྱུར་ཏེ། བུམ་པ་དེ་ཡང་རིན་ཆེན་རྫིང་བུ་བདུད་རྩིའི་ཆུས་གང་བར་བསམས་ལ། ཆུ་དེའི་ནང་ནས་པད་མ་དཀར་པོ་ཅིག་བྱུང་བར་བསམས་ཏེ། པད་མ་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡི་གེ་དཀར་པོ་བསམས་ཏེ། ཡི་གེ་དེ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པར་བསམས་ལ་མཆོད་པ་དང་། བསྟོད་པ་བྱས་ཏེ། གང་བསྒྲུབས་པའི་དངོས་པོ་གྲུབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་པས། ཨ་མོ་གྷ་པཱ་ཤའི་གཟུངས་མང་པོས་བུམ་པ་དེ་ལ་ལན་བཅུ་གསུམ་དུ་ཚིག་གཞན་མི་སྨྲ་བར་བཟླས་ཏེ། བུམ་པ་དེའི་ཆུས་དེའི་སྤྱི་བོ་ནས་བླུགས་ན་བགེགས་དང་གདོན་ལ་སོགས་པ་ལས་ཐར་བར་འགྱུར་རོ། །དེ་ལ་གོས་དང་བཅས་པར་སྤྱི་བོ་ནས་བླུགས་ལ། བླུགས་པའི་ཚེ་ཡང་གཟུངས་ཀློག་པ་དང་། ཀློག་པར་བྱ་བ་གཉིས་ཀས་ཀྱང་ལུས་ཕྱི་ནང་གཉི་ས་དག་པ་དང་། འདྲེ་གདོན་ལས་ཐར་བར་སེམས་རྩེ་གཅིག་ཏུ་སེམས་ཤིང་བཀླག་གོ། །གོས་གཤེར་བ་དེ་ཡང་ཡུགས་དོར་བའི་ཐབས་སུ་བོར་ལ། གོས་དཀར་པོ་སར་པ་གོན་ཏེ། སྤོས་དང་། མེ་ཏོག་ལ་སོགས་པས་ལུས་བརྒྱན་པ་དེ་ཉིད་ལན་ཅིག་བཀླགས་པས་ལུས་བསྲུངས་ཏེ་བཀྲ་ཤིས་ཀྱང་བཀླག་གོ། །དཀྱིལ་འཁོར་དེའི་ཁོ་ར་ཁོར་ཡུག་ཏུ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱང་སོ་སོའི་མིང་སྨོས་ཏེ་སྤྱན་དྲངས་ལ་མཆོད་ནས། ལས་གང་བསྒྲུབ་པ་དེ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། མཆོད་པ་རྣམ་པ་ལྔ་པ་གཅིག་གིས་མཆོད་ལ། འབྱུང་པོ་ཕལ་རྣམས་ལ་ཡང་གཏོར་མ་རྒྱ་ཆེར་སྦྱིན་ནོ། །བདག་སྲུང་བ་དང་། མཚམས་བཅད་པ་ཡང་ཨ་མོ་གྷ་པཱ་ཤའི་གཟུངས་དེ་ཉིད་ཀྱིས་ཚུལ་བཞིན་དུ་བྱས་ན། དེ་ཡང་ཚེས་བརྒྱད་ལ་བྱ་བའི་


DKG091_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོ། །ཆོ་ག་འདིས་བགེགས་ཀྱིས་བརླམས་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལས་ཐར་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། མི་ཐ་མལ་པ་ལ་བྱས་ན་ཡང་ཕྱིས་བགེགས་དང་། བྱད་སྟེམས་ཀྱིས་མི་ཚུགས། ནད་འགོ་བས་མི་ཐེབས། དཔལ་ཆེ་ཞིང་བསམས་སོ་ཅོག་འགྲུབ་པར་འགྱུར་རོ། །རིན་པོ་ཆེ་སྣ་ལྔ་ལ་གསེར་བྱི་རུ། མུ་ཏིག །དུང་། ཤེལ། སྨན་ལྔ་ལ། སིང་ཧ། བྱཱ་གྷྲི། གི་རི་ཀིརྣི། ས་ཧ། ས་ཧ་དེ་བ། འབྲུ་སྣ་ལྔ་ལ། ནས་སོ་བ། འབྲས་སོ་བ། ཏིལ། གྲོ། མོན་སྲན། མ་ཤའོ། །འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ།། །།ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། མངྒ་ལཾ།། །།ཤུ་བྷཾ།། །


previousའཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།no next