Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་བུའི་དཀྱིལ་འཁོར་གྱི་ཆོ་ག
   
   
   
   
   
   
   
   
   
   
   


 
previousནོར་བུའི་དཀྱིལ་འཁོར་གྱི་ཆོ་གnext

ནོར་བུའི་དཀྱིལ་འཁོར་གྱི་ཆོ་ག


DKG092_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཤད་པར་བྱ་སྟེ། རྒྱར་གཟིངས་ཀྱི་ཚད་ཀྱི་ལོགས་བཞི་པ་ཟུར་བཞི་པ་ཤིན་ཏུ་བཅགས་པ། ལེགས་པར་སྦྱར་བ་མཆོག་ཏུ་མཛེས་པ་བྱའོ། །ཁོར་ཡུག་ཏུ་མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོགས་ཀྱིས་བཀྲ་བ་བྲིས་ལ་ཤར་གྱི་སྒོ་རྣམ་པར་ཕྱེ་སྟེ་དབུས་ཀྱི་དཀྱིལ་འཁོར་གྱི་པདྨ་རྡོ་རྗེའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བའི་དབུས་ཀྱི་པདྨའི་གེ་སར་ལ་ཡང་། འཇིག་རྟེན་དབང་ཕྱུག་དགོད་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ། རྫས་ཀྱི་སྣོད་གཞག་པར་བྱ་ཞིང་། མེ་ཏོག་གཅལ་དུ་བཀྲམ་པར་བྱ་ལ། དཀྱིལ་འཁོར་བརྒྱན་པར་བྱ་སྟེ། དྲི་དང་། ཡོན་ཆད་དབུལ་བར་བྱ་ཞིང་། ཙནྡན་གྱི་བདུག་པ་སྲེག་གོ། །ཉིན་མཚན་དུ་གོས་


DKG092_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མ་བགོ་ཞིང་བཅིང་བར་བྱ། ཤིན་ཏུ་དྲི་མ་མེད་པའི་སེམས་དུ་འགྱུར་བར་བྱ། བྱམས་པ་དང་། སྙིང་རྗེ་མཆོག་ཏུ་འགྱུར་བར་བྱ་ཞིང་། དེ་ནས་ནོར་བུའི་རྫས་སྨྲས་པོ་ཞེས་སོ། །ནོར་བུའི་དཀྱིལ་འཁོར་གྱི་ཆོ་གའོ།། །།


previousནོར་བུའི་དཀྱིལ་འཁོར་གྱི་ཆོ་གnext