Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤ་ལོ་ཀ་བརྒྱ་ལོབས་པ།
   
   
   
   
   
   
   
   
   
   
   
   


 
previousཤ་ལོ་ཀ་བརྒྱ་ལོབས་པ།next

ཤ་ལོ་ཀ་བརྒྱ་ལོབས་པ།


DKG093_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ། གདོང་འཁྲུ་བའི་ཚེ་ཆུ་ཁྱོར་གང་ལ་སྔགས་འདི་ལན་གསུམ་མམ་བདུན་བཟླས་ཏེ་འཐུངས་ན་ཉིན་གཅིག་ཀྱང་ཡི་གེ་ཤ་ལོ་ཀ་བརྒྱ་ལོ་བས་པར་འགྱུར་ཏེ། སྔོན་ལོབས་པ་རྣམས་ཀྱང་བརྗེད་པར་མི་འགྱུར་རོ། །ཤ་ལོ་ཀ་བརྒྱ་ལོབས་པ་རྫོགས་སོ།།


previousཤ་ལོ་ཀ་བརྒྱ་ལོབས་པ།next