Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས།next

འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས།


DKG097_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། བི་རི་བི་རི། ཧུ་རུ་ཧུ་རུ། བེེ་རོ་ཙ་ན་ར་སྨི་སཉྩོ་དི་ཏེ་ཨཱ་གཙྪ་ཨཱཪྱ་ཨཱ་ཀཱ་ཤ་གརྦྷ་མ་ཧཱ་ཀཱ་རུ་ཎི་ཀཱ་པཱུ་ར་ཡ་ཧ་ཤཱ་ན། དྷ་ར་ཡ་བུདྡྷེ་བིཤྩ་ཡ་ན། ཙ་ར་ཙ་ར། ཙི་རི་ཙི་རི་སྭཱ་ཧཱ། བཏོན་པས་འགྲུབ་སྟེ། མཚོན་ཆ་དང་། མེ་དང་། ཆུ་དང་། དུག་དང་། དུག་སྦྱར་མ་དང་། བྱད་སྟེམས་རྣམས་ཀྱིས་མི་ཚུགས་སོ། །རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གང་དུ་བྲིས་ཏེ་བཞག་པ་དེར་ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་ཐམས་ཅད་མི་འབྱུང་བར་འགྱུར་རོ། །དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར་རོ། །འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།།


previousའཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས།next