Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།

2 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
 
རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་ཐོར་བུ་སྣ་ཚོགས།


2 occurrences of འ་འུར་
[Clear Hits]

 
previousརྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་ཐོར་བུ་སྣ་ཚོགས།no next

རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་ཐོར་བུ་སྣ་ཚོགས།


DLL1006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་ཐོར་བུ་སྣ་ཚོགས་བཞུགས་སོ། །


DLL1006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་ལ་བསྟོད་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ། ཨོཾ་བདེ་ལེགས་སུ་གྱུར་ཅིག །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་ལ་བསྟོད་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ། གང་སྐུ་རབ་བརྗིད་མཛེས་པའི་དཔལ་ལ་འཆི་མེད་རི་བོས་འགྲན་པར་མི་བཟོད་བལྟ་བས་མི་ངོམས་མཚན་དཔེས་སྤྲས། །གང་གསུང་ཡན་ལག་དྲུག་ཅུའི་དབྱངས་ལ་དྲི་ཟའི་དབྱངས་ཀྱིས་བསྒྲུན་པར་མི་སྤོབས་ཆོས་ཕུང་མཐའ་དག་ཅིག་ཅར་གསུང་། །གང་ཐུགས་ཤིན་ཏུ་གསལ་བའི་ཚུལ་ལ་ནམ་མཁའི་ནོར་བུས་ཆར་ཡང་མི་ཕོད་ཤེས་བྱ་མཐའ་དག་གསལ་བར་མཁྱེན། །གང་གི་རླབས་ཆེན་མཛད་པ་མཛད་ཚེ་བྱེད་པོ་སྐྱེངས་གྱུར་ཀུན་མཁྱེན་དེ་ནི་ཀུན་གྱི་གཙུག་ན་གཙུག་རྒྱན་བཞིན། །ལེགས་བཤད་དར་བའི་མཁྱེན་པ་མཁའ་ལྟར་ཡངས། །འགྲོ་ལ་མ་ལྟར་བརྩེ་བ་རྒྱུན་དུ་གོམས། །ཐུབ་བསྟན་རིན་ཆེན་སྤེལ་བའི་འཕྲིན་ལས་ཅན། །མཁས་གྲུབ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ཚད་མེད་མཁྱེན་པ་མཁྱེན་པའི་གཏེར་བཞིན་ཡངས། །དམིགས་མེད་ཐུགས་རྗེ་ཐུགས་རྗེ་ཆེན་པོ་


DLL1006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །རྨད་བྱུང་མཛད་པ་མཛད་པའི་ཐབས་མཁས་ཀྱིས། །ལམ་ཟབ་སྟོན་པ་སྟོན་པའི་རྒྱལ་ཚབ་རྒྱལ། །ཕུན་ཚོགས་ཐབས་ཚུལ་སྟོང་གིས་ལེགས་བསྒྲུབས་པའི། །གང་གི་མཁྱེན་བརྩེ་འཕྲིན་ལས་རྨད་བྱུང་རྣམས། །དཔག་ནུས་མིན་ཡང་སྲིད་པ་འདིར་ཤོང་བ། །ཨེ་མ་ཤེས་བྱའི་ཁྱོན་འདི་ཤིན་ཏུ་ཡངས། །ཡང་ན་ཁྱོད་ཀྱི་མཁྱེན་བརྩེ་འཕྲིན་ལས་རྣམས། །གཟུགས་སུ་གྱུར་ན་ཞིང་འདིར་མི་ཤོང་བས། །ཐོགས་དང་དོག་པའི་བསྙེམས་པ་སྤང་པའི་ཕྱིར། །འདི་དག་ལུས་ཅན་མིན་པར་གནས་པ་བཞིན། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་མཛད་པའི་ཚོགས། །གཅིག་ཏུ་བསྡུས་ནས་ཉིད་ཀྱིས་བཟུང་བས་ན། །སྲིད་པ་གསུམ་ན་འགན་ཟླ་མ་མཆིས་ཀྱང་། །སྲིད་གསུམ་ཕན་ཚུན་འགྲན་ནས་འཕེལ་བར་ངེས། །མགོན་ཁྱོད་དེ་ལྟར་ཡོན་ཏན་མཐའ་ཡས་ཤིང་། །སྐྱོན་གྱི་གོ་སྐབས་ནམ་ཡང་མ་མཆིས་པས། །ད་བཞིན་ལུས་ཅན་ཀུན་ལ་ཕན་དགོངས་པ། །བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྐྱེ་བ་སྐྱེ་བ་རྣམས་སུ་ལས་ཉོན་གྱིས། །འཁོར་བ་འཁོར་བར་འཁྱམས་པའི་སྐྱེ་བོ་ལ། །འཇིག་རྟེན་འཇིག་རྟེན་འདས་པའི་ལམ་བསྟན་ནས། །ཐམས་ཅད་ཐམས་ཅད་མཁྱེན་པར་འདྲེན་ལ་འདུད། །སྒྱུ་མ་སྒྱུ་མ་མཁན་གྱིས་དམིགས་པ་ལྟར། །དེ་བཞི་དེ་བཞིན་གཤེགས་པའི་སྲས་ཁྱོད་ཀྱིས། །འདུས་བྱས་འདུས་བྱས་མིན་པའི་ཆོས་རྣམས་ཀྱི། །རང་བཞིན་རང་བཞིན་མེད་པར་མཁྱེན་ལ་འདུད། །ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ལས་བྱུང་བའི། །ཀུན་བཟང་མཆོད་པའི་སྤྲིན་དང་ལྷན་ཅིག་ཏུ། །ཀུན་ནས་བསྟོད་པའི་ཀུན་ཏུ་བཟང་པོ་འདི། །ཀུན་མཁྱེན་ཆོས་རྗེའི་དྲུང་དུ་འབུལ་བར་བགྱི། །


DLL1006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ཀུན་ཏུ་བཟང་པོ་ཀློག་ཚུལ་ནི། །ཐོག་མར་བཅུ་བདུན་འཕྲེང་རྣམས་ལེགས་བརྗོད་ཅིང་། །དེ་ནས་ཕྱེད་ལེན་བྱས་ཏེ་གདོན་པར་བྱ། །དེ་རྗེས་ཕྱོགས་མཚམས་བརྒྱད་ནས་དབུས་སུ་བརྗོད། །དེ་ནས་མཐའ་སྐོར་རིམ་པར་ཆོས་སྐོར་ལ། །ལ་གཅིག་བརྗོད་པས་ཀུན་ཏུ་བཟང་པོ་སྟེ། །དེ་རྗེས་སྟེང་གི་མཁས་ནས་མཁས་ཀྱི་བར། །ཟུར་ལ་ཆོས་སྐོར་ཚུལ་གྱིས་ལན་གཅིག་བསྐོར། །སླར་ཡང་ཀུན་ཏུ་བཟང་པོའི་སྙིང་པོ་བརྗོད། །གཞན་ཡང་འདི་ཡི་ཀློག་ཚུལ་མང་པོ་དག །རྒྱས་པར་ཤེས་འདོད་ངག་ལས་རྟོགས་པར་མཛོད། །མཁའ་ལྟར་རྒྱ་ཆེ་མཚོ་ལྟར་གཏིང་ཟབ་པའི། །ཀུན་མཁྱེན་ཆོས་རྗེའི་ཡོན་ཏན་དག་ཡས་ལས། །ཆུ་ཐིགས་ཙམ་ཞིག་བླངས་ཏེ་སྤེལ་བས་ཀྱང་། །བདག་གི་ཡིད་མཚོར་དང་བའི་ཆུ་བོ་འཕེལ། །འདི་ཡི་དགེ་བའི་ཉིན་བྱེད་ཤར་བའི་མཐུས། །འགྲོ་བའི་སྙིང་ལ་གནས་པའི་མུན་པ་རྣམས། །རྣམ་པར་བསལ་ནས་བླང་དང་དོར་བྱའི་གནས། །ཇི་བཞིན་གཟིགས་པའི་སྣང་བ་ཐོབ་པར་ཤོག ། སྐྱེ་བ་ཀུན་ཏུ་བླ་མའི་ཞབས་པད་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་རབ་མཆོད་ནས། །རྒྱལ་


DLL1006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགྱེས་པ་འབའ་ཞིག་སྒྲུབ་པ་ལ། །རྗེ་བཙུན་བླ་མ་ཉིད་དང་མཚུངས་པར་ཤོག །སྡོམ་བརྩོན་མཆོག་ཁྱོད་ཡོངས་བསྟོད་མོས་བློས་མཆོད། །ཉོན་མོངས་སོ་སོར་སྤོང་ངོ་ཚོགས་གསོག་སྤྲོ། །མགོན་ཁྱོད་ཆོས་འཁོར་བསྐོར་མཛོད་འགྲོ་དོན་མཛོད། །འགྲོ་ཚོགས་ཉོན་མོངས་ཡོངས་གྲོལ་མཆོག་ཐོབ་ཤོག །གནས་གསུམ་ཤེས་བྱའི་ལྷ་ལམ་ཡངས་པར་ཐབས་ཤེས་ཟབ་མོའི་འགྲོས་དང་ལྡན་ཞིང་མཁྱེན་རབ་དང་ཐུགས་རྗེའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ་ལ་ལེགས་པར་བཤད་པའི་རི་མོ་གསར་པས་མཛེས་པར་བྱས་པ་གདུལ་བྱའི་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་ལེགས་པར་འདོམས་པའི་གསུང་གི་འོད་དཀར་འཕྲོས་པས་སྨྲ་བ་ངན་པའི་མུན་པ་ཐམས་ཅད་བཅོམ་ནས་ཐུབ་པའི་བསྟན་པ་ཆེས་ཆེར་གསལ་བར་མཛད་པའི་བདག་ཉིད་ཆེན་པོ་མཁས་པ་རྒྱུ་སྐར་དུ་མའི་དབུས་ན་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བའི་དཔལ་གྱིས་རབ་ཏུ་བརྗིད་པ་སྨྲ་བའི་ཟླ་བ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་ལ་བསྟོད་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འདི་ནི་དཔལ་སྣར་ཐང་པ་དགེ་འདུན་གྲུབ་ཀྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཁྲོ་མོའི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ལ་ལེགས་པར་སྦྱར་བའོ།། །། ༢༽ རྒྱལ་ཚབ་ཐམས་ཅད་མཁྱེན་པའི་བསྟོད་པ། དཔལ་ལྡན་བླ་མ་དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་མཆོག་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དཔྱོད་ལང་ཚོར་དར་མའི་ལུས། །ཡོན་ཏན་རིན་ཆེན་དུ་མས་མཛེས། །


DLL1006_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་མིག་དཀྱུས་རིང་པོ་ཅན། །མཁས་པའི་ཡིད་འཕྲོག་ཁྱོད་ལ་འདུད། །ཡབ་རྗེ་དམ་པའི་བཀའ་ལུང་གིས། །དྲི་མེད་རིགས་པའི་ཅོད་པན་བཅིང་། །ཆོས་ཀྱི་སྲིད་ལ་དབང་བསྐུར་བ། །རྒྱལ་ཚབ་དམ་པ་རྒྱལ་གྱུར་ཅིག །ཚངས་དང་སྐབས་གསུམ་དབང་པོ་སོགས། །མཐོ་རིས་མགོན་པོའི་གཙུག་རྒྱན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་པ། །ཁྱོད་ལ་བདག་ཅག་མངོན་པར་དད། །ཆེན་པོ་རྣམས་ཀྱང་མཆོད་པའི་གནས། །ཚོགས་ཀྱི་ནང་ན་མཁས་པའི་མཆོག །སྐྱོན་མེད་ཡོན་ཏན་ཀུན་ལྡན་པ། །ཁྱོད་ལ་སྙིང་ནས་སྐྱབས་སུ་འཆི། །བསྐལ་པར་གོམས་པ་ཁྱོད་ཀྱི་ཐུགས། །འགྲོ་ལ་བུ་གཅིག་ལྟར་དགོངས་པའི། །བྱམས་དང་སྙིང་རྗེའི་གཏིང་མཐའ་ནི། །རྒམ་མཚོའི་དཔེ་ཡིས་ཉེ་བར་མཚོན། །འདི་ཀུན་བདག་གིས་བསྒྲལ་ལོ་ཞེས། །འགྲོ་ལ་ཕན་པའི་དམ་བཅའི་ཁུར། །ཤིན་ཏུ་ལྕི་བས་ནོན་ན་ཡང་། །དུབ་པར་མ་གྱུར་ཨེ་མ་མཚར། །ཐབས་དང་ཤེས་རབ་གོམས་པའི་འགྲོས། །དྲང་པོའི་ལམ་དུ་བགྲོད་པ་ལས། །དམ་བཅའི་ཁུར་དེ་མཐར་ཕྱིན་པར། །གཟིགས་ནས་རྒྱལ་སྲས་ལམ་ལ་འབད། །ཡིད་འོང་ལུས་དང་ལོངས་སྤྱོད་རྣམས། །སློང་བའི་འགྲོ་ལ་མ་ཞུམ་པར། །སྦྱིན་པའི་ཕྱག་རིང་བརྐྱངས་ནས་ཀྱང་། །ཕོངས་པ་རྣམས་ཀྱི་དབུགས་དབྱུང་མཛད། །ཕྱི་དང་ནང་གི་དངོས་པོ་ཀུན། །གཏོང་བ་འབའ་ཞིག་གོམས་པའི་བློས། །སེར་སྣའི་དྲི་མ་བཅོམ་པ་ལས། །ཕུན་ཚོགས་ཐམས་ཅད་སྤྲིན་བཞིན་འདུས། །ལེགས་སྤྱད་འབྱོར་པ་མི་དམན་པའི། །དལ་དང་འབྱོར་པའི་ཁང་བཟང་ལ། །བསླབ་གསུམ་ནོར་བུས་རབ་


DLL1006_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི། །སྒྲུབ་པའི་རྒྱལ་མཚན་ལེགས་པར་གཙུགས། །མཛེས་ཤིང་ཡིད་འཕྲོག་བརྗིད་པའི་སྐུ། །ཧ་རི་ཙནྡན་ལྗོན་པའི་ཤིང་། །ཚུལ་ཁྲིམས་དྲི་ངད་ལྡང་བ་ཡིས། །ཡིད་ཀྱི་གདུང་བ་མ་ལུས་འཕྲོག །དཀའ་བ་བརྒྱ་ཕྲག་དུ་མས་ཀྱང་། །མི་འཁྲུག་བཟོད་པའི་གོ་ཆ་གྱོན། །ཁོང་ཁྲོའི་དགྲ་བོ་དྲུངས་ཕྱུང་ནས། །དུལ་བའི་དཔལ་དེ་ཁྱོད་ཀྱིས་བརྙེས། །ལེ་ལོའི་བུད་ཤིང་བསྲེག་སླད་དུ། །བརྩོན་པའི་མེ་ཆེན་སྦར་བ་ཡིས། །ཉེས་པའི་ཚང་ཚིང་གཞན་དག་ཀྱང་། །ངེས་པར་བཅོམ་འདི་རྨད་དུ་བྱུང་། །བྱིང་རྒོད་རླུང་གིས་མི་གཡོ་བའི། །ཏིང་འཛིན་མར་མེ་གསལ་བ་ལ། །བརྟེན་ནས་ཆོས་ཀྱི་དེ་ཉིད་ནི། །ཤེས་རབ་མིག་གིས་མངོན་སུམ་གཟིགས། །རྣོ་ཞིང་མྱུར་བ་ཟབ་པའི་བློས། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །མཁས་པ་ཞེས་བྱ་ཁྱོད་ཉིད་དེ། །གཞན་རྣམས་དེ་ཡི་གཟུགས་བརྙན་ནོ། །འཇིག་རྟེན་མ་ལུས་བྱེད་པ་ལ། །བྱེད་པོ་མཁས་པར་གྲགས་ཀྱང་ངེས། །ཁྱོད་དང་མཚུངས་པའི་མཁས་པ་གཞན། །བགྱིད་པར་ནུས་པ་མ་ལགས་སོ། །དྲི་མེད་རིགས་པའི་བྱི་དོར་གྱིས། །ཁྱོད་ཐུགས་དག་པའི་མེ་ལོང་ལ། །ཤེས་བྱའི་གཟུགས་བརྙན་ཅིག་ཅར་དུ། །གསལ་ལ་མ་འདྲེས་རྫོགས་པར་ཤར། །ཁྱོད་ཀྱི་ཡེ་ཤེས་དུས་མཐའི་མེ། །ཆོས་དབྱིངས་མཁའ་ལ་འཕྱོ་བ་ན། །འདི་ཡིས་ངེས་པར་སྐེམས་སོ་ཞེས། །སྡུག་བསྔལ་རྒྱ་མཚོ་འདར་རམ་སྙམ། །མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཆོས་ཀུན་ཁོང་དུ་ཆུད་པས་ན། །ཤེས་བྱའི་ཁྱོན་ལས་ཉིད་ཀྱི་ཐུགས། །ངེས་པར་ཡངས་པ་ལགས་སམ་སྙམ། །


DLL1006_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བའི་དཀྱིལ་འཁོར་ལེགས་བཤམས་པའི། །མཁས་པའི་མདུན་སར་མགོན་པོ་ཁྱོད། །ཆོས་བཀའ་རྒྱ་ཆེན་སྒྲོག་པ་ལ། །མི་འཇིགས་སེང་གེའི་ཁྲི་ལ་དབང་། །བློ་མིག་བྲལ་ཀྱང་མཁས་རློམ་པའི། །ཕས་རྒོལ་མཐའ་དག་ཁྱོད་དྲུང་ན། །ཚིག་གི་འཁར་བ་འཁྱོར་བཞིན་དུ། །རྩོད་པའི་གོམ་པ་གྱ་ཚོམ་འདོར། །རིགས་གཞུང་ཆུ་གཏེར་ལས་འཐོན་པའི། །གང་གི་བློ་གྲོས་རི་དབང་ནི། །ཕ་རོལ་རྒོལ་བའི་རླུང་ཤུགས་ཀྱིས། །ཅུང་ཟད་ཙམ་ཡང་བསྐྱོད་པ་མིན། །མགོན་ཁྱོད་གདུལ་བྱའི་འཇིག་རྟེན་ལ། །ཉིན་བཞིན་ལེགས་བཤད་འདོམས་པ་ནི། །སངས་རྒྱས་རྣམས་ཀྱི་འཕྲིན་ལས་བཞིན། །ནམ་ཡང་དུས་ལས་འདའ་མི་སྲིད། །དཔལ་ལྡན་ཕྱོགས་ཀྱི་རི་མོ་མཁན། །གདུལ་བྱའི་ཡིད་ཀྱི་རྩིག་ངོས་ལ། །རྣམ་དཔྱོད་པིར་གྱི་རྩེ་མོ་ཡིས། །ལེགས་བཤད་རི་མོ་ཅི་ཡང་འབྲི། །སངས་རྒྱས་ཉིད་དུ་བགྲོད་པ་ལ། །གྲངས་མེད་གསུམ་ལ་མ་ལྟོས་པའི། །རྡོ་རྗེ་ཐེག་པ་ཉེ་བའི་ལམ། །རྒྱལ་བའི་དགོངས་པ་ཁྱོད་ཀྱིས་རྙེད། །རྣམ་དག་དབང་གིས་རྒྱུད་སྨིན་ཅིང་། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས། །རིམ་གཉིས་ཟབ་མོའི་མཐར་སོན་པ། །གོ་འཕང་མཆོག་ཏུ་གྱུར་ལ་འདུད། །དེ་ནས་སྐལ་བཟང་གདུལ་བྱ་ལ། །ཆོས་ཀྱི་བདུད་རྩིའི་བགོ་སྐལ་བྱིན། །རྨོངས་པའི་དྲི་མ་མ་ལུས་བཀྲུས། །མཚུངས་པ་མེད་པའི་བཀའ་དྲིན་མཛད། །ཤེས་བྱ་ཀུན་ལ་མངའ་སྒྱུར་ཀྱང་། །སྙིང་རྗེའི་གཞན་དབང་གྱུར་པ་ཁྱོད། །སྲིད་པ་ཇི་སྲིད་གནས་ཀྱི་བར། །གཞན་གྱི་དོན་ལ་བརྩོན་པ་ལགས། །དེའི་ཕྱིར་རྒྱལ་བའི་བསྟན་པ་ལ། །བགྱི་བར་འོས་པ་


DLL1006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཛད་པ། །མཉམ་མེད་ཐུགས་རྗེའི་གཏེར་ཆེན་ལ། །རྣམ་པ་ཀུན་ཏུ་ཕྱག་བགྱིའོ། །གང་གི་ཡོན་ཏན་ཆུ་གཏེར་ལས། །ཐིགས་པའི་ཆ་ཙམ་འཐུངས་པས་ཀྱང་། །དད་པའི་སྤུ་ལོང་ཆེར་གཡོས་ཏེ། །གུས་པའི་ཚིག་འདི་གསོལ་བ་ལགས། །དྲི་མེད་སྟོན་ཀའི་ཟླ་ཟེར་ལྟར། །མཆོག་ཏུ་དཀར་བའི་དགེ་བ་འདིས། །མགོན་པོ་ཁྱོད་ཀྱི་ཞབས་དྲུང་དུ། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག །ཁྱོད་ཀྱི་ཞལ་གྱི་བུམ་བཟང་ལས། །ལེགས་འོངས་ལེགས་བཤད་བདུད་རྩིའི་རྒྱུན། །མ་ལུས་དད་པའི་སྙིམ་པ་ཡིས། །ངོམས་པ་མེད་པར་འཐུང་བར་ཤོག །རྒྱལ་བའི་གསུང་གི་གཅེས་པའི་མཛོད། །མཐའ་དག་རྒྱལ་བའི་དགོངས་པ་བཞིན། །ཉམས་པ་མེད་པ་འཛིན་པ་ལ། །འཇམ་པའི་དབྱངས་སུ་བདག་གྱུར་ཅིག །སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་། །གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན། །ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར། །དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག །རྗེ་བཙུན་བླ་མ་རིན་པོ་ཆེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། རྨད་དུ་བྱུང་བའི་མཁྱེན་རབ་མཐའ་ཡས་པ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རྒྱུན་མི་འཆད་པ་ཕྱོགས་དུས་ཐམས་ཅད་དུ་མཛད་པ་མངའ་བརྙེས་པས་ལུས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་པའི་བདག་ཉིད་ཆེན་པོ་རྒྱལ་ཚབ་དར་མ་རིན་ཆེན་གྱི་ཞལ་སྔ་ནས་ལ་བསྟོད་པ་དད་པའི་ལྗོན་ཞིང་ཞེས་བྱ་བའི་རབ་ཏུ་བྱེད་འདི་ནི། རྗེ་བཙུན་བླ་མ་དེ་ཉིད་ཀྱི་བཀའ་འབངས་ཐ་མར་གཏོགས་པ་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་མཆོག་ཏུ་དད་པའི་ཤུགས་ཀྱིས་


DLL1006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་བསླངས་ཏེ་དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །ཕུན་ཚོགས་དགེ་ལེགས་ཀུན་གྱི་འབྱུང་གནས་མཆོག །མཁས་པའི་དཔལ་གྱུར་ས་གསུམ་སྐྱེ་དགུའི་གཉེན། །བཟང་པོའི་མཛད་པ་ཕྱོགས་བཅུར་རྒྱས་མཛད་པ། །མཁས་གྲུབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །དགེ་ལེགས་ཤར་རིའི་རྩེ་ལ་མངོན་པར་འཛེགས། །རབ་དཀར་ལེགས་བཤད་རི་མོ་རྣམ་པར་བཀྲ། །ཐུབ་བསྟན་ཀུ་མུད་རྒྱས་པའི་དཔལ་ཡོན་ཅན། །སྨྲ་བའི་ཟླ་བ་མཆོག་ལ་གསོལ་བ་འདེབས། །ཞིང་འདིར་ཁྱོད་སྐུའི་ཉིན་བྱེད་ཤར་བའི་ཚེ། །ལོག་སྨྲ་འབྱུང་པོའི་བྱ་རྣམས་ལོང་གྱུར་ཅིང་། །གསུང་རབ་འདབ་བརྒྱའི་ཚལ་ཀུན་རྒྱས་མཛད་པ། །སྔོན་མེད་ཉི་མ་མཆོག་ལ་གསོལ་བ་འདེབས། །ལྷ་དང་བཅས་པའི་རྒྱལ་སྲིད་ཡོངས་རྫོགས་ལ། །ཆོས་ཀྱི་འཁོར་ལོས་འདོད་དགུར་དབང་བསྒྱུར་བ། །ཆོས་ཀྱི་རྒྱལ་པོས་མཁས་གྲུབ་དགེ་ལེགས་དཔལ། །བཟང་པོའི་ཞབས་ལ་གུས་པས་གསོལ་བ་འདེབས། །རྒྱ་ཆེན་བསོད་ནམས་རིང་ནས་བསྐྲུན་པའི་མཐུས། །རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་ཀུན། །ཇི་བཞིན་དྲན་པའི་སྔོན་གནས་མཁྱེན་པ་སོགས། །མངོན་ཤེས་ཐོགས་མེད་མངལ་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཁྱོད་སྐུའི་ལྷུན་པོ་ནི། །ཆོས་གོས་མཚམས་སྤྲིན་གཞོན་ནུས་རབ་འཁྱུད་ཅིང་། །མཁས་མང་གསེར་རིའི་དབུས་ན་ཡོན་ཏན་གྱི། །བང་རིམ་མངོན་པར་མཐོ་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་ལྷག་པའི་ལྷ་རྣམས་ཀྱིས། །རྗེས་སུ་བཟུང་ནས་ལེགས་པར་སྦྱངས་པ་ལས། །བཀའ་


DLL1006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟན་བཅོས་ཀུན་གྱི་ཚིག་དོན་ལ། །མཁས་པའི་མཁས་པ་ཁྱོད་ལ་གསོལ་བ་འདེབས། །བསླབ་གསུམ་མིག་འབྲས་ལྟ་བུར་རབ་གཟིགས་ནས། །རྒྱལ་བས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི། །བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བ། །རྣམ་དག་ཁྲིམས་དང་ལྡན་ལ་གསོལ་བ་འདེབས། །དྲན་དང་ཤེས་བཞིན་བག་ཡོད་གོམས་པ་ཡིས། །ཞི་ཞིང་མཆོག་ཏུ་དུལ་བའི་དཔལ་གྱིས་བརྗིད། །ཀུན་ལ་སྙོམས་པའི་ཐུགས་རྗེ་བླ་ན་མེད། །བཤེས་གཉེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ཐུགས་མ་དྲོས་མཚོ་ལས་ཉིན་རེ་བཞིན། །ལུང་རིགས་དུ་བ་དཀར་པོ་རབ་འཁྲིགས་པའི། །ལེགས་པར་བཤད་པའི་ཆུ་ཀླུང་སྟོང་ཕྲག་བརྒྱ། །རྒྱུན་མི་འཆད་པར་འབེབས་ལ་གསོལ་བ་འདེབས། །ཆོས་ཀྱི་འབྲུག་སྒྲ་ཟབ་མོ་ཕྱོགས་བཅུར་སྒྲོག །རིགས་པའི་གནམ་ལྕགས་དགག་སྒྲུབ་གློག་འཕྲེང་འཁྱུག །རྒོལ་བ་ངན་པའི་བྲག་རི་འདར་བྱེད་པ། །ཕྱོགས་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །གཞུང་ལུགས་ཡོངས་འདུའི་སྐྱེད་ཚད་ལས་འོངས་པའི། །སྙན་ངག་གསར་པའི་མེ་ཏོག་ཕྲེང་མཛེས་རྣམས། །བློ་གསལ་སྤྱི་བོའི་རྒྱན་དུ་འགོད་མཁས་པ། །ངག་གི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །འདི་ན་ཆོས་ཀྱི་དུང་ཆེན་འབུད་པ་ལ། །ད་ལྟ་ཁྱོད་ལས་མཆོག་གཞན་མ་མཆིས་ཞེས། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་མགྲིན་གཅིག་ཏུ། །མགོན་ཁྱོད་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས། །བགེགས་དཔུང་འཇོམས་པའི་མཐུ་རྩལ་མཐའ་


DLL1006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པའི། །ཕྱི་ནང་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཁྱོད་ཀྱི་བཀའ་དང་དམ་ལས་མི་འདའ་བར། །ཚུལ་བཞིན་འཕྲིན་ལས་སྒྲུབ་ལ་གསོལ་བ་འདེབས། །སྤྲོས་ཀུན་ཉེར་ཞིའི་དབྱིངས་ལ་མཉམ་བཞག་ཅིང་། །དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །སྒྱུ་མ་སྨིག་རྒྱུ་ཆུ་ནང་ཟླ་བའི་གཟུགས། །ཇི་བཞིན་དགོངས་པ་ཁྱོད་ལ་གསོལ་བ་འདེབས། །རྨི་ལམ་དུ་ཡང་རྗེ་བཙུན་ཙོང་ཁ་པས། །འོད་སྲུངས་ལེའུ་གསལ་བར་གསུངས་པའི་ཚེ། །ལྟ་བ་འཁྲུལ་པའི་དྲི་མ་ཀུན་བཅོམ་ནས། །ཆོས་ཉིད་སྔོན་དུ་གྱུར་ལ་གསོལ་བ་འདེབས། །འགྲོ་ཀུན་སྲིད་མཚོ་ཆེ་ལས་བསྒྲལ་བྱའི་ཕྱིར། །བདག་གཞན་མཉམ་བརྗེའི་བྱང་ཆུབ་ཐུགས་བསྐྱེད་ནས། །རླབས་ཆེན་སྤྱོད་པ་རྒྱ་མཚོའི་མཐར་སོན་པ། །རྒྱལ་སྲས་ཀུན་གྱི་གཙོ་ལ་གསོལ་བ་འདེབས། །བླ་མ་མཆོག་དང་རྒྱལ་བའི་གསུང་གི་མཛོད། །མཐའ་དག་བཟུང་ནས་ཚུལ་བཞིན་སྒྲུབ་པ་དང་། །དེ་དོན་གཞན་ལ་ལེགས་པར་འདོམས་པ་ལ། །མི་འཇིགས་སྤོབས་པ་བརྙེས་ལ་གསོལ་བ་འདེབས། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་བཞི། །སོ་སོའི་ལམ་གྱིས་སངས་རྒྱས་བགྲོད་པའི་ཚུལ། །གསལ་ལ་མ་འདྲེས་ཡོངས་སུ་རྫོགས་པའི་གནད། །མཁས་ཤིང་གྲུབ་པ་བརྙེས་ལ་གསོལ་བ་འདེབས། །ཐ་མལ་སྣང་ཞེན་དྲི་མ་ཀུན་བསལ་ནས། །གང་ཤར་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་དུ། །ལེགས་པར་འཆར་བའི་རིམ་པ་དང་པོའི་ལམ། །ཤིན་ཏུ་བརྟན་པ་བརྙེས་ལ་གསོལ་བ་འདེབས། །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཐུས། །ཀུན་རྟོག་རླུང་གི་སྤྲིན་


DLL1006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རུམ་སངས་གྱུར་ནས། །འོད་གསལ་ཉི་མ་ཐུགས་ཀྱི་དཀྱིལ་དུ་ཤར། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །དེ་ལྟར་གསུང་རབ་སྤྱི་དང་རྒྱུད་སྡེ་ལ། །ཐོས་བསམ་མཐར་སོན་སྒྲུབ་པ་སྙིང་པོར་མཛད། །རྒྱལ་བ་དགྱེས་པའི་ལམ་དེར་འགྲོ་ཀུན་འཁྲིད། །ཕན་མཛད་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཆོས་ཀྱི་རྗེ། །ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་དུ། །ལེགས་པར་མཐོང་ནས་གུས་པ་ཆེན་པོ་ཡིས། །སྤྱི་བོའི་གཙུག་ཏུ་བསྟེན་པར་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་མྱུར་དུ་འཇིག་པ་དང་། །ཕྱི་མར་ངན་འགྲོའི་གཡངས་ས་མཐོང་གྱུར་ནས། །སྡིག་སྤོང་དགེ་བ་མཐའ་དག་སྒྲུབ་པ་ལ། །ད་ལྟ་ཉིད་ནས་འབད་པར་བྱིན་གྱིས་རློབས། །ཉེས་བརྒྱའི་འབྱུང་གནས་སྲིད་པའི་ཕུན་ཚོགས་ལ། །སྐད་ཅིག་ཙམ་ཡང་ཡིད་བརྟན་མི་རུང་བར། །མཐོང་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། །སྲིད་པའི་རྩ་བ་ཆོད་པར་བྱིན་གྱིས་རློབས། །མར་གྱུར་འགྲོ་བའི་སྡུག་བསྔལ་མ་བཟོད་པར། །སྟོང་ཉིད་སྙིང་རྗེས་བརྒྱན་པའི་སེམས་བསྐྱེད་ནས། །རྒྱལ་སྲས་ཀུན་གྱི་རླབས་ཆེན་སྤྱོོད་པ་ལ། །བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། །བླ་མེད་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །ཚེ་གཅིག་ཉིད་ལ་རྡོ་རྗེ་འཆང་གི་སར། །ལེགས་པར་འཁྲིད་པའི་རིམ་གཉིས་ཟབ་མོའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བསོད་ནམས་འདི་ཡིས་ཚེ་རབས་ཐམས་ཅད་དུ། །མི་ཕམ་འཇམ་པའི་དབྱངས་ཀྱིས་ནོར་བཟང་ལ། །ལེགས་པར་འདོམས་པ་ཇི་བཞིན་བདག་ཅག་ལའང་། །བླ་མ་


DLL1006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་དགྱེས་བཞིན་འདོམས་པར་ཤོག །བཤེས་གཉེན་དམ་པས་རྗེས་སུ་བཟུང་བའི་ཚེ། །མི་མཉེས་ཅུང་ཟད་ཙམ་ཡང་མི་སྒྲུབ་ཅིང་། །སྐུ་གསུང་ཐུགས་ཀྱི་རྣམ་ཐར་ལེགས་བཟུང་ནས། །ཚུལ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱེད་ཤོག །ལུང་དང་མངོན་པར་རྟོགས་པའི་དམ་ཆོས་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པ་ལ། །བར་དུ་གཅོད་པའི་མིང་ཡང་མི་འབྱུང་ཞིང་། །མཐུན་པའི་རྐྱེན་རྣམས་བདེ་བླག་འགྲུབ་པར་ཤོག །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི། རྗེ་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་དུ་མས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ཆོས་སྨྲ་བའི་བཙུན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་ལེགས་པར་སྦྱར་བའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །རླབས་ཆེན་བསོད་ནམས་རིང་ནས་བསྐྲུན་པའི་མཐུས། །ཀུན་གྱིས་བཀུར་འི་ལྷ་ཡི་རིགས་འཁྲུངས་ཤིང་། །ལྷུན་གྱིས་གྲུབ་པའི་མཁས་བཙུན་བཟང་པོ་བརྙེས། །སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །བསོད་ནམས་བརྒྱ་ཕྲག་དུ་མས་བསྐྲུན་པའི་སྐུ། །ཟབ་ཅིང་རྒྱ་ཆེ་ལེགས་བཤད་འདོམས་པའི་གསུང་། །ལྷུན་གྲུབ་འཕྲིན་ལས་རྩོལ་བའི་ཐུགས་མངའ་བ། །སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །གྲངས་མེད་བསྐལ་པ་རྣམས་སུ་ཡང་དང་ཡང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་གོམས་པའི་མཐུས། །སྐུ་གསུམ་ལྷུན་གྲུབ་འཕྲིན་ལས་བཟང་པོ་ཅན། །


DLL1006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །བསོད་ནམས་མཆོག་གི་རྩ་བ་རབ་བརྟན་ཅིང་། །མཁྱེན་རབ་ཡལ་ག་ཤེས་བྱའི་ཁྱོན་ལ་འགྲན། །དོན་གཉིས་ལྷུན་གྲུབ་འབྲས་བུའི་ཁུར་གྱིས་བརྗིད། །སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །དམིགས་མེད་ཐུགས་རྗེས་བསྐྱོད་པའི་རྣམ་རོལ་ལས། །ལུས་ཅན་ཀུན་གྱི་བསོད་ནམས་ཞིང་མཆོག་དང་། །བསྟན་པའི་དཔལ་དུ་ལྷུན་གྲུབ་ཆོས་ཀྱི་རྗེ། །སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །བློ་ཆེན་རྒྱལ་སྲས་རྣམས་ཀྱིས་ལེགས་བསྒྲུབས་པའི། །བསོད་ནམས་ལྷུན་གྱིས་གྲུབ་པ་ཇི་སྙེད་ཀུན། །གཅིག་ཏུ་བསྡུས་ནས་གདུལ་བྱའི་དོན་མཛད་པ། །སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ངོ་བོ་ཆོས་ཀྱི་རྗེ། །བསྟན་འཛིན་ཀུན་གྱི་གཙུག་ཏུ་ལེགས་བཞུགས་ནས། །མར་གྱུར་འགྲོ་བའི་བསོད་ནམས་སྤེལ་སླད་དུ། །འཕྲིན་ལས་ལྷུན་གྲུབ་མཛད་པར་གསོལ་བ་འདེབས། །བསོད་ནམས་འདི་ཡིས་ཚེ་རབས་ཀུན་ཏུ་བདག །འདྲེན་མཆོག་བླ་མ་ཁྱོད་དང་མི་འབྲལ་ཞིང་། །ས་དང་ལམ་གྱི་ཡོན་ཏན་ཇི་སྙེད་ཀུན། །ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཐོབ་པར་ཤོག །ཅེས་སྤྱན་སྔ་རིན་པོ་ཆེ་བསོད་ནམས་ལྷུན་གྲུབ་པའི་ཞལ་སྔ་ནས་ཀྱི་དྲུང་དུ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི། དཔལ་སྣར་ཐང་པ་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་སྦྱར་བའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །སྤྱན་སྔ་རིན་པོ་ཆེ་ལ་བསྟོད་པ་འདོད་དགུ་འབྱུང་བའི་རིན་པོ་ཆེ་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །ལྷག་བསམ་དག་པའི་རྒྱལ་མཚན་རྩེར་མཆོད་པས། །


DLL1006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་རིན་ཆེན་དུ་མའི་ཆར་འབེབས་ཤིང་། །སྐྱེ་དགུའི་ཡིད་ལ་དགའ་བ་འཕེལ་མཛད་པ། །མཁས་གྲུབ་དབང་གི་རྒྱལ་པོ་ཁྱོད་ལ་འདུད། །ཚོགས་གཉིས་རིན་ཆེན་ཆུ་ཤེལ་ལས་གྲུབ་ཅིང་། །རིམ་གཉིས་ཟབ་མོའི་ཆ་ཤས་རྒྱུན་དུ་འཕེལ། །སྒྲིབ་གཉིས་མུན་པ་མཐའ་དག་སེལ་མཛད་པ། །རྐང་གཉིས་གཙོ་བོ་བླ་མའི་ཞབས་ལ་འདུད། །གནས་གསུམ་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །བསླབ་གསུམ་རིན་ཆེན་ཁང་བཟང་ཤིན་ཏུ་ཡངས། །དུས་གསུམ་རྒྱལ་བའི་བསྟན་པ་འཕེལ་མཛད་པ། །སྲིད་གསུམ་སྣང་མཛད་བླ་མའི་ཞབས་ལ་འདུད། །ཁྱོད་ནི་འདོད་དགུ་སྟེར་བའི་རིན་ཆེན་དང་། །བསྟན་པ་ཀུ་མུད་འཕེལ་བའི་ཟླ་བ་སྟེ། །རྒྱལ་བའི་ལོ་ཏོག་བསྐྲུན་པའི་འཛིན་མ་ཡིན། །དེ་ཕྱིར་ཁྱོད་ལ་ཟོལ་མེད་ཡིད་ཀྱིས་བསྟོད། །བསླབ་གསུམ་རིན་ཆེན་རྩ་བ་རབ་བརྟན་ཅིང་། །མཁྱེན་པའི་ཡལ་འདབ་ཐུགས་རྗེའི་གྲིབ་བསིལ་ཅན། །ཕན་བདེའི་འབྲས་བུ་མི་ཟད་འཕེལ་བའི་གཞི། །མཁས་གྲུབ་ལྷ་ཡི་དཔག་བསམ་ཁྱོད་ལ་འདུད། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་ཤིང་གོང་ནས་གོང་དུ་འཕེལ་བ་ལ། །ད་ལྟ་འདི་ན་ཁྱོད་ལས་གཞན་པ་སུ། །དེ་ཕྱིར་ཁྱོད་ནི་མཁས་པས་བསྔགས་པར་འོས། །རྒྱལ་བའི་བཀའ་དང་དགོངས་འགྲེལ་མ་ལུས་པ། །གདམས་པའི་མཆོག་ཏུ་ཤར་ནས་སྐལ་ལྡན་རྣམས། །སྐྱེས་བུ་གསུམ་གྱི་རིམ་པས་འཁྲིད་མཛད་པའི། །མར་མེ་མཛད་གཞུང་འཛིན་པའང་ཁྱོད་ཉིད་ལགས། །སྨོན་འཇུག་བྱང་ཆུབ་སེམས་ཉིད་རིན་པོ་ཆེ། །རང་དང་གཞན་གྱི་རྒྱུད་ལ་འཕེལ་མཛད་པས། །གང་གི་མཚན་ཡང་དོན་དང་


DLL1006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱུར་པ། །མཁས་གྲུབ་རིན་ཆེན་འཕེལ་ལ་ཕྱག་འཚལ་ལོ། །རླབས་ཆེན་རྒྱུན་མི་འཆད་པའི་བརྩོན་འགྲུས་ཀྱིས། །གྲངས་མེད་བསྐལ་པར་བསྒྲུབས་པའི་ལེགས་ཚོགས་རྣམས། །ཕངས་པ་མེད་པར་འགྲོ་ལ་སྦྱིན་ནས་སླར། །འགྲོ་བའི་ཡིད་འདི་ཉིད་ཀྱིས་ཕྲོགས་པར་གྱུར། །དེ་ཕྱིར་ཁྱོད་ནི་ཐུགས་རྗེའི་གཞན་དབང་དང་། །སྐྱེ་དགུ་འདི་ཡང་ཁྱོད་ཀྱི་དབང་གྱུར་པས། །མཐའ་མེད་འཁོར་བར་རྒྱུ་བའི་སྐྱེ་བོས་ཀྱང་། །ལེགས་པ་འབའ་ཞིག་སྒྲུབ་པར་གདོན་མི་ཟ། །སྤྲོས་བྲལ་ཟབ་མོའི་ངང་ལ་མཉམ་བཞག་ཆེ། །མཚན་མར་འཛིན་པའི་སྤྲིན་ཚོགས་རང་སར་དག །འོད་གསལ་ཉི་མ་ཐུགས་ཀྱི་དཀྱིལ་དུ་ཤར། །བདེ་གསལ་མི་རྟོག་འབྱོངས་པ་ཁྱོད་ལ་འདུད། །དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །སྣང་ཡང་བདེན་པས་སྟོང་པའི་རྟེན་འབྲེལ་ལ། །རྒྱུ་དང་འབྲས་བུ་སླུ་བ་མེད་གཟིགས་ནས། །འགྲོ་ཀུན་བརྩེ་བས་སྐྱོང་བ་ཁྱོད་ལ་འདུད། །དེ་ཚེ་ཁྱོད་ལ་ཀུན་ཁྱབ་མཁྱེན་པ་དང་། །འོད་གསལ་རྒྱུན་འཆད་མེད་པའི་ཏིང་འཛིན་དང་། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཆེན་པོ་རྣམས། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་གྱུར། །ལྷག་བསམ་རྣམ་པར་དཀར་བས་ལེགས་བསྒྲུབས་པའི། །བླ་མའི་ཡོན་ཏན་ཟབ་ཡངས་མཁྱེན་བརྩེའི་གཏེར། །དཔག་ནུས་མིན་ཡང་འཇིག་རྟེན་འདིར་ཤོང་བ། །ཨེ་མ་སྲིད་གསུམ་ཁོངས་འདི་ཤིན་ཏུ་ཡངས། །རྨད་བྱུང་ཡོན་ཏན་མང་པོའི་མཛོད་འཛིན་པ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །འཇིག་རྟེན་ཀུན་ལ་གསལ་བར་བྱ་བའི་ཕྱིར། །ཉིན་མོའི་དབང་ཕྱུག་གླིང་བཞིར་རྒྱུ་བ་བཞིན། །ཀུནྡའི་


DLL1006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ཡང་ཟུམ་པར་མི་བྱེད་ཅིང་། །རྟ་ལྗང་ཤུགས་ཀྱིས་དྲངས་པ་མིན་ཡང་འདིར། །དཔལ་ལྡན་བླ་མ་ནམ་མཁའི་ནོར་བུ་ཡིས། །ཡིད་ཀྱི་མུན་པ་མཐའ་དག་བཅོམ་པར་གྱུར། །ལུང་དང་རིགས་པའི་དཀྱིལ་འཁོར་རབ་རྒྱས་པ། །ཁྱོད་སྐུ་རི་བོང་འཛིན་པ་ཤར་བའི་མཐུས། །ལག་པའི་པདྨོ་སྤྱི་བོའི་གཙུག་ཏུ་ཟུམ། །དང་བའི་ཀུ་མུད་གསར་དུ་རྒྱས་པར་གྱུར། །ཁྱོད་ནི་མ་བཀྲུས་པར་ཡང་དྲི་མ་བྲལ། །བཅོལ་བ་མིན་ཡང་ཕུན་ཚོགས་མཐའ་དག་མཛད། །མ་འདྲིས་པར་ཡང་ཀུན་གྱི་གཉེན་གཅིག་པུ། །སྐྱེས་བུ་དམ་པའི་རང་བཞིན་ཨེ་མ་མཚར། །ཐུགས་རྗེའི་གཏིང་མཐའ་དཔག་པར་མ་ནུས་ཤིང་། །འཕགས་ནོར་བདུན་སོགས་རིན་ཆེན་དུ་མ་དང་། །ལེགས་བཤད་ཆུ་བོ་འཕེལ་བའི་གཞིར་གྱུར་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ནི་མཐོང་ཐོས་དྲན་ནའང་དོན་ལྡན་པ། །དེ་ཕྱིར་སྲིད་པ་གསུམ་གྱི་སྐྱེ་བོ་ཀུན། །ཁྱོད་ཀྱི་ཞབས་པད་དྲི་མ་མེད་པ་ལ། །རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །དཔག་ཡས་ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །བླ་མའི་སྐུ་ཚེ་རིན་ཆེན་རི་བོ་ལྟར། །རབ་ཏུ་བརྟན་ཅིང་དཔལ་གྱི་བརྗིད་པ་དང་། །འཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །མང་དུ་ཐོས་པའི་གྲུ་ཆེན་ནང་དུ་ཞུགས། །རྣམ་དཔྱོད་བ་དན་བརྩོན་པའི་རླུང་གིས་བསྐྱོད། །སྙན་ངག་ནོར་བུའི་གླིང་དུ་ངས་ཕྱིན་ཏེ། །བླ་མའི་ཡོན་ཏན་རིན་ཆེན་ལེགས་པར་བླངས། །རྒྱལ་སྲས་རྣམས་ལ་ཅུང་ཟད་དང་བས་ཀྱང་། །དཔག་མེད་དགེ་ལེགས་ཆེས་ཆེར་འཕེལ་འགྱུར་ན། །ལྷག་པར་གུས་པས་བསྟོད་པ་སྨོས་ཅི་དགོས། །དེའི་ཕྱིར་བདག་གིས་


DLL1006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་ལེགས་པར་རྙེད། །ཀུན་མཁྱེན་སྲས་པོ་དཔལ་ལྡན་བླ་མ་ལ། །ཀུན་ནས་དང་བས་བསྟོད་པའི་དགེ་བ་འདིས། །ཀུན་གྱི་རྒྱུད་ལ་རིན་ཆེན་བྱང་ཆུབ་སེམས། །ཀུན་ནས་འཕེལ་ཞིང་ཀུན་མཁྱེན་ཐོབ་པར་ཤོག །བླ་མའི་དྲིན་གྱི་ཚེ་རབས་ཀུན་ཏུ་བདག །བདག་གཞན་མཉམ་བརྗེའི་སྙིང་སྟོབས་རབ་བརྟན་ཅིང་། །ཞིང་རྣམས་ཀུན་ཏུ་འགྲོ་ལ་ཕན་པ་དང་། །དང་བའི་ཡིད་ཀྱིས་རྒྱལ་བ་ཐོབ་པར་ཤོག །སྤྱན་སྔ་རིན་ཆེན་འཕེལ་ལ་བསྟོད་པ་འདོད་དགུ་འབྱུང་བའི་རིན་པོ་ཆེ་ཞེས་བྱ་བ་འདི་ནི། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དུ་མས་བསྟེན་ཅིང་བྱིན་གྱིས་བརླབས་པའི་གནས་མཆོག་དཔལ་ལྡན་རྒྱལ་སྟེང་གི་གཙུག་ལག་ཁང་དུ་ལུང་དང་རིགས་པ་དུ་མས་མགྲིན་པ་བརྒྱན་པ་དཔལ་སྣར་ཐང་པ་དགེ་འདུན་གྲུབ་ཀྱིས་ལེགས་པར་སྦྱར་བའོ།། །།དཔལ་ལྡན་བླ་མ་རྣམས་དང་སངས་རྒྱས་སྲས་བཅས་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷག་བསམ་རྣམ་དག་ནམ་མཁའ་ཡངས་པ་ལ། །དཔལ་ལྡན་ཟབ་ཡངས་ཆ་ཤས་རྣམ་པར་རྒྱལ། །ཐར་ལམ་གསལ་མཛད་རབ་དཀར་གྲགས་པ་ཅན། །དཔལ་ལྡན་བླ་མ་རབ་གསལ་ཟླ་བ་རྒྱལ། །ཡང་དག་མཐའ་བྲལ་ལྟ་བ་རྣམ་པར་དག །ཐབས་ལ་མཁས་པས་གཞན་ཕན་མཐའ་དག་མཛད། །གང་ཟག་གཞན་ལས་རྣམ་ཐར་གཙང་བས་ན། །དཔལ་ལྡན་བླ་མ་ནམ་མཁའ་དཔལ་ལ་དད། །དམ་པས་རབ་བསྔགས་བསླབ་པ་དག་ལ་གནས། །རབ་འབྱམས་གཞལ་བྱ་གང་ལའང་སྣང་བ་རྒྱས། །ཁྱད་པར་གསང་སྔགས་ལམ་ལ་མཁས་པས་ན། །ཚངས་དང་


DLL1006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དབང་བཅས་པས་ཕྱག་ཀྱང་འཚལ། །དགའ་ལྡན་གནས་ན་འཕགས་པ་བྱམས་པ་ལྟར། །ཁ་བ་ཅན་ན་མཁས་པ་ནམ་མཁལ་དཔལ། །སྐལ་ལྡན་ཐམས་ཅད་བྱམས་པས་བསྐྱངས་པས་ན། །རྒྱལ་བས་རྒྱལ་ཚབ་དམ་པར་བསྔགས་པ་ལགས། །དམ་པ་རྣམས་ལ་ཟབ་ལམ་མཐའ་དག་གསན། །ས་ལམ་རབ་སྦྱངས་སྤང་བྱ་མཐའ་དག་སྤངས། །སླར་ཡང་སྐལ་ལྡན་རྣམས་ལ་གདམས་ངག་བསྟན། །དཔལ་ལྡན་བླ་མ་སངས་རྒྱས་ལ་ཕྱག་འཚལ། །གང་ལ་དད་པས་ཕྱག་འཚལ་བསྔགས་པ་ལས། །བདག་ཅག་རྟག་པར་བླ་མ་དམ་པ་དང་། །ཡང་ཡང་མཇལ་ནས་གདམས་ངག་ཉན་པ་དང་། །གཞན་ལ་ཕན་སླད་སངས་རྒྱས་འཚལ་བ་ལགས། །དཔལ་ལྡན་བླ་མ་རིན་པོ་ཆེ་ལ་དབྱངས་ངེས་པའི་ཚིག་གི་སྒོ་ནས་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི། དཔལ་ལྡན་སྣར་ཐང་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས། བྱང་སེམས་ཆེན་པོ་འཆད་ཀ་པ་ནས་བཟུངས་ཏེ་དམ་པ་མང་པོ་བར་མ་ཆད་པར་བྱོན་པའི་གནས་མཆོག་འཆད་ཀ་དགོན་པར་སྦྱར་བའོ།། །།ན་མོ་གུ་རུ་བུདྡྷཱ་ཡ། རྣམ་དག་ཚུལ་ཁྲིམས་ཁང་བཟང་ཡིད་འཕྲོག་པར། །ལེགས་བཤད་ནོར་བུའི་དཔལ་ལ་དབང་འབྱོར་ཞིང་། །སྙན་གྲགས་བཟང་པོའི་བ་དན་ཕྱོགས་བཅུར་གཡོ། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །སྔོན་གྱི་ཚུལ་ཁྲིམས་ཆུ་གཏེར་ལས་འཁྲུངས་ཤིང་། །དཔལ་འབྱོར་རོལ་པོའི་མཚོ་ཆེན་ཀུན་ནས་འཁྱིལ། །བཤེས་གཉེན་བཟང་པོའི་གསེར་རིས་ལེགས་བསྐོར་བའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་ངད་ལྡང་མཛེས་པའི་སྐུ། །ཕན་


DLL1006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་དཔལ་ལ་ལེགས་པར་བཀོད་པའི་གསུང་། །མཁྱེན་རབ་བཟང་པོས་ཆོས་ཀུན་གསལ་བའི་ཐུགས། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ཕུན་ཚོགས་འདུལ་བ་འཛིན་པའི་མཆོག །གཞུང་ལགས་ཀུན་ཤེས་མཁས་པ་ཀུན་གྱི་དཔལ། །གནས་ལུགས་མངོན་གྱུར་བཟང་པའི་བློ་གྲོས་ཅན། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཡོན་ཏན་ཀུན་གྱི་འབྱུང་གནས་ཚུལ་ཁྲིམས་ལ། །བརྟེན་ནས་ཏིང་འཛིན་དཔལ་ལ་དབང་འབྱོར་ཞིང་། །ལྷག་མཐོང་བཟང་པོས་སྒྲིབ་གཉིས་འཇོམས་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཕུན་ཚོགས་ཤིང་། །བསྟན་འཛིན་ཀུན་གྱི་དཔལ་དུ་ལེགས་བཞུགས་ནས། །འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རླབས་ཆེན་ཚུལ་ཁྲིམས་རྒྱ་མཚོར་གནས་བཅས་ཤིང་། །དཔལ་གྱི་ལུས་གྲིམས་མཁྱེན་བརྩེའི་གདེངས་ཀ་ཅན། །ལེགས་བཤད་བཟང་པོའི་ནོར་བུས་རབ་མཛེས་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །སོ་སོར་ཐར་དང་བྱང་སེམས་གསང་སྔགས་ཀྱི། །ཚུལ་ཁྲིམས་རྣམ་གསུམ་ཡུན་རིང་གོམས་པའི་མཐུས། །དཔལ་ལྡན་མཁས་བཙུན་བཟང་པོའི་མཆོག་བརྙེས་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་གྲུ་ཆེན་བརྩོན་པའི་དར་ཆེན་ཕྱར། །དཔལ་ལྡན་རྒྱུད་སྡེ་རྒྱ་མཚོའི་མཐར་སོན་ཅིང་། །ཡིད་བཞིན་ནོར་ལྡན་དེད་དཔོན་བཟང་འདྲ་བའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་བུམ་བཟང་དབང་བཞིའི་ཆུ་བོས་གང་། །གདུལ་བྱའི་དྲི་མ་འཁྲུད་


DLL1006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་ཡོན་ཅན། །འཕྲིན་ལས་བཟང་པོའི་ཡལ་ག་རབ་མཛེས་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་སོགས། །འཕགས་པའི་ནོར་གྱི་དཔལ་ལ་དབང་འབྱོར་ཞིང་། །བརྟུལ་ཞུགས་བཟང་པོས་འགྲོ་ཀུན་འདྲེན་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་སྡོང་པོ་བྱམས་བརྩེའི་མེ་ཏོག་རྒྱས། །མཁྱེན་རབ་ཡལ་གའི་དཔལ་ནི་ཁྱོན་ཡངས་ཤིང་། །སྐལ་བཟང་བུང་བ་ཀུན་གྱི་ཉེར་འཚོའི་གཞི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །བཤེས་གཉེན་དེད་དཔོན་མཆོག་གི་བཀའ་དྲིན་ལས། །དལ་འབྱོར་རྙེད་དཀའ་གྲུ་ཆེན་ཐོབ་དུས་འདིར། །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །ངན་འགྲོའི་མཚོ་ལས་སྒྲོལ་བར་བྱིན་གྱིས་རློབས། །སྡུག་བསྔལ་སྲིད་པའི་བཙོན་ར་ཆེན་པོ་ལས། །ཐར་པའི་གྲོང་ཁྱེར་བླ་ན་མེད་པ་དེར། །ཞུགས་པའི་ཐེམ་སྐས་གཞིར་གྱུར་ཚུལ་ཁྲིམས་ལ། །ཉིན་མཚན་ཀུན་ཏུ་སློབ་པར་བྱིན་གྱིས་རློབས། །འགྲོ་ཀུན་དོན་དུ་སྨོན་འཇུག་སེམས་བསྐྱེད་ནས། །རླབས་ཆེན་ཚོགས་རྣམས་ཡོངས་སུ་སྡུད་བྱེད་ཅིང་། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། །དེ་ནས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །རྣམ་དག་དབང་ཐོབ་དམ་ཚིག་ཚུལ་བཞིན་བསྲུངས། །རིམ་གཉིས་ཟབ་མོའི་རྣལ་འབྱོར་མཐར་སོན་ནས། །རྡོ་རྗེ་འཆང་དབང་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་སྦྱར་བའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །བླ་མ་རྣམས་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་པོ་དགོངས་སུ་གསོལ། །


DLL1006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་པོ་སྤྱན་འདྲེན་ནོ། །དཀོན་མཆོག་གསུམ་གྱིས་བརྩེར་དགོངས་ཏེ། །དཀོ་མཆོག་གསུམ་པོ་གནས་འདིར་བྱོན། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དཀོན་མཆོག་གསུམ་ལ་སྡིག་པ་བཤགས། །དཀོན་མཆོག་གསུམ་ལ་རྗེས་ཡི་རང་། །དཀོན་མཆོག་གསུམ་གྱིས་ཆོས་འཁོར་བསྐོར། །དཀོན་མཆོག་གསུམ་པོ་བཞུགས་སུ་གསོལ། །དཀོན་མཆོག་གསུམ་དུ་བདག་གྱུར་ཅིག །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་གྱིས་བར་ཆད་སོལ། །དཀོན་མཆོག་གསུམ་གྱིས་མཐུན་རྐྱེན་སྒྲུབས། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་སྩོལ། །ཞེས་པ་འདི་ཡང་རྗེ་ཉིད་ཀྱིས་བཀྲ་ཤིས་ལྷུན་པོར་མཛད་པ་ལགས།། །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཅིག་ཏུ་དཀར་བའི་ལྷག་བསམ་ལན་གཅིག་མིན་པར་གོམས་མཛད་འགྲོ་ཀུན་བུ་གཅིག་ལྟར་དགོངས་ཐུགས་རྗེ་ཅན། །གཅིག་དང་དུ་མའི་ཆོས་ཀུན་གཅིག་དང་དུ་མ་དང་བྲལ་ཆོས་དབྱིངས་ངང་དུ་རོ་གཅིག་ཉིད་དགོངས་ཏེ། །སྐད་ཅིག་གཅིག་ཀྱང་གཡེལ་བ་མེད་པར་རྩེ་གཅིག་ཉིད་དུ་མཉམ་པར་བཞག་པས་སྲུང་བ་གཅིག་པུ་བ། །བདུད་དཔུང་གཅིག་ཏུ་མཐར་མཛད་ཉག་གཅིག་དཔའ་བ་མཚུངས་མེད་སྟོན་པ་གཅིག་པུ་དེ་ལ་འདུད། །བདེན་གཉིས་ནམ་མཁའི་ངོས་ལ་ཐབས་ཤེས་གཤོག་གཉིས་རབ་ཡངས་ཆེར་བསྐྱོད་མཐའ་གཉིས་གཡངས་སས་མི་འཇིགས་ཤིང་། །ལུང་དང་རིགས་པའི་མིག་གཉིས་དྲི་མེད་འབར་བས་ཐུབ་པ་གཉིས་སྐྱེས་གཉིས་སྐྱེས་གཞན་དག་ཟིལ་གྱིས་མནན། །སྒྲིབ་གཉིས་ལྟོ་འགྲོའི་སྲོག་ནི་ངེས་པར་བཅོམ་ནས་སྲིད་ཞི་གཉིས་ཀྱི་རྒྱ་མཚོའི་ཕ་རོལ་འཕུར་ལྡིང་རོལ། །རྐང་གཉིས་གཙོ་བོ་གཉིས་སྐྱེས་དབང་པོར་


DLL1006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཉིས་སྤྱི་བོར་ཐལ་སྦྱར་མགོ་འཛིན་དམའ་བས་ཕྱག་འཚལ་ལོ། །དུག་གསུམ་མེ་དཔུང་རབ་གསལ་བསླབ་གསུམ་གངས་རིའི་སྤོ་ལ་སྡེ་སྣོད་གསུམ་གྱི་རལ་ཁུར་ཅི་ཡང་འཛིན། །གནས་གསུམ་ཤེས་བྱའི་ལམ་ནས་རིགས་པ་གསུམ་གྱི་གད་རྒྱངས་རྒྱ་ཆེར་རབ་བསྒྲགས་སྐབས་གསུམ་དབང་པོ་དང་། །མིག་གསུམ་པ་དང་གོམ་གསུམ་གནོན་སོགས་དྲེགས་པའི་ང་རོ་ཅན་གང་ས་གསུམ་ལྷན་ཅིག་འདར་བྱེད་པ། །སྲིད་གསུམ་བླ་མའི་བླ་མ་ཤཱཀྱ་སེང་གེར་སྒོ་གསུམ་གུས་པས་དུས་གསུམ་ཀུན་ཏུ་ཕྱག་བགྱིའོ། །གྲུབ་མཐའ་རྣམ་བཞུའི་གྲུ་ཆེན་རྫུ་འཕྲུལ་རྐང་བཞིའི་དར་གྱིས་རབ་མཛེས་ཡང་དག་སྤོང་བཞིའི་རླུང་གིས་བསྐྱོད། །ཆུ་བཞི་ལས་བརྒལ་རིན་ཆེན་གླིང་མཆོག་གང་དེར་བསམ་གཏན་བཞི་ཡི་རིན་ཆེན་རྩིག་པ་རྣམ་བཀྲ་ཞིང་། །རྣམ་ཐར་སྒོ་བཞི་དང་ལྡན་སོ་སོར་རིག་བཞིའི་རིན་ཆེན་དྲ་མིག་བདེན་བཞི་རྟོགས་པའི་གྲོང་ཁྱེར་སྤྲུལ། །སླར་ཡང་ཚད་མེད་རྣམ་བཞིའི་ལམ་ནས་བསྡུ་བཞིའི་ནོར་ལྡན་རིགས་བཞིའི་དོན་མཐུན་སྐུ་བཞིར་འཁྲིད་ལ་འདུད། །དུག་ལྔའི་ས་བོན་ལས་བསྐྲུན་ཕུང་པོ་ལྔ་ཡི་ནགས་ཚལ་འཐུག་པོར་སྙིགས་མ་ལྔ་ཡི་གཅན་གཟན་དང་། །སྒྲིབ་པ་ལྔ་ཡི་དུག་འཛིན་དང་བཅས་ཉམས་ཐག་འཁོར་བའི་འགྲོ་ལྔ་ཐར་ལམ་ལྔ་ལ་རིམ་གྱིས་འཁྲིད། །དབང་པོ་ལྔ་དང་སྟོབས་ལྔའི་སྟོབས་བྱིན་མངོན་ཤེས་ལྔ་དང་སྤྱན་ལྔ་ལ་སོགས་དགེ་ལེགས་ཀུན་སྩོལ་བ། །གནས་ལྔ་མཐར་སོན་ཡེ་ཤེས་ལྔ་ལྡན་ཀུན་མཁྱེན་དེ་ལ་ཡན་ལག་ལྔ་ཡིས་བཏུད་ནས་ཕྱག་འཚལ་ལོ། །ཕྲ་རྒྱས་དྲུག་གི་ཡལ་ག་རབ་འཛིངས་བདུད་དང་སྟོན་པ་དྲུག་སོགས་


DLL1006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བའི་ནགས་ཀུན་གྲུགས་མཛད་ཅིང་། །ཕྱིན་དྲུག་མཆེ་བ་རབ་དཀར་མངོན་ཤེས་དྲུག་གི་དྲ་བས་རབ་མཛེས་ཤེས་བྱའི་ནགས་ལ་ཐོགས་མེད་རྒྱུ། །རྗེས་དྲན་དྲུག་གི་ལྕགས་ཀྱུས་དབང་པོ་དྲུག་ཐུལ་སྤྱོད་ཡུལ་དྲུག་ལ་མཉམ་པར་མ་བཞག་ཐུགས་མི་མངའ། །འགྲོ་དྲུག་སྒྲོལ་བའི་ཁུར་ཆེན་བསྣམས་ནས་ཕུལ་དུ་བྱུང་བའི་གོམ་སྟབས་མངའ་བ་ཐུབ་དབང་གླང་པོར་འདུད། །ཉིད་ཀྱིས་བསོད་ནམས་ཀྱིས་ཐོབ་མཐོ་རིས་ཡོན་ཏན་བདུན་མཛེས་བཙུན་མོའི་འཁོར་སོགས་རིན་ཆེན་བདུན་ལ་དབང་། །རིན་ཆེན་བདུན་གྱི་རྩིག་པ་རྣམ་བཀྲ་ཕོ་བྲང་ཁང་བརྩེགས་གང་དེའང་རབ་འབར་དམྱལ་བའི་གྲོང་ལྟར་གཟིགས། །སྲིད་པ་བདུན་གྱི་འཇིགས་སེལ་སླད་དུ་མནར་མེད་དུ་ཡང་པད་མཚོར་ངང་པ་ཇི་བཞིན་སྤྲོ་བས་ཞུགས། །འཕགས་ནོར་བདུན་དང་བྱང་ཆུབ་ཡན་ལག་བདུན་ལ་འགྲོ་ཀུན་སྦྱོར་མཛད་ཐུབ་དབང་སྙིང་རྗེའི་གཏེར་ལ་འདུད། །ཐོག་མར་ཚ་དམྱལ་བརྒྱད་སོགས་མི་ཁོམ་བརྒྱད་སྤངས་དལ་བརྒྱད་ཚང་བའི་རྟེན་ལ་འགྲོ་བ་ཀུན་བཀོད་ཅིང་། །སླར་ཡང་སྡུག་བསྔལ་བརྒྱད་ཀྱི་སྡུག་བསྔལ་ཞི་ཕྱིར་འཕགས་ལམ་ཡན་ལག་བརྒྱད་ཀྱི་དམ་ཆོས་ལེགས་གསུངས་ཏེ། །བརྒྱད་པ་ལ་སོགས་འཕགས་པའི་གང་ཟག་བརྒྱད་དང་རང་རྒྱལ་ལ་སྦྱར་གཞན་དག་ཐེག་པ་མཆོག་ལ་བཀོད། །རྣམ་ཐར་བརྒྱད་དང་ཟིལ་གནོན་བརྒྱད་སོགས་ཡོན་ཏན་ཀུན་གྱི་དབང་ཕྱུག་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །སྲིད་པའི་ཕུན་ཚོགས་ཆུ་ཤིང་ལྟར་དགོངས་ས་དགུའི་ལམ་གྱིས་དགུ་ཕྲག་དགུ་ཡི་ཉོན་མོངས་དྲུངས་ཕྱུང་ཞིང་། །སྙོམས་འཇུག་དགུ་སོགས་ཏིང་


DLL1006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཀུན་ལ་འདོད་དགུར་དབང་སྒྱུར་སྐྱེ་དགུས་མཆོད་འོས་ཉན་ཐོས་རང་རྒྱལ་དང་། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་གྱི་གཙོ་བོ་དབང་བཅུ་དག་དང་ཕ་རོལ་ཕྱིན་བཅུའི་མཐར་སོན་པ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་སྟོབས་བཅུ་མངའ་བ་ཕྱོགས་བཅུར་སྙན་གྲགས་ཁྱབ་པ་དེ་ལ་འདུད། །ཅེས་པ་འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ། །སོ་སོའི་སྐད་དུ་གསུང་གཅིག་གིས། །དམ་ཆོས་ཅིག་ཅར་གསུང་མཛད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཐོས་པ་ཙམ་གྱིས་གསུང་བ་པོ། །ཐམས་ཅད་མཁྱེན་པར་མཚོན་བྱེད་པ། །ཡན་ལག་དྲུག་ཅུ་དང་ལྡན་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །མཉེན་ཅིང་འཇམ་ལ་ཡིད་དུ་འོང་། །ཡིད་དུ་འཐད་ཅིང་དག་པ་དང་། །དྲི་མ་མེད་ཅིང་རབ་གསལ་བའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །སྙན་ཅིང་འཇེབས་ལ་མཉན་པར་འོས། །མི་མཚུངས་སྙན་ཅིང་དུལ་བ་དང་། །མི་རྩུབ་པ་དང་མི་བརླང་བའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །རབ་ཏུ་དུལ་བ་རྣ་བར་སྙན། །ལུས་སེམས་ཚིམ་བྱེད་སྙིང་དགའ་བྱེད། །དགའ་དང་བདེ་བ་སྐྱེད་མཛད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཡོངས་སུ་གདུང་མེད་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་པར་གསལ། །དགའ་བྱེད་མངོན་པར་དགའ་བྱེད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཀུན་ཤེས་རྣམ་པར་རིག་བྱ་བ། །རིགས་ཤིང་འབྲེལ་ལ་ཟློས་སྐྱོན་མེད། །སེང་གེ་གླང་པོའི་སྒྲ་སྐད་ལྡན། །རྒྱལ་བའི་གསུང་


DLL1006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །འབྲུག་གི་སྒྲ་དབྱངས་ཀླུ་དབང་སྒྲ། །དྲི་ཟ་ཀ་ལ་པིངྐའི་དབྱངས། །ཚངས་པའི་སྒྲ་དབྱངས་སྒྲོགས་མཛད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཤང་ཤང་ཏིའུའི་སྒྲ་དབྱངས་དང་། །ལྷ་ཡི་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་བའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །སྒྲ་ཀུན་གྱི་ནི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆག་མ་ཚང་མེད། །མ་ཞུམ་མི་ཞན་རབ་ཏུ་དགའ། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཀུན་ལ་ཁྱབ་ཅིང་དྲི་མ་མེད། །རྒྱུན་ཆད་མེད་ཅིང་བརྗིད་པ་དང་། །སྒྲ་སྐད་ཐམས་ཅད་རྫོགས་བྱེད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །དབང་པོ་ཚིམ་བྱེད་མ་སྨད་པ། །མི་འགྱུར་མ་བརྟབས་འཁོར་ཀུན་གྲག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་པའི། །རྒྱལ་བའི་གསུང་ལ་ཕྱག་བཙལ་བས། །བདག་གིས་ཚེ་རབས་ཐམས་ཅད་དུ། །ངག་གིས་དབང་ཕྱུག་ཐོབ་པར་ཤོག །ཅེས་པ་ཡང་རྗེ་ཐམས་ཅད་མཁྱེན་པས་མཛད་པའོ།། །།ཟག་མེད་བདེ་ཆེན་ཆོས་དབྱིངས་སྤྲོས་དང་བྲལ། །དབྱེར་མེད་ཡེ་ཤེས་ཆོས་སྐུ་མཐར་ཐུག་དང་། །ཁམས་ཀྱི་རྡུལ་ཕྲན་སྒྱུ་ལུས་ལོངས་སྤྱོད་རྫོགས། །དབྱེར་མེད་ཟུང་འཇུག་མཐར་ཐུག་ལ་བཏུད་དེ། །རྣལ་འབྱོར་ཚེ་ཡི་རིང་ཐུང་བརྟག་ཐབས་རྣམས། །རྒྱུད་དང་དེ་འགྲེལ་བླ་མའི་གསུང་དེ་བཞིན་དུ། །མ་ནོར་མངོན་སུམ་རང་གི་མཚན་མ་ཡིས། །གསལ་བར་རྟོགས་ཕྱིར་བདག་གིས་འདིར་བཤད་བྱ། །དེ་ལ་འདིར་ཚེ་རིང་དུ་གནས་ན་ཆོས་སྒྲུབ་པའི་སྐལ་


DLL1006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ལྡན་ཞིང་། ཚེ་རིང་དུ་མི་གནས་ན་གནས་གོང་མར་འཕོ་བའི་མན་ངག་ལ་སྦྱང་དགོས་པས། འཆི་བའི་ལྟས་བརྟག་པ་ལ་གསུམ། འཆི་བ་བརྟག་པའི་ཐབས་དངོས། མ་ངེས་པའི་འཆི་ལྟས་ཀྱིས་ཟིན་ན་ཚེ་བསྲིང་བའི་ཐབས་བསྟན་པ། དེས་ཀྱང་མ་བཟློག་ན་འཕོ་བ་སྦྱང་བའི་ཚུལ་ལོ། །དང་པོ་ལ་གཉིས། སྒོ་གསུམ་གྱི་སྒོ་ནས་བརྟག་པ་དང་། དེ་དག་ལས་ངེས་མ་ངེས་ཀྱི་འཆི་ལྟས་ངོས་གཟུང་བའོ། །དང་པོ་ལ་གསུམ། ལུས་ཀྱི་སྒོ་ནས་བརྟག་པ། ངག་གི་སྒོ་ནས་བརྟག་པ། ཡིད་ཀྱི་སྒོ་ནས་བརྟག་པའོ། །དང་པོ་ནི། ཚེ་གཟུགས་བརྟག་པའི་ཐབས་ནི། གནས་དབེན་པར་མཚན་མོ་ཟླ་བའམ། ཉིན་པར་ཡང་རུང་སྟེ། འཁོར་གསུམ་རས་ཀྱིས་དཀྲིས་ལ། ཉི་ཟླ་ལ་རྒྱབ་བསྟན་ཏེ་རྐང་ལག་བགྲད་པའི་རང་གི་གྲིབ་མའི་སྙིང་ཁར་མིག་མི་འཛུམ་པར་ཟན་གཅིག་ཟ་ཡུན་ཙམ་བལྟས་ལ། དེ་རྗེས་ནམ་མཁར་བལྟས་པས། གྲིབ་མའི་གཟུགས་བརྙན་ཚང་བར་ཡོད་ན། རེ་ཞིག་འཆི་བའི་འཇིགས་པ་མེད། མགོ་བོ་མེད་ན་ཟླ་གཅིག་ནས་འཆི། ལག་པ་གཡས་ཆད་ན་བུ་དང་། གཡོན་པ་ཆད་མ་ཆུང་མ་དང་། བུ་དང་འབྲེལ་བའི་ཕ་ཚན་དང་། ཆུང་མ་དང་འབྲེལ་བའི་མ་ཚན་ཉེ་དུ་འཆི། རྐང་མཐིལ་གཉིས། ལྟེ་བ། སྙིང་ཁ། མགྲིན་པ། མིག །སྣ་རྣམས་ལ་ཕུར་པ་བཏབ་པ་ལྟ་བུའི་ཟུག་ཅིག་ཅར་བྱུང་ན་ཟླ་བ་གཅིག་ནས་འཆི། བཤང་གཅི་དང་སྦྲིད་པ་དུས་མཉམ་དུ་བྱུང་བ་དང་། ཚེས་གཅིག་ལ་ཁུ་བ་ནག་པོར་བྱུང་བ་དང་། སྐྱེས་པ་ལ་རཀྟ་དང་། བུད་མེད་ལ་ཁུ་བ་བྱུང་བ་རྣམས་ཟླ་གཅིག་ནས་འཆི། ནམ་མཁའི་མེ་ཏོག་ཡལ་བ་ཞེས་བྱ་བ་མིག་འབྲས་བཙིར་བའི་འོད་


DLL1006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མེད་པ་དང་། མཁའ་འགྲོའི་སྒྲ་ཡལ་བ་ཞེས་པ་རྣ་བའི་བུག་ག་བཀག་པའི་འུར་སྒྲ་མེད་པ་དང་། གནམ་སའི་འབྲེལ་ཐག་ཆད་པ་ཞེས་པ་མིག་གཉིས་ཀྱི་དབུས་སུ་ལག་པའི་མཁྲིག་མ་གཏད་པ་ལག་མགོ་ཆད་པར་སྣང་བ་རྣམས་ཟླ་བ་གཅིག་ནས་འཆི་བར་བཤད་དོ། །མི་གཡོ་བ་རྡོ་རྗེ་གཏུམ་པོའི་རྒྱུད་ལས། འཆི་ལྟས་བཤད་པ་ནི། རྐང་མཐིལ་ལྟེ་བར་དབུགས་བྱེད་ན། །ཞག་གསུམ་ནས་ནི་འཆི་བར་འགྱུར། །རྐང་པའི་མཐིལ་དུ་འབུགས་པ་དང་། །མིག་ཏུ་ཟུག་བྱུང་ཟླ་གསུམ་ནས། །རྐང་པའི་མཐིལ་དུ་འབུགས་པ་དང་། །སྣ་ཡི་ཟུག་རྔུས་ཟླ་གསུམ་ནས། །བཤང་བ་འཛག་པའི་དུས་སུ་ནི། །སྦྲིད་པ་མཉམ་བྱུང་ཟླ་བ་ན། །ཞེས་དང་། རྒྱུད་དེ་ཉིད་ལས། ལྟེ་བ་དང་ལྟོ་བའི་ཟུག་རྔུས་ལོ་ལྔ་ནའོ། །མཛོ་སྤུའི་ཟུག་རྔུས་ཉི་མ་གཅིག་ནའོ། །ལྕེའི་རྩེ་མ་མཐིང་ན་ཟླ་བ་ཕྱེད་ནའོ། །སྣའི་རྩེ་མོའི་ཟུག་རྔུས་ཟླ་བ་བཞི་ནའོ། །འཁྲིག་པའི་དུས་ཀྱི་སྦྲིད་པས་ཟླ་བ་ནའོ། །མཐེ་ཆུང་ཐམས་ཅད་མཉམ་དུ་ཟུག་རྔུར་གྱུར་ན་ཟླ་བ་ནའོ། །མཉམ་དུ་སྙིང་ཁ་དང་མགྲིན་པ་ཟུག་རྔུར་གྱུར་ན་ཟླ་བ་ཕྱེད་པ་གསུམ་ནའོ། །མཉམ་དུ་ཏཱ་ལུ་ཀ་གསུམ་ཟུག་རྔུར་གྱུར་ན་ཉི་མ་གསུམ་ནའོ། །རྣ་བའི་སྒྲ་ཡལ་ན་ཟླ་བ་གསུམ་ནའོ། །རྣ་བའི་རྩ་བ་དང་སྨིན་མའི་དབུས་དང་། མགོ་བོའི་དབང་པོ་རྣམས་སུ་ཟུག་རྔུར་གྱུར་ན་ཉི་མ་གཅིག་ནའོ། །རྐང་མཐིལ་ནས་བརྩམས་ཏེ་ལྟེ་བའི་བར་ཟུག་རྔུར་གྱུར་ན་ཟླ་བ་དྲུག་ནའོ། །སྣ་རྩེའི་ཤ་ཞུམ་ན་ཞག་བདུན་ནའོ། །འགྲམ་པའི་ཤ་མཚམས་བྱེ་ན་ཟླ་བ་ལྔ་ནའོ། །མིག་འཛག་པ་མ་མཐོང་ན་ཟླ་བ་ལྔ་ནའོ། །


DLL1006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་འཁོར་ལོ་ལས་ཞག་བདུན་ནའོ། །སྙིང་ཁ་ཞོམ་ན་ཟླ་བ་ཕྱེད་ནའོ། །ལྕེའི་དཀྱལ་དུ་རི་མོ་ནག་པོ་བྱུང་ན་ཞག་གཉིས་ནའོ། །སེན་མོ་ལ་ཁྲག་མ་ཐོན་ན་ཟླ་བ་དྲུག་ནའོ། །སོ་སྐམས་ན་ཟླ་བ་དྲུག་ནའོ། །ཨ་རུ་ཎ་མ་མཐོང་ན་ཟླ་བ་དྲུག་ནའོ། །གྲང་མོ་ལ་སོགས་པའི་དུས་ཕྱིན་ཅི་ལོག་པ་ལས་ཐམས་ཅད་བུག་པར་མཐོང་ན་ཟླ་བ་ཕྱེད་ནའོ། །ཧས་བཏབ་ན་གྲང་བ་དང་། ཕུས་བཏབ་ན་དྲོ་བར་གྱུར་ན་ཉི་མ་བཅུ་ནའོ། །མིང་མེད་ཀྱི་རྩ་བར་རི་མོ་ནག་པོ་མཐོང་ན་ཉི་མ་བཅོ་བརྒྱད་ནའོ། །ལུས་མཉེས་པས་སྒྲ་ཐོས་པ་དང་། ལུས་ཐམས་ཅད་ལས་རླུང་ཉིད་ཀྱང་ཉི་མ་བཅུ་ནའོ། །ཁྲུས་བྱས་པ་ཙམ་གྱིས་རྐང་པ་སྙིང་ཁ་བསྐམས་ན། ཏ་དྷི་ན་མ་ལུས་ལ་དྲི་ངན་བྱུང་ན་ཞག་གསུམ་ནའོ། །ལུས་སྟཿཉི་མ་གཅིག་ནའོ། །དྲི་ཆུ་གཡོན་དུ་འཁོར་ན་ཟླ་བ་དྲུག་ནའོ། །ལྟེ་བ་ཕྱིན་ཅི་ལོག་ན་ཉི་མ་ལྔ་ནའོ། །སྣའི་རྩེ་མོ་མ་མཐོང་ན་ཟླ་བ་ལྔ་ནའོ། །མིག་བཙིར་བས་འོད་མ་མཐོང་ན་ཉི་མ་བརྒྱད་ནའོ། །རྣ་བའི་དྷ་ནྱ་མ་ཐོས་ན་ལོ་གཅིག་ནའོ། །ཕ་རོལ་གྱི་མིག་ལ་གཟུགས་བརྙན་མ་མཐོང་ན་ཟླ་བ་ཕྱེད་ནའོ། །དེ་ཉིད་ཤེས་ཕྱིན་འཆི་བླུ་དང་། །འཇིག་རྟེན་ཕ་རོལ་བསམ་པར་བྱ། །ཞེས་པ་རྣམས་རྒྱུད་དེ་ཉིད་ལས་སོ། །གཉིས་པ་ངག་གི་སྒོ་ནས་བརྟག་པ་ནི། །ངག་རླུང་ལ་བཤད་པས་ངག་འབྱུང་བའི་གནས་མགྲིན་པ་ཡིན་པ་ལྟར། རླུང་ཡང་མགྲིན་པ་ནས་འབྱུང་བས་ངག་ཀྱང་རླུང་སྟེ། རྒྱུད་སྡོམ་འབྱུང་ནས་གསུངས་པའི་དོན་ནི་ཧོར་ཟླ་བཅུ་གཅིག་པ་མགོའི་ཟླ་བའི་ཚེས་གཅིག་ནས་ཞག་ལྔ་དང་། བཞི་དང་། གསུམ་གྱི་བར་དུ་སྣ་བུག་གཡས་ཁོ་ན་ནས་རླུང་རྒྱུ་ན་ལོ་བཅོ་བརྒྱད་དང་བཅུ་དང་ཉི་ཤུ་ནས་རིམ་པ་བཞིན་འཆི།


DLL1006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་དགུ་པ་ཐ་སྐར་གྱི་ཟླ་བའི་ཚེས་གཅིག་ནས་ལྔ་དང་། བཞི་དང་། གསུམ་གྱི་བར་སྣ་བུག་གཡས་ནས་རྒྱུ་ན་རིམ་པ་བཞིན་ལོ་བཅོ་ལྔ་བཅུ་དྲུག་བཅུ་བདུན་ནས་འཆི། ཧོར་ཟླ་བདུན་པ་དང་གྲོ་བཞིན་གྱི་ཟླ་བ་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་བཅུ་གཉིས་དང་བཅུ་གསུམ་དང་བཅུ་བཞི་ནས་རིམ་པ་བཞིན་འཆི། ཧོར་ཟླ་ལྔ་པོ་སྣོན་གྱི་ཟླ་བའི་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་དགུ་དང་བཅུ་དང་བཅུ་གཅིག་ནས་རིམ་པ་བཞིན་འཆི། ཧོར་ཟླ་གསུམ་པ་ནག་པའི་ཟླ་བ་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་དྲུག་དང་བདུན་དང་བརྒྱད་ནས་རིམ་པ་བཞིན་འཆི། ཧོར་ཟླ་དང་པོ་མཆུའི་ཟླ་བའི་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་གསུམ་དང་བཞི་དང་ལྔ་ནས་རིམ་པ་བཞིན་འཆིའོ། །ཡང་ཧོར་ཟླ་དང་པོའི་ཚེས་གཅིག་ནས་དྲུག་དང་བདུན་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་གཉིས་དང་གཅིག་ནས་རིམ་པ་བཞིན་འཆིའོ། །སྣ་བུག་གཉིས་ཁ་དང་གསུམ་ཀ་ནས་དྲག་ཏུ་རྒྱུ་ན་དེའི་ཉིན་འཆིའོ། །ཞག་བཅུའི་བར་དུ་སྣ་བུག་གཉིས་ཀ་ནས་དྲག་ཏུ་རྒྱུ་ན་སྣ་བུག་གང་རུང་གཅིག་ཏུ་འཕོས་མ་ཐག་འཆིའོ། །ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་དང་གཉིས་དང་གསུམ་ལ་སྐྱ་རེངས་ཐ་མ་ཤར་ནས་ཐུན་ཕྱེད་པ་རེ་སྣ་བུག་གཡོན་ནས་རྒྱུ་བ་ཡིན་ལ། བཞི་དང་ལྔ་དང་དྲུག་གི་བར་དུ་སྐྱ་རེངས་ཐ་མ་ཤར་ནས་ཐུན་ཕྱེད་པ་རེ་གཡས་ནས་རྒྱུ། དེ་བཞིན་དུ་ཞག་གསུམ་གསུམ་གྱི་བར་དུ་གཡོན་དང་གཡས་རེ་མོས་བྱས་རྒྱུ་བ་ཡིན་པ་ལ། རླུང་ལྟས་


DLL1006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ལོག་ནས་གཡོན་ནས་རྒྱུ་དུས་གཡས་དང་གཡས་ནས་རྒྱུ་དུས་གཡོན་ནས་ཞག་དྲུག་གི་བར་དུ་རྒྱུ་ན་འཐབ་རྩོད་འོང་། ཟླ་ཕྱེད་བར་དུ་རྒྱུ་ན་རང་ལ་ན་ཚ་དང་། ཟླ་བ་གཅིག་གི་བར་དུ་རྒྱུ་ན་ཉེ་དུ་བརླག་པར་འགྱུར། ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་རྒྱུ་ན་རང་ཉིད་ཟླ་གཅིག་ནས་འཆིའོ། །སྐབས་འདིར་རླུང་ལྟས་ལ་བརྟེན་ནས་དགེ་མི་གེའི་མཚན་མ་ཞིབ་པར་ཡོད་ནའང་འདིར་འཆི་ལྟས་བརྟག་པའི་སྐབས་ཡིན་པས་དེ་ཙམ་ཞིག་སྨོས་སོ། །གསུམ་པ་སེམས་ཀྱི་སྒོ་ནས་བརྟག་པ་ནི། སེམས་རྒྱུད་འགྱུར་ནས་འོང་བ་ཡིན་ཏེ། སྔར་གྱི་གནས་ཁང་དང་། ས་ཕྱོགས་སུ་སྡོད་སྙིང་མི་འདོད། སྐྱོ་ནས་གཞན་དུ་འགྲོ་འདོད་པ་དང་། སྔར་ཞིབ་པོ་ཡོད་པ་རྩིང་དུ་སོང་བ་དང་། རྩིང་པོ་ཡོད་པ་ཞིབ་པོར་སོང་བ་དང་། སྤྲོ་རིང་པོ་ཐུང་དུ་སོང་བ་ཐུང་བ་རིང་དུ་སོང་བ་རྣམས་ཀྱང་འཆི་ལྟས་ཡིན་ལ། རྨི་ལམ་གྱི་སྒོ་ནས་བརྟག་ཐབས་སུ་འདུ་བས། རྨི་ལམ་དུ་རྒྱ་སྐྱེགས་ཀྱི་རི་དང་ཐལ་བའི་རི་དང་མཆོད་རྟེན་ལ་འཛེག་པ་རྨི་བ་དང་། རྔ་མོ་ལ་ཞོན་ནས་ཁ་ལྷོ་དང་། བོང་བུ་ལ་ཞོན་ནས་ཤར་དང་། སྤྲེའུ་ལ་ཞོན་ནས་བྱང་དུ་ཁ་བལྟས་དེ་འགྲོ་བ་དང་། སྔར་འགྲོ་མ་མྱོང་བའི་ཡུལ་དུ་ཕྱི་མིག་ལྟ་བ་འགྲོ་ན་ལོ་གཅིག་ནས་འཆི། གོས་དམར་པོ་གྱོན་པ་དང་། མེ་ཏོག་དམར་པོ་འཐུ་བ་དང་། དེའི་ཐང་ལ་འགྲོ་བ་དང་། ཐོད་འཆིང་བ་རྣམས་རྨི་ན་ཟླ་བ་དྲུག་ནས་འཆིའོ། །བུད་མེད་ནག་མོས་རྒྱུ་ལྟོ་ཕྲལ་བ་རྨི་ན་ལོ་གཅིག་ནས་འཆིའོ། །གཞན་ཡང་དུར་དུ་སྦེད་པ་དང་སྐེ་ཞགས་པས་བཅིང་ཏེ་མུན་པ་དང་བཅས་པའི་འཐུར་དུ་མི་ནག་པོས་ཁྲིད་པར་རྨི་བ་སོགས་


DLL1006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དོན་སྙིང་བཏོན་པ་སོགས་རྨི་བ་རྣམས་ཀྱང་འཆི་ལྟས་སུ་བཤད་དོ། ། གཉིས་པ་ནི། ལུས་ཀྱི་སྒོ་ནས་ཚེ་གཟུགས་བརྟག་པ་དང་། ངག་གི་རླུང་ལྟས་རྣམས་ནི་ངེས་པའི་འཆི་ལྟས་སུ་བཤད་ལ་དེ་ལས་གཞན་པ་རྣམས་མ་ངེས་པའི་འཆི་ལྟས་སུ་བཤད་པས་བཟློག་པའི་ཐབས་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཚེ་ཟད་ནས་འཆི་བ་ལ་ཚེ་སྒྲུབ། ཚེ་དབང་། འཆི་ངེས་པའི་སྲོག་བླུ་བྱེད་པ་སོགས་ཀྱིས་བཟློག་པར་གསུངས་ལ། བསོད་ནམས་ཟད་ནས་འཆི་ན་བླ་མ་བསྙེན་བཀུར། ཚོགས་འཁོར་སོགས་དང་དགེ་འདུན་གྱི་བསྙེན་བཀུར་སོགས་ཚོགས་གསོག་པ་ལ་འབད་པས་འཆི་བ་བཟློག་པར་གསུངས། ལས་ཟད་པ་ཡིན་ན་ལས་ངན་སྦྱོར་བའི་ཕྱིར་དུ་སྟོབས་བཞི་ཚང་བའི་བཤགས་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་པ་ལ་སོགས་པས་ཚེ་བསྲིང་བར་གསུངས་པས། དེ་ཡང་གཅིག་ཟད་དང་། གཉིས་ཟད་ལ་ཐབས་ཀྱིས་བཟློག་གི །གསུམ་ག་ཟད་ན་ངེས་པའི་འཆི་ལྟས་ཀྱིས་ཟིན་ན་འཕོ་བ་སྦྱང་བར་བྱ་སྟེ། འོག་ཏུ་བསྟན་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་ཀྱི་སྒོ་ནས་ཚེ་བསྲིང་བ། སྒྲོལ་མ་དཀར་མོའི་ཚེ་སྒྲུབ་ཀྱི་སྒོ་ནས་ཚེ་བསྲིང་བ། ནམ་མཁའ་ཟས་སུ་ཟ་བའི་སྒོ་ནས་ཚེ་བསྲིང་བའོ། །དང་པོ་ལ་བཞི། ཚེ་རྟ་ལ་བརྟེན་ནས་ཚེ་བསྲིང་བ། བསྐྱེད་རིམ་ལ་བརྟེན་ནས་ཚེ་བསྲིང་བ། རྫོགས་རིམ་ལ་བརྟེན་ནས་ཚེ་བསྲིང་བ། བཅུད་


DLL1006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་རིལ་བུ་ལ་བརྟེན་ནས་ཚེ་བསྲིང་བའོ། །དང་པོ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། སྟེགས་མཛེས་པར་པདྨ་འདབ་མ་བཞི་པའམ། མེ་ཏོག་གི་ཚོམ་བུ་ལྔ་བྱས་ལ། ཆང་ལས་སྦྲུས་པའི་ཚེ་ཟན་མར་དང་བུ་རམ་གྱིས་བརྒྱན་པ་དང་། ཚེའི་བུམ་པ་ཆང་གིས་ཁེངས་པར་བཞག །དེའི་མཐར་ཅི་འབྱོར་བའི་མཆོད་པ་དང་གཏོར་མ་གསུམ་བཤམ་མོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད་བསྒོམ་པ། མདུན་བསྐྱེད་བསྒོམ་པ། མདུན་བསྐྱེད་བསྒོམས་ནས་ཚེ་དགུག་ཅིང་བསྟིམ་པ། དབང་བསྐུར་བའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། ཚེ་དཔག་མེད་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས། འོག་ནས་འབྱུང་བའི་མཆོད་བསྟོད་དང་ཚད་མེད་བཞི་བསྒོམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་སྡོམ་པ་བཟུང་། སྭཱ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན། དེའི་སྟེང་དུ། རང་གིས་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཧྲཱིཿལ་ཐིམས་པས་རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་གང་བ་སྣམས་པ། དར་གྱིས་ན་བཟའ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་གནས་གསུམ་དུ་འབྲུ་གསུམ་བཀོད་པའི་ཧཱུཾ་ལས་འོད་ཟེར་


DLL1006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། བདེ་བ་ཅན་ནས་ཚེ་དཔག་མེད་སྤྱན་དྲངས་པ་མཆོད་བསྟོད་རང་ལ་བསྟིམས། དེ་ནས་དབང་ལྷ་སྤྱན་དྲངས། མཆོད་བསྟོད་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པའི་ཚིགས་བཅད་དང་། ཨ་བྷི་ཥེ་ཀའི་སྔགས་ཀྱིས་དབང་བསྐུར་བས། ལུས་བདུད་རྩིས་ཁེངས་ཤིང་། དྲི་མ་དག་ནས་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་འགྱུར། དེ་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལ། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བའི། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེའི་མཐའ་མར། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་རྩ་སྔགས་དང་། ཨ་མ་ར་ཎིས་ཆོས་སྐོར་དུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། འོད་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས། སེམས་ཅན་གྱི་ཚེ་དང་བསོད་ནམས་བསྐྱེད། སངས་རྒྱས་བྱང་སེམས་ཀྱི་ཐུགས་ཀ་ནས་ཚེའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས། རང་གི་སྤྱི་བོའི་གཙུག་ནས་ཞུགས་པའི་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་ཁེངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨ་མ་ར་ཎི་ཛི་ཝནྟཱི་ཡེ་སྭཱ་ཧཱ། ཅི་ནུས་བཟླས་སོ། །གཉིས་པ་ནི། ཚེ་ཆང་དང་། ཚེ་ཟན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། གཉིས་ཀ་ཚེ་དཔག་མེད་ཡན་


DLL1006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བཞི་རྫོགས་སུ་བསྐྱེད་ལ་མཆོད་བསྟོད་བྱ། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། གཏོར་མ་དང་པོ། ཨ་ཀཱ་རོས་ཚེ་དཔག་མེད་ལ་ཕུལ་ལ་མཆོད་བསྟོད་བྱ། གཏོར་མ་གཉིས་པ། རང་གི་ཆོས་སྐྱོང་ལ་ཕུལ། གསུམ་པ། གཞི་བདག་ལ་ཨ་ཀཱ་རོས་སྦྱིན། དེ་ནས་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། འོག་ནས་འབྱུང་བ་བཞིན་འབྱུང་བཞིའི་བཅུད་ཐམས་ཅད་བསྡུས་ནས་ཚེ་དཔག་མེད་པའི་བུམ་པ་གཉིས་སུ་བྱོན། ཚེའི་བདུད་རྩིར་གྱུར་པར་བསམ། ཨ་མ་ར་ཎི་ཅི་ནུས་བཟླས། ཡང་འོད་ཟེར་གྱི་སྤྲོ་བསྡུས་སེམས་ཅན་ཐམས་ཅན་གྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་བདུད་རྩིར་གྱུར་པར་བསམ། ཡང་འོད་ཟེར་གྱི་སྤྲོ་བསྡུས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཚེ་དཔག་མེད་པའི་བུམ་པར་བྱོན་འཆི་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ཞིང་། གཟུགས་ཐུང་རིང་གི་བཟླས་པ་བྱའོ། ། གསུམ་པ་དབང་བསྐུར་བ་ལ་གསུམ་ལས། དང་པོ་འཁོར་བ་ལས་བློ་བཟློག་པའི་ཕྱིར་འཁོར་བའི་ཉེས་དམིགས་བཤད་ནས་སྐྱོ་བ་བསྐྱེད་པ་སྤྱི་དང་མཐུན། གཉིས་པ་ལམ་གྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་འབོགས་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། རྒྱས་པར་གཞན་ནས་འབྱུང་བ་བཞིན་བྱ། བསྡུས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སངས་རྒྱས་ཆོས་དང་དགེ་


DLL1006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ་བློ་དང་འདྲེས་ངེས་པ་རྗེས་ཟློས་བྱེད་དུ་བཅུག །དེ་ནས་མཎྜལ་ཕུལ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་གདབ་བྱས་ལ། སེམས་བསྐྱེད་འབོགས་པ་ནི། དགོངས་གསོལ་གོང་བཞིན་བྱས་ལ། འགྲོ་བས་བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སངས་རྒྱས་རྣམས་དང་སེམས་དཔའ་ཆེ་རྣམས་ཀྱིས། །ཇི་ལྟར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི། །བྱང་ཆུབ་སེམས་ནི་བདག་གིས་བསྐྱེད་པར་བགྱི། །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐམས་ཅད་ཀྱིས། །འདས་དང་མ་འོངས་ད་ལྟར་སྤྱོད་འགྱུར་བའི། །བྱང་ཆུབ་མཆོག་གི་སྤྱོད་པ་བླ་མེད་པ། །དེ་དག་ཐམས་ཅད་བདག་གིས་སྤྱད་པར་བགྱི། །ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག །རྗེ་འབའ་ར་བའི་དབང་ཆོག་ལས། འདི་ཙམ་ལས་མ་བཤད་པས། བླ་མ་དག་དེའི་རྗེས་སུ་དབང་བསྐུར་བར་མཛད་ལ། བདག་གི་བླ་མ་ལྷའི་བཙུན་པ་རིན་ཆེན་རྒྱ་མཚོའི་ཞལ་སྔ་ནས་དང་། བསྟན་པའི་མངའ་བདག་བཟང་པོ་བཀྲ་ཤིས་ཀྱི་ཞལ་སྔ་ནས་དབང་ཆོག་འདི་བླ་མེད་ཀྱི་རྒྱུད་ཡིན་པས། དབང་བཞི་རྫོགས་སུ་བསྐུར་བ་དང་། རིམ་གཉིས་ཀྱི་ཉམས་ལེན་ཁྱད་པར་ཅན་ཡོད་པས་སྔགས་ཀྱི་སྡོམ་པ་སྐྱེས་པ་དགོས་ལ། དེ་འཛིན་པ་ལ་རིགས་ལྔའི་སྡོམ་གཟུང་མེད་ཁ་མེད་དུ་གསུངས་པས་སྐབས་འདིར་སྔགས་སྡོམ་འཛིན་པ་ཡང་མཛད་དོ། །གསུམ་པ་དབང་བསྐུར་བ་དངོས་ནི། སློབ་མའི་སྤྱི་བོར་པད་ཟླའི་སྟེང་དུ་ཚེ་དཔག་མེད་གོང་བཞིན་བསྒོམ་དུ་གཞུག །ཚེ་ཟན་སློབ་མའི་མགོ་ཐོག་ཏུ་བཞག་ནས། དཔོན་སློབ་གཉིས་


DLL1006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་འདི་བཞིན་བསྒོམ་སྟེ། ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། སློབ་མའི་ཚེ་དང་བསོད་ནམས། བདུད་དང་གཤིན་རྗེ་དང་རྒྱལ་པོ་དང་འཆི་བདག་གིས་ཁྱེར་བ་དང་། ཡར་བ་རྣམས་འོད་ཟེར་གྱིས་རང་དབང་མེད་པར་བཀུག་ནས་བདུད་རྩི་འོ་མའི་རྒྱུན་ལྟ་བུ་སྐྱེ་ན་རེ་རེ་ཕྱོགས་ནས་བྱུང་ཞིང་སློབ་མའི་ལུས་ལ་ཐིམས་པས་ཚེ་དང་བསོད་ནམས་ཉམས་པ་སོར་ཆུད་དེ་འཕེལ་ཞིང་རྒྱས་པར་བསམས་ལ། ཨ་མ་ར་ཎི་བརྗོད། སློབ་དཔོན་གྱིས་ངག་ཏུ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ། ཕུན་སུམ་ཚོགས་པའི་བཀྲ་ཤིས་དང་། རོལ་མོ་བྱ་ཡང་འོད་ཟེར་འཕྲོས་པའི་སའི་དཀྱིལ་འཁོར་ལ་སོགས་པ་རི་རབ་དང་། གསེར་གྱི་རི་བདུན། རིན་པོ་ཆེའི་རི་ཇི་སྙེད་པ་རྣམས་དང་། གངས་རི། བྲག་རི། གཡའ་རི། སྤང་རི་སོགས་དང་། ས་རྡོ། ནགས་ཚལ་རྩི་ཤིང་། འབྲུ་བཅུད། ཤིང་ཐོག །སྨན་ལ་སོགས་པ་ཐམས་ཅད་ལ་འཕོག་པས་དེ་ཐམས་ཅད་ཀྱི་རོ་དང་བཅུད་ཐམས་ཅད་བསྡུས། ཚེ་དམག་མེད་པའི་བུམ་པར་བྱོན། འཆི་མེད་ཚེའི་བདུད་རྩིར་གྱུར། ཁོལ་ཞིང་ལུད་དེ་བུམ་པའི་ཁ་ནས་མར་ཞལ་བྱུང་བས། སློབ་མའི་སྤྱི་བོ་འཕང་ལོའི་མིག་གི་རྒྱ་ཙམ་ཁ་གདངས་པའི་ནང་དུ་སོང་བས་ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་ཁེངས་ཏེ། ལུས་སྲ་ཞིང་བརྟན་པ། གཞོམ་ཞིང་གཞིག་པར་མི་ནུས་པ་རི་རབ་དང་རྡོ་རྗེ་ལྟ་བུར་གྱུར་པར་བསམ། འཆི་མེད་ཚེའི་དངོས་གྲུབ་ལ་སོགས་པ་དང་། དེ་ཡིས་


DLL1006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བསྟན་པའི་མཆོག་རབ་ལ་སོགས་པའི་བཀྲ་ཤིས་བརྗོད། ཡང་འོད་ཟེར་འཕྲོས་པས། ཆུའི་དཀྱིལ་འཁོར་ལོ་ལ་སོགས་པ་མཚོ་དང་། ཕྱི་ནང་གི་རྒྱ་མཚོ། འབབ་ཆུ་དང་ཆུ་མིག་དང་ལྟེང་ཀ་ལ་སོགས་པ་ཆུའི་བཅུད་ཐམས་ཅད་བསྡུས་པ་གོང་བཞིན། ལུས་སྣུམ་བག་དང་ལྡན་པར་བསམ། དགེ་འདུན་དམ་པ་སོགས་དང་། ཡང་འོད་ཟེར་འཕྲོས་པས་འབྱུང་བ་མེའི་དཀྱིལ་འཁོར་དང་། ཉི་ཟླ་རྒྱུ་སྐར་གྱི་འོད་དང་། བཀྲག་མདངས་སོགས་མེ་ཐམས་ཅད་ཀྱི་བཅུད་བསྡུས། ལུས་བཀྲག་མདངས་དང་ལྡན་པར་བསམ། རྒྱལ་བ་སྲས་བཅས་སོགས་དང་། ཡང་འོད་ཟེར་འཕྲོས་པས་རླུང་གི་དཀྱིལ་འཁོར་དང་། རླུང་ཐམས་ཅད་ཀྱི་རོ་བཅུད་བསྡུས། ལུས་སྟོབས་དང་ཡང་རྩལ་དང་ལྡན་པར་བསམ། བགེགས་རིགས་སྟོང་ཕྲག་སོགས་དང་། ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་སྟོབས་ཐམས་ཅད་ཀྱི་བཅུད་བསྡུས། ཚེ་དང་བསོད་ནམས་བསམ་གྱིས་མི་ཁྱབ་པར་འགྱུར། ལོ་བརྒྱ་ཐུབ་ཅིང་སོགས་དང་། ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། བུམ་པར་བྱོན། འཆི་མེད་ཚེའི་བདུད་རྩིའི་ངོ་བོར་ཞུ། བུམ་པ་ཁོལ་ཞིང་ལུད་ཁ་ན་མར་ཞལ་བྱུང་སློབ་མའི་སྤྱི་བོའི་གཙུག་ན་མར་སོང་། ཁོང་པའི་ནང་ཐམས་ཅད་འཆི་མེད་བདུད་རྩིས་ཁེངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་འགྱུར། ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། ཡིད་ཐུགས་རྡོ་རྗེར་གྱུར་པས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་


DLL1006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། སྦྱིན་པ་གཏོང་ཞིང་སོགས་བརྗོད། དེ་ནས་ཚེ་ཆང་གི་དཔག་མེད་ཚེའི་བདུད་རྩིར་ཞུ་བ་སློབ་མའི་ཁར་བྱིན་པས། ཚེའི་བདུད་རྩིས་ལུས་ཁེངས་ཤིང་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བསམ། ཉིན་མོ་བདེ་ལེགས་སོགས་བརྗོད། ཚེ་དཔག་མེད་ཀྱི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཀྱི་དཔྲལ་བར་ཐིམས། ཚུར་འདུས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་ལ་སོགས་པ་སྐུའི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་པོའི་ངོ་བོར་བྱོན། སློབ་མའི་དཔྲལ་བར་ཐིམས་པའི་ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ་ནས་ཚེ་དཔག་མེད་དུ་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ་བསམ། ཨཱཿལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མགྲིན་པར་ཐིམས། ཚུར་འདུས་གསུང་དབྱངས་ཡན་ལག་དྲུག་ཅུ་ཐམས་ཅད་འོད་ཟེར་དམར་པོའི་ངོ་བོར་བྱོན། མགྲིན་པར་ཐིམས་པས་ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཞུགས་གསང་བའི་དབང་ཐོབ། རླུང་འགྲོ་འོང་དང་བྲལ་ནས་ཡེ་ཤེས་ཀྱི་རླུང་དུ་གྱུར་པའི་མགྲིན་པར་ཨཱཿདམར་པོ་བསམ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཀྱི་ཐུགས་ཀར་ཐིམས། ཚུར་འདུས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱོན། སློབ་མའི་སྙིང་ཁར་ཐིམས་པས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་མི་རྟོག་པའི་ཡེ་ཤེས་སུ་གྱུར་པའི་སྙིང་ཁར་ཧཱུཾ་སྔོན་པོ་བསམ། ཡིག་འབྲུ་གསུམ་ག་ལས་འོད་


DLL1006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམས། དེ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་དང་འཕྲིན་ལས་བཞི་སོགས་ཇི་ལྟར་ཇི་སྙེད་མཁྱེན་པ་ཐམས་ཅད་ཚུར་འདུས། སློབ་མའི་གནས་གསུམ་དུ་ཐིམས། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་པ་ཐོབ། ཡེ་ཤེས་ལྔ་དང་འཕྲིན་ལས་བཞི་དང་ལྡན་པར་གྱུར་པས་ལུས་སངས་རྒྱས་ཀྱི་སྐུ་རྡོ་རྗེ། ངག་སངས་རྒྱས་ཀྱི་གསུང་རྡོ་རྗེ། སེམས་སངས་རྒྱས་ཀྱི་ཐུགས་རྡོ་རྗེར་གྱུར་པས། ལུས་ངག་ཡིད་གསུམ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བསམ། དེ་ནས་སྤྱི་གཙུག་གི་ཚེ་ཟན་གྱི་ཚེ་དཔག་མེད་སློབ་མའི་སྤྱི་བོ་ན་མར་ཐིམས་པས་སློབ་མ་ཚེ་དམག་མེད་དུ་གྱུར་པར་དཔོན་སློབ་གཉིས་ཀས་བསམ་མོ། །ཚེ་ཟན་དང་ཚེ་རིལ་ཁར་གཞུག །འབྱུང་པོ་གང་དག་འདིར་ནི་སོགས་ཀྱི་ཤིས་པ་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ནི། སློབ་པས་ཕྱག་དང་མཎྜལ་ཡོན་ཕུལ། བཀའ་དྲིན་ཆེ་ཞེས་བརྗོད། བླ་མས་གཏོར་མགྲོན་མཆོད་ཅིང་བསྟོད་ནས་ནོངས་པ་བཟོད་པར་གསོལ། ཡིག་བརྒྱས་ལྷག་ཆད་བསྐངས། དགེ་བ་བྱང་ཆུབ་ཏུ་བསྔོའོ། །ཐུན་མོང་མ་ཡིན་པའི་ཚེའི་དབང་ཆོག་ཉམས་སུ་བླང་བདེ་བ་འདི་འབའ་ར་བའི་ལུགས་བཞིན་ལས་མི་གསལ་བ་རྣམས་ཅུང་ཟད་གསལ་བར་བྱས་ནས་བཀོད་པའོ། །ཚེ་དཔག་མེད་བསྟིམ་པའི་ཚེ་བླ་མ་ཁ་ཅིག་གི་ཕྱག་ལེན་ལ་བརྒྱུད་པའི་བླ་མ་རྣམས་ཚེ་དཔག་མེད་པའི་སྤྱི་བོར་མཐོ་བརྩེགས་སུ་བཞུགས་པ་འོག་ནས་འབྱུང་བ་ལྟར་མཚན་ནས་བརྗོད་དེ་རིམ་གྱིས་བསྟིམས་


DLL1006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མཛད་དོ། །ཐོག་མར་སློབ་དཔོན་གྱིས་བདག་འཇུག་བླངས་ནས་དབང་བསྐུར་དགོས་སོ། །གཉིས་པ་བསྐྱེད་རིམ་ལ་བརྟེན་ནས་ཚེ་བསྲིང་བ་ལ་སྦྱོར་བ་དང་། དངོས་གཞི་དང་། རྗེས་དང་གསུམ་མོ། །དང་པོ་ནི། ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པ་ལ་ལངས་ཏེ། ཁ་ནུབ་ཏུ་བལྟས། མདུན་གྱི་ནམ་མཁའ་ལ་ཚེ་དཔག་མེད་ཡན་ལག་བཞི་རྫོགས་སུ་བསྐྱེད། དེའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པར་བསམ། གསོལ་བ་གདབ་པར་བྱས་ཏེ། བླ་མ་རེ་རེའི་མཚན་རྫོགས་པ་དང་། གོང་མ་རྣམས་རིམ་གྱིས་འོག་མ་ལ་ཐིམས་པར་བསམས་ལ། དཔལ་ལྡན་རྩ་བའི་བླ་མ་ཚེ་དཔག་མེད། །བདག་གི་སྤྱི་བོ་སྙིང་ཁའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུངས་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་སོལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་རིག་འཛིན་དངོས་གྲུབ་སྩོལ། ཞེས་པ་འོག་མ་རྣམས་ལ་ཡང་འགྲེ། ཡེ་ཤེས་ལྔ་ལྡན་རྒྱལ་བའི་འོད་དཔག་མེད། །རིག་འཛིན་བརྙེས་པ་གྲུབ་པའི་རྒྱལ་མོ་དང་། །གསང་སྔགས་མཛོད་འཛིན་གྲུབ་ཆེན་ཏི་ཕུ་པ། གསོལ་བ྾། གསོལ་བ྾། ཟབ་མོའི་བཅུད་བསྡུས་རས་ཆུང་རྡོ་རྗེ་གྲགས། །རྩ་རླུང་སེམས་ལ་དབང་ཐོབ་མི་ལ་རྗེ། །སེམས་དཔའ་ཆེན་པོ་འགྲོ་མགོན་སྒམ་པོ་པ། །གསོལ་བ྾། གསོལ་བ྾། ཇི་ལྟར་ཇི་སྙེད་མཁྱེན་པའི་མཐའ་རྩ་པ། །རྟེན་འབྲེལ་ཐབས་ལ་མཁས་པའི་འབྲི་གུང་པ། །གཞན་དོན་མཐར་ཕྱིན་སྤྱན་སྔ་རིན་པོ་ཆེ། །གསོལ་བ྾། གསོལ་བ྾། དུས་གསུམ་སངས་རྒྱས་རྒྱལ་བ་ཡང་དགོན་པ། །དམ་པའི་རྒྱལ་ཚབ་སྤྱན་སྔ་རིན་ཆེན་ལྡན། །


DLL1006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་སྲིད་ཆོས་སྐུར་རྟོགས་པའི་ཟུར་ཕུག་པ། །གསོལ་བ྾། གསོལ་བ྾། ཕྱག་ཆེན་རྟོགས་པ་མཆོག་གྱུར་འབའ་ར་བ། །ཐུགས་རྗེས་གཞན་རྒྱུད་གྲོལ་བའི་རྟོགས་ལྡན་པ། །སྤྱན་རས་གཟིགས་དབང་རིན་ཆེན་རྒྱལ་མཚན་ཞབས། །གསོལ་བ྾། གསོལ་བ྾། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ལྷན་ཅིག་དགའ་བའི་བདེ་ལ་ཀུན་ནས་རོལ། །སེམས་དཔའ་ཆེན་པོ་དཔལ་ལྡན་གངས་བཟངས་པ། །གསོལ་བ྾། གསོལ་བ྾། གདམས་པའི་མཛོད་འཛིན་ལྷ་བཙུན་རིན་པོ་ཆེ། །ཟབ་མོའི་དོན་བསྒོམས་རྟོགས་པ་ཕུལ་ཕྱིན་བརྙེས། །གཞུང་ལུགས་རྒྱ་མཚོའི་མངའ་བདག་ཆོས་ཀྱི་རྗེ། །གསོལ་བ྾། གསོལ་བ྾། མདོ་སྔགས་ཀུན་ལ་མཁས་པའི་མཆོག་ཏུ་གྱུར། །བསླབ་གསུམ་རྣམ་དག་བཙུན་པའི་ཕ་རོལ་ཕྱིན། །བཟང་པོའི་མཛད་པས་འགྲོ་ལ་དུས་ཀུན་ཏུ། །བདེ་ལེགས་བཀྲ་ཤིས་སྩོལ་ལ་གསོལ་བ་འདེབས། །ཞེས་འབྲོང་རྩེ་ཆོས་རྗེ་ནས་བརྒྱུད་པའམ། ཡང་ན་རྗེ་འབའ་ར་བ་ཡན་སྔར་བཞིན་ལ། མཁྱེན་རབ་དབང་ཕྱུག་འཇམ་དབྱངས་དཀར་པོའི་ཞབས། །སྔགས་འཆང་རྡོ་རྗེ་འཛིན་པར་རིན་ཆེན་དཔལ།྾།བསླབ་སུམ་བསྟན་པའི་གངས་རི་ལ་གནས་ཤིང་། །ཐེག་གསུམ་གཞུང་ལུགས་རལ་པའི་ཁུར་གྱིས་བརྗིད། །སྐུ་གསུམ་རྐང་གཉིས་མི་ཡི་སེང་གེ་མཆོག །ཀུན་དགའ་བཟང་པོའི་ཞབས་ལ་འདེབས།྾། ཞེས་པའམ། ཡང་ན་འབའ་ར་བ་ཡན་སྔར་བཞིན་ལ། བསྟན་པའི་སྒྲོན་མེ་ཤེས་རབ་སེང་གེའི་ཞབས། །གདམས་པའི་མཛོད་འཛིན་གྲུབ་ཆེན་རྒྱལ་མཚན་དཔལ།྾། རྗེ་བཙུན་བླ་མ་མཐའ་ཡས་འགྲོ་བའི་མགོན། །གྲགས་པའི་རབ་དཀར་ས་གསུམ་རབ་ཏུ་གཡོ། །མི་ཡི་སེང་གེ་


DLL1006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་མཆེ་སྡེར་རྒྱས། །མཚུངས་མེད་བླ་མའི་ཞབས་ལ་྾། ཞེས་ཁོ་བོ་ལ་བརྒྱུད་ཚུལ་གསུམ་ཡོད་པས་གང་ཡང་རུང་བའི་སྒོ་ནས་གསོལ་བ་གདབ་པ་ལ་ཚེ་དཔག་མེད་ལ་བསྟིམས། ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་བུམ་པ་བསྣམས། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ། ཤྭ་ར་རེ་ཧཱུཾ་ཕཊ། ཅེས་པ་བདུན་ལ་སོགས་པས་གསོལ་བ་བཏབ་པས་དབང་བཞིའི་ཆུ་རྒྱུན་བླ་མའི་ཞལ་ནས་འབྱུང་བ་བཞིན་བསྒོམས། ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་བར་བསམས། དེ་ནས་བླ་མ་རང་གི་སྤྱི་བོར་བྱོན། བཟང་པོའི་འདུག་སྟངས་སམ་རྡོ་རྗེའི་སྐྱིལ་ཀྲུང་གང་རུང་གིས་བཞུགས་པ་ལ་སྔར་ལྟར་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཀྱི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་གི་ཚེ་དང་བསོད་ནམས་དབང་ཐང་གདོན་བགེགས་ཀྱིས་བརྐུས་པ་དང་། ཕྲོགས་པ་བསྣད་པ། ཡར་བ་ཐམས་ཅད་བཀུག་སྟེ། རང་ལ་ཐིམས་པས་ཉམས་པ་ཐམས་ཅད་སོར་ཆུད་པར་བསམ་ཞིང་། ཨོ་ཨ་མཱ་ར་ཎི་བརྒྱ་རྩ་བཟླས་སོ། །ཚེ་ཁྲིད་དུ་བྱེད་ན། དེ་ལ་ཞག་གསུམ་ལས་མི་ཉུང་བར་བྱའོ། །ཡར་བ་བསྡུས་པའི་སྒོ་ནས་ཚེ་བསྲིང་བ་སྟེ་དམིགས་པ་དང་པོའོ། ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པས་དེ་རྣམས་གནས་པའི་དབང་ཆེན་གསེར་གྱི་ས་གཞི། དབུས་ཀྱི་རི་བོ་མཆོག་རབ། གསེར་གྱི་རི་བདུན་ལ་སོགས་པ་ནས་སྨན་དང་བཅུད་དང་འབྲུ་བཅུད་ཀྱི་བར་གྱི་བཅུད་ཐམས་ཅད་བསྡུས་ནས་ཚེ་དཔག་


DLL1006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བུམ་པར་ཐིམས་པ་ཞུ་ཞིང་ཁོལ་ནས་ལུད་པ་རང་གི་སྤྱི་བོ་ཞུགས། སྤྱི་བོའི་རྩ་འདབ་ཐམས་ཅད་ཁེངས་པ་བསམས་ལ་སྔགས་བརྒྱ་རྩ་བཟླས། དེ་བཞིན་མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་དང་གསང་གནས་ཀྱི་རྩ་འདབ་རྣམས་རིམ་པ་བཞིན་དུ་ཁེངས། མཐར་ལུས་གང་བར་བསམ་ཞིང་སྔགས་བཟླས། ལུས་རྡོ་རྗེ་ལྟར་གང་གིས་ཀྱང་གཞོམ་གཞིག་མི་ནུས་པར་བསམ་སྟེ་དམིགས་པ་གཉིས་པའོ། །དེ་བཞིན་དུ་འོག་ནས་འབྱུང་བའི་བཅུད་ཐམས་ཅད་ཚེ་དཔག་མེད་པའི་བུམ་པར་བསྡུས། ཞུ་ཞིང་ཁོལ་ནས་རྩ་འདབ་རྣམས་རིམ་གྱིས་ཁེངས་པར་འདྲ་བ་ལ། ཆུའི་བཅུད་བསྡུས་པས་ལུས་སྣུམ་ཞིང་བག་དྲོ་བ་དང་ལྡན་པ་སྟེ་དམིགས་པ་གསུམ་པའོ། །མེའི་བཅུད་ཐམས་ཅད་བསྡུས་པས་ལུས་དྲོད་ཆེ་ཞིང་བཀྲག་དང་གཟི་མདངས་དང་ལྡན་པ་སྟེ་དམིགས་པ་བཞིའོ། །རླུང་གི་བཅུད་ཐམས་ཅད་བསྡུས་པས་ལུས་སྟོབས་དང་ཡང་རྩལ་དང་ལྡན་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་པ་སྟེ་དམིགས་པ་ལྔ་པའོ། །འབྱུང་བཞི་རེ་རེ་ལའང་སྔགས་བརྒྱ་རྩའམ་སྟོང་རྩ་རེ་བཟླའོ། །དེ་ནི། འབྱུང་བཞི་དབང་དུ་སྡུད་པའི་སྒོ་ནས་བསྲིང་བའོ། ། ཡང་འོད་ཟེར་འཕྲོས་པས་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་སྟོབས་ལྡན་རྣམས་ཀྱི་ཚེ་དང་བསོད་ནམས་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྡུས་ནས་གོང་བཞིན་ཐིམས་པར་བསམས་པས། དེ་རྣམས་དང་རང་ཉིད་ཚེ་དང་བསོད་ནམས་མཉམ་པར་བསམས་ལ་སྔགས་བགྲང་སྟེ་དམིགས་པ་དྲུག་པའོ། །འདི་སྟོབས་ལྡན་གྱི་བཅུད་བསྡུས་པའི་སྒོ་ནས་ཚེ་བསྲིང་བའོ། །


DLL1006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་བུམ་པར་བྱོན། རང་གི་སྤྱི་བོ་ནས་ཐིམས་པས་ལུས་ཁེངས་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཞུགས། ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་སྔགས་བཟླ་སྟེ་དམིགས་པ་བདུན་པའོ། །དེ་ནས་སྤྱི་བོ་ཚེ་དཔག་མེད་དེ་རང་ལ་ཐིམས་པས་ཞལ་ཕྱག་དང་སྐུ་མདོག་སོགས་ཀྱི་རྣམ་པ་གསལ་བ་དང་། ང་ཚེ་དཔག་མེད་དངོས་ཡིན་སྙམ་པའི་འཛིན་སྟངས་ཀྱི་ང་རྒྱལ་བརྟན་པོ་མ་བྱུང་གི་བར་དུ་བསྒོམ་པའི་ངང་ནས་སྔགས་བཟླ་བ་ནི། བསྐྱེད་རིམ་གྱི་དམིགས་པ་སྟེ་དམིགས་པ་བརྒྱད་པའོ། །དེ་ལྟར་དམིགས་པ་བརྟན་པའི་རྗེས་སུ་རྫོགས་རིམ་ལ་བསླབ་དགོས་པས་རྫོགས་རིམ་ལ་བརྟེན་ནས་ཚེ་བསྲིང་བ་ལ་བརྒྱད། རྩ་འཁོར་ལོ་བཞི་ལ་བརྟེན་ནས་ཚེ་བསྲིང་བ་དང་། རླུང་འགྲོ་འོང་ལ་བརྟེན་ནས་ཚེ་བསྲིང་བ། ཁམས་འབར་འཛག་ལ་བརྟེན་ནས་ཚེ་བསྲིང་བ། རླུང་རྡོར་བཟླས་ལ་བརྟེན་ནས་ཚེ་བསྲིང་བ། རླུང་བུམ་པ་ཅན་ལ་བརྟེན་ནས་ཚེ་བསྲིང་བ། བར་ཆད་འཇུག་པའི་སྒོ་བཀག་ནས་ཚེ་བསྲིང་བ། སྙིང་ཁར་ཚེའི་ཕུར་པ་བཏབ་སྟེ་ཚེ་བསྲིང་བ། ལུས་ལ་རྡོ་རྗེའི་གོ་གྱོན་ནས་ཚེ་བསྲིང་བའོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པ་ལ་རང་ཡི་དམ་གྱི་ལྷར་གསལ་བའི་ངང་ནས་བདེན་པས་སྟོང་པ་ནི་ནང་གི་སྟོང་པར་བསྒོམ་པ་སྔོན་དུ་འགྲོ་བས་དབུ་མ་མདའ་སྨྱུག་གམ་སྦ་ལྕག་ཙམ་ཡར་སྣ་སྤྱི་གཙུག་དང་མར་སྣ་ལྟེ་འོག་སོར་བཞིར་ཟུག་པ་ལ་རྩ་འདབ་རྣམས་གདུགས་ཕུབ་པ་ལྟར་གྱེས་པ་སྤྱི་བོ་ན་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་


DLL1006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཅུ་དྲུག །སྙིང་ཁ་ན་བརྒྱད། ལྟེ་བ་ན་དྲུག་ཅུ་རྩ་བཞི་རྣམས་གསལ་གདབ། དབུ་མའི་མར་སྣ་རུ་ཚེ་དཔག་མེད་སྐུ་མདོག་དམར་པོ་མཚོན་གང་བ་གཅིག་བསམ། དེ་ལ་མཆོད་བསྟོད་དང་གོང་གི་སྔགས་ཀྱིས་གསོལ་བ་ལན་གསུམ་བཏབ་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། གོང་བཞིན་སའི་བཅུད་ཐམས་ཅད་ཚེ་བུམ་དུ་བསྡུས། ཚེ་བུམ་བདུད་རྩི་དམར་པོས་ཁེངས། དབུ་མ་ན་ཡར་བྱོན་ལྟེ་བའི་རྩ་འདབ་ཁེངས། འོད་དམར་མེར་རེ་བ་ལ་སེམས་གཏད་ཅིང་སྔགས་བཟླ། དེ་བཞིན་དུ་སྙིང་ཁ་མགྲིན་པ་སྤྱི་བོའི་རྩ་འདབ་ཁེངས་པར་བསམ་ཞིང་སྔགས་བཟླས། དྷཱུ་ཏཱིའི་ཡར་སྣར་ཚེ་དཔག་མེད་དཀར་པོ་མཚོན་གང་བ་གཅིག་བསམས་ལ་མཆོད་བསྟོད་གསོལ་གདབ་སྔར་བཞིན་བྱས་པས། སའི་རོ་བཅུད་ཐམས་ཅད་བུམ་པར་བསྡུས་པ་བདུད་རྩི་དམར་པོར་ལུད་པས་དབུ་མའི་ནང་ན་མར་བྱོན་ནས་སྤྱི་བོ་མགྲིན་པ་སྙིང་ཀ་ལྟེ་བའི་རྩ་འདབ་རྣམས་ཁེངས་པར་བསམ་ཞིང་སྔགས་བཟླས་སོ། །དེ་བཞིན་དུ་ཆུ་མེ་རླུང་གི་བཅུད་རྣམས་ལྟེ་བའི་ཚེ་དཔག་མེད་ཀྱི་བུམ་པར་བསྡུས་པ་ལུད་པ་དཀར་པོ། འཁོར་ལོ་བཞི་ལ་མས་རིམ་དང་ཡས་རིམ་གྱིས་གོང་བཞིན་ཤེས་པར་བྱས་ནས་བསྒོམས་པས་ཉི་མ་ཡར་འབར་བ་དང་། ཟླ་བ་མར་བབས་པ་ལ་མ་ཡེངས་པར་བཟླས་པ་བྱས་པས་མཐར་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་བདུད་རྩིས་ཁེངས་པ་ལ་ཡུན་རིང་དུ་མཉམ་པར་བཞག་གོ །ལོངས་སྐབས་མེད་ན་འབྱུང་བཞིའི་བཅུད་ཐམས་ཅད་དུས་གཅིག་ཏུ་དམིགས་


DLL1006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྡུས་ལ་མས་བརྟན་དང་། ཡས་བབས་ཀྱི་དམིགས་པ་སྔ་མ་བཞིན་བྱའོ་ཞེས་ཀྱང་གསུངས་སོ། །གཉིས་པ་ནི། རླུང་ཕྱིར་འགྲོ་བའི་ལྟེ་བའི་ཚེ་དཔག་མེད་པའི་བུམ་པ་ཞུ་ཞིང་ཁོལ་ནས་ལུད་པས་ལྟེ་བའི་རྩ་འདབ་བདུད་རྩི་དམར་པོས་ཁེངས། རླུང་ནང་དུ་འཇུག་པ་དང་མཉམ་དུ་སྤྱི་བོའི་ཚེ་དཔག་མེད་པའི་བུམ་ནང་གི་བདུད་རྩི་ཁོལ་ནས་ལུད་པས་སྤྱི་བོའི་རྩ་འདབ་བདུད་རྩི་དཀར་པོས་ཁེངས། དེ་བཞིན་དུ་རླུང་གི་འགྲོ་འོང་དང་བསྟུན་ནས་ཕྱིར་འགྲོ་བ་དང་སྙིང་ཁའི་རྩ་འདབ་ཁེངས། ནང་དུ་འོང་བ་དང་མགྲིན་པའི་རྩ་འདབ་ཁེངས། ཕྱིར་འགྲོ་བ་དང་མགྲིན་པའི་དང་། ནང་དུ་འོང་བ་དང་སྙིང་ཁའི་དང་། ཕྱིར་འགྲོ་བ་དང་སྤྱི་བོའི་དང་། ནང་དུ་འོང་བ་དང་ལྟེ་བའི་རྩ་འདབ་རྣམས་ཁེངས་པ་ལ་སེམས་གཏད་ལ་བསྒོམ་མོ། ། གསུམ་པ་ནི། ལྟེ་བར་བབས་པའི་ཁམས་དྭངས་མ་གཅིག་ཡོངས་སུ་གྱུར་པ་ལ་ཡུམ་གོས་དཀར་མོ་དཀར་མོར་གྱུར་ནས་ཡབ་དམར་པོ་ལ་འཁྱུད། སྤྱི་བོར་སླེབས་པའི་ཁམས་དམར་པོའི་དྭངས་མ་གཅིག་ཡོངས་སུ་གྱུར་པ་ལས་ཡུམ་གོས་དཀར་མོ་དམར་མོར་གྱུར་ནས་ཡབ་དཀར་པོ་ལ་འཁྱུད། ལྟེ་བའི་ཡབ་ཡུམ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས། རྗེས་ཆགས་ཀྱི་མེས་བྱང་སེམས་དཀར་དམར་ཞུ་བ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་ཏེ། སྔ་མ་བཞིན་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོའི་བར་དུ་རིམ་བཞིན་ཁེངས་པས་མས་བརྟན་གྱི་དགའ་བ། མཆོག་དགའ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། སྤྱི་བོའི་ཡབ་ཡུམ་སྙོམས་པར་ཞུགས་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་


DLL1006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བའི་རྩ་འདབ་རྣམས་ཁེངས་པས་ཡས་བབས་ཀྱི་དགའ་བཞི་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །དེ་ལྟར་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་དུས་སུ་སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ལ་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་རྩེ་གཅིག་ཏུ་བཞག་གོ །བཞི་པ་ནི། རླུང་ཕྱིར་འགྲོ་བ་ན་ཡི་གེ་ཨཱཿའི་གདངས་ཀྱིས་ནད་གདོན་སྡིག་སྒྲིབ་ཚེ་ལ་རབ་དུ་གཅོད་པ་ཐམས་ཅད་ན་བུན་གྱི་རྣམ་པས་ཕྱིར་སངས་ཏེ་འཐོན། རླུང་ནང་དུ་འཇུག་པ་ན། ཡི་གེ་ཨོཾ་གྱི་གདངས་ཀྱིས་འབྱུང་བཞིའི་བཅུད། སྟོབས་ལྡན། སངས་རྒྱས་བྱང་སེམས་ཀྱི་ཡེ་ཤེས་ཐམས་ཅད་ལུས་ཀྱི་ནང་དུ་ཞུགས་པས་ཚེའི་དངོས་གྲུབ་ཐོབ་པར་བསམ། ནང་དུ་གནས་པ་ཅིག་སྐབས་འདིར་བཟོས་ལ་ཧཱུཾ་གི་གདངས་ཀྱིས་དུག་ལྔ་ཡེ་ཤེས་ལྔར་སོང་བར་བསམས་ལ་རྩེ་གཅིག་ཏུ་བཞག་གོ །སྐབས་འདིར་རླུང་ལ་བརྟེན་པའི་ཉམས་ལེན་ཟབ་མོ་ཡོད་པ་རྣམས་ཞལ་ལས་ཤེས་པར་བྱའོ། ། ལྔ་པ་ནི། རླུང་རོ་བསལ་ལ། ལུས་ཀྱི་སྟོད་ལ་ན་ཚ་ཡོད་ན། ཐོག་མེ་སྟོད་རླུང་བརྔུབས། སྨད་ན་ཡོད་ན་སྨད་རླུང་ཐོག་མར་བརྔུབས། དེ་ལྟ་བུའི་ནད་བྱེ་བྲག་པ་མེད་ན་ཐོག་མར་བསྟོད་རླུང་བརྔུབས་ཏེ། སྤྱི་བོ་མན་ལྟེ་བ་ཡན་གྱིལུས་ཀྱི་ནང་ཐམས་ཅད་གང་བར་བསམ། འོག་གི་བྱེད་བཅིང་དམ་པར་བྱས་ནས་སྨད་རླུང་དྲངས་ཏེ། ལྟེ་བ་མན་རྐང་མཐིལ་ཡན་ལུས་ཀྱི་ནང་ཐམས་ཅད་གང་བར་བསམས་ལ། རླུང་ཁ་སྦྱོར་བུམ་པ་ཅན་ལ་དམིགས་པ་གཏོང་བར་བྱའོ། །འདིའི་རིང་ཚད་ལ། སྐྱིལ་ཀྲུང་བྱས་པའི་པུས་མོ་གཉིས་ལ་ལག་པས་


DLL1006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་ལན་རེ་བྱས་ལ་སེ་གོལ་གཏོག་པར་རེ་བྱས་པ་རབ་བརྒྱ་རྩ། འབྲིང་དོན་གཉིས། ཐ་མ་སོ་གཉིས་བྱེད་པའི་ལུགས་དང་། སྐོར་བ་དྲུག་དྲུག་ལ་སེ་གོལ་གཏོག་པར་བྱས་པའི་རབ་འབྲིང་ཐ་མ་བྱེད་པའི་ལུགས་གཉིས་ཀ་བཤད་པའི་གང་བྱས་ཀྱང་འགལ་བ་མེད་གསུངས་ཏེ་དང་པོ་ཡུན་ཐུང་བ། དེ་ནས་རིང་བ་ལ་བསླབ་པའོ། ། དྲུག་པ་ནི། རང་གི་སྲིན་ལག་གི་ནང་དུ་བར་ཆད་འཇུག་པའི་རྩ་ཡོད་པས། དེའི་རྩ་ནང་དུ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་དམར་སྨུག་འཕྲོ་བའམ། མེ་སྟག་དམར་སྨུག་འཕྲོ་བ་མགོ་བོ་སེན་མོ་ཕྱོགས་ལ་བསྟན་པ་བསྒོམས་པས། བར་ཆད་བྱེད་པའི་གདོན་བགེགས་ཐམས་ཅད་བསྲུངས་ཏེ་རྐང་པའི་སྲིན་ལག་ལ་ཡང་ངོ་། །བདུན་པ་ནི། རང་གི་ལུས་ཀྱི་ནང་ན་རྩ་དབུ་མ་སྦ་ལྕག་ཙམ་ཡོད་པའི་ཡར་མར་གྱི་ནང་དུ་ཚེ་དཔག་མེད་དཀར་དམར་ཡུམ་དང་བཅས་པ་སྔར་བཞིན་བསྒོམས་ལ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དམར་པོ་དབུ་མའི་ནང་ནས་ཡར་འབར། སྙིང་ཁའི་རྩ་འཁོར་གྱི་ལྟེ་བའི་ནང་ན་རང་གི་རྣམ་ཤེས་ཧཱུཾ་ཡིག་སྔོན་པོར་ཡོད་པའི་འོག་ཏུ་ཉི་མའི་དཀྱིལ་འཁོར་དུ་སོང་། བྱང་སེམས་དཀར་པོ་སྤྱི་བོའི་ཡབ་ཡུམ་གྱི་སྦྱོར་མཚམས་ནས་མར་བབས། སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་ཧཱུཾ་ཡིག་སྔོན་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དུ་བསམས་ལ། ཉི་ཟླ་ཁ་སྦྱོར་གྱི་བར་དུ་རང་གི་རྣམ་ཤེས་ཧཱུཾ་ཡིག་སྔོན་པོ་དྭངས་ཤིང་ཐོགས་པ་མེད་པ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ་པར་བྱའོ། །དེ་ལྟར་རིམ་གཉིས་


DLL1006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣལ་འབྱོར་བསྒོམས་པས་འབྱུང་བཞི་ཆ་མཉམ་པར་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྟོབས་རྒྱས་ནས་ཚེ་བསྲིང་བར་བྱེད་པ་ཡིན་པས། ཚེ་སྒྲུབ་འདི་ཤིན་ཏུ་ཟབ་བོ། །བརྒྱད་པ་སྤྱི་བོར་གཟུགས་ཕུང་གི་ངོ་བོ་ཚེ་དཔག་མེད་དཀར་པོ། མགྲིན་པར་འདུ་ཤེས་ཀྱི་ངོ་བོ་དམར་པོ། སྙིང་ཁར་རྣམ་ཤེས་ཀྱི་ངོ་བོ་སྔོན་པོ། ལྟེ་བར་ཚོར་ཕུང་གི་ངོ་བོ་སེར་པོ། གསང་གནས་སུ་འདུ་བྱེད་ཀྱི་ངོ་བོ་ལྗང་ཁུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྒོམས་ལ། དེ་རྣམས་ལས་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་འཕྲོས་པས། ལུས་ཐམས་ཅད་ལ་ཁྱབ་པར་བསྒོམས་ཏེ། ཐོག་མར་སྔོན་པོ། དེ་ནས་དམར་པོ། དཀར་པོ། སེར་པོ། ལྗང་ཁུ་རྣམས་ཀྱིས་ལུས་ཐམས་ཅད་ཁྱབ་པར་ཁེངས་པས་བ་སྤུའི་ཁུང་བུ་ཐམས་ཅད་རྡོ་རྗེ་གོ་ཁྲབ་ཀྱིས་གོ་མཚམས་མེད་པར་གཏམས་པར་བསམ་མོ། །ལྷ་ལྔ་པོ་རྣམས་རྩ་འཁོར་རྣམས་ཀྱི་དབུས་སུ་བསྒོམ་པར་གསུངས་སོ། ། བསྡུ་ན་བ་སྤུའི་ཁུང་བུ་ཐམས་ཅད་དུ་ཧཱུཾ་དམར་པོས་ཁྱབ་པར་བསྒོམ་པ་དང་། དམུ་མའི་ཡར་སྣ་བར་སྣར་ཚེ་དཔག་མེད་དཀར་པོ་དམར་པོ་བསྒོམ་པ་དང་། སྙིང་ཁར་ཚེའི་ཕུར་བ་གདབ་པའམ་ཚེའི་གཏེར་སྦ་བ་ཐིག་ལེ་དཀར་དམར་གྱི་དབུས་སུ་ཧཱུཾ་ཡིག་སྔོན་པོ་བསྒོམ་པ་རྣམས་ལ་སེམས་རྩེ་གཅིག་ཏུ་གཏོད་པ་རྣམས་ལ་


DLL1006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་ཕྲུག་གཅིག་ལ་ཐུན་བཞིར་བསྒོམ་པའམ། འཆག་མེད་དུ་བསྒོམ་པ་ནི། ཚེའི་གོ་གྱོན་པར་གསུངས་ཏེ། རིམ་གཉིས་ཀྱི་དམིགས་པ་ཐམས་ཅད་ལ་ཐུན་བཞིའམ་འཆག་མེད་དུ་བསྒོམ་པ་ནི། འདྲ་བ་ཡིན་ནོ། །བཞི་པ་བཅུད་ལེན་གྱི་རིལ་བུ་ལ་བརྟེན་ནས་ཚེ་བསྲིང་བ་ནི། ཡིག་ཆ་ཟུར་ན་ཡོད་པ་ལས་ཤེས་པར་བྱའོ། །བསྐྱེད་རྫོགས་ཀྱི་དམིགས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་ཚིགས་སུ་བཅད་དེ་གོ་བདེ་བར་བརྗོད་ན། གོང་གི་བརྒྱུད་པའི་གསོལ་འདེབས་ཀྱི་རྗེས་སུ། རང་གི་སྤྱི་བོར་ཚེ་དཔག་མེད་མགོན་སྐུ། །གསལ་བར་དམིགས་ལ་མཆོད་ཅིང་གསོལ་བ་ཡིས། །ཚེ་དཔག་མེད་པའི་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་ཟེར་འཕྲོས་པས་ཉམས་དང་ཡར་བ་དང་། །བདུད་དང་གཤིན་རྗེ་སོགས་ཀྱིས་ཁྱེར་བའི་ཚེ། །འོ་མའི་ཚུལ་གྱིས་བཀུག་ཅིང་ལུས་ལ་ཐིམས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །ས་ཆུ་མེ་རླུང་འབྱུང་བཞིའི་བཅུད་ཐམས་ཅད། །སེར་དང་དཀར་དང་དམར་དང་ལྗང་ཁུ་ཡི། །བདུད་རྩིའི་ཚུལ་གྱིས་སྤྱན་དྲངས་སྤྱི་བོ་ཡི། །ཚེ་དཔག་མེད་པའི་བུམ་པར་ཐིམས་པ་རྣམས། །ཞུ་ཞིང་ཁོལ་ནས་ལུད་པ་རང་ཉིད་ཀྱི། །སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་རྣམས་ཁེངས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །སླར་ཡང་ཐུགས་ཀའི་ཧྲཱིཿ་ལས་འོད་འཕྲོས་པས། །ཚངས་པ་བརྒྱ་བྱིན་འཁོར་ལོ་བསྒྱུར་སོགས་དང་། །བླ་མའི་བྱིན་རླབས་གྲུབ་ཐོབ་ཉམས་རྟོགས་དང་། །པཎྜི་ཏ་ཡི་ཤེས་རབ་


DLL1006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། །ཚེ་དཔག་མེད་པའི་བུམ་པར་ཐིམས་པ་རྣམས། །ཞུ་ཞིང་ཁོལ་ནས་ལུད་པ་རང་ཉིད་ཀྱི། །སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་རྣམས་ཁེངས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །རང་གི་སྤྱི་བོ་ཚེ་དཔག་མེད་མགོན་སྐུ། །རང་ལ་ཐིམ་པར་གྱུར་པས་རང་ལུས་འདི། །ཚེ་དཔག་མེད་མགོན་བསྐྱེད་རིམ་ལ་བརྟེན་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ལུས་གནད་རྣམ་སྣང་ཆོས་བདུན་ལེགས་བཅས་ནས། །སྤྱི་བོ་ནས་བཟུངས་ལྟེ་འོག་སེར་བཞིའི་བར། །ཨ་བ་དྷཱུ་ཏཱི་སྦོམ་ཕྲ་སྦ་ལྕག་ཙམ། །སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་དང་། །མགྲིན་པར་བཅུ་དྲུག་སྙིང་ཁར་བརྒྱད་དང་ནི། །ལྟེ་བར་དྲུག་ཅུ་རྩ་བཞི་གསལ་བར་ལྟ། །དྷཱུ་ཏཱིའི་མས་སྣར་ཚེ་དཔག་མེད་མགོན་སྐུ། །དམར་ཞིང་གསལ་བ་ཉི་མ་ལྟ་བུ་ཡི། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་རབ་འཕྲོས་པས། །ས་ཆུ་མེ་རླུང་འབྱུང་བཞིའི་བཅུད་བསྡུས་ནས། །ཚེ་དཔག་མེད་པའི་བུམ་པར་ཐིམས་པ་རྣམས། །ཞུ་ཞིང་ཁོལ་ནས་བདུད་རྩི་དམར་པོར་ལུད། །ལྟེ་སྟེང་མགྲིན་པ་སྤྱི་བོའི་རྩ་རྣམས་ཁེངས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །དྷཱུ་ཏཱིའི་ཡས་སྣར་ཚེ་དཔག་མེད་མགོན་སྐུ། །དཀར་ཞིང་གསལ་བ་ཟླ་བ་ལྟ་བུ་ཡི། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་རབ་འཕྲོས་པས། །ས་ཆུ་མེ་རླུང་འབྱུང་བཞིའི་བཅུད་བསྡུས་ནས། །ཞུ་ཞིང་ཁོལ་ནས་བདུད་རྩི་དཀར་པོར་ལུད། །སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་ཡི། །རྩ་འདབ་


DLL1006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལེགས་པར་གང་བ་ཡིས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །འགྲོ་འོང་རླུང་ལ་དམིགས་པའི་རྣལ་འབྱོར་དང་། །འབར་འཛག་བདུད་རྩིའི་རྒྱུན་གྱི་རྣལ་འབྱོར་དང་། །དབྱེར་མེད་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །རླུང་སྔགས་དབྱེར་མེད་རྡོ་རྗེའི་བཟླས་པ་དང་། །ཁ་སྦྱོར་བུམ་པ་ཅན་གྱི་རྣལ་འབྱོར་དང་། །བར་ཆད་འཇུག་པའི་སྒོ་རྣམས་ཧཱུཾ་གིས་བཀག །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །རང་གི་སྙིང་ཁར་ཐིག་ལེ་དཀར་དམར་དབུས། །རང་གི་རྣམ་ཤེས་ངོ་བོ་ཧཱུཾ་ཡིག་ནི། །སྔོ་ཞིང་དྭངས་པའི་རྣམ་པར་བསྒོམས་པ་ལས། །སྙིང་ཁར་ཚེ་ཡི་ཕུར་པ་བཏབ་པ་ཡི། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །རང་གི་ཕུང་པོ་ལྔ་པོ་ཚེ་དཔག་མེད། །རིགས་ལྔར་བསྒོམས་པས་འོད་ཟེར་ལུས་ལ་ཁྱབ། །རྡོ་རྗེའི་གོ་གྱོན་བར་ཆད་ཐམས་ཅད་བསྲུངས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །དྷཱུ་ཏཱིའི་སྟེང་འོག་ཚེ་དཔག་མེད་དཀར་དམར། །བསྒོམས་པས་དྷཱུ་ཏཱིའི་ཡས་སྣ་མས་སྣ་བཀག །བ་སྤུའི་ཁུང་བུར་ཧཱུཾ་ཡིག་སྔོན་པོས་གཏམས། །མི་མཐུན་ཕྱོགས་བསྲུངས་བར་ཆད་ཀུན་ལས་རྒྱལ། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །གསོལ་བ་འདེབས་སོ་རིག་འཛིན་དངོས་གྲུབ་སྩོལ། །ཞེས་པའི་དབང་དང་རིམ་གཉིས་ཀྱི་ཉམས་ལེན་ལག་ཏུ་བླང་བདེ་བར་བརྗོད་པ་འདི་ནི། བླ་མའི་གསུང་བཞིན་བཙུན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་རང་གི་འདི་ལྟར་བྱུང་ཡང་སློབ་མ་ཞིག་གི་ཟིན་བྲིས་སུ་མངོན། བརྗེད་ཐོར་བཀོད་


DLL1006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།གཉིས་པ་སྒྲོལ་མ་དཀར་མོའི་ཚེ་སྒྲུབ་ཀྱི་སྒོ་ནས་ཚེ་བསྲིང་བ་ནི། སྟན་བདེ་བ་ལ་འདུག་སྟེ་དང་པོར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གི་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་བྱ་སྙམ་དུ་བསམ། འདིའི་བསྒོམ་བཟླས་བྱས་པས་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཐམས་ཅད་འདི་ལས་འབྱུང་སྙམ་དུ་ཡི་དམ་བརྟན་པར་བྱས་ལ། ཤཱུནྱ་ཏཱ་བརྗོད་པས་སྟོང་པར་བསྒོམ། སྟོང་པའི་ངང་ལས། པདྨ་དང་ཟླ་བའི་གདན་ལ་ཏཱ་རཱ་ཨ་ཧཾ་ཞེས་བརྗོད་པས་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཨུཏྤལའི་ཡུ་བ་ནས་བཟུངས་ནས་སྙན་གྱི་ཐད་ཀར་ཁ་བྱེ་བ། དེ་ཡང་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡ་རུ། རྩ་བ་གཅིག་ལ་མེ་ཏོག་གསུམ་ཡོད་པའི་དབུས་མ་དེ་ཁ་ཤས་བྱེ་བ། གཡོན་གྱི་མེ་ཏོག་བུད་ནས་འབྲས་བུ་ཡོད་པ། གཡས་པ་ཁ་མ་བྱེ་བ་བུམ་པར་ཡོད་པའོ། །ཟླ་བའི་གདན་དང་ཟླ་བའི་རྒྱབ་ཡོལ་ཅན། སྐུ་དྲང་ཐད་དུ་བཞུགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ལོན་པའི་གཞོན་ཤ་ཅན། དབུའི་སྟེང་དུ་ཨ་མི་དེ་བ་གཅིག་བཞུགས་པར་བསྒོམ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ག་གསུམ་གྱིས་བྱིན་གྱིས་བརླབས། དེ་ལྟར་


DLL1006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་ཏཾ་ཡིག་དཀར་པོ་དེ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་ཇོ་མོ་སྤྱན་དྲངས་ལ་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། དེ་ནས་ཏཾ་ཞུ་བ་ངོ་བོ་ཡེ་ཤེས་ཀྱི་ཇོ་མོ་ལ་རྣམ་པ་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཟླུམ་པོ་མུ་ཁྱུད་ལྔ་དང་ལྡན་པ་ཅིག་བསྒོམ། དེའི་ལྟེ་བར་ཨོཾ་དང་ཧའི་བར་དུ་མིང་སྤེལ། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་ཡིག་འབྲུ་བརྒྱད་ཆོས་སྐོར་དུ་དཀར་སྒོར་རེ་བསམ། མུ་ཁྱུད་ཕྱི་མ་ལ་ཀཱ་ལ་གཡས་སྐོར། དེའི་ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་བསྒོམ། ཡིག་འབྲུ་ཐམས་ཅད་དཀར་ཧྲམ་མེ་ཡོད་པའི་ཡིག་འབྲུ་དང་འཁོར་ལོ་ལས་འོད་ཟེར་དཀར་པོ་འཕྲོས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་འཕྲོས་ཏེ། འདོམ་གང་ཙམ་དུ་སྒོར་རེ་འཁོར་བར་བསྒོམ། དཀར་པོས་ཞི་བའི་ལས་འགྲུབ། ཡང་འོད་ཟེར་སེར་པོ་འཕྲོས་ཏེ་དཀར་པོ་ནས་འདོམ་གང་ཙམ་དུ་འཁོར་བས་ཚེ་དང་བསོད་ནམས་རྒྱས་པར་བསམ། དེ་བཞིན་དུ་འཁོར་ལོའི་ཡིག་འབྲུ་ལས་འོད་ཟེར་དམར་པོ་འཕྲོས། སེར་པོའི་ཕྱི་རོལ་ཏུ་འཁོར་བས་དབང་གིས་ལས་འགྲུབ། དེའི་ཕྱི་རོལ་ཏུ་འོད་ཟེར་ལྕགས་ཁ་འཕྲོས་ཏེ། དྲག་པོའི་ལས་འགྲུབ། ལྗང་ཁུ་འཕྲོས་ཏེ་འཁོར་བས་འཕྲིན་ལས་སྣ་ཚོགས་འགྲུབ། དེའི་ཕྱིར་རོལ་ཏུ་མཆིན་ཁ་འཕྲོས་ཏེ་འཁོར་བས་འཕྲིན་ལས་ཐམས་ཅད་བརྟན་པར་བསྒོམ། འོད་ཟེར་དེ་དག་གི་བར་ཐམས་ཅད་ཨུཏྤལ་སྔོ་ཤིག་ཤིག་པ་ཁ་


DLL1006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མ་ཐག་ལྟ་བུས་གང་བར་བསྒོམ། རང་བརྩི་བའི་འཁོར་ལ་སོགས་པ་རྣམས་འོད་ཟེར་སྣ་དྲུག་གི་ནང་དུ་ཚུད་པར་བསྒོམས་ལ། ཡིག་འབྲུ་ཀློག་པའི་ཚུལ་གྱིས་མ་ཡེངས་པར་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་གི་ཚེ་དང་བསོད་ནམས་འཕེལ་བར་གྱུར་ཅིག་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས། འཕྲོ་གཅོད་པ་དང་། ཨཱ་ལི་ཀཱ་ལི་དང་། རྟེན་འབྲེལ་སྙིང་པོ་ཚར་རེ་བཟླས་ལ། འོད་ཟེར་མཆིན་ཁ་ནས་རིམ་པར་ནང་མ་ལ་ཐིམས་ནས་སྙིང་ཁའི་འཁོར་ལོ་ལ་བསྡུ། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དགེ་རྩ་བསྔོའོ། ། རང་ལྷ་མོའི་ང་རྒྱལ་དུ་གནས་པའི་སྒོ་གསུམ་དུ་འབྲུ་གསུམ་བཀོད་ལ་བསྲུངས། བར་སྐབས་སུ་བསྒོམ་པས་སྐྱོན་ཡེ་ཤེས་པ་མདུན་དུ་བཏོན་ནས་བཞུགས་པ་ལ་ཕྱག་མཆོད་བྱ། འདོད་དོན་ལ་གསོལ་བ་དྲག་པོ་བཏབ། བཟླས་པ་བརྒྱ་རྩ་རེ་མ་མ་ཆག་པར་བྱས་པས་དུས་མ་ཡིན་པའི་འཆི་བ་འཇོམས་པར་གསུངས་སོ། །རང་གིས་བཟླས་པ་མ་ནུས་ན་གཞན་ཟློས་སུ་བཅུག་པས་ཀྱང་ཚེ་བསྲིང་བར་གསུངས་ཏེ། བཟླས་པའི་དུས་སུ་མཆོད་རྟེན་དང་། ཚ་ཚ་དཀར་ཧྲམ་མེ་བ་རྨི་ན་འཆི་བ་བཟློག་པའི་རྟགས་ཡིན་པར་གསུངས་སོ། །སྤྱན་སྔ་བའི་ཞལ་ནས་འདི་འཕྲིན་ལས་ཀྱི་ལྷ་ཡིན་པས་བསྒྲུབས་སླ་བསྙེན་པ་འབུམ་ཚོ་གཅིག་བསྐྱལ་ན་བར་ཆད་ཀྱིས་མི་ཚུགས། འདིའི་དབང་ཐོབ་ནས་སྔགས་ཟློས་ཤེས་ན་མགོ་སུག་ཕྲལ་ཡང་འཚོ། ཤ་དུམ་བུར་སོང་བ་ཡང་འཚོ་གསུང་སྟེ་གདམས་པ་ཟབ་མོ་ལགས་སོ། ། རྒྱ་གར་སྐད་དུ། ཨཱ་རྱ་ཏཱ་ར་ཡེསྟོཏྟྲ། བོད་སྐད་དུ། འཕགས་


DLL1006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་འཕགས་པ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུལ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བ་ཡི་ནི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་དང་ལྡན། །ཟླ་བ་ཡི་ནི་རྒྱབ་ཡོལ་ཅན། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀྲ། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོན་པའི་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་དེ་འཆང་བའི་ཡུམ། །འཕགས་མར་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་འབར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་འདིས། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱས་པས། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་


DLL1006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་བཟུངས་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་གྱུར་ཏེ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ན་མཿཏཱ་ར་ཡེ། ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་ན། རིན་པོ་ཆེའི་སྣོད་དུ་དཀར་གསུམ་ལ་སོགས་པའི་གཏོར་མ་ཅི་འབྱོར་བཤམས་ལ། དེ་ནས་རང་ཇོ་མོ་ཏཱ་རར་བསྒོམ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཇོ་མོ་ལ་གཏོར་མ་འབུལ་སྙམ་དུ་བསམ། དེ་ནས་གཏོར་མའི་སྟེང་དུ་ཏཾ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས། ཚུར་འདུས་སྣོད་ལ་ཐིམས་པས་ཡངས་ཤིང་རྒྱ་ཆེ་བར་བསམ། བཅུད་ལ་འཕོག་པས་བདུད་རྩིར་གྱུར་པར་བསམ། དེ་ནས། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་པར་བྱའོ། ། དེ་ནས་མགྲོན་སྤྱན་དྲང་བ་ནི། རང་གི་སྙིང་ཁའི་ཏཾ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཇོ་མོར་གྱུར་པར་བསམ། དེ་དག་གི་ལྗགས་འོད་ཟེར་ཀྱི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བས་མཉེས་པར་བསམ། ཡི་གེ་བཅུ་པའི་ཞབས་ལ་ཨ་ཀཱ་རོ་བཏགས་ལ་ལན་གསུམ་བརྗོད་དོ། །


DLL1006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྟོད་པ་བྱས་ལ་འདོད་པའི་དོན་ལ་གསོལ་བ་གདབ་བོ། །རྗེ་བཙུན་སྒྲོལ་མ་ཁྱེད་ཀྱིས་བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། བདག་གི་ཚེ་བསྲིང་བར་མཛད་དུ་གསོལ། ནད་དང་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་བྱང་བར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། མགྲོན་གཤེགས་སུ་གསོལ་བའམ། ཡང་ན་མི་དམིགས་པར་བསྒོམ། ཡི་གེ་བརྒྱ་པ་བཟླས། དགེ་བ་བྱང་ཆུབ་བསྒྲུབ་པའི་རྒྱུར་བསྔོའོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱཱ་ནུཏྤནྣ་ཏྭཱ་ཏྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་པའོ། །དེ་ནས་སྤྱོད་ལམ་ཐམས་ཅད་དུ་ཇོ་མོའི་ང་རྒྱལ་དང་མི་འབྲལ་བར་བྱའོ། །སྒྲོལ་མ་དཀར་མོའི་ཚེ་སྒྲུབ་ཀྱི་སྒོ་ནས་ཚེ་བསྲིང་བ་བླ་མའི་གསུང་བཞིན་བཙུན་པ་དགེ་འདུན་གྲུབ་ཀྱིས་རང་གི་བརྗེད་ཐོར་བཀོད་པའོ།། །།གསུམ་པ་ནམ་མཁའ་ཟས་སུ་ཟ་བའི་སྒོ་ནས་ཚེ་བསྲིང་ཐབས་ནི། སྟོང་པ་རྔུབས་པས་འགྲོ་བ་འཚོ། །ཞེས་གསུངས་པ་ལྟར་སྔ་དྲོ་སྐར་མའི་བཀྲག་མ་ཡལ་ཙམ་ལ་ནམ་མཁའ་མཐོང་སར་འདུག་སྟེ། རླུང་རོ་བསལ། ཁ་གདངས་ལ་རླུང་ནང་དུ་སྡུད་པ་དང་མཉམ་དུ། སྟོང་གསུམ་གྱི་ནམ་མཁའ་ཐམས་ཅད་རང་གི་ཁར་འུབ་སྟེ་བྱུང་བར་བསམས་ལ་རྗེས་སུ་མཆིལ་མ་མིད་ལ། ཀོ་ཀོས་མནན་ལ། ལན་བདུན་ཙམ་རེ་བྱས་པས་སྒྲེགས་པ་ཐོན་ན་འཆི་བ་བླུ་བར་གསུངས་སོ། །འདི་ལ་ཡང་བླ་མ་ལས་ལུང་བླངས་ཏེ་མཐོང་བ་


DLL1006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་གདམས་པ་དགོས་སོ། །སྔོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། རྗེས་སུ་བསྔོ་བ་སྨོན་ལམ་བཏབ་བོ། །དེ་ལྟར་ཚེ་བསྒྲུབ་བྱས་ཀྱང་ངེས་པའི་འཆི་ལྟས་ཀྱིས་མ་བཏང་ན། མི་འཆི་བའི་ཟླ་བ་དྲུག་ཙམ་ནས་འཕོ་བ་སྦྱང་བར་གསུངས་པས། དེ་ལ་ཐུན་མོང་དང་ཐུན་མོང་མིན་པའི་འཕོ་ཚུལ་གཉིས་ལས། དང་པོ་ནི། མདོ་སྔགས་གཉིས་ཀ་དང་འབྲེལ་བའི་འཕོ་བ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་ཀྱི་ངང་ནས་འདའ་བ་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱིས་འཕོ་བའོ། ། ཀུན་རྫོབ་བྱང་ཆུབ་ཀྱི་ངང་ནས་འཕོ་བ་ལ་འཕོ་ཚུལ་མང་པོ་གསུངས་པས་ཐེག་ཆེན་བློ་སྦྱོང་བའི་འཕོ་ཚུལ་ནི། ཐེག་ཆེན་འཕོ་བའི་མན་ངག་ནི། སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་གསུངས་པ་ལྟར། ཁོ་བོས་ཀྱང་བློ་སྦྱོང་ཟིན་བྲིས་སུ་བཀོད་པ་ལྟར་ཉམས་སུ་བླང་བར་བྱའོ། །སྙིང་པོ་དོན་གསུམ་ལས་ཀྱང་། བལྟོས་པ་ཐམས་ཅད་རབ་སྤངས་ཏེ། །རང་ལུས་མཆོད་སྦྱིན་བྱས་ནས་ནི། །འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །སེམས་ནི་དགའ་ལྡན་གནས་སུ་འཕངས། །ཞེས་པ་ལ་ཡང་ཁོ་བོས་ཀྱང་ཟིན་བྲིས་བྱས་ཡོད་པ་ལྟར་ཉམས་སུ་བླང་བར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་སྐུ་གསུམ་གྱི་འཕོ་བ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་སྒོ་ནས་འཕོ་བ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་འཕོ་བ། ལམ་འབྲས་པ་ལྟར་ན་དབང་བཞིའི་སྒོ་ནས་འཕོ་ཚུལ་གསུངས་པའི་བུམ་དབང་ལ། སྣང་བ་བསྒྱུར་བའི་འཕོ་བ། ཡི་གེའི་སྒྲའི་འཕོ་བ། འོད་ཀྱི་གོང་བུའི་འཕོ་བ་སོགས་ཉམས་སུ་བླང་བདེ་བས། རང་གི་བློ་ཡུལ་དུ་གང་བདེ་བ་དེ་ལ་སྦྱངས་པ་རྩལ་དུ་བཏོན་ནས་གདེང་


DLL1006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱས་ལ། དུས་ལ་བབས་པ་དང་དངོས་གཞི་བྱེད་པ་ཡིན་ནོ། །ཐུན་མོང་དང་ཐུན་མོང་མིན་པའི་འཕོ་བ་གང་བྱེད་ཀྱི་བླ་མ་ལ་བཀའ་ལུང་ལག་ལེན་དམིགས་རྣམ་སྦྱོང་ལུགས་སོགས་ལེགས་པར་བརྟེན་ནས་ངེས་པར་བྱས་ནས་འཕོ་ནུས་པ་ཆེ་བ་ཡིན་ནོ། ། འདིར་སྨྲས་པ། རིང་ཐུང་ཚེ་ཡི་དུས་ཚིགས་རྟོགས་ཕྱིར་དུ། །ཚད་མས་ངེས་པའི་འཆི་ལྟས་འཁྲུལ་འཁོར་དང་། །དུས་མིན་འཆི་བ་འཇོམས་པར་བྱེད་པའི་ཐབས། །ཚེ་དཔག་མེད་དང་སྒྲོལ་མ་དཀར་མོ་དང་། །སྟོང་པ་རྔུབས་ཚུལ་གདམས་པའི་མཆོག་གྱུར་དང་། །འཆི་ཚེ་འཕོ་བའི་གདམས་པ་དུ་མ་རྣམས། །རྒྱལ་བའི་བཀའ་དང་དེ་འགྲེལ་གསུངས་བཞིན་དུ། །བླ་མའི་གསུང་ལས་བྱུང་བ་བདག་གིས་བཀོད། །ཚུལ་འདིའི་དགེ་བའི་ལྗོན་ཤིང་སྡོང་པོ་ནི། །རྣམ་དཔྱོད་འདུན་པའི་རླུང་གིས་བསྐྱོད་པ་ལས། །དོན་གཉིས་གྲུབ་པའི་ལེགས་བཤད་འབྲས་བུ་འདི། །དོན་གཉེར་སྐལ་བཟང་སྐྱེ་བོའི་དོན་ཕྱིར་བཤད། །འདིར་འབད་དགེ་བ་ཅི་མཆིས་དེས། །བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས། །དར་རྒྱས་ཡུན་རིང་གནས་པ་དང་། །འགྲོ་ལ་ཕན་བདེ་འཕེལ་བར་ཤོག །བདག་ཅག་ཚུ་རོལ་མཐོང་བའི་བློ། །ཉམས་ཆུང་རྒྱུད་དོན་རྟོགས་དཀའ་བས། །ནོངས་པ་མཆིས་ན་མཁས་རྣམས་ལ། །ཉེས་པ་ཅི་མཆིས་བཤགས་པར་བགྱི། །ཞེས་པ་འཆི་ལྟས་བརྟག་ཐབས། ཚེ་བསྲིང་ཐབས། འཕོ་བའི་མན་ངག་དང་བཅས་པ་མདོར་བསྡུས་པའི་ཚུལ་གྱིས་བཀོད་པ་འདི། རང་གི་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར། བཙུན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས། ལ་ཤར་གྱི་བར་གྲོང་རྣམ་པར་རྒྱལ་བའི་ཁང་བཟང་དཔོན་ཁང་དཔལ་འབྱོར་ལྷུན་གྲུབ་ཏུ་བླ་མའི་གསུང་བཞིན་དུ་བཀོད་པའོ།། །།


DLL1006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདྲེན་པ་ཀུན་གྱི་གཙོ། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་པད་དཀར་འཛིན། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་འགྲོ་ལ་སྒྲོལ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །བདག་ནི་ཚེ་རབས་ཐམས་ཅད་དུ། །སངས་རྒྱས་མངོན་སུམ་མཐོང་བ་དང་། །དམ་ཆོས་ཉན་ཅིང་སེམས་པ་དང་། །ཚུལ་བཞིན་སྒྲུབ་པ་བྱེད་པར་ཤོག །ཚེ་འདིའི་སྣང་བ་ནུབ་མ་ཐག །ཚེ་དཔག་མེད་ཀྱི་ཞསབས་དྲུང་དུ། །ཐེག་པ་ཆེན་པོའི་བཀའ་ལུང་ནོད། །ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་པ་འདི་ཡང་ཆོས་སྨྲ་བའི་བཙུན་པ་དགེ་འདུན་གྲུབ་ཀྱིས་རི་ཁུད་ཀྱི་གཙུག་ལག་ཁང་དུ་སྦྱར་བའོ།། །།རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་ཤེས་རབ་ཀྱི་སྣང་བ་བསྐྱེད་པ། ཨོཾ་བདེ་ལེགས་སུ་གྱུར་ཅིག །བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་སྐྱེད་ཚལ་ཡངས་པའི་དབུས། །ཆུ་སྐྱེས་བསིལ་ཟེར་ཅན་གྱི་གདན་སྟེང་དུ། །དྷཱིཿཡིག་ས་བོན་ཡོངས་སུ་གྱུར་པ་ལས། །འཇམ་དཔལ་གཞོན་ནུར་གྱུར་ལ་ཕྱག་འཚལ་ལོ། །རྒྱལ་སྲས་དབུས་ན་རབ་སྒེག་འགྱིང་བག་ཅན། །ཕུན་ཚོགས་མཐའ་དག་བསྡོམས་འདྲ་མཛེས་པའི་སྐུ། །ཁྱོད་ལས་མཆོག་གྱུར་སུ་ཡང་མ་མཆིས་ཞེས། །དོན་མཐུན་ཚིག་གི་མེ་ཏོག་ཡང་ཡང་འཐོར། །རྒྱན་གཞན་མེད་ཀྱང་ཤིན་ཏུ་མཛེས་པའི་སྐུ། །ཡ་མཚན་སྣ་ཚོགས་རྒྱན་གྱིས་སྤྲས་པ་ནི། །སྔོན་ཚེ་དགེ་ལེགས་འབའ་ཞིག་བསྒྲུབས་པ་ལས། །འདི་ལྟར་གྱུར་ཅེས་ངོམ་པ་ཁྱོད་ལ་འདུད། །མཚམས་སྤྲིན་གཞོན་ནུའི་གསེབ་ན་ཟླ་འོད་ལྟར། །ཞལ་གྱི་དབུས་ན་འཛུམ་


DLL1006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་དཀར་ཅན། །བལྟ་བས་མི་ངོམས་མཐོང་བས་ཡིད་འཕྲོག་པ། །ཡེ་ཤེས་སྣང་བ་རྒྱས་མཛད་ཁྱོད་ལ་འདུད། །དཀྱུས་རིངས་རི་མོ་བྲིས་འདྲའི་སྤྱན་གཉིས་ལ། །འགྲན་འདོད་འདབ་མ་གསུམ་ལྡན་ཨུཏྤལ་གྱིས། །སྙན་གོང་ཤིན་ཏུ་མཛེས་པར་བྱས་པ་ལ། །སྤྱན་ཟུར་གཡོ་བས་གཟིགས་འདྲ་ཁྱོད་ལ་འདུད། །གནམ་སྔོན་ཞུ་བ་འཁྱིལ་འདྲའི་ཐོར་ཅོག་ལ། །གཙུག་རྒྱན་འོད་གྱིས་ཆེས་ཆེར་མཛེས་པ་ནི། །ཨིནྡྲ་ནཱི་ལའི་རིན་ཆེན་རི་བོའི་རྩེར། །ཉི་མའི་འོད་ཟེར་མཐའ་དག་སྤུངས་པ་བཞིན། །གཡས་གཡོན་ཕྲག་པའི་རི་བོ་རྒྱས་པའི་ངོས། །སྣ་ཚོགས་དར་གྱི་ཆུ་འཛིན་རྣམ་པར་ལྡིང་། །གསེར་མཆོག་ནོར་བུའི་འོད་ཀྱི་གློག་འཕྲེང་ཅན། །སྣ་ཚོགས་རྒྱན་ཆའི་སིལ་སྙན་འབྲུག་སྒྲ་སྒྲོག །ཕྱག་གཡས་ཤེས་རབ་རལ་གྲི་ཕྱར་བའི་རྩེར། །ཁ་དོག་སྣ་ལྔའི་འོད་ཟེར་འཕྲོས་པ་ཡིས། །ཐོག་མེད་མི་ཤེས་མུན་རུམ་འཐིམས་པ་ཀུན། །སྐད་ཅིག་ཉིད་ལ་འཇོམས་མཛད་ཁྱོད་ལ་འདུད། །དྲི་ཞིམ་ཨུཏྤལ་རབ་རྒྱས་ཟེའུ་འབྲུའི་སྟེང་། །རྒྱལ་བ་ཀུན་གྱི་མཁྱེན་པ་གཅིག་བསྡུས་ནས། །གཟུགས་སུ་བཀོད་པ་ལྟ་བུའི་གླེགས་བམ་གྱིས། །ཕྱག་གཡོན་རྣམ་པར་བརྒྱན་ལ་ཕྱག་འཚལ་ལོ། །རབ་མཛེས་རིན་ཆེན་སྟོང་གི་ཕྲ་བཀོད་པའི། །ཕྱག་ཞབས་གསེར་གྱི་གདུ་བུ་འཁྲོལ་བ་ལས། །འགྲོ་ཀུན་མ་རིག་གཉིད་ལས་ལོངས་ཤིག་ཅེས། །སྙན་པའི་སྒྲ་དབྱངས་སྒྲོག་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དང་གྲུབ་པའི་དབང་ཕྱུག་དང་། །ཉན་ཐོས་རང་རྒྱལ་རྒྱལ་སྲས་ཚོགས་རྣམས་ཀྱིས། །ཞབས་ཀྱི་པདྨོ་གཙུག་གིས་གུས་བསྟེན་པ། །ཀུན་གྱི་བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ལི་ཁྲི་དང་ནི་གུར་ཀུམ་གཞོན་ནུ་དང་། །ཐུན་མཚམས་སྤྲིན་དང་འཆར་ཁའི་ཉི་མ་ལྟར། །དམར་སེར་མདོག་ཅན་མཚན་དཔེའི་འཕྲེང་བ་ཅན། །འཇམ་དབྱངས་ཁྱོད་ལ་རེ་བའི་སེམས་ཀྱིས་འདུད། །སྒྲིབ་བྲལ་ཆོས་སྐུའི་མཁའ་དབྱིངས་དག་པ་ལ། །མཁྱེན་བཟང་


DLL1006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །འཇམ་མགོན་ཉིན་བྱེད་དབང་པོར་སྐྱབས་སུ་མཆི། །འོད་གསལ་ཉི་མ་སྙིང་དབུས་འཆར་དུ་གསོལ། །བཀའ་དང་བསྟན་བཅོས་མཐའ་དག་བལྟས་ཙམ་གྱིས། །ཚིག་དོན་མ་ལུས་ཁོང་དུ་ཆུད་གྱུར་ནས། །ཚུལ་བཞིན་སྒྲུབ་ལ་གཞན་དྲིང་མི་འཇོག་པའི། །མང་དུ་ཐོས་པའི་ཤེས་རབ་བདག་ལ་སྩོལ། །རྒྱལ་བས་གསུངས་པའི་དམ་ཆོས་རིན་ཆེན་གཏེར། །སྡེབ་ལེགས་ངག་གི་སྲད་བུ་ལ་བརྒྱུད་ཏེ། །བློ་གསལ་མགྲིན་པའི་རྒྱན་དུ་ལེགས་སྤེལ་བའི། །ལེགས་བཤད་འཆད་པའི་ཤེས་རབ་བདག་ལ་སྩོལ། །གཞན་གྱི་ལོག་པར་རྟོག་པ་ཀུན་བཅོམ་ནས། །མཁས་པའི་མདུན་སར་འཇིགས་མེད་སེང་གེའི་སྒྲ། །ཀུན་ནས་སྒྲོག་ལ་མཚུངས་པ་མ་མཆིས་པའི། །རྣམ་དག་རྩོད་པའི་ཤེས་རབ་བདག་ལ་སྩོལ། །ཆོས་དང་ལྡན་ཞིང་དོན་དང་ལྡན་པའི་གཏམ། །ཕུན་ཚོགས་ཚིག་སྦྱོར་རྒྱན་གྱིས་རྣམ་བཀྲ་ཞིང་། །མཐོང་བ་ཙམ་གྱིས་མཁས་རྣམ་མགུ་བྱེད་པའི། །སྙན་ངག་རྩོམ་པའི་ཤེས་རབ་བདག་ལ་སྩོལ། །ཀུན་རྫོབ་རྟེན་འབྲེལ་རྨི་ལམ་སྒྱུ་མ་བཞིན། །དོན་དམ་སྤྲོས་བྲལ་ནམ་མཁའི་དཀྱིལ་ལྟ་བུ། །བདེན་གཉིས་ཟུང་འཇུག་དབུ་མར་གནས་པའི་ཚུལ། །གནས་ལུགས་རྟོགས་པའི་ཤེས་རབ་བདག་ལ་སྩོལ། །དྲི་མེད་མཁའ་ལ་འཇའ་ཚོན་སྣ་ལྔའི་གུར། །འོད་ཟེར་འབུམ་ཕྲག་འགྱེད་པའི་དབུས་ཀྱི་ཆར། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་དུ། །གཞོན་ནུ་ཟུར་ཕུད་ཅན་དེ་མཐོང་བར་ཤོག །དེང་ནས་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་གྱིས། །རབ་ཏུ་བྱུང་ཞིང་ཚེ་རབས་དྲན་པ་དང་། །ཕྱི་ནང་ཤེས་བྱའི་གནས་ལ་མ་རྨོངས་པར། །རྒྱལ་བའི་མཛད་པ་མ་ལུས་མཐར་ཕྱིན་ཤོག །མདོར་ན་


DLL1006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ཀྱི་དམ་པའི་ཆོས། །ལུང་དང་རྟོགས་པས་བསྡུས་པའི་དམ་ཆོས་རྣམས། །ཇི་བཞིན་སྨྲ་ལ་ཆགས་ཐོགས་མི་མངའ་བའི། །འཇམ་དཔལ་དབྱངས་ཀྱི་ཤེས་རབ་བདག་ལ་སྩོལ། །དེ་ལྟར་ཁྱེད་ཞབས་རྗེས་སུ་དྲན་པའི་ཚིག །ཅུང་ཟད་བརྗོད་པ་ལས་བྱུང་ངག་གི་ཚོགས། །སྟོན་ཟླའི་འོད་ལྟར་དཀའ་བ་གང་ཡིན་དེས། །འགྲོ་ཀུན་མ་རིག་མུན་ལས་རྒྱལ་གྱུར་ཅིག །ཅེས་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་ཤེས་རབ་ཀྱི་སྣང་བ་བསྐྱེད་པ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་དགེ་ལྡན་དུ་སྦྱར་བའོ།། །།ས་ལམ་མཐར་ཕྱིན་སྐུ་གསུམ་མཆོག་བརྙེས་ཀྱང་། །ས་བཅུའི་དབང་ཕྱུག་སེམས་དཔའི་ཚུལ་བཟུང་ནས། །ས་གསུམ་སྐྱེ་དགུའི་མགོན་དང་སྐྱབས་མཛད་པ། །ས་ཡི་སྙིང་པོ་ཐུགས་རྗེ་ཅན་ལ་འདུད། །ས་ཆེན་མི་གཡོ་རབ་ཏུ་བརྟན་པ་དང་། །ས་ལ་བརྟེན་པའི་རྩི་བཅུད་ལོ་ཏོག་རྣམས། །ས་ཡི་ཕྱོགས་འདིར་འཕེལ་ཞིང་རྒྱས་པ་དང་། །ས་སྟེང་དགེ་ལེགས་ཀུན་གྱིས་ཁྱབ་པར་མཛོད། །ཅེས་པ་འདི་ཡང་རྗེ་ཉིད་ཀྱིས་ལྷ་རྒྱལ་རྩེའི་གཙུག་ལག་ཁང་དུ་སྦྱར་བའོ།། །།ལྷ་དབང་དབང་ཕྱུག་འཕྲོག་བྱེད་གསེར་གྱི་མངའ། །ཀླུ་དབང་དབང་སྒྱུར་མཁའ་ལྡིང་གྲུབ་པའི་གཙོ། །ཉེ་དབང་དབང་པོའི་དགྲ་སོགས་ལུས་ཅན་གྱིས། །ཐུབ་དབང་དབང་ཕྱུག་བརྒྱད་ལྡན་གུས་པས་མཆོད། །རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །ལི་ཁྲིའི་མདོག་ཅན་ཉི་འོད་འཁྱུག་པའི་སྐུ། །མཚན་དཔེའི་དཔལ་ལྡན་རིན་ཆེན་རྒྱན་གྱིས་མཛེས། །ཞི་ཞིང་འཛུམ་ལྡན་འཇམ་པའི་དབྱངས་ལ་འདུད། །རྒྱལ་བའི་གསུང་རབ་གཏིང་ཟབ་ཡངས་པའི་མཚོར། །རྟེན་འབྱུང་ཟབ་མོའི་ཕུད་སྒྲ་སྒྲོག་མཛད་ཅིང་། །སེམས་ཀྱི་གདེངས་ཀ་མཁྱེན་པའི་ནོར་བུས་སྤྲས། །ཀླུ་སྒྲུབ་ཀླུ་ཡི་


DLL1006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཞབས་ལ་འདུད། །ཤེས་བྱའི་མཁའ་ལ་རེག་པའི་འོད་དཀར་འཕྲོ། །མཁས་མང་རྒྱུ་སྐར་དབུས་ན་རབ་མཛེས་ཤིང་། །ཀླུ་སྒྲུབ་གསུང་རབ་ཀུན་གྱི་གཉེན་གཅིག་པུ། །དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །འཇམ་དབྱངས་གསུང་གི་ཉི་འོད་འཕོག་པ་དེའི། །བློ་གྲོས་འདབ་བཟང་གྲགས་པའི་དྲི་བསུང་ཅན། །གསུང་གི་སྦྲང་རྩིས་བློ་གསལ་བུང་བའི་ཚོགས། །ཚིམས་མཛད་འཇམ་དཔལ་སྙིང་པོའི་ཞབས་ལ་འདུད།། །།ན་མོ་ཨཱརྱ་ཏཱ་ར་ཡེ། མཁྱེན་བརྩེ་དྲི་མེད་རྒྱས་པའི་རང་བཞིན་གྱི། །པད་དཀར་བསིལ་ཟེར་ཅན་གྱི་གདན་སྟེང་ན། །ལྷག་པའི་ལྷ་མོ་གངས་རིའི་མདངས་འཕྲོག་མ། །རབ་མཛེས་ལང་ཚོའི་དཔལ་ཡོན་ཅན་དེར་འདུད། །ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །བདེ་ཆེན་རབ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཤིན་ཏུ་སྒེག་ཅིང་ཞི་བའི་ཉམས་དང་ལྡན། །གཞོན་ནུ་ནུ་འབུར་རྒྱས་མ་ཁྱོད་ལ་འདུད། །ཕྱག་གཡས་སྒྲུབ་ལ་མཆོག་སྦྱིན་ཕྱག་རྒྱ་ཡིས། །ཞི་སོགས་རབ་འབྱམས་ལས་དང་གྲུབ་ཆེན་བརྒྱད། །རྒྱལ་བའི་གོ་འཕང་མཆོག་ཀྱང་བདེ་བླག་ཏུ། །ལེགས་པར་སྦྱིན་མཛད་མ་ལ་ཕྱག་འཚལ་ལོ། །ཕྱག་གཡོན་ཨུཏྤལ་བསྣམས་པའི་སྐྱབས་སྦྱིན་གྱིས། །སེང་གེ་གླང་ཆེན་མེ་དང་དུག་སྦྲུལ་སོགས། །འཇིགས་པ་ཀུན་སྐྱོབས་དུས་གསུམ་སངས་རྒྱས་ཀྱི། །ཡུམ་གྱུར་དགེ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་ཞབས་མཐིལ་ལ་མངའ་བའི་སྟོང་ཉིད་སོགས། །རྣམ་ཐར་སྒོ་བཞིའི་སྤྱན་གྱིས་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་གླིང་དུ་འཁྲིད་མཛད་མ། །ཀུན་གྱི་སྐྱབས་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཡིད་འོང་སྟོན་ཀའི་ཟླ་བ་འབུམ་ཕྲག་གི །རབ་ཏུ་མཛེས་པ་གཅིག་ཏུ་བསྡུས་པའི་ཞལ། །འགྲོ་ལ་དགྱེས་


DLL1006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛུམ་དཀར་འཕྲོ་བ་ཅན། །ཐུགས་རྗེའི་སྤྱན་ཡངས་མ་ལ་ཕྱག་འཚལ་ལོ། །དྲན་པས་ཚེ་དང་ཡེ་ཤེས་ཀུན་སྩོལ་བའི། །ཚེ་དཔག་མེད་མགོན་མཉམ་བཞག་ཕྱག་རྒྱ་ཅན། །འཆི་མེད་བདུད་རྩིས་གང་བའི་བུམ་པ་ནི། །ལེགས་པར་བསྣམས་པས་སྤྱི་བོར་བརྒྱན་ལ་འདུད། །མཐོན་མཐིང་དབུ་སྐྲ་ཕྱེད་བཅིང་ཐོར་ཅོག་གི །ལྷག་མ་གསིལ་བུར་བབས་པས་སྐུ་སྟོད་ཁེབས། །སྤྱི་གཙུག་ཉི་ཟླའི་མདངས་འཕྲོག་གཙུག་རྒྱན་གྱིས། །ཀུན་ནས་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །གཞན་ཡང་ལྷ་དང་མི་ལས་ཕུལ་བྱུང་རྒྱན། །དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དོ་ཤལ་དང་། །དཔུང་རྒྱན་ཕྱག་ཞབས་གདུ་བུ་སྐ་རགས་སོགས། །བཀོད་ལེགས་རིན་ཆེན་འབར་བས་རྒྱན་ལ་འདུད། །ཤེལ་གྱི་རི་བོའི་སྣ་ཚོགས་དབང་པོའི་གཞུས། །ཀུན་ནས་འཁྱུད་པ་ཇི་བཞིན་ཁྱོད་ཀྱི་སྐུ། །རྣམ་བཀྲ་ལྷ་རྫས་གོས་ཀྱི་ག་ཤལ་དང་། །སྣ་ཚོགས་དར་གྱི་ཤམ་ཐབས་འཛིན་ལ་འདུད། །དབང་པོའི་དབང་ཕྱུག་སྐབས་གསུམ་དབང་པོ་དང་། །ལྷ་ཆེན་ལྷ་ལས་རྒན་དང་སྔོན་གྱི་ལྷ། །མི་དང་མི་མིན་མིའམ་ཅི་ལ་སོགས། །ཀུན་གྱིས་ཞབས་པད་མཆོད་ལ་ཕྱག་འཚལ་ལོ། །གང་གིས་ཁྱོད་ཞབས་པདྨོ་གུས་མཆོད་ནས། །ཏཱ་རེ་ལ་སོགས་རིག་སྔགས་ཟློས་ཙམ་གྱིས། །འཆི་མེད་ཚེ་དང་ཡེ་ཤེས་བསོད་ནམས་སོགས། །ཅི་འདོད་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་འཕྲིན་ལས་རྣམས། །རབ་མཛེས་ལྷ་མོའི་གཟུགས་སུ་ཤར་བ་ཁྱོད། །སྐྱབས་སུ་བསྟེན་ནས་གུས་པས་གསོལ་འདེབས་ན། །བར་ཆད་ཞི་ཞིང་དོན་ཀུན་འགྲུབ་པར་མཛོད། །བདག་གི་བྱང་ཆུབ་སྒྲུབ་པའི་མི་མཐུན་ཕྱོགས། །འཇིགས་ཆེན་བརྒྱད་དང་ནད་དང་གདོན་ལ་སོགས། །ཕྱི་དང་ནང་གི་


DLL1006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་འཚེ་བ་རྣམས། །ཞི་བའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་དམིགས་མེད་སྙིང་རྗེ་དང་། །ཐོས་བསམ་སྒོམ་པའི་ཤེས་རབ་དྲི་མེད་དང་། །བསླབ་པ་གསུམ་སོགས་ལེགས་པའི་ཡོན་ཏན་རྣམས། །རྒྱས་པའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ལྷ་མི་གནོད་སྦྱིན་ལ་སོགས་འགྲོ་ཀུན་གྱིས། །གུས་པས་འདུད་ཅིང་ཇི་ལྟར་བསམས་པའི་དོན། །ཐམས་ཅད་འདོད་དགུར་མྱུར་དུ་འགུགས་བྱེད་པའི། །དབང་གི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །རྒྱལ་བའི་བསྟན་དང་བསྟན་པ་འཛིན་པ་ལ། །ལོག་པར་འཁུ་བའི་གདོན་དང་བགེགས་རིགས་ཀུན། །ཇི་ལྟར་འཚམ་པའི་ཆད་པས་ཚར་གཅོད་པའི། །དྲག་པོས་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །རལ་གྲི་མིག་སྨན་རྐང་མགྱོགས་རི་ལུ་དང་། །བུམ་པ་བཟང་པོ་ལ་སོགས་དངོས་གྲུབ་དང་། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་། །དཀའ་བ་མེད་པར་མྱུར་དུ་འགྲུབ་པར་མཛོད། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །ཁྱོད་ཞབས་གུས་པས་མཆོད་པ་མ་གཏོགས་པར། །སྐྱབས་མགོན་རེ་ས་གཞན་ནས་མི་འཚོལ་བས། །བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ། །བསོད་ནམས་འདི་ཡིས་ཚེ་རབས་ཀུན་ཏུ་བདག །བཅོམ་ལྡན་རྗེ་བཙུན་སྒྲོལ་མས་མངོན་སུམ་དུ། །རབ་ཏུ་དགྱེས་བཞིན་རྗེས་སུ་འཛིན་པ་དང་། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །འགྲོ་ཀུན་བདེ་བ་ཅན་གྱི་ཞིང་མཆོག་དེར། །དྲང་སྲོང་ཚེ་དཔག་མེད་པའི་ཞབས་དྲུང་དུ། །སྐྱེས་ནས་རྒྱལ་སྲས་སྤྱད་པ་སྤྱོད་པ་ལ། །སྤྱན་རས་གཟིགས་དབང་དེ་དང་མཚུངས་པར་ཤོག །མདོ་དང་རྒྱུད་སྡེ་རྒྱ་མཚོའི་དམ་ཆོས་ཀུན། །


DLL1006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་རྟོགས་ནས་གཞན་ལ་འདོམས་པ་དང་། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ། །འཁོར་བ་མ་སྟོངས་བར་དུ་བརྩོན་པར་ཤོག །ཅེས་རྒྱལ་བའི་ཡུམ་མཆོག་རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བསྟོད་པ། ཚེ་དང་ཡེ་ཤེས་སྤེལ་བར་བྱེད་པའི་རིན་པོ་ཆེ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །།ན་མོ་ཨཱརྱ་ཏཱ་ར་ཡེ། རྗེ་བཙུན་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་མཁས་པའི་གཙུག་རྒྱན་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ལེགས་བྲིས་དཔལ་གྱི་བདག་པོ་གསེར་གྱི་མངལ། །ལྷ་ཡི་བླ་མ་གླང་གདོང་དཔལ་གྱི་མགྲིན། །པདྨོའི་གཉེན་སོགས་ལྷ་བརྒྱའི་གཙུག་རྒྱན་གྱིས། །ཞབས་པད་གུས་མཆོད་སྒྲོལ་མའི་ཞབས་ལ་འདུད། །ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས། །རབ་མཛེས་འཕྲིན་ལས་ལྷ་མོའི་སྐུར་བསྟན་ནས། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །དབྱིངས་རིག་རྣམ་དག་པད་ཟླའི་གདན་སྟེང་ན། །མརྒད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །ལང་ཚོ་རབ་རྒྱས་གཡས་བརྐྱངས་གཡོན་བསྐུམས་ཞབས། །ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་ལོ། །ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར། །ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན། །ཞི་བའི་ཉམས་ལྡན་ཐུགས་རྗེའི་སྤྱན་ཡངས་མ། །སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད། །གཡུ་ཡི་ལྗོན་ཤིང་ཡལ་ག་བརྐྱངས་འདྲ་བའི། །འཇམ་མཉེན་ཕྱག་གཡས་མཆོག་སྦྱིན་ཕྱག་


DLL1006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནི། །མཁས་རྣམས་དངོས་གྲུབ་མཆོག་གི་དགའ་སྟོན་ལ། །མགྲོན་དུ་འབོད་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱིས། །འཇིགས་པ་བརྒྱ་ཕྲག་མཐོང་བའི་སྐྱེ་བོ་རྣམས། །མ་འཇིགས་ང་ཡིས་མྱུར་དུ་བསྐྱབ་བོ་ཞེས། །གསལ་བར་མཚོན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་གཉིས་ཨུཏྤལ་སྔོན་པོས་མཚན་པ་ནི། །འགྲོ་ཀུན་སྲིད་པའི་བདེ་ལ་མ་ཆགས་པར། །ཐར་པ་ཆེན་པོའི་གྲོང་དུ་ཞུགས་ཤིག་ཅེས། །བརྩོན་པའི་ལྕག་གིས་བསྐུལ་འདྲ་ཁྱོད་ལ་འདུད། །པདྨ་རཱ་གའི་མདངས་ལྡན་འོད་དཔག་མེད། །མཉམ་བཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །འཆི་མེད་དངོས་གྲུབ་སྩོལ་བས་སྤྱི་བོར་བརྒྱན། །བདག་གི་འཆི་བདག་འཇོམས་པ་ཁྱོད་ལ་འདུད། །ཚོགས་གཉིས་མཐོ་རིས་བཟོ་བའི་འདུ་བྱེད་ཀྱིས། །གཞལ་མེད་ལྷ་ཡི་ཡིད་བཞིན་ནོར་བུ་རྣམས། །མཛེས་མཛེས་གཅིག་ཏུ་བསྡུས་པའི་ཡིད་འཕྲོག་རྒྱན། །ཀུན་གྱིས་བརྒྱན་པ་ཁྱོད་ལ་ཕྱག་འཚལ་ལོ། །མརྒད་རི་བོས་འཇའ་ཚོན་གྱོན་པ་བཞིན། །སྐུ་སྟོད་ལྷ་རྫས་གོས་ཀྱི་ག་ཤལ་ཅན། །ཕྲ་ཞིང་ལྡེམ་ལ་མཛེས་པའི་རྐེད་སྐབས་ནི། །པཉྩ་ལི་ཀའི་ཤམ་ཐབས་འཛིན་ལ་འདུད། །གཡས་ན་མྱ་ངན་མེད་པའི་འོད་ཟེར་ཅན། །ཞི་བའི་ཉམས་ལྡན་གསེར་མདོག་ཉི་འོད་འཕྲོ། །གཡོན་ན་རལ་གཅིག་ནམ་མཁའི་མཛེས་པ་འཕྲོག །ཁྲོ་ཆགས་བརྗིད་པས་མཛེས་པ་དེ་ལ་འདུད། །དྲུག་ལྡན་གླུ་དང་མཛེས་པའི་གར་ལ་མཁས། །གདུགས་དཀར་རྔ་ཡབ་པི་ཝང་གླིང་བུ་སོགས། །རབ་འབྱམས་མཆོད་རྫས་འཛིན་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་མཆོད་ལ་ཕྱག་འཚལ་ལོ། །


DLL1006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མོ་ལེགས་བརྗོད་མ་དང་རི་སྐྱེས་སོགས། །ཡིད་འོང་འཆི་མེད་བུ་མོ་སྟོང་དག་གིས། །ཁྱོད་དྲུང་བྲན་མོ་ཙམ་ཡང་ཐོབ་དཀའ་བ། །མཛེས་སྡུག་ལྷ་མོའི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཆུ་འཛིན་རྒྱས་པའི་ཀློང་ཡངས་ནས། །གསུང་སྙན་ཚངས་དབྱངས་སྤྲིན་གྱི་རྔ་སྒྲ་ཅན། །གདུལ་བྱའི་འཛིན་མར་ཡན་ལག་བརྒྱད་ཆོས་ཆར། །ཀུན་ཏུ་འབེབས་མཁས་མ་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་གཟིགས་ཡོན་ཏན་རྒྱ་མཚོའི་གཏེར། །ཇི་བཞིན་མ་ལུས་བརྗོད་པར་སུ་ཡིས་ནུས། །བློ་གྲོས་ཐོགས་མེད་སྟོབས་བཅུ་མངའ་བའི་ཐུགས། །མཁྱེན་རབ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །ཞི་བ་བརྙེས་ཀྱང་ཐུགས་རྗེའི་གཞན་དབང་གིས། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས། །ཐུགས་རྗེའི་ཕྱག་གིས་མྱུར་དུ་འདྲེན་མཛད་མ། །བརྩེ་བ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྣམས། །རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བར། །ལྷུན་གྲུབ་རྒྱུན་མི་འཆད་པར་འཇུག་མཛད་མ། །མཛད་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པོའི་གདོན། །ཉོན་མོངས་ཤེས་བྱའི་སྒྲིབ་པའི་འཇིགས་པ་རྣམས། །ཁྱོད་ཞབས་དྲན་པའི་མོད་ལ་སྐྱོབ་མཛད་མ། །ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །དེ་ལྟར་སྐྱབས་འོས་ཁྱོད་ཀྱིས་ལུས་ཅན་རྣམས། །ནད་རིམས་གདོན་བགེགས་དུས་མིན་འཆི་བ་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་སོགས། །འཇིགས་པ་ཀུན་ལས་མྱུར་དུ་བསྐྱབ་ཏུ་གསོལ། །འཇིག་ཚོགས་ལྟ་བའི་རི་སུལ་གནས་བཅས་ཏེ། །གཞན་ལས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང་། །ཕ་རོལ་ཁྱད་དུ་གསོད་


DLL1006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦར་ཁྱིམ་ཅན། །ང་རྒྱལ་སེང་གེའི་འཇིགས་པ་བསྐྱབ་ཏུ་གསོལ། །དྲན་ཤེས་ལྕགས་ཀྱུ་རྣོན་པོས་མ་བཏུལ་ཞིང་། །འདོད་ཡོན་མྱོས་ཆུ་འཐུངས་པས་འཐོམས་པའི་མཐུས། །ལོག་པའི་ལམ་ཞུགས་གནོད་འཚེའི་མཆེ་བ་གཙིགས། །གཏི་མུག་གླང་པོའི་འཇིགས་པ་བསྐྱབ་ཏུ་གསོལ། །ཚུལ་མིན་ཡིད་བྱེད་རླུང་གིས་བསྐུལ་བ་ལས། །ཉེས་སྤྱོད་དུད་སྤྲིན་འཁྲུག་པའི་ཀློང་དཀྱིལ་ན། །དགེ་བའི་ནགས་ཚལ་སྲེག་པའི་ནུས་པ་ཅན། །ཞེ་སྡང་མེ་ཡི་འཇིགས་པ་བསྐྱབ་ཏུ་གསོལ། །མ་རིག་འཐིམས་པོའི་ཁུང་དུ་མངོན་ཞེན་ཅིང་། །གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར། །གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི། །ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ། །བརྟུལ་ཞུགས་དམན་པའི་འབྲོག་དགོན་འཇིགས་རུང་དང་། །རྟག་ཆད་མྱ་ངམ་ཐང་ལ་རབ་རྒྱུ་ཞིང་། །ཕན་བདེའི་གྲོང་དང་དགོན་པ་ཀུན་འཇོམས་པའི། །ལྟ་ངན་རྐུན་པོའི་འཇིགས་པ་བསྐྱབ་ཏུ་གསོལ། །མི་བཟད་སྲིད་པའི་བཙོན་ཁང་ར་བ་རུ། །ལུས་ཅན་རང་དབང་མེད་པར་འཆིང་བྱེད་ཅིང་། །སྲེད་པའི་སྒོ་ལྕགས་དབྱེ་དཀས་འཁྱུད་པ་ཡི། །སེར་སྣའི་ལྕགས་སྒྲོག་འཇིགས་པ་བསྐྱབ་ཏུ་གསོལ། །ཤིན་ཏུ་བརྒལ་དཀའ་སྲིད་པའི་རྒྱུན་ཕྱོགས་ཁྱེར། །ལས་རླུང་དྲག་པོའི་རྐྱེན་དང་ཉེ་བ་ལས། །སྐྱེ་རྒ་ན་འཆིའི་རྦ་ཀློང་རབ་འཁྲུག་པའི། །འདོད་ཆགས་ཆུ་བོའི་འཇིགས་པ་བསྐྱབ་ཏུ་གསོལ། །ཀུན་ཏུ་རྨོངས་པའི་མཁའ་ལ་རབ་རྒྱུ་ཞིང་། །ངེས་པ་དོན་དུ་གཉེར་ལ་ལྷག་པར་འཚེ། །ཐར་པའི་སྲོག་ལ་རྒོལ་བའི་གདུག་པ་ཅན། །ཐེ་ཚོམ་ཤ་ཟའི་འཇིགས་པ་བསྐྱབ་ཏུ་གསོལ། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་


DLL1006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སོགས། །མཐུན་པའི་རྐྱེན་རྣམས་ཡིད་བཞིན་འགྲུབ་པར་མཛོད། །ཞིང་མཆོག་བདེ་བ་ཅན་དེར་འགྲོ་བ་ཀུན། །འདྲེན་པ་འོད་དཔག་མེད་པས་རྗེས་བཟུང་ནས། །དཀའ་བ་བརྒྱ་ཕྲག་སྤྱད་པ་མེད་པར་ཡང་། །མྱུར་དུ་སངས་རྒྱས་ས་ལ་རེག་གྱུར་ཅིག །བདག་ཀྱང་རྟག་ཏུ་ཚེ་རབས་དྲན་པ་དང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། །རྒྱལ་སྲས་སྤྱོད་པ་རླབས་ཆེན་ཚོལ་བ་ལ། །བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་པར་ཤོག །རང་དོན་བསྒྲུབ་ལ་ནམ་ཡང་མི་རེ་ཞིང་། །གཞན་དོན་འབའ་ཞིག་བསྒྲུབ་ལ་གཞོལ་བ་དང་། །སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས། །གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག །རབ་འབྱམས་ཞིང་དུ་རྒྱལ་བའི་དམ་ཆོས་ཀུན། །རྒྱས་པར་བྱེད་ལ་ནམ་ཡང་མི་ཞུམ་ཞིང་། །རྟག་ཏུ་སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །རྒྱལ་བའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །རྗེ་བཙུན་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་མཁས་པའི་གཙུག་རྒྱན་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཡུན་རིང་དུ་གསོལ་བ་བཏབ་སྟེ། བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་ལེགས་པར་སྦྱར་བའོ།། །།སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ་ཞེས་བྱ་བ། མགོན་པོ་འོད་དཔག་ཏུ་མེད་པ་སྲས་ཀྱི་ཐུ་བོ་གཉིས་དང་བཅས་པའི་ཞབས་ལ་ཕྱག་འཚལ་ལོ། །འདྲེན་པ་འོད་དཔག་མེད་པའི་སྨོན་ལམ་དང་། །ཕྱག་ན་པདྨའི་


DLL1006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ཆབ་ལས་འཁྲུངས་ནས། །འགྲོ་ཀུན་བདེ་བ་ཅན་དུ་འཁྲིད་མཛད་མ། །སེང་ལྡེང་ནགས་ཀྱི་ལྷ་མོའི་ཞབས་ལ་འདུད། །རྟག་ཏུ་ཐབས་མཁས་ཐུགས་རྗེའི་གྲུ་ཆེན་གྱིས། །མུ་མེད་སྲིད་མཚོར་བྱིང་བའི་འགྲོ་བ་རྣམས། །མཆོག་ཏུ་ཞི་བའི་གླིང་དུ་སྒྲོལ་མཛད་མ། །དོན་ལ་མཚན་གསོལ་སྒྲོལ་མའི་ཞབས་ལ་འདུད། །ཁྱོད་ཀྱི་གནས་ཆེན་སེང་ལྡེང་ནགས་ཀྱི་ཚལ། །རྣམ་དག་ཞིང་གི་དཔལ་ལ་འགྲན་པ་བཞིན། །རྩོད་དུས་འདིར་ཡང་ངེས་པར་བྱུང་བ་ནི། །ཡོད་ཅེས་འདི་སྐད་བདག་གིས་གསལ་བར་ཐོས། །སེང་ལྡེང་ཨུ་དུཾ་ཝ་ར་རྒྱ་ཤུག་དང་། །ཐང་ཤིང་ཏ་ལ་དང་ནི་ནྱ་གྲོ་དྷ། །མྱ་ངན་མེད་དང་བིལྦ་ཨ་ཀ་རུ། །ཙནྡན་ཛ་ཏི་ལི་ཤི་སོགས་ཀྱི་ཚལ། །རྐང་འཐུང་བུ་མོ་ལོ་འདབ་གོས་ཀྱིས་ཀླུབས། །མེ་ཏོག་ཐོད་མཛེས་འབྲས་བུའི་རྣ་རྒྱན་འཆང་། །ཕན་ཚུན་ཡལ་གའི་ལག་སྦྲེལ་དོ་ར་ན། །རླུང་གིས་བསྐྱོད་པའི་ལྗོན་ཤིང་གར་མཁན་མ། །པདྨའི་ན་ཆུང་སྦྲང་རྩིས་མྱོས་པ་རྣམས། །གླུ་ལེན་འཕུར་ལྡིང་རོལ་པས་བར་སྣང་འཁྲིགས། །ནེའུ་ཙོ་སྨྲ་མཁས་བདེན་པའི་ཚིག་རྗོད་ཅིང་། །རྨ་བྱ་མཇུག་སྒྲོ་བཏེག་ནས་ཟློས་གར་བྱེད། །ཡིད་འོང་ནགས་ཀྱི་བྱིའུ་སྣ་ཚོགས་དང་། །ཟབ་མོའི་གླིང་བུ་སྒྱུར་བའི་ཁུ་བྱུག་སོགས། །འདབ་ཆགས་སྐད་སྙན་སྣ་ཚོགས་སྒྲོག་པ་ནི། །ནགས་ཀྱི་བསྔགས་པ་བརྗོད་ལ་འགྲན་པ་བཞིན། །


DLL1006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དོམ་དང་སྟག་གཟིག་དྲེད་དང་ཅེ་སྤྱང་སོགས། །རྒྱུག་ཅིང་མཆོངས་དང་དྲེགས་པས་རྣམ་པར་འགྱིང་། །གདུག་པའི་རིགས་ཅན་གཅན་གཟན་དེ་དག་ཀྱང་། །གནོད་པའི་སེམས་སྤངས་རི་དྭགས་བྱམས་པས་སྐྱོང་། །སྤྲ་དང་སྤྲེའུ་ཡང་རྩལ་འགྲན་བྱེད་ཅིང་། །ཀྲྀཥྞ་སཱ་ར་ཡིད་ཕེབས་བིའུ་མནུན། །ནུ་ཞོས་ཚིམ་པའི་རི་དྭགས་ཕྲུ་གུ་རྣམས། །མིག་ཟུམ་མཇིང་པ་བལྟབ་ནས་བདེ་བར་ཉལ། །འཇིགས་མེད་བདེ་བར་རྒྱུ་བའི་རི་དྭགས་རྣམས། །ཕན་ཚུན་རྩེ་བས་འདེད་པའི་བང་ཁ་སྦྱོང་། །ཁ་ཅིག་མགྲིན་པ་བཏེག་ནས་ཕྱོགས་སུ་ལྟ། །སླར་ཡང་སྔོ་ལྗང་རྩྭ་ཡི་རྩེ་མོ་འཛིན། །ནགས་ཚལ་ལྟ་བའི་ལྷ་ཡི་བུ་མོ་རྣམས། །གདུ་བུ་འཁྲོལ་བའི་ལག་སྦྲེལ་དོ་ར་བཅས། །འཇམ་གཉེན་ཡན་ལག་བསྐྱོད་པའི་རྣམ་འགྱུར་དང་། །མགྲིན་པ་བསྡེབས་ནས་དྲུག་ལྡན་ལེན་ལ་མཁས། །རྣ་བའི་དགའ་སྟོན་འགྱེད་པའི་དཔལ་ཡོན་ཅན། །དྲི་ཟའི་ན་ཆུང་རྒྱུད་མངས་སྦེད་བྱེད་ཅིང་། །དབྱངས་ཅན་མགྲིན་པར་བྱེད་པའི་དཔལ་ཡོན་ཅན། །རི་དྭགས་མིག་ཅན་བསྟོད་དབྱངས་རྒྱ་མཚོ་སྒྲོག །འབབ་ཆུའི་ན་ཆུང་དབུ་བའི་འཛུམ་དཀར་ཅན། །ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པའི་རྫིང་། །གནམ་སྔོན་ཞུན་མ་འཁྱིལ་འདྲའི་ཆུ་ངོགས་ན། །རིག་འཛིན་དགའ་མ་རྩེ་ཞིང་ཁྲུས་ལ་འཇུག །མིང་རིལ་ངུར་པ་ཆུ་སྐྱར་གཞོན་ནུ་དང་། །བཞད་དང་ཁྲུང་ཁྲུང་ངང་པའི་རྒྱལ་པོ་སོགས། །


DLL1006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་ནོག་འདུག༽མགྲིན་པའི་ནང་ནས་སྙན་སྒྲོག་གླུ་དབྱངས་མཁན། །ཆུ་བྱ་སྣ་ཚོགས་དགའ་ཞིང་མཚོ་ལ་ལྡིང་། །ཕུན་ཚོགས་ནགས་ཚལ་དེ་ཡི་དབེན་པའི་ངོས། །ཡངས་པའི་རྡོ་ལེབ་ཟླ་བ་ལྟ་བུའི་སྟེང་། །མེ་ཏོག་འབྲས་བུ་རྒྱས་པའི་ཤིང་དྲུང་ན། །རིག་འཛིན་གྲུབ་པ་བརྙེས་པའི་རྣལ་འབྱོར་པ། །འདུ་འཛིས་མ་གོས་ཞི་བའི་སྤྱོད་ལམ་ན། །དྲང་པོར་ལུས་བསྲངས་སེམས་ལ་བལྟ་བ་བཞིན། །མིག་ཟུར་གཡོ་མེད་ཏིང་འཛིན་རོ་ལ་ཆགས། །འཁྲུལ་མེད་བསམ་གཏན་མཛད་པ་དུ་མ་བཞུགས། །སྟེང་ནས་ཆུ་འཛིན་དཀར་པོའི་སྟོད་གཡོགས་བགོས། །ངོས་ནས་འབབ་ཆུའི་མུ་ཏིག་དོ་ཤལ་འཆང་། །རྐེད་སྐབས་ནགས་ཚལ་སྔོན་པོའི་ཤམ་ཐབས་ཅན། །ས་འཛིན་བུ་མོས་ཕྱོགས་ནས་མཛེས་པར་བསྐོར། །ལྷ་ཡི་ལམ་ལ་འཇའ་འོད་གུར་གྱིས་ཕུབ། །ཕྱོགས་ནས་དཀར་འཇམ་སྤྲིན་གྱི་བ་རེས་བྲེས། །དེ་ལ་འཕྱང་བའི་འཇའ་ཚོན་མཛེས་པའི་འཕན། །སྤྲིན་གསེབ་ལྷ་རྣམས་བླ་རེ་འཛིན་པའི་ཚུལ། །ལྷ་ཡིས་མཁའ་ལས་བབ་པའི་མེ་ཏོག་ཆར། །ས་ཡི་རྡུལ་གྱིས་གོས་ན་མི་རུང་ཞེས། །རླུང་གིས་བཏེག་ནས་བར་སྣང་འཁོད་པ་རྣམས། །ཉི་མའི་འོད་དང་འགྲོགས་པས་ལྷག་པར་མཛེས། །འོག་གཞི་བཻཌཱུརྱ་ཡི་ནེའུ་གསིང་ལ། །རིན་ཆེན་མེ་ཏོག་དུ་མ་གཅལ་དུ་བཀྲམ། །ཛཱ་ཏི་ཙམ་པའི་ལི་ཤ་སོགས་ཀྱི་དྲི། །རླུང་གིས་


DLL1006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པའི་དྲི་ངད་བཟང་པོས་ཁྱབ། །འཆི་མེད་དབང་པོའི་བཀོད་པ་སྐྱེངས་པའི་གནས། །རྒྱལ་བའི་ཡེ་ཤེས་སྒྱུ་མ་སྤྲུལ་པ་དེར། །མར་གད་ལྗོན་པ་གོམ་པ་འགོད་པ་བཞིན། །སྒྲོལ་མ་བཞེངས་དང་འབྱོན་གཤེགས་སྤྱོད་ལམ་མཛད། །དེ་དབུས་རབ་གསལ་ཤེལ་གྱི་ས་གཞི་བསྟར། །རིན་ཆེན་ཚོན་སྣ་བརྒྱ་ཡི་རྣམ་པར་བཀྲ། །རིན་ཆེན་སྣ་ཚོགས་འབར་བའི་ཁྲི་སྟེང་ན། །དགེ་མ་མར་གད་མདོག་ཅན་ཉི་འོད་འཕྲོ། །ཕྱག་གཡས་སྒྲུབ་ལ་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པ་འཇིགས་པ་ཀུན་སྐྱོབ་སྐྱབས་སྦྱིན་ཅན། །གདུལ་བྱའི་བུང་བ་ཡེ་ཤེས་སྦྲང་རྩིའི་རིས། །ཚིམས་མཛད་ཨུཏྤལ་སྔོན་པོས་ཕྱག་གཉིས་མཛེས། །གཡས་ན་གསེར་གྱི་མདོག་ཅན་འོད་ཟེར་ཅན། །ཞི་བའི་ཉམས་ལྡན་རྡོ་རྗེ་ཨོ་ཤ་འཛིན། །གཡོན་ན་རལ་གཅིག་སྔོན་མོ་ཁྲོས་པའི་སྐུ། །གྲི་གུག་ཐོད་པ་སྟག་གི་ཤམ་ཐབས་ཅན། །གཙོ་འཁོར་གསུམ་ག་ལྷ་ཡི་བཟའ་དང་། །མཛེས་སྡུག་རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས། །བརྒྱན་པའི་མིག་གི་བདུད་རྩིར་གྱུར་པ་ནི། །ནགས་ཚལ་དེ་ཡི་ཐིག་ལེ་ལྟ་བུར་བཞུགས། །རྒྱལ་ཡུམ་མཆོད་པར་རྩོམ་པའི་ལྷ་མོ་ནི། །ཕུལ་བྱུང་གཟུགས་མཛེས་རྣམ་དག་ཞིང་གི་རྒྱན། །ཡིད་འཕྲོག་རྒྱན་གྱིས་སྤུད་པ་སྣ་ཚོགས་ཀྱིས། །མཆོད་རྫས་འདི་དག་གུས་པས་བཟུང་ནས་མཆོད། །གནམ་སྔོན་དྲི་མེད་འཇའ་ཚོན་ཤམ་བུ་ཅན། །ཁོར་ཡུག་སྐར་མའི་དོ་ཤལ་འཆང་བ་བཞིན། །


DLL1006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་ཆུན་འཕྱང་མཛེས་པའི་བླ་རེ་དང་། །དྲི་ཞིམ་བདུག་པའི་སྤྲིན་ཕུང་ནམ་མཁའི་རྒྱན། །རྒྱབ་ནས་དར་དཀར་བརྐྱང་བའི་ཡོལ་བ་དང་། །སྣ་ཚོགས་ནོར་བུའི་ཐིག་ལེ་བཀྲ་བ་ཡི། །ལྷ་ཡི་གདུགས་དཀར་གསེར་གྱི་ཡུ་བ་ཅན། །རབ་མཛེས་རྒྱལ་མཚན་བ་དན་གནམ་དུ་བསྒྲེངས། །གཡས་ན་རྔ་ཡབ་ནོར་བུའི་ཡུ་བ་ཅན། །དྲིལ་ཆུང་གཡེར་ཁས་བརྒྱན་པ་དུ་མ་དང་། །རྨ་བྱའི་མདོངས་མཛེས་གཤིབས་པའི་རླུང་གཡབ་རྣམས། །ཞི་བའི་ནགས་རླུང་གཡོབ་ལ་ཆས་པ་བཞིན། །གཡོན་ན་པི་ཝང་གླིང་བུ་ཅང་ཏིའུ། །པ་ཊ་ཧ་དང་རྔ་ཟླུམ་རྫ་རྔ་དང་། །འབུད་དུང་གཡས་འཁྱིལ་ཀ་ལི་རྔ་བོ་ཆེ། །ཚངས་པའི་དབྱངས་ལ་འགྲན་ཕྱིར་མཆོད་པ་འདྲ། །མདུན་དུ་མཆོད་ཡོན་རྒྱ་མཚོ་ཀུན་ནས་འཁྱིལ། །ཉི་ཟླ་ལ་སོགས་ནོར་བུའི་སྣང་བ་གསལ། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་སོགས། །སྣ་ཚོགས་བཅུད་འཛིན་གསེར་སྣོད་མཚར་དུ་དངར། །སྤེལ་ལེགས་རིན་ཆེན་མེ་ཏོག་འཕྲེང་བ་དང་། །ཟླ་བ་ཉ་འདྲ་སྒེག་མོའི་མེ་ལོང་སོགས། །འཛིན་མཁས་ལང་ཚོས་བསྙེམས་པའི་མགྲིན་སྙན་རྣམས། །རྩེད་འཇོ་གླུ་གར་བྱེད་པས་ཕྱོགས་ཀུན་མཛེས། །གཞན་ཡང་ལྷ་མིའི་མཆོད་པ་ཕུལ་བྱུང་དང་། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་སོགས། །


DLL1006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་མཆོད་རྫས་མ་ལུས་གྲོས་བྱས་ནས། །ནགས་ཀྱི་ལྷ་མོའི་དྲུང་དུ་འདུས་པ་བཞིན། །ལྷ་དང་མི་དང་རིག་པ་འཛིན་པ་སོགས། །སྐལ་བཟང་དུ་མ་ཉིན་བཞིན་འོངས་ནས་ནི། །སྒྲོལ་མའི་ཞལ་གྱི་བུམ་པ་བཟང་པོའི་བཅུད། །དད་པའི་སྙིམ་པས་འཐུངས་ཏེ་རྟག་ཏུ་འཚོ། །དེ་ལྟར་ཕུན་ཚོགས་མཐའ་དག་འདུས་པའི་གནས། །སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཚལ་དང་། །རྒྱལ་ཡུམ་དགེ་མ་འཁོར་དང་བཅས་རྣམས་ལ། །ཞིང་རྡུལ་མཉམ་པའི་ལུས་ཀྱིས་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་རྣམས། །སྐྱེ་བ་ཀུན་ཏུ་སྒྲོལ་མའི་ཞབས་པད་ལ། །བཏུད་ནས་དགྱེས་པའི་ཕྱག་གིས་བཟུངས་པའི་མཐུས། །རིག་འཛིན་མཆོག་གི་གོ་འཕང་ཐོབ་གྱུར་ཅིག །ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས། །རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ཅིང་། །བསླབ་གསུམ་ནོར་བུའི་ཏོག་གིས་རབ་མཚན་པའི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་ཤོག །སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི། དཔལ་ལྡན་རྗེ་བཙུན་མའི་ཐུགས་རྗེའི་ཉིན་བྱེད་ཀྱིས་བློ་གྲོས་ཀྱི་པདྨོ་ཅུང་ཟད་ཁ་བྱེ་བའི་བཀའ་དྲིན་ལ་བརྟེན་ནས། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ་བྱུང་བའི་སྙན་ངག་མཁན། དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་


DLL1006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དུ་ལེགས་པར་སྦྱར་བའོ།། །།ལྷག་པའི་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ། ཉི་མའི་འོད་ཀྱིས་གནམ་སྔོན་ཞུ་བ་འཁྱིལ་འདྲའི་མཚོ་འགྲམ་ན། །བཻཌཱུརྱ་ཡི་ནེའུ་གསིང་ཡིད་འོང་པདྨོས་རྣམ་པར་ཁེབས། །ལྷ་ཡི་ལམ་ལ་རི་མོ་བྲིས་འདྲའི་འཇའ་འོད་ཁྱིལ་ལི་ལི། །འདབ་ཆགས་རྣམས་ནི་སྐད་སྙན་སྒྲོག་ཅིང་མཛེས་པའི་གར་སྟབས་སྒྱུར། །དེ་དབུས་པད་དཀར་བསིལ་ཟེར་ཅན་གྱི་གདན་ལ་འགྱིང་བག་ཅན། །ཟུར་མིག་མདའ་ནི་ཀུན་གྱི་སྙིང་ལ་ཡང་དག་འཕེན་མཛད་མ། །རྒྱུད་མངས་སྔོན་པོའི་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད་ལ་མཁས། །དབྱངས་ཅན་མ་ཡི་ཞབས་ཀྱི་པདྨར་སྒོ་གསུམ་གུས་པས་འདུད། །དབུ་སྐྲ་ཟུར་ཕུད་ཀུན་གྱི་ཡིད་འཆིང་འཛུམ་པའི་བཞིན་རས་ཅན། །རྐེད་པ་ཕྲ་མཛེས་ནུ་འབུར་རབ་རྒྱས་ཤ་འཇམ་ཡིད་འོང་མ། །བཅུ་དྲུག་ལང་ཚོ་རྒྱས་པའི་ཉམས་ལྡན་ཟག་མེད་བདེ་བའི་གཏེར། །སྒྲུབ་ལ་མཆོག་སྩོལ་བདེ་སྟོང་ཏིང་འཛིན་རྒྱས་མཛད་ཁྱོད་ལ་འདུད། །མཐོ་རིས་མཛེས་མའི་མཛེས་པ་གཅིག་ཏུ་བསྡུས་པའི་ན་ཆུང་མཆོག །དྲན་པ་ཡིས་ཀྱང་སྤོབས་པའི་མཆོག་ཀུན་ཀུན་ཏུ་སྩོལ་མཛད་མ། །ངག་དབང་ལྷ་མོ་ཁྱོད་དང་སྐྱེ་བ་ཀུན་ཏུ་མི་འབྲལ་ཞིང་། །སྙན་ངག་ལ་མཁས་མཁས་པའི་མཆོག་ཀུན་ཀུན་གྱིས་ཐོབ་པར་ཤོག །ཅེས་པ་འདི་ནི་ཆོས་སྨྲ་བའི་བཙུན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་ལྡན་སྣར་ཐང་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །


DLL1006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཆུ་གཏེར་ལས་འཁྲུངས་པའི། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །གདུལ་བྱ་གླིང་བཞིས་ཡོངས་བསྐོར་བའི། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །གྲུབ་མཐའ་རྣམ་བཞིའི་བང་རིམ་ཅན། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །རྣམ་གཡེང་རླུང་གིས་མི་བསྐྱོད་པའི། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །བཀའ་སྲུང་རྒྱལ་ཆེན་བཞུགས་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །དོན་གཉེར་ལྷ་ཕྲན་འདུ་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །མཁས་མང་གསེར་རིས་བསྐོར་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །དཔལ་འབྱོར་རོལ་མཚོ་འཁྱིལ་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །ལེགས་བཤད་རྒྱུ་སྐར་བཀྲ་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །ཐུབ་ཆེན་ལྷ་དབང་བཞུགས་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །རྒྱལ་སྲས་ཉེ་དབང་བཞུགས་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །ཆོས་ཀྱི་སྒྲ་ཆེན་སྒྲོག་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །ལྷ་ཡིས་དོན་མཐུན་མཚན་གསོལ་བའི། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །བཀྲ་ཤིས་ལྷུན་ཅིང་བརྗིད་ཆགས་པའི། །བཀྲ་ཤིས་ལྷུན་པོ་རྒྱལ་གྱུར་ཅིག །དགེ་ལེགས་དཔལ་འབར་ཀོང་བུ་འདི། །དགེ་ལ་འདུན་པ་གྲུབ་པའི་དཔལ། །དགེ་འདུན་གྲུབ་ཀྱིས་ཕུལ་བ་ཡིས། །དགེ་འདུན་དོན་རྣམས་འགྲུབ་པར་ཤོག །ཅེས་རྗེ་རང་ཉིད་ཀྱིས་མཛད་བྱང་དང་བཅས་པ་རྣམས་ཀྱང་ཕུལ།། །།


DLL1006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་གནམ་ལ་བསྙེག་འདྲ་བ། །འདི་མཐོང་བའི་མོད་ལ་བླ་མ་དྲན། །དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས། །སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན། །འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར། །མཚན་བརྗོད་པར་བཀའ་བའི་དྲིན་པོ་ཆེ། །ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས། །ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས། །ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས། །བོད་ཁ་བ་ཅན་གྱི་སྐལ་ལྡན་ལ། །མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །སྒོས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ། །བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། །རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན། །དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པར། །སྐྱབས་རེ་ས་གཞན་དུ་མི་འཚོལ་བས། །ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ། །དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང་། །སེམས་ཆགས་སྡང་དབང་དུ་མ་སོང་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པར་བགྱིད་པར་སྨོན། །ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཅིང་། །གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །གཞན་ཕུང་བར་འདོད་པའི་ཀུན་སློང་དང་། །རྒྱུད་མཚན་འཛིན་དམ་པོས་བཅིང་ལགས་ཀྱང་། །ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད། །འདི་བརྟགས་ན་ཀུན་གྱིས་ཁྲེལ་བའི་རྒྱུ། །ལམ་གོལ་སར་རྒས་པའི་སྡུད་ཡུས་ཀྱིས། །ཆོས་


DLL1006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། །རྒྱུད་ཁོང་ནས་འཁྲུག་པའི་གདུག་སེམས་ཅན། །གདོན་ཐུགས་ལ་ཞུགས་པ་མ་ལགས་སམ། །དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །གཤགས་འགྱེད་པ་ཙམ་གྱི་བཤད་ཉན་ཡང་། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་། །དོན་དེ་ལྟར་གོ་བའི་བཤེས་གཉེན་ང་། །སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་། །དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ། །མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས། །ཡིད་ཕྱོགས་སུ་ལྷུང་བས་མི་འཆིང་བར། །བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས། །ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས། །གཏམ་འདི་ལ་བརྟེན་ནས་འགྲོ་བ་རྣམས། །བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་། །དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས། །དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་། །གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན། །ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར། །དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི། ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུ་གྲུབ་པ་དཔལ་བཟང་པོས་གདུང་དབྱངས་སུ་མཛད་པའོ།། །།བླ་མའི་བཀའ་དྲིན་དྲན་པའི་རྣམ་མགུར། ན་མོ་གུ་རུ། སྐུ་མཐོང་བའི་མོད་ལ་དང་བ་འདྲེན། །གསུང་ཐོས་པས་ལུས་ཀྱི་བ་སྤུ་གཡོ། །དྲིན་བསམ་པས་དགེ་ལེགས་ཀུན་གྱི་གཏེར། །རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །གང་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །དབྱིངས་སྤྲོས་བྲལ་ནམ་མཁའི་དབྱིངས་ལྟར་གཟིགས། །ཕ་མཚུངས་མེད་ནམ་མཁའི་རྣལ་འབྱོར་པ། །རྗེ་མཚན་ལྡན་བླ་མའི་


DLL1006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་འདུད། །ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་སྦྱངས། །ལམ་བསླབ་པ་གསུམ་ལ་གཅེས་སྤྲས་མཛད། །སྐྱབས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །བཀའ་མདོ་རྒྱུད་དབང་དང་མན་ངག་གནང་། །བློ་འཁྲུལ་པའི་གོལ་ས་གཏིང་ནས་བཅད། །དྲིན་འཁོར་བ་མེད་པའི་རིན་པོ་ཆེ། །རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །ཐུགས་འོད་གསལ་ནམ་མཁའི་ཀློང་དཀྱིལ་ན། །སྐུ་ཟུང་འཇུག་མཚན་དཔེའི་རྒྱན་གྱིས་སྤྲས། །དཔལ་རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དུས་ད་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་བླ་མ་ཁྱེད་དང་མི་འབྲལ་ཞིང་། །ཐུགས་དགྱེས་པས་རྗེས་སུ་འཛིན་པ་དང་། །བཀའ་ཅི་གསུང་ཆོས་བཞིན་སྒྲུབ་པར་ཤོག །མགོན་ཁྱོད་ཞབས་མཆོད་པའི་བཀའ་དྲིན་གྱིས། །སྐུ་ལྷུན་པོ་ལྟ་བུར་བརྟན་པ་དང་། །གསུང་ཡན་ལག་དྲུག་ཅུས་བརྒྱན་པ་དང་། །ཐུགས་ཆོས་ཀུན་གསལ་བའི་བཀྲ་ཤིས་ཤོག །ངས་ཡུན་རིངས་འབད་མང་བཙལ་བའི་མཐུས། །གནས་ལྷན་སྐྱེས་བདེ་ཆེན་དེ་རིང་རྙེད། །ད་རྩེ་གཅིག་སྒྲུབ་པ་བྱེད་པ་ལ། །ཁྱེད་གནས་གསུམ་མཁའ་འགྲོས་བརྩེ་བས་སྐྱོངས། །འདི་རྗེ་ཐམས་ཅད་མཁྱེན་པས་སྔ་མོའི་དུས་ལྷ་རྒྱལ་རྩེར་ཆོས་བར་ལ་ཕེབས་དུས་མཛད་པའི་ལོ་རྒྱུས་འདུག་ལགས།། །།ཀ་ཡེ་གསན་དང་ཤེས་ལྡན་གྲོགས་པོ་དག །ཁ་ན་མ་ཐོའི་དབང་གིས་འཁོར་བའི་གནས། །ག་རུ་གནས་ཀྱང་བདེ་བའི་སྐབས་མེད་པས། །ང་ནི་འཆི་མེད་བདུད་རྩི་དོན་དུ་གཉེར། །ཅ་ཅོའི་ཚིག་ངན་ཅི་ཡང་མི་སྨྲ་ཞིང་། །ཆ་ལུགས་དམན་ཡང་དགེ་ལ་གོམས་པའི་མཐུས། །ཇ་ལ་སྲེད་པའི་ལྕགས་ཀྱུས་མ་ཟིན་པར། །ཉ་ཆེན་བཞིན་དུ་ཆོས་


DLL1006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རྒྱ་མཚོར་འཇུག །ཏ་ལའི་ལྗོན་པ་རབ་ཏུ་རྒྱས་གྱུར་ཀྱང་། །ཐ་མར་ཉམས་ཤིང་བསྐམས་པར་ངེས་པ་ལྟར། །ད་ལྟ་འབྱོར་ཡང་དགེ་ལ་མ་འབད་ན། །ན་ཚོད་འཇོམས་པའི་འཆི་བདག་ངེས་པར་ཡོང་། །པ་ཝ་སངས་ལྟར་དཀར་བའི་བརྩེ་སེམས་ཅན། །ཕ་མ་འདི་ཀུན་འཁོར་བར་འཁྱམས་པ་ལ། །བ་སྤུ་གཡོ་འགུལ་མེད་པར་མི་རུང་བས། །མ་ལུས་འགྲོ་བའི་དོན་དུ་བྱང་ཆུབ་སྒྲུབས། །ཙ་རི་ལ་སོགས་དབེན་པའི་གནས་མཆོག་ཏུ། །ཚ་གྲང་ཁྱད་དུ་བསད་ནས་མ་འབད་ན། །ཛ་ལང་རབ་ཏུ་རྒྱས་པའི་སེང་ཆེན་གྱིས། །ཝ་སྐད་འདོན་དགོས་བྱུང་ན་མི་རུང་ངོ་། །ཞྭ་དང་གོས་སོགས་ལོངས་སྤྱོད་ཕོངས་གྱུར་ཅིང་། །ཟ་མ་མ་ནིང་སོགས་ཀྱིས་བརྙས་ཀྱང་རུང་། །འ་ཅག་དལ་འབྱོར་ལན་ཅིག་ཐོབ་པ་འདི། །ཡ་མ་བརླ་ཉིད་མ་བྱེད་དོན་ལྡན་མཛོད། །ར་གན་གསེར་དུ་བསྒྱུར་བའི་ཟངས་མདོག་གིས། །ལ་ལ་སླུ་བའི་བསམ་པ་མ་འཛིན་པར། །ཤ་ཚའི་སེམས་ཀྱིས་རང་དང་གཞན་རྒྱུད་ལ། །ས་དང་ལམ་གྱི་ཡོན་ཏན་སྒྲུབ་པར་འཚལ། །ཧ་ཅང་སྙིགས་མ་ལྔ་པོ་བདོ་བ་འདི། །ཨ་ཏི་ཤ་ནས་བརྒྱུད་པའི་གདམས་ངག་གིས། །བྱང་ཆུབ་མཆོག་གི་ལམ་དུ་བསྒྱུར་བ་ལ། །མཁས་པའི་བཤེས་ལ་བརྟེན་ནས་འབད་འཚལ་ལོ། །ཞེས་རང་གཞན་ལ་བསྐུལ་བའི་གཏམ་རིན་པོ་ཆེའི་འཕྲེང་བ་ཅེས་བྱ་བ་འདི་ནི་ཆོས་སྨྲ་བའི་བཙུན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་དཔལ་ལྡན་གསང་ཕུ་ནེའུ་ཐོག་ཏུ་སྨྲས་པའོ།། །།སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཛད་པ་སྒྲོན་མ་འཛིན་པ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་གི་མིག་སྦྱང་དུ་གསོལ། སངས་རྒྱས་


DLL1006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་གི་མིག་སྦྱང་དུ་གསོལ། ཏདྱ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏི་ལི་མི་ལི། ཧུ་ཡ་ཧུ་ཡ། ཧུ་ཡ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུ་མེ་བི་ཤོ་དྷ་ནེ་སྭཱཧཱ། ཚུལ་ཁྲིམས་ཀྱི་བདེན་པ་དང་། བརྟུལ་ཞུགས་ཀྱི་བདེན་པ་དང་། དྲང་སྲོང་རྣམས་ཀྱི་བདེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། དགྲ་བཅོམ་པ་རྣམས་ཀྱི་བདེན་པ་དང་། རང་སངས་རྒྱས་རྣམས་ཀྱི་བདེན་པ་དང་། སངས་རྒྱས་བཅོམ་ལྡནའདས་ཀྱི་བདེན་པ་དང་། བདེན་པའི་བྱིན་གྱི་རླབས་ཀྱིས། བདག་གི་མིག་ན་བར་མ་གྱུར་ཅིག །མཆི་མ་འཛག་པར་མ་གྱུར་ཅིག །ཀུན་ཏུ་མཆི་མ་འཛག་པར་མ་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་མིག་རྣམ་པར་དག་པར་གྱུར་ཅིག་སྭཱཧཱ། འདི་རྗེ་ཐམས་ཅད་མཁྱེན་པའི་ཞལ་གདམས་ཡིན་གཟུངས་བསྡུས་ན་ཡོད་གསུང་།། །།ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་ཐམས་ཅད་དུ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དམ་པ་དེའི་གསུང་ལས། ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་བྱེད་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སོགས་སྔོན་དུ་བཏང་བ་སྤྱི་དང་མཐུན། སྭ་བྷཱ་ཝའི་སྔགས་དོན་དྲན་པའི་ངང་ནས་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཅིག་བསམ། དེ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཇོ་བོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿ


DLL1006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་ནོར་བུ་ཆུ་ཤེལ་གྱི་འཕྲེང་བ་འཛིན་པ། གཡོན་གྱི་གཉིས་པ་ན་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བའི་སྐུ་རུ་ཝལ་གྱིས་བསྒོམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས། པོ་ཏ་ལའི་རི་བོ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་པས་རང་ལ་བསྟིམས་པས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ཡོངས་སུ་གྱུར་པ་ལས། རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་དམར་པོ་གསོལ་བས་དབུ་བརྒྱན་པར་བསྒོམ། དེ་ནས་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེར་སྤྱོད་ལྔས་མཆོད། སྐྱོན་གྱིས་མ་གོས་


DLL1006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་ལྷ་བསྒོམ་པའི་གནད་ནི། རང་ཐ་མལ་པའི་ང་རྒྱལ་དོར་ནས། འཕགས་པ་སྤྱན་རས་གཟིགས་ཡིན་སྙམ་པའི་ང་རྒྱལ་ཤུགས་ཅན་སྒོམ་པ་དང་། སྔར་བཤད་པའི་སྐུ་ཕྱག་མཚན་རྣམས་རྣམ་པ་གསལ་བ་ལ་སློབ། དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། མཐའ་སྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ། དེ་ཡང་ཕ་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མདུན་དུ་བཀུག་ལ། སྤྱན་རས་གཟིགས་སུ་གྱུར་པར་བསམ། དེ་རེ་རེ་ལ་ཡང་དབུ་དུ་མ། དབུ་རེ་རེ་ལ་ཡང་ལྗགས་དུ་མ་ཡོད་པར་མོས་ནས་མགྲིན་གཅིག་ཏུ་བཟླའོ། །སྔགས་དོན་ནི། མ་ཎི་ཞེས་པ་ནི། ནོར་བུ་ཡིན་ལ། ཕྱག་གཡས་ཀྱི་ནོར་བུ་ཆུ་ཤེལ་གྱི་ཕྲེང་བའོ། །པདྨ་ནི། ཕྱག་གཡོན་པའི་པདྨའོ། །མེ་ནི། འབོད་པའི་ཚིག་སྟེ། དེ་ཡང་ཕྱག་མཚན་དེ་གཉིས་འཛིན་པའི་ལྷ་སྔར་བསྒོམས་པ་དེ་ཉིད་ལམ་ལམ་དྲན་པར་བྱེད་པའོ། །ཨོཾ་དང་ཧཱུཾ་ནི། སྤྱི་དང་མཐུན། འདི་ནི། བཟླས་པའི་གནད་ཤིན་ཏུ་ཟབ་བོ། བཟླས་པ་ཚར་བའི་རྗེས་སུ་མཆོད་བསྟོད་སྔར་བཞིན་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་བ་བྱ། ཐུན་མཚམས་སུ་རང་ཉིད་སྤྱན་རས་གཟིགས་ཀྱི་ང་རྒྱལ་ལ་གནས་པར་བྱའོ། །ཅི་ཟ་ཅི་འཐུང་གི་ཕུད་ནས་མཆོད་པ་དང་། སྐྱིད་སྡུག་མཐོ་དམའ་ཅི་བྱུང་ཡང་། ཇོ་བོ་ལ་མཆོད་ནས་གསལ་བ་འདེབས་ཀྱི། མོ་བོན་སོགས་ངོ་འཛིན་གྱི་བྱ་ཐབས་གཞན་མི་བསྟེན་པའོ། །མཚན་མོ་ཉལ་བ་ན་ལུས་ཀྱི་སྤྱོད་ལམ། གཞོགས་གཡས་


DLL1006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་བཅུག །ལོང་བུ་གཡས་པའི་སྟེང་དུ་གཡོན་པ་བཞག་ནས་ལུས་ཀྱི་སྤྱོད་ལམ་དམ་པར་ཉལ། སེམས་ཀྱི་དམིགས་པ་རང་གི་རྣམ་པར་ཤེས་པ་ཐམས་ཅད་སྙིང་ཁར་བསྡུས་ཏེ། བསྒྲིམས་ནས་རྩ་དབུ་མའི་ནང་ནས་ཡར་འཐོན་ཏེ། སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་མོས་པ་བྱ། ཡང་མར་བབས་ཏེ་སྙིང་ཁར་ཐིམ་པར་བསྒོམ་པ་ཡང་ཡང་བྱ་ལ། དེ་ལ་ལེགས་པར་བྱང་བ་ན། འཆི་བའི་དུས་ཀྱི་ཚེ་ལུས་ཀྱི་སྤྱོད་ལམ་སྔར་བཞིན་དང་རླུང་སྣ་བུག་གཡས་པ་བཀག་སྟེ་གཡོན་ནས་རྒྱུ་བར་བྱ། སེམས་དམིགས་པ་སྔར་བཞིན་བྱས་ལ། མོས་འདུན་ཤུགས་དྲག་པོས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསྒོམས་ལ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ཞེས་སོགས་སྨོན་ལམ་ཤླཽ་ཀ་གཉིས་ཀྱི་དོན་ཡིད་ལ་དྲན་བཞིན་དུ་གདབ་པར་བྱའོ། །འདི་ནི། ཤིན་ཏུ་ཟབ་པའི་མན་ངག་རྗེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱི་གདམས་པའོ།། །།ན་མོ་ཨཱརྱ་ཏཱ་ར་ཡེ། རྗེ་བཙུན་སྒྲོལ་མ་བསྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཱ་སརྦ་དྷརྨཱ་སྭ་བྷ་བ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པ་ཏཾ་ལས་ཨུཏྤ་ལ་སྔོ་སྐྱ་ཏཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་ཨུཏྤ་ལའི་ཡུ་


DLL1006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུངས་ནས་སྙན་གྱི་ཐད་དུ་ཁ་བྱེ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་ལ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོར་གྱུར་པའི་སྤྱན་མངའ་བ་རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་དང་། ཟླ་བའི་རྒྱབ་ཡོལ་ཅན་ཤིན་ཏུ་ཞི་བའི་ཉམས་དང་ལྡན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ རང་ལ་ཐིམས་པས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུཾ་ཞེས་དབང་བསྐུར་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གིས་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ནས། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་པཱ་ཏྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ ། ༔གནྡྷེ། ནཻ་ཝེ་དྱ།


DLL1006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་པྲ་ཏཱིཙྪ་ཧཱུཾ་ཞེས་པས་མཆོད། པདྨ་དཀར་དང་ཟླ་དཀར་གདན་སྟེང་ནས། །ལྷ་མོ་སྤྱན་ཡངས་ནུ་འབུར་རྒྱས་མ་ནི། །ཕྱག་གཡས་མཆོག་སྦྱིན་གཡོན་པ་སྐྱབས་སྦྱིན་མཛད། །ཞབས་གཉིས་བདེ་རྒྱས་སྐྱིལ་ཀྲུང་ཅན་དེར་འདུད། །ཏཱ་རེ་ལ་སོགས་སྔགས་ཀྱི་འོད་ཟེར་གྱིས། །ལུས་ལ་སྐུ་དང་ངག་ལ་གསུང་དང་ནི། །སེམས་ལ་ཐུགས་ཀྱི་དངོས་གྲུབ་སྩོལ་མཛད་མ། །བདག་གི་འཆི་བདག་འཇོམས་མཛད་ཁྱོད་ལ་འདུད། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། །སྨོན་པ་མེད་དང་མངོན་པར་འདུ་མི་བྱེད། །རྣམ་ཐར་སྒོ་བཞིའི་སྤྱན་གྱིས་ཕྱག་ཞབས་ཀྱང་། །མངོན་པར་མཚན་པའི་ལྷ་མོ་ཁྱོད་ལ་འདུད། །ཅེས་བསྟོད་ནས། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་ཡིག་གི་མཐར་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པས་བསྐོར་བ་ལ་དམིགས་ནས་བསྙེན་པ་བྱ་ཞིང་སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་ཐིམས་པས། བུམ་པའི་ནང་ནས་བདུད་རྩི་ཕྱིར་ལུད། རང་གི་སྤྱི་བོ་ཚངས་པའི་བུ་ག་ཁ་བྱེ་བ་ནས་མར་བྱུང་ལུས་གང་། དྲི་མ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་དམིགས་པ་ཡང་ཡང་དུ་བྱའོ། །ཞེས་རྗེ་བཙུན་མ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་འདི་ཉིད། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་ལྡན་བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་དུ་


DLL1006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའོ།། །།ན་མོ་ཨཱརྱ་ཏཱ་ར་ཡ། རྗེ་བཙུན་མ་སྒྲོལ་མ་བསྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སཱ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཏཾ་ལས་ཨུཏྤལ་ལྗང་ཁུ་ཏཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། ཕྱག་གཡོན་མེ་ཏོག་ཨུཏྤ་ལའི་རྩ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུངས་ནས་སྙན་གྱི་ཐད་དུ་ཁ་བྱེ་བ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ་སོགས་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱི་ག་ཤ་དང་། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་ཅན། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ཉམས་དང་ལྡན་པ། རང་ལ་དགྱེས་བཞིན་དུ་འཛུམ་པ་དང་བཅས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། པོ་ཏ་ལ་ནས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། པོ་ཏ་ལ་ཡི་གནས་མཆོག་ནས། །ཞེས་སོགས་བརྗོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དེ་བཞིན་


DLL1006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་ལུས་གང་། དྲི་མ་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་བསངས་སྦྱངས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནཻ་ཝེ་དྱ། ཨཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ལྷ་དང་ལྷ་མིན་ཞེས་སོགས་ཀྱིས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། ཐུགས་ཀར་ཟླ་བའི་གདན་ལ་ཏཾ་ལྗང་ཁུ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། སྤེལ་ཚིག་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཡེ་སྭཱཧཱ། ཚེ་སྤེལ་ལོ། །པུ་ཎྱ་པུཥྚིཾ་བསོད་ནམས་སྤེལ་ལོ། །པྲཛྙཱ་ཤེས་རབ་སྤེལ་ལོ། །མ་ཏི་བློ་གྲོས་སྤེལ་ལོ། །ཀཱིརྟི་གྲགས་པ་སྤེལ་ལོ། །རིམས་སོགས་ནད་ཞི་བར་འདོད་ན། སརྦ་ཛྭ་རི་བྷྱཿཤནྟིཾ་ཀུ་རུ་ཡེ་སྭཱཧཱ། བགེགས་ཞི་བར་འདོད་ན། སརྦ་བིགྷྣན། སེམས་ཀྱི་རྣམ་གཡེང་ཞི་བར་འདོད་ན། སརྦ་ཙིཏྟ་བི་ཀུ་ལི་བྷྱཿ རྨི་ལམ་ངན་པ་ཞི་བར་འདོད་ན། སརྦ་དུ་ར་སོ་བ་དུ་ར་མི་ནི་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སོགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པར་བྱའོ། །དེ་ནས་རྗེ་བཙུན་མའི་ཞབས་གཡས་པའི་མཐེ་བོང་ལ་འཇུས་ཏེ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རྗེ་བཙུན་མ་མཁྱེན་སྙམ་པ་བྱས་ལ། སྒྲོལ་མའི་བསྟོད་པ་འདོན། དེ་ནས་ཅི་འདོད་ཀྱི་གསོལ་བ་གདབ་པ་དང་སྨོན་ལམ་བྱས་ནས་མཐར་རང་ལ་དགྱེས་བཞིན་དུ་ཐིམ་པའི་མོས་པ་བྱའོ། །དེ་ནས་བཀྲ་ཤིས་བརྗོད།


DLL1006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྗེ་བཙུན་སྒྲོལ་མ་སྔོན་མོའི་སྒྲུབ་ཐབས་འཕྲིན་ལས་མྱུར་འཇུག་ཅེས་བྱ་བ་འདི་ནི། དགེ་བའི་བཤེས་གཉེན་དུ་མས་བསྐུལ་ནས་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་མྱང་སྟོད་ཀྱི་ས་ཡི་ཆ་དགེ་ལྡན་ལྷུན་པོར་སྦྱར་བའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་རྒྱུད་ནས་གསུངས་པའི་ཛམྦྷ་ལའི་སྒོ་ནས་ནོར་སྒྲུབ་གསེར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཛཾ་ལས་བི་ཛ་པུ་ར་ཛཾ་གྱིས་མཚན་པ་ལས་འོད་འཕྲོས། གསེར་ལ་སོགས་པའི་རིན་པོ་ཆེའི་རིགས་ཐམས་ཅད་བསྡུས་ནས་དེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་གནོད་སྦྱིན་ཛམྦྷ་ལ་གསེར་གྱི་མདོག་ཅན་རྡོ་རྗེ་འཆང་གིས་དབུ་བརྒྱན་པ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྱིས་བི་ཛ་པུ་ར་དང་། ལྕགས་ཀྱུ་དང་མདའ། གཡོན་གསུམ་གྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ཞགས་པ་བཟང་པོ་དང་བཅས་པའི་མེ་ལོང་དང་གཞུ་འཛིན་པ། གསུས་པ་ཆེ་བ། མིའུ་ཐུང་གི་གཟུགས་ཅན། དབུ་སྐྲ་རལ་པའི་ཐོར་ཚུགས་དང་། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ་ལས་རྣམ་སྣང་། མགྲིན་པར་ཨཱཿལས་འོད་དཔག་མེད། ཐུགས་ཀར་ཧཱུཾ་ལས་མི་བསྐྱོད་པ། ལྟེ་བར་སྭཱ་ལས་རིན་འབྱུང་། བརླའི་རྩ་བར་ཧཱ་ལས་དོན་ཡོད་གྲུབ་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བསྒོམས་པ་དང་


DLL1006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམས། རང་གི་རིགས་བདག་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར། རང་གི་མདུན་དུ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་ཞེས་པ་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་བར་བདག་བསྐྱེད་བཞིན་བསྒོམས་ནས། རང་གི་སྙིང་ཁ་ནས་རང་འདྲའི་ཛམྦྷ་ལ་བྱུང་། མདུན་བསྐྱེད་ཀྱི་ཛམྦྷ་ལ་ལ་ཐིམས། རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་ཞིང་། ཛཾ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཛམྦྷ་ལའི་མགོ་བོར་ཁྲུས་གསོལ་བར་གྱུར། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ཆུ་སྦྱིན་པར་བྱའོ། །དེ་ནས་ཨཱརྻ་ཛམྦྷ་ལ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། ཞེས་སོགས་ཉེར་སྤྱོད་ཀྱིས་མཆོད། གསེར་གྱི་མདོག་ཅན་ཉི་མ་འབུམ་གྱི་འོད། །ནོར་གྱི་དབང་ཕྱུག་གཏེར་འཆང་ཀུན་གྱི་བདག །སྒྲུབ་པ་པོ་ལ་ཅི་འདོད་དངོས་གྲུབ་ཀུན། །མྱུར་དུ་སྩོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་དང་སེམས་ཅན་ཐམས་ཅད་དབུལ་འཕོངས་དང་བྲལ་ནས་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། སྒྲུབ་པ་པོ་ལ་དགྱེས་བཞིན་དུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་རང་གི་སྙིང་ཁར་ཐིམས་པར་གྱུར། བསྔོ་བ་བྱའོ། །འདི་ནི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་མན་ངག་བཞིན་དུ་དགེ་འདུན་གྲུབ་པ་དཔལ་བཟང་པོས་བཀོད་པའོ།། །།རྗེ་བཙུན་མི་གཡོ་བ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་འདུག་


DLL1006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རང་གི་སྙིང་ཁའི་ཧཱུཾ་ནག་པོ་ལས་འཕྲོས་པའི་འོད་ཀྱིས། རང་གི་ལུས་ཀྱི་ཕྱི་ནང་ཐམས་ཅད་གསལ་བར་བྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧཱུཾ་གི་འོད་ཟེར་གྱིས་བླ་མ་སངས་རྒྱས་བྱང་སེམས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆཱུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་མོ་གྱེས་པའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་ལས། འོད་འཕྲོས། སེམས་ཅན་ཐམས་ཅད་མི་གཡོ་བའི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུཾ་ལ་ཐིམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ་དང་རྡོ་རྗེ་ཉི་མ་རྣམས་གཅིག་ཏུ་གྱུར་པ་ལས། རང་ཉིད་ཁྲོ་བོའི་རྒྱལ་པོ་མི་གཡོ་བ། ཆར་སྤྲིན་ནག་པོའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ལྷ་དང་ལྷ་མ་ཡིན་དང་བདུད་དང་བགེགས་ཀྱི་


DLL1006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་སྐྲག་པར་བྱེད་པའི་རལ་གྲི་མེ་འབར་བ་འདེབས་པའི་ཚུལ་གྱིས་འཛིན་པ། ཕྱག་གཡོན་བགེགས་ཀྱི་ཚོགས་མ་ལུས་པ་སྐྲག་པར་བྱེད་པའི་སྡིགས་མཛུབ་དང་ཞགས་པ་བསྣམས་པ་ཀླུ་བརྒྱད་ཀྱིས་བརྒྱན། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱངས་ཀྱི་ཚུལ་དུ་ཞུགས་པའི་ཞབས་འོག་ཏུ། སྡང་ཞིང་གཏུམ་པའི་བདུད་དང་བགེགས་ཀྱི་ཚོགས་དུ་མ་མནན་པ། སྤྱན་དམར་ཞིང་ཟླུམ་པས་སྟེང་འོག་ཏུ་ལྟ་ཞིང་། མཆེ་བ་ཅུང་ཟད་གཙིགས་པ། ཚངས་པ་དང་དབང་པོ་དང་། ལྷ་མ་ཡིན་རྣམས་འཇིགས་པར་བྱེད་པ། རང་གི་བ་སྤུའི་བུ་ག་ནས་བསྐལ་པའི་མེ་ལྟར་འབར་བའི་མེ་འོད་འཕྲོས་པ་ལས་བྱུང་བའི་ཁྲོ་བོའི་རྒྱལ་པོ་ཕྱག་མཚན་སྣ་ཚོགས་ཐོགས་པས་ནམ་མཁའི་དཀྱིལ་རྒྱས་པར་འགེངས་པ་དང་བཅས་པར་གྱུར། རང་གི་ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་མཆོད། ཛཿཧཱུཾ་བོ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་སྤྱན་དྲངས། མཆོད། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། དབང་བསྐུར་དྲི་མ་དག་ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པས་དབུར་བརྒྱན་པར་གྱུར། དེ་ནས་རང་ཉིད་རྗེ་བཙུན་མི་གཡོ་བ་ཡིན་ནོ་སྙམ་དུ་བརྟན་པ་ཐོབ་ཀྱི་བར་བསྒོམ་པར་བྱ་ལ། བསྒོམས་པས་སྐྱོ་ན་བཟླས་པ་བྱ་བ་ནི། ཨོཾ་ཨཱཿཧཱུཾ་ཞེས་པའམ་ཧཱུཾ་རྐྱང་པ


DLL1006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འམ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་གི་མཐར། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་པས་བསྐོར་བའམ། འབྲུ་གསུམ་གྱི་བར་དུ་ཡི་གེ་བཅུ་པ་བཅུག་ནས་བཟླས། མཇུག་ཏུ་ཡི་གེ་བརྒྱ་པ་བརྗོད། དགེ་རྩ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་ཐེག་པ་ཆེན་པོའི་རྣལ་འབྱོར་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་ལྡན་སྣར་ཐང་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།བླ་མ་དང་དཔལ་ཌ་ཀཱི་མ་ལ་ཕྱག་འཚལ་ལོ། །སྐྱབས་འགྲོ་སེམས་སྐྱེད་སྔོན་དུ་སོང་སྟེ། སྣ་ཚོགས་པདྨ་དང་ཉི་མ་དང་རོའི་གདན་ལ། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། གཡས་ན་ཡེ་ཤེས་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་ན་ཡེ་ཤེས་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན། གསུམ་གའང་མགྲིན་པ་མན་ཆད་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཀྱིས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ནག་པོ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་ནས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་སྲུང་མ་དང་། མཁའ་འགྲོ་མ་བྱེ་བ་འབུམ་སྡེ་འཁོར་དང་བཅས་པ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་དྲངས་བཞུགས་པར་བསམས་ལ། རང་གི་ལག་པ་གཡས་པའི་མཐིལ་དུ་རཾ་ལས་ཉི་མ་དང་། གཡོན་པའི་མཐིལ་དུ་ཨ་


DLL1006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟླ་བ་བསམ། རང་གི་ཐུགས་ཀའི་ཧཱུཾ་ནག་པོ་ལ་ཡི་གེ་བཅུ་བཞི་པས་གཡས་སུ་བསྐོར་བས་བསམས་ལ། བཟླས་པ་མང་དུ་བྱས་པའི་མཐར་བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱིལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པ་མཁའ་འགྲོ་མ་བྱེ་བ་འབུམ་གྱི་བཀའ་བདེན་པའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་པར་གྱུར་ཅིག །ཅེས་ཐལ་མོ་བརྡབ། མཇུག་སྟོང་ཉིད་ལ་མཉམ་པར་བཞག །བསྔོ་བ་དང་བཀྲ་ཤིས་བརྗོད། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསུང་བཞིན་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཡི་གེར་བཀོད་པའོ། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་ཡི་གེ་ཕུཿཡོངས་སུ་གྱུར་པ་ལས། ཀླུའི་རྒྱལ་པོ་སོག་མ་མེད་པ་མགོ་གཡས་སུ་བསྟན་ཏེ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཕྲོཾ་ཡོངས་སུ་གྱུར་པ་དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཞབས་གནིས་ཙོག་པུར་འདུག་པ།


DLL1006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་མན་ཆད་སེར་པོ་སའི་རང་བཞིན། ལྟོ་བ་དཀར་པོ་ཆུའི་རང་བཞིན། སྟོད་དམར་པོ་མེའི་རང་བཞིན། མགོ་བོ་སྔོན་པོ་རླུང་གི་རང་བཞིན། སྤྱི་བོ་དང་གཤོག་པ་སྣ་ཚོགས་པ་ནམ་མཁའི་རང་བཞིན་ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་དཀར་ཕྱོགས་ལ་མངོན་པར་དགའ་བའི་ཀླུ་རྣམས་སྐྱོབ་པར་མཛད་པ། ཕྱག་གཡོན་སྡིགས་མཛུབ་མཛད་པས་ནག་ཕྱོགས་ལ་དགའ་བའི་ཀླུ་རྣམས་སྐྲག་པར་མཛད་པ། ཀླུའི་རྒྱལ་པོ་ལས་ཕྲོགས་པའི་ཡིད་བཞིན་གྱི་ནོར་བུ་རྭ་ཕྲག་གི་སྟེང་དུ་བཟུངས་ནས་དགོས་འདོད་ཐམས་ཅད་ཚུལ་བཞིན་སྩོལ་བར་མཛད་པ། སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེའི་མགྲིན་པར་པདྨ་དང་ཟླ་བའི་དབུས་སུ་སངས་རྒྱས་ཀྱི་རིགས་ཀྱི་ཁྱུང་དཀར་པོ་གཡས་འཁོར་ལོ་དང་། གཡོན་སྦྲུལ་དཀར་པོ་བཟུངས་ནས་ཟ་བ། ཤར་དུ་རྡོ་རྗེའི་རིགས་ཀྱི་ཁྱུང་སྔོན་པོ་གཡས་རྡོ་རྗེ་དང་། གཡོན་སྦྲུལ་སྔོན་པོ་བཟུང་ནས་ཟ་བ། ལྷོར་རིན་པོ་ཆེའི་རིགས་ཀྱི་ཁྱུང་སེར་པོ་གཡས་རིན་པོ་ཆེ་དང་། གཡོན་སྦྲུལ་སེར་པོ་བཟུང་ནས་ཟ་བ། ནུབ་ཏུ་འོད་དཔག་མེད་ཀྱི་རིགས་ཀྱི་ཁྱུང་དམར་པོ་གཡས་པདྨ་དང་། གཡོན་སྦྲུལ་དམར་པོ་བཟུང་ནས་ཟ་བ། བྱང་དུ་ལས་ཀྱི་རིགས་ཀྱི་ཁྱུང་ལྗང་ཁུ་གཡས་རལ་གྲི་དང་། གཡོན་སྦྲུལ་ལྗང་ཁུ་བཟུང་ནས་ཟ་བ། ཁྱུང་ཐམས་ཅད་ཀྱང་མཆུ་སྡེར་རྣོ་ཞིང་གཤོག་རྩལ་རབ་ཏུ་རྒྱས་པ། སྙིང་ཁར་པདྨ་དང་ཟླ་བའི་དབུས་སུ་ཨོཾ་དཀར་པོ། ཤར་དུ་པ་སྔོན་པོ། ལྷོར་ཀྵི་སེར་པོ། ནུབ་ཏུ་སྭཱ་དམར་པོ། བྱང་དུ་ཧཱ་ལྗང་ཁུ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཁྱུང་ཡེ་ཤེས་པ་སྤྱན་དྲངས།


DLL1006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་འགྱུར། ཨོཾ་ག་རུ་ཌ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྣམ་དག་སྐུ་ལྔའི་བདག་ཉིད་ཅན། །འགྲོ་བའི་དུག་ལྔ་རྩད་ནས་གཅོད། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རིགས་ལྔའི་ཁྱུང་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་དང་ཁ་དོག་སྣ་ཚོགས་འབར། །ཉོན་མོངས་དུག་ལྔ་འཇོམས་པའི་སྒྲ་ཆེན་སྒྲོག །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ལ། །ཡན་ལག་ལྔ་ཡིས་བཏུད་དེ་གུས་ཕྱག་འཚལ། །ཡེ་ཤེས་ཁྱུང་ལྔའི་མཆུ་སྡེར་འཇིགས་རུང་དང་། །ཡི་གེ་ལྔ་པོའི་འོད་ཟེར་འཇིགས་རུང་གིས། །འབྱུང་བ་ལྔ་ལས་གྱུར་པའི་གནོད་པ་དང་། །ཀླུ་རིགས་ལྔ་ཡི་དུག་རྣམས་ཞི་བར་མཛོད། །དེ་ནས་སྙིང་ཁའི་སྔགས་ལ་ཡིད་གཏད། ཨོཾ་པ་ཀྵི་སྭཱ་ཧཱ། ཞེས་བཟླས་པར་བྱའོ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཞལ་སྔ་ནས་ཀྱི་ཞལ་གདམས་ལགས་སོ།། །།མན་ངག་རྒྱ་མཚོའི་གླིང་ལ་དབང་སྒྱུར་བའི། །དེད་དཔོན་བླ་མའི་ཞབས་ལ་གུས་བཏུད་ནས། །གནས་སྐབས་མཐར་ཐུག་ཚེ་འདིའི་དགོས་འདོད་ཀུན། །དངོས་སམ་རྨི་ལམ་བརྟག་པའི་ཞལ་གདམས་བྲི། །ལྷ་མོ་ཤྲ་མ་ཎའི་སྒོ་ནས་རྨི་ལམ་བརྟག་པ་ལ་གཉིས་ལས། དང་པོ་ནི། འགལ་རྐྱེན་བསལ། མཐུན་རྐྱེན་བསྒྲུབས་ནས། ཡར་ངོའི་དུས་བཟང་པོ་ལ། གནས་དབེན་པར་གཙང་མ་བྱས་ནས། སའི་དཀྱིལ་འཁོར་གྲུ་བཞི་དྲི་བཟང་གིས་བྱུགས་པའི་སྟེང་དུ་བུམ་པ་བཅུད་དང་ཆུ་གཙང་གིས་བཀང་། བལ་དཀར་སོགས་ཀྱིས་མགུལ་པ་བརྒྱན་ཅིང་། ཤུག་རློན་སོགས་ལྗོན་ཤིང་གཙང་མས་ཁ་བརྒྱན། གོས་དར་སྔོན་པོའི་རིགས་ཀྱི་གུར་ཕུབ


DLL1006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། མཆོད་རྫས་གཙང་མས་བསྐོར། དཀོན་མཆོག་གི་རྟེན་ཅི་འབྱོར་བཤམས། རྣམ་རྟོག་གི་སྤྲོ་བསྡུ་བཅད་ཅིང་། ལུས་ངག་གི་མཚམས་དམ་པོ་བྱ། རབ་ཆོ་ག་མ་ཚར་བར་དུ་སྨྱུང་གནས་བྱ་ཞིང་། ཐམས་ཀྱང་ཕྱི་དྲོའི་ཁ་ཟས་དང་། ཤ་ཆང་སྒོག་གསུམ། ཁྱད་པར་ཟྭ་ཚོད་སྤང་། འགྲུལ་དང་གྲིབ་ཅན་གྱི་ཟས་དང་གྲིབ་ལ་འཛེམ། དཀོན་མཆོག་གི་དྲུང་དུ། དུས་གསུམ་ལ་སྟོབས་བཞིའི་བཤགས་པ་རྟག་ཏུ་བྱ་སྟེ། དེ་དག་ནི་གནད་ཆེའོ། །གཉིས་པ་སྒྲུབ་ཐབས་ནི། བསྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་། སྭ་བྷ་ཝས་སྟོང་པར་སྦྱང་། དེའི་ངང་ལས། བུམ་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་སྟེང་ཐམས་ཅད་བཻཌཱུརྱའི་ས་གཞིས་ཁྱབ་པ། ཁ་རྒྱན་དགོས་འདོད་འབྱུང་བའི་དཔག་བསམ་ཤིང་གི་སྡོང་པོ། ཡལ་ག །ལོ་མ། མེ་ཏོག །འབྲས་བུ་སྣ་ཚོགས་པས་བརྒྱན་པ། གུར་སྟེང་འོག་གི་ནམ་མཁའ་སྔོན་པོར་བསྒོམ། རི་རབ་ཀྱི་སྟེང་དུ་ལྷ་མོ་ཤྲ་མ་ཎ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་རྔ་ཡབ་བམ། མེ་ལོང་། གཡོན་པ་དཔག་བསམ་ཤིང་གི་ཡལ་ག་འཛིན་པ་ཞབས་གཉིས་བརྐྱངས་ནས་རི་རབ་ལ་བརྐྱངས་འདུག་གི་ཚུལ་དུ་བཞུགས་པ། དཔག་བསམ་གྱི་ཤིང་གི་སྡོང་པོ་ལ་རྒྱབ་བརྟེན་པ། རྐེད་པ་ཕྲ་བ། ནུ་མ་འབུར་བ། ཞལ་འཛུམ་པ་དང་བཅས་པས་རང་ལ་གཟིགས་པ། དར་སྣ་ཚོགས་པའི་སྟོད་གཡོགས་དང་སྨད་གཡོགས་ཅན། རཏྣ་དང་མེ་ཏོག་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཏེ་མཛེས་ཤིང་ཡིད་དུ་འོང་བ། དུས་གསུམ་གྱི་ཤེས་བྱ་


DLL1006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པར་མཁྱེན་པས་བདག་ལ་ལུང་ཐམས་ཅད་མངོན་སུམ་དུ་སྟོན་པར་བསྒོམ། དེ་ནས་དར་སྐུད་ལ་བརྒྱུས་པའི་མེ་ཏོག་གམ་ནས་གཙང་མ་འབྲུ་བདུན་ཐལ་མོ་སྦྱར་བའི་བར་དུ་བཟུངས་ནས། དད་གུས་རྩེ་གཅིག་པས། མཁྱེན་རབ་ཀྱི་དབང་ཕྱུག་ཤྲ་མ་ཎ་བདག་མིང་འདི་ཞེས་བྱ་བ་ཚེ་ཕྱི་མ་གང་དུ་སྐྱེ་བའི་གནས་དེ་མི་སླུ་བར་ད་ལྟ་ཉིད་དུ་བསྟན་དུ་གསོལ། ཞེས་པ་གསུམ་ནས་ཉེར་གཅིག་གི་བར་གསོལ་བ་བཏབ་ནས་ལྷ་མོའི་ཕྱག་ཏུ་ཕུལ་བར་བསམས་ཏེ། མགུལ་ཆིངས་ཀྱི་བར་དུ་གཏུམས། ཁ་རྒྱན་ལ་བཏགས་ནས་འདོད་དོན་གང་ཡིན་ཏེ་གསོལ་བ་གདབ་པའི་ཡིད་རྩེ་གཅིག་པས། ཨོཾ་ཤྲ་མ་ཎ་པི་ཤཱ་ཙི་ནི་བི་མུནདྷེ་སྭཱཧཱ། ཞེས་པ་བཟླས་ཏེ། འདི་ཁྲི་ཚོ་བཅུ་གཉིས་བསྙེན་པ་བྱས་ན། ས་འོག་གི་གཏེར་ཀྱང་དངོས་སུ་མཐོང་བར་འགྱུར་གསུང་ངོ་། །ཐུན་མཚམས་སུ་གོང་བཞིན་གསོལ་བ་བཏབ་ཅིང་མེ་ཏོག་གཏོར་རོ། །དེ་ནས་སྲོས་ཀྱི་དུས་སུ་ལྷག་པར་འབད་ཅིང་། མགོ་བོ་བྱང་། རྐང་པ་ལྷོ། ཁ་ནུབ། རྒྱབ་ཤར་དུ་བསྟན་ཏེ། མགོ་བོ་ལྷ་མོའི་པང་དུ་བཞག་པར་མོས་ཤིང་། སེམས་གཞན་དུ་མ་ཡེངས་པར་བརྟག་བྱ་འབའ་ཞིག་ཡིད་ལ་བྱེད། སྔགས་ཤུབ་བུས་བཟླས་ཤིང་། ཉལ་བ་མན་ངག་དམ་པའོ། །དེ་ཡང་ནུབ་གཅིག་ལས་མི་འོང་བར་གསུངས་པས། དང་པོ་གལ་ཆེ་བ་གཅིག་ཁོ་ན་ཡིད་ལ་བྱ་ཞིང་བརྟག །དེ་གྲུབ་ནས་གཞན་ལ་འདོན་པ་བསྒྱུར་ཞིང་བརྟག་གོ །འདིས་རང་གཞན་ཀུན་གྱི་སྐྱེ་བ་སྔ་ཕྱི། ཚེ་རིང་ཐུང་། དོན་བཟང་ངན། གང་ཕན་གང་གནོད་སོགས་བྱང་ཆུབ་


DLL1006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་བར་གྱི་མངོན་མཐོ་ངེས་ལེགས་སོགས་ཀུན་བརྟག་ཏུ་བཏུབ་བོ། །དེ་ཡང་། རབ་དངོས་སུ་ལུང་སྟོན་པའམ་ཉམས་སྣང་ལ་འཆར། འབྲིང་ནམ་མཁའ་ལ་སྒྲ་གྲག་པ་འོང་། ཐ་མ་རྨི་ལམ་དུ་སྟོན་པའོ། །དེ་ཡང་དྲི་བ་དྲི་ལན་གྱི་ཚུལ་དུ་དང་། བརྡ་བྱེད་པ་སོགས་ཀྱི་མི་གསལ་བ་འབྱུང་སྟེ། དཔྱད་དཀའ་བ་རྣམས་དཔྱོད་ཤེས་པར་བྱའོ། །ཡང་ན་མི་གསལ་བ་ཐམས་ཅད་དོར་ནས། ཡང་ཡང་བསྐྱར་ན་ཕྱིས་གསལ་པོ་ཡོང་ངོ་། །རྨི་ལམ་མན་ངག་གི་སྟོབས་ཀྱི་བཟང་ངན་གཉིས་སུ་རེ་ཞིག་ངེས་ཀྱང་། དགེ་སྡིག་གི་སྟོབས་ཀྱིས་འགྱུར་འོང་བས། བཟང་པོ་བྱུང་ན་དེ་ལས་ཀྱང་བཟང་བ་དང་། ངན་པ་ཟློག་པའི་ཐབས་བསྟན་དུ་གསོལ་བྱས་ལ་དེ་བྱུང་བ་དང་། ཐབས་དེ་ལ་འབད་པར་བྱའོ། །དེ་ལྟར་བསྒྲུབས་ན། རབ་ཞག་གསུམ། འབྲིང་ལྔ། ཐ་མ་བདུན་ལ་འགྲུབ་བོ། །དེས་མ་གྲུབ། གྲིབ་དང་སྡིག་ཤས་ཆེ་བའི་རྟགས་ཡིན་པས་གྲིབ་ལ་འཛེམ་ཞིང་མཚམས་བསྡམས། སྡིག་བཤགས་ལ་ནུས་པ་འདོན། ལན་གསུམ་བསྐྱར་ན་མི་འགྲུབ་མི་སྲིད་གསུང་ངོ་། །བྱུང་ཚད་མི་ལ་བཤད་ནས་མི་གསལ་བས། གསང་བ་གལ་ཆེའི། །སྒྲོལ་མའི་སྤྲུལ་པ་ཤྲ་མ་ཎའི་གདམས་པ་འདི་འདྲ་བ་མེད་པར་བླ་མའི་གསུང་བཞིན་མྱོང་བས་གྲུབ་བོ།། །།ཧཱུཾ། ཕྱོགས་བཅུའི་རྒྱལ་བའི་ཀུན་གྱི་སྐུ་གསུང་ཐུགས། །སྙིགས་དུས་མ་རུངས་གདུག་པ་འདུལ་བའི་ཕྱིར། །གང་ལ་གང་འདུད་ཁྲོ་བོའི་སྐུར་སྟོན་པ། །སངས་རྒྱས་ཀུན་གྱི་ངོ་བོར་མངའ་གསོལ་ལོ། །རང་


DLL1006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་དག་སྒྲིབ་གཉིས་འཆིང་ལས་གྲོལ། །མཁའ་ལྟར་ཀུན་ཁྱབ་སྨྲ་བསམ་བརྗོད་ལས་འདས། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་མ་ལུས་པའི། །འབྱུང་གནས་མྱུར་མཛད་མགོན་པོར་མངའ་གསོལ་ལོ། །རབ་འབྱམས་ཞིང་གི་རྒྱལ་བ་ཀུན་གྱི་ཡབ། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་གྱི་གཙོ། །ཉན་ཐོས་རང་རྒྱལ་འཕགས་ཚོགས་ཀུན་གྱི་རྗེ། །ཚོགས་མཆོག་ཞིང་གི་དམ་པར་མངའ་གསོལ་ལོ། །གདུག་པ་འདུལ་ཕྱིར་ཁྲོས་པའི་གར་མཛད་ཀྱང་། །དངོས་གྲུབ་རྣམ་གཉིས་འདོད་དགུའི་ཆར་འབེབས་ཤིང་། །རྩ་རྒྱུད་བླ་མ་ཀུན་དང་དབྱེར་མེད་པའི། །བླ་མ་མགོན་པོ་དབྱེར་མེད་མངའ་གསོལ་ལོ། །དངོས་གྲུབ་རྩ་བ་བླ་མ་མཆོག་རྣམས་དང་། །དབྱེར་མེད་ཆོས་སྐུའི་ངོ་བོར་རོ་གཅིག་ཀྱང་། །དྲེགས་པའི་སྟོབས་ཀྱིས་དགྲ་བགེགས་ཚར་གཅོད་ཕྱིར། །མགོན་པོ་བླ་མ་དབྱེར་མེད་མངའ་གསོལ་ལོ། །མ་ལུས་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ། །ཁྱོད་ནི་རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་དང་། །རིག་འཛིན་སྒྲུབ་རྒྱུད་རྣམས་ཀྱི་སྲུང་མ་དང་། །བདུད་འདུལ་དམག་དཔོན་ཆེན་པོར་མངའ་གསོལ་ལོ། །མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །དྲན་པ་ཙམ་གྱིས་མི་མཐུན་མཐའ་དག་སེལ། །བར་དོའི་འཇིགས་སྐྱོབས་མཁའ་སྤྱོད་གནས་སུ་འཁྲིད། །སླུ་མེད་སྐྱབས་ཀྱི་དམ་པར་མངའ་གསོལ་ལོ། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོང་བ་དང་། །ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བསྟན་དང་བསྟན་འཛིན་དགོན་གནས་ཐམས་ཅད་དང་། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་རྣམས། །མཐུ་ལྡན་སྲུང་མ་ཁྱོད་ལ་གཉེར་དུ་


DLL1006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། །དང་ནས་བཟུངས་ཏེ་བྱང་ཆུབ་སྙིང་པོའི་བར། །ཕྱི་ནང་འགལ་རྐྱེན་ཐམས་ཅད་ཁྱོད་ཀྱིས་གསོལ། །མ་རུངས་དགྲ་བགེགས་ཐམས་ཅད་ཁྱོད་ཀྱིས་ཐུལ། །མདོར་ན་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་སོགས། །མཐུན་རྐྱེན་བསམ་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །བསྟན་པ་བསྲུང་ཕྱིར་མངའ་གསོལ་ལོ། །དགྲ་བགེགས་སྒྲོལ་ཕྱིར་མངའ་གསོལ་ལོ། །དངོས་གྲུབ་སྩོལ་ཕྱིར་མངའ་གསོལ་ལོ། །མངའ་གསོལ་དོན་དང་ལྡན་པར་མཛད། །འདི་ཡང་རྗེ་ཐམས་ཅད་མཁྱེན་པའི་གསུང་ངོ་། །དགེའོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །ཧཱུཾ་ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ། །ཁ་ནས་ཁྲག་འཛག་མི་མགོའི་འཕྲེང་བ་ཡི། །ག་ཤ་རབ་འཕྱང་མི་བཟད་བདུད་དཔུང་གི །ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད། །ཅ་ཅོ་ཆེ་ལྡན་རྡོ་རྗེའི་གླུ་དབྱངས་དང་། །ཆ་ཤས་ཡོངས་སུ་རྫོགས་པའི་གཏོར་མ་ནི། །ཇ་ཆང་ཕུད་དང་དགྲ་བགེགས་བསྒྲལ་བའི་ཤ །ཉ་ཤ་ཁྲག་ཞག་རྒྱ་མཚོས་བརྒྱན་པ་འབུལ། །ཏ་ཐཱ་ག་ཏའི་བསྟན་ལ་གནོད་བྱེད་པའི། །ཐ་དགྲ་བགེགས་རྡུལ་དུ་རློག་པ་དང་། །ད་ནས་བཟུངས་ཏེ་རྣལ་འབྱོར་བདག་ཅག་གི །ན་རྒ་འཆི་བའི་འཇིགས་པ་འཇོམས་ལ་བསྟོད། །པ་ཝ་སངས་ལྟར་རབ་དཀར་མཆེ་བ་གཙིགས། །ཕ་རོལ་འཇོམས་པའི་སྤྱན་རྩ་གློག་ལྟར་འཁྱུག །བ་སྤུ་དུས་མཐའི་མེ་ཆེན་འབར་བ་ཡིས། །མ་ལུས་བགེགས་དཔུང་སྲེག་པ་


DLL1006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བསྟོད། །ཙ་མུཎྜི་སོགས་མ་མོ་ཀུན་གྱི་བདག །ཚ་ཟེར་རབ་ཏུ་རྒྱས་པའི་གཟི་བརྗིད་ཅན། །ཛ་ཞེས་འཕྲིན་ལས་སྒྲུབ་ལ་བོས་པའི་ཚེ། །ཝ་སྐྱེས་ལྟ་བུའི་བགེགས་འཇོམས་ཁྱོད་ལ་བསྟོད། །ཞྭ་ལྟར་འབྱུང་པོ་ཀུན་གྱི་སྤྱི་བོས་བསྟེན། །ཟ་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་། ། འུར next hit་དར་དིར་སྒྲོགས་པས་ས་ཆེན་གཡོ། །ཡ་ལས་སྐྱེས་པའི་ཐོད་དབྱུག་འཛིན་ལ་བསྟོད། །རྭ་དང་རྨིག་པ་རྣོ་བའི་མ་ཧེ་དང་། །ལ་ལ་རླུང་ནག་ཚུབ་མ་ཞོན་པའི་འཁོར། །ཤ་ཀ་ལི་དང་གཤིན་རྗེ་འབེབས་མ་སོགས། །ས་གསུམ་འབྱུང་པོའི་འཁོར་གྱིས་བསྐོར་ལ་བསྟོད། །ཧ་ཧ་དྲག་ཏུ་བཤད་པའི་དཔལ་ཡོན་ཅན། །ཨརྒྷཾ་ལ་སོགས་མཆོད་པ་བཞེས་ནས་ཀྱང་། །དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་སྤྱན་སྔ་རུ། །ཞལ་བཞེས་དམ་བཅའ་གཡེལ་བ་མེད་པར་མཛོད། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་འདི་ནི། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་རི་ཁྲོད་ཀྱི་གཙུག་ལག་ཁང་དུ་སྦྱར་བའོ།། །།འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བྷྱཽཿམ་སྐྱེས་མི་འགག་ཆོས་དབྱིངས་ཀློང་ཡངས་ནས། །མཧཱ་ཀཱ་ལི་སྲིན་མོ་ཁྲོས་པའི་སྐུ ། །མ་རུངས་འདུལ་ཕྱིར་རྩེ་གསུམ་ཐོད་ཁྲག་འཛིན། །མ་མོ་ཆེན་མོ་ཙ་མུཎྜི་ལ་བསྟོད། །མ་ཧེའི་གདོང་ཅན་གཤིན་རྗེའི་དགའ་མ་ཁྱོད། །མ་རུངས་དགྲ་ལ་ཁ་གདངས་མཆེ་བ་གཙིགས། །མ་ལུས་བདུད་ཀྱི་སྲོག་གཅོད་ཤན་པ་མོ། །མ་ཡེངས་བསྟན་པའི་སྲུང་མ་ཁྱོད་ལ་བསྟོད། །མ་གཅིག་འདོད་པའི་ཁམས་


DLL1006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྒྱུར་མ། །མ་མོ་མཁའ་འགྲོ་སྡེ་བརྒྱད་འཁོར་དང་བཅས། །མ་མོའི་དལ་ཡམས་ལ་སོགས་ཆོ་འཕྲུལ་གྱིས། །མ་དུལ་གདུལ་དཀའ་འཇོམས་པ་ཁྱོད་ལ་བསྟོད། །མ་བཅོས་རང་བཞིན་དག་པའི་ཆོས་ཀྱི་དབྱིངས། །མ་རྟོགས་བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་། །མ་ཆེན་ཁྱོད་ཀྱི་མིང་ནས་བོས་པའི་ཚེ། །མ་གཡེལ་མྱུར་དུ་བྱོན་ལ་མཐུ་རྩལ་བསྐྱེད། །མ་རུངས་རྣམས་ལ་རབ་ཏུ་ཁྲོས་གྱུར་ཀྱང་། །མ་ལྟར་བརྩེ་བས་བསྟན་འཛིན་སྐྱོང་བ་ཁྱོད། །མ་སྲིང་ཆུང་མ་བྲན་མོའི་ཚུལ་བཟུང་ནས། །མ་བསྐུལ་བར་ཡང་མཐུན་པའི་ལས་ཀུན་སྒྲུབས། །མ་ནོར་ལམ་མཆོག་སྟོན་པའི་བླ་མ་དང་། །མ་རིག་མུན་སེལ་རྒྱལ་བའི་བསྟན་པ་ལ། །མ་དད་ལོག་པར་སྒྲུབ་པའི་གདོན་དང་བགེགས། །མ་བསྒྲལ་བ་རྣམས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མ་ལུས་འགྲོ་བའི་དོན་ད་རྣལ་འབྱོར་ངས། །མཉྫུ་གྷོ་ཥའི་གོ་འཕང་དམ་པ་དེ། །མ་ཐོབ་དེ་སྲིད་ནག་མོ་ཆེན་མོ་ཁྱོད། །མ་གཡེལ་མ་གཡེལ་འཕྲིན་ལས་ཚུལ་བཞིན་སྒྲུབས། །མ་མོ་ཆེན་མོ་བསྟོད་ཅིང་བསྐུལ་བས་བདག །མ་རིག་འཁྲུལ་པས་བསྐྱེད་པའི་འཁོར་བ་འདི། །མ་སྟོངས་བར་དུ་བསྟན་པ་འཛིན་པ་ལ། །མ་ཧཱ་ཀཱ་ལིས་རྟག་ཏུ་གྲོགས་བྱེད་ཤོག །མ་མོ་ཆེན་མོ་ཙཱ་མཎྜི་ལ་བསྟོད་པ་འདི་ནི། དགེ་སློང་རྡོ་རྗེ་འཛིན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །། ༣༨༽ དམ་ཅན་ཆོས་རྒྱལ་གྱི་ཟློག་པ་རྒྱས་པ། ཧཱུཾ། ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །དགྲ་བོའི་སྲོག་ལེན་གཤིན་རྗེ་ནི། །ཡ་བ་ཏི་དང་ཕྱ་སངས་དང་། །


DLL1006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྨིག་པ་རལ་པ་ཚར་དགུ་ཅན། །མིག་དམར་ཏེལ་པ་གླང་མགོ་ཅན། །འཇིགས་པའི་མཚོན་ཆ་ཐོགས་པ་དང་། །ནད་བདག་མ་མོ་ཕོ་ཉ་མོ། །ཞགས་པ་མ་དང་དམ་སྲི་མ། །གཤིན་རྗེ་སྲེག་མ་དུས་མཚན་མ། །བསོད་མ་ནག་མོ་ནམ་གྲུ་སོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པ་དང་། །དམ་ཉམས་སྡིག་ཅན་དགྲ་བགེགས་འདིས། །བླ་མ་དམ་པའི་སྐུ་ལ་བསྡོས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །སངས་རྒྱས་བསྟན་པའི་སྤྱི་དགྲ་བྱས། །འཕགས་པའི་དགེ་འདུན་སོ་སོར་ཕྱེ། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །སྲུང་མ་ཁྱོད་ལ་སྡོ་ཕོད་བཙུགས། །རྣལ་འབྱོར་བདག་ལ་གནོད་བྱས་པས། །ལས་ཀྱི་གཤིན་རྗེ་དགྲ་ལ་བྷྱོཿ །ལྕགས་ཀྱུ་རྣོན་པོས་དགྲ་བགེགས་ཁུག །བདུད་ཀྱི་ཞགས་པས་དགྲ་བགེགས་ཆིངས། །བདུད་ཀྱི་བེ་ཅོན་དགྲ་ལ་ཕྱོར། །མཆེ་བ་འབར་བས་དགྲ་ལ་ཕུག །ནད་ཀྱི་རྐྱལ་པ་དགྲ་ལ་བྱོ། །མཚོན་གྱི་དྲུ་གུ་དགྲ་ལ་རྐྱོངས། །བདུད་ཀྱི་ཁྲམ་ཤིང་དགྲ་ལ་ཐོབས། །ཤོ་རྡེ་ནག་པོ་དགྲ་ལ་ཁྱེ། །རིམས་ནད་དྲག་པོ་དགྲ་ལ་ཐོངས། །གློ་བུར་ཡེ་འབྲོག་དགྲ་ལ་ཐོངས། །དུས་ཀྱི་འཁྲུག་པ་དགྲ་ལ་ཐོངས། །ཐོག་དང་སེར་བ་དགྲ་ལ་ཐོངས། །ལྟས་ངན་ཐམས་ཅད་དགྲ་ལ་ཐོངས། །དམུ་གབ་དགྲ་དང་བགེགས་ལ་ཐོངས། །དལ་ཡམས་དགྲ་དང་བགེགས་ལ་ཐོངས། །གཟེར་ཐབས་དགྲ་དང་བགེགས་ལ་ཐོངས། །མཛེ་ནད་དགྲ་དང་བགེགས་ལ་ཐོངས། །སྨྱོ་འབོག་དགྲ་དང་བགེགས་ལ་ཐོངས། །བདུད་ཀྱི་དམག་ཚོགས་དགྲ་ལ་དྲོངས། །ལས་ཀྱི་གཤིན་རྗེས་དམག་སྣ་དྲོངས། །དམག་དཔུང་བསྐྱེད་ལ་རུ་


DLL1006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཕྱོར། །བསྟན་དགྲ་དམ་ཉམས་སྡིག་ཅན་རྣམས། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་བསུས། །ལོ་དང་ཟླ་བར་མ་བཞག་པར། །ཁ་ནས་ཁྲག་དྲོན་སྐྱུར་ཏུ་ཆུག །ཁོང་པའི་ནང་ནས་སྙིང་ཕྱུངས་ཤིག །དཔྲལ་བའི་དབྱིངས་ནས་མིག་ཕྱུངས་ཤིག །ལྟག་པའི་ཕྱོགས་ནས་བདུད་ཆོད་ཅིག །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་རྟེན་ཕུར་ཐོན་ལ་ཤོག །དགྲ་རྒྱུད་རྩད་ནས་ཆོད་ལ་ཤོག །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །དགྲ་བོའི་ཤ་ཟོ་ཞག་ལ་འཐུངས། །དགྲ་བོའི་ཡུལ་ཁམས་བརླག་པར་གྱིས། །བཀའ་དང་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །དམ་ཅན་ཡབ་ཡུམ་འཁོར་བཅས་ལ། །མཆོད་ཅིང་གཏོར་མ་འདི་ཕུལ་བས། །རྣལའབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །གཞན་གྱི་བསམ་ངན་སྦྱོར་རྩུབ་ཟློག །དྲི་ཟའི་གདོན་རྣམས་གཏོར་མས་ཟློག །ཕོ་ཕྱྭ་ངན་པ་གཏོར་མས་ཟློག །མུ་སྟེགས་ངན་སྔགས་གཏོར་མས་ཟློག །བན་བོན་ཕུན་ཁ་གཏོར་མས་ཟློག །ཆོས་ཀྱི་ཆོས་ཟོར་གཏོར་མས་ཟློག །བོན་གྱི་བོན་ཟོར་གཏོར་མས་ཟློག །སྔགས་པའི་སྔགས་ཟོར་གཏོར་མས་ཟློག །ཞང་ཞུང་བཙོ་ཟོར་གཏོར་མས་ཟློག །རྒྱལ་པོའི་ཐོག་བརྫིས་གཏོར་མས་ཟློག །མ་མོའི་དལ་ཡམས་གཏོར་མས་ཟློག །འབྱུང་པོའི་རིམས་ནད་གཏོར་མས་ཟློག །ཡས་ཀྱི་བདུད་གཡོས་གཏོར་མས་ཟློག །མས་ཀྱི་སྲི་ལངས་གཏོར་མས་ཟློག །འབངས་


DLL1006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་ངན་གཏོར་མས་ཟློག །ཉེ་བའི་བྱོལ་ཁ་གཏོར་མས་ཟློག །ཕ་ཚན་རྒྱ་འདྲེ་གཏོར་མས་ཟློག །མ་བུའི་བྱེར་འདྲེ་གཏོར་མས་ཟློག །བྱིས་པའི་ཆུང་སྲི་གཏོར་མས་ཟློག །ཚེ་ཟོར་ཉུངས་ཟོར་འཕེན་པ་ཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་ཟློག །གཤིན་རྗེའི་འཁོར་ལོ་སྐོར་བ་ཟློག །བདུད་ཀྱི་ཁྲམ་ཁ་སྟོན་པ་ཟློག །མ་མོའི་ཁྲག་ཟོར་འཕེན་པ་ཟློག །ཀླུ་ཡིས་བྱད་དུ་བཅུག་པ་ཟློག །ཐེ་རང་ཚེ་ལ་རྐུ་བ་ཟློག །མུ་སྟེགས་བར་ཆད་བྱེད་པ་ཟློག །རྨི་ལྟས་མཚན་ལྟས་ངན་པ་ཟློག །ལོ་སྐེག་ཟླ་སྐེག་ཞག་སྐེག་ཟློག །འཆི་ལྟས་བདུད་ཆགས་ཡོད་པ་ཟློག །བདུད་ཀྱི་ཤེད་བཞི་ཡོད་པ་ཟློག །དྲག་པོའི་ཕོ་ཉ་འགྱེད་པ་ཟློག །ཕོ་བདུད་མོ་བདུད་སྤྱི་བདུད་ཟློག །སྐྱེས་པའི་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཆོ་འཕྲུལ་ངན་པ་ཐམས་ཅད་ཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིམས་བཞི་བརྒྱ་རྩ་བཞི་ཟློག །ཆོ་འཕྲུལ་ངན་པ་ཐམས་ཅད་ཟློག །མདོར་ན་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་གཏོར་མས་ཟློག །མཐུན་རྐྱེན་ཆོས་བཞིན་འགྲུབ་པ་དང་། །བསྟན་པ་དར་ཞིང་རྒྱས་པར་མཛོད། །ཅེས་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ལ་བསྟོད་པ་བསྐུལ་ཟློག་དང་བཅས་པ་འདི་ནི། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་བཀྲ་ཤིས་ལྷུན་པོར་ལེགས་པར་སྦྱར་བའོ།། །།ཧཱུཾ། ཆོས་ཉིད་ངང་ལས་མདུན་གྱི་ནམ་མཁའ་རུ། །


DLL1006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཆུ་སྐྱེས་ནམ་མཁའི་ནོར་བུ་དང་། །མ་ཧེ་དམར་པོ་འགྱིངས་པའི་གདན་སྟེང་དུ། །ཡཾ་གྱིས་མཚན་པའི་ཡིད་བཞིན་ནོར་བུ་ལས། །འོད་འཕྲོས་སེམས་ཅན་ཀུན་གྱི་དབུལ་ཕོངས་གསལ། །ཚུར་འདུས་དེ་ཉིད་ཡོངས་སུ་གྱུར་པ་ལས། །རབ་བརྗིད་པདྨ་རཱ་གའི་རི་བོ་ལ། །ཉི་མ་བྱེ་བའི་འོད་ཀྱིས་བྱུགས་འདྲ་བའི། །ཆོས་རྒྱལ་སྐུ་མདོག་དམར་པོ་བརྗིད་པའི་སྐུ། །མ་ཧེའི་གདོང་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས། །དགོས་འདོད་མཆོག་སྩོལ་ཡིད་བཞིན་ནོར་བུ་དང་། །འཆི་མེད་བདུད་རྩིས་གང་བའི་ཐོད་པ་འཛིན། །མཆེ་བ་རབ་དཀར་སྤྱན་གསུམ་དམར་ལ་ཟླུམ། །སྐྲ་སེར་རྡོ་རྗེ་ནག་པོས་སྤྱི་བོར་བརྒྱན། །འཇིགས་རུང་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །ཁྲག་འཛག་བརྒྱ་ཕྱེད་འཕྲེང་བའི་ག་ཤལ་ཅན། །རིན་ཆེན་རྒྱན་དང་རུས་པའི་རྒྱན་གྱིས་སྤྲས། །ཐུགས་ཀར་ཡཾ་གྱིས་མཚན་པའི་ནོར་བུ་ལས། །ལྕགས་ཀྱུ་ལྕགས་སྒྲོག་ཞགས་པ་ལྟ་བུ་ཡི། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པ་ལས། །འཇིག་རྟེན་ཀུན་གྱི་ཕུན་ཚོགས་ལོངས་སྤྱོད་རྣམས། །ཐོགས་པ་མེད་པའི་ཚུལ་གྱིས་བཀུག་ནས་ཀྱང་། །རླབས་ཆེན་ཟད་པ་མེད་པའི་ལོངས་སྤྱོད་ཀྱིས། །སྒྲུབ་པ་པོ་ཡི་བསམ་པ་ཚིམ་མཛད་ཅིང་། །ཕོངས་པའི་སྡུག་བསྔལ་མཐའ་དག་ཞི་བ་དང་། །སྙན་པའི་གྲགས་པས་ཕྱོགས་བཅུར་ཁྱབ་པ་དང་། །མ་ལུས་དབང་དུ་སྡུད་པའི་ལས་མཛད་པའི། །དམ་ཅན་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་འདུད། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁྱོད་ཀྱིས་ཞལ་བཞེས་དམ་


DLL1006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཞིན། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །ལོངས་སྤྱོད་ཐམས་ཅད་ངང་གིས་འདུ་བར་མཛོད། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །དཔལ་མགོན་དམ་ཅན་ཁྱོད་དང་མི་འབྲལ་ཞིང་། །ཕྱི་ནང་འགལ་རྐྱེན་ཀུན་གྱིས་གཡོ་མེད་པར། །མཐུན་རྐྱེན་ཐམས་ཅད་ཆོས་བཞིན་འགྲུབ་པར་མཛོད། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་རྡུལ། །འབྲལ་མེད་སྤྱི་བོས་ནོད་པའི་བཀའ་དྲིན་གྱིས། །རྒྱལ་བའི་ཆོས་ཚུལ་མ་ལུས་འཛིན་པར་ཤོག །ཅེས་ཆོས་རྒྱལ་གསང་སྒྲུབ་ལ་བསྟོད་ཅིང་གསོལ་བ་འདེབས་པ་འདི་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་སྦྱར་བའོ།། །།བླ་མ་དང་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདིར་དཔལ་ལྡན་རེ་མ་ཏི་ལ་མཆོད་གཏོར་འབུལ་བར་འདོད་པའི་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་རས་བྲིས་ལ་སོགས་པའི་རྟེན་གྱི་དྲུང་མདུན་དུ། ནལ་བུའི་ཐོད་པར་འབྲུ་སྣ་ཚོགས་དང་སྦྱར་བའི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས། བདུད་རྩི་དང་། རཀྟ་དང་། གཡབ་དར་ལ་སོགས་པའི་དམ་རྫས་ཚང་བར་བྱས་ལ། གཏོར་མ་བདུད་རྩི་ལྔས་སྦགས། ཆུ་ཆང་གིས་སྦྱངས་ཏེ། ཡི་དམ་གྱི་ལྷའི་ང་རྒྱལ་བརྟན་པོས་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས། ལག་པ་གཡོན་པ་བསྟན་ཏེ། ཨོཾ་ཞེས་བརྗོད་པས་གཏོར་མ་ལ་དམིགས་ཏེ་སྟོང་པར་བསམ། ལག་པ་གཡས་པ་བསྟན་ཏེ། ཨཱཿཞེས་བརྗོད་པས། སྟོང་པའི་ངང་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བར་བསམ།


DLL1006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཉིས་པ་བསྟན་ཏེ། ཧཱུཾ་ཞེས་བརྗོད་པས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་རི་རབ་དང་རྒྱ་མཚོ་ཙམ་བསམ། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཧོ་ཞེས་བརྗོད་པས་འདོད་དགུ་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་མོ། །དེ་ནས་མདུན་ན་རྟེན་ཡོད་ན་བསངས། མེད་ན་སྐད་ཅིག་གིས་རང་གི་མདུན་དུ། སྟོང་པའི་ངང་ལས་རླུང་ནག་འཚུབ་མའི་གུར་ནང་། མེ་རི་རབ་ཏུ་འབར་བའི་ཁྲོད། ཁྲག་ཞག་འཁྲུག་པའི་ཀློང་དཀྱིལ་དུ། བྷྱཽཿརཀྨོ་བྷྱཽཿརཀྨོ་བྷྱཽཿབྷྱཽཿརཀྨོ་ཐུན་བྷྱཽཿ ཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱཽཿརུ་ལུ་རུ་ལུ་ཧཱུཾ་བྷྱཽཿཞེས་བརྗོད་པ་དང་། ཀྵ་ཡིག་ཡོངས་སུ་གྱུར་པ་ལས། དཔལ་ལྡན་ལྷ་མོ་རེ་མ་ཏི་དྲེ་རྟ་ལ་ཞོན་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཞལ་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་། སྨིན་མའི་དབུས་སུ་ཁྲོ་གཉེར་རབ་ཏུ་གཡོ་བ་དང་བཅས་པ། དབུ་སྐྲ་ཁམ་པ་གྱེན་དུ་གཡེངས་པ་ལས། མེ་སྟག་དང་མེ་ལྕེ་དུ་མ་འཕྲོ་བ། ཕྱག་གཡས་རྡོ་རྗེས་མཚན་པའི་ཙནྡན་གྱི་བེ་ཅོན་ནམ་མཁའ་ལ་འཕྱར་བ། གཡོན་པ་ནལ་ཐོད་ཉུངས་ཀར་དང་། ཁྲག་གིས་གང་བ་ཐུགས་ཀར་འཛིན་པ་མི་མགོ་སྐམ་པོ་ལྔ་ཡིས་དབུ་བརྒྱན་ཅིང་། རྒྱུ་རློན་ལ་བརྒྱུས་པའི་མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞིང་ཆེན་གྱི་གཡང་གཞི་དང་། རེ་ལྡེས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། དར་ནག་གི་གོས་ཀྱིས་ལྷུབ་ལྷུབ་ཏུ་གཡོགས་ཤིང་། སྐུ་ལ་ཁྲག་གི་ཐིག་ལེ་དང་།


DLL1006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གི་སོར་རིས་དང་། ཐལ་ཆེན་གྱི་ཚོམ་བུ་སོགས་ཀྱིས་བརྒྱན་ཅིང་། རྨ་བྱའི་གདུགས་འོག་ཏུ་ཚུད་པ། སྒའི་སྔ་རུ་ལ་ནད་ཀྱི་རྐྱལ་པ་དང་། ཕྱི་ཤ་ལ་མཚོན་གྱི་དྲུ་གུ་བཏགས་པ། བདུད་ཀྱི་ཁྲམ་ཤིང་རྐེད་ལ་གཟེར་བ། བྱང་དམར་དང་ཤོ་རྡེ་སྔ་ཤ་ལ་འཕྱང་བ། འཁོར་བདུད་ཕྲུག་གི་ཚོགས། ཡུངས་ཁྲག་དང་མཚོན་ཆ་སྣ་ཚོགས་འཛིན་པ། མིག་རྩ་དམར་ཞིང་རབ་ཏུ་རྔམས་པའི་ཆ་ལུགས་ཅན་དཔག་ཏུ་མེད་པས་བསྐོར་བར་བསམ། དེ་ལྟ་བུའི་དམ་ཚིག་པ་བསྐྱེད་པའི་ཐུགས་ཀར་ཀྵ་ཡིག་མཐིང་ནག་བསྒོམ་ཞིང་། དེ་དང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། བྱང་ཤར་མུ་ལེ་དིང་ནས་དཔལ་ལྡན་ལྷ་མོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། ཚིལ་ཆེན་དང་། གུ་གུལ་དང་། ཅོང་ཞི་རྣམས་བསྲེགས་པའི་བདུག་སྤོས་ཡོད་ན་བསྲེག །གཡབ་དར་དང་མ་མོ་སྤྱིའི་དམ་རྒྱ། མགོ་ཐོད་ཀྱི་ཕྱག་རྒྱ་བཅས་ལ་མཛུབ་མོ་གཉིས་གཡབ་ཅིང་། བྷྱཽཿ ཆོས་འཁོར་ཡོངས་ཀྱི་སྲུང་མ་རེ་མ་ཏི། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་དམ་བཅས་བཞིན། །བསྟན་པ་སྲུང་དང་སྒྲུབ་ལ་ཕན་གདགས་ཕྱིར། །བྱང་ཤར་མཚམས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །རཀྨོ་སོགས་ཀྱི་རྗེས་ལ། ཊཀྐི་ཛཿཧཱུཾ། ཞེས་པ་ལན་གསུམ་གྱིས་སྤྱན་དྲངས་ནས། མདུན་གྱི་དམ་ཚིག་པ་ལ་བསྟིམས། བྷྱཽཿནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོའི་གཙོ་མོ་དྲེ་རྟ་ཆིབས། །འདིར་བྱོན་དྲེ་རྟའི་གདན་ལ་བཞུགས། །རཀྨོ་ཞེས་སོགས་ཀྱི་རྗེས་ལ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས་བཞུགས་སུ་གསོལ། དེ་ནས་རང་ཡི་དམ་


DLL1006_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ང་རྒྱལ་གྱིས། བྷྱཽཿ ཟ་བྱེད་ནག་མོ་མཆེ་བ་ཅན། །རྒོད་བྱེད་ཧ་ཧ་ནག་མོ་ཁྱོད། །གསོད་ལ་དགའ་བར་བྱེད་པ་མོ། །བདག་ནི་བརྡ་ཡི་ཕྱག་བགྱིད་དོ། །རཀྨོ་སོགས་ཀྱི་རྗེས་ལ། ཨ་ཏི་པུ་ཧོ་ཞེས་བརྗོད་ཅིང་། ཐལ་མོ་སྦྱར་ལ་ལྷ་མོ་ལ་འདུད་པའི་ཚུལ་གྱིས་ཕྱག་བྱས་ལ། ལྷ་མོས་བདག་ལ་ཕྱག་གུས་པས་འཚལ་བར་བསམས་ལ། པྲ་ཏཱིཙྪ་ཧོ། ཞེས་བརྗོད། དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་དཀར་པོ། རྣ་བ་གཉིས་སུ་ཛྲིཾ་སྔོན་པོ། སྣར་ཁཾ་སེར་པོ། ལྕེ་ལ་རཾ་དམར་པོ། དཔྲལ་བར་ཀཾ་ལྗང་ཁུ། ལྟེ་བར་སཾ་དཀར་པོ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་བཀོད་དེ། དེ་དག་བྱང་ཆུབ་སེམས་པ་སའི་སྙིང་པོ་ལ་སོགས་པ་དྲུག་དང་། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བསམས་ཏེ་བྱིན་གྱིས་བརླབས། ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས་ནས་དབང་བསྐུར་བར་བསམ་ཞིང་། ཨོཾ་བཛྲ་ཨ་བྷི་ཥིཉྫ་ཧཱུཾ་ཞེས་བརྗོད་ཅིང་དབང་བསྐུར་བས། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་གཤིན་རྗེའི་གཤེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་བདུད་རྩི་གཏོར་ཞིང་། ཕྲ་མོ་སྦོམ་པོ་ལས་བྱུང་བི། བདུད་རྩིས་བྲན་པའི་ཛ་གད་འདི། །དམག་ཟོར་ལྷ་མོ་ལ་འབུལ་གྱིས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རཀྨོ་ཞེས་སོགས་ཀྱི་རྗེས་ལ། མཧཱ་པཉྩ་ཨམྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡང་རཀྟ་དབུལ་ཞིང་། ཆུ་དང་མ་འདྲེས་དྭངས་མའི་ཁྲག །དྭངས་མ་ཡི་ནི་ཁྲག་ཆེན་པོ། །དམག་ཟོར་ལྷ་མོ་ལ་འབུལ་གྱིས། །


DLL1006_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རཀྨོ་སོགས་ཀྱི་རྗེས་སུ། མཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བརྗོད། དེ་ནས་འཁུ་ལྡོག་མི་ཡོང་བའི་ཕྱིར་བྱང་སེམས་དཀར་དམར་རང་དང་ལྷ་མོ་གཉིས་ཀའི་ལྕེ་ལ་བཞག་པར་བསམ་ཞིང་། དངོས་ཀྱི་ནང་མཆོད་འཐོར་ཞིང་རང་གི་མྱང་བ་ནི་དམ་ཚིག་སྲེ་བའོ། །དེ་ནས་ལྷ་མོ་འཁོར་བཅས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་ལ་ཟུག་པར་བསམ་ཞིང་། རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་ལ། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། །དཔལ་ལྡན་དམག་ཟོར་ལྷ་མོ་ལ་འབུལ་གྱིས། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་ཞེས་སུ་གསོལ། །རཀྨོ་སོགས་ཀྱི་རྗེས་ལ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་ལྔའམ་བདུན་གྱིས་འབུལ། དེ་ནས་ནང་མཆོད་གཏོར་ཞིང་། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཁྱེད་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་བདེ་སྐྱོངས། བསྟན་པ་སྤྱི་ལ་གནོད་པ། སེམས་ཅན་ཡོངས་ལ་འཚེ་བ། སྒོས་རྣལ་འབྱོར་པ་བདག་གི་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་ཆོད་ཅིག །ཞི་བ་དང་། བདག་ཅག་འཁོར་དང་བཅས་པའི་ཚེ་དང་། བསོད་ནམས་དང་། ལོངས་སྤྱོད་དང་། དབང་ཐང་ལ་སོགས་པ་ཐམས་ཅད་རྒྱས་པ་དང་། འགྲོ་བ་ཐམས་ཅད་དབང་དུ་འདུས་ཤིང་། ཆོས་ལས་སྐྱེས་པའི་བུ་དང་ཚ་བོ་ལ་སོགས་པ་ཐམས་ཅད་རྒྱས་པའི་འཕྲིན་ལས་མཛོད། ཅེས་པས་བཀའ་བསྒོས། འདོད་པའི་དོན་ལ་


DLL1006_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་ཅིང་འཕྲིན་ལས་བཅོལ། དེ་ནས་བཟླས་པ་བྱ་བར་འདོད་ན། རང་གི་སྙིང་ཁའི་ས་བོན་ལས་འོད་ཟེར་དཀར་པོ་སྔགས་ཀྱི་རང་བཞིན་ཅན་འཕྲོས་ཏེ། ལྷ་མོའི་ཐུགས་ཀར་ཐིམས་པས། ལྷ་མོ་མཉེས་པའི་མཆོད་པ་ཕུལ། སླར་འདུས་ཏེ་བདག་ལ་ཐིམས་པས། གང་འདོད་པའི་དངོས་གྲུབ་བྱིན་པར་བསམས་པ་ཙམ་གྱི་དམིགས་པ་བྱས་ལ། བྷྱཽཿ རཀྨོ་ལ་སོགས་པའི་རྩ་སྔགས་ཅི་འགྲུབ་བཟླས། འདི་ལ་བོད་རྦད་བསད་གསུམ་ག་ཚང་བར་བཞེད་དོ། ། དེ་ནས་བསྟོད་པར་བྱ་བ་ནི། རྔ་བརྡུང་བའམ་དྲིལ་བུ་གསིལ་ཞིང་བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ནོངས་པ་བཟོད་པར་གསོལ་ཞིང་། མདུན་གྱི་ལྷ་མོའི་རྟེན་ཡོད་ན་བརྟན་པར་བཞུགས་པའམ། མེད་ན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། མཚན་མོ་ཡིན་ན་གཏོར་མ་ལ་དཔལ་འབར་བཙུགས་ནས་གཙང་སར་གཏོང་། དགེ་བའི་རྩ་བ་བསྔོ་བ་སོགས་ཆོ་ག་སྤྱི་དང་མཐུན་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་མཆོད་གཏོར་དང་བཟླས་པ་བརྩོན་པར་བྱས་ན། གནས་སྐབས་སུ་བར་ཆད་ཞི་ཞིང་མཐར་ཐུག་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འགྱུར་རོ། །འདི་ནི། རེ་མ་ཏིའི་མཆོད་གཏོར་གྱི་མན་ངག་བླ་མ་གོང་མའི་ཐོ་ཡིག་ལ་བརྟེན་ནས་བྲིས་པ་ཡིན་པས་ཡིད་ཆེས་པའི་གནས་སུ་བྱའོ། །Ÿ།བསྟོད་པ་བསྡུས་པ་ནི། དཔལ་གྱི་གཟུགས་ལ་འདོད་ཁམས་གཙོ་མོ་ཁྱོད། །དྲེ་རྟ་ཞོན་ནས་དཔག་ཚད་ལྔ་བརྒྱར་རྒྱུག །བེ་ཅོན་ནལ་ཐོད་དམ་པའི་རང་རྟགས་འཛིན། །རེ་ལྡེའི་སྟོད་གཡོགས་སྦྲུལ་གྱི་ཤམ་བུ་ཅན། །ལྟེ་བར་


DLL1006_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གཙུག་ན་ཟླ་རྒྱས་མ། །ཁྲག་ནད་བདག་མོ་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏི་ལ་བསྟོད་པར་བགྱི། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །རཀྟའི་ཚོགས་ནི་མཚོ་ལྟར་འཁྱིལ། །ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ། །དམ་ཚིག་ཉམས་པའི་དགྲ་བོ་ལ། །བདུད་ཀྱི་དམག་ཚོགས་དགྲ་ལ་དྲོངས། །དམག་དཔོན་རྒྱལ་མོས་དམག་སྣ་དྲོངས། །མ་ཡི་ནང་ནས་མ་གཅིག་དང་། །སྲིང་གི་ནང་ནས་སྲིད་གཅིག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །བྷྱཽཿ རཀྨོ་སོགས་ནས་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་པའོ། །འདི་ཡང་རྗེ་ཉིད་ཀྱིས་སྔ་མོའི་དུས་སུ་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །། བྷྱཽཿ སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཀྱང་། །སྲིད་གསུམ་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཞེས་དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་བསྟོད་པ་འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ།། །།ཨོཾ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་བླ་མ་ཡི་དམ། སངས་རྒྱས་བྱང་ཆུབ་སེམས་དཔའ་བོ་རྣལ་འབྱོར་མ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བྱིན་རླབས་དང་། ཐུགས་རྗེ་དང་། རྫུ་འཕྲུལ་དང་། ནུས་མཐུ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། བདག་དགེ་འདུན་གྲུབ་པ་དཔལ་བཟང་པོས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། བདག་རྟག་ཏུ་


DLL1006_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་དྲན་ཅིང་། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བ་དང་། སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གོང་ནས་གོང་དུ་བསྒྲུབས་ཏེ། སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །སངས་རྒྱས་ནས་སེམས་ཅན་གྱི་ཁམས་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས་སྐལ་བ་དང་འཚམ་པར་ཆོས་བསྟན་པས་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་གྱུར་ཅིག །ཚེ་འདིར་ཡང་དམ་པའི་ཆོས་ཀྱི་བཤད་སྒྲུབ་རྒྱས་པར་བྱེད་པའི་ངང་ནས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་དུ་མ་བཞེང་བ་དང་། དཀོན་མཆོག་གི་དྲུང་དུ་མཆོད་རྫས་ཕུན་སུམ་ཚོགས་པ་དང་། དགེ་འདུན་གྱི་བསྙེན་བཀུར་སོགས་སྒྲུབ་པ་ལ་བར་ཆད་མེད་ཅིང་། མཐུན་རྐྱེན་རྣམས་ཇི་ལྟར་བསམས་པ་བཞིན་དུ་འགྲུབ་པར་གྱུར་ཅིག །ཁྱད་པར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམག་ཟོར་རྒྱལ་མོ་རེ་མ་ཏི་འཁོར་དང་བཅས་པ་དང་། གནོད་སྦྱིན་བེག་ཙེ་ལྕམ་དྲལ་འཁོར་དང་བཅས་པ་དང་། དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ལ། བཀྲ་ཤིས་ལྷུན་པོའི་མི་ནོར་དགེ་འདུན་དང་བཅས་པ་གཉེར་གཏད་ཞུས་པ་ཡིན་པས། ཉིན་གསུམ་གྱི་བྱ་ར་མ་གཡེལ། མཚན་གསུམ་གྱི་མེལ་ཚེ་མ་གཡེལ་བར་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་བཀྲ་ཤིས་ལྷུན་པོར་དམ་པའི་ཆོས་ཀྱི་བཤད་སྒྲུབ་དར་ཞིང་རྒྱས་པ་དང་། དགེ་འདུན་རྣམས་ཐུགས་མཐུན་པ་དང་།


DLL1006_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་རྒྱས་པར་མཛོད། བཀྲ་ཤིས་ལྷུན་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་ནས་བསམ་སྦྱོར་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཞས་པ་འདི་ཡང་དམག་ཟོར་རྒྱལ་མོའི་བྲིས་སྐུ་ཆེན་མོ་བཞེངས་པའི་དུས་སུ་མཛད་པའོ།། །།ན་མོ་མཧཱ་ཀཱ་ལ་ཡེ། ཆོས་ཀྱི་སྐུ་ལས་འགྱུར་བ་མི་མངའ་ཡང་། །ཆོས་ཀྱི་རྒྱལ་པོའི་བསྟན་པ་བསྲུང་བའི་ཕྱིར། །ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས། །ཆོས་སྐྱོང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །དཔལ་ལྡན་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་ཆེན་ཁྱོད་ཀྱིས་ཇི་ལྟར་ཞལ་བཞེས་བཞིན། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ལ། །སྤྱན་འདྲེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ནས། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ། །ནག་པོ་ཆེན་པོ་བཀའ་སྡོད་འཁོར་དང་བཅས། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཆོས་ཉིད་ངང་ལས་པདྨ་ཉི་མའི་སྟེང་། །འཇིགས་པའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་པ། །བརྐྱངས་བསྐུམས་ཞབས་ཀྱིས་གདུག་པའི་ལུས་བརྫིས་ཤིང་། །འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་ལ་འདུད། །བསྐལ་པ་འཇིག་པའི་མེ་ལྟར་མི་བཟད་པའི། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །དམ་ཅན་རྒྱ་མཚོས་བསྐོར་བའི་དཔའ་བོ་


DLL1006_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད། །གར་དགུའི་ཉམས་ཀྱིས་རོལ་པར་མཛད་ལ་འདུད། །ཕྱག་གཡས་རྣོ་ཞིང་འབར་བའི་གྲི་གུག་གིས། །དགྲ་བགེགས་རྩད་ནས་གཅོད་པའི་འཕྲིན་ལས་མཛད། །གདུག་པའི་ཁྲག་གིས་གང་བའི་ཐོད་པ་ནི། །གཡོན་པའི་ཕྱག་གིས་ཐུགས་ཀར་འཛིན་ལ་བསྟོད། །རབ་བརྗིད་ཨིནྡྲི་ནཱི་ལའི་རི་བོའི་རྩེར། །དུས་མཐའི་མེ་ཆེན་གྱེན་དུ་མཆེད་པ་བཞིན། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ཡིས། །སྟེང་གི་བགེགས་ཚོགས་སྲེག་པར་མཛད་ལ་འདུད། །བརྐྱངས་བསྐུམས་ཞབས་ནི་ཅུང་ཟད་བརྡབས་པས་ཀྱང་། །རྒྱ་མཚོའི་གོས་ཅན་མཐའ་དག་འདར་བྱེད་ཅིང་། །འོག་ཕྱོགས་བགེགས་དཔུང་རྡུལ་དུ་བརླག་མཛད་པ། །དཔལ་ལྡན་ནག་པོ་ཆེན་པོའི་ཞབས་ལ་འདུད། །ཉི་ཟླ་འབར་བའི་སྡང་མིག་བགེགས་ལ་གཟིགས། །ཁྲོ་གཉེར་རབ་བསྡུས་སྨིན་མ་གློག་ལྟར་འཁྱུག །བ་སྤུ་དུས་མཐའི་མེ་ལྟར་འབར་བ་ཡིས། །བར་གྱི་བགེགས་ཚོགས་སྲེག་པར་མཛད་ལ་འདུད། །རབ་འཇིགས་ཞལ་གྱི་ཆར་སྤྲིན་ནག་པོ་ལས། །ལྗགས་ཀྱི་གློག་སྟོང་ཀུན་ནས་རབ་འཁྱུག་ཅིང་། །ཧཱུཾ་དང་ཕཊ་ཀྱི་འབྲུག་སྒྲ་ཆེར་བསྒྲགས་ནས། །བདུད་ཀྱི་གནས་རྣམས་ཕྱེ་མར་འཐག་ལ་འདུད། །དྲག་པོའི་དབུགས་ཕྲེང་དུས་མཐའི་རླུང་ཚུབ་བཞིན། །དགྲ་བོའི་ཤ་ཁྲག་མཆེ་བའི་ཁྱོགས་ལ་ལེན། །དྲག་པོའི་རྐན་སྡེབས་འཇིགས་པའི་གད་རྒྱངས་ཀྱིས། །བདུད་ཀྱི་སྲོག་རྣམས་ངེས་པར་འགོག་ལ་འདུད། །འཇིགས་རུང་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །ཁྲག་འཛག་མི་མགོའི་ཕྲེང་བའི་དོ་ཤལ་ཅན། །རུས་པའི་རྒྱན་དང་རིན་ཆེན་


DLL1006_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དང་། །སྦྲུལ་གདུག་རྒྱན་གྱིས་བརྒྱན་པ་ཁྱོད་ལ་འདུད། །གཡས་ན་རི་བོ་འགྱིངས་འདྲ་བརྗིད་པའི་སྐུ། །ལེགས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །ཙནྡན་བེང་ཆེན་ཐོད་ཁྲག་འཛིན་མཛད་པ། །དམ་ཚིག་ཅན་གྱི་དགྲ་ལྷ་ཁྱོད་ལ་འདུད། །གཡོན་ན་དཔལ་ལྡན་འདོད་ཁམས་དབང་ཕྱུག་མ། །བོང་བུ་གྭ་ཞོན་མི་སྡུག་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་གཉིས་རལ་གྲི་ཐོད་ཁྲག་འཛིན། །འཕྲིན་ལས་མྱུར་སྒྲུབ་ལྷ་མོ་ཁྱོད་ལ་འདུད། །རླུང་ལྟར་མགྱོགས་པའི་དྲེའུ་སྔོན་པོ་ཆིབས། །དམ་ཉམས་དགྲ་ལ་ཤིན་ཏུ་ཁྲོས་པའི་སྐུ། །སྒྲུབ་པ་པོ་ལ་ཀུན་ནས་བརྩེ་བའི་མ། །དཔལ་ལྡན་ལྷ་མོ་རེ་མ་ཏི་ལ་བསྟོད། །ཤ་དང་ཁྲག་ལ་རོལ་པའི་ཁྱི་སྤྱང་དང་། །མི་ནག་བྱ་ནག་མཁའ་འགྲོའི་དབང་པོ་སོགས། །འཕྲིན་ལས་སྒྲུབ་ལ་ཐོགས་པ་མི་མངའ་བའི། །སྤྲུལ་པའི་ཕོ་ཉ་རྣམས་ཀྱང་བསྟོད་པར་བགྱི། །ཞེས་དཔལ་མགོན་ཆེན་པོ་གྲི་གུག་ཅན་ལ་བསྟོད་པ་འདི་ཉིད་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཐག་ལུང་པའི་ཞོགས་དགོན་པར་སྦྱར་བའོ།། །།ན་མོ་མཧཱ་ཀཱ་ལ་ཡེ། ཀ་པཱ་ལ་དང་འབར་བའི་གྲི་གུག་འཛིན། །ཁ་དོག་མི་བཟད་མུན་ནག་བྱུགས་འདྲའི་ལུས། །ག་ཤ་ལ་སོགས་ཁྲོ་བོའི་རྒྱན་གྱིས་སྤྲས། །ང་རོ་དྲག་པོས་ས་གསུམ་སྐྲག་ལ་འདུད། །ཅ་ཅོ་ཀུན་ཏུ་སྒྲོག་པའི་རོ་ལངས་དང་། །ཆ་ལུགས་འཇིགས་རུང་སྲིན་པོ་རྒྱུ་བ་བཞིན། །ཇ་དང་དགྲ་བོའི་ཁྲག་ལ་རྣམ་རོལ་ཞིང་། །ཉ་བ་ཟླ་ལྟར་ནག་


DLL1006_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འཇོམས་ལ་འདུད། །ཏ་ཐཱ་ག་ཏའི་སྤྱན་སྔར་མངོན་སུམ་དུ། །ཐ་ཆད་དགྲ་བགེགས་སྒྲོལ་བར་ཁས་བླངས་བཞིན། །ད་ནི་བདག་ལ་འཚེ་བའི་དགྲ་བགེགས་དང་། །ན་རྒའི་སྡུག་བསྔལ་ཀུན་ཏུ་སེལ་ལ་འདུད། །པ་ཝ་སངས་སོགས་དཔལ་མགོན་བདུན་ཅུར་བཅས། །ཕ་རོལ་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་བའི། །བ་དན་གནམ་དུ་སྒྲེང་བའི་མཐུ་བོ་ཆེ། །མ་ལུས་བསྟན་པའི་དམག་དཔོན་ཁྱོད་ལ་འདུད། །ཙ་ཏུར་མུ་ཁ་འབར་བའི་མཆེ་བ་གཙིགས། །ཚ་ཚ་འཕྲོ་བའི་དུས་མཐའི་མེ་དཔུང་ཅན། །ཛ་ལང་རྒྱས་པའི་སེང་གེ་ཁྲོས་པ་བཞིན། །ཝ་ལྟར་ནག་པོའི་རྩ་ལག་འཇོམས་ལ་འདུད། །ཞ་བ་མེད་པའི་རྫུ་འཕྲུལ་རྐང་པ་ཡིས། །ཟ་ཧོར་ལ་སོགས་ཡུལ་ཁམས་ཀུན་བགྲོད་ནས། །previous hit འུར ་དར་དིར་འབྲུག་གི་སྒྲ་ཆེན་དང་། །ཡ་མཚན་ཆོ་འཕྲུལ་མཐའ་ཡས་སྟོན་ལ་འདུད། །རྭ་རྩེ་ཤིན་ཏུ་རྣོ་བའི་གཡག་ནག་སོགས། །ལ་ལར་རྣམ་འཕྲུལ་དུ་མས་དགྲ་བགེགས་ཀྱི། །ཤ་དང་ཁྲག་ལ་ཤིན་ཏུ་རྔམ་པའི་ཕྱིར། །ས་སྟེང་ཀུན་ཏུ་མྱུལ་བ་ཁྱོད་ལ་འདུད། །ཧ་ཧ་དྲག་ཏུ་རྒོད་པའི་དུར་ཁྲོད་ནས། །ཨ་ལ་ལ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སོགས། །འཇིགས་རུང་གསུང་གི་ང་རོ་གཅིག་པུས་ཀྱང་། །བདུད་ཀྱི་སྲོག་རྣམས་ངེས་པར་འཕྲོག་ལ་འདུད། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི། །གཅེར་མོའི་གཟུགས་ཅན་གཡས་པ་གྲི་གུག་གཡོན། །ཁྲག་ལྡན་ཐོད་པ་གཙོ་བོའི་ཞལ་དུ་སྟོབ། །རྒྱལ་བའི་བསྟན་སྲུང་ཆེན་མོ་བཞི་ལ་བསྟོད། །ཁྱོད་ལ་ཅུང་ཟད་བསྟོད་པའི་དགེ་བ་འདིས། །ཚེ་རབས་


DLL1006_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ལུས་དང་གྲིབ་མ་བཞིན། །ཁྱེད་སྐད་ཅིག་ཙམ་ཡང་མི་འབྲལ་ཞིང་། །གཡེལ་བ་མེད་པར་སྲུང་སྐྱོབ་བྱེད་པར་ཤོག །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བདག་གིས་གསུང་རབ་ཀུན་ལ་བཤད་པ་དང་། །སྒྲུབ་པ་སྙིང་པོར་བྱེད་པའི་མི་མཐུན་ཕྱོགས། །ཅུང་ཟད་ཙམ་ཡང་འབྱུང་བར་མ་གྱུར་ཅིག །ཚེ་རིང་ནད་མེད་དབང་ཕྱུག་ཕུན་སུམ་ཚོགས། །འཁོར་དང་ལོངས་སྤྱོད་སྙན་པའི་གྲགས་པ་སོགས། །བླ་མེད་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་ཀུན། །འབད་རྩོལ་མེད་པར་ངང་གིས་འགྲུབ་པར་ཤོག །ཅེས་པ་འདི་ཉིད་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས། བཅོམ་ལྡན་འདས་ཀྱིས་བདུད་བཏུལ་བའི་དུས་ཆེན་ལ་བྱང་ཆུབ་ཆེན་པོའི་དབེན་གནས་སུ་སྦྱར་བའོ།། །།འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བསམས་པས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཁོང་དུ་ཆུད་ན། དེའི་ཚེ་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་སྐྱེ་ལ། སྡུག་བསྔལ་དེ་རྒྱུ་གང་ལས་བྱུང་ན་ཟག་བཅས་ཀྱི་ལས་དགེ་མི་དགེ་ལས་བྱུང་། དེ་དུག་གསུམ་ལས་བྱུང་། དེའི་ནང་ནས་འདོད་ཆགས་ཞེ་སྡང་གཉིས་གཙོ་མི་ཆེ་ལ། གཏི་མུག་གཙོ་ཆེ། དེ་ཡང་ཉེ་སྐོར་ན་ངར་འཛིན་ལྷན་སྐྱེས་འདི་ཡིན་པས། སྡུག་བསྔལ་སྤངས་པའི་ཐར་པ་ཐོབ་པར་འདོད་པས་ངར་འཛིན་ལྷན་སྐྱེས་འདི་སྤང་དགོས། དེ་སྤོང་བ་ལ་ང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་དགོས། ང་རང་བཞིན་མེད་པར་གཏན་ལ་འབེབས་ཚུལ་ནི། ང་རང་བཞིན་གྱིས་གྲུབ་ན་ཕུང་པོ་རེ་རེ་བ་ང་ཡིན་ནམ་ཕུང་པོ་ཚོགས་ཙམ་ང་ཡིན་ནམ་དེ་གཉིས་ལས་ལོགས་ན་


DLL1006_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ཕུང་པོ་རེ་རེ་བ་ང་མིན་ཏེ། བློ་ལྷན་སྐྱེས་འདི་ལ་ཕུང་པོ་ལ་དམིགས་ནས་འདི་ངའི་ཕུང་པོ་ཡིན་སྙམ་དུ་ཞེན་པ་འདུག་གི་ཕུང་པོ་ང་ཡིན་སྙམ་པ་དང་། ང་ཕུང་པོ་ཡིན་སྙམ་དུ་ཞེན་པ་མི་འདུག་པའི་ཕྱིར། དེས་ན་ཕུང་པོ་རེ་རེ་བ་ང་མིན་ཏེ། ང་ཡི་བ་ཡིན་པས་སོ། །ཕུང་པོ་ཚོགས་ཙམ་ང་མིན་ཏེ། ང་དེ་ཕུང་པོ་ཚོགས་ཙམ་ལ་བརྟེན་ནས་འདོགས་པའི་ཕྱིར། དེ་སྐད་དུ་ཡང་མདོ་ལས། ཇི་ལྟར་ཡན་ལག་ཚོགས་ཙམ་ལ། །བརྟེན་ནས་ཤིང་རྟར་འདོགས་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་བའོ། །ཞེས་དང་། འཇུག་པ་ལས། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །ཞེས་གསུངས། ཕུང་པོ་ལས་ལོགས་ན་ཡང་ང་མེད་དེ། ཕུང་པོ་ལས་ལོགས་ན་ང་སྣང་རུང་མ་དམིགས་པའི་ཕྱིར། དེས་ན་ཕུང་པོ་རེ་རེ་བ་ང་མིན། ཕུང་པོ་ཚོགས་ཙམ་ང་མིན། ཕུང་པོ་ལས་ལོགས་ན་ང་མེད་པས། ང་རང་བཞིན་གྱིས་མེད་སྙམ་དུ་བསྒོམ་པར་བྱའོ། །མཉམ་བཞག་ཏུ་ང་རང་བཞིན་མེད་པར་བསྒོམས་པའི་རྗེས་ཐོབ་ཏུ་ང་རང་བཞིན་གྱིས་གྲུབ་པར་སྣང་ཡང་། རང་བཞིན་གྱིས་མེད་པ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་ཡང་དང་ཡང་དུ་བསམ། ཡང་རྗེས་ཐོབ་ཀྱི་གནས་སྐབས་སུ་སེམས་ཅན་རྣམས་ཀྱིས་ང་རང་བཞིན་གྱིས་གྲུབ་པར་བཟུང་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་། སེམས་ཅན་རྣམས་ཅིར་ཡང་མི་འོང་བ་མིན། ཐོག་མ་མེད་པ་ནས་མ་བྱས། དེ་འང་


DLL1006_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དང་ཡང་དུ་བྱས། མ་བྱས་རེས་ཀྱིས་ཕན་བཏགས། གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པས། འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་བདག་འཛིན་དང་བྲལ་ན། བྲལ་བར་གྱུར་ཅིག །བྲལ་བ་དེ་བདག་གིས་བྱའོ་སྙམ་དུ་བྱའོ། །ཡང་མཉམ་བཞག་ཏུ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་བསྒོམས་པའི་རྗེས་ཐོབ་ཏུ། མྱུ་གུ་ལ་སོགས་པའི་དངོས་པོ་གང་སྣང་བ་ཐམས་ཅད་ལ་འདི་རྣམས་བདེན་པར་མེད་དེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་སྙམ་དུ་ཡང་དང་ཡང་དུ་གོམས་པར་བྱས་ན་གང་སྣང་ཀུན་སྟོང་པར་འཆར་བས་རྟེན་འབྲེལ་སྟོང་པའི་དོན་དུ་འཆར་བ་ཡིན། འོ་ན་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ན་གཏན་ནས་མེད་སྙམ་ན་རང་བཞིན་གྱིས་མེད་པ་ལ་བྱ་བྱེད་ཐམས་ཅད་རུང་བའི་ཚུལ་བསམས་པས་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་བ་ཡིན་ལ། སྔར་བཤད་པ་ལྟར་མཉམ་རྗེས་གཉིས་སུ་གོམས་པར་བྱས་པས་སྟོང་ཉིད་ལ་དམིགས་པའི་ཞི་གནས་སྐྱེས་པ་ན་ཚོགས་ལམ་དང་། སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་སྐྱེས་པ་ན་སྦྱོར་ལམ་དང་། སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ན་མཐོང་ལམ་དང་། སྟོང་ཉིད་མངོན་སུམ་དུ་རྒྱུན་ལྡན་དུ་མཐོང་ཟིན་གོམས་པར་བྱེད་པ་ན་སྒོམ་ལམ་དང་། དེ་ལ་བརྟེན་ནས་བདག་འཛིན་དང་། དེས་བསྐྱེད་པའི་ཉོན་མོངས་དང་སྡུག་བསྔལ་སྤངས་པའི་ཚེ་ཐར་པ་ཐོབ་པ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ངོ་བོ་དབྱེར་མེད་པའི་མི་སློབ་པའི་ཟུང་འཇུག་དེ་ཐོབ་བྱ་མཐར་ཐུག་ཡིན་ལ། དེ་


DLL1006_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་པའི་ཟུང་འཇུག་སྔོན་དུ་འགྲོ་དགོས་ཏེ། མི་སློབ་པའི་ཟུང་འཇུག་དེ་ལ་རང་གི་རིགས་འདྲ་སྔ་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། སློབ་པའི་ཟུང་འཇུག་ལ་རིམ་པ་བཞི་པའི་འོད་གསལ་སྔོན་དུ་འགྲོ་དགོས་ཏེ། རིམ་པ་བཞི་པའི་འོད་གསལ་དང་དེའི་བཞོན་པར་གྱུར་པའི་རླུང་ལས་སློབ་པའི་ཟུང་འཇུག་གི་སྐུ་སྒྲུབ་དགོས་པས་སོ། །རིམ་པ་བཞི་པའི་འོད་གསལ་ལ་རིམ་པ་གསུམ་པའི་སྒྱུ་ལུས་སྔོན་དུ་འགྲོ་དགོས་ཏེ། རིམ་པ་གསུམ་པའི་ལུས་དེ་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་བཅུག་ནས་དག་པར་བྱས་པ་ལས་རིམ་པ་བཞི་པའི་འོད་གལ་སྒྲུབ་དགོས་སོ། །རིམ་པ་གསུམ་པའི་སྒྱུ་ལུས་ལ། སེམས་དབེན་སྔོན་དུ་འགྲོ་དགོས་ཏེ། སེམས་དབེན་གྱི་རླུང་སེམས་ལས་རིམ་པ་གསུམ་པའི་སྒྱུ་ལུས་སྐྱེད་དགོས་པས་སོ། །སེམས་དབེན་ལ་སྲོག་རྩོལ་རྡོ་རྗེ་བཟླས་པ་སྔོན་དུ་འགྲོ་དགོས་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་གྱི་སྲོག་རྩོལ་བསྒོམས་པའི་སྟོབས་ཀྱིས། སྙིང་ཁར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ཅན་ལས་སེམས་དབེན་སྐྱེས་དགོས་པས་སོ། །སྲོག་རྩོལ་ལ་ལུས་དབེན་སྔོན་དུ་འགྲོ་དགོས་ཏེ། སྙིང་ཁར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ཅན་བྱེད་པ་ལ་སྔོན་དུ་ལུས་གནད་གཞན་དུ་རླུང་དབུ་མར་ཚུད་པའི་རྒྱུ་བདེ་སྟོང་སྒོམ་པ་དང་། རྗེས་ཐོབ་ཏུ་གང་སྣང་བདེ་བའི་རྣམ་རོལ་ཏུ་འཆར་བ། རང་བཞིན་ཡང་ལྷ་སྐུའི་རྣམ་རོལ་དུ་འཆར་བ་ལ་བསླབ་དགོས། དེའི་རྒྱུད་མ་སྨིན་པ་སྨིན་བྱེད་དུ་ཕྲ་མོ་རྟོག་པའི་རྣལ་འབྱོར་སྔོན་དུ་འགྲོ་དགོས། དེའི་ཡང་སྔོན་དུ་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་སྔོན་དུ་འགྲོ་


DLL1006_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། རིམ་གཉིས་སྒོམ་པའི་སྣོད་དུ་རུང་བ་ལ། དབང་བསྐུར་བའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་དགོས། དེ་ལ་རྒྱུད་སྡེ་ནས་བཤད་པའི་དབང་བསྐུར་བ་ལེགས་པར་ཐོབ་དགོས། དེ་ལ་ཐུན་མོང་བའི་ལམ་སེམས་ཅན་ཐམས་ཅད་མར་ཤེས། དྲིན་དྲན། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། ལྷག་བསམ། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་སྔོན་དུ་འགྲོ་དགོས། དེ་ལ་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ལེགས་པར་བསམས་ནས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་སྔོན་དུ་འགྲོ་དགོས། དེ་ལ་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོང་། བདེ་བའི་རྒྱུ་དགེ་བ་སྒྲུབ་པ་སྔོན་དུ་འགྲོ་དགོས། དེ་ལ་འཆི་བ་དྲན་པ་སྔོན་དུ་འགྲོ་དགོས། དེ་ལ་དལ་འབྱོར་རྙེད་དཀའ་བསམ་པ་སྔོན་དུ་འགྲོ་དགོས། ཞེས་གསུང་ངོ་། །འདི་དག་དབུས་ཕྱོགས་སུ་འགྲོ་དུས་རྗེ་རིན་པོ་ཆེའི་གསུང་ཇི་ལྟ་བ་བཞིན་བཀོད་པ་ལགས།། །།ན་མོ་གུ་རུ། དངུལ་ཆུ་རྗེན་པར་ཟ་བའི་ཐབས་ནི། རང་མཁའ་འགྲོ་མ་དཀར་མོ་སྐྲ་གྱེན་དུ་འཁྱིལ་བ། སྤྱན་གསུམ་བགྲད་པ། སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམས་ནས། ཨོཾ་བཛྲ་ཏྲི་ཏྲི་དངུལ་ངར་གསོད། མཚལ་ངར་ཞི། དངུལ་དུག་ཉལ་ཉལ་སྭཱཧཱ། སྔགས་འདི་གསུམ་བརྒྱ་རེ་བཟླས་ནས་དངུལ་ཆུ་བཞི་ནམ་རེ་ནང་རེ་བཞིན་ཆང་བཟང་པོ་བྲེ་ཕྱེད་ཡན་གྱིས་ཕུལ་ནས་ཟོས་ན། ཏིང་ངེ་འཛིན་འཕེལ། སྟོབས་ཆེ། ལོ་བརྒྱ་ལོན་ནའང་སོ་བརྗེ། སྐྲ་དཀར་ནག་པོར་འགྲོ། ལོ་བཅུ་


DLL1006_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལོན་པ་ལྟ་བུའི་གཞོན་ནུར་འགྱུར། ཚེ་ཉི་ཟླ་དང་མཉམ་པར་འགྱུར། རྩལ་སེང་གེ་དང་མཉམ། སྟོབས་གླང་པོ་ཆེ་དང་མཉམ། བཏེག་ན་རི་རབ་ཀྱང་ཐེག་སྙམ་པའི་ཉམས་སྐྱེ། མཆོག་ཏུ་རྨ་བྱའི་སྒོང་དུག །རྒྱ་གར་གྱི་དབྱིག་དུག །རྒྱ་ནག་གི་སྦྱར་དུག །དུག་རིགས་ཐམས་ཅད་ཀྱི་གཉེན་པོར་འགྲོ། གག་ལྷོག་གཟེར་གསུམ། གཉན་དང་། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། ཁྱད་པར་ཤ་ལུས་རྒྱས་པར་བྱེད། མཆོག་ཏུ་འགྲོགས་པའི་གྲོགས་ལགས་སོ། །འདིའི་རྒྱུད་པ་ནི། ཡེ་ཤེས་མཁའ་འགྲོ་མ། ཁ་ཆེའི་པཎྜི་ཏ་ཛྙཱ་ན་སིདྷ། མཧཱ་ཀ་ར་ཛི། བླ་མ་རྡོ་རྗེ་གདན་པ། ལོ་ཙྪ་བ་གྲགས་པ་འབུམ། ཉི་མ་སེང་གེ །ཁྲོ་ལོ། ཆོས་དཔལ་བཟང་པོ། བྱ་བྲལ་ཆོས་རྗེ་དེས་གྲགས་པ་འབྱུང་གནས་ལའོ།། །།བསྟན་པ་རིན་པོ་ཆེའི་སྦྱིན་བདག་ཆེན་མོ་བྱང་སེམས་མའི་སྤྱན་སྔར་ཞུ་བ། ཐུགས་དད་པ་ཆེན་པོས་ཀུན་ནས་བསླངས་ནས། དཔལ་གསང་བ་འདུས་པའི་སྐུ། གསེར་སྲང་ཕྱེད་གནང་བས་ཐུགས་ལ་བཏགས། སྦྱིན་པ་དམ་པ་འདི་ལ་བརྟེན་ནས་སྦྱིན་པའི་བདག་མོ་སྐུ་ཚེ་ཐམས་ཅད་དུ་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། མུ་ཏིག་གི་སེ་མོ་དོ་དང་། རིན་པོ་ཆེའི་དོ་ཤལ། ཕྱག་གདུབ། ཞབས་གདུབ་དང་རིན་པོ་ཆེའི་སྐ་རགས་ལ་སོགས་པ་ལྷ་དང་མིའི་རྒྱན་ཁྱད་པར་དུ་འཕགས་པ་དང་ལྡན་པར་གྱུར་ཅིག །མྱུར་དུ་མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱིས་སྤྲས་པའི་སངས་རྒྱས་ཀྱི་སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག །སྦྱིན་པའི་


DLL1006_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་ཡབ་ཡུམ་གཉིས་ཀྱང་གནས་སྐབས་དལ་འབྱོར་གྱི་མི་ལུས་ཐོབ་ནས་མྱུར་དུ་སངས་རྒྱས་པར་གྱུར་ཅིག །ཅེས་པའི་སྨོན་ལམ་བཏབ་ཅིང་རྒྱུན་དུ་སྨོན་ལམ་འདེབས་པར་ཞུ། རི་མོ་གཟིགས་པའི་རྟེན་མཚོན་ཇ་སྦྱོར་གཅིག་ཕུལ།། །། དྲུང་ལོ་ཆེན་པོའི་གསུང་བྲིས་རྟེན་དང་བཅས་གནང་བ་འཕྲོད་པས་ཐུགས་ལ་བཏགས། མཁར་ལ་སོགས་ཆོས་ལྡན་གྱི་མཛད་པ་རྣམས་ལ་ཐུགས་རྩོལ་ཆེ་དགོས། བཀྲ་ཤིས་ལྷུན་པོ་ནས་ཞུས། འདི་ཡང་སྔ་མོའི་དུས་སུ་རྗེ་འདི་ཉིད་ཀྱིས་མཛད་པའོ།། །།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་འདིས་མཚོན་ནས། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་དང་། ནུས་པ་ལ་བརྟེན་ནས་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་ལྟ་བུར་གྱུར་ཅིག །བདག་སངས་རྒྱས་པའི་ཞིང་དེར་ངན་སོང་གསུམ་གྱི་མིང་ཡང་མེད་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་ཤི་འཕོས་ནས་ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་སུ་ནམ་ཡང་མི་སྐྱེ་བར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ལུས་གསེར་གྱི་མདོག་ལྟ་བུ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་སྐད་ཅིག་རེ་རེ་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་


DLL1006_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག་བརྒྱ་སྟོང་དུ་འགྲོ་བའི་རྫུ་འཕྲུལ་ལ་དབང་བའི་ཕ་རོལ་དུ་ཕྱིན་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཚ་རབས་དྲན་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་མཐོང་བའི་ལྷའི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་དམ་པའི་ཆོས་ཅིག་ཅར་ཉན་པའི་ལྷའི་རྣ་བ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཇི་ལྟ་བུ་བཞིན་རིག་པའི་ཕ་རོལ་གྱི་སེམས་ཤེས་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་རང་གི་ལུས་ལ་ཡོངས་སུ་འཛིན་པའི་འདུ་ཤེས་སྐད་ཅིག་ཙམ་ཡང་མི་སྐྱེ་བར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་ཡང་དག་པ་ཉིད་དུ་ངེས་པ་ལ་གནས་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་ཉན་ཐོས་ཀྱི་འཁོར་གྲངས་མེད་པ་རྣམས་ཀྱང་ཟག་པ་ཟད་པ་ཐོབ་པར་གྱུར་ཅིག །ཞིང་དེར་བདག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཚད་དང་ལྡན་པའི་འོད་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་སྨོན་ལམ་གྱི་དབང་མ་གཏོགས་པ་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པར་གྱུར་ཅིག །ཞིང་དེར་མི་དགེ་བ་བཅུའི་མིང་ཙམ་ཡང་མེད་པར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་


DLL1006_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བདག་གི་སངས་རྒྱས་ཀྱི་ཞིང་དེའི་བསྟོད་པ་དང་བསྔགས་པ་དང་གྲགས་པ་བརྗོད་པར་གྱུར་ཅིག །དེའི་ཚེ་བདག་གི་མིང་ཐོས་ནས་སེམས་རབ་ཏུ་དང་བའི་སེམས་ཅན་དེ་དག་འཆི་བའི་ཚེ་བདག་དགེ་སློང་གི་དགེ་འདུན་དང་བཅས་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །དེའི་ཚེ་བདག་གི་མིང་ཐོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་པའི་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་བྱང་སེམས་ཐམས་ཅད་སྨོན་ལམ་གྱི་དབང་མ་གཏོགས་པར་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཏུ་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཉིན་རེ་བཞིན་སངས་རྒྱས་ཀྱི་ཞིང་རྣམས་སུ་ཕྱིན་ནས་བདེ་བའི་ལོངས་སྤྱོད་ཀུན་གྱིས་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་པར་གྱུར་ཅིག །ཞིང་དེར་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པ་བསམས་མ་ཐག་ཏུ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཆོས་ཀྱི་གཏམ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཞིང་དེར་སྐྱེས་པའི་བྱང་སེམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་འདུག་བཞིན་དུ་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འབུལ་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་བརྩེ་བ་ཆེན་པོས་མཆོད་པ་དེ་དག་བཞེས་པར་གྱུར་ཅིག །ཞིང་དེར་སྐྱེས་


DLL1006_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་ཐམས་ཅད་སྲེད་མེད་ཀྱི་བུའི་སྟོབས་དང་། རྡོ་རྗེ་ལྟར་མཁྲེགས་པའི་ལུས་དང་མཐུ་སྟོབས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེའི་གཟི་བརྗིད་དང་། ཁ་དོག་དང་། འབྱོར་པ་ཕུན་སུམ་ཚོགས་པ་སེམས་ཅན་ཐམས་ཅད་ཀྱིས་ལྷའི་མིག་གིས་མཐོང་བར་གྱུར་ཅིག །ཞིང་དེར་དགེ་བའི་རྩ་བ་ཆུང་བ་དེས་ཀྱང་། བྱང་ཆུབ་ཀྱི་ཤིང་དཔག་ཚད་སྟོང་དང་དྲུག་བརྒྱ་ཙམ་དུ་མངོན་པར་མཐོ་བ་མཐོང་བར་གྱུར་ཅིག །ཞིང་དེར་ལུང་ནོད་པ་དང་ཁ་ཏོན་བྱེད་པའི་བྱང་སེམས་དེ་དག་ཀུན་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་དང་། སྨོན་གནས་ཤེས་པ་དང་། སྤོབས་པ་མཐའ་ཡས་པ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་མེ་ལོང་གི་དཀྱིལ་འཁོར་ལ་བྱད་བཞིན་གྱི་གཟུགས་བརྙན་གསལ་བ་བཞིན་འོད་གསལ་བ་མཐོང་བར་གྱུར་ཅིག །ཞིང་དེར་ས་དང་བར་སྣང་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྤོས་ཕོར་ནས་བདུག་སྤོས་དྲི་ཞིམ་པོ་རྟག་ཏུ་འབྱུང་བར་གྱུར་ཅིག །ཞིང་དེར་མེ་ཏོག་དྲི་རབ་ཏུ་ཞིམ་པའི་ཕྲེང་བ་དང་། རོལ་མོའི་སྒྲ་ཡིད་དུ་འོང་བ་རྟག་ཏུ་འབྱུང་བར་གྱུར་ཅིག །བདག་གི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འོད་གསལ་བར་གྱུར་ནས་ལྷ་དང་མི་ལས་ལྷག་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཕྱོགས་བཅུའི་བྱང་སེམས་རྣམས་ཀྱིས་བདག་གི་མིང་ཐོས་པ་ཙམ་ལ་བརྟེན་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གཟུངས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །


DLL1006_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སངས་རྒྱས་པའི་ཚེ་བདག་གི་མིང་ཙམ་ཐོས་ནས་རབ་ཏུ་དང་བ་བསྐྱེད་པའི་བུད་མེད་དེ་དག་ཚེ་བརྗེས་ནས་ནམ་ཡང་བུད་མེད་དུ་མི་སྐྱེ་བར་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་གི་མིང་ཙམ་ཐོས་པའི་སེམས་ཅན་དེ་དག་ཀུན་ཀྱང་བྱང་ཆུབ་མ་ཐོབ་བར་དུ་ཚངས་པར་སྤྱོད་པ་ལ་གནས་པ་དང་མི་འབྲལ་བར་གྱུར་ཅིག །བདག་སངས་རྒྱས་པའི་ཚེ་བདག་གི་མིང་ཐོས་ནས་ཡན་ལག་ལྔས་ཕྱག་འཚལ་བ་དེ་ལའང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཀུར་སྟི་དང་རིམ་གྲོ་བྱེད་པར་གྱུར་ཅིག །ཞིང་དེར་སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་དགེ་སློང་དགྲ་བཅོམ་པ་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་ཐོབ་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་བྱང་སེམས་རྣམས་ལ་ཆོས་གོས་ཕུན་སུམ་ཚོགས་པ་བསམས་མ་ཐག་ཏུ་འབྱུང་ཞིང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེའི་ཤིང་ལས་འབྱུང་བར་གྱུར་ཅིག །བདག་སངས་རྒྱས་པའི་ཚེ་ཞིང་ཁམས་གཞན་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་མིང་ཐོས་མ་ཐག་ཏུ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས། དེ་ལ་གཞན་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མ་མཆིས་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །བདག་གི་མིང་ཐོས་པའི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རིགས་བཟང་ཞིང་དབང་པོ་ཚང་བ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་དགའ་བ་དང་། མཆོག་ཏུ་དགའ་བའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག །ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་དམ་པའི་


DLL1006_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉན་པར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་དམ་པའི་ཆོས་ཐོས་པར་གྱུར་ཅིག །ཞིང་ཁམས་གཞན་དུ་སྐྱེས་པའི་བྱང་སེམས་རྣམས་ཀྱིས་བདག་གི་མིང་ཐོས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །མདོར་ན་འཇིག་རྟེན་འདྲེན་པའི་དབང་པོ་རྒྱལ་བ་འོད་དཔག་མེད་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྨོན་ལམ་རླབས་པོ་ཆེ་ཇི་སྙེད་ཅིག་བཏབ་ཅིང་ལེགས་པར་གྲུབ་པ་དེ་བཞིན་དུ་བདག་ཅག་རྣམས་ཀྱིས་ཀྱང་བདེ་བླག་ཏུ་གྲུབ་ནས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་མྱུར་དུ་འགོད་ནུས་པར་གྱུར་ཅིག །དཀོན་མཆོག་བརྩེགས་པ་ལས་འབྱུང་བ་བཞིན་དུ་ཅུང་ཟད་ཅིག་སྡུས་ནས་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱི་བྱིན་རླབས་དང་། བདག་གིས་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། བདག་ཚེ་རབས་ཐམས་ཅད་དུ་ཐབས་ལ་མཁས་པས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་ཤིང་སྔགས་སྤྱོད་པའི་དབང་པོ་རྣོན་པོར་སྐྱེས་མ་ཐག་ཏུ་ཚེ་རབས་དྲན་པ་དང་། གཞོན་ནུ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་རྣམ་དག་སྲུང་ནུས་པར་གྱུར་ཅིག །ཐབས་ཤེས་ཁྱད་པར་ཅན་གྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཁྱད་པར་དུ་འཕགས་པ་གོང་ནས་གོང་དུ་སྒྲུབ་ནུས་པར་གྱུར་ཅིག །ཚོགས་གཉིས་རླབས་པོ་ཆེ་རྫོགས་


DLL1006_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདའ་བའི་ཚུལ་ཡང་མི་སྟོན་པར། ཉི་མ་རེ་རེ་བཞིན་ཕྱོགས་བཅུ་རབ་འབྱམས་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་དང་མཉམ་པར་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །ཅེས་པའི་སྨོན་ལམ་འདི་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྟ་ལོའི་སྨོན་ལམ་ཆེན་མོའི་དུས་སུ་སྦྱར་བའོ།། །།བྱམས་པའི་སྐུ་གུཟགས་ཕུལ་བྱུང་བཞེང་བ་ལ། །མཐུན་རྐྱེན་སྒྲུབ་པར་བྱེད་པའི་ལུས་ཅན་རྣམས། །རྒྱལ་བ་བྱམས་པ་མགོན་པོའི་ཞབས་དྲུང་དུ། །ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱད་པར་ཤོག །ནམ་ཞིག་རྡོ་རྗེའི་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། །བདག་གི་བློ་གྲོས་པདྨོ་ཁ་བྱེ་ནས། །སྐལ་བཟང་བུང་བའི་ཚོགས་རྣམས་ཚིམས་བྱེད་ཤོག །དེ་ཚེ་རྒྱལ་བ་བྱམས་པ་རབ་ཏུ་དགྱེས། །ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས། །འགྲོ་ཀུན་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །བྱང་ཆུབ་སྒྲུབ་པའི་ཚེ་རབས་ཀུན་ཏུ་ཡང་། །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །རླབས་ཆེན་སྤྱོད་པ་ཇི་སྙེད་མཆིས་པ་ཀུན། །གཅིག་ཏུ་བསྡུས་ནས་ཚུལ་བཞིན་འདོམས་པར་ཤོག །ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས། །རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ཅིང་། །བསླབ་གསུམ་ནོར་བུའི་ཏོག་གིས་རབ་མཚན་པའི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་


DLL1006_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། །བཀྲ་ཤིས་ལྷུན་པོ་རྟག་ཏུ་རྒྱས་གྱུར་ཅིག །རྟག་ཏུ་བྱམས་པ་རྣམ་གསུམ་གོམས་པའི་མཐུས། །བདུད་སྡེ་བྱམས་པའི་དཔུང་གིས་འཇོམས་པ་དང་། །འགྲོ་ཀུན་བྱམས་པའི་སྟོབས་ཀྱིས་སྐྱོང་མཛད་པའི། །རྒྱལ་བ་བྱམས་པ་མགོན་པོའི་བཀྲ་ཤིས་ཤོག །ཅེས་པ་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའོ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག །རབ་བརྟན་དད་པ་རྒྱ་མཚོའི་གོས་ཅན་ཤིན་ཏུ་ཡངས་པའི་ངོས་ལ་རྣམ་དག་ཚུལ་ཁྲིམས་ཟླ་བ་ནོར་བུའི་རྡོ་ལེབ་དཀར་པོ་གཅལ་དུ་བཀྲམ་པའི་འོག་གཞི་བརྟན་པོར་རྣམ་དཀར་ལས་ཀྱི་མཐོ་རིས་བཟོ་བོས་དལ་འབྱོར་རིན་ཆེན་རྩིག་པ་རྒྱ་ཆེན་རབ་བརྩེགས་རྣམ་ཐར་སྒོ་བཞི་གྲུ་མཐའ་རྣམ་བཞིའི་ཐེམ་སྐས་དང་ལྡན་སྙིང་རྗེའི་ཀ་བ་བརྟན་པོས་གཞན་ཕན་གདུང་ཆེན་ལེགས་པར་བཏེག་པའི་ཡིད་ཀྱི་ཚོམས་ཆེན་མཁྱེན་རབ་ཉི་ཟླའི་སྣང་བ་གསལ་བར་འཆར་བའི་མངོན་པར་ཤེས་པའི་སྐར་ཁུང་ལུང་དང་རིགས་པའི་རིན་ཆེན་དྲ་མིག་རབ་མཛེས་བློ་བཟང་བདེན་བཞི་སྒྲོག་པའི་དྲིལ་ཆེན་ལྷག་བསམ་དཀར་བའི་རྔ་ཡབ་དང་འགྲོགས་མན་ངག་ནོར་བུའི་དོ་ཤལ་དོ་ཤལ་ཕྱེད་པ་མཛེས་པར་འཕྱང་བའི་ཚོགས་གཉིས་བ་གམ་མཐོན་པོ་དང་ལྡན་འཕགས་ནོར་བདུན་གྱིས་ལེགས་པར་གཏམས་པའི་བློ་ཡི་བང་མཛོད་དམན་པ་མིན་པར་དལ་གྱིས་རྒྱུ་བའི་རྣམ་དཔྱོད་མཛེས་མ་ཏིང་


DLL1006_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལང་ཚོ་རབ་རྒྱས་ལེགས་བཤད་འཛུམ་དཀར་སྟོན་མཁས་དང་འགྲོགས་བློ་ཆེན་རྒྱལ་སྲས་ཀུན་དང་ཐབས་གཅིག་ཉིད་དུ་མི་འཇིགས་སེང་གེའི་ཁྲི་ལ་ཐེག་ཆེན་ཆོས་ཀྱི་དགའ་བདེའི་དཔལ་ལ་རྟག་ཏུ་དགྱེས་པར་རོལ་པའི་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ཁང་བརྩེགས་ཡིད་འཕྲོག་གང་དེར་ཚད་མེད་བྱམས་པའི་དཔུང་གིས་འཇིགས་རུང་བདུད་དང་ལྷ་མིན་མུ་སྟེགས་བྱེད་སོགས་ནག་པོའི་རྩ་ལག་སྡེ་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བས་ལྷ་རྣམས་དགའ་བའི་དགའ་སྟོན་རྒྱལ་མཚན་མཐོན་པོ་གནམ་དུ་སྒྲེང་བའི་སྤྲོ་དགའ་རྒྱ་ཆེར་གསར་དུ་སྤེལ་བའི་ཆོས་ཀྱི་རྔ་ཆེན་སྲིད་གསུམ་གཡོ་བའི་སྒྲ་དབྱངས་ཟབ་མོ་ཅི་ཡང་སྒྲོག་པ་དང་བཅས་སྐྱབས་གསུམ་དགེ་ལེགས་དབང་གི་རྒྱལ་པོ་འདུན་པའི་རྒྱལ་མཚན་རྩེ་མོར་ལན་གཅིག་མིན་པར་མཆོད་པས་ལེགས་པར་གྲུབ་པའི་ཕན་བདེའི་དཔལ་འབྱོར་བཟང་པོ་མཐའ་དག་འགྲོ་ལ་ཡིད་བཞིན་སྩོལ་བའི་མཛད་པ་ལྷུན་གྲུབ་རྒྱུན་ཆགས་འཇུག་པ་ཉིད་ཀྱི་སྙན་པའི་བ་དན་དཀར་པོ་འབུམ་ཕྲག་ཕྱོགས་བཅུར་རོལ་པའི་གྲགས་པ་རྒྱ་ཆེན་ལུས་ཅན་ཀུན་གྱི་རྣ་བའི་ལམ་ནས་བདེ་བར་སོན་པས་ཡིད་ཀྱི་ཁྱིམ་དུ་རྟག་པར་དགེ་ལེགས་སྤེལ་གྱུར་ཅིག །འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ།། །། ༥༢༽ གཏོར་མའི་ཆོ་ག་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། ཐེག་མཆོག་ལམ་བཟང་སྟོན་པའི་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ་ཡི་ཚོགས། །སླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །སྙིང་ནས་འདུད་དོ་བརྩེ་བས་བསྐྱབ་ཏུ་གསོལ། །རང་གི་ཡིད་ལ་དྲན་པ་


DLL1006_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་ཕྱིར་དང་། །བདག་དང་སྐལ་མཉམ་གཞན་ལ་ཕན་བྱའི་ཕྱིར། །གཏོར་མའི་གསུང་རབ་རྒྱ་མཚོ་ཆེན་པོ་ལས། །ཆུ་ཐིགས་ཙམ་ཞིག་བླངས་ཏེ་བརྗོད་པར་བྱ། །དེའང་རང་གཞན་འཁོར་བས་སྐྱོ་ནས་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས། ཡི་གེ་འབྲི་མཆོད་སྦྱིན་པ་སོགས་ཆོས་སྤྱོད་བཅུ་ཉམས་སུ་ལེན་པ་ལ་འབད་དགོས་ལ། དེའི་ནང་ནས་བསྒྲུབ་སླ་ཞིང་དོན་ཆེ་བ་མཆོད་པ་དང་སྦྱིན་པས་བསྡུས་པའི་མཆོད་སྦྱིན་གྱི་གཏོར་མའི་ལག་ལེན་བྱེད་པ་ལ་ཐོག་མར་ཤེས་དགོས་པས་དེའི་རྣམ་གཞགག་བཤད་པ་ལ་གཉིས། གཏོར་མའི་ཉམས་ལེན་ལ་ཡིད་ཆེས་ཤིང་གུས་པ་བསྐྱེད་པའི་ཕྱིར་ཁུངས་བཤད་པ་དང་། དེའི་ལག་ལེན་གྱི་རིམ་པ་དངོས་ལ་འཇུག་པའི་ཚུལ་ལོ། །དང་པོ་ནི། གཏོར་མའི་ལག་ལེན་འདི་བཀའ་བསྟན་བཅོས་གང་ནས་གསུངས་སྙམ་ན། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་གསུངས་ལ། དེ་ཡང་འདུལ་བ་ནས་གཙང་སྦྲ་ལེགས་པར་བྱ་བ་དང་། བདེན་པ་བདར་བ་དང་། ཆོས་བཤད་པར་གསུངས། མདོ་སྡེ་ནས་སྔགས་དང་ཕྱག་རྒྱས་འབུལ་བར་གསུངས། མངོན་པ་ནས་མགྲོན་གྱི་བྱེ་བྲག་ཏུ་བྱ་ཐབས་གསུངས། རྒྱུད་སྡེ་བཞི་ནས་གསུངས་ཚུལ་ནི། བདེ་མཆོག་དགྱེས་རྡོར་གསང་འདུས་སོགས་ནས་སྔགས་ཀྱིས་འབུལ་བར་གསུངས། རྒྱུད་སྡེ་འོག་མ་གསུམ་གྱི་ལ་ལར་སྔགས་དང་ཕྱག་རྒྱས་འབུལ་བར་གསུངས་ཤིང་། ལ་ལར་ཏིང་ངེ་འཛིན་གྱིས་འབུལ་བ་གཙོ་བོར་བསྟན་ནོ། །བསྟན་བཅོས་ལས་ཀྱང་གསུངས་ཏེ་སྤྱན་རས་གཟིགས།


DLL1006_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས། ཕྱག་རྡོར་སོགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་དག་གི་རྗེས་སུ་ཞུགས་པའི་ས་ར་ཧ་དང་། མགོན་པོ་ཀླུ་སྒྲུབ་ལ་སོགས་པའི་གྲུབ་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་རྣམས་ལས་གཏོར་མའི་ལག་ལེན་གསལ་བར་གསུངས་པའི་ཕྱིར། དེས་ན་བཀའ་བསྟན་བཅོས་གཉིས་ཀ་ནས་གསུངས་ཀྱང་། གཟུངས་སྔགས་གཟི་བརྗིད་ཚད་མེད་པ་འདི་སངས་རྒྱས་ཀྱི་བཀའ་ཡིན་ལ། དེ་ཡང་ཞལ་ནས་གསུངས་པ་དང་། རྗེས་སུ་སྣང་བ་དང་། བྱིན་གྱིས་བརླབས་པའི་བཀའ་གསུམ་ལས་དང་པོ་ཡིན་ནོ། །འོ་ན་འདི་སྔགས་དང་མཚན་ཉིད་གང་དུ་འདུ་ཞེ་ན། སྔགས་སུ་འདུས་ཤིང་དེ་ཡང་བྱ་རྒྱུད་དུ་འདུས་ཏེ། དེའི་ལུགས་ལ་ཁྲུས་དང་གཙང་སྦྲ་གཙོ་བོར་བྱེད་པས། འདིར་ཡང་དེ་དག་ལ་བརྩོན་པར་བྱའོ། །འོ་ན་འདི་ཞལ་ནས་གསུངས་པའི་བཀའ་ཡིན་ན། དུས་ནམ་གྱི་ཚེ་གསུངས། ཡུལ་གང་དུ་གསུངས། གང་ཟག་སུ་ལ་གསུངས། བརྒྱུད་པ་ཇི་ལྟར་ཡོད་སྙམ་ན། སྔོན་གྲོང་ཁྱེར་སེར་སྐྱའི་ནགས་ཁྲོད་དུ། གཅུང་དགའ་བོ་ཆོས་ཡིད་ལ་བྱེད་ཅིང་ཡོད་པའི་དྲུང་དུ་ནམ་གྱི་ཆ་སྨད་ལ། ཡི་དྭགས་ཁ་ལ་མེ་འབར་བ་འཇིགས་ཤིང་སྐྱི་གཡའ་བ་ཞིག་བྱུང་ནས། ཁྱོད་ད་སྟེ་ཞག་བདུན་ནས་འཆི་བ་ཡོད། ངའི་ཟས་སྐལ་ཡིན་ཟེར་བས། དགའ་བོ་ཤིན་ཏུ་བྲེད་ནས་བཅོམ་ལྡན་འདས་ལ་ཞུས་པས། སྟོན་པས་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་གཏོར་མ་འདི་གསུངས་ནས། དགའ་བོས་གཏོར་མ་བཏང་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་ཏེ། ཡོན་ཏན་


DLL1006_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བརྙེས་པར་གསུངས་སོ། །གཅུང་དགའ་བོས་དགེ་སློང་མ་དགའ་མོ་ལ་གནང་། དེས་དགེ་སློང་མ་གྲགས་འཛིན་མ་ལ། དེས་དགེ་སློང་མ་ཉེ་གནས་མ་ལ། དེས་དགྲ་བཅོམ་པ་ལ། དེས་རྣལ་འབྱོར་པ་ཨ་ནནྟ་བཛྲ་ལ། དས་རྡོ་རྗེ་གདན་པ་ལ། དེས་གསེར་གླིང་པ་ལ། དེས་ཇོ་བོ་ལ། དེས་དགེ་བཤེས་སྟོན་པ་ལ། དེས་པོ་ཏོ་བ་ལ། དེས་ཤ་ར་བ་ལ་སོགས་པར་གསུངས། དེ་ནས་བཟུངས་དིང་སང་གི་དགེ་བའི་བཤེས་གཉེན་གྱི་བར་དུ་མ་ཆད་པར་བརྒྱུད་དོ། ། གཉིས་པ་གཏོར་མའི་ལག་ལེན་དངོས་ལ་འཇུག་ཚུལ་ལ། གཏོར་མའི་ངོ་བོ། དབྱེ་བ། ངེས་ཚིག །རྟེན་གྱི་གང་ཟག །མགྲོན་གྱི་དབྱེ་བ། གཏོང་བའི་དུས། གཏོར་མའི་རྫས་བྱིན་གྱིས་བརླབ་པ། ཇི་ལྟར་འཐོབ་ཚུལ། འཁོར་གསུམ་མི་དམིགས་པར་བསྔོ་བ། ལམ་གྱི་ཉམས་ལེན་གྱི་གནད་ཀུན་ཚང་བ། དམ་ཚིག །ཕན་ཡོན་བཤད་པའོ། །དང་པོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པའི་རང་བཞིན་ཆོས་ཀྱི་དབྱིངས་དང་། ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པའི་རང་བཞིན་རིག་པ་ཡེ་ཤེས་ཀྱིས་མཚོན་པ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་སུ་མེད་པ་གཏོར་མའི་ངོ་བོ་ཡིན་ནོ། །གཉིས་པ་གཏོར་མའི་དབྱེ་བ་ནི། སྤྱིར་གཏོར་མ་ལ། ཕྱིའི་གཏོར་མ། ནང་གི་གཏོར་མ། གསང་བའི་གཏོར་མ། དོན་གྱི་གཏོར་མ། བསམ་གཏན་གྱི་གཏོར་མ། མཚོན་པའི་གཏོར་མ་དང་དྲུག་ལས་འདི་ནི། དང་པོ་ཡིན་ནོ། །གསུམ་པ་ནི། ཅིའི་


DLL1006_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཏོར་མ་ཞེས་བྱ་ཞེ་ན། སེམས་ལ་འཛིན་ཆགས་མེད་པར་གཏོང་བས་ན་གཏོར་ཞེས་བྱ་ལ། མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཁྱབ་པས་ན་མ་ཞེས་བྱའོ། །དེ་ལྟར་ཡང་སློབ་དཔོན་པདྨས། མི་འཛིན་གཏོང་བས་གཏོར་ཞེས་བྱ། །ཡོངས་ལ་ཁྱབ་པས་མ་ཞེས་བྱ། །ཞེས་གསུངས་པའི་ཕྱིར། བཞི་པ་གཏོང་བའི་གང་ཟག་ནི། གཟུངས་ལས་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས་ཚིག་ཟིན་ལ་གསུངས་པ་མཚོན་བྱེད་ཡིན་པས། དགེ་སློང་ནས་དགེ་བསྙེན་མའི་བར་གྱི་སྡོམ་ལྡན་གྱིས་བཏང་ན་བསོད་ནམས་གཞན་ལས་ཆེ་བ་ལ་དགོངས་ལ། ཁྱིམ་པ་ལ་སོགས་པ་གང་ཟག་ཕལ་པ་རྣམས་ཀྱིས་ཀྱང་གཏོང་དུ་རུང་བར་གསུངས། དེ་ཡང་དབང་པོ་རབ་ཀྱིས་གཏོར་མ་གཞི་གཅིག་ལས་མེད་ཀྱང་། མགྲོན་སོ་སོའི་སྤྱན་ལམ་དུ་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་ནུས་ལ། དེ་མེད་ཀྱང་ཏིང་ངེ་འཛིན་གསལ་ཞིང་སྔགས་དང་ཕྱག་རྒྱ་དང་ཆོ་ག་ནོར་འཁྲུལ་མེད་པས་བྱིན་གྱིས་བརླབས་ནས་བདུད་རྩིར་བསྒྱུར་ནུས་པས། གང་ཟག་སུས་གཏོང་ཡང་དེ་དག་ལ་འབད་པར་བྱའོ། །ལྔ་པ་མགྲོན་གྱི་དབྱེ་བ་ནི། བསྡུས་ན་མཆོད་ཡུལ་དང་སྦྱིན་གནས་གཉིས་སུ་འདུ། ཅུང་ཟད་ཕྱེ་ན། དཀོན་མཆོག་སྲི་ཞུའི་མགྲོན། དཔལ་མགོན་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། གདོན་བགེགས་ལན་ཆགས་ཀྱི་མགྲོན་དང་བཞིར་ཡོད། རྒྱས་པར་ཕྱེ་ན་མགྲོན་ཚན་བཅུ་གཅིག་ཏུ་ཡོད་པ་ལས། དང་པོ་བླ་མ་དཀོན་མཆོག་གསུམ་ཡི་དམ་ཉན་རང་ཐམས་ཅད་འདུས་པ་ལ་འབུལ་བ་ཡིན། གཉིས་པ་སྔོན་བྱ་རྒོད་ཕུང་པོ་


DLL1006_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་སྟོན་པའི་སྤྱན་སྔར་ལ་ལས་སེམས་བསྐྱེད། ལ་ལས་དགེ་བསྙེན་བླངས་ནས། ཨརྒྷཾ་ལ་སོགས་པ་མཆོད་རྫས་གཙང་མ་གསོལ་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཁས་བླངས་པ། འཕགས་པའི་ས་ལ་གནས་པའི་མཁའ་འགྲོ་སྡེ་ལྔ། འཇིག་རྟེན་པའི་ཚུལ་བཟུངས་ནས་སེམས་ཅན་གྱི་དོན་མཛད་པ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དང་། གཞན་ཡང་། དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་འབུལ། གསུམ་པ་དཀའ་ཐུབ་དང་སྡོམ་པ་ལ་གནས་པ་མངོན་ཤེས་ལྔ་དང་ལྡན་པ། རིགས་སྔགས་འཆང་བ། མཆོད་སྦྱིན་བྱེད་པ། དམོད་པ་འདོར་བ། ཕན་འདོགས་ནུས་པ། སྨོན་ལམ་གྲུབ་པའི་དྲང་སྲོང་རྣམས་དང་། མི་སྦྱིན་སོགས་དྲང་སྲོང་གི་མཆོག་བརྒྱད་ལ་འབུལ་ལོ། །བཞི་པ་ལྷན་ཅིག་སྐྱེས་པའི་ལྷ་དང་། ཛམ་ལྷ་སོགས་ནོར་ལྷ་རྣམས་ལ་འབུལ། དེ་ཡང་གང་ཟག་བསོད་ནམས་ཆེ་བ་ལྷན་ཅིག་སྐྱེས་པའི་ལྷ་མང་། འདྲེ་ཉུང་། བསོད་ནམས་ཆུང་བ་དེ་ལས་གོ་བཟློག་པའོ། །མདོར་ན་རང་གི་བསོད་ནམས་ལས་གྲུབ་པའི་ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ་ལྔ་ཡོད་དེ། འཚོ་བའི་ལྷ། སྲུང་བའི་ལྷ། སྐྱོབ་པའི་ལྷ། འགྲོགས་པའི་ལྷ། འགོ་བའི་ལྷ་དང་ལྔ་ཡོད་དོ། །དེའི་དང་པོ་ནི། ཡུལ་ལྷའོ། །གཉིས་པ་ནི། སྲོག་ལྷ་སྟེ་འཇིག་རྟེན་པ་ལ་བདུད་བཙན་སོགས་དང་། ཆོས་པ་ལ་ལྷ་མགོན་སོགས་


DLL1006_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གསུམ་པ་ནི། འཇིག་རྟེན་པ་ལ་དགྲ་ལྷ་སོགས་དང་། ཆོས་པ་ལ་ཆོས་སྐྱོང་སོགས་སོ། །བཞི་པ་ནི། མོ་སྨན་དང་མོ་ལྷ་སྟེ་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་སྙིང་ཉེ་བར་སྐྱོབ་པའི་མོ་ཕྱོགས་ཙམ་ཡིན་ནོ། །ལྔ་པ་ནི། ཕོ་ལྷ་སྟེ་འཇིག་རྟེན་པ་ལ་ཕ་མེས་ནས་དང་། ཆོས་པ་ལ་བླ་མ་བརྒྱུད་པ་ནས་འགོ་བའི་ལྷའོ། །དེ་དག་གིས་ལུས་ཀྱི་གཟི་བརྗིད་སྒྲུབ་པ་ཡིན་པས། དེ་དག་ལ་གཏོར་མ་ཕུལ་ན་བར་ཆད་སེལ་ཞིང་བསམ་པ་ཐམས་ཅད་སྒྲུབ་བོ། །ལྔ་པ་གནས་བདག །གཞི་བདག །ཡུལ་བདག་རྣམས་ལ་འབུལ། དེ་ཡང་གནས་བདག་ནི། བཙན་དང་རྒྱལ་པོ་ལ་སོགས་པའོ། །གཞི་བདག་ནི། སྐྱེ་བོ་འདུ་ས་དང་། ཆོས་འཆད་ས་དང་། ཀུན་དགའ་ར་བ་རྣམས་ན་ཐུགས་རྗེ་ཀུན་ཏུ་སྣང་བའི་བློ་གྲོས་ཞེས་བྱ་བ་ཡོད་པར་གསུངས། གྲོང་དང་གྲོང་ཁྱེར་རྣམས་ན་བསོད་ནམས་དགེ་བའི་བློ་གྲོས་ཞེས་བྱ་བ་དང་། ཁྱིམ་རེ་རེ་ན་ཀུན་ཏུ་སྣང་བ་ཞེས་བྱ་བ་ཡོད་པར་གསུངས་སོ། །ཡུལ་བདག་ནི། འཇིག་རྟེན་པ་ལ་མངའ་སྒྱུར་ཞིང་། མཐུན་རྐྱེན་སྒྲུབ་པ་རྣམས་སོ། །དྲུག་པ་གནོད་སྦྱིན་རྣམས་ལ་འབུལ་ལོ། །འོ་ན་དེ་དག་སྡེ་བརྒྱད་ཀྱི་ཁོངས་སུ་འདུས་སམ་མ་འདུས། སྡེ་བརྒྱད་གང་དང་གང་ཡིན་སྙམ་ན། ལྷ་འདྲེ་སྟོང་རའི་རྗེས་འབྲངས་ན། བཙན། བདུད། རྒྱལ་པོ། མ་མོ། སྲིན་པོ། གཟའ། དམུ། གནོད་སྦྱིན་རྣམས་ཡིན་ཏེ། འཇིག་རྟེན་པ་ལ་གྲགས་པ་སྡེ་བརྒྱད་དོ། །བྱ་རྒྱུད་པའི་ལུགས་ལ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ནི་ལྷ་མ་ཡིན། །


DLL1006_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ལྡིང་དང་མིའམ་ཅི། །ལྷོ་འཕྱེ་ཆེན་པོ་ལ་སོགས་པ། །ཞེས་གསུངས་པས། ཁྱད་པར་ཅན་གྱི་སྡེ་བརྒྱད་དོ། །དེ་རྣམས་ལ་སངས་རྒྱས་ཀྱི་ཞལ་གཟིགས་ཤིང་ཆོས་སྐྱོང་མཛད་པ་ཡང་ཡོད། སངས་རྒྱས་མ་མཐོང་ཞིང་གནོད་པ་བྱེད་པ་ཡང་ཡོད་དོ། །བདུན་པ་གདོན་བགེགས། བརྒྱད་པ་རིགས་དྲུག །དགུ་པ་ཡི་དྭགས། བཅུ་པ་ལན་ཆགས། བཅུ་གཅིག་པ་འབྱུང་པོ་གློ་བུར་དུ་ལྷགས་པ་རྣམས་ལ་འབུལ་བ་ཡིན་ཏེ། དཔེར་ན། སྟོན་མོ་བྱས་པའི་རྗེས་སུ་ངས་མ་སླེབས་པའི་སྐལ་བ་ཆད་ང་ལ་དགོས་ཟེར་བ་ལྟ་བུ་ཡོད་པས་སོ། །དེ་ཡང་སྲི་ཞུའི་མགྲོན་རྣམས་ལ་རྒྱལ་པོ་ལ་དཔྱ་འབུལ་བའི་ཚུལ་དུ་བསྔོ། ཡོན་ཏན་གྱི་མགྲོན་རྣམས་ལ་རང་དང་མཉམ་པའི་གྲོགས་ལ་མགྲོན་བྱེད་པའི་ཚུལ་དུ་བསྔོ། སྙིང་རྗེའི་མགྲོན་རྣམས་ལ་སྟོན་མོའི་ཚུལ་དུ་བསྔོ། ལན་ཆགས་ཀྱི་མགྲོན་རྣམས་ལ་བུ་ལོན་ཞུ་འཇལ་བྱེད་པའི་ཚུལ་དུ་བསྔོ། མགྲོན་དང་པོ་ལ་དེ་ལྟར་བསྔོས་པས་ཚོགས་རྒྱ་ཆེན་པོ་རྫོགས་ཤིང་ཐུགས་རྗེས་སྐྱོབ་པར་འགྱུར། གཉིས་པ་ལ་དེ་ལྟར་བསྔོས་པས་ཕན་པ་སྒྲུབ་ཅིང་བར་ཆད་སྲུང་བར་འགྱུར། གསུམ་པ་ལ་དེ་ལྟར་བསྔོས་པས་གཞན་དོན་འགྲུབ་ཅིང་ཐེག་ཆེན་པར་འགྱུར། བཞི་པ་ལ་དེ་ལྟར་བསྔོས་པས་ཤ་འཁོན་བྱང་ཞིང་ཕྱིས་གནོད་པ་མི་བྱེད་པར་འགྱུར་རོ། ། དྲུག་པ་གཏོར་མ་གཏོང་བའི་དུས་ནི། སློབ་དཔོན་པདྨས་ཉ་སྟོང་བརྒྱད་ཉི་ཤུ་གཉིས་དང་བཞིའོ། །ཡང་གཙང་རིས་མགོན་པོའི་གཏོར་མ་ཉིན་མོ།


DLL1006_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ལྕམ་དྲལ་གྱི་གཏོར་མ་ཐོ་རེངས། འབྱུང་པོའི་གཏོར་མ་ནུབ་མོ། རིགས་དྲུག་གི་གཏོར་མ་ངེས་མེད་དུ་གཏོང་། ཡི་དྭགས་ལ་དགོང་མོ་གཏོང་སྟེ། ཡི་དྭགས་དགོངས་མོ་རྒྱུ་བས་སོ། །ཞེས་གསུངས། ས་ར་ཧ་དང་ཨཱརྱ་དེ་བའི་ཞལ་ནས། ཛམྦུ་གླིང་དུ་ཉི་མ་ཤར་བའི་དུས་བཀྲ་ཤིས་པའི་དུས་ཡིན་པས། དེ་དུས་བཏང་ན་ཚོགས་ཤིན་ཏུ་ཆེ་བར་གསུངས། རྒྱ་གར་སུ་རཱུ་པའི་ཞལ་ནས། ཟས་ཀྱི་གོང་སྨྱུང་བར་གནས་པ་ཞིག་གིས་བཏང་ན་ཚོགས་ཆེ་གསུངས། ལྕེ་སྒོམ་གྱི་ཞལ་ནས། ཉི་མ་ཕྱེད་ཡན་ཆད་ལ་ཡི་དྭགས་བྲམ་ཟེའི་རིགས་ས་འཚོལ་ཞིང་ཕྱི་དྲོ་རྙེད་ཀྱང་མི་ཟ་བས་སྔ་དྲོ་གཏོང་། ཉི་མ་ཕྱེད་ཡོལ་ནས་མ་རྒས་བར་ལ་ཡི་དྭགས་ཁ་བ་བུ་ཡུག་འཚུབས་པ་ཙམ་ཟས་འཚོ་བས་དེའི་དུས་སུ་བཏང་གསུངས། རང་ལུགས་ནི། ཇོ་བོའི་ཞལ་ནས། དཔེར་ན་མི་ལྟོགས་པ་ལ་ཟས་ནམ་བྱིན་ཀྱང་ཚོགས་ཆེ་ཞེས་གསུངས་པས། ངེས་མེད་དུ་རྟག་ཏུ་མ་ཆག་པར་གཏོང་བ་གལ་ཆེའོ། །བདུན་པ་གཏོར་མའི་རྫས་བཤད་པ་ལ། སྣོད་དང་། རྒྱུ་དང་། ཆེ་ཆུང་གི་ཚད་དང་། བཤམ་པའི་ཐབས་དང་བཞི་ལས། དང་པོ་ནི། ཐོད་ཕོར། ལྕགས་ཕོར། ལྕགས་གཟེར་ཅན། ཁ་ཆག །ཞབས་རྡོལ། ཆུང་ཞིང་མ་དག་པ་རྣམས་མི་རུང་སྟེ། ཐོད་ཕོར་ལ་ནི། ཡི་དྭགས་ཕྲ་མོ་རྣམས་སྐྲག་ཅིང་གཙང་སྦྲ་ཅན་རྣམས་འཁོར་དུ་མི་འདོད། ལྕགས་ནི། དྲག་པོའི་རྫས་མཚོན་


DLL1006_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་རྒྱུ་ཡིན་པས་གོ་མཚོན་སོགས་སུ་མཐོང་ནས་ཡི་དྭགས་རྣམས་སྐྲག་པར་འགྱུར་ལ། ཁ་ཆག་ཞབས་རྡོལ་ནི། མི་ཤི་བའི་སྣོད་ཡིན་པས་བྱིན་རླབས་མི་འཆགས། སྣོད་ཆུང་བས་ཡི་དྭགས་སོགས་ཀྱི་མིག་མི་ཁེངས། སྣོད་མ་དག་པས་གཙང་སྦྲ་ཅན་ལ་དུག་ཏུ་འགྱུར་རོ། །དེས་ན་སློབ་དཔོན་པདྨས་ཕྱིའི་གཏོར་མའི་སྣོད་རིན་པོ་ཆེ་ལྔ་ཞེས་གསུངས་པས། གསེར་སོགས་ལས་བྱས་པའམ་མ་འབྱོར་ན་ཟངས་དང་རྫ་ལ་སོགས་པ་ལ་བྱའོ། །དེ་ཡང་ཆེ་བ་ལ་ཚད་ངེས་པ་མེད་ལ། ཆུང་བ་ལ་ཆུ་ཕུལ་གང་ལས་མི་ཞན་པ་ཤོང་དགོས་སོ། །ལྕེ་སྒོམ་པའི་ཞལ་ནས། སྣོད་རིན་པོ་ཆེ་ལས་བྱས་ན་བྱིན་རླབས་མི་དགོས་གསུངས། རིན་པོ་ཆེ་ལྔ་གང་ཞེ་ན། བདེ་མཆོག་གི་རྒྱུད་ཕྱི་མ་ལས། རྒྱལ་པོ་ལྟ་བུའི་འབྱོར་པ་རབ་ཀྱི་རིན་པོ་ཆེ་ལྔ་ནི། གསེར། དངུལ། མན་ཤེལ། སྤུག །མུ་མེན་ནོ། །བློན་པོ་ལྟ་བུའི་འབྱོར་པ་འབྲིང་གི་རིན་པོ་ཆེ་ལྔ་ནི། རྒྱུ་སྲོག་ཆགས་ལས་བྱུང་བའི་མུ་ཏིག །བྱུ་རུ། བ་སོ། དུང་། ཉ་ལྕིབས་སོ། །དམངས་ལྟ་བུའི་འབྱོར་པ་ཆུང་ངུའི་རིན་པོ་ཆེ་ལྔ་ནི། ཟངས། ལྕགས། ར་གན། འཁར་བ། ཞ་ཉེའོ། །ཞེས་གསུངས་པ་ལས་འདིར་ནི། དང་པོ་ལྔའོ། །ཁ་ཅིག །གཏོར་མའི་སྣོད་ལ་དུང་ཕོར་སོགས་རུང་ལ། རྭ་ཕོར་བསེ་ཕོར་སོགས་མི་རུང་སྟེ། སྲོག་ཆགས་ལས་གྱུར་པས་སོ་ཞེས་གསུངས་ནའང་རྒྱུ་མཚན་མི་མཚུངས་སམ་སྙམ་མོ། །གཉིས་པ་ནི། ཤ་ཆང་ལ་ཕུག་སྒོག་བཙོང་སོགས་མི་རུང་སྟེ། དེ་དག་ནི། དྲི་ཚོར་བ་ཙམ་གྱིས་མགྲོན་གཙང་སྦྲ་ཅན་


DLL1006_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འབྲོས་པར་འགྱུར་རོ། །དེས་ན་དཀར་གསུམ། མངར་གསུམ། འབྲུའི་དངོས་པོ། ཕྱེ། ཟན། རིན་པོ་ཆེ། མེ་ཏོག་སྣ་ཚོགས། ཆུ་གཙང་མ་རྣམས་སོ། །དཀར་གསུམ་ནི། འོ་མ། ཞོ། མར་རོ། །མངར་གསུམ་ནི། བུ་རམ། ཀ་ར། སྦྲང་རྩིའོ། །གསུམ་པ་ནི། རང་གི་ནུས་པས་བློས་འཁྱུད་ཙམ་བྱ་སྟེ། བཟའ་བ་ནི། རི་རབ་ཙམ། བཏུང་བ་ནི། རྒྱ་མཚོ་ཙམ་སྤྲུལ་ལོ། །འབྱོར་པ་ཆུང་ན་འབྲས་རྡོག་མ་བདུན་དང་ཟན་ཁམ་གཅིག་དང་ཆུ་ཕུལ་གང་ཙམ་ལ་ཡང་གཏོང་བར་གསུངས་སོ། །ལྕེ་སྒོམ་གྱི་ཞལ་ནས་འབྱོར་པ་མེད་ན་ནས་འབྲུ་རེ་ལ་ཡང་གཏང་བཏུབ་གསུང་། སྣོད་དུ་ཆུ་མེད་པར་སྐམ་གཏོར་བྱར་མི་རུང་སྟེ། སངས་རྒྱས་ཀྱིས་སྣོད་གཙང་མ་ཆུ་དང་བཅས་པ་ཞེས་གསུངས་པས་སོ། །གཏོར་ཟན་སླ་མོ་མི་རུང་ཞིང་རང་ཟ་ཉན་པ་ཙམ་བྱ། གཏོར་མ་མཐེབ་སྐྱུ་མི་བྱ་སྟེ། ཇོ་བོའི་ཞལ་ནས། བོད་ལ་ཕྱུག་པོ་མི་ཡོང་གཏོར་མ་ཟན་སླ་མོ་དང་གཏོར་མ་མཐེབ་སྐྱུ་བྱེད་པར་འདུག་གསུང་སྐད། གཏོར་ཟན་ལ་དྲི་མས་མ་གོས་པ་བྱ་སྟེ། གཏོར་མ་དྲི་མ་ཅན་ལ་ཆོས་སྐྱོང་མི་འཁོར། རང་ལ་འགོ་བའི་ནད་ལྡང་། ཏིང་ངེ་འཛིན་མི་གསལ་བས་སོ། །བཞི་པ་ལ། བརྒྱ་རྩ་སོགས་ཀྱི་ལག་ལེན་དང་། གཤམ་ཚུལ་ལོ། །དང་པོ་ནི། འཕགས་ཡུལ་ནས་བསྒྱུར་བའི་བཀའ་དང་བསྟན་བཅོས་རྣམས་སུ། གཏོར་མ་ཆ་གསུམ་དང་ཆ་བཞི་ལ་སོགས་པ་ཙམ་མ་གཏོགས། བརྒྱ་རྩ་སོགས་ཀྱི་ལག་ལེན་གསལ་བར་གསུངས་པ་མི་སྣང་ཡང་། གངས་ཅན་དུ་བྱོན་པའི་མཁས་གྲུབ་སྔ་མ་རྣམས་ཀྱི་ཕྱག་ལེན་ཡིན་པས་ཡིད་ཆེས་པའི་གནས་སོ། །འདི་ལ་


DLL1006_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མི་འདྲ་བ་མང་ཡང་། རང་ལུགས་ནི། ཟན་གསུམ་ཚན་གསུམ་དང་ཉིས་ཚན་གཉིས་སུ་བགོས་ལ། དེ་རེ་རེ་ལའང་བཅུ་བཅུར་བྱས་ནས། སྣོད་ལྔར་གཉིས་གཉིས་ཆུ་དང་བཅས་ཏེ་མགྲོན་བཅུ་གཅིག་ལ་རིམ་པ་བཞིན་དུ་ཕུལ་བས། བརྒྱ་རྩ་ལྷག་གཏོར་དང་བཅས་པ་འགྲོའོ། །ཡང་ན་ཟན་གསུམ་ཚན་གསུམ་དང་ཉིས་ཚན་གཉིས་སུ་བགོས་ལ། ཆ་གཅིག་ལ་ལྷ་བཤོས་བྱ། ཆ་གཅིག་བཅུར་བགོས་ཏེ། ཐོག་མར་གཞི་བདག་ལ་ཕུལ་ནས་འཕྲིན་ལས་བཅོལ། ལྷག་མ་བཅུ་གཅིག་སྔར་ལྟར་བྱ། དེས་སྟོང་རྩ་སོགས་ལའང་ཤེས་པར་བྱའོ། །དེ་དག་རྣམས་ལ་ཟན་གྲངས་དང་མཉམ་པའི་སྐྱབས་འགྲོ་སེམས་བསྐྱེད་གཟུངས་སྔགས་སོགས་དགོས་སོ། །དེ་ལྟར་བྱས་ན་གཏོར་མ་འབུམ་རྒྱས་པ་གཅིག་ལ་སྐྱབས་འགྲོ་སོགས་འབུམ་ཕྲག་རེ་འགྲོ་དགོས་པས་བསྒྲུབ་དཀའ་བའི་ཕྱིར། ལྕེ་སྒོམ་གྱི་ཞལ་ནས། གང་ཟག་ཐ་མལ་པས་ཉི་མ་རེ་ལ་གཏོར་མ་སྟོང་རྫོགས་ན་རྩེ་ཕུལ་དུ་ཡོང་ཞེས་གསུངས། དེས་ན་དིང་སང་གི་ལག་ལེན་བྱེད་པ་རྣམས་མོས་པ་ཡིད་བྱེད་དང་བསྟུན་ནས། འབྲིང་དང་བསྡུས་པ་སོགས་སུ་ཁས་ལེན་ན་ལེགས་སམ་སྙམ་མོ། །གཉིས་པ་ནི། སྟེགས་དང་བཅས་པ་ལ་སྣོད་དང་རྒྱུ་གཙང་མ་དང་། ཆུ་ཁེངས་པ་དང་། མཐོང་བ་དང་། བརྡ་སྦྱར་བ་དང་། མི་བསྒུལ་བར་གཏོང་དགོས་ཏེ། སྟེགས་མེད་ན་བསྔོས་པས་ཚིམ་པ་མ་གཏོགས་ཡི་དྭགས་གཞན་གྱིས་མི་འཐོབ། སྣོད་མེད་ན་བརྙས་པར་འགྲོ། གཙང་སར་མ་བཏང་ན་གཙང་སྦྲ་ཅན་ལ་དུག་ཏུ་འགྱུར། ཆུ་མེད་ན་སྐམ་ས་ལ་ས་བོན་བཏབ་པ་དང་འདྲ། མ་ཁེངས་ན་མི་ལྟོགས་སླ་ཅན་ལ་ཟས་མི་འགྲངས་པ་སྦྱིན་


DLL1006_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲ། མ་མཐོང་བར་སྦྱིན་ན་འབེན་མ་མཐོང་བར་མདའ་རྡེག་པ་དང་འདྲ། བརྡ་མ་སྦྱར་བར་སྦྱིན་ན་ལ་ལས་འཐོབ། ལ་ལའི་སྐལ་བ་འཆད། ཆུས་སྦྱངས་ནས་བསྒུལ་ན་བར་ཆད་འོང་ཞིང་ཉེས་པ་ཆེ་བས་སོ། །རྩར་སྣོད་སྟོང་མི་འཇོག་སྟེ། དེའང་རེ་བས་སོ། ། ཁ་ཅིག །འབོ་ཞིང་ལུད་ཅིང་གཏོང་དགོས་ཏེ། དེ་ལའང་རེ་བ་ཡོད་པས་ཆུད་ཟོས་མིན་གསུང་། སློབ་དཔོན་པདྨས། གཏོར་མའི་སྤྱོད་ལམ་ནི། བོ་བ་དང་ཟགས་པ་སོགས་མེད་པས་སོ། །ཞེས་གསུངས་པ་ནི། ནང་གཏོར་གྱི་དབང་དུ་མཛད་ལ། འདིར་ཕྱི་གཏོར་གྱི་རྗེས་སུ་འབྲང་བས་དེ་གཉིས་མི་འགལ་བར་ཤེས་པར་བྱའོ། །བཤམས་ནས་སྟོང་ཧ་རེ་མི་འཇོག་པ་ཡིན་གསུང་། ལྕེ་སྒོམ་པའི་ཞལ་ནས། དང་པོ་བཤམ་ཙ་ན་ཡ་ཡོ་མེད་པ་དང་། གཅིག་ལ་གཅིག་མ་རེག་པར་བཤམ་པར་བྱའོ། །ཡོན་པོར་བཤམས་ན་ཡི་དྭགས་བློ་མི་བདེ་བས། སྒྲུབ་པ་པོ་ཡང་བློ་སྐྱོག་པ་འོང་བ་ཡིན་གསུང་། བརྒྱད་པ་ནི། བཤམས་མ་ཐག་ཏུ་བྱིན་རླབས་བྱ་དགོས་ཏེ། དེ་ལྟ་མིན་ན་བཤམས་ནས་མ་བསྔོས་བར་དེར་མི་མ་ཡིན་གཞན་གྱིས་འཁྱེར་བ་ཡོད་པས་སོ། །དེའི་རྒྱུ་མཚན་ཡང་ལྕེ་སྒོམ་པའི་ཞལ་ནས། ཆོས་སྐྱོང་གི་གཏོར་མ་གནས་སུ་འཁྱོལ་བ་ལ་སྒོམ་ཆེན་གྲུང་པོ་དགོས། ཕལ་ཆེར་འདྲེས་ཁྱེར་བ་མང་གསུང་། བླ་མ་རྡོ་རྗེ་གདན་པས་གཏོར་མ་བཤམས་ནས་བསྔོ་ལོང་མ་བྱུང་བར་ཨེན་ཙམ་ལོན་ནས་བསྔོས་པས། མགྲོན་མངོན་སུམ་དུ་བྱུང་ནས་ཁྱེད་ཀྱི་དེ་ང་མི་འདོད། གཞན་གྱིས་ཟོས་ཟིན་ཟེར་སྐད་དོ། །དེས་ན་གཏོར་མ་བཅོས་ནས་འཇོག་པའི་ཚེ་བསང་ཆུ་གཏོར་ནས་སྲུང་བའམ་སྲུང་འཁོར་བསྒོམས་ནས་གཞག་པར་བྱའོ། །དེ་ན་བྱིན་རླབས་བྱ་ཚུལ་ནི། སྐྱབས་སུ་


DLL1006_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ། སེམས་བསྐྱེད་པ། ལྷ་སྒོམ་པ། མགྲོན་སྤྱན་དྲང་བ། གཟུངས་སྔག་བཟླ་བ། སངས་རྒྱས་བཞིའི་མཚན་བརྗོད་པའོ། །དང་པོ་ལ། སྐྱབས་འགྲོའི་རྒྱུ། སྐྱབས་འགྲོའི་ཡུལ། སྐྱབས་སུ་འོས་པའི་ཚུལ། སྐྱབས་འགྲོའི་བསླབ་བྱ་ལ་སློབ་པ་རྣམས། རྗེའི་ལམ་རིམ་སོགས་གཞན་ལས་ཤེས་དགོས་སོ། །སྐྱབས་འགྲོ་ལ་གཉིས་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པས་སོ། །གཉིས་པ་ལ། རྒྱུ་འབྲས་མན་ངག་བདུན་མ་དང་། བདག་གཞན་བརྗེ་བའི་སྒོ་ནས་སེམས་བསྐྱེད་ཚུལ་ཏེ་གཞན་ལས་ཤེས་དགོས་སོ། །དེས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་གཏོར་མ་གཏང་སྙམ་དུ་སྨོན་པའི་སེམས་བསྐྱེད། སྨོན་པ་བཞིན་དུ་གཏོར་མ་གཏོང་བ་ལ་འཇུག་པའི་འཇུག་སེམས་བསྐྱེད་དོ། །ངག་ཏུ་སངས་རྒྱས་ཆོས་ཚོགས་མ་བྱེད། གཞན་ཡང་བྱམས་པ་ཚད་མེད་བུ་གཅིག་པའི་མ་ལྟ་བུ། སྙིང་རྗེ་ཚད་མེད་སྨན་པའི་རྒྱལ་པོ་ལྟ་བུ། དགའ་བ་ཚད་མེད་མཐུན་གྲོགས་པོ་དང་འཕྲད་པ་ལྟ་བུ། བཏང་སྙོམས་ཚད་མེད་ནམ་མཁའི་དབྱིངས་ལྟ་བུ། དེ་རྣམས་སྒོམ་ཚུལ་གཞན་ལས་ཤེས་པར་བྱའོ། །གསུམ་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་སྐད་ཅིག་དཀྲོང་བསྐྱེད་ཀྱི་སྒོ་ནས་བསྒོམ་མོ། བཞི་པ་ནི། སྲི་ཞུའི་མགྲོན་གྱི་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཉན་རང་སོགས་ཀྱིས་བསྐོར་བའོ། །ཡོན་ཏན་གྱི་མགྲོན་གྱི་གཙོ་བོ་ཕྱག་ན་རྡོ་རྗེ་ལ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་ཀྱིས་བསྐོར་བ། སྙིང་རྗེའི་མགྲོན་གྱི་གཙོ་བོ


DLL1006_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ལ་རིགས་དྲུག་གི་སེམས་ཅན་རྣམས་ཀྱིས་བསྐོར་བ། ལན་ཆགས་ཀྱི་མགྲོན་གྱི་གཙོ་བོ་དཔལ་རྟ་མགྲིན་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཀྱིས་བསྐོར་བ་སྤྱན་དྲང་ངོ་། །སྤྱན་འདྲེན་པའི་ཚིག་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་གསུངས་པའི། ན་མོ་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། ཌ། ཅེས་སོགས་དང་། གཞན་ཡང་གང་འཐད་ཀྱིས་སོ། །དེ་ལྟར་མགྲོན་བཞི་པོ་རྣམས། སྤྱན་དྲངས་ན་འབྱོན་ལ་མ་དྲངས་ན་མི་འབྱོན་པ། སྤྱན་དྲང་དུ་མི་བཏུབ་པ། སྤྱན་མ་དྲངས་ཀྱང་འབྱོན་པའི་མགྲོན་དང་བཞི་ཡོད་པ་ལས། དང་པོ་ནི། མགྲོན་བཞིའི་དང་པོ་གཉིས་ཡིན་ཏེ། སྤྱན་མ་དྲངས་ན་མི་འབྱོན། སྤྱན་དྲངས་ན་ཐུགས་རྗེ་དང་སྨོན་ལམ་གྱི་མཐུས་མོས་པ་དང་གུས་པ་ཡོད་པའི་སར་ཅིས་ཀྱང་འབྱོན་པས་སོ། ། གཉིས་པ་ནི། ལག་ན་གཞོང་ཐོགས། ལག་རིངས། རི་རྩེ་མཁན། རྟག་མྱོས་རྣམས་ཡིན། དེ་དག་སྤྱན་དྲངས་ཀྱང་འབྱོན་པའི་སྐབས་མེད་དེ། གཞོང་ཐོགས་ནི། རི་རབ་ཀྱི་བང་རིམ་དང་པོ་རྒྱ་མཚོའི་ཆུ་མཚམས་ན་ཡོད་པས། ཕོ་བྲང་ཆུས་ཁྱེར་དོགས་ནས་རྒྱུན་དུ་གཞོང་པས་ཆུ་གཤོ་དགོས་པས་ཡོང་བའི་སྐབས་མེད། ལག་རིངས་ནི། རི་རབ་འགྱེལ་དོགས་ནས་རི་རབ་ལ་འཁྱུད་ནས་སྡོད་དགོས་པས་ཡོང་བའི་སྐབས་མེད། རི་རྩེ་མཁན་ནི། རི་རབ་ཀྱི་རྩེ་ནས་གླིང་བཞིའི་སེམས་ཅན་ལ་དགྲ་བྱུང་དོགས་ནས་བྱ་ར་རྒྱུན་དུ་བྱེད་པས་ཡོང་བའི་སྐབས་མེད། རྟག་མྱོས་ནི། འདོད་ཡོན་ལྔས་དུས་རྒྱུན་དུ་མྱོས་ནས་ཡོང་བའི་སྐབས་མེད་གསུང་། སྤྱན་དྲང་དུ་མི་བཏུབ་པ་ནི།


DLL1006_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་སྟོབས་པོ་ཆེ་དང་། གཏེར་སྲུང་དང་། ས་བདག་ཤྲཱི་པ་ཏྲ་དང་། ཀླུ་ཧཾ་པ་ན་རྣམས་ཡིན། དང་པོ་ནི། རི་རབ་ཀྱི་འོག་ན་ཡོད་པས་རླུང་རྡོ་རྗེ་རྒྱ་གྲམ་གཡས་ནས་སེམས་ཅན་གྱི་གནས་སུ་ས་གཡོ་བ་དང་འཁྲུག་པ་དང་ཡིད་མི་བདེ་བ་སྣ་ཚོགས་འོང་བས་སྤྱན་འདྲེན་མི་བཏུབ། གཉིས་པ་ནི། གཏེར་གྱི་བུམ་པ་གཞན་གྱིས་ཁྱེར་ན་འཇིག་རྟེན་དུ་མུ་གེ་འོང་བས་སྤྱན་དྲང་དུ་མི་བཏུབ། གསུམ་པ་ནི། ལག་ན་ནད་ཀྱི་རྐྱལ་པ་ཐོགས་པས་ཁོ་འོངས་ན་རྐྱལ་པ་ཁ་ཤོར་ནས། འཇིག་རྟེན་དུ་མི་ནད་ཕྱུགས་ནད་འོང་བས་སྤྱན་དྲང་དུ་མི་བཏུབ། བཞི་པ་ནི། དེ་ལ་མཐོང་བའི་དུག་ཡོད་པས་ཁོ་འོངས་ན་ཀླུ་ནད་སྣ་ཚོགས་འོང་བས་སྤྱན་དྲང་དུ་མི་བཏུབ་བོ། །སྤྱན་མ་དྲངས་ཀྱང་འབྱོན་པའི་མགྲོན་ནི། ཡི་དྭགས་མཁའ་ལ་རྒྱུ་བ་དང་བྲམ་ཟེའི་རིགས་དང་དྲི་ཟའི་རིགས་རྣམས་ཡིན་ཏེ། དེ་དག་གཏོར་མ་བཤམས་པ་ཙམ་གྱིས། དཔེར་ན་སྦྲང་མ་སྦྲང་རྩི་ལ་འདུ་བ་བཞིན་དུ་འོང་བས་སོ། ། ལྔ་པ་ནི། བདུད་རྩི་འཁྱིལ་བའི་སྔགས་དང་འབྲུ་གསུམ་དང་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྣམ་བརྗོད་པར་བྱའོ། །དེའི་དང་པོས་སྦྱངས། ཕྱི་མས་བདུད་རྩིར་བྱིན་གྱིས་རློབ་པ་ཡིན་ལ། མདོར་ན་དེ་དག་རྣམས་ཀྱིས་མ་དག་པའི་ཉེས་སྐྱོན་ཐམས་ཅད་དང་། དྲི་མ་ཐམས་ཅད་སྦྱངས་ནས་བདུད་རྩིར་སྒྱུར་བ་དང་། མང་པོར་སྤེལ་བ་དང་། དགོས་འདོད་ཐམས་ཅད་འབྱུང་བ་དང་། གང་འདོད་པའི་རེ་བ་ཐོབ་པ་དང་། ངོམས་ཤིང་ཚིམ་པ་སོགས་བྱེད་དོ། །ལྕེ་སྒོམ་གྱི་ཞལ་ནས། འབྲུ་གསུམ་ལན་གསུམ་བརྗོད་པའི་དང་པོས་ཉེས་སྐྱོན་སྦྱོང་། གཉིས་པས་སྣོད་རིན་པོ་ཆེ་དང་བདུད་རྩིར་བསྒྱུར། གསུམ་པས་མང་པོར་སྤེལ་བ་དང་


DLL1006_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་བསྒྱུར་བའི་ཏིང་ངེ་འཛིན་ཏོ། །བདུད་རྩི་ཐོབ་པར་བྱེད་པ་ལ་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་སོ། །སྔགས་དེ་བསྒྱུར་ན། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་བདུད་རྩི་ཡིས། །འཇིག་རྟེན་ཁམས་ཀྱི་སེམས་ཅན་རྣམས། །སྐྱེ་མེད་བདེ་བའི་མཆོག་གྱུར་ཅིག །ཅེས་པར་འོང་གསུང་། བླ་མ་རྡོ་རྗེ་གདན་པའི་བཞེད་པ་ལ། ཨོཾ་གྱིས་སྣོད་ཀྱི་ཉེས་སྐྱོན་སྦྱོང་། ཨཱཿཡིས་ཟས་ཀྱི་ཉེས་སྐྱོན་སྦྱོང་། ཧཱུཾ་གིས་ཆུ་ཀྱི་ཉེས་སྐྱོན་སྦྱོང་། ཡང་ཨོཾ་གྱིས་སྣོད་རིན་པོ་ཆེར་སྒྱུར། ཨཱཿས་ཟས་རོ་བརྒྱ་པར་བསྒྱུར། ཧཱུཾ་གིས་ཆུ་བདུད་རྩིར་སྒྱུར། ཡང་ཨོཾ་གྱིས་སྣོད་རྒྱ་ཆེན་པོར་སྤེལ། །ཨཱཿ་ས་རྒྱུ་རི་རབ་ཙམ་དུ་སྤེལ། །ཧཱུཾ་གིས་ཆུ་བདུད་རྩིའི་རྒྱ་མཚོར་སྒྱུར་ཏེ་བྱིན་གྱིས་བརླབས་པ་དགུ་ཕྲུགས་སུ་བཞེད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱང་འབྲུ་གསུམ་གཏོར་མའི་བྱིན་རླབས་སུ་བཞེད། ཡང་ཨོཾ་གྱིས་འབྱུང་པོ་དབང་དུ་སྡུད། ཨཱཿཡིས་རྫས་རྣམས་དག་སོགས་བྱ། ཧཱུཾ་གིས་མགྲོན་ལ་ཁྱབ་པར་སྦྱིན། འབྲུ་གསུམ་གཏོར་མའི་དེ་ཉིད་བཤད། །ཅེས་གསུངས། ཡང་ཁ་ཅིག །ཨོཾ་སྐུའི་ས་བོན་ཡིན་པས་ཁ་དོག་གི་ཉེས་པ་སྦྱོང་། ཨཱཿ་གསུང་གི་ས་བོན་ཡིན་པས་སྒྲ་དང་དྲིའི་ཉེས་པ་སྦྱོང་། ཧཱུཾ་ཐུགས་ཀྱི་ས་བོན་ཡིན་པས་རོ་དང་རེག་བྱའི་ཉེས་པ་སྦྱོང་གསུང་། དྲུག་པ་ནི། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་


DLL1006_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །ཞེས་པའོ། །འདི་དག་གིས་ངོས་འཛིན་ལ། ཁ་ཅིག །རིན་ཆེན་མང་རིན་འབྱུང་། གཟུགས་དམ་པ་སུ་རཱུ་པའི་དུས་ཀྱི་གཟུགས་མཛེས། སྐུ་འབྱམས་ཀླས་རྣམ་སྣང་གངས་ཆེན་མཚོ། འཇིགས་བྲལ་དོན་གྲུབ་ཏུ་འདོད། ས་སྐྱ་པ་ནི། བཞི་པོ་དེ་སྔོན་བྱུང་འདས་པའི་དུས་སངས་རྒྱས་པའི་མཚན་བཞི་པོ། སངས་རྒྱས་དབང་ཕྱུག་ཡོན་ཏན་དང་སྤྱན་རས་གཟིགས་ཀྱི་གཟུངས་ནས་ཤཱཀྱ་ཐུབ་པ་ལ་གསུངས་པར་བཞེད་ལ་དེ་རིགས་པས་ཀྱང་འཐད་གསུང་། ཇོ་བོ་ཡབ་སྲས་ནི་རིན་ཆེན་མང་ཤཱཀྱ་ཐུབ་པ། གཟུགས་མཛེས་དམ་པ་སྤྱན་རས་གཟིགས། སྐུ་འབྱམས་ཀླས་འཇམ་དབྱངས། འཇིགས་བྲལ་ཕྱག་རྡོར་ལ་བཞེད། ཕན་ཡོན་ནི། དང་པོ་ལ་ཕྱག་བཙལ་བས་ཡི་དྭགས་ལ་སོགས་པའི་སྐྱེ་བོ་མང་པོའི་སེར་སྣ་ལ་སོགས་པའི་ལས་ངན་པ་བཅོམ་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། ། གཉིས་པ་ལ་ཕྱག་བཙལ་བས་ཡི་དྭགས་ལ་སོགས་པའི་གཟུགས་ངན་པ་སྤངས་ནས་གཟུགས་བཟང་ཞིང་སྟོབས་ཆེ་བ་མཚན་དཔེ་ཕུན་སུམ་ཚོགས་པར་འགྱུར་རོ། །གསུམ་པ་ལ་ཕྱག་བཙལ་བས་ཡི་དྭགས་ལ་སོགས་ལུས་ཀྱི་ན་ཚ་བཅོམ་ནས་རོ་བོ་བ་དང་། ཆོག་ཤེས་པར་འགྱུར་རོ། །བཞི་པ་ལ་ཕྱག་བཙལ་བས་ཡི་དྭགས་ལ་སོགས་པ་ལ་རྡེག་འཚོག་གི་འཇིགས་པ་ཡོད་པས་དེ་རྣམས་ལས་ཐར་ནས་ཡི་དྭགས་ཀྱི་གནོད་པ་ཞི་བར་འགྱུར་རོ། །ཁ་ཅིག །མཚན་དང་པོ་བརྗོད་པས་སྣོད་བྱིན་གྱིས་རློབ། ཕྱི་མ་གསུམ་བརྗོད་པས་གཏོར་མ་བྱིན་གྱིས་རློབ། ཅེས་གསུང་། དགུ་པ་ཇི་ལྟར་འཐོབ་པའི་ཚུལ་ནི། ཡི་དྭགས་རེ་


DLL1006_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཀྱང་འབྲས་ཆན་དང་བདུད་རྩི་ཡུལ་མ་ག་དྷའི་བྲེ་ཚད་བདུན་བདུན་ཐོབ་པར་བཤད། བྲེ་ཚད་རེ་རེ་ལ་ཚོང་དུས་མགུར་མོའི་གསེར་བྲེའི་ཁལ་བཞི་དང་བྲེ་བཞི་འགྲོ་བ་འདུག་པས། དེ་ལ་བརྩིས་པས་འོ་སྐོལ་གྱི་ཁལ་བརྒྱད་བྲེ་བརྒྱད་ཐོབ་པ་འདུག་གསུང་། གཞན་ཡང་། མགྲོན་གྱི་བྱེ་བྲག་ལ་ལས་བཤམས་པ་ཙམ་གྱིས་འཐོབ། ལ་ལས་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་བསྔོས་པས་འཐོབ། ལ་ལ་བཏང་བས་ཚིམས། ལ་ལས་རྗེས་ཀྱིས་ཚིམས་པ་ཡོད། དང་པོ་ནི། ཟས་ཀྱི་དང་མ་དང་དྲིས་ཚིམ་པའི་རིགས་ཅན་མང་པོ་ཡོད་པས་དེ་དག་ལ་བསྔོ་མི་དགོས། གཞན་ཡང་རྒྱུད་ལས། ལྷ་བཤོས་དང་མར་མེ་སོགས་ཀྱི་རྩེ་མོ་དང་རྐེད་པ་དང་རྩ་བ་ལ་སོགས་པ་ཟ་བའི་ཡི་དྭགས་ལ་སོགས་པ་ཡོད་པར་གསུངས་པས་བསང་ཆུ་གཏོར་ནས་བསྲུང་བ་སོགས་བྱའོ། །དེ་རྣམས་ནི་བཤམས་པས་ཚིམ་པ་ཡིན། བསྔོས་པས་ཚིམ་པ་ནི། མགྲོན་ཕལ་ཆེ་བ་ཡིན། བཏང་བས་ཚིམ་པ་ནི། གཏོར་ཁུང་ནས་འབབ་པ་ཟ་བའི་ཡི་དྭགས་སྒོ་རྩེའི་སྤྲང་པོའམ་ཁྱི་ལྟ་བུ་ཡོད། བཏང་བའི་རྗེས་ཀྱི་རླན་རློན་དང་བྲལ་བྲུལ་ལ་རེ་བ་ནི། རྗེས་ཀྱིས་ཚིམ་པའོ། ། དེས་ན་གཏོར་མ་གཙང་སར་ས་སྟེགས་མཐོན་པོའི་ཁར་བཏང་ནས། ཡུག་གཅིག་འཇོག་པ་དེ་བཏང་བས་ཚིམ་པ་ལ་དགོངས་སོ། །གཏོར་མ་ཁྱིམ་ནས་ཁྱེར་ནས་དེ་མ་ཐག་ཏུ་ཁྱི་ལ་སོགས་པ་ལ་བྱིན་ན་རྗེས་ཀྱིས་ཚིམ་པའི་སྐལ་བ་འཆད་ཅིང་། ཁྱིས་ཟོས་ན་ཁྱི་ལ་མཆེ་བའི་དུག་ཡོད་པས་འབྱུང་པོ་སྟེ་གཏོར་ཁུང་ནས་ཟ་བ་རྣམས་ཀྱི་མི་འཐོབ་བོ། །དེས་ན་ས་གཙང་སར་སྤུངས་ནས་མི་ཁྱི་ཡུག་གཅིག་


DLL1006_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་ནས། སྤྲང་པོ་དང་ཁྱི་སོགས་ལ་བྱིན་ན་ཚོགས་ཆེ་སྟེ་དངོས་ཀྱིས་གཟུགས་ཅན་རྣམས་ཚིམ་ལ། མདངས་དང་བཅུད་ཀྱིས་གཟུགས་མེད་རྣམས་ཚིམ་པའོ། །གླང་རི་ཐང་པའི་ཞལ་ནས། ལྷ་བཤོས་དང་གཏོར་མ་ནི། མཆོད་པའི་ནང་ནས་ཚོགས་ཆེ་སྟེ། འདོད་ལྷ་སོགས་ལ་ཕུལ་བས་མཉེས་ལ། དེ་ནས་སེམས་ཅན་ལ་བྱིན་པས་ཇོ་བོ་སེམས་ཅན་རྣམས་མཉེས་པས། མཆོད་པ་ལན་གཉིས་འོང་བར་འདུག་གསུང་། བཅུ་པ་དགེ་རྩ་བསྔོ་བའི་ཚུལ་ནི། ཁ་ཅིག །དང་པོར་བདག་དང་མགྲོན་དང་དགེ་རྩ་བདེན་གྲུབ་ཏུ་བྱས་ནས། རྗེས་ལ་དེ་རྣམས་བདེན་མེད་དུ་ལྟ་བ་ཡིན་ཟེར་བ་མི་འཐད་དེ། ལན་ཅིག་བདེན་པར་གྲུབ་ན་དུས་ནམ་ཡང་དགག་མི་ནུས་པའི་ཕྱིར། རྩ་ཤེས་ལས། རང་བཞིན་གཤན་དུ་འགྱུར་བ་ནི། །ནམ་ཡང་ལྡོག་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི་བདེན་གཉིས་ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་པས། ཀུན་རྫོབ་ཏུ་དང་པོ་བཤམས་པ་ནས་མཐར་སྨོན་ལམ་གྱི་བར་སྦྱོར་དངོས་རྗེས་གསུམ་མ་འདྲེས་པར་གསལ་བར་བྱས་པ་ཞིག་དང་། དོན་དམ་འཁོར་གསུམ་བདེན་པར་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ཞིག་དགོས་ཏེ། མདོ་སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་བྱང་ཆུབ་སེམས་མི་དམིགས་ཞེས་གསུངས་པའི་ཕྱིར། མི་དམིགས་པའི་དོན་ཀྱང་སྒྱུ་མའི་རྟ་གླང་ངམ་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་གསལ་ལ་མི་དམིགས་པའོ། ། དེས་ན་བསྔོ་བྱ་སྔོ་བྱེད་སོགས་བདེན་པར་མི་དམིགས་པའི་སྒོ་ནས། སངས་


DLL1006_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། བདག་གིས་བསམ་པའི་སྟོབས་དང་ནི། །ཞེས་སོགས་སྨོན་ལམ་རྣམ་དག་གདབ་པར་བྱ་སྟེ། སྦྱིན་པ་རྟ་དང་འདྲ་ལ་སྨོན་ལམ་སྲབ་དང་འདྲ་བས་ཇི་ལྟར་སྨོན་པ་ལྟར་འཕེལ་འགྲོ་བར་གསུངས་པས་སོ། །བཅུ་གཅིག་པ་ལམ་གྱི་གནས་ཀུན་ཚང་བར་བསྟན་པ་ནི། གཏོར་མ་ལ་ལམ་གྱི་གནད་ཀུན་ཚང་སྟེ། ཕར་ཕྱིན་དྲུག །བསྡུ་དངོས་བཞི། སྡོམ་པ་གསུམ་ལ་སོགས་པ་ཚང་བས་སོ། །དང་པོ་ཚང་སྟེ། དངོས་པོ་བཏང་བས་སྦྱིན་པ། གཙང་སྦྲ་དང་ལྡན་ཞིང་གནོད་འཚེ་སྤངས་པས་ཚུལ་ཁྲིམས། སེམས་ཅན་ལ་མི་འཚེ་ཞིང་དཀའ་བ་དང་དུ་བླངས་པས་བཟོད་པ། གཏོང་བ་ལ་སྤྲོ་ཞིང་ལེ་ལོ་མེད་པས་བརྩོན་འགྲུས། གཏོང་བའི་དུས་སུ་སེམས་གཞན་དུ་མི་གཡེང་བས་བསམ་གཏན། ཆོ་ག་སོགས་ནོར་འཁྲུལ་མེད་ཅིང་འཁོར་གསུམ་ཡོངས་སུ་དག་པར་རྟོགས་པས་ཤེས་རབ་ཚང་བའི་ཕྱིར། གཉིས་པ་ཚང་སྟེ། མགྲོན་སོ་སོར་བསྔོས་པས་སྦྱིན་པ། མགྲོན་སོ་སོར་བསྟོད་པས་སྙན་སྨྲ། འདོད་པའི་དོན་ལ་གསོལ་བ་འདེབས་པས་དོན་སྤྱོད་པ། འཁོར་གསུམ་ཡོངས་སུ་དག་པར་བསྔོས་པས་དོན་མཐུན་པ་ཚང་བའི་ཕྱིར། གསུམ་པ་ཚང་སྟེ། གཏོང་བའི་དུས་སུ་གཙང་སྦྲ་དང་འབྲེལ་ཞིང་སེམས་ཅན་ལ་གནོད་འཚེ་སོགས་མི་དགེ་བ་སྤོང་བས་སོ་ཐར་གྱི་སྡོམ་པ། གཞན་དོན་དུ་གཏོང་བས་བྱང་སེམས་ཀྱི་སྡོམ་པ། ལྷ་སྒོམ་ཞིང་སྔགས་བཟླས་པས་གསང་སྔགས་ཀྱི་སྡོམ་པ་ཚང་བའི་ཕྱིར། དེས་ན་གཏོར་མ་ལ་ཐེག་ཆེན་གྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀ་རྫོགས་པར་ཚང་བས། ཐེག་ཆེན་


DLL1006_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་སླ་ཆོས་སུ་མི་བྱ་བར་གཏོར་མ་གཏོང་བ་ལ་འབད་པར་བྱའོ། །བཅུ་གཉིས་པ་གཏོར་མའི་དམ་ཚིག་ནི། ཉམས་ལེན་གྱི་དམ་ཚིག་ལ་མ་ཆག་པ་དང་། སྣོད་ཀྱི་དམ་ཚིག་ནི། གས་ཆག་མེད་ཅིང་གཙང་སྦྲ་དང་ལྡན་པ་དང་། རྒྱུའི་དམ་ཚིག་ནི། འབགས་བཙོག་མེད་ཅིང་དྲི་མས་མ་གོས་པ་སོགས་དང་། གཤམ་པའི་དམ་ཚིག་ནི། སྟེགས་དང་ལྡན་ཞིང་མ་ཡོ་བ་སོགས་དང་། བྱིན་གྱིས་བརླབ་པའི་དམ་ཚིག་ནི། ཏིང་ངེ་འཛིན་གསལ་ཞིང་མི་གཡེང་བ་སོགས་དང་། བཏང་བའི་དམ་ཚིག་ནི། གཙང་ས་བསྐྱལ་ཞིང་གཏོར་སྣོད་བཤལ་བ་སོགས་ལ་འབད་པར་བྱའོ། །མ་ཆག་པ་གལ་ཆེ་བའི་རྒྱུ་མཚན་ནི། ནཱ་རོ་པས་ལན་ཅིག་གི་ཚེ་ལྷག་གཏོར་བརྗེས་པས་རྨི་ལམ་དུ་ངེས་རྣམས་ཀྱི་གཏོར་མ་ཆད་ཟེར་མང་པོ་ངུ་སྐད་དོ། །དམིགས་པ་གལ་ཆེ་བའི་རྒྱུ་མཚན་སྙེ་མོར་སྔགས་པ་ཞིག་གིས་གཏོར་མ་མ་ཆག་པར་གཏོང་བ་ལས། ཉིན་གཅིག་དོན་སྤྱོད་པ་ལ་ཕྱིན་ནས་མ་སླེབས་པར་ཇོ་མོས་དེར་བཤམས་ནས་བཏང་བས། གྲངས་ཚང་ཡང་དམིགས་པ་མེད་པའི་སྟབས་ཀྱིས་དེའི་ནུབ་མོ་རྨི་ལམ་ལ་གཏོར་མ་འདི་གཏོང་ལུགས་སྔར་དང་འདྲ་ཡང་བཟའ་ཆུང་ཟེར་རོ། །གཞན་ཡང་རྣལ་འབྱོར་པས་ཞི་བའི་གཏོར་མ་ཟོར་དུ་མི་འཕེན་འཕངས་ན་སྲོག་ལ་གནོད། རྒྱས་པ་དང་དབང་གི་གཏོར་མ་ཐག་རིང་པོར་མི་སྐྱེལ་བསྐྱལ་ན་དངོས་གྲུབ་གཞན་དུ་འཕོ། ལམ་ཞུགས་བར་ཆད་སེལ་བའི་གཏོར་མ་འགྲོ་ཕྱོགས་ལ་གཏོང་། ཕྱོགས་ལོག་ན་ཕྱི་ཐལ་གྱི་རྒྱུ་ཡིན། འཆི་བླུ་ལན་ཆགས་ཀྱི་གཏོར་མ་ཕྱོགས་བཅུར་གཏོང་། དྲག་པོ་


DLL1006_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སེལ་གྱི་གཏོར་མ་རྒྱང་བསྲིང་རྩ་རུ་བཞག་ན་འཁོར་ལ་གནོད། དྲག་པོ་བགེགས་སྒྲོལ་གྱི་གཏོར་མ་ཟོར་དུ་འཕེན། ཞེས་གསུང་། སློབ་དཔོན་པདྨའི་ཞལ་ནས། སྒྲུབ་པ་པོ་བསྙེན་པ་བྱེད་པའི་ཚེ་སྒྲུབ་པ་མ་ཐོན་པར་གཏོར་གཞོང་མི་བཤལ་ཆོས་སྐྱོང་འདུ་བའི་དགོས་པ་ཡོད། གཏོར་མ་གཏོང་ཁར་སྣོད་མ་བསྒུལ་ན་མགྲོན་རྣམས་ཀྱིས་ལེན་མི་ནུས། དེས་ན་རྣལ་འབྱོར་པ་རྣམས་ཀྱིས་གཏོར་མའི་དམ་ཚིག་རྣམས་དམིགས་ཕྱེད་པར་བྱས་ནས། ཚུལ་བཞིན་དུ་སྲུང་བ་ལ་འབད་དགོས་ཏེ་མ་བསྲུངས་ན་ཉེས་དམིགས་ཆེའོ། །སློབ་དཔོན་པདྨས་གཏོར་མ་བྱིན་གྱིས་མ་བརླབས་ན་འཕགས་པའི་བཀའ་ཆད་འོང་ཞིང་ཅི་ལ་ཡང་མི་ཕན་ནོ། །གཏོར་མ་མ་ཐོངས་ན་རྣལ་འབྱོར་པས་ཅིའང་མི་འགྲུབ་བོ། །གཏོར་མ་བསྔོ་བ་ལོག་ན་བསྔོ་མཁན་ལས་སྒྲིབ་ཅན་དུ་འགྱུར་རོ། །གཏོར་མ་མ་འབྱོར་ན་རྣལ་འབྱོར་པ་རི་སྐམ་གྱི་ཡི་དྭགས་སུ་སྐྱེའོ་ཞེས་དང་། གཏོར་མའི་རྒྱུ་མ་ཚང་ན་གཏོར་མགྲོན་མི་ཚང་། དེ་མ་ཚང་ན་བཏང་ཡང་འབྲས་བུ་མི་འབྱུང་། གཏོར་རྫས་ངོ་མ་ཤེས་ན་རྣལ་འབྱོར་པ་ལ་ལྷའི་ཆད་པ་འོང་། གཏོར་མའི་ཕུད་ཉམས་ན་རྣལ་འབྱོར་པ་ལ་བཀའ་སྲུང་རྣམས་ཀྱི་ཆད་པ་འོང་། ཆོ་གའི་གཞུང་མ་བསྲིངས་ན་ལས་ཀྱི་སྒྲིབ་པར་འགྱུར། སྔགས་དང་ཕྱག་རྒྱ་ནོར་ན་རིགས་ཆད་ཀྱི་གང་ཟག་ཏུ་སྐྱེའོ་ཞེས་གསུངས་པས་གནད་འདི་དག་ལ་གཟབ་པར་བྱའོ། ། བཅུ་གསུམ་པ་ཕན་ཡོན་བསྟན་པ་ནི། འཕྲིན་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་མ་ཚང་བའི་ཁ་སྐོང་བར་འགྱུར་བ་ནི། གཏོར་མ་འཕྲིན་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། སློབ་དཔོན་པདྨས།


DLL1006_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལས་རྣམས་ཀུན་གྱི་མཆོག །ལས་རྣམས་ཀྱི་ནི་སྔོན་དུ་འགྲོ། །ཞེས་གསུངས་པ་ལྟར། ནད་གདོན་ཞི་བ། ཚེ་དང་ལོངས་སྤྱོད་རྒྱས་པ་དང་། མི་མཐུན་ཕྱོགས་ལས་གྲོལ་ཞིང་དབང་དུ་སྡུད་པ་དང་། དགྲ་བགེགས་སྒྲོལ་བ་ལ་སོགས་པ་ལ་གཏོར་མ་དགོས་པའི་ཕྱིར། གཉིས་པ་འཕྲིན་ལས་མ་ཚང་བའི་ཁ་སྐོང་དུ་འགྱུར་ཏེ། བསྐང་གསོ་ཐམས་ཅད་གཏོར་མ་ལ་བརྟེན་དགོས་པའི་ཕྱིར། གསུམ་པ་ཚེ་སྲིང་ཞིང་བར་ཆད་སེལ་བ་ནི། གཏོར་མས་ཚེ་སྲིང་བར་འགྱུར་ཏེ། གཟུངས་འདི་དང་པོ་གཅུང་དགའ་བོའི་འཆི་བ་བླུ་ཞིང་ཚེ་བསྲིང་བའི་དོན་དུ་གསུངས་པའི་ཕྱིར་དང་། དགྱེས་རྡོར་ལས། བགེགས་དང་ལོག་པར་འདྲེན་པ་ལས། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་འཛིན་པས་གཏོར་མ་གཏང་། །ཞེས་གསུངས་སོ། ། གཞན་ཡང་རྣལ་འབྱོར་ཀུན་ལྡན་རི་པ་ཞེས་པ་ཞིག་གིས་གཏོར་མ་གཏོང་བའི་དུས་སུ། མི་མ་ཡིན་ཕྲ་མོ་མང་པོ་གླུ་གར་བྱེད་ཅིང་རྩེད་མོ་བྱེད་ཀྱིན་ཡོད་པ་ལས་ཕྱིས་དེ་རྣམས་ངུ་བ་ལ། ཁྱེད་རྣམས་ཅི་ལ་ངུ་བྱས་པས། ཁྱེད་ད་ཞག་བདུན་ནས་འཆི་བ་འདུག་པས། ངེད་རྣམས་ལ་གཏོར་མ་སྟེར་མཁན་མི་ཡོང་བ་འདུག་པས་ངུ་བ་ཡིན་ཟེར་སྐད། དེ་ལ་ཐམས་མེད་དམ་བྱས་པས། ཁོང་རྣམས་ན་རེ། ཐབས་ཡོད་བདོག་པ་ཐམས་ཅད་ཐོང་ཞིང་། ངེད་རྣམས་ཀྱིས་རྒྱ་མཚོའི་འགྲམ་ན་སྨན་ཆེན་པོ་ཞེས་བྱ་པའི་དངུལ་ཆུ་ཡོད་པས་བླངས་ནས་བྱིན་གྱིས། དེའི་བཅུད་ལེན་གྱིས་ཤིག་དང་ཚེ་འཕེལ་བར་འགྱུར་ཞེས་ཟེར་བས། རྣལ་འབྱོར་པས་རྫས་


DLL1006_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་པོ་ཡོད་ཚད་བཏང་ནས་གཏོར་མ་བཏང་བས་ཚེ་འཕེལ་ནས་ལོ་བརྒྱ་ཐུབ་བོ་ཞེས་གསུང་། ལྕེ་སྒོམ་པའི་ཞལ་ནས། ལོ་བརྒྱད་ཅུ་གྱ་བགྲངས་ཐུབ་པ་ཡང་གཏོར་མའི་བྱིན་རླབས་ཡིན་གསུང་། གཏོར་མ་ལ་བརྩོན་པའི་དགེ་བཤེས་སྐུ་ཚེ་ཐུང་བ་ཉུང་བ་ཡིན་གསུང་བས། ཚེ་སྒྲུབ་ཀྱི་མཆོག་ཀྱང་གཏོར་མ་ཉིད་ཡིན་ནོ། ། བཞི་པ་གཏོར་མས་བར་ཆད་སེལ་ཚུལ་ནི། གཏོར་མས་བདུད་བཞིའི་བར་ཆད་སེལ་ཏེ། གཏོང་བའི་དུས་སུ་སེམས་བསྐྱེད་ལ་སོགས་པ་བསམ་པ་བཟང་པོས་ཉོན་མོངས་པའི་བདུད་བཅོམ། ན་ཚ་དང་བར་ཆད་སེལ་ནུས་པས་ཕུང་པོའི་བདུད་བཅོམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་སེལ་ནུས་པས་ལྷའི་བུའི་བདུད་བཅོམ། ཚེ་སྲོག་སྤེལ་ནུས་པས་འཆི་བདག་གི་བདུད་བཅོམ་ནུས་པའི་ཕྱིར། གཏོར་མས་ནད་སེལ་ནུས་པའི་རྒྱུ་མཚན་ནི། དེ་བདུད་རྩིར་བྱིན་གྱིས་བརླབས་པས་དེ་ནད་ཀྱི་གཉེན་པོར་འགྱུར་བ་དང་། བཀྲེས་སྐོམ་གྱི་ནད་སེལ་བས་ལུས་དར་ཞིང་ནད་ཉུང་བ་དང་། ནད་ཕལ་ཆེར་གདོན་གྱིས་སྐྱེད་པས་གདོན་གཏོར་མས་ཚིམ་པ་དང་ནད་བསོད་ནམས་ཡིན་པ་ལས་བྱུང་བས་གཏོར་མས་ལས་ངན་བྱང་ནས་ནད་སེལ་ཞེས་གསུང་ངོ་། ། གཞན་ཡང་ལ་སྟོད་དུ་སྟོན་མོ་ཞིག་ཚེ་མི་ཞིག་རྟས་སྐྱུར་བྱུང་ནས་ཤི་བ་ལ། བླ་མ་ས་སྐྱ་པའི་ཞལ་ནས། དེས་ད་ནང་གཏོར་མ་མཐེབ་ཀྱུ་ཞིག་བཏང་ན་དེ་ལ་མི་ཐུག་པ་ལ་ཞེས་གསུང་སྐད། གཏོར་མ་མཐེབ་ཀྱུ་རེས་ཉིན་རེའི་བར་ཆད་ཟློག་གསུང་། རྣལ་འབྱོར་གཏོར་མར་མི་བརྩོན་ན། །དེ་ཡི་བར་ཆད་སུ་ཡིས་སེལ། །ཞེས་གསུང་། དེས་ན་བར་ཆད་སེལ་བའི་མཆོག་ཀྱང་གཏོར་མ་


DLL1006_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལྔ་པ་གཏོར་མས་མདངས་དང་ལྡན་པར་འགྱུར་ཚུལ་ནི། ཡི་དྭགས་སོགས་མདངས་ཉམས་པ་ལ་གཏོར་མ་སྦྱིན་པས་མདངས་ཆེ་བར་བྱེད་པ་དང་། ལྷན་ཅིག་སྐྱེས་པའི་ལྷ་སོགས་གཏོར་མས་མཉེས་པར་བྱས་པས། ལུས་ལ་མདངས་ཉེ་བར་སྒྲུབ་བོ། །དྲུག་པ་དེས་ལོངས་སྤྱོད་འཕེལ་བ་ནི། དེས་ལོངས་སྤྱོད་འཕེལ་བར་འགྱུར་ཏེ། ལྕེ་སྒོམ་པའི་ཞལ་ནས། ཞིང་གི་སོ་ནམ་བྱེད་པ་ལས་གཏོར་མ་གཏོང་བ་ཁེ་ཆེ་གསུང་བ་དང་། ཆོས་པ་ལྟོ་གོས་ཀྱིས་ཕོངས་པ་གཟིགས་ཙ་ན། གཏོང་མ་མ་ཐོངས་པས་ལན་པ་ཡིན་གསུང་སྐད། གཞན་ཡང་གཏོར་མ་འབུམ་ཚོ་གསུམ་ཐོངས་ན་ལོངས་སྤྱོད་ཟད་མི་ཤེས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་དང་། ལྷ་ཚངས་པ་ལ་སོགས་པའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ་ཞེས་གསུང་། དེས་ན་ནོར་སྒྲུབ་ཀྱི་མཆོག་ཀྱང་འདི་ཡིན་ནོ། །བདུན་པ་གཟི་བརྗིད་ཆེ་བ་ནི། གཏོར་མས་གཟི་བརྗིད་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཆོས་སྐྱོང་དང་མི་མ་ཡིན་གཟི་བརྗིད་ཆེན་པོ་རྣམས་གཏོར་མས་དབང་དུ་བསྡུས་ནས། དེ་དག་གིས་རྣལ་འབྱོར་པའི་ལུས་ལ་གཟི་བརྗིད་ཉེ་བར་སྒྲུབ་པས་སོ། ། བརྒྱད་པ་མཐུ་སྟོབས་ཆེ་བ་ནི། དེས་མཐུ་སྟོབས་ཆེན་པོ་དང་ལྡན་པར་འགྱུར་ཏེ། གཏོར་མ་ཆོས་སྐྱོང་མཉེས་པའི་མཆོག་ཡིན་པ་དང་། མི་མ་ཡིན་རྣམས་ཉེ་བར་འགྲུབ་པས་ལས་གང་བཅོལ་ཉན་པས་སོ། །


DLL1006_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ཅི་བསམ་འགྲུབ་པ་ནི། དེས་ཅི་བསམ་འགྲུབ་སྟེ། ཆོས་སྐྱོང་དང་བྲམ་ཟེ་དང་དྲང་སྲོང་དང་ལྷན་ཅིག་སྐྱེས་པའི་ལྷ་ལ་སོགས་པ་དེས་མཉེས་ནས་ཡིད་ལ་གང་འདོད་སྒྲུབ་པས་སོ། །དེས་ན་གཏོར་མ་མ་ཆག་པར་བཏང་ན་མི་མ་ཡིན་ཕྲ་མོ་རྣམས་ཀྱིས་ཀྱང་དངོས་གྲུབ་སྣ་རེ་སྟེར་བ་ཡིན་གསུང་ངོ་། །བཅུ་གཅིག་པ་གནས་སྐབས་བདེ་འགྲོ་འཐོབ་པ་ནི་དེས་ལྷ་མིའི་གོ་འཕང་འཐོབ་སྟེ། གཟུངས་ལས། ཡི་དྭགས་ཀྱི་ཁམས་སྤངས་ཏེ་མཐོ་རིས་ཀྱི་ལྷར་སྐྱེའོ། །ཞེས་ལྷར་སྐྱེ་བ་དངོས་སུ་བསྟན་པས་མིར་སྐྱེ་བ་ཡང་ཤུགས་ལ་བསྟན་ཏོ། །བཅུ་གཉིས་པ་སངས་རྒྱས་འཐོབ་པའི་ཕན་ཡོན་ནི། དེས་སངས་རྒྱས་ཐོབ་པར་འགྱུར་ཏེ། ཞིང་རྣམ་པར་དག་པ་བླ་མ་དཀོན་མཆོག་གསུམ་ལ་སོགས་པ་ལ་དངོས་པོ་རྣམ་པར་དག་པས་མཆོད་པ་དང་མཆོད་པའི་སྤྲིན་ཕུང་བདུད་རྩིར་ཕུལ་བས། སྦྱིན་པའི་ཕར་ཕྱིན་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་རྫོགས། འཁོར་གསུམ་རྣམ་པར་དག་པས་ཟིན་པས་ཤེས་རབ་ཀྱི་ཕར་ཕྱིན་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ལ། དེ་ལ་བརྟེན་ནས་སྒྲིབ་གཉིས་ཟད་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར། ཕན་ཡོན་འདི་དག་ཕལ་ཆེར་གཟུངས་ཀྱི་ཚིག་ཟིན་ལ་དངོས་སུ་བསྟན་ཅིང་ལྷག་མ་རྣམས་དོན་གྱིས་འཕངས་ནས་ཤུགས་ལ་བསྟན་པ་ཡིན་ནོ། ། གནས་སྐབས་མཐར་ཐུག་བདེ་བའི་འབྲས་སྩོལ་བའི། །ཚིག་ཉུང་དོན་གསལ་གཏོར་མའི་རྣམ་གཞག་འདི། །དགེ་འདུན་གྲུབ་ཀྱིས་འཁོར་ལ་གསུངས་པ་དག །རང་གཞན་དོན་དུ་ཇི་བཞིན་


DLL1006_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པའོ། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །ཐེག་མཆོག་དམ་པའི་མགོན་གྱིས་རྗེས་བཟུང་སྟེ། །ཆོས་སྤྱོད་བཅུ་ཡི་ཉམས་ལེན་མཐར་ཕྱིན་ནས། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག། །།རབ་གསལ་ལི་ཁྲིའི་མདོག་ཅན་རི་ཆེན་རྒྱན། །རབ་མཛེས་ལྷ་བརྒྱའི་ཅོད་པན་འཇམ་དབྱངས་ལ། །རབ་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ནས། །རབ་གནས་མདོར་བསྡུས་མཁས་པའི་གསུང་བཞིན་བྲི། །དཔལ་ལྡན་གསང་བ་འདུས་པའི་སྒོ་ནས་རབ་ཏུ་གནས་པར་བྱེད་པའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་ལས། འདིར་ནི། མདོར་བསྡུས་པ་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་སྤྱིར་ནི། རབ་གནས་མ་བྱས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་གྲུབ་ཙམ་ནས་ཕྱག་དང་མཆོད་པའི་ཡུལ་དུ་འོས་ཏེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་དང་། ཡུམ་གྱི་གླེགས་བམ་ལ་སོགས་པ་གྲུབ་ཙམ་ནས་མཆོད་པའི་གནས་སུ་བཤད་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང་མཆོད་པ་སོགས་བྱས་པས། ཕན་ཡོན་ཐོབ་པར་གསུངས་ཀྱང་རབ་གནས་མ་བཤད་པའི་ཕྱིར་རོ། །འོན་ཀྱང་སྦྱིན་བདག་ལ་སོགས་པའི་བསོད་ནམས་སྤེལ་བའི་ཕྱིར་དུ་རབ་གནས་གསུངས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱེད་པའི་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་


DLL1006_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་སོ། ། འོ་ན་གནས་གང་དུ་རབ་ཏུ་གནས་པར་བྱ་ཞེ་ན། བཀྲ་ཤིས་ཤིང་ཡིད་དང་མཐུན་པའི་གནས་སུ་བྱའོ། །དུས་ཚོད་ཚེས་གྲངས་གཟའ་སྐར་བྱེད་པ་སྦྱོར་བ་སོགས་ཇི་ལྟ་བུ་ལ་བྱ་ཞེ་ན། དཔྱིད་ཟླ་ར་བ་དཔྱིད་ཟླ་འབྲིང་། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་པོ། །ཉི་མ་བྱང་དུ་གནས་པ་ཡི། །དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །དེ་བཞིན་དེ་ལྟར་གསུམ་པའམ། །གང་ཚེ་གཟའ་དང་ཆོས་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམ་ཅད་མཐུན་གྱུར་ན། །མི་རྣམས་ཡུན་དུ་འཕེལ་བར་བྱེད། །བཅོ་ལྔ་དེ་བཞིན་བརྒྱད་པ་དང་། །བཅུ་གསུམ་པ་ཡང་དེ་བཞིན་ནོ། །གནམ་སྟོང་དང་ནི་དེ་བཞིན་དུ། །བཅུ་པ་ལ་ཡང་བྱ་བ་ཡིན། །ཐམས་ཅད་དུ་ནི་ཆུ་སྟོད་དང་། །སྣར་མ་དེ་བཞིན་གྲོ་བཞིན་དབོ། །ལག་དང་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་ནོ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་དགུ་འཕེལ་ཞིང་དེ་ཡིས་ནི། །རབ་ཏུ་གནས་པ་མཆོག་ཏུ་བྱེད། །སྐར་མ་དབོ་ལ་རབ་གནས་བྱ། །དེས་ནི་ཤེས་རབ་ཆེན་པོར་འགྱུར། །ཡིད་ལ་འདོད་པ་ཅི་ཡང་རུང་། །དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། །ལུང་ལས་བཤད་པའི་ཡང་དག་པ། །སྣྲུབས་སམ་ཡང་ན་གྲོ་བཞིན་གྱིས། །ལག་གིས་སྐལ་བཟང་སྣར་མས་ནི། །གཞན་དག་ལས་ནི་རྒྱལ་བར་བྱེད། །མགོ་ཡིས་ཉེ་བར་ཞི་བ་སྟེ། །ཆུ་སྟོད་ཆུ་སྨད་བུ་འཕེལ་འགྱུར། །རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས། །


DLL1006_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར། །སྣྲོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེ་འགྱུར། །ཕུར་བུ་ལྷག་པ་པ་ཝ་སངས། །ཟླ་བའི་གཟའ་སོགས་ཤེས་བྱས་ཏེ། །འདི་རྣམས་བཟང་ལྡན་ལ་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ །གསུམ་པ་དྲུག་པ་བདུན་པ་དང་། །བཅུ་དང་བཅུ་གཅིག་ལ་ཟླ་བ། །གཉིས་པ་བཞི་པ་དེ་བཞིན་བརྒྱད། །བཅུ་དང་བཅུ་གཅིག་རྣམས་ལ་ལྷག །གཅིག་དང་བདུན་དང་དེ་བཞིན་དགུ། །དེ་བཞིན་ཕུར་བུ་བཅུ་བཞི་པ། །དུས་སྦྱོར་བཞི་པ་ལ་བརྟེན་ནས། །དེ་ལ་ལྷག་པར་གནས་པར་བྱ། །དྲུག་བདུན་བཅུ་པ་དོར་བ་ཡི། །པ་ཝ་སངས་ཉིད་དགེ་བ་ཡིན། །དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི། །སྟོབས་ལྡན་མི་ལྡན་ཤེས་པར་བྱ། །གང་ཚེ་ཞི་བའི་གཟའ་རྣམས་དང་། །ཞི་རྣམས་དགེ་བ་ཞི་བ་ཡིན། །དང་པོ་གསུམ་པ་བདུན་པ་ནི། །ནོར་རྣམས་འཇོམས་པས་སྤང་བར་བྱ། །རྗེས་སུ་མཐུན་པར་བྱེད་པ་པོ། །སྐད་ཅིག་གཅིག་ལ་ཡོངས་གྲུབ་ཅིང་། །ཇི་ལྟར་གསུངས་བཞིན་ཀུན་བྱས་ན། །རབ་ཏུ་གནས་པ་མཆོག་འགྱུར་ཞིང་། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །རྟེན་གང་ལ་རབ་གནས་བྱ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྟེན་དང་གཙུག་ལག་ཁང་དང་། རྡོར་དྲིལ་དང་སྐྱེད་མོས་ཚལ་ལ་སོགས་པའོ། །འདི་ལ་སྡོམ་ནི། བདག་བསྐྱེད་གསོལ་གདབ་སེམས་བསྐྱེད་དེ། །རྟེན་བསྐྱེད་ཁྲོ་བོ་སྤྱན་དྲངས་ནས། །མཆོད་བསྟོད་སྦྱང་བའི་རིམ་པ་དང་། །


DLL1006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་རིམ་གནས་གསུམ་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་གདབ་དམ་ཚིག་པ་ལ་གཞུག །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། །དབང་བསྐུར་རིགས་བདག་གིས་རྒྱས་གདབ། །མཆོད་བསྟོད་སྤྱན་དབྱེ་གཟུགས་བསྒྱུར་བྱ། །ཆུ་བཞི་ཉེར་སྤྱོད་འདོད་ཡོན་སོགས། །ཤིས་བརྗོད་བརྟན་བཞུགས་བཟོད་པར་གསོལ། །ཆོས་སྐྱོང་ཡོན་བདག་བསྒོ་བའོ། ། དང་པོ་བདག་བསྐྱེད་ནི། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཨོཾ་ཤཱུ་ནྱ་ཏཱས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ནག་དཀར་མར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་སྔོ་དཀར་དམར་བའི་ཞེས་པ་ནས། རལ་གྲི་འཛིན་པ་དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཞེས་པ་ནས། ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ། ཞེས་པ་ནས། ཤམ་ཐབས་འཕྱར་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨྰཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དེ་ནས་ལག་ཏུ་མེ་ཏོག་ཐོགས། ཡོན་ཏན་དྲན་པའི་


DLL1006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས། གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང་ཏིང་ངེ་འཛིན་གསུམ་དང་ཚངས་པའི་གནས་པ་བཞི་དང་བསམ་གཏན་བཞི་དང་འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པ། དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པས་ཉོན་མོངས་པ་ལ་སོགས་པ་རྣམས་


DLL1006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པར་སྤངས་པ་དང་། བདུད་བཞི་ལས་རབ་ཏུ་རྒྱལ་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང་། སྐྱེས་བུ་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང་། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ལ་རྟེན་ལ་མེ་ཏོག་ཕབ། ཨོཾ་ན་མོ་བྷ་ཧ་ཝ་ཏེ་ཤཱཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ་ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཞེས་དང་། རབ་ཏུ་གནས་བྱའི་ལྷ་གང་ཡིན་དེའི་སྔགས་དང་། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་བརྗོད། དེ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་འདི་སྐད་བརྗོད་དེ། ངོ་མཚར་ཆེན་པོ་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་བས། དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ་། །འཁོར་བའི་


DLL1006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་དང་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་ཐམས་ཅད་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བ་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་ལྗོན་ཤིང་རྩད་ནས་གཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་འཐག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་ཕྱི་རོལ་པ་དག་དང་ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་པར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་ངེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ཆེར་སྩལ་ཏོ། །འདོད་ཆག་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུམ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་དམ་པ་སྩོལ་ཞིང་གནང་བར་མཛད་དུ་གསོལ། ཞེས་བརྗོད་ལ་མེ་ཏོག་དོར་རོ། ། དེ་ནས་རྟེན་བསྐྱེད་པ་ནི། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུཾ། ཨོཾ་ཤཱུ་ནྱ་ཏཱས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པོ་ཏི་རྣམས་པདྨ་དང་ཉི་མའི་


DLL1006_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཧྲཱིཿདམར་པོ་ལས་བྱུང་བའི་པདྨ་དམར་པོ། ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ལ་གོས་དཀར་མོས་འཁྱུད་པ། དེ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཡབ་ཡུམ་གཟུགས་བརྙན་དུ་ཤར་བའི་ཡིག་འབྲུར་གྱུར། མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པ་རྣམས་པདྨ་དང་ཟླ་བའི་སྟེང་དུ་བྷྲུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་ལ་སྤྱན་མས་འཁྱུད་པ། དེ་ཡོངས་སུ་གྱུར་པ་ལས། རྣམ་སྣང་ཡབ་ཡུམ་གཟུགས་བརྙན་དུ་ཤར་བའི་མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པར་གྱུར། དེ་ལས་གཞན་པའི་རྟེན་རྣམས་རང་རང་གི་སྐུར་བསྐྱེད་པའམ། ཡང་ན་གསང་བ་འདུས་པར་བསྐྱེད་དོ། ། དེ་ནས་ཁྲོ་བོ་སྤྱན་དྲང་བ་ནི། ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་ཆུ་གཉིས་དང་། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝེ་དྱཾ། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། ཞེས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཧཱུཾ་ཆོས་ཉིད་སྟོང་


DLL1006_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ནི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱངས་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། གཏོར་མ་བྱིན་གྱིས་བརླབས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རབ་ཏུ་གནས་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་རྣམས་བཀུག་པར་གྱུར། ཨོཾ་སརྦ་བི་གྷྣཱན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་


DLL1006_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལིཾ་ཏ་ཡེ་སྭཱཧཱ། གསུམ་གྱིས་བསྔོས་ལ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། རྗེ་བཙུན་རྩ་བ་དང་བརྒྱུད་པར་ཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ཀྱི་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཀྱི་བདེན་པ་དང་། བདེན་པའི་བྱིན་གྱིས་རླབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པས་རང་རང་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝན། བིདྱཱ་རཱ་ཛཱ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། གཏོར་མ་རྟེན་ལ་ཕྱིར་བསྐོར་ཏེ་ཕྱི་རོལ་ཏུ་དོར་རོ། །གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཚམ་རྔམ་དང་རོལ་མོའི་སྒྲ་དྲག་རུ་བྱའོ། །དེ་ནས་ཡུངས་ཀར་དང་། ཆུ་དང་ཁམ་ཕོར་དཀར་པོ་དང་། རྩྭ་དུར་པའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆངས་བུ་དང་། ཟན་ཆངས་དང་། སེང་རས་རྣམས་ལ་ཨོཾཾ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུཾ་ཕཊ། ཧཱུཾ་ལན་བདུན་བཟླས་ལ།


DLL1006_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་ལག་པ་གཡས་གཡོན་གྱིས་བཟུངས་ནས་ལག་གཉིས་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་བརྗོད་ཅིང་ཡུངས་ཀར་མེར་དོར་རོ། །དེ་བཞིན་དུ་གཡས་སུ་བསྐོར་ནས་དོར། ཆུ་དང་སེང་རས་ཀྱི་བར་རྣམས་ཀྱིས་ཀྱང་གཡོན་དང་གཡས་སུ་བསྐོར་ནས་བྱབས་ཏེ་དོར། འོན་ཀྱང་ཁམ་ཕོར་མན་ཆད་མེར་མི་དོར་རོ། །དེ་ནས་ལག་པ་གཡོན་པར་ཆུ་གཙང་མ་བཟུངས། ལག་པ་གཡས་པའི་གུང་མོ་དང་སྲིན་ལག་གིས་ཆུ་བླངས་ཏེ། རྟེན་རྣམས་ཀྱི་ཁ་རྣ་བ་མིག་སྣ་ཁ་ལག་པ་ལྟེ་བ་མགོ་རྣམས་སུ་རེག་ཅིང་ཉེ་རེག་བྱས། དེ་ནས་གཙོ་བོའི་སྔགས་བརྗོད་ཅིང་། རྟེན་རྣམས་ཀྱི་ཐུགས་ཀར་དྲི། དབུ་ལ་མེ་ཏོག་མདུན་དུ་མཆོད་ཡོན་ཕུལ། མར་མེས་བསྐོར་བཞིན་པས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་མེར་བསྲེགས་པས་བདུག་པར་བྱ་སྟེ། དེ་རྣམས་སྦྱང་བའི་རིམ་པའོ། ། ཁྲུས་ཀྱི་རིམ་པ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། སྔགས་འདི་ཚིགས་བཅད་འོག་མ་དག་གི་མཇུག་ཏུའང་བརྗོད་པར་བྱའོ། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོར་མཛད་ཅིང་། །སྦྱིན་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་


DLL1006_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བྱམས་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །ཏིང་འཛིན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཡེ་ཤེས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཆུ་བོ་དྲུག་གིས་ཁྲུས་མཛོད་ཅིང་། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་། སྐུ་དངོས་སམ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་ཁྲུས་བྱ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཿཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱཧཱ། ཞེས་བརྗོད་ཅིང་སྐུ་ཕྱིའོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱཧཱ།


DLL1006_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་ཏིལ་མར་དང་བཅས་པས་བྱུག །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཡང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱི་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ་སྭཱཧཱ། ཞེས་ན་བཟའ་འབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར་སོགས། ཨོཾ་བཛྲ་ཨ་ལཾ་ཀ་ར་ཝ་པུ་ཥ་ནེ་ཨཱཿཧཱུཾ་སྭཱཧཱ། ཞེས་རྒྱན་དབུལ་ཏེ། དེ་དག་ནི་ཁྲུས་ཀྱི་རིམ་པའོ། ། དེ་ནས་གནས་གསུམ་བྱིན་གྱིས་བརླབ་པ་ནི། །ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་དཀར་པོ། མགྲིན་པར་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་སྔོན་པོས་མཚན་པར་གྱུར། དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་སོགས་ནི། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་པ་ནས། གནས་འདིར་གཤེགས་སུ་གསོལ། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །ཞེས་པ་ནས། ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདི་རུ་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་


DLL1006_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་བཞིན་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཇི་ལྟར་བལྟམས་པ། ཞེས་སོགས་ཀྱིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་ཀ་མ་ལ་ཡེ་སྟྭཾ། དེ་ནས་ཐལ་མོ་སྦྱར་ནས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །བདག་ཀྱང་བློ་དང་ལྡན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་སོགས་ཀྱིས་མཆོད་ཡོན་ནས་རོལ་མོའི་བར་གྱིས་མཆོད། ཐུགས་རྗེ་ཡི་ནི་བདག་ཅན་བདག། །སློབ་མ་རྣམས་ལ་རྗེས་བརྩེ་དང་། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །ད་ལྟ་རབ་གནས་བགྱིད་པར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེའི་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱིས། །ད་ལྟ་ཡང་དག་བགྱིད་པར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བར་ཉེར་བཟུངས་ནས། །འཁོར་བཅས་ཀུན་གྱིས་རབ་གནས་ལ། །བྱིན་གྱིས་


DLL1006_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པར་མཛད་པར་འོས། །ཞེས་ལན་གསུམ་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་དགེས་བཞིན་དུ་གནང་བ་བྱིན་པར་གྱུར། ཛཿཧཱུཾ་བཾ་ཧོ། ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། གཤེགས་པ། གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་བདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པ་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན། གླུ་གར་ཀྱི་མཛད་ཅིང་རོལ་མོ་རྡུང་། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབ། ཕྱག་གི་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱི་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོག་མཚམས་སུ་འཁོད་ནས་བགེགས་སྐྲད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཞེས་སོགས་ཀྱིས་མཆོད། འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ། སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་


DLL1006_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ནས་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག། །བདག་གིས་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་མཆོད་ཡོན་དང་། དེ་བཞིན་དུ་ཞབས་བསིལ་ཞེས་པ་དང་། པཱ་དྱཾ་དང་། ཞལ་བསིལ་ཞེས་དང་། ཨཉྩ་མཱ་ཎཱཾ་དང་། བསང་གཏོར་ཞེས་པ་དང་། པྲོཀྵཱ་ཎཱཾ་ཞེས་བཅུག་ནས་ཆུ་བཞི་དབུལ། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་ནས་རོལ་མོའི་བར་དང་། པུཥྤེའི་གནས་སུ་དྷཱུ་པེ་ནས་ཤཔྟའི་བར་བཅུག་ལ་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་སོགས་ཀྱིས་བསྟོད། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུཿབི་ཤྭ་དྷ་ན་ཡེ་སྭཱཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཀྱང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤས་སྤྱན་ནི་ཐོབ་པར་ཤོག །ཞི་བ་ལ་སོགས་པའི་འཕྲིན་ལས་བསྒྲུབ་


DLL1006_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ། ཡོན་བདག་ལ་སོགས་པ་ལ་གཟིགས་པ་ལྷུར་མཛད་པར་གྱུར། དེ་ནས་ལྷ་རང་རང་གི་སྔགས་བརྗོད་ཅིང་། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་གནས་གསུམ་དུ་རེག་པས། ལྷའི་གཟུགས་དེ་ཡོངས་སུ་གྱུར་པ་ལས། ལུགས་མ་དང་བྲིས་སྐུ་ལ་སོགས་པའི་གང་ཡིན་པ་དེའི་རྣམ་པར་གྱུར་པར་བསམས་ནས། གཙུག་ལག་ཁང་ལ་སོགས་པ་རྣམས་རྣམ་སྣང་ཡབ་ཡུམ་ཞུ་ནས་ཐིམ་པའི་གཙུག་ལག་ཁང་ལ་སོགས་པ་དང་། མཆོད་རྟེན་རྣམ་སྣང་ཡབ་ཡུམ་ཞུ་ནས་ཐིམ་པའི་མཆོད་རྟེན་གྱི་གཟུགས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་གྱུར། པོ་ཏི་ནི། འོད་དཔག་མེད་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པའི་ཡེ་གེའི་གཟུགས་སུ་གྱུར། ཅེས་བརྗོད། མངའ་དབུལ་ནི། རབ་འབྱམས་རྒྱ་མཚོ་ཞེས་སོགས་ཀྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། ཁ་དོག་དབྱིབས་ལེགས་སོགས་འདོད་ཡོན་ལྔ་དང་། ས་གཞི་སྤོས་ཀྱིས་ཞེས་སོགས་ཀྱིས་མཎྜལ་དང་། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་ཁྲུས་དང་། སྲབ་འཇམ་ཡང་བ་ཞེས་སོགས་ཀྱིས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་ཞེས་སོགས་ཀྱིས་རྒྱན་དབུལ། ཤིས་པ་བརྗོད་པ་ནི། ཡེ་དྷརྨ་བརྒྱ་རྩ་སོགས་བཟླས། ཕུན་སུམ་ཚོགས་པ་


DLL1006_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཤིས་བརྗོད་རྒྱས་པར་བྱ། །བརྟན་བཞུགས་ནི། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཧཱ། ཞེས་བརྗོད་ནས་མེ་ཏོག་ལ་སོགས་པས་མཆོད་ནས་ཐལ་མོ་སྦྱར་ལ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གིས་མཆོད་པ་ཉིད་ཀྱིས་ནི། །ཅི་འབྱོར་བ་ཡིས་མཆོད་པ་དང་། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཞེས་ལན་གསུམ་བརྗོད་དོ། །མགོན་པོ་སྐལ་བ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་


DLL1006_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། །དེ་ནས། ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་བཟོད་པར་གསོལ་ནས། དེ་ནས་ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་ཕུལ་ནས། རབ་ཏུ་གནས་པར་བྱས་པའི་རྟེན་འདི་རྣམས་ལ། ཁྱེད་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་མཆོད་པ་རྒྱུན་མི་འཆད་པར་གྱིས་ཤིག །བདག་དང་ཡོན་བདག་འཁོར་དང་བཅས་པ་ལ་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བ་དང་། ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་བསྒོའོ། ། དེ་ནས་ཡོན་བདག་བསྒོ་བ་ནི། ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པ་བཞིན་དུ་རབ་གནས་ལེགས་པར་བྱས་ཟིན་གྱིས། རྟེན་འདི་རྣམས་ལ་མཆོད་པ་ཞག་བདུན་དུ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པ་ཡི་མཆོད་པ་རྒྱུན་མ་ཆད་པར་གྱིས་ཤིག །ཅེས་བྱའོ། །དེ་ནས་སྤྲོས་པ་ལ་དགའ་ན། བཀྲ་ཤིས་ཀྱི་རྫས་གཏད་པ་སོགས་བྱའོ། །དཔལ་གསང་བ་འདུས་པའི་སྒོ་ནས་རབ་ཏུ་གནས་པར་བྱེད་པའི་ཆོ་ག་མདོར་བསྡུས་པ་འདི་ནི། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས། དཔལ་སྣང་ཐང་གི་གཙུག་ལག་ཁང་དུ་ལེགས་པར་སྦྱར་བའོ། །


DLL1006_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཀྱང་བསྟན་པ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག། །།རབ་གནས་རྟ་ཐོག་མ། རབ་གནས་རྟ་ཐོག་མ་བྱེད་དགོས་བྱུང་ན། དེའི་ཚུལ་ནི་མཆོད་པ་བཤམས། རང་ཡི་དམ་གྱི་ལྷ་གང་ཡིན་དུ་གསལ་བཏབ། རབ་གནས་བྱ་རྒྱུའི་རྟེན་དེ་བིགྷྣཱནྟ་ཀྲྀཏ་ཀྱིས་བསངས། ཤཱུནྱ་ཏཱས་སྟོང་པར་སྦྱངས་སྟོང་པའི་ངང་ལས། སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པར་བསྐྱེད་རྒྱན་སོགས་རྫོགས་པར་བསྒོམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། མཆོད་པ་བསྡུས་པ་ཞིག་འབུལ། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་དག་གིས་བུམ་པ་དཀར་པོ་བདུད་རྩིས་གང་བ་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་པ་དང་། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུང་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་ཞིང་། དབང་གི་ལྷ་ཐམས་ཅད་ཀྱང་དེ་ཉིད་ལ་ཐིམ་པའི་མོས་པ་བྱས། གསུང་རབ་ཡིན་ན་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། དེ་ཡོངས་སུ་གྱུར་


DLL1006_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འོད་དཔག་མེད་ཡབ་ཡུམ་དུ་བསྐྱེད། མཆོད་རྟེན་དང་གཙུག་ལག་ཁང་ཡིན་ན་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་ཡབ་ཡུམ་དུ་བསྐྱེད། གཞན་རྣམས་རྡོ་རྗེ་འཆང་གི་སྐབས་ལྟར་བྱ། དེ་ནས་མཆོད་པ་རྣམས་བ་སངས་སྦྱངས་བྱིན་རླབས་བྱས་ནས་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ་ཞིང་། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་དང་། མཉམ་མེད་མི་གཡོ་ལ་སོགས་པས་བསྟོད། དེ་ནས་མིག་སྨན་བྱུག་པའི་ཚུལ་བྱས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱེད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཞི་བ་ལ་སོགས་པའི་འཕྲིན་ལས་བསྒྲུབ་པའི་དོན་དུ་ཡོན་བདག་ལ་སོགས་པ་ལ་གཟིགས་པ་ལྷུར་ལེན་མཛད་པར་གྱུར། དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་དམ་ཙིག་བསྒྲགས་ཤིང་ལྷ་གང་ཡིན་དེའི་སྙིང་པོ་བརྗོད་ལ། སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་རེག་པས་ལྷའི་གཟུགས་དེ་ཡོངས་སུ་གྱུར་ནས་བྲིས་སྐུ་དང་ལུགས་སྐུ་གང་ཡིན་དེའི་རྣམ་པར་གྱུར་པར་བསམ་ཞིང་། མཆོད་རྟེན་ཡིན་ན་རྣམ་སྣང་དེ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པའི་མཆོད་རྟེན་གྱི་གཟུགས་དང་། འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་བྱེད་པར་བསམ། གཙུག་ལག་ཁང་


DLL1006_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་རྣམ་སྣང་ཡབ་ཡུམ་ཞུ་ནས་ཐིམ་པའི་གཙུག་ལག་ཁང་དུ་གྱུར་པར་བསམ་ཞིང་། གསུང་རབ་ཡིན་ན་འོད་དཔག་མེད་ཡབ་ཡུམ་ཞུ་ནས་ཐིམ་པའི་པུ་ཏི་ལ་སོགས་པར་གྱུར། དེ་ནས་བརྟན་བཞུགས་བྱ་བ་ནི། ས་མ་ཡ་སྟྭཾ་ཨཱ་ཧཾ། ཞེས་ལན་གསུམ་བརྗོད། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་ནས་སུ། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཡོན་གྱི་བདག་པོའི་དོན་སླད་དུ། །ཡོན་བདག་འབྱོར་བ་ཉིད་དུ་ནི། །ཅི་འབྱོར་པ་ཡིས་མཆོད་པ་དང་། །མེ་ཏོག་མཆོད་པ་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ལོ། །བྱེ་བྲག་ཏུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་བཞུགས་ཏེ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དུ་གསོལ། མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ཞེས་ལན་གསུམ་བརྗོད། དེ་ནས་བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །


DLL1006_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་འཁོར་བཅས་འདིར་ནི་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམས་གྱུར་ཞིང་། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཏེ། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་པ། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་བ། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་སུ་གསོལ། །ཞེས་བརྗོད་ཡི་གེ་བརྒྱ་པ་ལན་བདུན་བརྗོད། མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ཀྱི་ཚུལ་བཟུང་ནས། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེར་ནི་འགྲོ་དོན་ཀུན་འགྲུབ་མཛོད། །དེ་ནས་བཀྲ་ཤིས་ལོང་སྐབས་དང་བསྟུན་ནས་བྱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་


DLL1006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་གསུམ་པའོ། །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམས་པ་དང་། །གསང་སྔགས་རིགས་སྔགས་ཀུན་གྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་ཀུན་གྱི་བདེན་ཚིག་གིས། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །ཞེས་སོགས་བྱ། བགེགས་རིགས་སྟོང་ཕྲག་ཞེས་སོགས་བྱ། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་ཞེས་སོགས་དང་། མཁས་པའི་དབང་པོ་ཞབས་བརྟན་ཞེས་སོགས་བྱའོ། །ཞེས་རབ་གནས་རྟ་ཐོག་མ་ཞེས་པ་འདི་ནི་ཆོས་སྨྲ་བའི་བཙུན་པ་དགེ་འདུན་གྲུབ་ཀྱིས་སྦྱར་བའོ།། །།ན་མཿ ཤཱཀྱ་མུ་ནེ་ཡེ། མཆོད་རྟེན་སྐུ་གཟུགས་ཀྱི་ནང་དུ་གཟུངས་ཀྱི་ཚོགས་ལ་སོགས་པ་བཞུགས་སུ་གསོལ་བ་ནི། སྐུའི་ཚད་དང་མཉམ་པའི་སྲོག་ཤིང་ཙན་དན་ནམ་ཤུག་པ་ལ་སོགས་པའི་རྒྱུ་བཟང་པོ་ལ་རྩ་རྩེ་མ་ལོག་པ་ཅུང་ཟད་གྲུ་བཞི་བྱས་ལ། ཕྱོགས་བཞིར་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ཞེས་དང་། ཨོཾ་བཛྲ་བིདྱཱ་སྭཱཧཱ། ཞེས་འདྲི། སྐུའི་མདུན་ངོས་ནས་གཙུག་ཏོར་གྱི་ཐད་དུ་ཧཾ། དཔྲལ་བའི་ཐད་དུ་ཨོཾ། མགྲིན་པའི་ཐད་དུ་ཨཱཿ ཐུགས་ཀའི་ཐད་དུ་ཧཱུཾ། ལྟེ་བའི་ཐད་དུ་ཧོཿ གསང་བའི་ཐད་དུ་ཀྵ་རྣམས་བྲིས་ལ་དབུས་སུ་གཞུག །གཙུག་ཏོར་གྱི་ནང་དུ་སངས་རྒྱས་དང་གང་ཟག་མཆོག་རྣམས་ཀྱི་རིང་བསྲེལ། རྩ་བའི་རྒྱུད་ཀྱི་བླ་མ་དམ་པ་ལོ་པཎ་གྲུབ་ཐོབ་རྣམས་ཀྱི་མཚན་སྔགས། གཙུག་ཏོར་དྲི་མེད་རྣམ་རྒྱལ།


DLL1006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་རྣམས་དང་། རྣལ་འབྱོར་བླ་མེད་ཀྱི་སྙིང་པོའི་གཟུངས་རྣམས་གཞུག །དེ་ནས་རྣལ་འབྱོར་རྒྱུད། དེ་ནས་སྤྱོད་རྒྱུད། དེ་ནས་བྱ་རྒྱུད་ཀྱི་རྡོ་རྗེའི་རིགས་ཡན་དང་། མདོ་ལས་བྱུང་བའི་གཟུངས་སྔགས་རྣམས་ཀྱིས་སྐུའི་ཁོངས་གང་བར་བཞུགས་སུ་འཇུག །པད་གདན་གྱི་ནང་དུ་དཔལ་མགོན་པོ་དང་ལྷ་མོ་དང་ཚོགས་དང་བདག་ཛཾ་ལ་ལ་སོགས་པ་གནོད་སྦྱིན་ནོར་ལྷ་ཆོས་སྐྱོང་རྣམས་གཞུག །དེ་ནས་གནོད་སྦྱིན་ཕོ་མོའི་འཁོར་ལོ་ཁ་སྦྱོར་ཕྱོགས་དང་སྟེང་འོག་མ་འཆུགས་པ་ལྟེ་བ་མར་དང་སྦྲང་རྩིས་བསྡམས་པ་བཞུགས་སུ་བཅུག་པའི་ཕྱོགས་བར་མཚམས་རྣམས་སུ་བྱ་རྒྱུད་ཀྱི་འཇིག་རྟེན་པའི་རིགས་གསུམ་སོགས་གཙང་རིས་ཀྱི་ལྷ་རྣམས་དང་། སྨོན་ལམ་གསོལ་བཏབ་ཤོག་དྲིལ་དུ་བྱས་པ་དང་། དེ་ནས་རིན་པོ་ཆེ་དང་། སྨན་དང་། འབྲུ་སྣ་དང་། དར་ཟབ་ལ་སོགས་པ་ཤིས་པའི་རྫས་མཐའ་དག་ཐུམ་བུར་བྱས་པའམ་བླུག་པས་གང་བར་བྱའོ། །སྐུ་ཚད་ཆེ་བ་གཟུངས་ཀྱིས་མི་གང་བ་རྣམས་ལ་མཆོད་རྟེན་གྱི་བྲེ་དང་བུམ་པ་ཡན། སྐུ་གཟུགས་ཀྱི་དབུ་དང་ཐུགས་ཀ་ཡན་ལ་གཟུངས་ཀྱི་ཚོགས་རྣམས་བཞུགས་སུ་འཇུག །དེ་ནས་རྒྱུད་སྡེ་དང་སྡེ་སྣོད་གསུང་རབ་བསྟན་བཅོས་སོགས་ཀྱི་ཚོགས་དྲིལ་བའམ་པུ་ཏི་གང་རིགས་དབུ་ཞབས་མ་ལོག་པར་ནར་སྟབས་སུ་གཞུག །སྐུ་གཟུགས་ཀྱང་བླ་མའི་སྐུ་ནས་རྒྱུད་སྡེའི་གོ་རིམ་བཞིན་དུ་བཅུག །ནང་བཞུགས་སུ་འཇུག་རྒྱུ་ཐམས་ཅད་ལའང་སྔོན་དུ་རབ་གནས་བྱ་ལ། དེ་ནས་བཞུགས་སུ་འཇུག་པ་


DLL1006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རབ་ཏུ་གནས་པའི་ཆོ་གས་ཇི་ལྟར་འབྱུང་བ་བཞིན་གོ་རིམ་མ་འཁྲུགས་པར་བྱས་ལ། ཆོ་ག་གཞུང་བཞིན་རབ་ཏུ་གནས་པ་དང་མངའ་དབུལ་རྣམས་རྒྱས་པར་བྱའོ། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལྷ་སྐུའི་གཟུངས་བཞུགས་མདོ་རྒྱུད་ལས་གསུངས་པ་བླ་མ་དམ་པ་རྣམས་ཀྱི་ཕྱག་ལེན་མ་ནོར་བར་བསྡུས་ནས་བཀོད་པ་ནི། ན་མཿགཙུག་ཏོར་ས་མནྟ་བུདྡྷཱ་ནཱི། ཨ་པྲ་ཏི་ཧ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བིད་ཏྲ་ཐཱ་སྭཱཧཱ། ཨོཾ་དབུ་སྐྲ་བཛྲ་ཧོ་ཧཱུཾ་ཕཊ། ཨོཾ་སྤྱི་གཙུག་བིད་སྭཱཧཱ། ཨོཾ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོ་ཥྞཱི་ཥི་བི་མ་ལེ་བི་ཤུདྡྷེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཾ་བཾ་སཾ་ཛཿསྭཱཧཱ། ཨོཾ་བིད་ཏྲ་ཐཱ་སྭཱཧཱ། ཨོཾ་བཛྲ་ཧོ་སྨིན་མ་ཧྲི་སྭཱཧཱ། ཨོ་ན་མཿ སརྦ་མཛོད་སྤུ་ཏ་ཐཱ་ག་ཏེ་བྷྱོ་ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ཧེ་ཧེ་བྷནྡྷ་བྷནྡྷ། ཏིཥྛ་ཏིཥྛ། དྷཱ་ར་ཡ་དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཨུརྞ་མ་ཎི་སྭཱཧཱ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ། སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཨོཾ་སྙན་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་ཕཊ་ཤངས་རྩ་དྷ་སྭཱཧཱ། ཨོཾ་ཤངས་གཤོག་བིད་ཏྲ་ཐཱ་སྭཱཧཱ། ཨོཾ་མཆུ་བཛྲ་ཧོ་ཧཱུཾ་སྭཱཧཱ། ཨོཾ་ལྕེ་བཛྲ་ཧོ་ཏ་སྭཱཧཱ། ཨོཾ་ལྐོག་མ་ས་ཏེ་བྱེ་སྭཱཧཱ། ཨོཾ་མགྲིན་པ་བཛྲ་རོ་ཧི་སྭཱཧཱ། ཨོཾ་མཇིང་པ་བཛྲ་ཧ་ར་སྭཱཧཱ། ཨོཾ་དཔུང་པ་དྲ་ཛ་ལ་ཨ་གྲཾ་ཀ་ཡུ་ར་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་མཆན་ཁུང་བཛྲ་ཧོ་ར་སྭཱཧཱ། ན་མོ་ཕྱག་བྷ་ག་བ་ཏེ་མཧཱ་བཛྲ་གྷཎྜ་རི་ཨ་ནི་ཀ་ཤ་ཏ་མཧཱ། པྲ་ཛྭ་ལི་ཏི་བ་ཏི་ཛ་བྱཻ་མཧཱ་པ་ཤ་གཎྜ་རི་སདྡྷ་ཙནྡྲ་བཛྲ་པ་ནི་རཱ་ཛ་པ་ཡ་ཏི་ཧྲྀ་ད་ཡ་ཨ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སྙིང་བཛྲ་ད་ར་པ་


DLL1006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ན་མོ་ཐུགས་ཀ་རཏྣ་ཏྲ་ཡཱ་ཡ། བྱཻ་ཨོཾ་གུ་ལནྡྷ་རྭི་སྭཱཧཱ། ཨོཾ་བཛྲ་ལོགས་གཡས་བཛྲ་ཧི་བཾ་སྭཱཧཱ། ཨོཾ་དབུས་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ལྟོ་བ་བཛྲ་ཧོ་ཨ་པཾ་སྭཱཧཱ། ཨོཾ་རྐེད་པ་བཛྲ་ཧོ་ཤུ་ཤུ་སྭཱཧཱ། ཨོཾ་པུས་སྭཱཧཱ། ཨོཾ་ཞབས་བཛྲ་ཧོ་པ་སྭཱཧཱ། ཨོཾ་བྱིན་པ་བཛྲ་ཁ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦ་སྐུ་བྱིངས་ལ་ཏ་ཐཱ་ག་ཏོ་ཥྞི་ཥི་དྷཱ་ཏུ་མུ་ཏི་སྭཱཧཱ། ཏ་ཐཱ་ག་ཏ་དྷཱ་ཏུ་བྷུ་ཥི་ཏེ་ཨ་དྷ་ཥྛི་ཏེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བ་སྭཱཧཱ། ཨོཾ་བྱིད་སྭཱཧཱ། ཨོཾ་ཨཱཿགུ་རུ་བཛྲ་དྷྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཛི་ན་ཛི་ཀ་ཨོཾ་ཧཱུཾ། ཨོཾ་ཨཱཿརནྟ་དྷྲིཀ་སྭཱ་ཧཱུཾ། ཨོཾ་ཨཱཿ ཨཱ་རོ་ལིཀ་ཨཱཿ་ཧཱུཾ། ཨོཾ་ཨཱཿ པཛྙཱ་དྷཱྀཀ་ཧཱཾ་ཧཱུཾ། ཨོཾ་མཐོང་བ་དོན་ཡོད་མ་ཎི་དྷ་ར་ཧཱུཾ་ཕཊ། མཆོད་རྟེན་བུམ་པའི་སྨད་དང་སྐུའི་རྐེད་པ་མན་ལ་བྱང་སེམས་ཀྱི་གཟུངས་སྔགས་རྣམས་གཞུག་སྟེ། ན་མཿསེམས་དཔའ་རྣམས་ཀྱི་ས་མནྟ་ས་བཾ་བུདྡྷ་ནཱ། སརྦ་ཏ་བི་ཧི་ར་ན་པེ་ཤ་ནི་ནི་སརྦ་བི་ཏེ་སྭཱཧཱ། ན་མཿ་ས་སེམས་མ་རྣམས་ཀྱི་མནྟ་བུདྡྷཱ་ནཱཾ། སརྦ་བི་ཏི་ར་ན་དྷརྨ་དྷཱ་ཏུ་ནི་ར་ཛ་ཏ་སཾ་སཾ་སྭཱཧཱ། ན་མཿས་ཉན་ཐོས་རྣམས་ཀྱི་མནྟ་བུད་དྷཱ་ནཱཾ། ཧེ་རུ་པྲ་ད་ཡ་བི་ག་བྷ་ན་མ་ར་ཛ་ཏ་ཧཱུཾ། ཨོཾ་ཨཱ་མོས་སྤྱོད་ཀྱི་ས་དྷི་མུཀྟི་ཙརྱ་བྷཱུ་མི་སྭཱཧཱ། ཨོཾ་རབ་ཏུ་དགའ་བ་པྲ་མུ་དི་ཏཱ་བྷཱུ་མི་སྭཱཧཱ། ཨོཾ་དྲི་མ་མེད་པ་བི་མ་ལ་བྷཱུ་མི་སྭཱཧཱ། ཨོཾ་པྲ་འོད་བྱེད་པ་བྷ་ཀ་རཱི་བྷཱུ་མི་སྭཱཧཱ། ཨོཾ་འོད་འཕྲོ་བ་ཨརྩིཥྨ་ཏི་བྷཱུ་མི་སྭཱཧཱ། ཨོཾ་སྦྱང་དཀའ་བ་སུ་དུ་རྫ་ཡཱ་བྷཱུ་མི་སྭཱཧཱ། ཨོཾ་མངོན་དུ་གྱུར་པ་ཨ་བྷྀ་མུ་ཁི་བྷཱུ་མི་སྭཱཧཱ། ཨོཾ་རིང་དུ་སོང་བ་དུ་རངྒ་མཱ་བྷཱུ་མི་སྭཱཧཱ། ཨོཾ་མི་ཡོ་བ་ཨ་ཙ་ལཱ་བྷཱུ་མི་སྭཱཧཱ།


DLL1006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལེགས་པའི་བློ་གྲོས་སྭཱ་དྷཱུ་མ་ཏི་བྷཱུ་མི་སྭཱཧཱ། ཨོཾ་ཆོས་ཀྱི་སྤྲིན་དྷརྨ་མེ་གྷ་བྷཱུ་མི་སྭཱཧཱ། ཨོཾ་ཀུན་ཏུ་འོད་ཀྱི་ས་ས་མནྟ་པྲ་བྷ་བུད་དྷཱ་བྷཱུ་མི་སྭཱཧཱ། ཨོཾ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཱ་ན་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་ཚུལ་ཁྲིམས་ཤཱི་ལ་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་བཟོད་པ་ཀྵཱཏྣི་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་བརྩོན་འགྲུས་བཱིརྱ་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་དྷཱུ་བསམ་གཏན་ན་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་ཤེས་རབ་པྲཛྙཱ་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་ཐབས་ཨུ་པ་ཡ་པཱ་ར་མི་ཏ་ཡེ་སྭཱཧཱ། ཨོཾ་པྲ་ཎི་དྷ་ན་པཱ་ར་མི་སྨོན་ལམ་ཏ་ཡེ་སྭཱཧཱ། ཨོཾ་བ་སྟོབས་ལ་པཱ་ར་མིཏ་ཡེ་སྭཱཧཱ། ཨོཾ་ཡེ་ཤེས་ཛྙཱ་ན་པཱ་ར་མི་ཏ་ཡེ་སྭཱཧཱ། དབང་བཅུ་ལ་ཨོཾ་ཨཱ་ཡུརྦཱ་ཚེ་ལ་དབང་ཤི་ཏ་ཡེ་སྭཱཧཱ། ཨོཾ་ཏེ་ཛོ་བཱ་ཤི་ཏ་ཡེ་སེམས་ལ་སྭཱཧཱ། ཨོཾ་པ་རི་ཀྵ་ར་བཱ་ཤི་ཏ་ཡེ་ཡོ་བྱད་ལ་སྭཱཧཱ། ཨོཾ་ཀརྨ་བཱ་ཤི་ཏ་ཡེ་ལས་ལ་ཧཱསྭཱཧཱ། ཨོཾ་ཨུ་པ་ད་བཱ་ཤི་ཏ་ཡེ་སྭཱ་སྐྱེ་བ་ལ་ཧཱ། ཨོཾ་རྀདྡྷི་བཱ་ཤི་ཏ་ཡེ་རྫུ་འཕྲུལ་ལ་སྭཱཧཱ། ཨོཾ་ཨ་དྷི་མུཀ་ཏི་བཱ་ཤི་ཏ་ཡེ་མོས་པ་ལ་སྭཱཧཱ། ཨོཾ་པྲ་ནི་དྷ་ན་བཱ་ཤི་ཏ་ཡེ་སྨོན་ལམ་ལ་སྭཱཧཱ། ཨོཾ་ཛྙཱ་ན་བཱ་ཤི་ཏ་ཡེ་ཡེ་ཤེས་སྭཱཧཱ། ཨོཾ་དྷརྨ་བཱ་ཤི་ཏ་ཡེ་ཆོས་ལ་སྭཱཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་སྟོང་པ་ཉིད་ཀྱི་གཟུངས་དྷརྨ་སྭ་བྷཱ་ཝ་ཤུད་དྷོ྅ཧཾ། ཨོཾ་ཤཱུ་ནྱ་གྲོང་ཁྱེར་དུ་འཇུག་པ་ཞེས་ཀྱང་བྱ་ཤིན་ཏུ་གཅེས་སོ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སྒྲོལ་མ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་མ་ཎི་སོ་སོ་འབྲང་མ་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏ་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་ནས་པདྨའི་གཟུངས་ལ། མགོན་པོ་ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ལྷ་མོ་རུ་རུ་རོ་རུ་བི་ཏིཥྛ་བ་དྷཱ་སི་ཀ་མ་ལ་རཱཀྵ་སི་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཚོགས་བདག་ག་


DLL1006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ག་ག་ག་ག་ག་གཿ ག་ཎ་ཨ་དྷི་བ་ཏ་ཡེ་ཆེ་གེ་མོའི་ལུས་དང་ལོངས་སྤྱོད་ཆོས་དང་སེམས་ལ་བར་དུ་གཅོད་པ་དང་གནོད་པར་སེམས་པ་རྣམས་བཟློག་ཏུ་གསོལ་བསྲུང་དུ་གསོལ་ཅེས་བྲི། སྭཱཧཱ། ཨོཾ་རྒྱལ་ཆེན་བཞི་བཻ་ཨོཾ་དྷཱྀ་ཨོཾ་བྷི་ཨོཾ་རྟེན་ལ་མཆོད་པས་སྦྱིན་བདག་ལོངས་སྤྱོད་འཕེལ་བ་དང་བསྲུང་བ་དང་སྐྱབ་པར་མཛོད་ཅིག་ཅེས་བྲི་ཀྵ། ཨོཾ་ཕྱོགས་སྐྱོང་ཨི། ཨོཾ་ཨ། ཨོཾ་ཡ། ཨོཾ་ནཻ། ཨོཾ་བ། ཨོཾ་བཱ། ཨོཾ་ཀུ །ཨོཾ་ཨཱི། ཨོཾ་བྲ། ཨོཾ་སྤེལ་ཚིག་གོང་དང་འདྲ་སུ། ཨོཾ་ལྷ་ཆེན་བརྒྱད་ཧཱུམ། ཨོཾ་བི། ཨོཾ་དུ། ཨོཾ་ཨི། ཨོཾ་ཀཱཾ །ཨོཾ་ག །ཨོཾ་བྷི། ཨོཾ་རྟེན་ལ་མཆོད་པ་འཕུལ་བ་དང་ཡོན་བདག་བཀྲ་ཤིས་པར་མཛོད་ཅེས་བྲི་ཀ །ཨོཾ་གཟའ་ཆེན་བརྒྱད་ཨཱ། ཨོཾ་སོ། ཨོཾ་ཨ། ཨོཾ་བུ། ཨོཾ་བྲྀ། ཨོཾ་ཤུ། ཨོཾ་ས། ཨོཾ་སྤེལ་ཚིག་འདྲའོ་རཱ། ཨོཾ་ཀླུ་ཆེན་བརྒྱད་ཕུ། ཨོཾ་ཕ། ཨོཾ་ཕཾ། ཨོཾ་ཕཱ། ཨོཾ་ཕི། ཨོཾ་ཕཻ། ཨོཾ་རྟེན་ལ་མཆོད་པ་འཕུལ་བ་དང་ཡོན་བདག་བདེ་ལེགས་བྱུང་བར་མཛོད་ཅིག་ཕཽ། ཨོཾ་འཇིགས་བྱེད་བཅུ་བཻ་རུ་སྭཱཧཱ། ཨོཾ་བཻ་བྷི་སྭཱཧཱ། ཨོཾ་བྷ་སྭཱཧཱ། ཨོཾ་བྷི་སྭཱཧཱ། ཨོཾ་བྷུ་སྭཱཧཱ། ཨོཾ་བཻ་སྭཱཧཱ། ཨོཾ་བྷེ་སྭཱཧཱ། ཨོཾ་བྷཽ་སྭཱཧཱ། ཨོཾ་བྷཾ་སྭཱཧཱ། ཨོཾ་བྷ་སྤེལ་ཚིག་འགྲེའོ། །སྭཱཧཱ། ཨོཾ་ཤར་སྐར་བདུན། ཤུ། ཨོཾ་ཕྲི། ཨོཾ་སོ། ཨོཾ་བྷུ། ཨོཾ་ཨཾ། ཨོཾ་ར། ཨོཾ་རཱ། ཨོཾ་ལྷོ་སྐར་བདུན། ས། ཨོཾ་ཏྲི། ཨོཾ་རི། ཨོཾ་ཨ། ཨོཾ་ཨར། ཨོཾ་པུ། ཨོཾ་སུ། ཨོཾ་ནུབ་སྐར་བདུན། ཨ། ཨོཾ་མ། ཨོཾ་མུ། ཨོཾ་ཨ། ཨོཾ་ཧ། ཨོཾ་ཙ། ཨོ་ས། ཨོཾ་བྱང་སྐར་བདུན། བཻ། ཨོཾ་ཨ། ཨོཾ་ཛཾ། ཨོཾ་མུ། ཨོཾ་པུར། ཨོཾ་ཨུ། ཨོཾ་ཤྭ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་རྐྱེན་བཀྲ་ཤིས་བྱིན་རླབས་དང་ལྡན་པ་དང་ཡོན་བདག་ལ་རྒྱུ་སྐར་གྱི་གནོད་པ་མི་འབྱུང་ཞིང་བདེ་ལེགས་སུ་མཛོད་ཅིག །ཅེས་སྤེལ་ཚིག་བྲིའོ། །དེ་ནས་མཆོད་


DLL1006_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་མཆོད་པ་འཕུལ་བ་དང་སྦྱིན་བདག་གི་འབྱོར་པ་འཕེལ་བར་བྱ་བའི་ཕྱིར་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་བཞེང་བར་འདོད་ན་གཞན་དུ་ཤེས་པར་བྱ་ལ། འདིར་ཉེས་དམིགས་ཆུང་ཞིང་ཕན་ཡོན་འཁོར་ལོ་དང་ཁྱད་མེད་པས་གཟུངས་སུ་བྲི་བ་ནི། ཨོཾ་ཛམྦྷ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱཧཱ། ཨོཾ་ནོར་རྒྱུན་མ་བ་སུ་དྷ་རི་ཎྱེ་སྭཱཧཱ། ཨོཾ་ཤར་ནོར་བུ་བཟང་པོ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་ཤར་ཟླ་འོད་མ་ཙནྡྲ་ཀཱན་ཏྲཻ་སྭཱཧཱ། ཨོཾ་ཤར་ལྷོ་སྣང་བ་འཁྱིལ་བ་པི་ཙི་ཀུཎྜ་ལི་ནེ་སྭཱཧཱ། ཨོཾ་ཤར་ལྷོ་རབ་ཏུ་བཟང་མོ། སུ་བྷ་དྲཱ་ཡཻ་སྭཱཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་ལྷོ་གང་བ་བཟང་པོ། སྭཱཧཱ། ཨོཾ་ལྷོ་སྦྱིན་མ་དཏྟཱ་ཡེ་སྭཱཧཱ། ཨོཾ་ལྷོ་ནུབ་རལ་པའི་ཕྲེང་ཀཻ་ལི་མཱ་ལི་ནེ་སྭཱཧཱ། ཨོཾ་གུདྷཱ་ཡཻ་ལྷོ་ནུབ་སྦས་མ། སྭཱཧཱ། ཨོཾ་དྷ་ན་དཱ་ཡ་ནུབ་ནོར་སྦྱིན་ཡ་སྭཱཧཱ། ཨོཾ་སུ་དཏྟཱ་ཡཻ་ནུབ་རབ་སྦྱིན་མ། སྭཱཧཱ། ཨོཾ་ཙ་རེནྡྲ་ཡ་ནུབ་བྱང་སྤྱོད་པའི་དབང་ཕྱུག །སྭཱཧཱ། ཨོཾ་ནུབ་བྱང་གནས་མ་དེ་བྱེ་སྭཱཧཱ། ཨོཾ་བྱང་རྣམ་སྲས་བཻ་ཤྲ་མ་ཎཱ་ཡ་སྭཱཧཱ། ཨོཾ་བྱང་འཕགས་མ་ཨཱརྻཱ་ཡཻ་སྭཱཧཱ། ཨོཾ་མུ་ཁེ་ན་དྲཱ་ཡ་བྱང་ཤར་གྲོང་གི་དབང་ཕྱུག །སྭཱཧཱ། ཨོཾ་བྱང་ཤར་དབྱངས་ཅན་མ། སྭ་ར་སྭ་ཏྲཻ་སྭཱཧཱ། གནོད་སྦྱིན་ཆེན་པོ་ཁྱེད་རྣམས་ཀྱིས་རྟེན་ལ་མཆོད་པ་འཕུལ་བ་དང་། ཡོན་བདག་གི་དཔལ་དང་འབྱོར་པ་དང་སྟོབས་དང་གཟི་བརྗིད་འཕེལ་ཞིང་རྒྱས་པ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ་ཞེས་སྤེལ་ཚིག་བྲིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིནྦྷཱུ་ཏ་བྷཱུ་ཏ་རཱུ་པི་ནི། ཨོཾ་ཏཱ་རེ་སྭཱཧཱ། རིག་པ་ཕུག་རོན་གྱི་གཟུངས་འདི་བཞུགས་ན། རྟེན་གྱི་གཟུངས་བཞུགས་གོ་རིམ་ལོག་པ་དང་འཁྲུགས་པ་ལ་སོགས་པའི་ཉེས་པ་མི་འབྱུང་ཞིང་བཀྲ་ཤིས་པ་ཐམས་ཅད་བྱེད་པར་འགྱུར་རོ།། །།


DLL1006_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྦྱོང་གི་འཁྲིད་ཉམས་ལེན་བདུད་རྩིའི་ཉིང་ཁུ་བླ་མའི་གསུང་ཟིན་བྲིས་སུ་བཏབ་པ་བཞུགས་སོ། ། ཐེག་ཆེན་གསུང་རབ་ཀུན་གྱི་གདམས་པའི་ཕུལ། །བྱང་ཆུབ་སེམས་སྦྱོང་མན་ངག་རིན་པོ་ཆེ། །རྫོགས་པར་མངའ་བ་པཎ་ཆེན་དགེ་འདུན་གྲུབ། །ལྷ་ཆོས་བདུན་ལྡན་དེ་ལ་བདག་ཕྱག་འཚལ། །ཐེག་པ་ཆེན་པོ་བློ་སྦྱོང་གི་འཁྲིད་ལ། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་གང་ལས་བརྒྱུད་པའི་རིམ་པ། ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་གདམས་ངག་གི་ཆེ་བ་བརྗོད་པ། གདམས་པ་རིན་པོ་ཆེ་དངོས་ཀྱི་དོན་དང་གསུམ། དང་པོ་ནི། མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་གསུངས་པས། སངས་རྒྱས་ནས་རིམ་གྱིས་བརྒྱུད་ནས་གསེར་གླིང་པ་ནས་བརྒྱུད་པ་ཡིན། གཉིས་པ་ནི། རྡོ་རྗེ་ཉི་མ་ལྗོན་ཤིང་བཞིན། །གཞུང་དོན་ལ་སོགས་ཤེས་པར་བྱ། །སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །ཞེས་གསུངས་པས། བློ་སྦྱོང་གི་གཞུང་འདི་རྡོ་རྗེ་བཞིན་དུ་ཤེས་པར་བྱ་སྟེ། རྡོ་རྗེ་རིན་པོ་ཆེས་ཕར་བྲག་རི་ལ་སོགས་པ་འཇོམས། དབུལ་བ་སེལ་ཞིང་དགོས་འདོད་ཐམས་ཅད་སྩོལ་བ་ལྟ་ཅི་སྨོས། དེའི་དུམ་བུ་ཆུང་ཆུང་རྣམས་ཀྱིས་གསེར་ལ་སོགས་པའི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་པ། དབྱིབས་གྲུ་བཞིར་གནས་པ་བཞིན་དུ། འདིའི་གཞུང་གི་ཚོགས་ཐམས་ཅད་ཀྱིས་ཀྱང་རང་གཅེས་འཛིན་སོགས་འཇོམས་གཞུང་གི་སྣ་རེ་རེས་ཀྱང་རང་གཅེས་འཛིན་སོགས་འཇོམས་པས་སོ། །འདིའི་དོན་རྣམས་ནི་ཉི་མ་བཞིན་དུ་ཤེས་པར་


DLL1006_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཉི་མས་མུན་པ་སེལ་བ་དང་། འོད་ཟེར་སྣ་རྩེ་གཅིག་ཤར་ན་དཀྱིལ་འཁོར་རྫོགས་པའི་འཆར་བ་བཞིན་དུ། འདིས་ཀྱང་རང་གཅེས་འཛིན་སོགས་ཉོན་མོངས་པའི་མུན་པ་སེལ། འདིའི་དོན་སྣ་རྩེ་གཅིག་བློ་ལ་སྐྱེ་རྒྱུ་བྱུང་ན་དོན་རྫོགས་པར་བློ་ལ་སྐྱེ་བས་སོ། །འདིའི་གཞུང་དང་དོན་གཉིས་ཀ་ནད་སེལ་བའི་སྨན་གྱི་ལྗོན་ཤིང་བཞིན་དུ་ཤེས་པར་བྱ་སྟེ། སྨན་གྱི་སྡོང་པོ་རྫོགས་པས་ཀྱང་ནད་སེལ། ཡལ་ག་དང་ལོ་མ་སོགས་རེ་རེས་ཀྱང་ནད་སེལ་བ་བཞིན་དུ། འདིའི་གཞུང་དང་དོན་གཉིས་བསྡོམས་པས་ཀྱང་བདག་འཛིན་དང་གཏི་མུག་མ་རིག་པ་དང་། དེས་བསྐྱེད་པའི་རང་གཅེས་འཛིན་སོགས་ཉོན་མོངས་པའི་ནད་སེལ། རེ་རེས་ཀྱང་ནད་སེལ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཆེ་བ། དུས། སེམས་ཅན། ཚེ་ལྟ་བ། ཉོན་མོངས་པའི་སྙིགས་མ་ལྔ་པོ་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའི་ཕན་ཡོན་དང་ལྡན་ནོ། ། གསུམ་པ་གདམས་པ་དངོས་ཀྱི་དོན་ལ། དང་པོ་སྔོན་འགྲོ་དག་ལ་བསླབ། ཅེས་པའི་དོན་བདུན་ཡོད་པའི་དང་པོ། སྔོན་འགྲོ་རྟེན་གྱི་ཆོས་བསམ་པ་ལ། བླ་མའི་རྣལ་འབྱོར་བསྒོམ་པ། དལ་འབྱོར་རྙེད་དཀའ་བ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ་དང་ལྔ། དང་པོ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་རང་གི་རྩ་བའི་བླ་མ་དེ་ཉིད་བཅོམ་ལྡན་འདས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་


DLL1006_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེའི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ན་བཟའ་ཆོས་གོས་དམར་པོ་གསོལ་བ་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན། རང་ལ་དགྱེས་བཞིན་དུ་ཞལ་འཛུམ་པ་དང་བཅས་པས་གཟིགས་པ། དེ་ཡང་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས། ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། བླ་མའི་སྒོས་ཀྱི་བསྟོད་པ་ཡང་བྱ། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པའི་བར་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད། མཎྜལ་རྒྱས་པའམ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་པས་མཎྜལ་ཕུལ། སྐྱབས་སུ་འགྲོ་བ་ནི། དུས་ད་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ས་བླ་མ་མིན་པ་གཞན་མེད་སྙམ་པ་བྱས་ནས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །


DLL1006_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་མཆོག་གི་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་ཅི་མང་བྱེད། དེ་ནས་གསོལ་བ་འདེབས་པ་རྒྱས་པ་ནི་འོག་ནས་འབྱུང་བ་ལྟར་བྱ་ཞིང་། བསྡུས་པ་ནི། སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་བདུད་རྩིའི་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྲིད་གསུམ་འདྲེན་པའི་གཙོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རེ་སའི་སྐབས་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་དང་འཆི་ཁ་བར་དོ་དང་སྐྱེ་བ་ཕྱི་མ་རྣམས་སུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མི་ཉམས་པར་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ངན་བར་ཆད་ཅི་བྱུང་ཡང་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཁ་ཙམ་ཚིག་ཙམ་མིན་པར་གསོལ་བ་དྲག་ཏུ་བཏབ་པ་ལ་བརྟེན་ནས། བླ་མའི་སྤྱི་བོ་ནས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོ་ཐིམ། བླ་མའི་སྐུའི་བྱིན་རླབས་ཞུགས། ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྡིག་སྒྲིབ་དག །བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། བླ་མའི་གསུང་གི་བྱིན་རླབས་ཞུགས། ཐོག་མ་མེད་པ་ནས་བསགས་


DLL1006_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངག་གི་སྡིག་སྒྲིབ་དག །བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ། བླ་མའི་ཐུགས་ཀྱི་བྱིན་རླབས་ཞུགས། ཐོག་མ་མེད་པ་ནས་བསགས་པའི་ཡིད་ཀྱི་སྡིག་སྒྲིན་དག །བླ་མའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། རང་གི་ལུས་ཀྱི་ནང་དུ་ཐིམ། བླ་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས། ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག་པར་བསམ་མོ། །ཡང་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་པ་ནས། བདག་གི་རེ་སའི་སྐྱབས་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་སྔར་བཞིན་གསོལ་བ་བཏབ་པས། བླ་མ་དགྱེས་བཞིན་དུ་འོད་དུ་ཞུ་ནས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། སྙིང་གར་རང་གི་སེམས་དང་དབྱེར་མེད་དུ་གྱུར་པའི་ངང་ལ་བཞག་གོ །གཉིས་པ་དལ་འབྱོར་རྙེད་དཀའ་བ་བསམ་པ་ལ། དལ་འབྱོར་ངོས་བཟུང་བ། དེ་རྙེད་པ་དོན་ཆེ་བར་བསམ་པ། དལ་འབྱོར་རྙེད་དཀའ་བ་བསམ་པ་དང་གསུམ། དང་པོ་ནི། དལ་བ་བརྒྱད་དང་འབྱོར་བ་བཅུ་དལ་བ་བརྒྱད་ནི། མི་ཁོམ་པ་བརྒྱད་དང་བྲལ་བ་ལ་བྱེད་པ་ཡིན་ནོ། ། མི་ཁོམ་པ་བརྒྱད་ནི། མི་མ་ཡིན་པའི་འགྲོ་བས་བསྡུས་པ་བཞི། མིའི་འགྲོ་བས་བསྡུས་པ་བཞིའོ། །དང་པོ་བཞི་ནི། ལས་ཉོན་གྱིས་སྐྱེས་པའི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དང་། འདུ་ཤེས་མེད་པ་ལྷ་ཚེ་རིང་པོ་


DLL1006_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །ཕྱི་མ་བཞི་ནི། རང་ཉིད་མིར་སྐྱེས་ཀྱང་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་དང་། སངས་རྒྱས་བྱོན་ཡང་འཁོར་རྣམ་བཞི་མེད་པའི་མཐའ་འཁོབ་ཏུ་སྐྱེས་པ། ཡུལ་དབུས་སུ་སྐྱེས་ཀྱང་ཡིད་དབང་ལ་སྐྱོན་ཞུགས་པའི་དབང་པོ་མ་ཚང་བ། དབང་པོ་ཚང་ཡང་ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་ལྟ་ཅན་ནོ། །འབྱོར་པ་བཅུ་ལ། རང་འབྱོར་ལྔ་ནི། མིར་སྐྱེས་པ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། མཚམས་མེད་མ་བྱས་པས་ལས་ཀྱི་མཐའ་མ་ལོག་པ། ཡོན་ཏན་གྱི་གནས་སྡེ་སྣོད་གསུམ་ལ་དད་པའོ། །ལྔ་པོ་འདི་རང་འབྱོར་ཡིན་ཏེ། ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་ཞིང་རང་རྒྱུད་ཀྱིས་བསྡུས་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། དེའི་རྗེས་སུ་འཇུག་པ་ཡོད་པ། གཞན་གྱིས་རང་ལ་ཟས་གོས་སོགས་སྦྱིན་པ་པོ་ཡོད་པའོ། །འདི་ལྔ་གཞན་འབྱོར་ཡིན་ཏེ། ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་ཞིང་། གཞན་རྒྱུད་ཀྱིས་བསྡུས་པའོ། །གཉིས་པ་དལ་འབྱོར་རྙེད་པ་དོན་ཆེ་བ་བསམ་པ་ལ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་རྟེན་འདི་ལ་སྙིང་པོ་ལེན་དགོས་ཏེ། དལ་འབྱོར་དོན་ཆེ་བས་སོ། །གནས་སྐབས་ལ་ལྟོས་ཏེ་དོན་ཆེ་བ་ཡིན་ཏེ། སངས་རྒྱས་ཐོབ་པ་མ་ལུས་ལོངས་སྤྱོད་འཁོར་ཕུན་སུམ་ཚོགས་པ་ཐོབ་དགོས། ལུས་ཕུན་སུམ་ཚོགས་པ་ཐོབ་པ་ལ་ཚུལ་ཁྲིམས་རྣམ་དག་བསྲུང་དགོས། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སྦྱིན་པ་གཏོང་དགོས། འཁོར་ཕུན་སུམ་ཚོགས་པ་ཐོབ་པ་ལ་བཟོད་པ་བསྒོམ་དགོས་ཤིང་། སོ་སོ་


DLL1006_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་སྡོམ་པ་ནི་མིའི་རྟེན་ལ་སྐྱེ་ཡི། འགྲོ་བ་གཞན་གྱི་རྟེན་ལ་མི་སྐྱེ་བས་སོ། །མཐར་ཐུག་ལ་ལྟོས་ཏེ་དོན་ཆེ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་ཐེག་ཆེན་གྱི་མཐོང་ལམ་ཐོབ་དགོས། དེ་ཐོབ་པ་ལ་གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་། དང་པོར་མིའི་རྟེན་ལ་ལམ་སྦྱངས་པའི་འདོད་ལྷ་ཁ་ཅིག་གི་རྟེན་ལ་མཐོང་ལམ་གསར་དུ་སྐྱེ་ཡི། འགྲོ་བ་གཞན་གྱི་རྟེན་ལ་མཐོང་ལམ་གསར་དུ་མི་སྐྱེ་བས་སོ། །དེ་ལྟར་ན་མི་ཁོམ་པ་བརྒྱད་དང་བྲལ་ཞིང་འབྱོར་བ་བཅུ་དང་ལྡན་པ་དང་། རྙེད་པ་དོན་ཆེ་བའི་མིའི་རྟེན་ལ་སྙིང་པོ་ལེན་དགོས། སྙིང་པོ་ལེན་པའི་མཆོག་ཀྱང་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་འདི་ཡིན་ཞིང་། དེ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡང་བྱང་ཅུབ་ཀྱི་སེམས་གཉིས་པོ་འདི་ཡིན་པས། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ལ་འཇུག་པར་བྱའོ་སྙམ་དུ་བསམ། གསུམ་པ་དལ་འབྱོར་རྙེད་དཀའ་བསམ་པ་ནི། རྙེད་ན་དོན་ཆེ་བའི་དལ་འབྱོར་ཐོབ་པས་ཆོག་མོད། སྙིང་པོ་བླང་ཅི་དགོས་སྙམ་ན། སྙིང་པོ་བླང་དགོས་ཏེ། དལ་འབྱོར་རྙེད་མི་དཀའ་ན་སྙིང་པོ་བླང་མི་དགོས་ཀྱང་། ཤིན་ཏུ་རྙེད་དཀའ་བའི་ཕྱིར་ཏེ། རྒྱུ་ལ་ལྟོས་ནས་ཀྱང་རྙེད་དཀའ། ངོ་བོ་ལ་ལྟོས་ནས་ཀྱང་རྙེད་དཀའ་བས་སོ། །དང་པོ་ཡིན་ཏེ། མཐོ་རིས་ཀྱི་གོ་འཕང་ཙམ་ཐོབ་པ་ལ་ཡང་ཚུལ་ཁྲིམས་སྣ་རེ་བསྲུང་དགོས་ལ། ཁྱད་པར་ཆོས་བསྒྲུབ་པའི་རྟེན་རྣམ་དག་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་ཆེས་དཀོན་པས་སོ། །གཉིས་པ་གྲུབ་སྟེ། འགྲོ་བ་རིགས་མི་མཐུན་པ་གཞན་ལ་ལྟོས་ན་མི་ལུས་


DLL1006_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡང་སྲིད་མཐར་འདུག་ཅིང་། ཁྱད་པར་ཆོས་རྣམ་དག་སྒྲུབ་པའི་རྟེན་དུ་གྱུར་པའི་མི་ལུས་ཐོབ་པ་སྲིད་མཐའ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་རྟེན་འདི་ལ་སྙིང་པོ་ལེན་དགོས་ཞེས་སོགས་གང་བཞིན་བསམ། གསུམ་པ་འཆི་བ་མི་རྟག་པ་བསམ་པ་ལ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཡང་ཆོས་མིན་པ་གང་གིས་ཀྱང་མི་ཕན་པར་བསམ་པའོ། ། དང་པོ་ནི། རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་ལུས་འདི་ཐོབ་པས་ཆོག་མོད། དེ་ཡང་སྙིང་པོ་ལེན་ཅི་དགོས་ཤེ་ན། སྙིང་པོ་ལེན་དགོས་ཏེ། འཆི་བ་མི་འོང་ན་དེ་ལྟར་ཡིན་ཀྱང་། བདག་ངེས་པར་འཆི་བས་སོ། །དེའི་རྒྱུ་མཚན་འཆི་བདག་ངེས་པར་འོང་ཞིང་། དེ་རྐྱེན་གང་གིས་ཀྱང་མི་བཟློག་པ་དང་། ཚེ་ལ་སྣོན་མ་མེད་ཅིང་འགྲིབ་བྱེད་བར་མ་ཆད་དུ་ཡོད་པ་དང་། གསོན་པའི་ཚེ་ཡང་ཆོས་བྱེད་པའི་ལོང་མེད་པར་འཆི་བས་སོ། །དེ་ཡང་འཆི་བདག་ངེས་པར་འོང་སྟེ། ལུས་ཅི་འདྲ་ཞིག་བླངས་ཀྱང་འཆི་བ་འོང་། གནས་གང་དུ་གནས་ཀྱང་འཆི་བ་འོང་། དུས་ནམ་གྱི་ཚེ་ཡང་འཆི་བ་འོང་བས་སོ། །འཆི་བདག་རྐྱེན་གང་གིས་ཀྱང་མི་བཟློག་སྟེ། མགྱོགས་པས་འབྲོས་སུ་མེད། དཔུང་གིས་བཟློག་ཏུ་མེད། སྨན་དང་ནོར་དང་སྔགས་སོགས་ཀྱིས་བཟློག་པར་མི་ནུས་པས་སོ་སྙམ་དུ་བསམ། ཚེ་ལ་སྣོན་པ་མེད་ཅིང་འགྲིབ་བྱེད་བར་མ་ཆད་དུ་ཡོད་དེ། ཚེ་ལོ་བརྒྱ་ཐུབ་པའི་དབང་དུ་བྱས་ཀྱང་ལོ་ནི་ཟླ་བ་སོང་བས་འཛད། ཟླ་བ་ཞག་སོང་བས་འཛད། ཞག་སྔ་དྲོ་སོགས་ཀྱིས་


DLL1006_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་ཅིང་། སྔར་ཡང་ཚེ་དུ་མ་ཞིག་ཟད། ཚེའི་ལྷག་མ་འདི་ཡང་འཆི་རྐྱེན་དུ་མ་ཡོད་པས་སོ། །གསོན་པའི་ཚེ་ཡང་ཆོས་སྒྲུབ་པའི་ལོང་མེད་དེ། ལོ་བརྒྱ་ཐུབ་པའི་དབང་དུ་བྱས་ཀྱང་། དང་པོ་ལོ་བཅུ་ལ་ནི་ཆོས་བསྒྲུབ་པའི་བསམ་པ་མི་སྐྱེ། མཐའི་ལོ་ཉི་ཤུ་ལ་ནི་རྒས་པས་ཆོས་བསྒྲུབ་མི་ནུས། བར་གྱི་ཕྱེད་མཚན་མོའི་ཆ་ནི་གཉིད་ཀྱི་དབང་དུ་འགྲོ། ཕྱེད་ཉིན་མོའི་ཆ་ནི་དགྲ་འདུལ་བ། གཉེན་སྐྱོང་བ། ན་བ་སོགས་ཀྱི་དབང་གིས་ཆོས་བསྒྲུབ་པའི་ལོང་མེད་ཅིང་། ངེས་པར་འཆི་བ་འོང་བས་ད་ལྟ་ནས་དལ་འབྱོར་གྱི་རྟེན་འདི་ལ་སྙིང་པོ་ལེན་དགོས། གཉིས་པ་ནམ་འཆི་ངེས་མེད་བསམ་པ་ནི། ངེས་པར་འཆི་ཡང་གཞོན་དུས་དགྲ་འདུལ་བ། གཉེན་སྐྱོང་བ། ཟས་ནོར་གསོག་པ་བྱས། རྒས་པའི་ཚེ་ཆོས་བྱས་པས་ཆོག་གམ་སྙམ་ན། རྒས་རྒས་མི་འཆི་བའི་ངེས་པ་མེད་དེ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་དང་། གསོན་རྐྱེན་ཉིད་ཀྱང་འཆི་རྐྱེན་དུ་འགྱུར་བ་དང་། ད་ལྟར་གྱི་ལུས་འདི་ཉམས་ཆུང་བས་ཚེར་མ་ཟུག་པ་སོགས་ཀྱིས་རྐྱེན་བྱས་ནས་ཀྱང་འཆི་བས་སོ། །དེ་ན་ལོང་ཡོད་བྱར་མི་ཉན་པར་ད་ལྟ་ནས་དལ་འབྱོར་གྱི་རྟེན་འདི་ལ་སྙིང་པོ་ལེན་དགོས། གསུམ་པ་ནི། འཆི་བའི་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་ཏེ། གཉེན་བཤེས་བརྩེ་གདུང་ཆེ་བ་གཅིག་ཙམ་ཁྲིད་དབང་མེད་དེ། ཡིད་དུ་འོང་བའི་ནོར་རྫས་གཅིག་ཀྱང་ཁྱེར་དབང་མེད། རང་དང་ལྷན་ཅིག་སྐྱེས་པའི་ཤ་རུས་དང་རང་


DLL1006_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིང་ཡང་བོར་ནས་འགྲོ་དགོས་པས་སོ། །དེའི་ཚེ་ཆོས་འབའ་ཞིག་གིས་ཕན་པས་ད་ལྟ་ཉིད་ནས་ཆོས་ཀྱི་མཆོག་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་ལ་འབད་པར་བྱའོ། ། བཞི་པ་ལས་རྒྱུ་འབྲས་བསམ་པ་ནི། ནམ་འཆི་ངེས་པ་མེད་མོད། ད་ལྟ་ནས་ཆོས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཤི་ནས་ཐར་པ་ཐོབ་པའི་གདེངས་ནི་མེད། ཅི་མེད་ཅང་མེད་དུ་མི་འགྲོ། ལས་དང་ཉོན་མོངས་པ་བསགས་པས་སྐྱེ་བ་ལེན་དགོས་ཤིང་། སྐྱེ་བ་ལེན་པའི་གནས་ནི། བདེ་འགྲོ་དང་ངན་འགྲོ་གཉིས་སུ་ངེས་ལ། ངན་འགྲོའི་རྟེན་ལ་ནི་སྡུག་བསྔལ་དོས་དྲག་ལ་རྒྱུན་རིང་བ་ཡོད་པས་ངན་སོང་གི་སྡུག་བསྔལ་བསམས་ནས་དེ་བཟློག་པའི་ཐབས་ལ་འབད་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་རྣམས་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་སྤང་ཞིང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །ཞེས་གསུངས་པས། ངན་སོང་གི་སྡུག་བསྔལ་བསམ་པ་ལ། དམྱལ་བའི་སྡུག་བསྔལ་བསམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ། ཚ་དམྱལ་གྱི་སྡུག་བསྔལ་བསམ་པ། ཉེ་འཁོར་བའི་སྡུག་བསྔལ་བསམ་པ། གྲང་དམྱལ་གྱི་སྡུག་བསྔལ་བསམ་པ། ཉི་ཚེ་བའི་སྡུག་བསྔལ་བསམ་པའོ། ། དང་པོ་ལ་


DLL1006_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་སེམས་ཅན་དེ་རྣམས་ལ་ཕན་ཚུན་མཚོན་གྱིས་བསྣུན་པ་དང་། ཐིག་ནག་པོ་བཏང་སྟེ་སོག་ལེས་གཤེག་པ་དང་། རི་ར་ལུག་གི་གདོང་པ་ཅན་གྱི་བར་དུ་བཙིར་ནས་འཇོམས་པ་དང་། མེས་བསྲེག་པའི་སྡུག་བསྔལ་གྱི་ཆོ་ངེ་འདོན་པ་དང་། ལྕགས་ཁང་མེ་འབར་བའི་ནང་དུ་བསྲེག་པ་དང་། མེས་བསྲེག་པའི་སྡུག་བསྔལ་བར་མ་ཆད་དུ་མྱོང་བ་ལ་སོགས་པ་ཡོད་ལ། ཚེ་ཚད་ཇི་ལྟ་བུ་སྙམ་ན། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། རྒྱལ་ཆེན་རིས་བཞི་པའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་བཅོ་ལྔ་བརྒྱ་རྒྱལ་ཆེན་རིས་བཞི་པས་ཐུབ། རྒྱལ་ཆེན་རིས་བཞི་པའི་ལོ་དེ་ལ་ཡང་སོས་པའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པས་ཐུབ་པ་ནས། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་པས་བར་བསྐལ་གཅིག་ཐུབ་བོ། །གཉིས་པ་ནི། ཚ་དམྱལ་གྱི་གནས་དངོས་གཞི་དེ་ནས་ཐར་ཀྱང་། མེ་མ་མུར་པུས་མོ་ནུབ་པ་ཙམ་དང་། དེ་ལས་ཐར་ཀྱང་རོ་མྱགས་ཀྱི་འདམ་རྐེད་པ་ཟིན་པ་ཙམ་དང་། དེ་ལས་ཐར་ཡང་། སྤུ་གྲིས་གཏམས་པའི་ཚལ་དང་། དེ་ལས་ཐར་ཡང་ཐལ་ཚན་གྱི་ཅུ་བོ་རབ་མེད་བརྒལ་བར་དཀའ་བས་འཚེད་པར་བྱེད་དོ། །དེས་ན་དམྱལ་བའི་སྡུག་བསྔལ་རྒྱུན་རིང་ལ་རྡོས་དྲག་པ་འདིས་རང་ཐོག་ཏུ་ཚུགས་པར་དཀའ་བ་ནི།


DLL1006_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ད་ལྟ་མེ་མ་མུར་གྱི་ནང་དུ་ལག་པ་བཅུག་ནས་ཞག་གཅིག་ཙམ་ཡང་ཚུགས་པར་དཀའ་བ་བཞིན། རང་ཉིད་ལ་དམྱལ་བར་མི་སྐྱེ་བའི་གདེངས་ནི་མེད། སྡིག་པ་མི་དགེ་བ་སྟོབས་ཆེ་བས་ནི་དམྱལ་བར་སྐྱེ་ལ། རང་གིས་ཐོག་མེད་ནས་བསགས་པའི་སྡིག་པ་རྣམས་ཀྱི་རྣམ་སྨིན་སྨིན་ཟིན་པ་ཡང་མིན། གཉེན་པོས་བཅོམ་ཟིན་པ་ཡང་མིན་པ་དུ་མ་ཡོད་པས་སོ། །དེས་ན་དམྱལ་བར་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་སྤོང་བ་དང་། བདེ་འགྲོའི་རྒྱུ་དགེ་བ་བསྒྲུབ་པ་ལ་འབད་པར་བྱའོ། ། གསུམ་པ་ནི། དམྱལ་བ་ཆེན་པོའི་བྱང་ཕྱོགས་མུན་པའི་འཁྱག་རུམ་ན། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་འཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་རྣམས་སོ། །དེ་རྣམས་ཀྱི་ཚེ་ཚད་ནི། ཏིལ་གྱི་སྦྱང་བ་མ་ག་དྷའི་ཁལ་བརྒྱད་ཅུ་འགྲོ་བ་ཞིག་ནས། ལོ་བརྒྱ་བརྒྱ་ནས་ཏིལ་གྱི་འབྲུ་རེ་རེ་ཕྱུང་བས་ཟད་པ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ལྷག་མ་རྣམས་ཀྱི་ཉི་ཤུ་ཉི་ཤུས་རིང་བའོ། །དེ་ལྟ་བུའི་གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་རྒྱུན་རིང་ལ་རྡོས་དྲག་པས་རང་གི་རྒྱུད་ཐོག་ཏུ་བྱུང་ན་བཟོད་དཀའ་བ་ནི། དཔེར་ན་དགུན་གྲང་བའི་དུས་གོས་མེད་པར་ཅུང་ཟད་སྡོད་དགོས་པ་ན་བཟོད་པར་དཀའ་བ་བཞིན། དེས་ན་གྲང་དམྱལ་དུ་སྐྱེ་བའི་རྒྱུ་མི་དགེ་བ་སྤངས་ལ་བདེ་འགྲོའི་རྒྱུ་ལ་འབད་པར་བྱའོ། །བཞི་པ་ནི། གནས་ནི་རྒྱ་མཚོའི་འགྲམ་དང་མྱ་ངམ་གྱི་ཐང་ལ་སོགས་པར་ཡོད་ལ། དེའི་སྡུག་བསྔལ་ནི། བཤེས་སྤྲིང་ལས། འདི་ན་ཉི་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་


DLL1006_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་རོ། །མདོར་ན་ངན་སོང་གི་རྒྱུ་མི་དགེ་བ་སྤངས་ལ་བདེ་འགྲོའི་རྒྱུ་ལ་འབད་པར་བྱའོ། །གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་བཟོད་དཀའ་བ་ཡོད་ལ། ཚེ་ཚད་ནི། ཐུང་མཐའ་ངེས་པ་མེད་ཅིང་། རིང་བ་བར་བསྐལ་ཐུབ་པར་བཤད། དུད་འགྲོའི་སྡུག་བསྔལ་རྒྱུན་རིང་ལ་རྡོས་དྲག་པ་ནི་རང་གི་རྒྱུད་ཐོག་ཏུ་བྱུང་ན་བཟོད་དཀའ་བ་ནི། དཔེར་ན་ད་ལྟ་རང་ལ་སྦྲང་མ་ལྟ་བུས་ཟོས་པའི་སྡུག་བསྔལ་ཡང་བཟོད་དཀའ་བ་བཞིན། དེས་ན་དུད་འགྲོར་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་སྤངས་ལ་བདེ་འགྲོའི་རྒྱུ་ལ་འབད་པར་བྱའོ། ། གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གསུངས་པ་ཡང་། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་དང་གསུམ་དུ་འདུའོ། །ཚེའི་ཚད་ནི་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་བཤད། དེས་ན་ཡི་དྭགས་ཀྱི་སྡུག་བསྔལ་རྒྱུན་རིང་ལ་རྡོས་དྲག་པ་འདི་རང་གི་རྒྱུད་ཐོག་ཏུ་བྱུང་ན་བཟོད་དཀའ་བ་ནི། དཔེར་ན་ད་ལྟ་ཟས་མེད་པར་ཞག་འགའ་སྡོད་དགོས་བྱུང་ན་བཟོད་དཀའ་བ་བཞིན་ནོ། །དེས་ན་ངན་སོང་དུ་མི་སྐྱེ་བའི་གདེངས་ནི་མེད་པས། ངན་སོང་གི་རྒྱུ་མི་དགེ་བ་སྤངས་ལ་བདེ་འགྲོའི་རྒྱུ་ལ་འབད་པར་བྱའོ། །འོ་ན་ངན་སོང་གི་སྡུག་བསྔལ་


DLL1006_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་ནས་བདེ་འགྲོ་ཐོབ་པའི་ཐབས་གང་ཞེ་ན། འདི་ལ་གཉིས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལས་འབྲས་ལ་ངེས་པ་རྙེད་ནས་བླང་དོར་བྱ་བའི་ཚུལ་ལོ། །དང་པོ་ལ། རྒྱུ་གང་གིས་སྐྱབས་སུ་འགྲོ་བ། ཡུལ་གང་ལ་སྐྱབས་སུ་འགྲོ་བ། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ། སྐྱབས་སུ་འགྲོ་བའི་བསླབ་བྱ་དང་བཞི། དང་པོ་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ཤིང་དཀོན་མཆོག་གསུམ་ལ་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་ནས་སྐྱབས་སུ་འགྲོ་བའོ། །གཉིས་པ་ནི། ཉེས་པ་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་དང་། དེས་མཚོན་ནས་ཆོས་དང་དགེ་འདུན་གསུམ་ཡིན་ཏེ། སྐྱབས་གསུམ་བདུན་ཅུ་པ་ལས། སྡོམ་པ་ཉི་ཤུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་སོ། །འོ་ན། སངས་རྒྱས་སོགས་སྐྱབས་སུ་འོས་ལ། དབང་ཕྱུག་སོགས་མི་འོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སངས་རྒྱས་སྐྱབས་སུ་འོས་ལ། དབང་ཕྱུག་སོགས་མི་འོས་ཏེ། སྐྱབས་སུ་འོས་པ་ལ་རང་ཉིད་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། གཞན་འཇིགས་པ་ལས་སྐྱོབ་པའི་ཐབ་ལ་མཁས་པ་དང་། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་ཀུན་ལ་འཇུག་པ་དང་། ཕན་བཏགས་མ་བཏགས་ཀུན་ལ་ཉེ་རིང་མེད་པར་ཕན་འདོགས་པ་ཅིག་དགོས་ལ། དེ་ནི་སངས་རྒྱས་ལ་ཚང་གི །དབང་ཕྱུག་སོགས་ལ་མེད་པས་སོ། །དེས་ན་དམ་པའི་ཆོས་ཀྱང་སྐྱབས་སུ་འོས་ཏེ། དམ་པའི་ཆོས་ཉམས་སུ་བླངས་པས་སངས་རྒྱས་འབྱུང་བས་སོ། །དེ་བཞིན་དུ་དགེ་འདུན་ཡང་སྐྱབས་


DLL1006_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འོས་ཏེ། དགེ་འདུན་ནི་དམ་པའི་ཆོས་ཉམས་སུ་ལེན་པ་པོ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་ཡོན་ཏན་ཤེས་ནས་སྐྱབས་སུ་འགྲོ་བ། ཁྱད་པར་ཤེས་ནས་སྐྱབས་སུ་འགྲོ་བ། ཁས་བླངས་པས་སྐྱབས་སུ་འགྲོ་བ། གཞན་དུ་མི་སྨྲ་བས་སྐྱབས་སུ་འགྲོ་བའོ། །དང་པོ་ལ་ཡོན་ཏན་ཤེས་དགོས་པས། འདི་ལ་གསུམ། སངས་རྒྱས་ཀྱི་ཡོན་ཏན་དྲན་པ། ཆོས་ཀྱི་ཡོན་ཏན་དྲན་པ། དགེ་འདུན་གྱི་ཡོན་ཏན་དྲན་པའོ། །དང་པོ་ལ། སྐུའི་ཡོན་ཏན་དྲན་པ། གསུང་གི་ཡོན་ཏན་དྲན་པ། ཐུགས་ཀྱི་ཡོན་ཏན་དྲན་པ། འཕྲིན་ལས་ཀྱི་ཡོན་ཏན་དྲན་པའོ། །དང་པོ་ནི། སྐུ་མཚན་དཔེ་གསལ་ལ་རྫོགས་པས་བརྒྱན་པ། གཉིས་པ་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ལ་དྲི་བ་མི་འདྲ་བ་དུ་མ་དྲིས་པའི་ལན་དུ་དུས་གཅིག་ལ་མི་འདྲ་བ་གསུང་དབྱངས་གཅིག་གིས་བསྟན་པས་སེམས་ཅན་རྣམས་ཀྱིས་རང་རང་གི་སྐད་དང་མཐུན་པར་གོ་ནུས་པའི་ཕྱིར་རོ། །གསུམ་པ་ལ་མཁྱེན་པའི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན་གཉིས། དང་པོ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་རའི་འབྲས་བུ་བཞིན་མངོན་སུམ་དུ་གཟིགས་པའོ། །གཉིས་པ་ནི། སེམས་ཅན་རྣམས་ཉོན་མོངས་པས་རང་དབང་མེད་པར་བཅིངས་པ་ལྟར། སངས་རྒྱས་ཀྱང་ཐུགས་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་ནས་སེམས་ཅན་སྡུག་བསྔལ་དང་བྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་རྒྱུན་མི་ཆད་པས་སོ། །བཞི་པ་ནི། སྐུ་དང་


DLL1006_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དང་ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའོ། །གཉིས་པ་ཆོས་ཀྱི་ཡོན་ཏན་དྲན་པ་ནི། སངས་རྒྱས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ། ཡོན་ཏན་ཕུན་ཚོགས་མངའ་བའི་སངས་རྒྱས་དེ་ཡང་ལུང་དང་མངོན་པར་རྟོགས་པའི་དམ་ཆོས་ཉམས་སུ་བླངས་པ་ལས་འབྱུང་བ་ཡིན་ནོ་སྙམ་དུ་བསམ་པའོ། ། གསུམ་པ་དགེ་འདུན་གྱི་ཡོན་ཏན་དྲན་པ་ནི། ཆོས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ། འཕགས་པའི་དགེ་འདུན་ནི་དམ་ཆོས་ཉམས་སུ་ལེན་པ་པོ་ཡིན་ནོ་སྙམ་དུ་བསམ་པའོ། །གཉིས་པ་ཁྱད་པར་ཤེས་ནས་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་གྱི་ནང་ཕན་ཚུན་གྱི་ཁྱད་པར་ཤེས་ནས་སྐྱབས་སུ་འགྲོ་བའོ། །གསུམ་པ་ཁས་བླངས་པས་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ལ་སྐྱབས་སྟོན་པ་པོ་དང་། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་ཁས་ལེན་པའོ། །བཞི་པ་གཞན་དུ་མི་སྨྲ་བས་སྐྱབས་སུ་འགྲོ་བ་ནི། ནང་པ་དང་ཕྱི་པའི་སྟོན་པ་བསྟན་པ། སློབ་མ་གསུམ་གྱི་མཆོག་དམན་གྱི་ཁྱད་པར་ཤེས་པར་བྱས་ནས། དཀོན་མཆོག་གསུམ་ཉིད་སྐྱབས་སུ་འཛིན་གྱི། ཕྱི་པའི་སྟོན་པ་དང་བསྟན་པ་སློབ་མ་གསུམ་སྐྱབས་སུ་མི་འཛིན་པའོ། །བཞི་པ་བསླབ་བྱ་ལ། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ། དགག་པའི་བསླབ་བྱ་དང་། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཁྱབ་འཇུག་སོགས་ལ་སྐྱབས་སུ་མི་འཛིན། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་


DLL1006_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་དཀོན་མཆོག་གསུམ་ལ་མ་དད་པའི་གྲོགས་དང་མི་འགྲོགས་པའོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྱས་པ་སོགས་ལ་ལེགས་ཉེས་ཅི་འདུག་ནའང་དཔྱས་མི་འདོགས་པར་སངས་རྒྱས་དཀོན་མཆོག་དང་འདྲ་བར་གུས་པ་བྱེད་པའོ། །ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཚིག་བཞི་ཙམ་ལ་ཡང་བརྙས་ཐབས་མི་བྱེད་པར་ཆོས་དཀོན་མཆོག་དང་འདྲ་བར་གུས་པ་བྱེད་པའོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་ཏུ་བྱུང་བའི་ཆ་ལུགས་འཛིན་པ་ཙམ་ལ་ཡང་དགེ་འདུན་དཀོན་མཆོག་དང་འདྲ་བར་གུས་པ་བྱེད་པའོ། ། གཉིས་པ་ཐུན་མོང་གི་བསླབ་བྱ་ནི། དཀོན་མཆོག་གསུམ་གྱི་ཁྱད་པར་དང་། ཡོན་ཏན་ཤེས་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་དང་། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་དུས་ཐམས་ཅད་དུ་དཀོན་མཆོག་མཆོད་པ་ལ་བརྩོན་ཞིང་། ཅི་ཟ་ཅི་འཐུང་གི་ཕུད་འབུལ་བ་དང་། སྙིང་རྗེ་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ལ་འགོད་པ་དང་། བྱ་བ་དང་དགོས་པ་ཅི་བྱེད་ཀྱང་དཀོན་མཆོག་ལ་མཆོད་པ་ཕུལ་ནས་གསོལ་བ་འདེབས་པ་མ་གཏོགས་གཞན་ཅི་ཡང་མི་བྱེད་པ་དང་། སྐྱབས་འགྲོའི་ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་དང་། དཀོན་མཆོག་གསུམ་སྲོག་གི་ཕྱིར་རམ་བཞད་གད་ཀྱི་ཕྱིར་ཡང་མི་གཏོང་བར་འཛིན་པ་ལ་བསླབ་པར་བྱའོ། །འོ་ན་སྐྱབས་སུ་འགྲོ་བ་ལ་ཕན་ཡོན་ཅི་ཡོད་སྙམ་ན། སྐྱབས་འགྲོས་ཆོས་འདི་པའི་ནང་


DLL1006_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་པ་དང་། སྡོམ་པ་རྣམས་ཀྱི་རྟེན་བྱེད་པ་དང་། སྔར་བསགས་ཀྱི་སྡིག་པ་རྣམས་སྲབ་ཅིང་ཟད་པར་བྱེད་པ་དང་། བསོད་ནམས་རྒྱ་ཆེན་པོ་གསོག་པ་དང་། ངན་སོང་དུ་མི་སྐྱེ་བ་དང་། མི་དང་མི་མིན་པས་གནོད་པས་མི་ཚུགས་པ་དང་། ཇི་ལྟར་བསམ་པ་འགྲུབ་པ་དང་། མྱུར་དུ་འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་ལ་བསླབ་པར་བྱའོ། །ལས་འབྲས་ལ་ངེས་པ་རྙེད་དེ་བླང་དོར་བྱ་བའི་ཚུལ་ནི། མི་དགེ་བ་བཅུའི་ངོ་བོ་དང་། རྣམ་སྨིན་གྱི་འབྲས་བུ་མི་དགེ་བ་བཅུ་ཆེར་སྤྱད་པས་དམྱལ་བ། འབྲིང་དུ་སྤྱད་པས་དུད་འགྲོ། ཆུང་ངུར་སྤྱད་པས་ཡི་དྭགས་སུ་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ལ། བརྒྱ་ལ་མིར་སྐྱེས་ཀྱང་། སྲོག་བཅད་པས་ཚེ་ཐུང་བ་དང་། མ་བྱིན་ལེན་གྱིས་ལོངས་སྤྱོད་ཀྱི་འཕོངས་པ་སོགས་སུ་འགྱུར་རོ། །བདག་པོའི་འབྲས་བུ། སྲོག་བཅད་པས་ཕྱི་རོལ་གྱི་ཡུལ་གཟི་བརྗིད་ཆུང་བར་སྐྱེ་བ་དང་། མ་བྱིན་ལེན་གྱིས་རང་གི་ལོངས་སྤྱོད་ལ་གནོད་པ་མང་བ་སོགས་སུ་འགྱུར་རོ། །དགེ་བ་བཅུའི་ངོ་བོ་དང་། རྣམ་སྨིན་གྱི་འབྲས་བུ་ལ། དགེ་བ་བཅུ་ཆེན་པོར་སྤྱད་པས་ཁམས་གོང་མའི་ལྷར་སྐྱེ་བ་དང་། འབྲིང་དུ་སྤྱད་པས་འདོད་པའི་ལྷར་སྐྱེ་བ་དང་། ཆུང་ངུར་སྤྱད་པ་ལས་མིར་སྐྱེ་བའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། སྲོག་གཅོད་སྤངས་པས་ཚེ་རིང་བ་དང་། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་ཆེན་པོ་སོགས་ཐོབ་པར་འགྱུར་རོ། །བདག་པོའི་འབྲས་བུ་ནི། སྲོག་གཅོད་སྤངས་པས་རང་གི་ཡོ་བྱད་སོགས་ལ་


DLL1006_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཉུང་བ་སོགས་སུ་འགྱུར་རོ། །དེས་ན་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་སྐྱབས་འགྲོ་བྱེད་པ་དང་། ལས་འབྲས་ལ་ངེས་པ་རྙེད་དེ་མི་དགེ་བ་བཅུ་སྤོང་བ་དང་། དགེ་བཅུ་བསྒྲུབ་པ་ལ་འབད་པར་བྱའོ། ། ལྔ་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། ངན་འགྲོའི་རྒྱུ་མི་དགེ་བ་སྤངས་ནས་བདེ་འགྲོའི་རྒྱུ་དགེ་བ་བསྒྲུབས་ཏེ། ལྷ་མིའི་གོ་འཕང་ཐོབ་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སོ། །དེ་ཡང་མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། མི་སྡུག་པ་དང་ཕྲད་པ། སྡུག་པ་དང་བྲལ་བ། འདོད་པ་བཙལ་ཏེ་མ་རྙེད་པ། ཟག་བཅས་ཉེར་ལེན་གྱི་ཕུང་པོའི་སྡུག་བསྔལ་ལ་སོགས་པ་ཡོད་ཅིང་། འདོད་པའི་ལྷ་ལ་འཆི་ལྟས་ལྔ་དང་། ཉེ་བའི་འཆི་ལྟས་ལྔ་བྱུང་བའི་ཚེ། ཡིད་ཀྱི་སྡུག་བསྔལ་ཆེར་འབྱུང་། ལྷ་བསོད་ནམས་ཆུང་བས་ཆེ་བའི་དཔལ་འབྱོར་ལ་མི་བཟོད་པ་དང་། ལྷ་སྟོབས་ཆེ་བས་ཆུང་བ་གནས་ནས་སྐྲོད་པའི་སྡུག་བསྔལ་སོགས་ཡོད། ལྷ་མ་ཡིན་རྣམས་ལ་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་དང་། ཁམས་གོང་མའི་ལྷ་ལ་ཚོར་བ་སྡུག་བསྔལ་མེད་ཀྱང་། མདའ་གནམ་དུ་འཕངས་པ་མཐུ་ཟད་པ་ན་ས་ལ་ལྷུང་བ་ལྟར། འཕེན་བྱེད་ཀྱི་ལས་ཟད་པ་ན་སླར་ཡང་འོག་ཏུ་ལྷུང་ནས་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་ན་ཁམས་གསུམ་འཁོར་བ་ནི་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། གང་ལ་ལོངས་སྤྱད་ཀྱང་སྡུག་


DLL1006_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་ལོངས་སྤྱོད་ལས་མ་འདས་པས་སྡུག་བསྔལ་སྤངས་པའི་ཐར་པ་ཐོབ་པར་བྱ། དེ་ཐོབ་པ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམ་པ་དང་། འཁོར་བའི་རྩ་བ་བདག་འཛིན་ཡིན་པས་བདག་མེད་རྟོགས་པའི་ཤེས་རབ་དང་། བསླབ་པ་གསུམ་ལ་བསླབ་པར་བྱའོ། ། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱང་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་སྦྱང་བ་གཉིས། དང་པོ་ནི། ལམ་བསླབ་པ་གསུམ་ལ་བསླབས་ནས་རང་ཉིད་གཅིག་པུས་ཐར་པ་ཐོབ་པ་ཙམ་གྱིས་ཆོག་གམ་སྙམ་ན། མི་ཆོག་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་སྤངས་རྟོགས་ཉི་ཚེ་བ་ཡིན་པས་རང་དོན་དང་གཞན་དོན་མ་རྫོགས། སླར་ཡང་སངས་རྒྱས་ཀྱི་འོད་ཟེར་གྱིས་བསྐུལ་ནས་ཐེག་པ་ཆེན་པོར་འཇུག་དགོས་པས། དེ་བས་ན་ད་ལྟ་ཉིད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱའོ། །འོ་ན་དང་པོ་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་ན། ཐེག་པ་ཆེན་པོར་འཇུག་པའི་སྒོ་དེ་གང་སྙམ་ན། ཐེག་ཆེན་སེམས་བསྐྱེད་དེ་ཐེག་ཆེན་ལམ་གྱི་འཇུག་སྒོ་ཡིན་ཏེ། ཏིང་ངེ་འཛིན་དང་ཤེས་རབ་སོགས་ཡོད་ཀྱང་། ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་མེད་ན་ཐེག་པ་ཆེན་པོར་མི་ཚུད། ཏིང་ངེ་འཛིན་དང་ཤེས་རབ་སོགས་མེད་ཀྱང་བྱང་ཆུབ་ཀྱི་སེམས་ཡོད་ན་ཐེག་པ་ཆེན་པོར་ཚུད་པས། ཐེག་ཆེན་པར་ཚུད་མ་ཚུད་ཀྱང་སེམས་བསྐྱེད་ཡོད་མེད་ལ་རག་ལས་ཤིང་། ཐེག་པ་ཆེན་པོ་ལས་ཉམས་མ་


DLL1006_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱང་ཐེག་ཆེན་སེམས་བསྐྱེད་ལས་ཉམས་མ་ཉམས་ལ་རག་ལས་པ་ཡིན་ནོ། །དེས་ན་ཐེག་པ་ཆེན་པོ་ལ་འཇུག་པར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །དེའི་ཚུལ་ཇི་ལྟ་བུ་སྙམ་ན། འདི་ལ་གཉིས། རྒྱུ་འབྲས་བདུན་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱང་བ་དང་། བདག་གཞན་བརྗེ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱང་བ་གཉིས། དང་པོ་རྒྱུ་འབྲས་བདུན་ནི། སེམས་ཅན་ཐམས་ཅད་མར་ཤེས་པ་ལ་བརྟེན་ནས་དྲིན་དྲན་པ་འབྱུང་། དེ་ལ་བརྟེན་ནས་དྲིན་དུ་བཟོ་བ་འབྱུང་། དེ་ལ་བརྟེན་ནས་ཡིད་འོང་གི་བྱམས་པ་འབྱུང་། དེ་ལ་བརྟེན་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་འབྱུང་། དེ་ལ་བརྟེན་ནས་ལྷག་བསམ་རྣམ་དག་འབྱུང་། དེ་ལ་བརྟེན་ནས་བྱང་ཆུབ་སེམས་བསྐྱེད་པ་འབྱུང་། དེ་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་འབྱུང་ངོ་། །དེའི་དབང་པོ་སེམས་ཅན་ཐམས་ཅད་མར་ཤེས་པར་བསམ་པ་ནི། ལུས་འདི་མ་བླངས་པའམ། གནས་འདིར་མ་སྐྱེས་པ་ནི་གང་ཡང་མེད་ཅིང་། སེམས་ཅན་གང་གིས་ཀྱང་རང་གི་ཕ་མ་དང་མཁན་སློབ་མ་བྱས་པ་ནི་གང་ཡང་མེད་པས། སྤྱིར་འཁོར་བ་ལ་ཐོག་མ་མེད་པ་ལྟར། རང་གི་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་འཁོར་བ་ལ་ཐོག་མ་མེད་སྙམ་དུ་བསམ་པར་བྱའོ། ། གཉིས་པ་དྲིན་དྲན་པ་བསམ་པ་ནི། རང་གི་རྩ་བའི་མའི་སྟེང་དུ་དྲན་པར་བྱས་ན་སྐྱེ་སླ་བས་དེའི་ཚུལ་ནི། རང་གི་རྩ་བའི་མ་དེ་ཉིད་མདུན་དུ་གསལ་བར་དམིགས་ལ། འདིས་ཐོག་མ་མེད་པ་ནས་བདག་གི་མ་བྱས། དེ་


DLL1006_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ཡང་དང་ཡང་དུ་བྱས། མ་བྱས་རེས་ཀྱི་ཕན་སྣ་ཚོགས་བཏགས། གནོད་པ་རྣམས་ལས་སྐྱབས་པའི་དྲིན་ཅན་ཡིན། ཁྱད་པར་ཚེ་འདིར་ཡང་མངལ་དུ་ཡུན་རིང་དུ་བསྐྱངས། བཙས་པའི་ཚེ་འབུ་ལྟ་བུའི་བ་སྤུ་སེར་ཟིང་ངེ་བ་དེ་ལུས་ཀྱི་དྲོད་ལ་སྦྱར། སོར་མོ་བཅུའི་རྩེ་ལ་བླངས། ཟས་ནུ་བུས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ནས་བསྐྱངས། ཆེར་སྐྱེས་པ་ན་བཀྲེས་སྐོམ་གྱི་ཚེ་བཟའ་བཏུང་བྱིན། གྲང་བའི་ཚེ་གོས་བསྐོན། དབུལ་བའི་ཚེ་ནོར་རང་གིས་སྤྱོད་མི་བྲ་བ་རྣམས་ཕངས་པ་མེད་པར་བྱིན། དེ་ཡང་བདེ་བླག་ཏུ་རྙེད་ནས་བྱིན་པ་མིན་གྱི། བདེ་སྡུག་དང་གཏམ་ངན་ལ་སྡོས་ནས་ཤ་ཐང་ཐང་གིས་བཙལ་བ་རྣམས་བྱིན། བུ་ན་བའི་ཚེ། བུ་ན་བ་ལས་རང་ན་བ་དང་། བུ་ཤི་བ་ལས་རང་ཤི་བ་བསམ་པ་ཐག་པ་ནས་འདེམ། སྡུག་བསྔལ་སེལ་ཐབས་སྣ་ཚོགས་ལ་བརྩོན་པར་བྱེད། ཁྱད་པར་དལ་འབྱོར་གྱི་མི་ལུས་ཐོབ། བསྟན་པ་དང་མཇལ། རབ་ཏུ་བྱུང་ནས་ཆོས་བསྒྲུབས་པས་ཆོག་པ་འདི་མ་འདིའི་དྲིན་ཡིན་ནོ་སྙམ་དུ་བསམ། དེ་ལ་ངེས་པ་རྙེད་ནས་རང་གི་ཕ་དང་སྤུན་དང་གཉེན་བཤེས་དང་དགྲ་ལ་སོགས་ལ་དྲིན་དྲན་པར་བྱས་ལ་མཐར་སེམས་ཅན་ཐམས་ཅད་ལ་ཚུལ་དེ་དྲན་པར་བྱའོ། །གསུམ་པ་དྲིན་དུ་གཟོ་བ་ནི། སྐྱེ་ཤི་གཅིག་ནས་གཅིག་ཏུ་བརྒྱུད་ནས་ངོ་མ་ཤེས་པ་མ་གཏོགས་སེམས་ཅན་འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་བདག་གི་མ་བྱས། དེ་ཡང་དང་ཡང་དུ་བྱས། བྱས་རེས་ཀྱིས་ཕན་བཏགས། གནོད་པ་བྱས་པ་ལས་སྐྱབས་


DLL1006_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲིན་ཅན་ཡིན་པས། འདི་རྣམས་རྩིས་མེད་དུ་བོར་ནས་རང་ཉིད་འབའ་ཞིག་ཐར་པ་ཐོབ་པར་བྱེད་ན་དེ་ལས་ངོ་ཚ་བ་མེད་པས། དེས་ན་བདག་གིས་དེ་རྣམས་ལ་ཕན་པའི་ལན་ཅིག་གླན་པར་བྱའོ། །ཇི་ལྟ་བུ་ཞིག་གིས་ཕན་འདོགས་སྙམ་ན། སེམས་ཅན་རྣམས་ཐོག་མ་མེད་པ་ནས་འཁོར་བའི་བདེ་འབྲས་མྱོང་ནས་མ་བསླུས་པ་མེད་པས། དེས་ན་མྱ་ངན་ལས་འདས་པའི་བདེ་བ་ཁྱད་པར་ཅན་གྱིས་ཕན་གདགས་པར་བྱའོ་སྙམ་དུ་བསམ་མོ། ། བཞི་པ་ཡིད་འོང་གི་བྱམས་པ་བསྒོམ་པ་ནི། དམིགས་ཡུལ་བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་སྡུག་བསྔལ་བྲལ་བར་བྱ། དེ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ་མོ། །ལྔ་པ་སྙིང་རྗེ་བསྒོམ་པ་ནི། དམིགས་ཡུལ་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་སྡུག་བསྔལ་དང་བྲལ་བར་བྱ། དེ་དེ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ། དྲུག་པ་ལྷག་བསམ་བསྒོམ་པ་ནི། སེམས་ཅན་བདེ་བས་འཕོངས་པ་དང་སྡུག་བསྔལ་གྱིས་མནར་བའི་ཚུལ་བསམས་ནས། བདག་གིས་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་ཅིང་སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་དུ་བསམ་མོ། །བདུན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་དགོས་ན་ཇི་ལྟར་བྱ་སྙམ་ན། བདག་གིས་ད་ལྟའི་ལུས་འདིས་སེམས་ཅན་གཅིག་གི་དོན་བྱ་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ཅི་སྨོས། དེར་མ་ཟད་རང་གི་དོན་ཀྱང་


DLL1006_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ན་དེས་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ནི་བྱེད་དགོས། སངས་རྒྱས་མ་གཏོགས་པས་ནི་མི་ནུས་པས་བདག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་བསམ་མོ། ། གཉིས་པ་བདག་གཞན་བརྗེ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། གཞན་དོན་དོན་གཉེར་གྱི་བློ་སྦྱང་བ་དང་། བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བའོ། །དང་པོ་ལ་སྐྱོན་ཡོན་བསམ་པའི་སྒོ་ནས་བདག་གཞན་བརྗེ་བར་བསྟན་པ་དང་། གཞན་དོན་དོན་གཉེར་གྱི་བློ་སྦྱང་བ་དངོས་གཉིས། དང་པོ་ནི། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཞེས་གསུངས་པས། བདག་གཞན་བརྗེ་བ་ཅེས་པ། རང་ཉིད་གཞན་ཡིན་པར་བསྒོམ་པ་དང་། རང་གི་མིག་སྣ་སོགས་གཞན་གྱི་མིག་སྣ་སོགས་སུ་བསྒོམ་པ་མིན་གྱི། རང་གཅེས་པར་འཛིན་པའི་བློ་སྤངས་ནས། སེམས་ཅན་གཞན་གཅེས་པར་འཛིན་དགོས་ཏེ། རང་གཅེས་འཛིན་དེ་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་དང་། གཞན་གཅེས་འཛིན་དེ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱོབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས


DLL1006_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་སོ། །རང་ལ་གཞན་གྱིས་གནོད་པ་བསྐྱལ་བ་དང་། འདོད་པའི་གེགས་བྱེད་པ་ཐམས་ཅད་གཞན་ལ་ལེ་ལན་མི་འདོད་པར་རང་གཅེས་འཛིན་གཅིག་པུ་ལ་ལེ་ལན་གདའ་བར་བྱ་སྟེ། ཐོག་མ་མེད་པ་ནས་རང་གཅེས་པར་བཟུང་སྟེ། སྒོ་གསུམ་གྱི་ལས་ངན་བསགས་ནས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱོང་། ད་ལྟ་ཡང་རང་གཅེས་འཛིན་ལ་བརྟེན་ནས་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་བས་རང་གཅེས་འཛིན་ལ་དགྲར་བལྟས་ནས་སྤང་བར་བྱའོ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བདག་གི་མ་བྱས། མ་ནམ་བྱས་རེས་ཀྱིས་ཕན་བཏགས་གནོད་པ་ལས་སྐྱབས་པའི་དྲིན་ཅན་ཡིན་པས། དེའི་ལན་དུ་བདག་གིས་ཀྱང་ཕན་བཏགས་ཤིང་གནོད་པ་བསལ་བར་བྱ་སྟེ། སེམས་ཅན་ལ་གང་གིས་ཕན་ན་བདེ་བས་དངོས་སུ་ཕན། དགེ་བས་བརྒྱུད་ནས་ཕན་པས་སེམས་ཅན་ལ་དགེ་བ་དང་བདེ་བ་བསྒྲུབ་པར་བྱའོ། །གང་གིས་གནོད་ན་སྡུག་བསྔལ་གྱིས་དངོས་སུ་གནོད། མི་དགེ་བས་བརྒྱུད་ནས་གནོད་པས་སེམས་ཅན་གྱི་སྡུག་བསྔལ་དང་མི་དགེ་བ་བསལ་བར་བྱའོ། ། བདག་གཞན་བརྗེ་བ་བསྒོམ་པ་ལ། དང་པོར་བདག་གཞན་མཉམ་པ་བསྒོམ་དགོས་ཏེ། རང་ཉིད་རང་གི་བདེ་བ་བསྒྲུབ་ཅིང་སྡུག་བསྔལ་སེལ་བ་བཞིན་དུ། བདག་གིས་


DLL1006_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་ཅིང་སྡུག་བསྔལ་བསལ་དགོས་པའི་ཕྱིར། དེ་དགོས་ཏེ། སེམས་ཅན་གྱི་ངོས་ནས་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་མཚུངས། རང་གི་ངོས་ནས་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་མ་བྱས། ཕན་བཏགས་གནོད་པ་ལས་སྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པའི་ཕྱིར་སྙམ་དུ་བསྒོམ། ཁོ་ན་རེ། རང་གི་བདེ་བ་བསྒྲུབ་དགོས་ཏེ། དེས་རང་ལ་ཕན་པའི་ཕྱིར། རང་གི་སྡུག་བསྔལ་སེལ་དགོས་ཏེ། དེས་རང་ལ་གནོད་པའི་ཕྱིར། གཞན་གྱི་སྡུག་བསྔལ་སེལ་མི་དགོས་ཏེ། དེས་རང་ལ་མི་གནོད་པའི་ཕྱིར་སྙམ་ན། འོ་ན་རྐང་པ་ལ་ཚེར་མ་ཟུག་པའི་སྡུག་བསྔལ་ལག་པས་སེལ་མི་དགོས་པར་འགྱུར་ཏེ། དེས་ལག་པ་མི་གནོད་པའི་ཕྱིར། ཚེ་ཕྱི་མ་བདེ་བའི་ཕྱིར་དུ་ཚེ་འདིར་ཚོགས་གསོག་པ་མི་འཐད་པར་འགྱུར་ཏེ། ཚེ་ཕྱི་མའི་བདེ་བས་ཚེ་འདིའི་གང་ཟག་ལ་མི་ཕན་པའི་ཕྱིར། གཉིས་པ་གཞན་དོན་དོན་གཉེར་གྱི་བློ་སྦྱང་བ་དངོས་ནི། བདག་གཞན་བརྗེ་བའི་སྒོ་ནས་གཏོང་ལེན་ཇི་ལྟར་བསྒོམ་སྙམ་ན། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །ཞེས་གསུངས། དང་པོར་གང་སྦྱང་སྙམ་ན། ལེན་པའི་གོ་རིམ་རང་ནས་བརྩམ། །ཞེས་གསུངས་ཏེ། རང་གི་ད་ལྟའི་ལུས་འདི་ལ་ན་ཚ་དང་སྡུག་བསྔལ་བྱུང་བ་ནི། སྐྱེ་བ་ཕྱི་མ་རྣམས་སུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱོང་དགོས་པ་རྣམས་དང་། ལོ་ཕྱི་མ་དང་ཟླ་བ་ཕྱི་མ་ལ་


DLL1006_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མྱོང་འགྱུར་ཚུར་དྲངས་ཏེ། ད་ལྟ་སྨིན་ཟིན་ནས་ལོ་ཕྱི་མ་དང་ཟླ་བ་ཕྱི་མར་སྡུག་བསྔལ་དང་བྲལ་བར་བསམ་མོ། །དེ་ནས་རང་གི་རྩ་བའི་མ་དེ་མདུན་དུ་གསལ་བར་དམིགས་ཏེ། འདིས་ཚེ་འདིར་ཕན་བཏགས་གནོད་པ་ལས་སྐྱབས་པར་མ་ཟད། ཐོག་མ་མེད་པ་ནས་མ་བྱས་ཕན་མང་དུ་བཏགས། ཚེ་འདིར་ཡང་མངལ་དུ་བརྩེ་བས་བསྐྱངས། བཙས་པའི་ཚེ་ལུས་ཀྱི་དྲོད་ལ་སྦྱར། ཟས་ནུ་བུས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ནས་བསྐྱངས། ཆེར་སྐྱེས་པ་ན་བཀྲེས་སྐོམ་གྱི་ཚེ་བཟའ་བཏུང་བྱིན། གྲང་བའི་ཚེ་གོས་བསྐོན་ཁྱད་པར་དལ་འབྱོར་གྱི་མི་ལུས་ཐོབ། ཐེག་པ་ཆེན་པོའི་བློ་སྦྱོང་བསྒོམ་པས་ཆོག་པ་འདི་མ་འདིའི་དྲིན་ཡིན་པས་དྲིན་ལན་དུ་གཏོང་ལེན་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་སྙམ་ན། མ་དེའི་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་སྤུ་གྲིས་བཞར་བ་ལྟར་ཡེ་མ་ལུས་པར་ཚུར་དྲངས་ཏེ་རང་གི་སྙིང་གར་ནག་བུན་གྱིས་བྱུང་བས། རང་ཉིད་རང་གཅེས་འཛིན་ལས་གྲོལ་ཞིང་། མ་དེ་ཉིད་སྡུག་བསྔལ་དང་སྡིག་པ་ཐམས་ཅད་དང་བྲལ་ཏེ་སངས་རྒྱས་པར་བསམ་མོ། །དེ་ནི་རང་གི་བདེ་དགེ་ཐམས་ཅད་སྤུ་གྲིས་བཞར་བ་ལྟར་མ་ལུས་པར་ཕར་བཏང་བས་མའི་སྙིང་གར་དཀར་ཕུང་གིས་སོང་བས་མ་དེ་བདེ་དགེ་ཐམས་ཅད་དང་ལྡན་པར་བསམ་མོ། །རང་གི་སྙིང་ག་ནས་གཏོང་ལེན་བྱེད་པའི་རྒྱུ་མཚན་ནི། སྙིང་ག་དེ་རང་གཅེས་འཛིན་སྐྱེ་བའི་གནས་ཡིན་པས་སོ། །དེ་གོམས་པ་དང་དེ་བཞིན་དུ་སྦྱར་ཏེ། རང་གི་ཕ་དང་སྤུན་དང་གྲོགས་དང་དགྲ་ལ་ཡང་གཏོང་


DLL1006_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་བསྒོམ་མོ། །དེ་ནས་འཛམ་བུ་གླིང་གི་མི་དང་གླིང་བཞིའི་མི། དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་རྣམས་དང་སེམས་ཅན་ཐམས་ཅད་ལ་རེ་རེ་ནས་གཏོང་ལེན་བསྒོམ་མོ། །ཉན་རང་དགྲ་བཅོམ་པ་དང་ས་བཅུའི་བྱང་སེམས་ལའང་གཏོང་ལེན་བསྒོམ་དགོས་ཏེ། ཉན་རང་གིས་ཤེས་སྒྲིབ་མ་སྤངས། ས་བཅུའི་བྱང་སེམས་རྣམས་ཀྱིས་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་མ་སྤངས་པས་དེ་རྣམས་ཀྱི་སྒྲིབ་པ་ལེན་དགོས་པས་སོ། ། རང་གི་རྩ་བའི་བླ་མ་དང་སངས་རྒྱས་ཀྱི་སྐྱོན་མི་ལེན་ཏེ། སངས་རྒྱས་ལ་སྐྱོན་བླང་རྒྱུ་མེད་ཅིང་། རང་གི་བླ་མ་སངས་རྒྱས་སུ་བསྒོམ་དགོས་པས་སྐྱོན་རྟོག་མི་ཉན། བླ་མ་ལ་བགྲེས་པ་སོགས་པའི་སྐྱོན་གྱི་རྣམ་པ་ཅུང་ཟད་སྣང་ཡང་། དེ་ནི་རང་གི་བློ་མ་དག་པའི་སྣང་བ་ཡིན་ཞིང་། བླ་མ་སངས་རྒྱས་ཀྱི་ངོ་བོར་བཞུགས་པས་སོ། །དེ་ཡང་རེས་འགའ་མི་དགེ་བ་དང་སྡུག་བསྔལ་ཐམས་ཅད་ལེན། རེས་འགའ་འདོད་ཆགས་སོགས་རེ་རེ་ནས་ལེན། དེ་བཞིན་དུ་གཏོང་བའི་ཚེ་ན་ཡང་རང་གི་ལུས་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་བ་ཐམས་ཅད་གཏོང་། རེས་འགའ་སྦྱིན་པ་སོགས་རེ་རེ་ནས་གཏོང་བ་ལ་གོམས་པར་བྱའོ། །ཚེ་སྔོན་མ་དང་མ་འོངས་པའི་ལུས་གཞན་ལ་མི་གཏོང་སྟེ། འདས་པའི་ལུས་ཚེ་འདིར་འགགས། མ་འོངས་པའི་ལུས་ཚེ་འདིར་མ་སྐྱེས་པས་སོ། །འོ་ན་འདས་པའི་དགེ་བ་དང་མ་འོངས་པའི་དགེ་བ་གཏོང་མི་རིགས་པར་འགྱུར་ཏེ། འདིར་འགགས་ཤིང་མ་སྐྱེས་པས་སོ་སྙམ་ན། འདས་པའི་དགེ་བ་ཚེ་འདིར་འགགས་ཀྱང་འདས་པའི་དགེ་བའི་རྣམ་སྨིན་རང་གི་


DLL1006_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྟེང་ན་ཡོད་ཅིང་། སྡིག་པའི་རྣམ་སྨིན་མ་དག་པ་རྣམས་ཀྱང་རང་གི་སེམས་སྟེང་ན་ཡོད་པས་སོ། །གཏོང་ལེན་ཅུང་ཟད་བྱང་བའི་ཚེ་ཇི་ལྟར་བྱ་སྙམ་ན། འབྱོངས་ན་རླུང་ལ་སྐྱོན་པར་བྱ། །ཞེས་གསུངས་ཏེ། དེའི་ཚུལ་ནི། རང་གི་མ་འདིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བ་དང་སྡུག་བསྔལ་ཐམས་ཅད་རང་གི་རླུང་ནང་དུ་འོང་བ་དང་མཉམ་དུ་རླུང་ལ་བསྐྱོན་ཏེ་རང་གི་སྙིང་གར་ནག་བུན་གྱིས་བྱུང་བས། མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མི་དགེ་བ་དང་སྡུག་བསྔལ་དང་བྲལ་བར་བསམ་མོ། །རང་གི་རླུང་སྣ་བུག་ནས་ཕྱིར་འགྲོ་བ་ན། རང་གི་བདེ་དགེ་ཐམས་ཅད་རླུང་ལ་བསྐྱོན་ནས་རང་གི་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་དཀར་ཕུང་གིས་སོང་བས། མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་དགེ་ཐམས་ཅད་དང་ལྡན་ཏེ། སངས་རྒྱས་པར་བསམ་མོ། །ཚུལ་དེ་ཉིད་རང་གི་སྤུན་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཡང་རང་གི་རླུང་ལ་བསྐྱོན་ནས་རེ་རེ་ནས་བསྒོམ་མོ། ། གཉིས་པ་བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བ་ནི། སྨོན་སེམས་དང་འཇུག་སེམས་གཉིས་རིམ་པ་ཇི་ལྟར་བསྒོམ་སྙམ་ན། སངས་རྒྱས་ཐོབ་སྙམ་སྨོན་པའི་སེམས། །ལེགས་པར་གོམས་པར་མཐར་ཕྱིན་བྱ། །ཞེས་གསུངས་ཏེ། དང་པོར་སྨོན་སེམས་བསྒོམས་ནས་བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དགོས་ན་བྱེད་པར་ནུས་སམ་མི་ནུས་སྙམ་དུ་བསམས་པས། ད་ལྟའི་ལུས་འདིས་སེམས་ཅན་གཅིག་གི་ཡང་དོན་


DLL1006_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ཅི་སྨོས། རང་གི་དོན་ཡང་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཉན་རང་ཡང་སྤངས་རྟོགས་ཉི་ཚེ་བ་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་མི་ནུས། རྫོགས་པའི་སངས་རྒྱས་ནི་འོད་ཟེར་སྣ་རེ་ཙམ་བཀྱེ་བ་དང་། རྫུ་འཕྲུལ་སྣ་རེ་ཙམ་དང་། ཆོས་ཚིགས་བཅད་རེ་ཙམ་གསུངས་པས་ཀྱང་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་ཤིང་། བདག་གིས་སེམས་ཅན་གྱི་དོན་བྱེད་ནི་དགོས། སངས་རྒྱས་མ་གཏོགས་པས་ནི་མི་ནུས་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་སྨོན་པ་སེམས་བསྐྱེད་བླངས་ནས་བསླབ་བྱ་ལ་བསླབ་པར་བྱ། དེ་ནས་བྱང་སེམས་ཀྱི་སྤྱོད་པ་ལ་བསླབ་པ་སོགས་འཇུག་པ་སེམས་བསྐྱེད་བསྒོམ་པར་བྱའོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བརྟན་པ་ཐོབ་ནས་གསང་བ་བསྟན། །ཞེས་གསུངས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱིས་སེམས་ལ་བརྟན་པ་ཐོབ་ནས་དངོས་སྨྲ་བ་ལ་གསང་བར་བྱ་བའི་སྟོང་ཉིད་བསྟན་པ་ཉམས་སུ་བླང་བར་བྱའོ། །དེའི་ཚུལ་ནི། རྩ་ཚིག་ལས། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་གསུངས་ཏེ། རི་ཁང་ཁྱིམ་སོགས་གཟུང་བས་བསྡུས་པའི་ཆོས་རྣམས་བདེན་པར་མེད་བཞིན་དུ་སྣང་བ་རྨི་ལམ་དང་སྒྱུ་མ་བཞིན་དུ་ཡང་ཡང་བསྒོམ་པར་བྱའོ། །གཟུང་བའི་ཡུལ་བདེན་པར་མེད་དེ། །འཛིན་པར་ཤེས་པ་བདེན་པར་ཡོད་སྙམ་ན། མ་སྐྱེས་


DLL1006_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་གཤིས་ལ་དཔྱད། །ཅེས་གསུངས་ཏེ། ཡུལ་ཅན་རང་བཞིན་གྱིས་མ་སྐྱེས་པ་དེ་ཡུལ་ཅན་གྱི་གཤིས་ལུགས་ཡིན་པས་ཡུལ་ཅན་གྱི་གཤིས་ལུགས་ལ་དཔྱད་ན་བདེན་པར་མེད་སྙམ་དུ་བསྒོམ་པར་བྱའོ། །ཡུལ་ཅན་རང་བཞིན་གྱིས་མ་སྐྱེས་ཏེ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མི་སྐྱེས་པའི་ཕྱིར། གཟུང་བ་དང་ཡུལ་བདེན་པར་འཛིན་པའི་བློ་བདེན་པར་མེད་མོད། གཟུང་འཛིན་བདེན་མེད་དུ་རྟོགས་པའི་གཉེན་པོ་ཡེ་ཤེས་བདེན་པར་ཡོད་དོ་སྙམ་ན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་གསུངས་ཏེ། བདེན་འཛིན་གྱི་གཉེན་པོ་ཉིད་ཀྱང་བདེན་པར་མེད་དེ། གཟུང་འཛིན་གྱི་ཆོས་རྣམས་བདེན་མེད་དུ་བསྒོམས་པས་གཉེན་པོ་ཡང་བདེན་པར་འཛིན་པ་ལས་གྲོལ་བར་འགྱུར་བའི་ཕྱིར། གཟུང་འཛིན་གཉིས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། འོ་ན་ཡུལ་ཡུལ་ཅན་སྤང་གཉེན་སོགས་བདེན་པར་མེད་ན། ལམ་ཇི་འདྲ་ཞིག་བསྒོམ་སྙམ་ན། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་གསུངས་ཏེ། ལམ་གྱི་ངོ་བོ་ཀུན་གཞི་སྟོང་པ་ཉིད་ཀྱི་དོན་ལ་མ་ཡེངས་པར་བཞག་པར་བྱའོ། །སྟོང་ཉིད་ལ་ཀུན་གཞི་ཞེས་འཇོག་པའི་རྒྱུ་མཚན་ཡོད་དེ། སྟོང་ཉིད་དེ་འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཏེ། སྟོང་ཉིང་མ་རྟོགས་ན་འཁོར་བར་འཇུག །སྟོང་ཉིད་རྟོགས་ན་འཁོར་བ་ལས་གྲོལ་བར་འགྱུར་བའི་ཕྱིར། མཉམ་བཞག་ཏུ་སྟོང་ཉིད་བསྒོམས་ནས་རྗེས་ཐོབ་ཏུ་ཇི་ལྟ་བྱ་སྙམ་ན། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་


DLL1006_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ། །ཞེས་གསུངས་ཏེ། རྗེས་ཐོབ་ཏུ་ཡུལ་ཡིད་འོང་ལ་བརྟེན་ནས་འདོད་ཆགས་སྐྱེས་པའི་ཚེ། བདག་བཞིན་དུ་ཡུལ་ཡིད་འོང་ལ་བརྟེན་ནས་འདོད་ཆགས་སྐྱེས་པའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པས། དེ་དག་གི་འདོད་ཆགས་རྣམས་བདག་ལ་འདུས་ནས་བདག་གི་འདིས་གོ་བཅད་དེ། སེམས་ཅན་དེ་རྣམས་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ། ཡུལ་ཡིད་མི་འོང་བ་ལ་བརྟེན་ནས་ཞེ་སྡང་སྐྱེས་པའི་ཚེ། བདག་གཞན་དུ་ཡུལ་ཡིད་མི་འོང་བ་ལ་བརྟེན་ནས་ཞེས་སྡང་སྐྱེས་པའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པས་དེ་དག་གི་ཞེ་སྡང་རྣམས་བདག་ལ་འདུས་ནས་སེམས་ཅན་དེ་རྣམས་ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ། ཡུལ་བར་མ་ལ་བརྟེན་ནས་གཏི་མུག་སྐྱེས་པའི་ཚེ་བདག་བཞིན་དུ་ཡུལ་ཡིད་དུ་འོང་མི་འོང་བར་མ་ལ་བརྟེན་ནས་གཏི་མུག་སྐྱེས་པའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པས། དེ་དག་གི་གཏི་མུག་རྣམས་བདག་ལ་འདུས་ནས་སེམས་ཅན་དེ་རྣམས་གཏི་མུག་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ་པ་ཐག་པ་ནས་བསྒོམ་མོ། །དེ་ལ་དྲན་པ་བསྐུལ་བའི་ཕྱིར། །སྤྱོད་ལམ་ཀུན་ཏུ་ཚིག་གི་སྦྱང་། །ཞེས་གསུངས་ཏེ། རང་ཉིད་འགྲོ་བ་དང་འཇུག་པ་ལ་སོགས་པའི་སྤྱོད་ལམ་ཀུན་ཏུ་སེམས་ཀྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་ལ་སྨིན། བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨོན་པར་གྱུར་ཅིག །ཅེས་ངག་ཏུ་བརྗོད། ཡང་འགྲོ་འདུག་གི་སྤྱོད་ལམ་ཀུན་ཏུ་


DLL1006_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་གྱི་རྟེན་འདི་ལ་སྙིང་པོ་ཅིག་ལེན་དགོས། སྙིང་པོ་ལེན་པའི་མཆོག་ཀྱང་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་འདི་ཡིན་ཞིང་། དེའི་ཐབས་ཀྱི་གཙོ་བོ་ཡང་གཏོང་ལེན་བསྒོམ་པ་ཡིན་པས། རང་གི་བདེ་དགེ་སེམས་ཅན་ཐམས་ཅད་ལ་སྨིན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་ཅེས་ངག་ཏུ་བརྗོད། གསུམ་པ་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། སྡིག་པའི་དབང་གིས་སྣོད་ཀྱི་འབྱོར་པ་ཉམས་པ་དང་། བཅུད་ཀྱི་སེམས་ཅན་གྱིས་སེམས་ཅན་མ་རུངས་པའི་སྒོ་ནས་རང་ལ་མི་འདོད་པ་བྱུང་བ་རྣམས་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བར་བྱའོ། །དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་ནི། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་ཏེ། རང་ལ་མི་འདོད་པ་བྱུང་བ་ཐམས་ཅད་གཞན་ལ་ལེ་ལན་མི་འདེད་པར་རང་གཅེས་འཛིན་ལ་གདའ་བ་དང་། སེམས་ཅན་ཀུན་ལ་བཀའ་དྲིན་ཆེ་བར་བསྒོམས་ནས་སེམས་ཅན་གྱི་སྡུག་བསྔལ་དང་། མི་དགེ་བ་རང་གིས་ལེན་པ་དང་། བདག་གི་བདེ་དགེ་ཐམས་ཅད་གཞན་ལ་བཏང་བར་བྱའོ། །ཁྱད་པར་དུ་གནོད་བྱེད་མི་དང་མི་མིན་ལ་སོགས་པ་བྱུང་བའི་ཚེ། གནོད་བྱེད་འདིས་ཐོག་མ་མེད་པ་ནས་བདག་གིས་མ་བྱས། ཁོ་རང་གི་བདེ་སྡུག་གཏམ་ངན་ལ་མ་འཛེམས་པར་བདག་གི་དོན་བྱེད་བྱེད་ནས་འཁོར་བར་


DLL1006_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྣ་ཚོགས་མྱོང་། ཚེ་འདིར་ཡང་འཁྲུལ་པའི་དབང་གིས་སྔོན་གྱི་ཉེ་དུ་ཡིན་པར་ངོ་མ་ཤེས་པ་དང་། རང་ལ་སྐྱོན་མེད་ན་གནོད་པ་བྱེད་པར་མི་ནུས་པ་ལ་རང་གི་ལས་ངན་པས་བསྐུལ་ནས་གནོད་པ་བྱས། དེའི་དབང་གིས་ཀྱང་སྡུ་བསྔལ་མྱོང་བར་འདུག་པས། འདིས་བདག་ལ་བརྟེན་ནས་སྡུག་བསྔལ་ཡུན་རིང་དུ་མྱོང་བ་སྙིང་རེ་རྗེ། བདག་གིས་འདི་ལ་ཕན་མ་བཏགས་གནོད་པ་སྐྱལ་འདུག་སྙམ་དུ་བསམས་ནས་གཏོང་ལེན་དྲག་ཏུ་བྱ། གནོད་བྱེད་མི་དང་ཁྱི་ལ་སོགས་པ་བྱུང་ན། དངོས་སུ་ཕན་ཅི་ཐོགས་བྱ། དངོས་སུ་ཕན་མ་ཐོགས་ན་བསམས་པས་གནོད་བྱེད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་ནས་མྱུར་དུ་འཙང་རྒྱ་བར་གྱུར་ཅིག་སྙམ་དུ་བསམ། ཡང་གནོད་བྱེད་ལྷ་འདྲེ་ལ་སོགས་པ་བྱུང་ན། བདག་གིས་ཐོག་མ་མེད་པ་ནས་འདིའི་ཤ་ཁྲག་སོགས་ཟོས་པས། ལན་དུ་བདག་གི་ཀྱང་ཤ་ཁྲག་ལ་སོགས་པ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། གནོད་བྱེད་དེའི་མདུན་དུ་བདག་གིས་ལུས་བློས་ཁ་ཕྱེ་ནས་ཤ་ཁྲག་ལ་སོགས་པ་གང་ཅི་འདོད་པ་ཟོ་ཞིག་ཅེས་ཚིག་ཏུ་བརྗོད་ཅིང་བློས་བསམ་པར་བྱའོ། །ཤ་ཁྲག་ལ་སོགས་པ་ཟོས་པ་ལ་བརྟེན་ནས་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཞི་ཞིང་ལུས་སེམས་ཟག་མེད་ཀྱི་བདེ་བས་གང་། བྱང་ཅུབ་ཀྱི་སེམས་རྣམ་པ་གཉིས་འབྱོངས་པར་བསམ། དེ་བཞིན་ཤ་ཁྲག་ཟ་བའི་ལྷ་འདྲེ་གཞན་ལ་ཡང་སྦྱར་བར་བྱའོ། ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། །སྟོང་ཉིད་བསྲུང་བར་བླ་ན་


DLL1006_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཅེས་གསུངས་ཏེ། རང་ལ་ཉོན་མོངས་པ་དང་། ཕྱི་ནང་གི་གནོད་པ་ལ་བརྟེན་པའི་སྡུག་བསྔལ་ཅི་བྱུང་ཡང་འདི་རྣམས་རང་གི་བློ་འཁྲུལ་པའི་སྣང་བ་ཙམ་ཡིན་གྱི། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་ནི། རྨི་ལམ་དུ་ཆུས་ཁྱེར་བའམ། མེས་ཚིག་པ་བཞིན་དུ་བདེན་པར་མ་གྲུབ་པ་ལ་བདེན་པར་བཟུང་བས་ལན་པ་ཡིན། ཉོན་མོངས་པ་དང་སྡུག་བསྔལ་རྣམས་དོན་དམ་པར་མ་གྲུབ་པས། དང་པོར་གང་ནས་ཀྱང་མ་སྐྱེས་པས་སྐྱེ་མེད་ཆོས་སྐུ། མ་སྐྱེས་པ་ལ་མཐར་འགག་རྒྱུ་མེད་པས་འགག་མེད་ལོངས་སྐུ། སྐྱེ་འགག་མེད་པ་ལ་བར་དུ་གནས་རྒྱུ་མེད་པས་སྤྲུལ་སྐུ། དེ་གསུམ་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་སྐུ་ཡིན་སྙམ་དུ་བསམ། དེ་ནི་སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངན་ཡིན་གསུངས། དེ་ཉིད་བསྲུང་བའི་མཆོག་ཀྱང་ཡིན་ནོ། ། གཞན་ཡང་གནོད་བྱེད་འདིས་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་བྱས་པས་བཀའ་དྲིན་ཅན་ཡིན་ཏེ། བདག་གཉེན་པོ་དང་བྲལ་ནས་ཉོན་མོངས་སྐྱེས་པ་མ་ཚོར་བ་ལ་འདིས་དྲན་དུ་བཅུག་པ་ཡིན་པས། བླ་མ་དང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་སྙམ་དུ་བསམ། མཛེ་ནད་སོགས་བྱུང་བའི་ཚེ། འདི་མ་བྱུང་ན་བདག་ཚེ་འདིའི་ཤོམ་ར་ལ་སོང་ནས་ཆོས་མི་དྲན་པ་ལ་འདིས་དྲན་དུ་བཅུག་པ་ཡིན་པས་སངས་རྒྱས་ཀྱི་འཕྲིན་ལས་ཡིན་སྙམ་དུ་བསམ། མདོར་ན། བླ་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བ་བཞིན་དུ། གནོད་བྱེད་དང་སྡུག་བསྔལ་ལ་བརྟེན་ནས་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེ་བར་འདུག་པས་གོ་བཅད་སྙམ་དུ་བསམ། བསམ་པ་


DLL1006_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་བཤད་ཟིན་ནས་སྦྱོར་བ་ཁྱད་པར་ཅན་གསག་སྦྱང་གཉིས་ལ་བརྟེན་ནས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས་ཏེ། ཚོགས་གསོག་པའི་སྦྱོར་བ། སྡིག་པ་སྤོང་བའི་སྦྱོར་བ། གདོན་ལ་མཆོད་པའི་སྦྱོར་བ། ཆོས་སྐྱོང་ལ་མཆོད་པའི་སྦྱོར་བའོ། །དང་པོ་ནི། རང་ལ་སྡུག་བསྔལ་བྱུང་བར་འབྲལ་འདོད་སྐྱེས་པའི་ཚེ། སྡུག་བསྔལ་མི་འདོད་བདེ་བ་འདོད་པའི་རྒྱུ་ཚོགས་གསོག་ཤིག་པའི་བརྡ་ཡིན་སྙམ་པ་བྱས་ལ། དཀོན་མཆོག་ལ་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་གཏོང་བ་སོགས་སྒོ་གསུམ་གྱིས་ཚོགས་གསོག་པ་ལ་འབད་ཅིང་སྐྱབས་འགྲོ་སེམས་བསྐྱེད་དང་བླ་མ་ལ་མཆོད་པ་ཕུལ་ནས། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་མེད་པའི་གསོལ་བ་གདབ་པར་བྱའོ། །གཉིས་པ་ནི། སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་སྡིག་པ་བཤགས་པར་བྱའོ། །གསུམ་པ་ནི། གདོན་ལ་གཏོར་མ་ཕུལ་ནས། ཁྱོད་ཀྱིས་ངའི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་བྱས་པས་བཀའ་དྲིན་ཆེ། ད་དུང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ཙམ་མ་ནུས་ན། བྱམས་སྙིང་རྗེ་བསྒོམ། གཏོར་མ་


DLL1006_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ནས། ངས་ཁྱོད་ལ་འཕྲལ་དང་ཡུན་དུ་གང་ཕན་བྱའི། ཁྱོད་ཀྱིས་ངའི་ཆོས་བསྒྲུབ་པའི་བར་ཆད་མ་བྱེད་ཅིག་ཅེས་བསྒོ་བར་བྱའོ། །བཞི་པ་ནི། ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་ཆོས་བསྒྲུབ་པའི་འགལ་རྐྱེན་ཞི་བ་དང་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ་ལོ། །རྐྱེན་གློ་བུར་པ་ལམ་དུ་བསྒྱུར་བ་ནི། འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར། །ཞེས་གསུངས་ཏེ། ནད་དང་གདོན་དང་དགྲ་ལ་སོགས་པ་གློ་བུར་དུ་བྱུང་ནས་སྡུག་བསྔལ་དྲག་པོ་བྱུང་བ་ན། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུའི་སྡུག་བསྔལ་བྱུང་བ་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམས་ནས་དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་འུབས་ཀྱིས་བསྡུ། བཞི་པ་ཚེ་གཅིག་གི་ཉམས་ལེན་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་གསུངས་ཏེ། འཕེན་པའི་སྟོབས། གོམས་པའི་སྟོབས། དཀར་པོ་ས་བོན་གྱི་སྟོབས། སུན་འབྱིན་པའི་སྟོབས། སྨོན་ལམ་གྱི་སྟོབས་སོ། །དང་པོ་ནི། ཟླ་བ་འདི་དང་། ལོ་འདི་དང་མ་ཤི་བར་དང་། བྱང་ཅུབ་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྦྱོང་བ་དང་མི་འབྲལ་བར་བྱའོ་སྙམ་དུ་བསམ་པའི་འཕེན་པ་ཡང་ཡང་བཏང་ངོ་། །གཉིས་པ་ནི། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་ལ་འབད་པར་བྱའོ། ། གསུམ་པ་ནི། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བའི་ཕྱིར་དུ་ཚོགས་གསོག་པའོ། །བཞི་པ་ནི། རང་གཅེས་འཛིན་སྐྱེས་


DLL1006_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན། འདི་ལ་བརྟེན་ནས་ཐོག་མ་མེད་པ་ནས་སྡུག་བསྔལ་སྣ་ཚོགས་མྱོང་། ད་ལྟ་ཡང་མྱོང་བ་འདུག་པས་རང་གཅེས་འཛིན་ཡེ་མ་སྐྱེས་པ་ཅིག་བྱའོ་སྙམ་དུ་བསམ། ལྔ་པ་ནི། དགེ་སྦྱོར་གང་བྱས་ཀྱི་མཐར་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་གྱུར་ཅིག །རྐྱེན་ངན་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་སྤོང་བའི་གྲོགས་སུ་འཁྱེར་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་བོ། །ཆོས་འདི་པའི་ལུགས་ཀྱི་འཆི་ཁ་མའི་གདམས་པ་དེ་གང་ལ་བྱེད་ཅེ་ན། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་གསུངས་ཏེ། དཀར་པོ་ས་བོན་གྱི་སྟོབས་ནི། ཡོ་བྱད་གང་ཡོད་ཚོགས་སུ་བཏང་ནས་ཡོ་བྱད་ལ་ཆགས་པ་མེད་པར་བྱ། སྨོན་ལམ་གྱི་སྟོབས་ནི་བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ་ནས་བདག་བར་དོ་དང་ཚེ་རབས་ཕྱི་མ་རྣམས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་མི་འབྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ངན་བར་ཆད་ཅི་ཡང་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་སུ་འཁྱེར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་ཅིང་སྨོན་ལམ་ཡང་དེ་ལྟར་བཏབ། སུན་འབྱིན་པའི་སྟོབས་ནི། བརྟགས་ན་ལུས་སེམས་གང་ལ་ཡང་བདག་ཏུ་བཟུང་རྒྱུ་མི་འདུག་སྙམ་དུ་ཤེས་པར་བྱས་ལ་བདག་འཛིན་སྤངས་ལ་བཞག་གོ །སྤྱོད་ལམ་ནི། འཆི་ཁར་གཞོགས་གཡས་འོག་ཏུ་བཅུག །ལག་པ་གཡས་པ་འགྲམ་པ་ལ་བརྟེན། སྣ་བུག་གཡས་


DLL1006_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐེའུ་ཆུང་གིས་བཀག །རླུང་གཡོན་ནས་རྒྱུ་བར་བྱ་ཞིང་བྱམས་སྙིང་རྗེ་སྔོན་དུ་བཏང་ནས་གཏོང་ལེན་གྱི་ངང་ནས་འཆི་བར་བྱེད་དོ། །ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །ཞེས་གསུངས་ཏེ། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་བདག་འཛིན་འདུལ་བའི་དགོངས་པ་གཅིག་པུར་འདུས་པས། ཆོས་བདག་འཛིན་གྱི་གཉེན་པོར་སོང་ན་བློ་འབྱོངས་པ་ཡིན། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཞེས་གསུངས་ཏེ། གཞན་གྱིས་མ་ཁྲེལ་བ་ཡང་དཔང་པོ་ཡིན་མོད། གཙོ་བོར་རང་གཅེས་འཛིན་སྐྱེས་མ་སྐྱེས་བརྟགས་པའི་ཚེ་རང་གི་སེམས་ཀྱིས་མ་ཁྲེལ་བ་དེ་དེ་ཡིན་པས་དེ་ལ་འབད་པར་བྱའོ། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་གསུངས་ཏེ། བློ་ལེགས་པར་སྦྱངས་པའི་སྟོབས་ཀྱིས་ད་རྐྱེན་ངན་བར་ཆད་ཅི་བྱུང་ཡང་བློ་འབྱོངས་པའི་གྲོགས་སུ་ཁྱེར་བས་ཆོག་སྙམ་དུ་བློ་གདེང་འཆོས་ནས་ཡིད་བདེ་རྒྱུན་དུ་བསྟེན་ནུས་པའི་ཚེ་བློ་འབྱོངས་པ་ཡིན། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་གསུངས་ཏེ། རྟ་རྩལ་ཅན་ཡེངས་ཀྱང་རྟ་ལས་མི་ལྟུང་བ་ལྟར་རྐྱེན་ངན་གློ་བུར་བ་གཉེན་པོ་མ་བསྟེན་པའི་དུས་སུ་བྱུང་ཡང་བློ་སྦྱོང་གི་གྲོགས་སུ་ཁད་ཀྱི་འགྲོ་ཡིན་འདུག་ན་བློ་འབྱོངས་པའི་རྟགས་ཡིན་ནོ། ། དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་གསུངས་ཏེ། སྤྱི་དོན་གསུམ་ནི། བློ་སྦྱོང་ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་ཤོར་བ། ཕྱོགས་རེར་མ་ལྷུང་བའོ། །དང་པོ་ནི། ང་བློ་སྦྱོང་བ་ཡིན་ཟེར་ནས་བསླབ་པ་ཕྲ་མོ་ཁྱད་དུ་གསོད་


DLL1006_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤངས་ནས་སོ་ཐར་ནས་སྔགས་ཀྱི་བར་རང་གིས་བླངས་པ་ཐམས་ཅད་མ་ཉམས་པར་བསྲུང་བའོ། །གཉིས་པ་ནི། རང་གཅེས་འཛིན་མེད་པར་གཞན་གྱིས་གོ་རུ་རེ་ནས་ཤིང་གཉན་གཅོད་པ་དང་མཛེ་བོ་དང་འགྲོགས་པ་ལ་སོགས་པ་ཐོ་ཅོའི་སྤྱོད་པ་སྤངས་ནས་བཀའ་གདམས་ཀྱི་རྣམ་ཐར་དང་མི་འགལ་བར་བསླབ་པར་བྱའོ། །གསུམ་པ་ནི། མིའི་གནོད་པ་བཟོད་ནས་ལྷ་འདྲེའི་གནོད་པ་མི་བཟོད་པ་དང་། མཐོ་བ་ལ་གུས་ཤིང་དམའ་བ་ལ་བརྙས་པ་དང་། གཉེན་ལ་བྱམས་ལ་དགྲ་ལ་སྡང་བ་ལྟ་བུ་མིན་པར་ཐམས་ཅད་ལ་བློ་འབྱོངས་པར་བྱའོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི། མང་པོའི་ནང་དུ་རང་གཅེས་འཛིན་གྱི་འདུན་པ་བསྒྱུར་ནས་ལུས་ངག་གི་སྤྱོད་པ་རང་སོར་བཞག་པར་བྱའོ། །ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པ་ནི། གཞན་ལ་འཇིག་རྟེན་གྱི་སྐྱོན་ཞར་བ་སོགས་དང་། ཆོས་ཀྱི་སྐྱོན་ཚུལ་ཁྲིམས་ཉམས་པ་སོགས་བརྗོད་པར་མི་བྱའོ། ། གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ་ནི། སྤྱིར་སེམས་ཅན་ཐམས་ཅད་དང་། སྒོས་ཆོས་སྒོར་ཞུགས་པ་ལ་སྐྱོན་མཐོང་ན་རང་སྣང་བ་མ་དག་པ་ཡིན་གྱི། ཁོང་ལ་དེ་འདྲའི་སྐྱོན་ཡོད་དོགས་མེད་སྙམ་དུ་གཞན་གྱི་ཕྱོགས་ལ་སྐྱོན་གང་ཡང་མི་བསམ་མོ། །ཉོན་མོངས་གང་ཚེ་སྔོན་ལ་སྦྱང་། །ཞེས་པ་ནི། རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཆེ་བ་དེ་སྔོན་ལ་སྦྱར་བར་བྱའོ། །འབྲས་བུ་རེ་བ་ཐམས་ཅད་སྤང་། །ཞེས་པ་ནི། བློ་སྦྱོང་བྱས་པ་ལ་བརྟེན་ནས་ཚེ་འདིར་རྙེད་བཀུར་དང་ཕྱི་མ་ལྷ་མིའི་གོ་འཕང་དང་། རང་དོན་དུ་མྱ་


DLL1006_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་ལ་ཡང་རེ་བ་སྤང་བར་བྱའོ། །དུག་ཅན་གྱི་ཟས་སྤང་། ཞེས་པ་ནི། ཟས་བཟང་པོ་དུག་དང་འདྲེས་པ་ཟོས་ན་སྲོག་གཅོད་པ་བཞིན་དུ། དགེ་སྦྱོར་ལ་རང་གཅེས་འཛིན་འདྲེས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་སྲོག་གཅོད་པས་དགེ་སྦྱོར་གང་བྱེད་ཐམས་ཅད་རང་གཅེས་འཛིན་དང་མ་འདྲེས་པར་བྱའོ། །གཞུང་བཟང་པོ་མ་བསྟེན། ཞེས་པ་ནི། གཞན་གྱིས་གནོད་པ་བྱས་པ་ལ་ཁོན་འཛིན་དམ་པོ་བྱེད་པ་དེ་སྤང་བར་བྱའོ། །ཤགས་ངན་མ་དགོད། ཅེས་པ་ནི། གཞན་གྱི་འཚང་འདྲུའི་ཚིག་ངན་སྨྲ་བར་མི་བྱའོ། །འཕང་མ་དགུག་ཅེས་པ་ནི། གཞན་གྱིས་གནོད་པ་བྱས་པ་ན་དེ་དུས་ལན་མ་འཇོན་ཀྱང་། ལན་འཇོན་དུས་ལན་ལེན་པའི་འཕྲང་དགུག་པ་དེ་མི་བྱ། གནད་ལ་མི་དབབ། ཅེས་པ་ནི། མིའི་སེམས་ལ་གནོད་པའི་འཚང་འདྲུ་བ་དང་། ལྷ་འདྲེའི་སྲོག་སྔགས་བཟློ་བ་སོགས་མི་བྱ། མཛོ་ཁལ་གླང་ལ་མི་འབྱོ། ཞེས་པ་ནི། རང་ལ་གཅུ་གལ་དང་ཁག་ངན་འོང་རྒྱུ་དེ་གཡོ་སྒྱུས་གཞན་ལ་བསྒྱུར་བ་དེ་མི་བྱ། མགྱོགས་ཀྱི་རྩེ་མ་གཏོད། །ཅེས་པ་ནི། གཞན་དང་རང་ལ་ཐུན་མོང་དུ་ལོངས་སྤྱོད་སོགས་བྱུང་བའི་ཚེ་ཐབས་སྣ་ཚོགས་ཀྱི་སྒོ་ནས་རང་ལ་བསྒྱུར་བ་དེ་མི་བྱ། ལྟོ་ལོག་མི་བྱ། ཞེས་པ་ནི། ཕུགས་རང་བཟང་པོར་འདོད་ནས་འཕྲལ་གཞན་ལ་ཕམ་ལེན་པ་དེ་མི་བྱ། ལྷ་བདུད་དུ་མི་དབབ། ཅེས་པ་ནི། འཇིག་རྟེན་པ་ཀུན་རང་གི་ལྷ་མ་མགུ་ནས་གནོད་པ་བྱས་ན་ལྷ་བདུད་དུ་བབས་ཟེར་བ་ལྟར། བློ་སྦྱོང་གིས་ཁེངས་པ་དང་། རློམ་


DLL1006_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཆེ་རུ་སོང་ན་ལྷ་བདུད་དུ་བབས་པ་ཡིན་པས་དེ་མི་བྱ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ཞེས་པ་ནི། རང་གི་ཉེ་དུ་དང་གྲོགས་མཆེད་ཤི་ན་གོས་ཟས་དང་དཔེ་ཆ་ལྷ་རྟེན་འོང་། སྦྱིན་བདག་ཤི་ན་ཚོགས་གསོག་འོང་། རང་དང་མཉམ་པ་ཤི་ན་སྐུ་བསོད་ཐམས་ཅད་རང་ལ་འོང་། དགྲ་ཤི་ན་གནོད་པ་མི་འོང་སྙམ་དུ་རང་སྐྱིད་པའི་ཡན་ལག་ཏུ་གཞན་སྡུག་པ་འཆོལ་བར་སྤང་བར་བྱའོ། །བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། ཟས་གོས་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་གཞན་ཕན་གྱིས་སེམས་གཅིག་པུས་བྱའོ། ། ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། བློ་སྦྱོང་བསྒོམས་པས་ན་ཚ་དང་། འདྲེ་གདོན་དང་། མི་སྡང་བ་དང་། རང་རྒྱུད་ཀྱི་ཉོན་མོངས་ཆེ་རུ་སོང་ནས་བློ་སྦྱོང་བསྒོམ་སྙིང་མི་འདོད་པ་བྱུང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བདག་བཞིན་དུ་ཉེས་པ་སྐྱེས་པ་མང་པོ་ཡོད་པས་དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམས་ནས་གཏོང་ལེན་དྲག་ཏུ་བྱའོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པ་ནི། སྔ་དྲོ་ལངས་པའི་ཚེ་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བར་བྱའོ་སྙམ་དུ་འཕེན་པ་བཏང་ཞིང་། ཉིན་པར་ཡང་དྲན་ཤེས་བསྟེན། ཉལ་བའི་ཚེ་དེ་རིང་བྱང་ཆུབ་ཀྱི་སེམས་དང་འགལ་ལམ་མ་འགལ་སྙམ་དུ་བརྟགས་ནས། འགལ་ན་རང་ལ་ངན་བགྲང་ཞིང་བཤགས་པ་བྱ། མ་འགལ་ན་དགའ་བ་བསྒོམ་ཞིང་ཕྱིས་ཀྱང་དེ་ལྟར་འགྱུར་བར་བྱའོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་


DLL1006_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་དེ་ལ་མ་དྲེགས་པར་སྒྱུ་མ་ལྟ་བུར་བསམ་སྟེ། གཞན་ལ་ཕན་པའི་ཐབས་སུ་གང་འགྱུར་བྱའོ། །ཤིན་ཏུ་རྒུད་དེ་འོག་ན་འགྲོ་བ་ཆུ་ལས་མེད་པ་བྱུང་ནའང་དེ་ཡང་སྒྱུ་མ་ལྟ་བུར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ན་བདག་བཞིན་དུ་རྒུད་པ་མང་པོ་ཡོད་པས་དེ་རྣམས་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ། གཉིས་པོ་སྲོག་དང་སྡོས་ལ་བསྲུང་། །ཞེས་པ་ནི། ཆོས་སྤྱིའི་དམ་ཚིག་དང་། བློ་སྦྱོང་གི་དམ་ཚིག་གཉིས་སྲོག་དང་སྡོས་ཏེ་བསྲུང་བར་བྱའོ། ། དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི། ཉོན་མོངས་སྐྱེས་པའི་ཚེ། དང་པོ་གཉེན་པོས་སླེབ་པ་དཀའ། བར་དུ་བཟློག་པར་དཀའ། ཐ་མར་རྒྱུན་ཆོད་པར་དཀའ་བས། དང་པོར་གཉེན་པོས་སླེབ་པ་དང་། བར་དུ་བཟློག་པ་དང་། མཐར་རྒྱུན་བཅད་ནས་མི་འབྱུང་བ་ལ་བསླབ་པར་བྱའོ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཞེས་པ་ནི། ཆོས་སྒྲུབ་པའི་རྒྱུ་མང་ཡང་། གཙོ་བོ་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང་མཇལ་བ། རང་གི་བློ་ཆོས་ཉམས་སུ་བླང་དུ་བཏུབ་པ། ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བ་གསུམ་ཡིན་པས། དེ་རྣམས་རང་ལ་ཚང་འདུག་ན་དགའ་བ་བསྒོམ་ཞིང་། གཞན་ལའང་དེ་དང་ལྡན་པར་སྨོན་ལམ་བཏབ། མ་ཚང་ན་འཇིག་རྟེན་གྱི་ཁམས་བདག་ལྟ་བུའི་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་གསུམ་མ་ཚང་བ་མང་པོ་ཡོད་པས་དེ་རྣམས་ཀྱི་ཉེས་པ་རང་ལ་སྨིན། དེ་རྣམས་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་གསུམ་དང་ལྡན་པར་གྱུར་ཅིག་སྙམ་དུ་སྨོན་ལམ་བཏབ། ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། ཐེག་པ་ཆེན་པོའི་ཡོན་ཏན་ཐམས་ཅད་བླ་མའི་མོས་གུས་


DLL1006_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རག་ལས་པས་བླ་མ་ལ་མོས་གུས་ཉམས་པ་མེད་པ། བློ་སྦྱོང་ཐེག་ཆེན་གྱི་ཆོས་ཀྱི་ཡང་སྙིང་ཡིན་པས་དེ་བསྒོམ་པ་ལ་སྤྲོ་ཤུགས་ཉམས་པ་མེད་པ། ཐེག་པ་ཆེ་ཆུང་གི་བསླབ་པ་ཕྲ་མོ་རྣམས་ཀྱང་ཉམས་པ་མེད་པར་བསྲུང་བར་བྱའོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ་ནི། ལུས་ཀྱི་ཕྱག་དང་སྐོར་བ་སོགས་ངག་གིས་གཟུངས་སྔགས་ཀློག་པ་སོགས་ཟབ་མོའི་བཟླས་བརྗོད། སེམས་བྱམས་སྙིང་རྗེ་བསྒོམ་པ་སོགས་དང་མ་བྲལ་བར་བྱའོ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཞེས་པ་ནི། ཡུལ་སེམས་ཅན་དང་སེམས་ཅན་མིན་པ་ཐམས་ཅད་ལ་ཕྱོགས་རིས་མེད་པར་སྐྱོང་། ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་པ་ནི། བློ་ལ་གང་ཤར་ཐམས་ཅད་བློ་སྦྱོང་གིས་ཁྱབ་པ་དང་། དེ་ཡང་ཚིག་ཙམ་མིན་པར་གཏིང་ནས་འབྱོངས་པ་ཀུན་ལ་གཅེས་སོ། ། བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་པ་ནི། རང་གི་འགྲན་ཟླར་གྱུར་པ་དང་། ཕར་གནོད་པར་མ་བྱས་ཀྱང་ཚུར་གནོད་པ་བྱེད་པ་དང་། ཚུར་གནོད་པ་མ་བྱས་ཀྱང་སྔོན་གྱི་ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ་རྣམས་ལ་བློ་སྦྱོང་འཆོར་ཉེན་ཆེ་བས་དེ་རྣམས་ཟུར་དུ་བཀོལ་ནས་བློ་སྦྱོང་བར་བྱའོ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི། ཆོས་གཞན་རྣམས་ཟས་གོས་ལ་སོགས་པའི་མཐུན་རྐྱེན་ཚང་བ་དང་། མི་དང་མི་མ་ཡིན་གྱི་གནོད་པ་ལ་སོགས་འགལ་རྐྱེན་མེད་པ་ལ་ལྟོས་པ་ལ་འདིར་མཐུན་རྐྱེན་མ་ཚང་བ་དང་། འགལ་རྐྱེན་བྱུང་བ་དེ་བློ་སྦྱོང་གི་གྲོགས་སུ་བསྒྱུར་བར་བྱའོ། །ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་པ་ནི། ཐོག་མ་མེད་པ་ནས་ལུས་བླངས་པ་ཐམས་ཅད་དོན་


DLL1006_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་སོང་འདུག །ད་རེས་ཀྱི་མི་ཚེ་འདི་ལ་དོན་གྱི་གཙོ་བོ་ཉམས་སུ་བླང་བར་བྱ། གང་གཙོ་ཆེ་ན། ཚེ་འདིའི་དོན་སྒྲུབ་པ་ལས་ཚེ་ཕྱི་མའི་ཆེད་དུ་ཆོས་སྒྲུབ་པ་གཙོ་ཆེ། ཆོས་ལ་བཤད་སྒྲུབ་གཉིས་ལས་བསྒྲུབ་པ་གཙོ་ཆེ། བསྒྲུབ་པ་ཡང་གཞན་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཙོ་ཆེ། དེ་ཡང་ལུང་རིག་གིས་གཏན་ལ་འབེབས་པ་ལས་བླ་མའི་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་བསྒོམ་པ་གཙོ་ཆེ། སྤྱོད་ལམ་གཞན་པས་མལ་དུ་བསྡད་ནས་སྦྱོང་བ་གཙོ་ཆེ་ཡུལ་ངན་སྤོང་བ་ལས་གཉེན་པོ་བསྟན་པ་གཙོ་ཆེ་བས་གཙོ་བོ་རྣམས་ཉམས་སུ་བླང་ངོ་། ། གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤངས་ནས་གོ་མ་ལོག་པ་དྲུག་ཉམས་སུ་བླང་པར་བྱའོ། །གོ་ལོག་དྲུག་ནི། ཆོས་སྒྲུབ་པའི་དཀའ་སྤྱད་མི་བཟོད་པ། དགྲ་འདུལ་གཉེན་སྐྱོང་གི་དཀའ་སྤྱད་བཟོད་པ་ནི། བཟོད་པ་གོ་ལོག་གོ །ཆོས་བསྒྲུབ་པའི་འདུན་པ་མི་བྱེད་པར་ཚེ་འདིའི་དཔལ་འབྱོར་ལ་འདུན་པ་བྱེད་པ་ནི། འདུན་པ་གོ་ལོག་གོ །ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཆོས་ཀྱི་རི་མི་མྱང་བར་འཇིག་རྟེན་བདེ་བའི་རོ་མྱང་བ་ནི། རོ་མྱང་གོ་ལོག་གོ །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བསྒོམ་པར་ཆོས་ཕྱིར་དཀའ་བ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་ནི། སྙིང་རྗེ་གོ་ལོག་གོ །རང་ལ་ལྟོས་པའི་མི་ཆོས་ལ་མི་སྦྱོར་བར་འཇིག་རྟེན་གྱི་དཔལ་འབྱོར་ལ་སྦྱོར་བ་ནི། གཉེར་སེམས་གོ་ལོག་གོ །འཁོར་འདས་ཀྱི་བདེ་བ་དང་དག་པ་ལ་དགའ་བ་མི་བསྒོམ་པར་དགྲ་ལ་སྡུག་བསྔལ་བྱུང་བ་ལ་དགའ་བ་བསྒོམ་པ་ནི། རྗེས་སུ་ཡི་རང་གོ་ལོག་གོ །རེས་འཇོག་མི་བྱ།


DLL1006_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། བློ་སྦྱོང་རེས་བསྒོམ་རེས་མི་བསྒོམ་པ་དེ་མིན་པར་རྒྱུན་དུ་བསྒོམ་པར་བྱའོ། །དོལ་ཆོད་དུ་སྦྱང་། ཞེས་པ་ནི། བློ་རྩེ་གཉིས་མིན་པར་བློ་སྦྱོང་ལ་བློ་ལིང་སྟེ་བསྒྱུར་ལ་སྦྱང་ངོ་། །རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། ཞེས་པ་ནི། རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟགས་ནས་དེའི་གཉེན་པོ་བསྒོམ་ཞིང་། སླར་ཡང་ཉོན་མོངས་སྐྱེ་མི་སྐྱེ་བརྟགས་ནས། སྐྱེ་ན་ཡང་གཉེན་པོ་བསྐྱེད་དེ་མི་སྐྱེ་བའི་ཐབས་ལ་འབད་པར་བྱའོ། །ཡུས་མ་བསྒོམ་ཞེས་པ་ནི། གཞན་ལ་ཕན་བཏགས་པ་དང་རང་གིས་ཆོས་བྱས་པ་ལ་གཞན་ལ་ཡུས་མི་བྱ་སྟེ། བདག་པས་གཞན་གཅེས་བསྒོམ་པ་ལ་ཡུས་བྱར་མེད་པའི་ཕྱིར། མི་ལ་རེ་བ་མ་ཆེ། ལྷ་ལ་གསོལ་བ་ཐོབ་བྱ་བ་རྭ་སྒྲེང་བའི་བཀའ་ཡིན་གསུང་། ཀོ་ལོང་མི་སྡོམ། ཞེས་པ་ནི། གཞན་གྱིས་མི་མང་གི་གསེབ་ཏུ་དམའ་ཕབ་པ་ལྟ་བུ་བྱས་ནའང་ཀོ་ལོང་མི་བྱ་བར་ཆོས་བདག་འཛིན་གྱི་གཉེན་པོར་འགྲོ་བར་བྱའོ། །ཡུད་ཙམ་པ་མི་བྱ། ཞེས་པ་ནི། རྐྱེན་ཅུང་ཟད་ཙམ་ལ་བརྟེན་ནས་དགའ་མི་དགའི་རྣམ་འགྱུར་སྟོན་པ་ནི་གྲོགས་ལ་གཟན་པས་མི་བྱའོ། །འོར་ཆེ་མ་འདོད། ཅེས་པ་ནི། གཞན་ལ་ཕན་བཏགས་པ་དང་། རང་གི་ཆོས་ཡུན་རིང་ལ་རྡོས་དྲག་པ་བྱས་པ་ལ། ལན་དུ་ཕན་འདོགས་པ་དང་། ཚིག་གི་བཏང་རག་གཏོང་བ་ལ་སོགས་པའི་འོར་ཆེ་འདོད་པར་མི་བྱའོ། །དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་འབད་དེ་འབྱོངས་པའི་གདེངས་ཐོབ་པར་བྱའོ། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་པའི་


DLL1006_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་པ་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཅེས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་བྱ་འཆང་ཀ་བ་ཆེན་པོས་ཐུགས་ལེགས་པར་སྦྱངས་པས། བདག་པས་གཞན་གཅེས་ཀྱི་ཐུགས་འབྱོངས། རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་སྐྱེས་པས་གདེངས་ཐོབ་པའི་གསུང་ཡིན་ནོ། ། དོན་གཉིས་ལྷུན་གྲུབ་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་མི་ཕམ་ཆོས་ཀྱི་རྗེ། །གཞུང་འབྱེད་གཉིས་པར་ལུང་བསྟན་ཐོགས་མེད་ཞབས། །རྒྱལ་བ་སྲས་བཅས་གསུམ་ལ་གསོལ་བ་འདེབས། །གསུང་རབ་འབུམ་སྡེའི་མངའ་བདག་དབྱིག་གི་གཉེན། །ཆོས་མངོན་རྒྱ་མཚོའི་གཏིང་སྤོགས་བློ་བརྟན་ཞབས། །བློ་ཆེན་འཕགས་པའི་སར་གནས་རྣམ་གྲོལ་སྡེ། །གསུང་རབ་དོན་གཟིགས་གསུམ་ལ་གསོལ་བ་འདེབས། །དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། །རིང་ནས་ཐེག་ཆེན་རིགས་སད་མཆོག་གི་སྡེ། །འཇིག་རྟེན་སྤྱོད་ལམ་རྣམ་གྲོལ་དུལ་བའི་སྡེ། །སྤྱོད་པ་རླབས་ཆེན་གསུམ་ལ་གསོལ་བ་འདེབས། །ཐེག་ཆེན་ཟབ་མོའི་དོན་གཟིགས་རྣམ་སྣང་མཛད། །བྱམས་མགོན་ཐུགས་ཀྱི་བཅུད་འཛིན་སེང་གེ་བཟང་། །སྦས་པའི་བརྟུལ་ཞུགས་འཛིན་པའི་ཀུ་ས་ལི། །རྒྱལ་བའི་དགོངས་སྐྱོང་གསུམ་ལ་གསོལ་བ་འདེབས། །མན་ངག་ཀུན་འཛིན་ཀུ་ས་ལི་གཉིས་པ། །ཆོས་ཀྱི་རྒྱལ་སྲིད་འཛིན་པའི་གསེར་གླིང་པ། །འགྲོ་བའི་མུན་སེལ་དཔལ་ལྡན་མར་མེ་མཛད། །དགོངས་པ་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས། །ཟབ་དང་རྒྱ་ཆེའི་ལམ་གནས་རྒྱལ་བ་འབྲོམ། །


DLL1006_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲུབ་སྙིང་བརྩེས་བརྒྱན་པའི་པོ་ཏོ་བ། །ལུང་རྟོགས་བསྟན་པའི་མངའ་བདག་ཤ་ར་བ། །རྒྱལ་བའི་སྲས་མཆོག་གསུམ་ལ་གསོལ་བ་འདེབས། །སྟོང་དང་སྙིང་རྗེའི་མངའ་བདག་འཆད་ཀ་བ། །སྡེ་སྣོད་ཆོས་ཀྱི་སྤྱན་ལྡན་སྤྱིལ་བུ་བ། །རྒྱ་ཆེན་ཤེས་བྱ་ཀུན་གཟིགས་རིན་ཆེན་ལྷ། །སྐྱེ་དགུའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་བཤེས་གཉེན་སྟག་ཤམ་ཅན། །གཞན་ཕན་ལྷུར་མཛད་རྒྱལ་སྲས་བྲག་ཁ་བ། །ལུང་དང་གདམས་པའི་མཛོད་འཛིན་ཟུར་ཁང་པ། །བྱིན་རླབས་བརྒྱུད་འཛིན་གསུམ་ལ་གསོལ་བ་འདེབས། །བློ་གྲོས་དཀྱིལ་འཁོར་བྱམས་བརྩེའི་འོད་ཀྱིས་མཛེས། །རིན་ཆེན་ཐུགས་མངའ་མི་ཡི་སེང་གེའི་སྲས། །རྒྱལ་སྲས་སྤྱོད་པས་མཛེས་པ་ཤཱཀྱའི་མཚན། །སྙིགས་དུས་འདྲེན་པ་གསུམ་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་གོམས་པའི་མཐུས། །སྤང་རྟོགས་ཡོན་ཏན་ལྷུན་གྲུབ་བླ་མ་དང་། །དགེ་འདུན་འདུས་པའི་གཙོ་བོ་གྲུབ་པའི་མཚན། །སྤྲུལ་པའི་དགེ་སློང་གཉིས་ལ་གསོལ་བ་འདེབས། །འཁོར་བའི་ཕུན་ཚོགས་ཀུན་ལ་མ་ཆགས་ཤིང་། །ཉམ་ཐག་འགྲོ་ལ་སྙིང་རྗེའི་གཞན་དབང་འགྱུར། །གནས་ལུགས་དོན་ལ་དཔྱད་པའི་ཤེས་རབ་ཀྱིས། །བདག་འཛིན་དམིགས་གཏད་བཟློག་པར་བྱིན་གྱིས་རློབས། །མདོར་ན་ཁྱོད་ལ་བསྟོད་པའི་བསོད་ནམས་ཀྱིས། །ལམ་མཆོག་སྒྲུབ་ལ་བར་ཆད་མེད་པ་དང་། །བཤེས་གཉེན་ཚེ་དང་ཡོ་བྱད་གནས་དང་གྲོགས། །མ་ལུས་བསམ་པ་ཙམ་གྱིས་འགྲུབ་པར་ཤོག །བརྒྱུད་པ་ནི། སྟོན་པ་སངས་རྒྱས། མི་ཕམ་བྱམས་པ། འཕགས་པ་ཐོགས་


DLL1006_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སློབ་དཔོན་དབྱིག་གཉེན། མཁས་པ་བློ་བརྟན། འཕགས་པ་རྣམ་གྲོལ་སྡེ། རྒྱལ་སྲས་མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད་བཟང་པོ། རྒྱས་སྲས་སེང་གེ་བཟང་པོ། ཀུ་ས་ལི་ཆེ་བ་དང་ཆུང་བ་གཉིས། བླ་མ་གསེར་གླིང་པ། དཔལ་མར་མེ་མཛད། སྟོན་པ་རིན་པོ་ཆེ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན། ལྷ་སྤྱིལ་བུ་ལ་འོད་ཟེར་བླ་མ། ལྷ་འགྲོ་བའི་མགོན་པོ་དབང་ཕྱུག་འོད་ཟེར། བྲག་ཁ་བ་ཡེ་ཤེས་བློ་གྲོས། ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས། ལྷ་ཆོས་སྐུ་བློ་གྲོས་འོད། བྱང་སེམས་རིན་ཆེན་སེངྒེ་། ལྷ་ཤཱཀྱ་བསོད་ནམས། ལྷ་རིན་ཆེན་བསོད་ནམས་ལྷུན་གྲུབ། རྒྱལ་བ་རྒྱ་མཚོའི་རྣམ་སྤྲུལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ། རྗེ་འདིས་འཁོར་རྒྱ་མཚོ་ལྟ་བུའི་དབུས་སུ་བརྩེ་བས་འདོམས་པར་མཛད་པ་ན། བདག་ཤ་མིས་ཀྱང་བཀའ་དྲིན་ཞུས་ཤིང་དུས་དེར་ཟིན་བྲིས་སུ་བཏབ་པའོ།། །། ཨེ་མ་དབེན་པའི་ནགས་ཚལ་ལམ། །ཡིད་འོང་གངས་ཀྱི་རི་སུལ་དུ། །རྙེད་དང་བཀུར་སྟི་གྲགས་པ་སོགས། །ཚེ་འདིའི་བྱ་བ་རབ་སྤངས་ནས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་བཅུད། །ཨ་ཏི་ཤ་ཡི་གདམས་པའི་ཕུལ། །སྒྲིབ་གཉིས་ནད་ཀུན་སེལ་བའི་སྨན། །ཟབ་མོའི་ལམ་འདི་སྒྲུབ་པ་ལ། །བླ་མ་སངས་རྒྱས་བྱང་སེམས་དང་། །ཡི་དམ་བཀའ་སྡོད་སྲུང་མ་དང་། །བསྟན་ལ་དགའ་བའི་ལྷ་རྣམས་ཀྱིས། །བདག་གི་བློ་ནི་བསྒྱུར་བར་མཛོད། །རང་ཉིད་གཅེས་འཛིན་དུག་བཞིན་སྤང་། །གཞན་ཕན་བློ་ཡི་ཁུར་ཁྱེར་ནས། །བདག་བདེ་གཞན་ལ་གཏོང་བ་དང་། །གཞན་གྱི་སྡུག་བསྔལ་བདག་ལེན་ཤོག །ཆོས་འདི་ཉམས་སུ་ལེན་དཀའ་ནའང་། །བླ་མའི་གསུང་གིས་ཡིད་འཕྲོགས་ཏེ། །བན་རྒན་བློ་གྲོས་རྣམ་རྒྱལ་གྱིས། །ཤད་དེ་ཤོད་དེར་བྲིས་པ་ཡིན། །སརྦ་མངྒ་ལཾ།། །།


DLL1006_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་ཐོར་བུ་སྣ་ཚོགས།no next