Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བརྒྱད་པ། ཉ༽


   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད།
   
   
   


 
previousརིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད།next

རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད།


DNG008_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཨགྣི་ཤཱནྟིཾ་བྷཱུ་ཏ་ཛྭ་ལ་ཏན་ཏྲ། བོད་སྐད་དུ། རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད། བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐོག་མ་མེད་པའི་དུས་ཉིད་ན། །རང་བཞིན་ལྷུན་གྲུབ་གནས་དེ་རུ། །ཆོས་དབྱིངས་སྟོན་པ་ཆེན་པོ་དེས། །རང་བྱུང་ཡེ་ཤེས་འཁོར་རྣམས་ལ། །སྦྱོར་བ་ཆེན་པོའི་བསྟན་པ་བཤད། །རིག་པ་རང་གསལ་ཆེན་པོའི་དུས། །གཡོས་པ་མེད་པའི་གནས་དེ་རུ། །ཡེ་ཤེས་ཆེན་པོའི་སྟོན་པ་དེས། །རིག་པ་འོད་ཀྱི་འཁོར་ལོ་ལ། །སྦྱོང་བ་ཞི་བར་བསྟན་པ་བཤད། །རིག་པ་རྩལ་དུ་སྣང་དུས་སུ། །རིག་པའི་འཁོར་མེད་གནས་ཉིད་དུ། །ལོངས་སྤྱོད་རྫོགས་པའི་སྟོན་པ་དེས། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །སྒྲིབ་པ་སྦྱོང་བའི་བསྟན་པ་བཤད། །སྣང་བས་འདུལ་བའི་དུས་ཉིད་དུ། །རང་བཞིན་འོག་མིན་གནས་དེ་རུ། །བྱང་སེམས་ཀུན་ཏུ་བཟང་པོ་ཡིས། །ཉོན་མོངས་ཞི་བའི་བསྟན་པ་བཤད། །ཐོག་མེད་བག་ཆགས་དུས་ཉིད་དུ། །སྲིད་པ་ཆགས་པའི་གནས་དེ་རུ། །ཡེ་ཤེས་ཀུན་ཏུ་བཟང་པོ་ཡིས། །རིགས་དྲུག་སེམས་ཅན་འཁོར་རྣམས་ལ། །སྡིག་


DNG008_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་སྲེག་པའི་བསྟན་པ་བཤད། །སྦྱོང་བ་ལ་ནི་རྣམ་གཉིས་ཏེ། །སེམས་སྦྱོང་བ་དང་ལུས་སྦྱོང་བའོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །གཤེད་བསྐྲད་ལན་ཆགས་སྦྱོང་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །བགེགས་བསྐྲད་པ་ལ་རྣམ་པ་གསུམ་ཡིན་ཏེ། །ཏིང་འཛིན་སྔགས་དང་བསྐུལ་གྱིས་བསྐྲད་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ཡི། །ལྷ་ཡི་ང་རྒྱལ་དག་གིས་བསྐྲད། །དེ་བཞིན་སྔགས་ཀྱིས་བསྐྲད་པ་ནི། །ཡེ་ཤེས་ཁྲོ་བོའི་སྔགས་ཀྱིས་བསྐྲད། །ཨཱོཾ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཧ་ལ་ཧ་ལ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། པ་ཙ་པ་ཙ། ཧུ་ལུ་ཧུ་ལུ། བཛྲ་ཏིཥྛ་ཧཱུྃ་ཕཊ། རོ་ལ་སྔགས་ཀྱིས་བཏབ་ནས་ཡང་། །སྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ཧཱུྃ་ཧཱུྃ་ཧཱུྃ། ཚེ་འདས་རིགས་ཀྱི་བུ་འདི་ལ། །ཐོག་མ་མེད་ནས་གནས་པ་ཡི། །རྟག་ཏུ་སྲོག་ལ་དབང་བྱེད་པའི། །བགེགས་ཀྱི་རྒྱལ་པོ་གང་ཡོད་ཀྱང་། །ཟས་སུ་སྲོག་ཟ་དབུགས་སྤྱོད་པའི། །ཚེ་འདས་གཤེད་མར་བྱེད་པ་ཡི། །ཚེ་འདས་ལུས་ཉིད་བཟུང་ནས་སུ། །ཀུན་ཏུ་འཁྱམས་ཤིང་ཀུན་ཏུ་གནོད། །བགེགས་ཀྱི་རྒྱལ་པོ་ཁྱོད་སོང་ཞིག །ཧཱུྃ་ང་ཡི་བཀའ་ལས་འདའ་ནས་སུ། །ཚེ་འདས་གཤེད་མར་བྱེད་པ་ན། །ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིས། །རུས་ལ་གནས་པ་ཞེ་སྡང་བགེགས། །ཞེ་སྡང་མཚོན་གྱི་ཆར་ཕོབ་ཅིག །ཁྲག་ལ་གནས་པ་འདོད་ཆགས་བགེགས། །མྱོས་བྱེད་དུག་གི་ཆར་ཕོབ་ཅིག །ཤ་ལ་གནས་པའི་གཏི་མུག་བགེགས། །ཁྲོ་ཆུང་ཉུང་དཀར་ཆར་ཕོབ་ཅིག །ཨ་ར་ལི་ཤི་ཛྭ་ལ་བཛྲ་ཧཱུྃ་ཧཱུྃ་ཕྲཊ་ཕྲཊ། ཚེ་འདས་བགེགས་དང་དབྲལ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རིགས་དྲུག་གནས་ནས་


DNG008_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུྃ་ཞེ་སྡང་མནར་མེད་ལས་ཀྱི་ས་བོན་གྱིས། །སེམས་ཅན་དམྱལ་བའི་གནས་སུ་སྐྱེ་བ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ཐུགས་རྗེས་དྲངས་ཤིང་དགུག །དུ་ཨཾ་ཀུ་ཤ་ཛ་ཧཱུཾ། སྐྱེ་བར་ངེས་པའི་སེམས་ཅན་ཁྱོད། །འགྲོ་དྲུག་གནས་སུ་འཁྱམས་པ་ན། །སྟོང་གསུམ་མུན་ནག་རིག་པ་འཁྱམས། །བག་ཆགས་སྦྱང་ཕྱིར་དགུག་པར་བྱའོ། །ཤོ་ཏ་ན་ཏི་བཛྲ་ཤོ་ཏ་ཧཱུཾ་ཧཱུཾ། ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ནི། །ལས་ཀྱི་དབང་གིས་སྟོང་གསུམ་མུན་ནག་འཁྱམས། །ཕྱིན་ཅི་ལོག་གིས་ཉོན་མོངས་ཁུ་རྣམས་བཅིངས། །ཡེ་ཤེས་གསལ་བའི་རལ་གྲིས་ཉོན་མོངས་འདྲལ། །བཛྲ་ཨ་ཏི་མུ་ཏི་བཾ་ཧཱུཾ། མཁའ་དབྱིངས་རྣམ་དག་ཡུམ་གྱི་བྷ་ག་རུ། །ཐབས་དང་ཤེས་རབ་གཉིས་མེད་དཀྱིལ་འཁོར་གསལ། །བག་ཆགས་སྦྱང་ཕྱིར་ཡེ་ཤེས་བདུད་རྩིའི་ཆུས། །ཚེ་འདས་བག་ཆགས་གཏན་ནས་སྦྱང་བར་མཛོད། །ཨཱོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏེ་ཧེ་ཤོ་ད་ན་ཏི་ཤོ་དྷ་ཡ་སྭཱ་ཧཱ། ཧཱུཾ་བཅོམ་ལྡན་ཐུབ་པ་དམྱལ་བའི་གཙོ་ཆེན་པོ། །ཚེ་འདས་རིགས་ཀྱི་བུ་འདི་ཉིད། །ཚ་གྲང་སྡུག་བསྔལ་ཤིན་ཏུ་གདུངས་པས་ན། །ཀུན་བཟང་ཐུབ་པ་ཁྱོད་ལ་སྐྱབས་སུ་མཆིའོ། །བཛྲ་ས་མ་ཡ་སྟྭཾ། ཧཱུཾ་འབྲུ་བཅུད་སྟོང་དང་ལྡན་པའི་གསེར་སྐྱེམས་འདི། །གཤིན་ལ་གཤེད་དུ་བྱེད་པའི་བགེགས། །གསོན་ལ་བདུད་དུ་བྱེད་པའི་འདྲེ། །འབྲུ་བཅུད་གསེར་སྐྱེམས་འདི་ལོངས་ལ། །ཚེ་འདས་བླ་བཟུང་གཏང་དུ་གསོལ། །ཧཱུཾ་གླུད་ཀྱི་གཏོར་མ་རྒྱན་ཅན་འདི། །སྲིད་པའི་རྩེ་ནས་དམྱལ་བའི་གནས་ཡན་ཆད། །འཕགས་པའི་སྤྱན་གྱིས་གཟིགས་པའི་སེམས་ཅན་ཀུན། །མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །ཚེ་འདས་དམྱལ་བའི་ལན་ཆགས་དག་པར་ཤོག །ཧཱུཾ་སེར་སྣ་འདོད་ཆགས་ལས་ཀྱི་ས་བོན་གྱིས། །བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ་བ་ན། །ལས་དང་ཐུགས་


DNG008_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ཏྲི་ཨཾ་ཀུ་ཤ་ཛ། ཧཱུཾ་མ་རིག་གླེན་ལྐུགས་ལས་ཀྱི་ས་བོན་གྱིས། །བྱོལ་སོང་ལྐུགས་པའི་གནས་སུ་འཁྱམས་པ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ཏྲི་ཨཾ་ཀུ་ཤ་ཛ། ང་རྒྱལ་དྲེགས་པ་ལས་ཀྱི་ས་བོན་གྱིས། །དྲེགས་པ་མི་ཡི་གནས་སུ་འཁྱམས་པ་ལ། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ནྲྀ་ཨཾ་ཀུ་ཤ་ཛ། ཧཱུཾ་ཕྲག་དོག་འཐབ་རྩོད་ལས་ཀྱི་ས་བོན་གྱིས། །ལྷ་མིན་ཕྲ་མེན་གནས་སུ་སྐྱེས་པ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །སུ་ཨཾ་ཀུ་ཤ་ཛ། ཧཱུཾ་ལེ་ལོ་ཡིད་སྤྱོད་ལས་ཀྱི་ས་བོན་གྱིས། །ལྟུང་བ་ལྷ་ཡི་གནས་སུ་སྐྱེས་པ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ཨ་ཨཾ་ཀུ་ཤ་ཛ། རིགས་དྲུག་གནས་ནས་དྲང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །གསང་བ་ནང་གི་ཁྲུས་ཉིད་བྱ་བ་དང་། །འགྲོ་དྲུག་པདྨའི་གདན་ལ་ཁྲུས་ཉིད་བྱ་བ་ཇི་ལྟ་བུ། །སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཧཱུཾ་བདུད་རྩི་ཡེ་ཤེས་ལྔ་དང་ལྡན། །གཉིས་མེད་བདུད་རྩི་ཡེ་ཤེས་ཆུས། །ཚེ་འདས་བག་ཆགས་སྦྱང་བའི་ཕྱིར། །ཚེ་འདས་སྐུ་ལ་སྐུ་ཁྲུས་གསོལ། །ཨོཾ་བཛྲ་ཨ་ཏི་ཤོ་ད་ན་ནི་ཧཱུཾ། པདྨ་འདབ་མ་བཞི་པ་ལ། །ཡེ་ཤེས་རིགས་ལྔ་ཡིག་འབྲུ་དགོད། །ཨཱོཾ་ཧཱུཾ་སྭཱ་ཨཱཾ་ཧཱ། དེ་ནས་སྐུལ་ཚིག་འདི་བརྗོད་དོ། །ཧཱུཾ། གོས་མེད་མ་ཆགས་པདྨའི་གདན། །མཛེས་པའི་ཐུགས་རྗེ་ཆགས་པ་མེད། །ཚེ་འདས་བག་ཆགས་དག་པའི་ཕྱིར། །རིགས་ལྔ་བདེ་བའི་གདན་ལ་བཞུགས། །པདྨ་ས་མ་ཡ་སྟྭཾ།དེ་ནས་ཚེ་འདས་བུ་དེ་ཡང་། །ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དེ། །སེམས་ལ་འགྱུར་བ་མེད་པས་ན། །སྣ་ཚོགས་གཟུགས་བརྙན་ཅིར་ཡང་སྣང་། །


DNG008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མེད་རང་བཞིན་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔར་སེམས་བསྐྱེད་དོ། །ཧཱུཾ།སེམས་ལས་ཐམས་ཅད་འབྱུང་བས་ན། །མཉམ་ཉིད་རྟོག་པ་མེད་པའི་སེམས། །རང་བཞིན་མ་འགགས་ཐམས་ཅད་འབྱུང་། །རིན་ཆེན་འབྱུང་བར་སེམས་བསྐྱེད་དོ། །ཧཱུཾ། སེམས་དེར་ཅིར་ཡང་སྣང་བས་ན། །སྣ་ཚོགས་ཡེ་ཤེས་སོ་སོར་རྟོག །རྟོག་མེད་རང་བཞིན་ལྷུན་གྱིས་གྲུབ། །སྣང་བ་མཐའ་ཡས་སེམས་བསྐྱེད་དོ། །ཧཱུཾ། སེམས་ལས་ཐམས་ཅད་གྲུབ་པས་ན། །བྱ་རུ་མེད་པའི་ཡེ་ཤེས་གྲུབ། །གྲུབ་མེད་རང་བཞིན་རིན་པོ་ཆེ། །དོན་ཡོད་གྲུབ་པར་སེམས་བསྐྱེད་དོ། །ཁྲུས་བྱ་ཞིང་གདན་དབུལ་བ་དང་། སེམས་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡེ་ཤེས་སྡོང་བུ་དགོད་པ་དང་། །དྲི་ཡི་ཐིག་ལེ་བྱུག་པ་དང་། །ལྷ་ཡི་མཚན་མས་གདབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་དེ་ལ། །ལྷ་ཡི་གྲངས་དང་བཅས་པ་ཡི། །ཡེ་ཤེས་གསལ་བའི་སྡོང་བུ་དགོད། །ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །ཉོན་མོངས་དུག་གསུམ་མུན་ནག་འཁྱམས། །ཡེ་ཤེས་གསལ་བའི་སྒྲོན་མེ་འདིས། །དཀྱིལ་འཁོར་ལྷ་ཚོགས་གསལ་བར་ཤོག །ས་མ་ཡ་བཛྲ་ཨཱ་ལོ་ཀེ་ཧཱུཾ། བདུད་རྩི་ཙ་ནཱན་དྲི་ཡིས་ནི། །ལྷ་ཡི་གྲངས་ཙམ་ལུས་ལ་དགོད། །རང་རང་སྔགས་དང་བཅས་པ་ཡིས། །གནས་སུ་དྲི་ཡི་ཐིག་ལེ་བྱའོ། །ཧཱུཾ་ཚེ་འདས་རིགས་ཀྱི་བུ་འདི་ལ། དྲི་ཡི་ཐིག་ལེ་བཀོད་པ་ཡིས། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །རྟགས་ཀྱི་སྤྱི་རྒྱ་བཏབ་པ་ཡིས། །ལྷ་ཡི་མཚན་མ་གདབ་པ་ནི། །རང་རང་ལྷ་ཡི་ཕྱག་མཚན་དང་། །ཡིག་འབྲུ་བཅས་ཏེ་གདབ་པར་བྱ། །ཧཱུཾ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུའི་ཚོགས། །བདེ་གཤེགས་སྐུ་ཡི་ཕྱག་མཚན་ཏེ། །འདི་ཉིད་བཏབ་པ་ཙམ་གྱིས་སུ། །རྒྱལ་བའི་སྲས་སུ་འགྱུར་བར་ཤོག །ཧཱུཾ་སྐུ་གསུང་ཐུགས་ཀྱི་ཡི་གེ་འདི། །


DNG008_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་བཏབ་པ་ཙམ་གྱིས་སུ། །བདེ་གཤེགས་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྲས་སུ་ཤོག །ཨཱོཾ་བུད་དྷ་ཀཱ་ཡ་བཛྲ་ས་མ་ཡ་ཨོཾ། ཨཱོཾ་བུད་དྷ་བཱ་ཀ་བཛྲ་ས་མ་ཡ་ཨཱཿ། ཨཱོཾ་བུད་དྷ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། ཡེ་ཤེས་སྡོང་བུ་དགོད་ཅིང་དྲིའི་ཐིག་ལེ་བྱུགས་པ་དང་། ཕྱག་མཚན་ཡིག་འབྲུ་འདོགས་པའི་ལེའུ་སྟེ་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །དཀྱིལ་འཁོར་སྒོ་ཕྱེ་ལུས་ཀྱི་སྡིག་པ་བཤགས་པ་དང་། །རང་གི་ལུས་ཉིད་དཀྱིལ་འཁོར་ལྷ་ལ་དབུལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་སྒོ། །སྙིང་རྗེ་ཚད་མེད་སྒོ་མོ་སྟེ། །མེ་ལོང་ལྟ་བུའི་སྒོ་ཕྱེ་ཞིག །ཚེ་འདས་དད་པས་འཇུག་པར་བྱའོ། །བཛྲ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཧཱུཾ་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་སྒོ། །བྱམས་པ་ཚད་མེད་སྒོ་མོ་སྟེ། །མཉམ་པ་ཉིད་ཀྱི་སྒོ་ཕྱེ་ཞིག །ཚེ་འདས་དད་པས་འཇུག་པར་བྱའོ། །རཏྣ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཧཱུཾ་ནུབ་ཕྱོགས་པདྨ་རིགས་ཀྱི་སྒོ། །དགའ་བ་ཚད་མེད་སྒོ་མོ་སྟེ། །སོ་སོར་རྟོག་པའི་སྒོ་ཕྱེ་ཞིག །ཚེ་འདས་དད་པས་འཇུག་པར་བྱའོ། །པདྨ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཧཱུཾ་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་སྒོ། །བཏང་སྙོམས་ཚད་མེད་སྒོ་མོ་སྟེ། །བྱ་བ་གྲུབ་པའི་སྒོ་ཕྱེ་ཞིག །ས་མན་ཏ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཚུལ་དང་ལྡན་པའི་ལུས་བཟུང་སྟེ། །སྔོན་གྱི་སྡིག་སྒྲིབ་ཐམས་ཅད་བཤགས། །ཧཱུཾ་ཐོག་མ་མེད་ནས་འཁོར་བར་འཁྱམས། །བག་མེད་དབང་གིས་ཉོན་མོངས་སྤྱད། །མ་རིག་དབང་གིས་སྡིག་པ་སྤྱད། །ཀུན་ཏུ་བཟང་པོའི་ཐུགས་དང་འགལ། །རྣམ་སྣང་སྐུ་ལ་བཟོད་པར་གསོལ། །ཧཱུཾ་རྟག་ཏུ་འཁོར་བར་འཁྱམས་པ་ཡིས། །རཱུ་ཏྲའི་དབང་གིས་སྡིག་པ་སྤྱད། །ཞེ་སྡང་དབང་གིས་སྲོག་བཅད་པ། །རྡོ་རྗེ་སེམས་ལ་བཟོད་པར་གསོལ། །ཧཱུཾ་སྲིད་པ་ཀུན་ཏུ་འཁྱམས་པ་ཡིས། །ཁེངས་སེམས་དབང་གིས་ང་རྒྱལ་སྤྱད། །ཆེ་བའི་དབང་གིས་ཁེངས་པས་བཅིངས། །


DNG008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལ་བཟོད་པར་གསོལ། །ཧཱུཾ་རྟག་ཏུ་རིགས་དྲུག་གནས་སུ་འཁྱམས། །འདོད་ཆགས་དབང་གིས་ཉོན་མོངས་སྤྱད། །སེར་སྣའི་དབང་གིས་འཆིང་བས་བཅིངས། །སྣང་མཐའི་སྐུ་ལ་བཟོད་པར་གསོལ། །ཧཱུཾ་ཚེ་རབས་ཐོག་མ་མེད་པ་ནས། །ལས་ཀྱི་དབང་གིས་ཁམས་གསུམ་བག་མེད་འཁོར། །ཉོན་མོངས་ཕྲག་དོག་རང་གར་སྤྱད། །དོན་ཡོད་གྲུབ་ལ་བཟོད་པར་གསོལ། །ཧཱུཾ་སེམས་ཅན་བདག་གི་ལུས་འདི་ཡང་། །ཐོག་མ་མེད་ནས་འཁོར་བར་འཁྱམས། །ཉོན་མོངས་བག་མེད་རང་གར་སྤྱད། །དེ་ཡི་དབང་གིས་ཤ་ཁྲག་ལུས། །འབུ་སྲིན་མང་པོའི་ལོངས་སྤྱོད་འདི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །གཏི་མུག་ཤ་ལས་གྲུབ་པའི་ལུས། །ཀུན་ཏུ་བཟང་ལ་མཆོད་པར་འབུལ། །ཞེ་སྡང་རུས་ལས་གྲུབ་པའི་ལུས། །རྡོ་རྗེ་སེམས་ལ་མཆོད་པར་འབུལ། །ང་རྒྱལ་ཚིལ་ལས་གྲུབ་པའི་ལུས། །རིན་ཆེན་འབྱུང་ལ་མཆོད་པར་འབུལ། །འདོད་ཆགས་ཁྲག་ལས་གྲུབ་པའི་ལུས། །སྣང་མཐའི་སྐུ་ལ་མཆོད་པར་འབུལ། །ཕྲག་དོག་རྩ་ལས་གྲུབ་པའི་ལུས། །དོན་ཡོད་གྲུབ་ལ་མཆོད་པར་འབུལ། །དབང་པོ་རྣམ་ཤེས་ཁམས་རྣམས་ཀུན། །སེམས་དཔའ་སེམས་མ་རྣམས་ལ་འབུལ། །སྐྱེ་མཆེད་ཡུལ་རྣམས་མང་པོ་ཀུན། །ཁྲོ་བོ་རྣམས་ལ་མཆོད་པར་འབུལ། །དོན་སྙིང་ནང་ཁྲོལ་མང་པོ་ཀུན། །ཐུབ་པ་རྣམས་ལ་མཆོད་པར་འབུལ། །རྐང་པ་ཡན་ལག་བཞི་པོ་ཀུན། །སྒོ་བ་བཞི་ལ་མཆོད་པར་འབུལ། །ཚེ་འདས་ཀྱི་སྒོ་དབྱེ་བ་དང་། སྡིག་པ་བཤགས་པ་དང་། ཚེ་འདས་ལུས་དབུལ་བའི་ལེའུ་སྟེ་དྲུག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་སེམས་ལ་དབང་བསྐུར་དང་། །བྱིན་གྱིས་རླབས་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་སེམས་ལ་དབང་བསྐུར་དང་། །བྱིན་གྱིས་བརླབ་པ་འདི་ལྟ་སྟེ། །དམ་རྫས་རྣམ་པ་ལྔ་ཡིས་བསྐུར། །ཧཱུཾ་ཚེ་འདས་རིགས་


DNG008_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་ཁྱོད་ལ། །འཇོམས་བྱེད་རྡོ་རྗེའི་དབང་བསྐུར་བས། །གཤེད་མའི་བདུད་ལས་ཐར་བ་དང་། །རྡོ་རྗེའི་སྐུ་ཡི་ལུས་ཐོབ་ཤོག །བཛྲ་ཨ་བྷི་ཥིཉྩ་ཨ། ཧཱུཾ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ལོངས་སྤྱོད་གཏོར་མ་འདི་ཡི་དབང་བསྐུར་བས། །སྔོན་གྱི་ལེན་ཆགས་དག་གྱུར་ཏེ། །བདུད་རྩིའི་ཟས་ལ་ལོངས་སྤྱོད་ཤོག །ཨ་མྲྀ་ཏ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨ། ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །འཁོར་ལོ་འབར་བའི་དབང་བསྐུར་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །བར་དོའི་གནས་ནས་ཐར་བར་ཤོག །ཙཀྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ཆོས་དབྱིངས་དྲིལ་བུའི་དབང་བསྐུར་བས། །སྐྱེ་གནས་སྡུག་བསྔལ་རྒྱུན་བཅད་དེ། །ཆོས་ཉིད་ངང་ལ་གནས་པར་ཤོག །ས་མན་ཏ་ནཱ་མ་ཀ་ཨ་བྷི་ཥིཉྩ་ཨ། །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །དབུ་རྒྱན་དབང་མཆོག་བསྐུར་བ་ཡིས། །ཉོན་མོངས་དུག་ལྔ་གནས་དག་སྟེ། །ཡེ་ཤེས་རིགས་ལྔ་ཐོབ་པར་ཤོག །སརྦ་ཏ་ཐཱ་ག་ཏ་བུད་དྷ་ཨ་བྷི་ཥིཉྩ་ཨ། །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །སྣང་བ་སྐུ་ཡི་རང་བཞིན་ཏེ། །གཟུང་འཛིན་རྣམ་རྟོག་རྣམ་དག་ཕྱིར། །བདེ་གཤེགས་སྐུ་ཡིས་བྱིན་བརླབ་བོ། །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ཧཱུྃ། །ཧཱུཾ་ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །གྲགས་པ་གསུང་གི་རང་བཞིན་ཏེ། །མིང་ཚིག་རྟོག་པ་རྣམ་དག་ནས། །བདེ་གཤེགས་གསུང་དུ་བྱིན་བརླབ་པོ། །སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་ཧཱུྃ། །ཧཱུཾ་ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །དྲན་རྟོག་ཐུགས་ཀྱི་རང་བཞིན་ཏེ། །རྣམ་པར་རྟོག་པ་རྣམ་དག་ནས། །བདེ་གཤེགས་ཐུགས་སུ་བྱིན་བརླབ་པོ། །ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ཧཱུཾ། །ཚེ་འདས་ལ་དབང་བསྐུར་ཞིང་བྱིན་གྱིས་རླབས་པའི་ལེའུ་སྟེ་བདུན་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་རིགས་ཀྱི་བུ་དེ་ལ། །དཀྱིལ་འཁོར་བསྟན་ཅིང་


DNG008_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་དབོག་པ་དང་། །སྔགས་ཀྱི་བྱེ་བྲག་དབོག་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་དེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱའོ། །ཧཱུཾ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །མ་བུའི་འདུ་ཤེས་རབ་ཞོག་ལ། །རིག་པའི་ཤེས་པ་ཚུར་ཉོན་དང་། །ང་ནི་རྡོ་རྗེ་བླ་མ་སྟེ། །ང་ཡི་བཀའ་ཉིད་མ་བཅག་པར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །འདི་ནི་ཀུན་བཟང་དཀྱིལ་འཁོར་ཏེ། །བདེ་གཤེགས་འདུས་པའི་ཕོ་བྲང་ཡིན། །གནས་མཆོག་འདི་ནི་བསྒྲུབ་པའི་གནས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །དཀྱིལ་འཁོར་གནས་འདིར་ལོངས་སྤྱོད་ཤོག །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ལྷ་རུ་ཀུན་བཟང་བདེ་གཤེགས་བསྒོམ། །སྐུ་མདོག་སེར་པོ་འོད་ཟེར་འཕྲོ། །མཚན་རྫོགས་དཔེ་བྱད་ལྡན་པ་སྟེ། །མཉམ་པར་བཞག་པའི་ཕྱག་རྒྱ་ཅན། །རྟག་ཏུ་ལྷ་མཆོག་དེ་སྒོམས་ཤིག །དེ་ནས་སྔགས་ཀྱི་བསྙེན་པ་དབོག་པར་བྱ། །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །སྔགས་སུ་གསང་སྔགས་འབྲུ་བདུན་ཟློས། །དེ་ཡི་ངང་ལས་མ་འདའ་བར། །བཟླས་བརྗོད་བསྙེན་པ་རྒྱུན་དུ་བྱ། །ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཚེ་འདས་ལ་དཀྱིལ་འཁོར་དང་ལྷ་དང་སྔགས་དབོག་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡེ་ཤེས་མེ་ལྷ་སྤྱན་དྲང་དང་། །མཆོད་དང་བསྟོད་པ་ཇི་ལྟ་བུ། །སྟོན་པ་ཀུན་ཏུ་བཟང་པོ་དེས། །སྟོང་པ་བདག་མེད་གསལ་བར་གནས་པ་ལ། །ཡི་གེ་ཨ་ཉིད་ཞུགས་ཁང་ནང་དུ་བསྒོམས། །ཨ་དེ་ཞུ་ཞིང་ཡོངས་སུ་གྱུར་པ་ལས། །དམ་ཚིག་མེ་ལྷ་དམར་པོ་གཙུག་ཕུད་ཅན། །མཉམ་གཞག་བདུད་རྩིའི་བུམ་པ་ཕྱག་ན་བསྣམས། །ཐུགས་ལས་རང་བྱུང་ཡེ་ཤེས་མེ་འབར་བས། །འཁོར་བའི་བག་ཆགས་ཉོན་མོངས་སྲེག་པར་བྱེད། །དེ་ནི་ཡེ་ཤེས་མེ་ལྷ་སྤྱན་དྲངས་པའོ། །


DNG008_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །དམར་པོ་གཅེར་བུ་གཙུག་ཕུད་ཅན། །རྒྱལ་བ་ཀུན་གྱི་འོད་མཆོག་སྟེ། །སྲེག་སྦྱང་ལུས་འདི་བཞེས་ནས་ཀྱང་། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨགྣི་ཛྭ་ལ་མཎྜ་ལ་ཧཱུྃ། ཧཱུྃ་མེ་ཡི་ལྷ་མོ་ཀུན་ཏུ་བཟང་། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །རྒྱལ་བ་ཀུན་གྱི་གཟི་བརྗིད་མཆོག །སྲེག་སྦྱང་ལུས་འདི་འབུལ་ལགས་པས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་པ་ཏྲ་ཨགྣི་ཛྭ་ལ་རཾ་ཛཿཧཱུྃ་བཾ་ཧོཿ། ཧཱུྃ་བདེ་གཤེགས་ཕོ་བྲང་གནས་མཆོག་འདིར། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས། །འབྱུང་བ་མེ་ལ་དབང་བྱའི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཛྭ་ལ་མཎྜ་ལ་ཧཱུྃ། ཕྱི་དང་ནང་གི་མཆོད་པ་ཡང་། །མེ་ལྷ་འཁོར་དང་བཅས་ལ་འབུལ། །དེ་ནས་ཕྱི་ཡི་མཆོད་པ་འབུལ། །ཧཱུྃ་ཕྱོགས་བཅུ་རབ་འབྱམས་ཐམས་ཅད་ན། །ཡོན་ཆབ་ཇི་སྙེད་ཡོད་པ་ཀུན། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨགྣི་ཨཱ་ཧ་ར་པཱུ་ཛ་ས་མ་ཡེ་ཧཱུྃ། ཧཱུྃ་ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །བདུག་སྤོས་ཇི་སྙེད་ཡོད་པ་ཀུན། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨགྣེ་དྷཱུ་པེ་པཱུ་ཛ་ས་མ་ཡེ་ཧཱུྃ། །ཧཱུྃ་ཆུ་དང་ཐང་ལས་སྐྱེས་པ་ཡི། །སྤྱན་གྱི་ལོངས་སྤྱོད་མེ་ཏོག་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨགྣེ་པུཥ྇་པཱུ་ཛ་ས་མ་ཡེ་ཧཱུཾ། རྒྱལ་བའི་འོད་དང་རིན་ཆེན་འོད། །མར་མེའི་སྣང་བ་འདི་རྣམས་ནི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨགྣེ་ཨཱ་ལོ་ཀེ་པཱུ་ཛ་ས་མ་ཡེ་ཧཱུྃ། ཧཱུཾ་དྲི་མཆོག་དྲི་ཚོགས་ཚང་བ་སྤོས་ཀྱི་ཆབ། །དྲི་ཆབ་ཇི་སྙེད་ཡོད་པ་ཀུན། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨགྣེ་གནྡྷེ་པཱུ་ཛ་ས་མ་ཡེ་ཧཱུྃ། ཧཱུྃ་རོ་མཆོག་


DNG008_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལྡན་ལྷ་ཡི་ཟས། །བདུད་རྩིའི་ཞལ་ཟས་དག་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་དག་པར་མཛོད། །བཛྲ་ཨགྣེ་ནཻ་བིདྱ་པཱུ་ཛ་ས་མ་ཡེ་ཧཱུྃ། ཧཱུྃ་གདུང་བ་སེལ་བའི་སྒྲ་མཆོག་ནི། །ཚངས་པ་དབྱངས་ཀྱི་སྒྲ་སྙན་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་བར་མཛོད། །བཛྲ་ཨགྣེ་ཤབྡ་རཏྣ་པཱུ་ཛ་ས་མ་ཡ་ཧོ། མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །ནང་གི་མཆོད་པ་འབུལ་བ་ནི། །ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས། །འབར་བ་ཡེ་ཤེས་མེ་ཀློང་ནས། །མེ་ལྷ་འབར་བའི་སྐུར་བཞེངས་ལ། །སྲེག་སྦྱོང་འབར་བའི་ཞལ་ཟས་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །བཛྲ་ཨགྣེ་པ་པ་མ་ཀ་ཡེ་སྭཱ་ཧཱ། ཧཱུཾ་མེ་ལྷའི་རྒྱལ་པོ་འོད་མཐའ་ཡས། །འབྱུང་བ་མེ་ལ་དབང་བསྒྱུར་བའི། །རྒྱལ་བ་ཀུན་གྱི་འོད་མཆོག་སྟེ། །ཆོས་ཉིད་སྐྱེ་མེད་ཧོམ་ཁུང་དུ། །རང་བྱུང་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་བསྲེག་སྦྱང་རོལ། །བཛྲ་ཨགྣེ་ཆེ་གེ་མོ་སརྦ་པཱ་པཾ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཧཱུྃ་མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །གདོང་ལྔ་གཙུག་ཕུད་ཐོར་ཚུགས་ཅན། །སྐུ་མདོག་དམར་པོ་འོད་འབར་བ། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །སེམས་ཅན་བག་ཆགས་བསྲེག་མཛད་པ། །དམ་རྫས་འབར་བའི་མཆོད་པ་འདི། །མེ་ལྷའི་རྒྱལ་པོ་རྣམས་ལ་འབུལ། །བཛྲ་ཨགྣེ་པ་ན་ཀ་ཡེ་སྭཱ་ཧཱ། མེ་ལྷ་མཆོད་པའི་ལེའུ་སྟེ་དགུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རིགས་ལྔ་བདེ་བར་གཤེགས་པ་ཡབ་ཡུམ་ལ། །དམ་རྫས་མཆོད་པ་འབུལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་རྣམ་ཤེས་ཕུང་པོ་མངོན་སངས་རྒྱས་པའི་སྐུ། །གཏི་མུག་རྣམ་པར་དག་པའི་གསུང་ཉིད་ཅན། །ཆོས་དབྱིངས་ཡེ་ཤེས་རྣམ་པར་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །


DNG008_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་སརྦ་པཱ་པཾ་ཤཱནྟིང་ཀུ་རུ་པཱུ་ཛ་སྭཱ་ཧཱ། ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་གཏི་མུག་ཤ་ཡི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་མེ་སྤར་བས། །མ་རིག་བག་ཆགས་ཐམས་ཅད་བསྲེག་སྦྱང་རོལ། །ཧཱུཾ་བཛྲ་ཙིཏྟ་རཾ། ཧཱུཾ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་སྐུ། །ཉོན་མོངས་ཞེ་སྡང་རྣམ་པར་དག་པའི་གསུང་། །ཆོས་ཉིད་ཡེ་ཤེས་མེ་ལོང་ལྟ་བུའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ཀུན་ཏུ་བཟང་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་བཛྲ་དྷྲྀག་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།ཧཱུཾ་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཞེ་སྡང་རུས་པའི་ཡམ་ཤིང་ལ། །མེ་ལོང་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་བཛྲ་དྷྲྀག་ཛྭ་ལ་རཾ། ཧཱུཾ་ཚོར་བའི་ཕུང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་ང་རྒྱལ་གནས་སུ་དག་པའི་གསུང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རིན་ཆེན་ཀུན་ཏུ་བཟང་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །སྭཱ་རཏྣ་དྷྲྀག་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འགག་པ་མེད་པའི་ཧོམ་ཁུང་དུ། །ང་རྒྱལ་རྩ་ཡི་ཡམ་ཤིང་ལ། །མཉམ་ཉིད་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་ཐིམ་སྦྱང་རོལ། །སྭཱ་རཏྣ་ཛྙཱ་ན་ཛྭ་ལ་རཾ། ཧཱུཾ་འདུ་ཤེས་ཕུང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་འདོད་ཆགས་གནས་སུ་དག་པའི་གསུང་། །སོ་སོར་རྟོག་པའི་ཡེ་ཤེས་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །པདྨ་ཀུན་བཟང་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་པར་མཛོད། །ཨཾ་ཨཱ་རོ་ལིག་ཆེ་གེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་ཆོས་ཉིད་གནས་པ་མེད་པའི་ཧོམ་ཁུང་དུ། །འདོད་ཆགས་ཁྲག་གི་ཡམ་ཤིང་ལ། །སོ་སོར་རྟོག་པའི་ཡེ་ཤེས་


DNG008_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་ཐིམ་པར་རོལ། །ཨཾ་ཨཱ་རོ་ལིག་ཛྭ་ལ་རཾ། ཧཱུྃ་འདུ་བྱེད་ཕུང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་ཕྲག་དོག་གནས་སུ་དག་པའི་གསུང་། །ནན་ཏན་ཡེ་ཤེས་མཆོག་གི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཀུན་བཟང་དོན་ཡོད་གྲུབ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧ་པྲཛྙཱ་དྷྲྀག་ཆེ་གེ་མོ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་ཆོས་ཉིད་དམིགས་པ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་ཕྲག་དོག་ཆུ་སེར་ཡམ་ཤིང་ལ། །བྱ་བ་གྲུབ་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧ་པྲཛྙཱ་དྷྲྀག་ཛྭ་ལ་རཾ། ཧཱུཾ་འབྱུང་བ་ནམ་མཁའ་གནས་སུ་དག་པའི་སྐུ། །མ་བྱིན་ལེན་པ་གནས་སུ་དག་པའི་གསུང་། །ཆོས་ཉིད་མཚན་མ་མེད་པའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཀུན་བཟང་དབྱིངས་ཕྱུག་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཆོས་ཅན་སྐྱེ་བར་སྣང་བའི་ཡམ་ཤིང་ལ། །ཆོས་ཉིད་མཚན་མ་མེད་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་འབྱུང་བ་ས་ཉིད་གནས་སུ་དག་པའི་སྐུ། །ཉོན་མོངས་འདོད་ཆགས་གནས་སུ་དག་པའི་གསུང་། །ཆོས་ཉིད་སྟོང་པ་ཉིད་ཀྱི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སངས་རྒྱས་སྤྱན་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྟོང་པའི་ཧོམ་ཁུང་དུ། །མཚན་མ་འདོད་པར་ལོག་པའི་ཡམ་ཤིང་ལ། །ཆོས་ཉིད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་ཐིམ་སྦྱང་རོལ། །ཧཱུཾ་འབྱུང་བ་ཆུ་ཉིད་གནས་སུ་དག་པའི་སྐུ། །རྫུན་དུ་སྨྲ་བ་གནས་སུ་དག་པའི་གསུང་། །ཆོས་ཉིད་སྨོན་པ་མེད་པའི་ཐུགས་མངའ་བ། །དམ་རྫས་བདུད་


DNG008_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འབར་བའི་མཆོད་པ་འདི། །རིན་ཆེན་མཱ་མ་ཀི་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུྃ་ཆོས་ཉིད་སྨོན་པ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་ཀུན་ཏུ་སྣང་བའི་ཡམ་ཤིང་ལ། །རིག་པའི་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་བསྲེག་སྦྱང་རོལ། །ཧཱུཾ་འབྱུང་བ་མེ་ཉིད་གནས་སུ་དག་པའི་སྐུ། །ཉོན་མོངས་ཆགས་སེམས་གནས་སུ་དག་པའི་གསུང་། །ཆོས་ཉིད་འགག་མེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །པདྨ་གོས་དཀར་མོ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་བདག་མེད་ཆེན་པོའི་ཧོམ་ཁུང་དུ། །ཉོན་མོངས་ཆགས་སེམས་ཡམ་ཤིང་ལ། །བདག་འཛིན་མེད་པའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་འབྱུང་བ་རླུང་ཉིད་གནས་སུ་དག་པའི་སྐུ། །ཉོན་མོངས་གནོད་སེམས་གནས་སུ་དག་པའི་གསུང་། །རང་བཞིན་འོད་གསལ་ལྟ་བུའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །དམ་ཚིག་སྒྲོལ་མའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་བྱང་གྱུར་ཅིག །ཧཱུཾ་ཆོས་ཉིད་འོད་གསལ་ཆེན་པོའི་ཧོམ་ཁུང་དུ། །ཉོན་མོངས་གནོད་སེམས་བྱེད་པའི་ཡམ་ཤིང་ལ། །རིག་པའི་འོད་གསལ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་པར་རོལ། །རིགས་ལྔ་ཀུན་བཟང་ཡབ་ཡུམ་ལ། ཚེ་ལས་འདས་པའི་མཆོད་པའི་ལེའུ་སྟེ་བཅུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །རྡོ་རྗེ་སེམས་དཔའི་ཚོགས་ལ་མཆོད་པ་འབུལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཧཱུྃ་སྦྱིན་པའི་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །དགའ་བའི་ས་ལ་རབ་ཏུ་སྤྱོད་པའི་གསུང་། །དབུལ་


DNG008_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེལ་བ་རིག་པའི་ཐུགས་འཆང་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ས་སྙིང་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུྃ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །མིག་གི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །ཉོན་མོངས་སེལ་བྱེད་དཔའ་བོ་ཆེན་པོའི་གསུང་། །དྲི་མེད་ས་ལ་སྤྱོད་པའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ནམ་མཁའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྤྲོས་པ་མེད་པའི་ཧོམ་ཁུང་དུ། །རྣ་བའི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་བཟོད་པའི་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །ཁྲོ་བ་སེལ་མཛད་ཞི་བ་ལྟ་བུའི་གསུང་། །འོད་འཕྲོའི་ས་ལ་རབ་ཏུ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །བྱང་སེམས་ཀུན་བཟང་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་གཡོས་པ་མེད་པའི་ཧོམ་ཁུང་དུ། །སྣ་ཡི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རྟོག་མེད་རིག་པ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་བརྩོན་འགྲུས་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །ལེ་ལོ་སེལ་མཛད་རྟུན་པའི་གསུང་ཉིད་ཅན། །འོད་བྱེད་ས་ལ་རབ་ཏུ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྤྱན་རས་གཟིགས་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་ཐིག་ལེ་ཆེན་པོའི་ཧོམ་ཁུང་དུ། །ལྕེ་ཡི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རང་བྱུང་རིག་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་


DNG008_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་སྦྱང་རོལ། །ཧཱུཾ་ཤེས་རབ་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །གཏི་མུག་སེལ་མཛད་ཡེ་ཤེས་ཆེན་པོའི་གསུང་། །སྦྱང་བར་དཀའ་བའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འཇམ་དཔལ་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྟོང་པ་ཆེན་པོའི་ཧོམ་ཁུང་དུ། །ལུས་ཀྱི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རྟོག་མེད་མཉམ་པ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་བསམ་གཏན་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །བྱིང་རྒོད་སེལ་བའི་ཆོས་ཉིད་དག་པའི་གསུང་། །མངོན་གྱུར་ས་ལ་རབ་ཏུ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །བྱམས་པ་མཻ་ཏྲིའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་རྣམས་ནམ་མཁའ་ལྟ་བུའི་ཧོམ་ཁུང་དུ། །རྟོག་པར་སྣང་བ་ཡིད་ཀྱི་ཡམ་ཤིང་ལ། །རྟོག་མེད་ནམ་མཁའ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་སྨོན་ལམ་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །སྐྱེ་བ་སེལ་མཛད་རང་ཉིད་རིག་པའི་གསུང་། །རིང་དུ་སོང་བའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཕྱག་ན་རྡོ་རྗེའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །གཟུགས་སུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །གཉིས་སུ་མེད་པར་རྟོགས་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧཱུཾ་སྟོབས་ཀྱི་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །གདུག་པ་སེལ་མཛད་གཞན་རྒྱུད་འཛིན་པའི་གསུང་། །ཆོས་ཀྱི་སྤྲིན་གྱི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འགག་མེད་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་


DNG008_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དག་གྱུར་ཅིག །ཧཱུཾ་ཆོས་ཉིད་འགག་པ་མེད་པའི་ཧོམ་ཁུང་དུ། །སྒྲ་རུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །འགག་པ་མེད་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧཱུཾ་ཡེ་ཤེས་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །སྒྲིབ་པ་སེལ་མཛད་གསལ་བའི་རྒྱུད་རིག་གསུང་། །ལེགས་པའི་བློ་གྲོས་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བདེ་བའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་གནས་པ་མེད་པའི་ཧོམ་ཁུང་དུ། །དྲི་རུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །རྟོག་མེད་རིག་པ་ཆེན་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧཱུཾ་ཡན་ལག་མ་འགགས་ཕ་རོལ་ཕྱིན་པའི་སྐུ། །རིག་པ་སེལ་མཛད་རིག་མེད་ཆེན་པོའི་གསུང་། །བདེ་བ་ལེགས་པའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་རོལ་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་མཉམ་པ་ཆེན་པོའི་ཧོམ་ཁུང་དུ། །རོ་རུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །དམིགས་མེད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧཱུཾ་སྤྲུལ་པ་གང་འདུལ་ཕ་རོལ་ཕྱིན་པའི་སྐུ། །འགྲོ་བའི་ལོག་པར་རྟོག་པ་སེལ་བའི་གསུང་། །པདྨ་ཅན་གྱི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྤྲུལ་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་འགྲོ་བ་མེད་པའི་ཧོམ་ཁུང་དུ། །རེག་པར་སྣང་བའི་ལུས་ཀྱི་ཡམ་ཤིང་ལ། །ཆོས་ཉིད་འདོད་པ་མེད་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧཱུཾ་འདི་སྣང་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །སྐུ་ཉིད་སྣང་བས་སྒྲིབ་པ་སེལ་བའི་གསུང་། །ཡེ་ཤེས་ཚོགས་ཆེན་འཁོར་ལོའི་ས་ལ་སྤྱོད་པའི་


DNG008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་གསལ་བའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ལྷུན་གྲུབ་བདེ་བ་ཆེན་པོའི་ཧོམ་ཁུང་དུ། །ལོག་རྟོག་ཆོས་སུ་སྣང་བའི་ཡམ་ཤིང་ལ། །བདེ་ཆེན་རིག་པ་ཆེན་པོའི་མེ་སྤར་བས། །འཁོར་བའི་བག་ཆགས་རྣམ་རྟོག་བསྲེག་སྦྱང་རོལ། །ཧཱུཾ་འོད་ཀྱི་རིག་འདུས་ཕ་རོལ་ཕྱིན་པའི་སྐུ། །རིག་པའི་སྣང་བས་རྟོག་པ་སེལ་བའི་གསུང་། །འཇོམས་བྱེད་རིག་པའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བཞད་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་བདེ་བ་ཆེན་པོའི་ཧོམ་ཁུང་དུ། །གཟུང་བར་སྣང་བའི་རིག་པའི་ཡམ་ཤིང་ལ། །བདེ་བ་ཆེན་པོའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་ཐིམ་སྦྱང་རོལ། །ཧཱུཾ་ཡེ་ཤེས་ལྷུན་གྲུབ་ཕ་རོལ་ཕྱིན་པའི་སྐུ། །གཉིས་མེད་ཡེ་ཤེས་གཟུང་འཛིན་སེལ་བའི་གསུང་། །ལྷུན་གྲུབ་བདེ་བའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ལྷུན་གྲུབ་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །འཛིན་པར་སྣང་བ་རྟོག་པའི་ཡམ་ཤིང་ལ། །རིག་པ་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་ཐིམ་སྦྱང་རོལ། །ཧཱུཾ་ཆོས་དབྱིངས་མི་འགྱུར་ཕ་རོལ་ཕྱིན་པའི་སྐུ། །རིས་མེད་བླང་དོར་གཉིས་མེད་སེལ་བའི་གསུང་། །མ་བཅོས་ནམ་མཁའི་ངང་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྐྱེ་མེད་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །མཚན་མའི་རྣམ་པར་རྟོག་པའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་རིག་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་


DNG008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བསྲེག་སྦྱང་རོལ། །འོག་ཏུ་སེམས་མ་བཅུ་བདུན་དང་འདིར་སེམས་དཔའ་བཅོ་ལྔ་བྱུང་བ་གྲངས་མཚན་སང་དགོས་སམ་དཔྱད། ཚེ་འདས་བག་ཆགས་སྦྱང་ཞིང་རྡོ་རྗེའི་སེམས་དཔའ་རྣམས་ལ་མཆོད་པར་འབུལ་བའི་ལེའུ་བཅུ་གཅིག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་སྒྲིབ་པ་སྦྱང་པའི་ཕྱིར། །རྡོ་རྗེ་སེམས་མ་རྣམས་ལ་མཆོད་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་ཀུན་གཞིའི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་སེར་སྣ་གནས་སུ་དག་པའི་གསུང་། །མིག་གི་རྣམ་ཤེས་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྒེག་མོའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ཉོན་མོངས་ཡིད་ནི་གནས་སུ་དག་པའི་སྐུ། །ཉོན་མོངས་ཆགས་པ་གནས་སུ་དག་བྱེད་གསུང་། །རྣ་བའི་རྣམ་ཤེས་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ཕྲེང་བའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ཡིད་ཀྱི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་དྲི་མ་གནས་སུ་དག་བྱེད་གསུང་། །སྣ་ཡི་རྣམ་ཤེས་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་དབྱངས་མའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་མིག་གི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་བག་མེད་གནས་སུ་དག་པའི་གསུང་། །མིག་གི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་གར་མའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་རྣ་བའི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་ཕྲ་མ་གནས་སུ་དག་པའི་གསུང་། །རྣ་བའི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་


DNG008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་དཀར་མོའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་སྣ་ཡི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་བག་མེད་གནས་སུ་དག་བྱེད་གསུང་། །སྣ་ཡི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་མེ་ལྷའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ལྕེ་ཡི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་ལེ་ལོ་གནས་སུ་དག་བྱེད་གསུང་། །ལྕེ་ཡི་སྐྱེ་མཆེད་གནས་སུ་དག་བྱེད་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་གཱི་ཏིའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ལུས་ཀྱི་རྣམ་ཤེས་གནས་སུ་དག་པའི་སྐུ། །མ་བྱིན་ལེན་པ་གནས་སུ་དག་པའི་གསུང་། །ལུས་ཀྱི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ནིར་ཏིའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་མིག་གི་དབང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་ཆགས་སེམས་གནས་སུ་དག་པའི་གསུང་། །སྒྲ་ཡི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འོད་འཛིན་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་སྣ་ཡི་དབང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་དྲི་མ་གནས་སུ་དག་པའི་གསུང་། །དྲི་ཡི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འོད་འཛིན་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ལུས་ཀྱི་དབང་པོ་གནས་སུ་དག་པའི་སྐུ། །ལོག་པའི་བལྟ་བ་གནས་སུ་དག་པའི་གསུང་། །ལུས་ཀྱི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་


DNG008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི། །རྡོ་རྗེ་འཇོམས་པ་མོ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ཡིད་ཀྱི་དབང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་བརྣབ་སེམས་གནས་སུ་དག་པའི་གསུང་། །ཆོས་ཀྱི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ཡིད་སྤྱོད་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་དངོས་པོར་སྣང་བ་གནས་སུ་དག་པའི་སྐུ། །ཉོན་མོངས་གནོད་སེམས་གནས་སུ་དག་པའི་གསུང་། །ཡུལ་དུ་འཛིན་པའི་མཚན་མ་འཇོམས་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བརྗིད་པ་མོ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་བདག་ཏུ་འཛིན་པ་རྣམ་པར་དག་པའི་སྐུ། །ངག་གི་ཉེས་པ་གནས་སུ་དག་པའི་གསུང་། །བདག་མེད་ནམ་མཁའ་ལྟ་བུའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བདུག་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་མཚན་མར་འཛིན་པ་གནས་སུ་དག་པའི་སྐུ། །ལུས་ཀྱི་ཉེས་པ་གནས་སུ་དག་པའི་གསུང་། །མཚན་མེད་ནམ་མཁའ་ལྟ་བུའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་མེ་ཏོག་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་རྒྱུ་རུ་འཛིན་པ་གནས་སུ་དག་པའི་སྐུ། །ཡིད་ཀྱི་ཉེས་པ་གནས་སུ་དག་པའི་གསུང་། །རྒྱུ་མེད་འཛིན་པ་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་མར་མེ་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །


DNG008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ལོག་པར་བལྟ་བ་གནས་སུ་དག་པའི་སྐུ། །གྲུབ་པའི་ལོངས་སྤྱོད་གནས་སུ་དག་པའི་གསུང་། །ཡེ་ཤེས་དག་པའི་ཐུགས་ཀྱི་དགོངས་པ་ཅན། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་དྲི་ཆབ་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཆོས་ཅན་སྐྱེ་བར་སྣང་བའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་བསྲེག་སྦྱང་ཐིམ། །ཨཱོཾ་བོ་དྷི་ཙིཏྟ་ཆེ་གེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཛྲ་ཨགྣེ་ཆེ་གེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་ལས་འདས་པའི་བག་ཆགས་བསྲེག་ཅིང་། རྡོ་རྗེ་སེམས་མ་རྣམས་ལ་མཆོད་པ་འབུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །ཐུབ་པ་དྲུག་ལ་མཆོད་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་ལེ་ལོའི་སྐྱོན་སྤངས་གནས་སུ་དག་པའི་སྐུ། །བདེ་བའི་ལོངས་སྤྱོད་འཛིན་པ་རིག་པའི་གསུང་། །རིག་པའི་ཡེ་ཤེས་ཐུགས་ཀྱིས་ལྷ་རྣམས་འདུལ། །འཇོམས་མཛད་ལྷ་ཡི་ཐུབ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བ་དང་། །ཧཱུཾ་ཕྲག་དོག་སྐྱོན་སྤངས་གནས་སུ་དག་པའི་སྐུ། །སྨོད་པའི་ལོངས་སྤྱོད་འཛིན་པ་རིག་པའི་གསུང་། །དཔའ་བོ་ལྷ་ཡི་ཐུགས་རྗེས་ལྷ་མིན་འདུལ། །རྡོ་རྗེ་ལྷ་མིན་ཐུབ་ལ་མཆོད་པར་འབུལ། །ཧཱུཾ་ང་རྒྱལ་སྐྱོན་སྤངས་གནས་སུ་དག་པའི་སྐུ། །ཁྲོ་བོའི་རིག་པའི་ལོངས་སྤྱོད་འཛིན་པའི་གསུང་། །འགྲོ་བའི་གཉེན་པོས་མི་རྣམས་འདུལ་བའི་ཐུགས། །འདུལ་བྱེད་ཐུབ་པའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་གཏི་མུག་སྐྱོན་སྤངས་གནས་སུ་དག་པའི་སྐུ། །གཉིས་མེད་ལོངས་སྤྱོད་འཛིན་པའི་རིག་པའི་གསུང་། །གླེན་ལྐུགས་སྒྲིབ་པ་གཅོད་པའི་རིག་པའི་ཐུགས། །འཇོམས་བྱེད་ཐུབ་པའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་འདོད་ཆགས་སྐྱོན་སྤངས་གནས་སུ་དག་པའི་སྐུ། །སེར་སྣའི་འཆིང་བ་འགྲོལ་བར་བྱེད་པའི་གསུང་། །འགྲོ་བའི་གཉེན་པོས་ཡི་དྭགས་འདུལ་བའི་ཐུགས། །སེལ་མཛད་ཡི་དྭགས་ཐུབ་ལ་མཆོད་པར་འབུལ། །ཧཱུཾ་ཞེ་སྡང་སྐྱོན་སྤངས་གནས་སུ་དག་པའི་སྐུ། །ཚ་གྲང་སྡུག་བསྔལ་སེལ་བྱེད་རིག་པའི་


DNG008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། །རིགས་མཆོག་དམྱལ་བ་འདྲེན་མཛད་དཔའ་བོའི་ཐུགས། །དཔའ་བརྟན་དམྱལ་བའི་ཐུབ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་རྒྱུད་དྲུག་རྟོག་པའི་ཡམ་ཤིང་ལ། །རིག་པའི་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་ཐིམ་སྦྱང་རོལ། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་ལས་འདས་པའི་བག་ཆགས་སྦྱངས་ཤིང་། སྤྲུལ་སྐུ་ཐུབ་པ་ལ་མཆོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་རྣམས་ལ་མཆོད་པ་འབུལ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་ཁྲོ་ལ་ཁྲོས་པས་ཞི་བའི་སྐུ། །ཁྲོ་དཔུང་ཆེན་པོ་འཇོམས་པའི་གསུང་། །ཁྲོས་པས་ཉེ་བའི་སྤྲིན་ཆེན་ཐུགས། །ཞི་མཛད་ཁྲོ་བོའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་ལྷ་རྣམས་འདུལ་བ་གཙོ་བོའི་སྐུ། །འཇོམས་བྱེད་དབང་ཕྱུག་ཆེན་པོའི་གསུང་། །ཞི་མཛད་རབ་ཏུ་འཇིགས་པའི་ཐུགས། །འཇོམས་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧཱུཾ་ཤར་ཕྱོགས་དྲེགས་པ་ཀུན་འདུལ་སྐུ། །དྲི་ཟའི་གཙོ་གཟུངས་བརྫིས་པའི་གསུང་། །འཇོམས་བྱེད་དབང་ཕྱུག་འདུལ་བའི་ཐུགས། །གཤེད་མཛད་འདུལ་ལ་མཆོད་པར་འབུལ། །ཧཱུཾ་ཤར་ལྷོ་དྲེགས་པ་འདུལ་བའི་སྐུ། །བདེན་བྲལ་གཙོ་གཟུངས་འདུལ་བའི་གསུང་། །འཇོམས་བྱེད་དབང་ཕྱུག་རིག་པའི་ཐུགས། །བདེན་བྲལ་འདུལ་ལ་མཆོད་པར་འབུལ། །ཧཱུཾ་ལྷོ་ཕྱོགས་དྲེགས་པ་འདུལ་བའི་སྐུ། །གཤིན་རྗེ་གཙོ་གཟུངས་འདུལ་བའི་གསུང་། །འཇོམས་བྱེད་དབང་ཕྱུག་འདུལ་བའི་ཐུགས། །ཚེ་གཤེད་ཁྲོ་ལ་མཆོད་པར་འབུལ། །ཧཱུཾ་ལྷོ་ནུབ་དྲེགས་པ་འདུལ་བའི་སྐུ། །སྲིན་པོ་འདུལ་བ་རིག་པའི་གསུང་། །


DNG008_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད་དབང་ཕྱུག་ཐུགས་རྗེའི་བདག །མཐར་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧཱུྃ་ནུབ་ཕྱོགས་དྲེགས་པ་འདུལ་བའི་སྐུ། །ཀླུ་ཡི་གཙོ་གཟུངས་གདན་བཏིང་གསུང་། །འཇོམས་བྱེད་དབང་ཕྱུག་ཡིད་ཀྱི་ཐུགས། །འདུལ་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧཱུཾ་ནུབ་བྱང་དྲེགས་པ་འདུལ་བའི་སྐུ། །རླུང་ལྷའི་གཙོ་གཟུངས་གདན་བཏིང་གསུང་། །འཇོམས་བྱེད་རྒྱལ་པོ་ཐུགས་ཀྱི་བདག །འདུལ་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧཱུཾ་བྱང་ཕྱོགས་དྲེགས་པ་འདུལ་བའི་སྐུ། །གནོད་སྦྱིན་གཙོ་གཟུངས་གདན་བཏིང་གསུང་། །འདུལ་བྱེད་དབང་ཕྱུག་ཐུགས་ཀྱི་བདག །དབང་མཆོག་ཁྲོ་ལ་མཆོད་པར་འབུལ། །ཧཱུཾ་བྱང་ཤར་དྲེགས་པ་འདུལ་བའི་སྐུ། །དབང་ལྡན་གདན་བཏིང་རིག་པའི་གསུང་། །འཇོམས་བྱེད་སྟོབས་ཀྱིས་གནོན་པའི་ཐུགས། །སྟོབས་ལྡན་ཁྲོ་ལ་མཆོད་པར་འབུལ། །ཧཱུཾ་ཕྲིན་ལས་འཇོམས་པའི་ཧོམ་ཁུང་དུ། །གདུག་པ་ཉོན་མོངས་ཡམ་ཤིང་ལ། །འཇོམས་བྱེད་ཁྲོ་བོའི་མེ་སྤར་བས། །ཚེ་འདས་གཤེད་མ་བསྲེག་སྦྱང་རོལ། །ཧཱུཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཆེ་གེ་སརྦ་པཱ་པཾ་མཱ་ར་ཡ་ཛྭ་ལ་རཾ། ཚེ་ལས་འདས་པའི་གཤེད་མ་སྦྱང་ཞིང་། ཡེ་ཤེས་ཁྲོ་བོ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཞིང་སྐྱོང་རྡོ་རྗེ་འགྲོ་བའི་དཔལ་མཛད་ལ། །ཚེ་འདས་སྒྲིབ་པ་སྦྱང་ཞིང་མཆོད་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་བདེ་གཤེགས་ཐམས་ཅད་འོད་ལས་སྤྲུལ་པའི་སྐུ། །རྒྱལ་བ་ཀུན་གྱི་ཞིང་ཁམས་སྐྱོང་བའི་གསུང་། །ཡོན་ཏན་འགག་མེད་ཐམས་ཅད་མཁྱེན་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཞིང་སྐྱོང་དཔལ་མཛད་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་སྦྱང་བར་མཛོད། །ཨ་བཛྲ་ཏྲ་ཨ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་


DNG008_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་བྷ་གའི་ཧོམ་ཁུང་དུ། །འབྱུང་བ་འོད་ཀྱི་མེ་སྤར་བས། །ཚེ་འདས་བག་ཆགས་བསྲེག་སྦྱང་རོལ། །བཛྲ་ཨགྣེ་ཆེ་གེ་མོ་ཛྭ་ལ་རཾ། །ཞིང་སྐྱོང་དཔལ་མཛད་མའི་མཆོད་པ་དབུལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །ཡེ་ཤེས་སྒོ་བ་རྣམས་ལ་མཆོད་པར་འབུལ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་ལོག་པར་བལྟ་བའི་མཚན་མ་འཇོམས་པའི་སྐུ། །དམིགས་པ་འཛིན་པ་འགྲོ་བ་འདུལ་བའི་གསུང་། །མ་འགགས་ཡེ་ཤེས་རིག་པའི་ཐུགས་མངའ་བ། །རྣམ་པར་རྒྱལ་བའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་མཚན་མར་བལྟ་བ་མཚན་མེད་དག་པའི་སྐུ། །རྣམ་པའི་ཡུལ་གྱིས་འགྲོ་བ་འདུལ་བའི་གསུང་། །མི་གཡོ་བ་ཡི་ཡེ་ཤེས་ཐུགས་མངའ་བ། །གཤིན་རྗེ་གཤེད་པོའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་བདག་ཏུ་བལྟ་བའི་མཚན་མ་འཇོམས་པའི་སྐུ། །ཡུལ་དུ་འཛིན་པའི་རིག་པ་མེད་པའི་གསུང་། །རྒྱ་མ་ཆད་པའི་ཡེ་ཤེས་ཐུགས་མངའ་བ། །དབང་སྡུད་རྟ་མགྲིན་སྐུ་ལ་མཆོད་པར་འབུལ། །ཧཱུཾ་ཆད་པར་བལྟ་བ་བདེ་བས་སེལ་བའི་སྐུ། །དམིགས་པ་མེད་པ་རིག་པ་ཆེན་པོའི་གསུང་། །མི་འགྱུར་བ་ཡི་ཡེ་ཤེས་ཐུགས་མངའ་བ། །གསོལ་མཛད་བདུད་རྩི་འཁྱིལ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧཱུཾ་ཕྲིན་ལས་ལས་ལ་གྲུབ་པའི་ཧོམ་ཁུང་དུ། །ལོག་རྟོག་རྒྱུ་རུ་སྣང་བའི་ཡམ་ཤིང་ལ། །འཇོམས་མཛད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་བསྲེག་སྦྱང་རོལ། །ཧཱུཾ་བཛྲ་ཀྲོ་དྷ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡེ་ཤེས་སྒོ་བ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡེ་ཤེས་སྒོ་མ་རྣམས་ལ་མཆོད་པ་འབུལ་བ་དང་། །ཚེ་འདས་སྒྲིབ་པ་སྦྱོང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་


DNG008_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེས། །ཧཱུཾ་སྟོང་ཉིད་ཆེན་པོ་མངོན་སངས་རྒྱས་པའི་སྐུ། །རིག་པའི་ལྕགས་ཀྱུས་འགྲོ་བ་འདྲེན་པའི་གསུང་། །སྙིང་རྗེ་ཚད་མེད་འགྲོ་བའི་ཐུགས་འཆང་བ། །རྡོ་རྗེ་ལྕགས་ཀྱུའི་སྐུ་ལ་མཆོད་པར་འབུལ། །ཧཱུཾ་སྨོན་པ་ཆེན་པོ་མངོན་སངས་རྒྱས་པའི་སྐུ། །ཡེ་ཤེས་ཞགས་པས་འགྲོ་བ་འདྲེན་པའི་གསུང་། །བྱམས་པ་ཚད་མེད་འགྲོ་བའི་ཐུགས་འཆང་བ། །རྡོ་རྗེ་ཞགས་པ་མ་ལ་མཆོད་པར་འབུལ། །ཧཱུཾ་བདག་མེད་ཆེན་པོ་མངོན་སངས་རྒྱས་པའི་སྐུ། །ཐུགས་རྗེའི་ལྕགས་སྒྲོག་འགྲོ་བ་འདྲེན་པའི་གསུང་། །དགའ་བ་ཚད་མེད་འགྲོ་བའི་ཐུགས་འཆང་བ། །རྡོ་རྗེ་ལྕགས་སྒྲོག་མ་ལ་མཆོད་པར་འབུལ། །ཧཱུཾ་རང་བཞིན་འོད་གསལ་མངོན་སངས་རྒྱས་པའི་སྐུ། །ཕྲིན་ལས་འདུལ་བའི་རྡོ་རྗེ་དྲིལ་བུའི་གསུང་། །བཏང་སྙོམས་ཚད་མེད་འགྲོ་བའི་དོན་མཛད་ཐུགས། །འཇོམས་བྱེད་དྲིལ་བུ་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་པར་ཤོག །ཨོཾ་བཛྲ་ཀྲོ་དྷཱི་པཱུ་ཛ་ས་མ་ཡ་ཧཱུཾ། ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །རྟོག་པ་ཆེན་པོ་འབྱུང་བའི་ཡམ་ཤིང་ལ། །རྟོག་མེད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཨོཾ་ཀྲོ་དྷཱི་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་བཛྲ་ཛྭ་ལ་རཾ། ཡེ་ཤེས་སྒོ་མ་བཞི་ལ་བསྲེག་རྫས་མཆོད་པ་དབུལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་བག་ཆགས་སྦྱང་བའི་ཕྱིར། །ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་བྱ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཨོཾ་དུང་ངམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བསྒོམས་པས། །ཉོན་མོངས་བག་ཆགས་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་མཆོད་པར་འབུལ། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་ཕྲིན་ལས་ཆུ་ཡི་ཐབ་ཁུང་དུ། །


DNG008_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་རུས་པའི་ཡམ་ཤིང་ལ། །ཀུན་བཟང་ཐུགས་ཀྱི་མེ་སྤར་བས། །འཁོར་བའི་ཉོན་མོངས་ཞི་བར་འགྱུར། །དུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།ཧཱུཾ་གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལོགས་ལ་རྒྱས་པའི་ལྷ་བསྒོམས་པས། །ཡོན་ཏན་མ་ལུས་རྒྱས་པར་འགྱུར། །རྒྱས་མཛད་ལྷ་ལ་མཆོད་པར་འབུལ། །པུཥྚིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་ཕྲིན་ལས་ས་ཡི་ཧོམ་ཁུང་དུ། །ཉོན་མོངས་ང་རྒྱལ་ཡམ་ཤིང་ལ། །ཀུན་བཟང་རྫོགས་པའི་མེ་སྤར་བས། །སྐྱེ་བའི་བག་ཆགས་བསྲེག་སྦྱང་རོལ། །སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བསྒོམས་པས། །གང་འདོད་ཡེ་ཤེས་དབང་དུ་སྒྱུར། །དབང་སྡུད་ལྷ་ལ་མཆོད་པར་འབུལ། །བ་ཤང་ཀུ་རུ་སྭཱ་ཧཱ། ཧཱུཾ་ཕྲིན་ལས་མེ་ཡི་ཧོམ་ཁུང་དུ། །ཉོན་མོངས་འདོད་ཆགས་ཡམ་ཤིང་ལ། །ཀུན་བཟང་རིག་པའི་མེ་སྤར་བས། །གནས་པའི་བག་ཆགས་བསྲེག་སྦྱང་རོལ། །པྲེ་མ་ཏ་ཀུ་རུ་སྭཱ་ཧཱ། ཧཱུཾ་ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུན་རྩེ་ཟུར་གསུམ། །ལོགས་ལ་དྲག་པོའི་ལྷ་བསྒོམས་པས། །གནོད་གདུག་ཉོན་མོངས་བརླག་པར་འགྱུར། །བརླག་མཛད་ལྷ་ལ་མཆོད་པར་འབུལ། །བཛྲ་ཀྲོ་དྷ་སུམྦྷ་གྷྲྀ་ཧྞཱ་པ་ཡ་ཧཱུཾ། ཧཱུཾ་ཕྲིན་ལས་རླུང་གི་ཧོམ་ཁུང་དུ། །ཉོན་མོངས་ཕྲག་དོག་ཡམ་ཤིང་ལ། །ཁྲོ་རྒྱལ་འཇོམས་པའི་མེ་སྤར་བས། །གནོད་བྱེད་ཉོན་མོངས་བསྲེག་སྦྱང་རོལ། །ཨོཾ་བཛྲ་ཀྲོ་དྷི་སུམྦྷ་གྷྲྀ་ཧྞཱ་པ་ཡ་ཆེ་གེ་མོ་ཛྭ་ལ་རཾ། ཕྲིན་ལས་རྣམ་པ་བཞིའི་ལྷ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བསྲེག་རྫས་སྔགས་ཀྱིས་དབུལ་བ་ཇི་ལྟར་ལགས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །རྫས་ཀྱི་མཆོད་


DNG008_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་རྣམས་ཀུན། །ལྷ་རྣམས་ཀུན་ལ་རེ་རེ་འབུལ། །དང་པོ་ཡེ་ཤེས་ལྷ་ལ་ཞལ་ཟས་བདུད་རྩི་མར་གྱིས་མཆོད། ཨཱོཾ་ཨགྣ་ཡེ་ཨ་མོ་ཀེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ། ཨཱོཾ་བཛྲ་ཛ་ཡ་ཛ་ཡ་སྭཱ་ཧཱ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་དུར་བའི་མྱུ་གུ་ལ། །སྔགས་འདི་བཟླས་ཏེ་མཆོད་པ་འབུལ། །ཨཱོཾ་ཨགྣ་ཡེ། བཛྲ་ཨཱ་ཡུ་ཥེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ནས་ཀྱི་སྙིང་པོ་ལ། །སྔགས་འདི་བཟླས་ལ་མཆོད་པར་འབུལ། །ཨཱོཾ་ཨགྣ་ཡེ་སྭཱ་ཧཱ། མ་ཧཱ་བེ་གཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་གྲོ་ཡི་སྙིང་པོ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨགྨ་ཡེ། བཛྲ་གྷསྨ་རི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་མར་རྣམས་ལ། །སྔགས་འདི་བཟླས་ལ་མཆོད་པར་འབུལ། །ཨཱོཾ་ཨགྣ་ཡེ་བཛྲ་སརྦ་པཱ་པ་ད་ཧ་ན་བཛྲ་སྭཱ་ཧཱ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཞོ་དང་ཟན་ཉིད་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨགྣ་ཡེ་སརྦ་སམྦ་དེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་རྩྭ་མཆོག་ཀུ་ཤ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨགྣ་ཡེ། ཨ་པྲ་ཏི་ཧ་ཏ་བཛྲ་ཡ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་འབྲུ་རྣམས་ཐམས་ཅད་ལ། །སྔགས་འདི་བཟླས་ཤིང་མཆོད་པར་འབུལ། ཨཱོཾ་ཨགྣ་ཡེ། བཛྲ་བི་ཛཱ་ཡ།ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་མ་ཤ་ཀ་ཉིད་ལ། །སྔགས་འདི་བཟླས་ཤིང་མཆོད་པར་འབུལ། །ཨཱོཾ་ཨགྣ་ཡེ། མ་ཧཱ་བ་ལཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་འབྲས་ཀྱི་ལྡེ་གུ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་གགྣ་ཡེ། བཛྲ་པུཥྣཱ་ཡ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཞོ་ཤ་རྣམ་ལྔ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨགྣ་ཡེ། མ་ཧཱ་ཤཱི་བ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ལྷ་རྣམས་ཐམས་ཅད་ལ། །སྔགས་དང་སྦྱར་ཏེ་དབུལ་བར་བྱ། །ཕྱི་དང་ནང་གི་མཆོད་པ་ཡང་། །ལྷ་རྣམས་ཀུན་ལ་རེ་རེ་འབུལ། །རང་གི་སྔགས་དང་མཆོད་པའི་སྔགས། །སྦྱར་ཏེ་ཐིམ་པར་རྒྱས་པར་འབུལ། །སྔགས་ཀྱིས་


DNG008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དབུལ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཕྱི་ཡི་མཆོད་པ་སྔགས་ཀྱིས་དབུལ་བ་དང་། །ཚེ་འདས་སྡིག་སྒྲིབ་སྦྱང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །དེ་ནས་ཞབས་བསིལ་དབུལ་བ་ནི། །ཨཱོཾ་ཨཱཿཛཿཧཱུཾཿབཾ་ཧོཿཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་ནཱི་རཱཾ་ཁཱ་ཧི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་མེ་ཏོག་དབུལ་བ་ནི། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་བཛྲ་པཱུཥ྇་པུ་ཛ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་བདུག་སྤོས་དབུལ་བ་ནི། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་དྷཱུ་བེ་པཱུ་ཛ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་མར་མེ་དབུལ་བ་ནི། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་ཨཱ་ལོ་ཀེ་པཱུ་ཛ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་དྲི་ཆབ་དབུལ་བ་ནི། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་གནྡྷེ་པཱུ་ཛ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ལྷ་བཤོས་དབུལ་བ་ནི། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་ནཻ་བཌྱི་པཱུ་ཛ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཏིལ་དང་མར་དབུལ་ལོ། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། སརྦ་པཱ་པཾ་ད་ཧ་ན་བཛྲ་ནི་སྭཱ་ཧཱ། ཀུ་ཤ་འབྲུ་རྣམས་ལ་སོགས་ཀྱང་། །སྔགས་ཀྱི་རིམ་པར་སྦྱར་ཏེ་དབུལ། སྡིག་པ་སྦྱང་ཞིང་ཀུན་ཏུ་བཟང་པོ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ཟན་ཉིད་གཏད་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཡང་། །དྲི་མ་འདི་ནི་སྐུ་ཡི་རྟེན། །འཕན་ཕྲན་འདི་ནི་ལུས་ཀྱི་ཚད། །ཙུ་ཏ་འདི་ནི་བླ་ཡི་ཤིང་། །གདུགས་ཕུབས་འདི་ནི་སྐུ་ཡི་ཁེབས། །གནས་མཆོག་འདི་ནི་བསྒྲུབ་པའི་གནས། །དཀྱིལ་འཁོར་དམ་པ་འདི་ལ་ལྟོས། །ཀུན་བཟང་ཡི་དམ་ལྷ་མཆོག་བསྒོམ། །སྙིང་པོ་ཡི་གེ་འབྲུ་བཅུ་བཟླས། །རང་གི་སློབ་དཔོན་འདི་ལ་ཉོན། །མེ་མར་གསལ་བའི་མདངས་ལ་ལྟོས། །ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་ཆིངས། །རྡོ་རྗེ་གཉེན་པོའི་མིང་ནས་བོས། །རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་


DNG008_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །གདུང་བའི་སེམས་ཀྱིས་ལྷ་བསྲུང་སྟེ། །མ་བུའི་འདུ་ཤེས་ཉེར་ཞོག་ལ། །རྡོ་རྗེའི་སྤུན་ལ་ཉེ་བར་དགོངས། །རྫས་མཆོག་ལོངས་སྤྱོད་འདི་ལ་རོལ། །བཤོས་དང་གལ་ཕྱི་ཛ་གད་དང་། །ཟླ་ཁྲོམ་ཟླ་རྒྱས་ཟླ་ཚོགས་དང་། །ཚེ་ཡི་སྙིང་པོ་ཚིམས་བྱེད་དང་། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །ཀུན་གྱི་ཟས་སུ་ཐོབ་བྱའི་ཕྱིར། །རང་ཉིད་རྡོ་རྗེ་དཔོན་སློབ་སྟེ། །ཞལ་ཟས་ལོངས་སྤྱོད་འདི་ལ་རོལ། །ཚེ་ལས་འདས་པའི་ཟན་ཚོགས་སུ་གཏད་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཁྱད་པར་ཟན་དང་ནོར་བསྔོ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་ལ་ཆུ་བསྔོ་བ་ནི། །དེ་རིང་ཚེ་འཕོས་ལུས་ཀྱི་རེ་བས་ཏེ། །གདུང་བའི་གཉེན་དང་འགྲོགས་པར་མ་གྱུར་ཏེ། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལས། །བག་ཆགས་བཀྲུ་ཕྱིར་བསིལ་ཆབ་འདི་བསྔོས་པས། །ལུས་ངག་ཡིད་གསུམ་སྡུག་བསྔལ་དག་གྱུར་ཅིག །ཚ་ཞིང་གདུང་བའི་སྡུག་བསྔལ་དག་གྱུར་ཅིག །ཧཱུཾ་དེ་རིང་ལས་ཀྱི་འདྲེལ་བའི་བུ་སྨད་དང་། །མི་ཡུལ་འདི་ན་སྨོན་ལམ་མཐུ་མེད་ནས། །གཏན་དུ་འགྲོགས་པའི་དབང་དང་སྐལ་མེད་པས། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལ། །ཡིད་གཅུགས་གདུངས་པས་བསམས་ཏེ་མཆི་མ་ཕྱུང་། །སྲི་ཞུ་གུས་པའི་ཚུལ་གྱིས་སེམས་བསྐྱེད་ནས། །སེར་སྣ་ཆགས་པ་མེད་པའི་མདུད་པ་གྲོལ། །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་འདི། །ནམ་གཞག་གཏན་གྱི་བཤོས་ཀྱི་སྐལ་བར་བསྔོ། །ཧཱུཾ་དེ་རིང་ཡིད་གཅུགས་འདྲིས་པའི་ཤ་རོགས་པོས། །ཕ་མ་སོ་སོས་བསྐྱེད་ཀྱང་ཡིད་གཅུགས་སེམས་འདྲིས་པས། །མཐུན་པར་ཟས་ཟོས་དགའ་བའི་རྩེད་མོ་བྱས། །བསྐལ་པར་བགྲོགས་ཀྱང་


DNG008_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་སྐྱོ་མེད་ན། །ཚེ་འཕོས་ལུས་བརྗེས་ལས་ཀྱི་རེ་བས་ཏེ། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལ། །ནམ་གཞག་གཏན་གྱི་བཞེས་པ་འདྲེན་ལགས་ཀྱི། །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་འདི། །དར་ཅིག་གསོལ་བས་ཕུང་པོ་བཀྲག་མདངས་གསལ། །ལུས་ཀྱི་ནད་སྐྱོན་ཐམས་ཅད་ཞི་བར་བསྔོ། །ནམ་གཞག་ཡུན་གྱི་བཞེས་པའི་སྐལ་བར་བསྔོ། །ཧཱུཾ་འཇིག་རྟེན་ལས་ཀྱིས་འདྲེལ་པའི་གྲོགས་པོ་དང་། །གཏན་དུ་འགྲོགས་པའི་དབང་དང་སྐལ་མེད་ནས། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལ། །བརྩེ་ཞིང་གདུང་བའི་གྲོགས་པོས་འབོད་ལགས་ཀྱི། །ལས་འཕྲོ་གཅིག་པའི་གྲོགས་པོ་འདི་རུ་སྤྱོན། །དགེ་བའི་བཤེས་གཉེན་ཆེན་པོའི་བཀའ་དྲིན་གྱིས། །དམ་ཚིག་བདུད་རྩི་གསུང་རབ་གཉེན་པོ་བསྒྲུབ། །ཚོགས་ཀྱི་ཞལ་ཟས་ལོངས་སྤྱོད་རྒྱ་མཚོ་ལ། །ཅི་བདེར་རོལ་ཞིང་སྤྱད་པར་འདི་རུ་སྤྱོན། །མཐུན་པའི་ཟས་ཟ་གསང་བའི་གྲོས་བྱ་ཡི། །བསིང་བུ་སྔོ་མཐར་འབྱམས་སུ་དཀར་བཏིང་སྟེང་། །དགའ་སྡུག་བདེ་བའི་ལོངས་སྤྱོད་ཚེ་ལོ་དགེ། །ཕམ་པར་མི་དོགས་རྒྱལ་ཐབས་ཐོབ་པར་ངེས། །སྤྱོད་ལམ་གཅིག་པའི་གྲོགས་པོ་འདི་རུ་སྤྱོན། །ལྷ་མོ་ཆོས་ཀྱི་དབྱིངས་ཀྱི་འཕེན་ཅིག་བཙུགས། །ཡེ་ཤེས་རྟོགས་པའི་མདའ་ཞིག་འོ་སྐོལ་འཕངས། །ཡང་དག་ཆ་ལུ་དཀྱིལ་དུ་བརྡེག་འཚལ་གྱི། །སྤྱོད་ལམ་གཅིག་པའི་གྲོགས་པོ་ད་ཚུར་སྤྱོན། །བཅའ་དང་ཉུར་མོ་ལྕགས་ལས་མེ་ཞིག་ཕྱུང་། །བཏང་སྙོམས་ལྷ་ཡི་ཤིང་ལ་མེ་ཞིག་སྤུང་། །ཐུགས་རྗེ་བདག་མེད་དྲོད་ལ་ལྷན་ཅིག་བསྲོ། །སྤྱོད་ལམ་གཅིག་པའི་གྲོགས་པོ་ད་ཚུར་སྤྱོན། །བཀྲེས་སྐོམ་གདུང་བ་བསལ་ཕྱིར་འཛར་བ་བཤམས། །དར་ཅིག་གསོལ་བས་ལུས་ཀྱི་ནད་རྣམས་བྱང་། །གདུངས་པ་ཚིམས་པས་ལུས་ཀྱི་བཀྲག་མདངས་གསལ། །འཁོར་བའི་གཅོང་རོང་དེ་ན་ཅི་ཞིག་བྱེད། །མཐོ་རིས་དགའ་ལྡན་གནས་མཆོག་ཡོད་བཞིན་དུ། །ན་རག་སྡུག་བསྔལ་གནས་ཀྱིས་


DNG008_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱེད། །དྲེང་དྲེང་ཐུགས་ལ་དགོངས་ལ་འདི་རུ་སྤྱོན། །ཧཱུཾ་ཚེ་གཅིག་ལས་ཀྱི་འདྲེལ་བའི་གྲོགས་མོ་དང་། །ཡུན་དུ་འགྲོགས་ཀྱང་སྐད་ཅིག་སྐྱོ་མེད་ན། །མགོན་བཙུན་ཕ་དང་འགྲོགས་པའི་སྐལ་མེད་ན། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལས། །སང་སང་གསལ་བ་ཚངས་པའི་སྒྲ་ལྡན་ཞིང་། །བྱང་ཆུབ་རྒྱུན་ཐག་བསྒྲེངས་པས་ནད་དང་སྡུག་བསྔལ་ཞི། །ཐུགས་རྗེས་འདབ་མས་ཡིད་བཞིན་གོས་དང་ཟས། །གདུང་བའི་གླུ་ཡིས་བྱང་ཆུབ་རྗེས་དྲན་ནས། །སྨྲ་བའི་ཚིག་གིས་སྐུ་གསུང་ཐུགས་དང་འདྲེལ། །ཟས་དང་བཏུང་བས་སྐུ་ཡི་བཀྲག་མདངས་རྙེད། །ནམ་གཞག་གཏན་གྱི་ཟས་ཀྱི་སྐལ་བར་བསྔོ། །ཧཱུཾ་གསེར་དངུལ་མུ་ཏིག་ཟངས་དང་མཆོང་། །གཟི་གཡུ་ཤེལ་ཟངས་ར་གན་དང་། །བྱེས་ཡུལ་སྤྱད་པའི་བང་ཆ་དང་། །བསྟད་སྒ་འཁོར་གསུམ་སྲབ་མདའ་དང་། །མདའ་གཞུ་མཚོན་ཆ་རུ་མཚོན་དང་། །སྐེ་རགས་གྲི་གསེག་གོ་ཆ་དང་། །ཉོར་ཆུབ་དུང་རྣ་གསོའ་བཙོད་དང་། །སྟག་གཟིག་གྲང་སྲབ་ཕུབ་རྨོག་དང་། །སག་ཏི་ཤ་ལྷམ་སུ་རུག་རྣམས། །བརྩེ་གདུང་བྱམས་པའི་ཤ་རོགས་པོས། །མི་ཟད་གཏན་གྱི་ནོར་དུ་བསྔོ། །ཀུན་ཏུ་བཟང་པོའི་ཐུགས་རྗེ་ཡིས། །བསྐལ་པ་དུ་མར་མི་ཟད་ཅིང་། །བདེ་སྐྱིད་ལོངས་སྤྱོད་ལྡན་པར་ཤོག །ཧཱུཾ་དེ་རིང་རྩེ་གཅིག་ལས་ཀྱིས་འདྲེལ་བའི་བུ་སྲིང་གིས། །གཏན་དུ་འགྲོགས་པའི་དབང་དང་སྐལ་མེད་དེ། །མི་ལུས་འདི་ནས་འཇིག་རྟེན་ཚེ་འཕོས་ཏེ། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལས། །ཚེ་འདས་ལུས་བརྗེས་རང་གི་རེ་བས་ཏེ། །གདུང་ཞིང་བརྩེ་བར་བསམ་པའི་ལྕམ་དང་སྲིང་། །གདུང་བའི་སེམས་ཀྱིས་ཡིད་དྲན་མཆི་མ་ཕྱུང་། །སྲི་ཞུ་གུས་པའི་ཚུལ་གྱིས་སེམས་བསྐྱེད་ནས། །ཡིད་བཞིན་བདུད་རྩི་ལོངས་སྤྱོད་ཞལ་ཟས་འདི། །ནམ་གཞག་གཏན་གྱི་བཞེས་པའི་སྐལ་དུ་བསྔོ། །ཧཱུཾ་ཡིད་བཞིན་ལོངས་སྤྱོད་བདུད་རྩི་ཞལ་སྐྱེམས་འདི། །སྡུག་བསྔལ་གདུང་


DNG008_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་ནས་གྲོལ་བའི་ཕྱིར། །བསིལ་བའི་བདུད་རྩི་རབ་ཏུ་སྦྱར་བ་ཡིས། །འབྲས་བུའི་ཆོས་དང་སྦྱར་བ་མ་ཡིན་ཀྱང་། །དཀོན་མཆོག་གསུམ་པོའི་ཐུགས་རྗེའི་བྱིན་རླབས་ཀྱིས། །རབ་ཏུ་གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུང་། །སྔོན་དུ་བསྒྲུབས་པའི་བསོད་ནམས་མཐུ་ཡིན་ཏེ། །མཆུ་ལ་རེག་ན་སྒོ་གསུམ་དབང་པོ་རྣོ། །ལྕེ་ལ་རེག་ན་དྲན་ཞིང་ཤེས་པ་གསལ། །ཁོང་དུ་འཐུངས་ན་ནད་དང་སྡུག་བསྔལ་ཞི། །ཁ་ཟས་སྐོམ་དུ་སྦྱར་བས་ལུས་ཀྱི་སྡུག་བསྔལ་ཞི། །བྱམས་གདུང་བརྩེ་བའི་བསམ་པས་གཉེན་བཤེས་ཀྱིས། །ཡིད་ལ་གཅགས་པའི་སྡུག་བསྔལ་ངེས་བསལ་བའི། །བརྩེ་བའི་བསམ་པས་ནད་དང་སྡུག་བསྔལ་ཞི། །མཆུ་ལ་རེག་པས་ཤེས་རབ་དབང་པོ་རྣོ། །ཁོང་དུ་ཆུད་པས་རླུང་ཞི་འཇམ་ལ་བདེ། །ཁ་ཟས་སྐོམ་དུ་སྦྱར་བས་མདོག་དང་བཀྲག་ཉིད་གསལ། །ཡིད་བཞིན་བདུད་རྩིར་སྦྱར་བ་གསོལ་བ་ཡིས། །བསྐལ་པ་དུ་མའི་བདུད་རྩིར་འདི་གྱུར་ཅིག །ནམ་གཞག་གཏན་གྱི་སྐྱེམས་ཀྱི་སྐལ་བར་བསྔོ། །ཚེ་འདས་ལ་ཟས་ནོར་གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལམ་ཉིད་བསྟན་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་སོང་ཞིག་སོང་ཞིག་རིགས་ཀྱི་བུ། །ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །འཇིག་རྟེན་འདི་རུ་རྟག་པར་མ་གྱུར་ཏེ། །ད་ལྟ་སྐྱེ་ཤིའི་ལས་ལ་བབས། །ས་འདི་བཅད་པ་མན་ཆད་ནི། །འཇིག་རྟེན་པ་ཡི་ས་ཡིན་ཏེ། །དེ་ལ་ཆགས་པ་མ་སྐྱེ་ཞིག །ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །རྣམ་པར་ཐར་པའི་ལམ་བསྟན་པས། །སྒྲིབ་གཉིས་སྤངས་ནས་ཚོགས་གཉིས་རྫོགས། །ས་བཅུ་རིམ་གྱིས་བགྲོད་པ་ལ། །དེར་ཡང་ཤིན་ཏུ་མི་གནས་པས། །ས་བཅུའི་ཡེ་ཤེས་མཐར་ཕྱིན་ཏེ། །ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨ་ཅན་དུ་གྱུར་པ་ལས། །ཡི་གེ་ཚོགས་ཆེན་ས་ལས་འདས། །


DNG008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་འཕྲོ་འདུའི་ཚུལ། །སངས་རྒྱས་ས་གསུམ་ལྷུན་གྲུབ་ཀྱི། །བྱང་ཆུབ་ཆེན་པོའི་ས་ལས་འདས། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །འོག་མིན་ལྷུན་གྲུབ་ཕོ་བྲང་དུ། །རྒྱས་པ་ཆེན་པོའི་ཚལ་ཆེན་ཡིན། །སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་དུ། །གདོད་ནས་དག་པ་བྱུང་བ་ཡི། །རང་བྱུང་ཆོས་སྐུ་ཆེན་པོ་ཐོབ། །རྩོལ་བ་མེད་པར་ལྷུན་གྱིས་རྫོགས། །ཐམས་ཅད་མ་ལུས་སངས་རྒྱས་པའི། །དབྱེར་མེད་ཀུན་བཟང་གཅིག་ཏུ་གྱུར། །བདེ་བ་ཆེན་པོའི་ངང་དུ་གནས། །མ་བཙལ་ཆོས་སྐུ་རང་བཞིན་ཐོབ། །ཡེ་ནས་དག་པའི་དོན་ཉིད་དོ། །ཨ་ནས་རབ་ཏུ་སྐྱེ་བར་གྱུར་ཏོ། །ཤེས་རབ་སྐྱེ་མེད་དབྱིངས་ཀྱི་གཞུ། །ལྷག་མཐོང་ཡེ་ཤེས་ཐབས་ཀྱི་མདའ། །ཐབས་དང་ཤེས་རབ་འདྲེལ་བ་ཡིས། །ཉོན་མོངས་དུག་གསུམ་གནད་ལ་འདེབས། །ཉོན་མོངས་བག་ཆགས་ཀུན་བྱང་ནས། །བྱང་ཆུབ་ཆེན་པོའི་ལམ་ཐོབ་ཤོག །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །ཡེ་ཤེས་ཆེན་པོའི་ལམ་སོང་ལ། །ཆོས་ཉིད་སྐྱེ་མེད་གནས་སུ་སོང་། །གནས་མཆོག་དེ་ལས་མི་འདའོ། །ཚེ་ལས་འདས་པ་ལམ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ཉོན་མོངས་སྦྱངས་ཏེ་བདེ་གཤེགས་སྲས་སུ་བསྐྱེད་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧཱུཾ་ནམ་མཁའ་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་ནི། །ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ལ། །ཐུགས་རྗེ་ལྕགས་ཀྱུས་ཡེ་ཤེས་ཛས་དྲངས་ནས། །མདུན་གྱི་མཁའ་ལ་དབྱར་གྱི་སྤྲིན་ལྟ་བུ། །ཀུན་བཟང་རྒྱལ་བའི་དཀྱིལ་འཁོར་རབ་ཏུ་གསལ། །རྒྱལ་བའི་དཀྱིལ་འཁོར་ཐུགས་ཀ་ནས། །ཕཊ་ཀྱི་འོད་ཟེར་ནག་པོ་ཡིས། །ཚེ་འདས་བག་ཆགས་གཏན་ནས་སྦྱངས། །ཕ་ནི་གསོད་པར་བྱེད་པ་སྟེ། །


DNG008_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ནི་སྲེག་པར་བྱེད་པའི་མཆོག །མཐོ་རིས་སྒོ་འགེག་ངན་སོང་སྒོ་འབྱེད་པའི། །དངོས་གྲུབ་གེགས་སུ་བྱེད་པ་ཐམས་ཅད་དང་། །ལས་ཀྱི་སྒྲིབ་པ་བག་ཆགས་ཐམས་ཅད་ཀུན། །ཕཊ་ཀྱི་འོད་ཟེར་ནག་པོས་བསྲེག་པར་བྱའོ། །ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས། །འབྲས་བུ་ཆོས་སྐུ་ཆེན་པོ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་གཅིག་ཏུ་གྱུར། །བདེ་གཤེགས་རྒྱལ་བའི་སྲས་སུ་བྱིན་བརླབས་པས། །སྐུ་གསུང་ཐུགས་ལས་བྱུང་བའི་ཡིག་འབྲུ་གསུམ། །ཐིག་ལེ་བྱང་ཆུབ་སེམས་ལ་རབ་ཏུ་ཐིམ། །སྐུ་གསུང་ཐུགས་ཀྱི་སྲས་སུ་སྐུ་བསྐྱེད་དོ། །ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ།སྐུ་གསུང་ཐུགས་ལས་བསྐྱེད་པའི་སྲས་པོ་ཁྱོད། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ཐོབ་པ་དང་། །འགྲོ་དོན་རྫོགས་པའི་སྤྲུལ་སྐུ་ཐོབ་ཕྱིར་དུ། །རི་མོར་བྲིས་པའི་གཞལ་ཡས་འདིར་ཞུགས་པས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱིས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཐོབ་གྱུར་ཅིག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཐོབ་པས། །སྐུ་གསུམ་ཐུགས་ལས་བྱུང་བའི་སྲས་པོ་ཁྱོད། །གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་ཡིས། །འདོད་པའི་ཡོན་ཏན་ལྷ་མོ་ཐིམ་པར་རོལ། །ཉོན་མོངས་བག་ཆགས་བྱང་བྱས་ནས། སངས་རྒྱས་སྲས་ཐོབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་དེ་ལ། །སྦྱིན་སྲེག་བྱས་པས་འབྲས་བུ་ཐོབ་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །རིགས་དྲུག་གནས་ནས་དྲངས་པ་ཡིས། །ཉོན་མོངས་དྲུག་ཉིད་དག་ནས་སུ། །ཐུབ་པ་དྲུག་གི་གནས་སུ་སྐྱེ། །རིགས་དྲུག་གཏོར་མ་ཕུལ་བ་ཡིས། །ཉོན་མོངས་ལས་དང་བག་ཆགས་དང་། །བདུད་རྩི་ཟས་དང་ལོངས་སྤྱོད་འོང་། །བདུད་རྩི་ཡེ་ཤེས་ཆེན་པོའི་ཁྲུས་བྱས་པས། །ཉོན་མོངས་བག་ཆགས་ཀུན་བྱང་ནས། །ཟག་པ་མེད་པའི་ལུས་ཀྱི་འབྲས་བུ་


DNG008_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །སྤྲུལ་སྐུ་ཐུབ་པ་རྣམས་ལ་སྐྱབས་སུ་གསོལ་བ་ཡིས། །འབྲས་བུ་སྤྲུལ་སྐུ་ཆེན་པོའི་ལུས་ཐོབ་བོ། །ཚེ་འདས་སེམས་བསྐྱེད་བྱས་པ་ཡིས། །བག་ཆགས་སྣ་ཚོགས་སེམས་ཉིད་ལས་ནས་ཡང་། །འབྲས་བུ་རང་བྱུང་ཡེ་ཤེས་སེམས་ཐོབ་བོ། །ཚེ་འདས་དབང་བསྐུར་བྱིན་བརླབ་བྱས་པ་ཡིས། །འཁོར་བའི་སྡུག་བསྔལ་གཏན་ནས་བྱང་ནས་ཀྱང་། །འབྲས་བུ་བདེ་གཤེགས་རྣམས་ཀྱི་སྲས་སུ་འགྱུར། །རང་གི་རྟོག་ཚོགས་དཀྱིལ་འཁོར་ལྷ་ལ་ཕུལ་བ་ཡིས། །འབྲས་བུ་རྟོག་མེད་ལྷ་ཡི་ལུས་ཐོབ་བོ། །རང་གི་ཕུང་པོས་མེ་ལྷ་མཆོད་པ་ཡིས། །སྒྲིབ་པ་མང་པོ་དག་སྟེ་གཉིས་མེད་ཐོབ། །བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །མཆོད་བསྟོད་བྱེ་བྲག་མང་པོ་བྱས་པ་ཡིས། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་དབྱེར་མེད་ཐོབ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཞུགས་པ་ཡིས། །ཐེག་པ་ཀུན་གྱི་དཀྱིལ་འཁོར་ཞུགས་པ་ཡིན། །འབྲས་བུ་ཐེག་པ་ཀུན་གྱི་ཡང་རྩེ་ཐོབ། །ཚེ་འདས་ཟན་ཉིད་གཏད་པ་ཡིས། །བདུད་རྩིའི་ཟས་ལ་རྟག་ཏུ་ལོངས་སྤྱོད་ཅིང་། །བག་ཆགས་སྦྱངས་ཏེ་གནས་ཉིད་སྤར་བ་ཡིས། །འབྲས་བུ་ཀུན་ཏུ་བཟང་པོའི་སྲས་སུ་འགྱུར། །ཚེ་འདས་ལུས་ཀྱི་ཕུང་པོ་ལ། །མཆོད་པ་སྦྱིན་བསྲེག་བྱས་པ་ཡིས། །བདེ་གཤེགས་ཀུན་གྱི་སྲས་སུ་འགྱུར། །འཁོར་བའི་འདམ་ལས་ཐར་ནས་ཀྱང་། །ལྷག་མེད་བྱང་ཆུབ་ཆེན་པོ་འཐོབ། །སྦྱིན་སྲེག་བྱས་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རྒྱུད་འདི་གང་ལ་གཏད་ཅིང་གང་དུ་བརྒྱུད་ནས་གང་གི་འབྲས་བུ་ཐོབ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཆོས་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །བསྲེག་ཏུ་མེད་པའི་འཁོར་བའི་བག་ཆགས་བསྲེགས། །ཐོབ་ཏུ་མེད་པའི་ལྷུན་
གྲུབ་སྐྱེ་མེད་ཐོབ། །བརྒྱུད་དུ་མེད་པའི་ཡེ་ཤེས་མེ་ལྷར་གཏད། །རང་བྱུང་ཡེ་ཤེས་རིག་པ་ཆེན་པོ་དེས། །བསྲེག་ཏུ་མེད་པའི་རིག་པའི་བག་ཆགས་བསྲེགས། །ཐོབ་ཏུ་མེད་པའི་རིག་གསལ་ཆེན་པོ་ཐོབ། །བརྒྱུད་དུ་མེད་པའི་ལོངས་སྐུ་ཆེ་ལ་གཏད། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་སྟོན་པ་དེས། །བསྲེག་ཏུ་མེད་པའི་འོད་ཀྱི་སྒྲིབ་པ་བསྲེགས། །ཐོབ་ཏུ་མེད་པའི་མཚན་དང་དཔེ་བྱད་ཐོབ། །བརྒྱུད་དུ་མེད་པའི་བྱང་སེམས་ཆེ་ལ་གཏད། །བྱང་ཆུབ་ཆེན་པོའི་ལོངས་སྤྱོད་སྟོན་པ་དེས། །བསྲེག་ཏུ་མེད་པའི་ཤེས་བྱའི་སྒྲིབ་པ་བསྲེགས། །ཐོབ་ཏུ་མེད་པའི་བྱང་ཆུབ་ཆེན་པོ་ཐོབ། །བརྒྱུད་དུ་མེད་པའི་འོད་ལུས་སྤྲུལ་ལ་གཏད། །འོད་སྣང་འདུས་པ་སྤྲུལ་པའི་ལྷ་མོ་དེས། །བསྲེག་ཏུ་མེད་པའི་འཁོར་བའི་བག་ཆགས་བསྲེགས། །ཐོབ་ཏུ་མེད་པ་ཞིང་སྐྱོང་ལྷ་མོ་ཐོབ། །བརྒྱུད་དུ་མེད་པའི་མཁའ་འགྲོ་མ་ལ་གཏད། །ཡེ་ཤེས་རིག་པ་ཆོས་སྐྱོང་མཁའ་འགྲོ་མས། །བསྲེག་ཏུ་མེད་པའི་ཉོན་མོངས་དུག་གསུམ་བསྲེགས། །ཐོབ་ཏུ་མེད་པའི་ཆོས་སྐྱོང་ལྷ་མོ་གྲུབ། །གཏད་དུ་མེད་པའི་མཆོད་རྟེན་ཆེ་ལ་གཏད། །རྒྱལ་བ་བདེ་གཤེགས་མཆོད་པ་དང་། །སྒྲིབ་པ་རྣམ་གསུམ་སྦྱོང་བའི་རྒྱུད། །སྲེག་སྦྱོང་ཞི་བའི་རྒྱུད་ཆེན་འདི། །བདེ་གཤེགས་སངས་རྒྱས་ཐམས་ཅད་ཀྱིས། །འབར་བའི་ཀློང་ནས་བཀའ་སྩལ་ཏོ། །རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ཞི་བའི་སྦྱིན་སྲེག་གི་རྒྱུད་ཆེན་པོ་རྫོགས།། །།


previousརིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད།next