Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་གཅིག་པ། ད༽


   
   
   
   
   
   
   
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད།
   
   
   


 
previousགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད།next

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད།


DNG011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་ཧྱ་གརྦྷ་ཏ་ཏྭ་བི་ནིཤྩ་ཡ་མ་ཧཱ་ཀྲོ་དྷ་བ་ལ་ཡོ་གཱི་ཤྭ་ར་སིཌྜྷ་མཱ་ཡཱ་ཛཱ་ལ་ཏནྟྲ། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད། དཔལ་འཇམ་དཔལ་རྣོན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་ཚེ། འཇིག་རྟེན་གྱི་བདག་པོ་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ། ཞེ་སྡང་ཆེན་པོ། གཏི་མུག་ཆེན་པོ་དེའི་གཞལ་ཡས་ཁང་ན། དབྱེར་མེད་པའི་བདེ་བ་དང་ལྡན་པ། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་སོགས་པ་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ལྟར་ཏིལ་གྱི་གང་བུ་བཞིན་གང་ནས་ཁྱབ་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འདི་སྐད་གསུངས་སོ། །བསྒྲུབ་པའི་དོན་ཆེན་གང་བསྒྲུབ་པ། །ཀྲོ་དྷ་ཉེ་བའི་ལྷ་བསམ་སྟེ། །རྣལ་འབྱོར་སྲོག་དང་རྩོལ་བ་ལ། །ཞི་གནས་ལྷག་མཐོང་བསྒྲུབ་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་དག་དང་། བྱང་སེམས་དེ་དག་ཐམས་ཅད་ཀྱིས། གསུངས་པའི་དོན་ཡང་དག་པར་ཞུ་བའི་ཕྱིར།


DNG011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་ལེགས་ཆེན་པོ། །རྣལ་འབྱོར་ལམ་ལ་ལེགས་བརྟེན་ཚེ། །ཇི་ལྟར་ཁྲོ་བོས་ཕྱོགས་དག་བསྲུང་། །སྲོག་རྩོལ་བདེན་གཉིས་ཇི་ལྟར་བསྐྱེད། །དེ་ནས་བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཡིད་འོང་བདེ་བའི་ཕྱོགས་དག་ཏུ། །ལས་དང་དགོས་པ་ལྡན་པ་ཡིས། །རྣལ་འབྱོར་བར་ཆད་བཟློག་པའི་ཕྱིར། །སྲུང་བའི་འཁོར་ལོས་བསྲུང་བར་བྱ། །ཞེ་སྡང་རྡོ་རྗེ་སེམས་དཔའ་ཆེ། །རང་གི་གནས་ལ་དགའ་བའི་ཕྱིར། །བཀའ་སྡོད་གནོད་མཛེས་མདུན་དུ་བསྐྱེད། །གནོད་མཛེས་ཁྲོ་བོའི་ཧཱུྃ་གི་སྒྲས། །ལས་རྣམས་བསྒྲུབ་པར་བྱ་བའི་ཕྱིར། །བདག་ཉིད་འཁྱིལ་པ་ཁྲོ་བོ་ཆེ། །རང་ལས་ཕྱུང་བ་གནས་སུ་བཞག །སྤྲུལ་པ་ཆེན་པོའི་བྱིན་རླབས་ནི། །ཞལ་ནས་འགུགས་པའི་ཁྲོ་བོའི་རྒྱལ། །ལས་དག་མྱུར་བར་བྱ་བའི་ཕྱིར། །ལས་ལས་ལས་བྱུང་ཧཱུྃ་གི་སྒྲས། །གང་དག་འགུགས་པའི་ལས་བྱས་ནས། །གསུམ་གྱི་མཐར་ནི་གནས་བྱེད་པའོ། །ཆོས་སྐུ་བདེ་བའི་ལོངས་སྤྱོད་དང་། །སྤྲུལ་པའི་བྱིན་རླབས་སྐུར་སྤྲུལ་པ། །གནས་པས་གནས་ནི་དགའ་བར་བྱེད། །དེ་ལ་བགེགས་འགུགས་པའི་ཁྲོ་བོ་ཧཱུྃ་གི་སྔགས་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བིདྱཱ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་བསྲུང་བར་བྱ་བའི་ཕྱིར། །འདོད་ལས་གནོད་པ་བཀུག་མ་ཐག །རིམ་པར་གནས་སུ་བསྡུ་བར་བྱ། །དེ་ལ་བསྡུ་བའི་སྙིང་པོ་ནི། །སང་ཧ་ར་ཎ་ཧཱུྃ། དེ་ནས་བསྡུས་པའི་ཆོས་ཀུན་ལས། །ཧཱུྃ་གི་སྒྲས་བསྐྱེད་ཧཱུྃ་ལས་ནི། །ཧཱུྃ་ལས་བསྐྱེད་པའི་ཁྲོ་བོ་ཆེ། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་དང་། །བདུད་རྩི་འཁྱིལ་པ་དབྱུག་སྔོན་ཅན། །མི་གཡོ་མགོན་པོ་འདོད་པའི་རྒྱལ། །ཁམས་གསུམ་རྣམ་རྒྱལ་ཀརྨཱ་ཀུཎྜ་ལི། །གནོད་མཛེས་རྒྱལ་པོས་སྟེང་འོག་ཕྱོགས་མཚམས་བསྲུང་། །གནོད་སྦྱིན་སྔགས་ཀྱི་རྒྱལ་པོ་ལ། །མི་གཡོ་མི་འགྱུར་བརྟན་པར་བྱོས། །ཞེས་བསྒོའོ། །དེའི་ཚེ་གནོད་སྦྱིན་འདུལ་མཛད་བདུད་རྩི་ཁྲོ་བོ་ཆེ། །ཕུར་པ་བླངས་ནས་བྱིན་བརླབས་སྡེར་མོའི་ཚིག །རྟ་


DNG011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རིམ་བཞིན་འདོད་པའི་རྒྱལ་པོ་གདབ། །འདོད་པའི་རྒྱལ་པོ་ཨ་མྲྀ་ཀུཎྜ་ལི། །གནོད་མཛེས་རྒྱལ་པོས་སྟེང་འོག་རང་བྱིན་བརླབ། །དེ་ལ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུན་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ། ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པཱ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན། ཧཱུྃ་ཕཊ་ཕཊ། གཞན་དུ་བགེགས་བསྐྲད་པ་ནི། ལས་ཐམས་ཅད་པའི་སྔགས་འདིའོ། །ཨཱོཾ་ཙྪིནྡ་ཙྪིནྡ། ཧ་ན་ཧ་ན། ད་ཧ་ད་ཧ། དིཔྟ་བཛྲ་ཙཀྲ་ཧཱུྃ་ཕཊ། དེ་ནས་གཞན་དུ་བགེགས་བསྐྲད་པ་ནི། བདུད་རྩི་འཁྱིལ་པའི་ལས་ཀྱི་སྔགས་འདིའོ། །ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོ་ཏྐ་ཊ་བྷཻ་ར་ནཱ་ཡ། ཨ་སི་མུ་ས་ལ། པཪྴུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ། བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྡ་ཀ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་གནོད་བྲལ་རྣལ་འབྱོར་པས། །གང་དུ་རྣལ་འབྱོར་བསྒོམ་པར་བྱ། །རྣལ་འབྱོར་ཞེས་བྱའི་རིམ་པ་ནི། །རྒྱུད་འདིར་རྣལ་འབྱོར་རྣམ་པ་གཉིས། །དེ་རྒྱུ་སྲོག་དང་རྩོལ་བ་སྟེ། །ཉིད་དང་བྱ་བ་སྤངས་ནས་བསྒོམ། །སྲོག་གི་རྒྱུ་ནི་རྣམ་བཞི་སྟེ། །ས་དང་ཆུ་དང་མེ་དང་རླུང་། །ལྟེ་བ་གསང་གནས་སྙིང་ག་མགྲིན། །གནས་བཞི་དག་ན་གང་གནས་པར། །དཔྱིད་དང་དབྱར་དང་སྟོན་དང་དགུན། །ནམ་ཟླ་དུས་བཞི་འཁོར་བའི་རྒྱུན། །ས་དང་རླུང་དང་ཆུ་དང་མེ། །རླུང་དག་རིམ་བཞིན་འབྱུང་བྱེད་པ། །འཇུག་པ་བག་ལ་ཞ་བར་བྱེད། །གྱེན་དང་མཐུར་དང་འབྱུང་བར་བྱེད། །གྱེན་དུ་གཡས་གཡོན་གཉིས་ཀ་ནས། །དཀྱིལ་འཁོར་དྲག་རིམ་རྒྱུ་བ་ནི། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་དང་། །དྲུག་བརྒྱ་ཉིན་མཚན་འབྱུང་བྱེད་པ། །འཇུག་པ་བག་ལ་ཞ་བར་བྱ། །ཐུན་བརྒྱད་ཐུན་ཕྲན་ཉི་ཤུ་བཞི། །སྔ་དྲོ་དང་པོ་ཕྱི་མ་གཉིས། །སྲོད་ཀྱི་དང་པོ་ཐ་མ་གཉིས། །ཐོ་རངས་དང་པོ་ཐ་མ་གཉིས། །ས་ཆུ་མེ་རླུང་རིམ་


DNG011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །དུས་ཀྱི་ལྷ་མོ་རེ་རེ་འབྱུང་། །ལྷ་མོ་དེ་དག་བརྒྱ་ལ་ཡང་། །སྲོག་གི་རྒྱུ་བ་ཉིས་སྟོང་དང་། །བརྒྱ་ཕྲག་བདུན་དུ་འབྱུང་བར་བྱེད། །ལྷ་མོ་རེ་རེར་ལྷ་མོ་གསུམ། །ལྷ་མོ་ཉི་ཤུ་རྩ་བཞིར་འགྱུར། །ཉི་ཤུ་རྩ་བཞི་དག་ལ་ཡང་། །ལྷ་མོ་བཞི་བཞིར་འབྱུང་འགྱུར་ཏེ། །ལྷ་མོ་བཅུ་ཕྲག་དགུ་དང་དྲུག །དབུགས་ནི་ཉིས་བརྒྱ་བཅུ་ཕྲག་གཉིས། །རྩ་ལྔ་དག་སྟེ་རྒྱུ་བའི་གྲངས། །ཐུན་གཅིག་ཐུན་གཉིས་ཐུན་ཕྲག་གང་། །དབྱིག་གུ་ལྷ་མོའི་ནུས་པ་གང་། །ནུས་པས་དབུགས་བགྲང་གྲངས་བཟུང་ནས། །ངལ་བ་མེད་པ་དབུགས་ལ་བརྟེན། །ཡང་ན་དབུགས་ཀྱི་རྒྱུ་བ་ལ། །ངལ་བ་མེད་པར་དབུགས་བགྲངས་པ། །བགྲང་ཕྲེང་དག་ཀྱང་མི་དགོས་ཏེ། །གཡས་པར་མེ་འབྱུང་དམར་ཞིང་འཚེར། །གཡོན་པར་རླུང་འབྱུང་གནག་ལ་དྭངས། །གཉིས་ཀར་ངལ་རྒྱུ་ཆུ་རླུང་དཀར། །གཉིས་ཀར་ཐུབ་རྡུབས་ས་རླུང་སེར། །ལྷ་མོ་བདག་མོ་དང་ལྡན་པའི། །ཡེ་ཤེས་བཞི་ཉིད་འབྱུང་བར་བྱེད། །གཅིག་མིན་དུ་མར་མ་གྲུབ་ཕྱིར། །གཡས་དང་གཡོན་དུ་གཉིས་ཀར་ཡང་། །གཡས་དང་གཡོན་དུ་བརྟག་པར་བྱའོ། །སྐྱ་རེངས་དང་པོ་ཤར་བ་ནས། །དྲོས་ཀྱི་བར་ནི་དུས་དང་པོ། །དྲོས་ཀྱི་མཚམས་ནས་ཕྱེད་ཀྱི་བར། །གཉིས་ཀ་ཡིན་ཏེ་ས་དང་ཆུ། །ཉི་མ་ཕྱེད་ནས་མྱུར་སྨད་མཚམས། །ཕྱི་དྲོ་དང་པོར་ཤེས་པར་བྱ། །མྱུར་སྨད་མཚམས་ནས་ཆལ་ཆིལ་མཚམས། །ཉིན་དུས་བཞི་པར་ཤེས་པར་བྱ། །ཆལ་ཆིལ་སྲོད་མཚམས་དུས་དང་པོ། །སྲོད་ནས་ཕྱེད་བར་དུས་གཉིས་པར། །ཕྱེད་ནས་ཐོར་ཆུང་དུས་དང་པོ། །ཐོ་རངས་སྐྱ་རེངས་དུས་གཉིས་པར། །དབུགས་ཀྱི་གྲངས་ཀྱིས་དུས་ཕྱེས་ནས། །གཞན་དུ་གཞན་དག་རིམ་པ་བཞིན། །དབྱར་དང་སྟོན་དང་དགུན་དག་དང་། །དུས་དང་དུས་ཕྲན་གང་བྱུང་བ། །དེ་དག་དང་པོ་གཙོར་འབྱུང་ངོ་། །གྲངས་དང་དུས་ཚད་སྔ་མ་བཞིན། །མི་འཕྲོ་རླུང་ཉིད་འབྱུང་རྔུབ་རང་དབང་ཐོབ། །སེམས་འདུལ་དེ་གསལ་དེ་ཚེ་ཤེས་རབ་བསྐྱེད། །གཞན་ནས་མ་ཡིན་འབྱུང་བ་ཉིད་དག་དང་། །རྩོལ་བ་དབྱེར་མེད་རང་དོན་ཅི་བཞིན་སྤྱད། །ཡུན་རིང་ཚེ་ན་ཞི་གནས་
བརྟན་བྱ་ཞིང་། །དབྱེར་མེད་ཆ་མཉམ་འདོད་པའི་གོ་འཕང་ཐོབ། །ནུས་པ་དྲག་པོ་བསྐྱེད་པའི་ཐབས་ཡིན་ནོ། །ཐམས་ཅད་ཐིག་ལེ་མ་བཅོས་འབྱུང་འཇུག་མེད། །ཅེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། རང་གི་དོན་རྫོགས་རིག་ནས་བསྟོད་པ། ཨེ་མ་ཧོ། ལེགས་སོ་ལེགས་སོ་ཡང་དག་ལེགས། །ཐམས་ཅད་བདག་པོ་ཁྱོད་རེ་མཚར། །སྣང་སྟོང་ནམ་མཁའི་དབྱིངས་ལ་ཕྱག་འཚལ་ལོ། །གཟུང་འཛིན་བརྟན་པའི་ས་ལ་ཕྱག་འཚལ་ལོ། །རིན་ཆེན་འབར་བའི་མེ་ལ་ཕྱག་འཚལ་ལོ། །མཐའ་ཡས་ཆོས་ཀྱི་ཆུ་ལ་ཕྱག་འཚལ་ལོ། །དོན་ཡོད་བསྐྱེད་པའི་རླུང་ལ་ཕྱག་འཚལ་ལོ། །རླུང་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ཁྲོ་བོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོཙྪ་བ་སློབ་དཔོན་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད།next