Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་བཞི་པ། ཕ༽


   
   
   
   
   
   
   
   
བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ཞེས་བྱ་བ།
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ཞེས་བྱ་བ།next

བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ཞེས་བྱ་བ།


DNG014_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གྷུ་རུ་དྷི་ཝ་ཌཱཀྐི་ནི་སརྦ་གུ་ཎ་ཏནྟྲ་ཤཱ་ས་ན་ཡཥྚི་ནཱ་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ཞེས་བྱ་བ། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་གཟི་བརྗིད་མཐའ་ཡས་པའི་དབང་ཕྱུག་གསུང་གི་པདྨ་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །མི་འགྱུར་སྤྲུལ་པའི་འཁོར་ཚོགས་ཀྱིས། །རབ་ཏུ་བསྐོར་བའི་དཀྱིལ་འཁོར་གཙོ། །དཔག་མེད་རྒྱལ་པོ་སྣང་མཐའ་ཡས། །སྟོན་པ་གཟི་བརྗིད་དཔལ་འབར་བ། །གཙོ་འཁོར་མཉམ་པར་བཞུགས་པའི་དུས། །ཡང་དག་རྣམ་པར་བཀྲ་བ་ཡི། །ཕོ་བྲང་ལྷུན་པོར་བརྩེགས་པའི་གནས། །རབ་བཟང་བརྩེགས་པའི་ཁང་བཟངས་སུ། །གདུལ་བྱ་རྣམ་པ་དུ་མ་ལ། །འདུལ་བྱེད་ཐབས་ཀྱི་ཡན་ལག་མཆོག །སྣ་ཚོགས་ལས་ཀྱི་ཡན་ལག་ཏུ། །ཐུན་མོང་གང་དང་གང་དགོས་རྣམས། །ལྗགས་ཀྱི་དབང་པོ་ལ་བཀྲམ་ནས། །བརྩེ་བར་དགོངས་ནས་གསུང་དུ་གསོལ། །དེ་ལྟར་གདུང་བས་ཞུས་པ་ཡི། །སྟོན་པས་དགོངས་ནས་བཀའ་སྩལ་པ། །ཞི་དང་རྒྱས་པ་ལ་སོགས་པའི། །སྣ་ཚོགས་ཐུན་མོང་ལས་ཀྱི་རིགས། །ཕྲ་མོའི་སྦྱོར་བ་རིམ་གྱིས་གསུངས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ལམ་གྱི་མཐུན་རྐྱེན་བསྒྲུབ་བྱའི་ཕྱིར། །ཐུན་མོང་ཐབས་ཀྱི་ལས་རྣམས་ཀུན། །སྟོབས་དང་ལྡན་པའི་སྐྱེས་བུས་བརྩམ། །འབྲས་བུ་སྐུ་གསུམ་བྱེད་པའི་ལམ། །མཐུན་རྐྱེན་ཐབས་ཀྱི་ཡན་ལག་ཏུ། །སྣ་ཚོགས་ལས་ཀྱི་སྦྱོར་བ་བརྩམ། །དེ་དོན་འགྲུབ་གང་འབྲས་བུ་གསུམ། །གདོན་མི་ཟ་བར་སྨིན་པར་འགྱུར། །དེ་ལྟར་ལས་ཀྱི་དང་པོ་ནི། །བྱིན་རླབས་དངོས་གྲུབ་ཕྲིན་ལས་རྣམས། །འབྱུང་ཕྱིར་རྩ་བའི་བསྒྲུབ་པ་བྱ། །དད་པ་མོས་གུས་ཤུགས་ཕྱུང་ལ། །


DNG014_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྒྱན་དང་ཆ་ལུགས་ཅན། །སྐུ་གསུམ་ངོ་བོ་མཚན་དཔེས་སྤྲས། །གནས་ལྔ་ལ་སོགས་ཡན་ལག་མཐིལ། །རྩེ་གཅིག་མ་ཡེངས་མདུང་ཚུགས་བསྒོམ། །བདག་ལུས་སྒྱུ་མའི་གྲོང་ཁྱེར་འདི། །ཡི་དམ་ཞི་དང་ཁྲོ་བོའི་ཚུལ། །གང་འདོད་དཔའ་བརྗིད་ལྡན་པར་བསྐྱེད། །རྩ་གནས་བ་སྤུའི་གྲོང་ཁྱེར་དུ། །རིགས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས། །གྲངས་མེད་རྩིས་ལས་འདས་པ་ཡང་། །རང་རང་རྒྱན་དང་ཆ་ལུགས་བཅས། །རིགས་ཀྱི་མདོག་ཅན་ཕྱག་མཚན་འཛིན། །སྤྲུལ་དང་ཡང་སྤྲུལ་བཅས་པ་ཡང་། །གཞན་ཡང་རང་ཉིད་དད་པའི་ལྷ། །སྤྲུལ་པ་ལ་སོགས་དཔག་མེད་རྣམས། །སྣང་ལ་རང་བཞིན་མ་གྲུབ་པར། །གསལ་ལ་སྒྲིབ་གཡོགས་མེད་པར་བསྐྱེད། །ཨོཾ་ཨཱཿཧཱུཾ་ཧྲཱྀཿ། བཛྲ་གྷུ་རུ་དྷི་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ། སྒྲ་ཟུར་མ་ཉམས་དག་པར་བཟླས། །མི་སྐྱོའི་བར་དུ་ཕྱི་ལྟར་ཏེ། །སྙན་པའི་དབྱངས་ཀྱིས་འཛབ་ཏུ་སྒྲོགས། །དེ་ནས་ངལ་དུབ་སྐྱོ་བའི་ཚེ། །ནང་ལྟར་གསང་སྔགས་ཤུབ་བུར་བཟླས། །དམིགས་པའི་འཁྲུལ་འཁོར་རབ་ཏུ་འབད། །དེ་དག་ཀློང་དུ་གྱུར་པ་དང་། །གསང་བ་སྐྱེ་མེད་རྡོ་རྗེ་ཡི། །བཟླས་པ་རླུང་གི་འཁོར་ལོ་བསྐོར། །བླ་མ་ཡི་དམ་མཁའ་འགྲོ་ལ། །དངོས་གྲུབ་བླང་བའི་དམིགས་པ་ཡང་། །དུས་གསུམ་ལ་སོགས་སྐབས་སུ་བྱ། །དེས་ནི་ཕྱི་ནང་གསང་བའི་རྟགས། །རབ་འབྲིང་ཐ་མ་རིམ་པ་བཞིན། །དངོས་ཉམས་རྨི་ལམ་ཉིད་དུ་སྟེ། །རབ་འབྲིང་ཐ་མ་འདི་ལྟར་འབྱུང་། །སྐུ་སྟོན་གསུང་སྒྲོགས་རྣམས་འགྱུར་སྟོན། །དེ་ལ་སྤྲུལ་པ་དུ་མའོ། །དེ་དུས་རང་སེམས་རང་བབ་ཀློད། །དགག་བསྒྲུབ་ལ་སོགས་ཡིད་གཉིས་སྤང་། །འདི་ནི་དོན་ཆེན་དམ་པ་སྟེ། །ཕྱི་ནང་གསང་བའི་མཆོད་གཏོར་འབུལ། །རྫས་དང་དམིགས་པ་ལ་སོགས་པའི། །ཐབས་ཀྱི་ཡན་ལག་མང་པོ་ཡང་། །རིག་འཛིན་མཁས་པས་རླུང་སེམས་ལ། །དབང་འབྱོར་ཐོབ་པ་རྣམས་ཀྱིས་བྱ། །དེ་ནས་ཞི་རྒྱས་དབང་དྲག་སོགས། །ལས་དང་ལས་ཀྱི་སྦྱོར་བ་རྣམས། །རང་འདོད་བྲལ་ཞིང་སྐྱོ་དུབ་མེད། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །རང་དབང་ཐོབ་ནས་རིམ་གྱིས་བརྩམ། །


DNG014_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཤུགས་རང་དང་ལྡན་པར་བྱ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྩ་བའི་བསྒྲུབ་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རིན་ཆེན་ཚེ་ནི་སྲིང་བའི་ཐབས། །ཐོ་རངས་མི་ཚིག་མ་འདྲེས་དུས། །བདག་ཉིད་སྣང་བ་མཐའ་ཡས་སྐུ། །དམར་གསལ་མདངས་ལྡན་མཉམ་གཞག་མཛེས། །ཚེ་བུམ་བཅུད་ལྡན་རྒྱན་གྱིས་སྤྲས། །ལོངས་སྐུའི་ཆ་ལུགས་ལྡན་པས་བསྣམས། །དུས་གསུམ་རྒྱལ་བ་བཀུག་ནས་ནི། །བདག་ཉིད་ཚེ་བུམ་བཅས་ལ་བསྡིམ། །ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཚེ་བྷྲཱུཾ་སྭཱ་ཧཱ། དེ་ལྟར་བརྒྱ་སྟོང་ལ་སོགས་བཟླས། །རིན་ཆེན་ཚེ་ཡི་དངོས་གྲུབ་བླང་། །ཕམ་གདལ་དམིགས་མེད་ངང་ལ་བཞག །ཚེ་འཕེལ་དངོས་གྲུབ་འབྱུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཚེ་སྲིང་བའི་ལེའུ་སྟེ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །བསོད་ནམས་རྒྱས་པར་བྱེད་པའི་ཐབས། །ཟླ་རྒྱས་བཅོ་ལྔའི་དུས་ཀྱི་ཚེ། །བཞི་མཉམ་དར་སེར་དྲི་མེད་ལ། །བདག་ལུས་རིན་ཆེན་གསེར་གྱིས་བྲིས། །ཡང་སྙིང་རྩ་བའི་སྔགས་ཀྱི་མཐར། །པུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་སྭཱ་ཧཱ། ཁྲི་འབུམ་ལ་སོགས་ཅི་འགྲུབ་བཟླས། །སྣ་ཚོགས་དར་དང་རིན་ཆེན་བཅས། །མི་ཡིས་མ་མཐོང་ལུས་ལ་འཆང་། །བསོད་ནམས་མངའ་ཐང་རབ་རྒྱས་ནས། །འགྲོ་བའི་ཁ་ལོ་ཡིད་བཞིན་བསྒྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བསོད་ནམས་རྒྱས་པར་བྱེད་པའི་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་


DNG014_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕེབ་བྱས་ཏེ། །ལོངས་སྤྱོད་འཕེལ་བར་བྱེད་པའི་ཐབས། །སྐར་མ་རྒྱལ་ལ་བརྡུངས་པ་ཡི། །གསེར་གྱི་བྱང་བུ་མིག་དགུ་པ། །གཡུ་ཡི་ཕྲ་ཅན་དར་དམར་དྲིལ། །མི་ལག་མི་འགྲིམ་ལུས་ལ་འཆང་། །བདེ་གཤེགས་རིགས་ལྔ་ལ་སོགས་པའི། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །ཡང་ཡང་བཀུག་ནས་བྱང་བུར་བསྡིམ། །རྩ་སྔགས་བ་སུའི་གཤམ་ཅན་བཟླས། །དཔལ་འབྱོར་ལོངས་སྤྱོད་འཕེལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ལོངས་སྤྱོད་འཕེལ་བའི་ཐབས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །འགྲོ་བ་འདུ་བར་བྱེད་པའི་ཐབས། །ཟངས་ཀྱི་བྱང་བུ་སོར་བཞི་ལ། །མཚལ་གྱིས་སྣང་བ་མཐའ་ཡས་སྐུ། །ལོངས་སྤྱོད་རྫོགས་པའི་ཆ་ལུགས་བྲི། །ཞྭ་འམ་ཐོད་ཀྱི་ནང་དུ་གཞུག །སྣང་བ་དབང་སྡུད་སྔགས་བཟླས་པས། །དགའ་མགུ་ལྡན་པས་འགྲོ་བ་འདུ། །བསམ་འདུན་ཆོས་ལ་གནས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། འགྲོ་བ་དབང་དུ་བསྡུ་བའི་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དཔལ་དང་གཟི་བརྗིད་རྒྱས་པའི་ཐབས། །ཐབས་ཤེས་བྱང་སེམས་དཀར་དམར་ལ། །རིན་ཆེན་མཚལ་གྱིས་ཁ་ཚར་བཏགས། །སྨན་མཆོག་རྒྱལ་པོ་གསེར་མདོག་ཅན། །སྦྱོར་བ་བསྲེས་པའི་རིལ་བུ་ནི། །རི་དྭགས་བྲ་བའི་རིལ་མ་ཙམ། །བརྒྱ་དང་རྩ་བརྒྱད་བྱས་པ་ལ། །རྩ་སྔགས་འབུམ་གྱིས་ངར་བླུད་པས། །ནང་མ་བརྒྱ་དང་རྩ་བརྒྱད་དུ། །མི་ལག་མ་བརྒྱུད་ལྟོ་སྟོང་གཏང་། །དཀྱིལ་འཁོར་ལྷ་གསལ་དཔའ་ཤུགས་བསྐྱེད། །དཔལ་དང་གཟི་བརྗིད་རྒྱས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དཔལ་དང་གཟི་བརྗིད་རྒྱས་པའི་


DNG014_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ལེའུ་སྟེ་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཆོས་ཀྱི་སྙན་གྲགས་ཐོབ་པའི་ཐབས། །རང་ལུས་གསེར་གྱི་མཆོད་རྟེན་བསྒོམ། །ངག་ནི་ཨཱ་ལི་ཀཱ་ལིར་བསྒོམ། །སྐྱེ་མེད་སེམས་ཀྱི་གནས་ལུགས་ནི། །སྨྲ་བསམ་བརྗོད་བྲལ་ངང་ལ་བཞག །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཁྲི་འབུམ་བར་དུ་ངག་བཅད་བཟླས། །ཆོས་ཀྱི་སྙན་གྲགས་འཐོབ་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཆོས་ཀྱི་སྙན་གྲགས་ཐོབ་པའི་ཐབས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །འགྲོ་བ་བྱམས་པར་བྱེད་པའི་ཐབས། །ཉེ་རིང་མེད་པའི་སེམས་ཅན་ལ། །བྱམས་དང་སྙིང་རྗེ་ལ་སོགས་པ། །ཚད་མེད་བཞི་བསྒོམ་སྐྱབས་འོག་གཞུག །རང་ཉིད་མཚོ་སྐྱེས་རྡོ་རྗེར་བསྒོམ། །སྙིང་པོ་སྔགས་ཀྱི་འཛབ་དབྱངས་བཟླས། །རང་སེམས་གཡོ་མེད་རི་རྒྱལ་ལྟར། །གཡོ་འགུལ་མེད་པའི་ངང་ལ་གཞག །འདོད་ཞེན་ལ་སོགས་དངོས་འཛིན་སྤང་། །འབྱོར་ཚོགས་ལོངས་སྤྱོད་ཚོགས་སུ་གཏད། །རློམ་སེམས་ཞེ་འདོད་རེ་དོགས་དོར། །འགྲོ་བ་ཐ་དག་བྱམས་ཤིང་འདུ། །ཡིད་འོང་བཀུར་སྡི་བྱེད་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། འགྲོ་བ་ཐམས་ཅད་ཀྱི་བྱམས་པར་བྱེད་པའི་ཐབས་ཀྱི་ལེའུ་སྟེ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མཐུ་རྩལ་ཆེ་བར་བྱེད་པའི་ཐབས། །རང་ཉིད་སྟོབས་ཀྱི་རྒྱལ་པོར་བསྒོམ། །རྩ་སྔགས་མ་ཧཱ་པ་ལའི་གཤམ། །མང་དུ་བཟླས་ཤིང་ལུས་རྩལ་


DNG014_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་། །གླང་ཆེན་རྐང་དམར་ལུས་ལ་བྱུགས། །རྟག་ཏུ་མེ་དང་ཉི་མ་སྤང་། །ལུས་ལ་གཅན་གཟན་ཤུན་ལྤགས་གོན། །ལུས་སྟོབས་རབ་ཏུ་རྒྱས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྟོབས་དང་མཐུ་རྩལ་ཆེར་འཕེལ་བར་བྱེད་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ནད་གདོན་སྡིག་སྒྲིབ་ལ་སོགས་པ། །མི་མཐུན་ཕྱོགས་རྣམས་ཞི་བའི་ཐབས། །ཞི་བའི་སྦྱིན་སྲེག་བརྩམ་པར་བྱ། །གླང་མ་བལ་དཀར་ལ་སོགས་པ། །ཞི་བའི་ཤིང་རྣམས་ཟླུམ་པོར་བརྩིག །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །མེ་སྦར་ཐབ་ཏུ་མེ་ལྷ་དང་། །མོས་པའི་ལྷ་བསྐྱེད་དཀར་པོར་གསལ། །ཏིལ་སོགས་འབྲུ་སྣ་མང་པོ་དང་། །དཀར་གསུམ་དག་གི་བསྲེག་རྫས་དབུལ། །རྩ་སྔགས་ཞི་བའི་ཤམ་བུ་ཅན། །མང་དུ་བཟླས་ལ་ཅི་འདོད་ཀྱི། །ཞི་བའི་ཕྲིན་ལས་གཞོལ་བར་བྱ། །ཅི་འབྱོར་མཆོད་གཏོར་ལ་སོགས་ཀྱིས། །ལྷ་རྣམས་དགྱེས་ཤིང་ཚིམ་པར་བསྐང་། །མི་མཐུན་ཕྱོགས་རྣམས་ཞི་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཞི་བའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཚེ་དཔལ་ལོངས་སྤྱོད་ལ་སོགས་པ། །ཡོན་ཏན་རྒྱས་པར་བྱེད་པའི་ཐབས། །རྒྱས་པའི་སྦྱིན་སྲེག་དག་ལ་འབད། །འབྲས་བུ་ཅན་གྱི་ཤིང་རྣམས་ལ། །དེ་ལ་བསྲེག་ཐབས་གྲུ་བཞི་བརྩིག །རང་ཉིད་རྒྱས་པའི་ལྷ་བསྐྱེད་དེ། །མེ་ཐབ་མེ་ལྷ་སོགས་པ་ཡི། །མོས་པའི་ལྷ་རྣམས་སེར་པོར་བསྐྱེད། །གསེར་སོགས་རིན་ཆེན་ལ་སོགས་པ། །ལོངས་སྤྱོད་འབྱོར་པའི་རྫས་རྣམས་དབུལ། །རྩ་སྔགས་རྒྱས་པའི་ཤམ་བུ་ཅན། །མང་བཟླས་འདོད་དོན་གསོལ་བ་གདབ། །རྒྱས་པའི་ཕྲིན་ལས་གཞོལ་བར་བྱ། །གཞན་ཡང་མཆོད་བསྟོད་གང་འགྲུབ་ཀྱི། །


DNG014_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་འབད་དེ་ཐུགས་དམ་བསྐང་། །དེས་ནི་རྒྱས་པའི་ལས་རྣམས་འགྲུབ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྒྱས་པའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ལྷ་འདྲེ་མི་གསུམ་ལ་སོགས་པ། །སྣང་སྲིད་དབང་དུ་སྡུད་པའི་ཐབས། །འདི་ལྟར་དབང་གི་སྦྱིན་སྲེག་བྱ། །ཙནྡན་མཛོ་མོ་ཤིང་སོགས་ཀྱིས། །དབང་དལ་ཟླ་གམ་དག་ཏུ་བརྩིག །རང་ཉིད་དབང་གི་ང་རྒྱལ་གྱིས། །ཐབ་ཏུ་ལྷ་རྣམས་དམར་པོར་བསྐྱེད། །མེ་ཏོག་དམར་པོ་སྣ་ཚོགས་དང་། །མངར་གསུམ་ལ་སོགས་བཟའ་བཏུང་དབུལ། །རྩ་སྔགས་དབང་གི་ཤམ་བུ་ཅན། །ཅི་འགྲུབ་བཟླས་ཤིང་འགུགས་པ་ཡི། །གང་འདོད་དམིགས་པ་དྲག་ཏུ་གཟིར། །དབང་དུ་སྡུད་པའི་ཕྲིན་ལས་གཞོལ། །དབང་རྫས་དབང་གི་མཆོད་སོགས་རྣམས། །གང་འོས་དབུལ་བའི་ལས་རྣམས་བྱ། །གང་དམིགས་དབང་དུ་འདུ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དབང་གི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ལས། །དྲག་པོའི་ལས་ཀྱི་སྦྱིན་སྲེག་ནི། །བརྣག་ཅིང་གཏུམ་པའི་འདུན་པས་བྱ། །གང་ལ་དམིགས་པའི་རཱུ་པ་བྲི། །སྟེང་དུ་སེང་ལྡེང་ལ་སོགས་པའི། །དྲག་པོའི་ཤིང་གིས་གྲུ་གསུམ་བརྩིག །མེ་སྤར་ཁྲོ་བོའི་ང་རྒྱལ་གྱིས། །ཐབ་ཏུ་དྲག་པོའི་ལྷ་རྣམས་ཀུན། །ལྗང་གུ་ལ་སོགས་མཐིང་ནག་བསྐྱེད། །དམིགས་བྱའི་རཱུ་པ་ཟག་རྫས་དང་། །དུག་ཁྲག་ཤ་ཆང་ལ་སོགས་དབུལ། །རྩ་སྔགས་དྲག་པོའི་ཤམ་ཅན་བཟླས། །བསྒྲལ་ཞིང་གཟིར་བའི་ལས་རྣམས་བྱ། །བསད་ཅིང་བརླག་པའི་ཕྲིན་ལས་གཞོལ། །དམིགས་བྱ་གང་ཡིན་ཐུལ་བར་འགྱུར། །གང་ཡང་ལས་ཀྱི་ཁ་སྐོང་རྣམས། །རིག་རྩལ་


DNG014_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་འོས་པར་བྱ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དྲག་པོའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྦྱིན་སྲེག་རྣམས་ཀྱི་བྱ་བ་ལ། །ཞི་བ་ལ་ནི་བྱང་སེམས་ཀྱིས། །མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཞི་བར་བྱེད་པའི་སྔགས། །རྫས་དང་བཅས་པས་བརྒྱ་རྩ་བཟླས། །རྒྱས་པ་ལ་ནི་གཟེངས་བསྟོད་དེ། །ཚེ་དཔལ་ལོངས་སྤྱོད་བསམ་འདུན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྒྱས་པར་བྱེད་པའི་སྔགས། །རྫས་བཅས་བརྒྱ་རྩ་འབུལ་དང་བཅས། །དབང་ལ་ཆགས་པའི་འདུན་པ་དང་། །འགུགས་པའི་དམིགས་པས་གཟིར་ནས་ཀྱང་། །སྣང་སྲིད་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་བ་ཤཾ་ཀུ་རུ་ཧྲིང་ཧྲིང་སྭཱ་ཧཱ། ཞེས་པས་བརྒྱ་རྩ་བཟླས་ནས་ཀྱང་། །རེ་རེ་བཞིན་དུ་བསྲེག་རྫས་འབུལ། །དྲག་པོ་ལ་ནི་ང་རྒྱལ་བསྐྱེད། །དྲག་ཅིང་རྩུབ་པའི་ཤུགས་ལྡན་པའི། །གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་པས་གང་དམིགས་མིང་ནས་བརྗོད། །ཐལ་མོ་བརྡབ་དང་དམོད་བཅོལ་བྱ། །དམིགས་པ་དྲག་ཏུ་གཟིར་བ་ཡིས། །གང་དང་གང་གི་ལས་རྣམས་འགྲུབ། །དེ་སོགས་གང་ལ་གང་རིགས་ཀྱི། །བྱ་བ་རིག་འཛིན་སྤྲུལ་པས་བརྩམ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ལས་བཞིའི་སྦྱིན་སྲེག་གི་ཁ་སྐོང་གི་ལེའུ་སྟེ་བཅོ་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རང་གཞན་བསྲུང་བར་བྱེད་པ་ལ། །རང་ཉིད་འོས་པའི་ལྷར་གསལ་བའི། །སྤྱི་བོ་ལ་སོགས་གནས་རྣམས་སུ། །ཧཱུཾ་ཀར་རྣམ་རྒྱལ་དབྱུག་སྔོན་ཅན། །གཤིན་རྗེ་མི་གཡོ་རྟ་མགྲིན་དབང་། །འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་སྟེ་ཁྲོ་བོ་བཅུ། །རབ་ཏུ་ཁྲོས་པའི་ཆས་


DNG014_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བསྐྱེད། །གཞན་སྲུང་གང་ཡིན་སྙིང་གར་བཀོད། །རྒྱས་གདབ་ཧཱུཾ་བཅུ་ངར་དང་ལྡན། །རྩ་སྔགས་ཤམ་བུར་བཟླས་པར་བྱ། །སྐབས་སུ་རང་སྲོག་སྙིང་པོའི་མཐར། །མ་མ་རཀྵ་གདགས་པར་བྱ། །རྡོ་རྗེ་མེ་རི་པད་མ་དང་། །སྣ་ཚོགས་ལས་ཀྱི་མཚོན་ཆ་ཡི། །གུར་ཁང་རབ་ཏུ་བསྐོར་བར་བྱ། །གནོད་བྱེད་གང་གིས་མི་ཚུགས་བསྲུང་། །སྲ་བརྟན་རྡོ་རྗེ་ཕ་ལམ་མོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྲུང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཕ་རོལ་མི་དང་མི་མིན་གྱི། །བྱད་ཟོར་རིགས་སྔགས་བཟློག་པའི་ཐབས། །གནམ་ལྕགས་འབར་བ་ལས་གྲུབ་པའི། །འཁོར་ལོ་རྩིབས་སྟོང་འབར་བའི་དབུས། །བདག་ཉིད་དབང་ཆེན་འབར་བར་བསྐྱེད། །ཡོངས་དྲིལ་རྩ་བའི་སྔགས་ཀྱི་མཐར། །གནོད་བྱེད་བྱད་མ་སརྦ་མཱ་ར་ཡ་བཟློག་བྱེར། ཡེ་ཀེ་ཙིཏྟ་མཱ་ར་ཡ་བྷྱོ་བྷྱོ། རྦད་རྦད་བྱད་མ་རང་གཤེད་རང་ལ་ཕོབ། བྱད་མ་རང་བྱད་རང་ལ་བཟློག །ནྲྀ་མཱ་ར་ཡ་བྱད་མ་ཛ་ཛ། ཞེས་པ་དྲག་ལ་མྱུར་བཟླས་པས། །གནམ་ལྕགས་འཁོར་ལོ་གཡོན་ཕྱོགས་སུ། །དྲག་ཏུ་འཁོར་བས་བྱད་མ་རྣམས། །ལྷ་སྲུང་བཅས་པ་ཕྱེ་མར་གཏོར། །རྡུལ་ཕྲན་ཙམ་ཡང་མེད་པར་བསམ། །དགོངས་ཀྱི་ཉི་མ་ཟེར་དང་སྤྲད། །དེས་ནི་བྱད་ཟོར་རིག་སྔགས་བཟློག །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བཟློག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མྱུར་དུ་གསད་པར་བྱེད་པའི་ལས། །བརྟུལ་ཞུགས་ལྡན་པས་བརྩམ་པར་བྱ། །རོ་རས་དུག་ཤོག་ལ་སོགས་ལ། །དམིགས་བྱའི་རཱུ་པ་དུག་ཁྲག་གིས། །སྐྱེ་མཆེད་དོད་པར་བྲིས་པ་ལ། །ནྲྀ་ལས་གང་དམིགས་


DNG014_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་བསྐྱེད། །ཏྲི་ལས་གང་དམིགས་འདྲེ་བསྐྱེད་ཅིང་། །དམིགས་པས་གནོད་བྱེད་བཀུག་ལ་བསྡིམ། །དུག་ཁྲག་ལྕགས་ཕྱེ་ཏིལ་ནག་གི། །ཐུན་གྱིས་བྲབ་ཅིང་དྲག་སྔགས་བརྗོད། །རང་ཉིད་དབང་ཆེན་འབར་བར་བསྐྱེད། །ཨོཾ་ཧ་ཡ་གྷྲཱི་ཝ་ཧཱུཾ་ཕཊ། དགྲ་བགེགས་གནོད་བྱེད་མཱ་ར་ཡ། སྲོག་དུང་ཚལ་པ་རྦད། ནྲྀ་ཏྲི་ཙིཏྟ་མཱ་ར་ཡ་མྱོག་རྦད་ཛ་ཛ། སྲོག་ལ་ཨ་མུ་ཀ་ཧུར་ཐུམ་མཱ་ར་ཡ་རྦད་ཕཊ་ཛ། ཞེས་པ་དྲག་མྱུར་བཟླས་པ་ཡིས། །དབང་ཆེན་འབར་བའི་ཐུགས་ཀ་ནས། །སྤྲུལ་པ་དཔག་མེད་འཕྲོས་པ་ཡིས། །མཚོན་ཐོགས་དགྲ་གཏུབ་བརླག་པར་བསམ། །ཐུལ་རྟགས་ལས་གྲུབ་ལིང་རོ་བསྲེག །དགྲ་བགེགས་གང་ལ་བྱ་བ་ཐུལ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གསོད་པའི་ལས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གནོད་བྱེད་དགྲ་བགེགས་གནན་པའི་ཐབས། །མཛེ་ཕོ་རབས་ཆད་ཐོད་པ་རུ། །དམིགས་བྱའི་གཟུགས་བྲི་མིང་བཅས་གཞུག །རྣམ་པར་ཤེས་པ་བཀུག་ལ་བསྡིམ། །ལྕགས་སྒྲོག་འབར་བས་བྱད་དུ་གཞུག །དྲག་པོའི་རྫས་ཀྱི་ཐུན་བརྡེག་ཅིང་། །གནོད་བྱེད་ཆེ་གེ་མོ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཱ་ར་ཡ། སྟྭཾ་བྷ་ཡ། ནཱ་ཤ་ཡ། བྷན་དྷ་ཡ། ནན་ནན། ཨོཾ་ལཾ་ཧཱུཾ་ལཾ་མཱ་ར་ཡ་ཕཊ། ཅེས་པས་དྲག་ཏུ་བཟླས་ནས་ཀྱང་། །རོ་རས་ནག་པོས་དྲིལ་བར་བྱ། །ཚོན་སྐུད་སྣ་ལྔས་བྱད་དུ་གཞུག །མཆོད་རྟེན་རྙིང་པའི་རྨང་དུ་མནན། །གཡོ་བ་མེད་པར་ནོན་པར་འགྱུར། །དུས་གཟའ་དྲག་པོའི་ཐེབས་དང་སྤྲད། །བསྐལ་པའི་བར་དུ་ལྡང་མི་སྲིད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མནན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གནོད་བྱེད་སྐྲོད་པར་བྱེད་པའི་ཐབས། །རང་ཉིད་དབང་ཆེན་


DNG014_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཡིས། །ང་རྒྱལ་ལྡན་པའི་མདུན་ཉིད་དུ། །ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་། །དམིགས་བྱ་གང་ཡིན་སྤྱི་གཟིར་བསྐྱེད། །དེ་ལ་རྣམ་ཤེས་བཀུག་ལ་བསྡིམ། །གནོད་བྱེད་ཆེ་གེ་མོ་ཡ་མེ་སྨུག་ག་ཏ་ཡཾ་ཡཾ་ཡཾ་ཕཊ་བྷྱོ་ཕཊ་བྷྱོ། ཞེས་པ་དྲག་ཏུ་བཟླས་པ་ཡིས། །རླུང་གི་དཀྱིལ་འཁོར་རབ་གཡོས་པས། །དམིགས་བྱ་རང་དབང་མེད་པར་བསྐྱོད། །འཇིག་རྟེན་གཞན་དུ་བྱེར་བར་དམིགས། །དེ་ལྟར་ལས་སྦྱོར་ལན་གསུམ་གྱིས། །གང་ལ་བྱས་པ་ཡུལ་གཞན་དུ། །དབང་མེད་ལས་ཀྱིས་བསྐྱོད་པར་བྱེད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བསྐྲད་པའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གང་ཞིག་དབང་དུ་བྱེད་པའི་ལས། །སྐྱེ་འགྲོ་ཕོ་རྣམས་འགུགས་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །དམིགས་བྱའི་གཟུགས་བྱས་མིང་རུས་བཅས། །རང་གི་མལ་འོག་དོང་དུ་གཞུག །ཟངས་ཕྱེ་རྨ་བྱའི་ཁྲག་གིས་བྲབ། །རྣམ་པར་ཤེས་པ་དགུག་བསྡིམ་ཞིང་། །ཆེ་གེ་མོ་ནྲྀ་ཨཾ་ཀུ་ཤ་ཝ་ཤྱཾ་ཧྲིང་ཧྲིང་། ཞེས་པ་རྩ་སྔགས་ཤམ་བུར་གདགས། །ཞག་གསུམ་དྲོས་བཞིར་ལིངྒ་བཏོན། །སིནྡྟུ་ར་དང་རྒྱ་སྐྱེགས་དང་། །མྱོས་བྱེད་རང་གི་དྲི་ཆུའི་ནང་། །སྦངས་པའི་ཁུ་བ་གང་དམིགས་ཀྱི། །ལུས་ལ་གཏོར་རམ་ཁོང་དུ་བཏང་། །གང་ཐེབ་སྐྱེས་པ་དབང་དུ་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྐྱེས་པ་འགུགས་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྐྱེ་འགྲོ་མོ་རྣམས་འགུགས་པའི་ཐབས། །བདག་ཉིད་དབང་ཆེན་འབར་བར་བསྐྱེད། །མདུན་དུ་དམིགས་བྱའི་རཱུ་པ་ནི། །བག་ཟན་དག་ལ་བཟོས་པའི་ནང་། །གང་དམིགས་མིང་རུས་བྲིས་ལ་གཞུག །ཟངས་


DNG014_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་ནང་གཞུག་དགུག་བསྡིམ་བྱ། །ཆེ་གེ་མོ་ནྲྀ་ཨཾ་ཀུ་ཤ་སརྦ་ཧྲིང་ཧྲིང་། དུང་དུང་བུད་མེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཝ་ཤྱཾ་ཀུ་རུ་ཧཱུཾ། ཞེས་པ་ཞག་གསུམ་བཟླས་པའི་ཚེ། །དྷ་དུ་ར་དང་ཡུངས་ཀར་དང་། །གོང་མོའི་ཁྲག་གིས་ཐུན་བྲབ་ཅིང་། །རུས་པ་རང་གི་དྲི་ཆུས་སྦངས། །ཞིག་ནས་དམིགས་བྱའི་འགྲིམ་ལས་གནན། །རང་དབང་མེད་པར་ཁུག་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བུད་མེད་འགུགས་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣམ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གང་ཞིག་འབྱུང་པོ་འགུགས་པའི་ཐབས། །དུག་ཤོག་དག་ལ་གང་དམིགས་ཀྱི། །འབྱུང་པོའི་གཟུགས་བྲིས་བྱད་དུ་གཞུག །ཕོ་ནི་གཅན་གཟན་ཐོད་པར་གཞུག །མོ་ནི་རཱུ་རུས་པ་ཡང་པའི་ནང་དུ་གཞུག །བདག་ཉིད་ཁྲོ་བོའི་ང་རྒྱལ་གྱིས། །དམིགས་བྱ་དགུག་བསྡིམ་ཡང་ཡང་བྱ། །གནོད་བྱེད་ཆེ་གེ་མོ་ཏྲི་ཨཾ་ཀུ་ཤ་ཛཿ། ཛཿཧཱུཾ་བཾ་ཧོཿ། དེ་ལྟར་རྩ་སྔགས་ཤམ་བུ་ཅན། །བཟླས་ཤིང་དུག་ཁྲག་ཐུན་གྱིས་བྲབ། །འབྱུང་པོ་ཡི་དྭགས་ཕྲ་མོ་རྣམས། །རང་དབང་མེད་པར་ཁུགས་ནས་ནི། །ཅི་བཅོལ་ལས་བྱེད་ཐུལ་བར་འགྱུར། །ལིང་ག་ལྷ་རྟེན་འོག་ཏུ་སྦ། །ལས་གྲུབ་རང་གནས་བསྐྱོད་པ་ཡིས། །གནོད་ན་དྲག་པོའི་ལས་ལ་སྦྱོར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། འབྱུང་པོ་འགུགས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ནོར་རྣམས་འགུགས་པར་བྱེད་པའི་ཐབས། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །ཟངས་སོགས་རིན་ཆེན་ཟ་མ་ཏོག །ནང་དུ་འབྲུ་སྣ་རིན་ཆེན་དང་། །སྨན་སྣ་དར་ཟབ་ལ་སོགས་པ། །ལོངས་སྤྱོད་རྫས་དང་ནོར་གྱི་མིང་། །རྩ་སྔགས་གཤམ་ཅན་མཚལ་གྱིས་བྲི། །སྣ་ཚོགས་གཞུག་ཅིང་མདུན་དུ་བཞག །འཇིག་རྟེན་ཁམས་ཀྱི་གནོད་


DNG014_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དང་། །ནོར་བདག་མང་པོ་བཀུག་ལ་བསྡིམ། །རྩ་བའི་སྔགས་ཤམ་འདི་དག་བཏབ། །སརྦ་བྷ་སུ་སིདྡྷི་བ་ཤཾ་ཀུ་རུ་མ་མ་ཧྲིང་ཧྲིང་། ཞེས་པ་ཞག་གསུམ་བཟླས་པ་ཡིས། །འཇིག་རྟེན་ཁམས་ཀྱི་ཟས་ནོར་རྣམས། །ནོར་བདག་རྣམས་ཀྱིས་བཀུག་ནས་ཀྱང་། །བདག་ལ་འབུལ་ཞིང་དངོས་གྲུབ་འཕེལ། །ཟ་མ་ཏོག་ནི་རྒྱུན་དུ་འཆངས། །ལས་ཀྱི་འབྲས་བུ་མཆིས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ནོར་འགུགས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །བཟའ་བཏུང་འགུགས་པར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །མཚན་ལྡན་བྷནྡྷའི་སྣོད་ནང་དུ། །ཆང་དང་ཨ་མྲྀ་ཏ་སྦྱར་བའི། །ནང་དུ་ཌཱཀྐི་སྡེ་ལྔ་བསྐྱེད། །སྤྲོ་བསྡུའི་དམིགས་པས་བཟའ་བཏུང་བཀུག །ཌཱཀྐི་མཆོད་ཅིང་དངོས་གྲུབ་བླང་། །ཞག་གསུམ་བར་དུ་སྔགས་འདི་བཟླས། །རྩ་བའི་སྔགས་དང་བཅས་པ་ཡི། །སརྦ་པི་པ་ཏི་སིདྡྷི་སིདྡྷི་མ་ཧཱ་སིདྡྷི་དུང་དུང་སྭཱ་ཧཱ། ལྷ་དང་ལྷ་མོ་ཚོགས་ཀྱིས་མཆོད། །ཌཱཀྐི་བདུད་རྩི་དེ་ལ་བསྡིམ། །དངོས་གྲུབ་ཆེན་པོའི་རྫས་སུ་དམིགས། །བདུད་རྩི་རང་ཉིད་རྫོགས་པར་བཏུང་། །དེས་ནི་བཟའ་བཏུང་འདུ་བར་འགྱུར། །གང་བྱུང་ལོངས་སྤྱོད་ཚོགས་སུ་འགྱེད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བཟའ་བཏུང་འགུགས་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གོས་རྣམས་འགྲུབ་པར་བྱེད་པའི་ཐབས། །རང་ཉིད་མོས་པའི་ལྷར་གསལ་ཞིང་། །དཀར་སེར་དམར་ལྗང་དར་གྱི་རིགས། །སྣ་ཚོགས་རས་སྣམ་ལ་སོགས་ཀྱི། །ཅོད་པན་ངོས་ལ་ཡི་གེ་བྷྲཱུཾ། །རིན་ཆེན་གསེར་རམ་མཚལ་གྱིས་བྲི། །རྒོད་སྒྲོ་ཅན་གྱི་མདའ་ལ་བཏགས། །ལས་བྱེད་དཀྱིལ་འཁོར་


DNG014_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མར་གཟུག །བླ་མ་ཡི་དམ་མཁའ་འགྲོ་མཆོད། །རྩ་སྔགས་བཟླས་ཤིང་དངོས་གྲུབ་ཞུ། །དེ་དག་མཛོད་ཀྱི་ཡང་ཕུག་སྦ། །རྒྱུན་དུ་འདོད་གསོལ་སྨོན་ལམ་གདབ། །དར་ཟབ་སྣམ་རས་ལ་སོགས་པ། །གོས་རྣམས་ཤུགས་ཀྱིས་འདུ་བར་འགྱུར། །རང་འདོད་འཁྲི་བཅད་ཞེན་པ་བསྐྱུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གོས་འགུགས་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གཞན་ཡང་གང་དང་གང་དག་གི། །འདོད་ཡོན་དམིགས་བྱ་འགུགས་པའི་ཐབས། །བདག་ཉིད་ལྷ་ཡི་ངར་ལྡན་པས། །གང་འདོད་རྫས་ཀྱི་གཟུགས་དང་ནི། །མིང་དང་བཅས་པ་གསེར་གྱིས་བྲི། །དར་དམར་ཁུང་དུ་དྲིལ་བྱས་ཏེ། །འདོད་པའི་ལྷ་མོ་དེ་ལ་བསྡིམ། །རྩ་སྔགས་ཧ་རི་ནི་སའི་མཐར། །ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧྲིང་སྭཱ་ཧཱ། མང་བཟླས་མཆན་ཁུང་གཡོན་དུ་བཅངས། །མིང་བྱང་ཙནྡན་དམར་པོ་ཡི། །བྱང་བུ་དག་ལ་བྲི་བ་སྟེ། །དབང་སྡུད་སྤེལ་ཚིག་དག་ཀྱང་བཀོད། །བྱང་བུའི་ཚད་ནི་སོར་བཞིའོ། །དེས་ནི་གང་དམིགས་དངོས་སུ་འདུ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྫས་འགུགས་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཡིད་འོང་བུ་མོ་འགུགས་པའི་ཐབས། །བདག་ཉིད་དབང་ཆེན་ང་རྒྱལ་གྱིས། །དྲི་མེད་དར་དམར་མཐོ་སྐོར་ལ། །ཁྱེའུའི་བྱང་སེམས་དཀར་པོ་དང་། །རྒྱ་མཚལ་དང་ནི་དྷ་དུ་རས། །གང་དགུག་གཟུགས་དང་མིང་བྱང་བྲི། །ནྲྀ་དང་བཅས་པའི་ལས་སྔགས་བརྗོད། །ཧ་ལོ་ཁུག་ཆོས་གླང་པོའི་སྣ། །མེ་ཏོག་གསུམ་གྱི་ཁུ་བས་བྱུག །རྩ་བའི་སྔགས་ཀྱི་མཐའ་བསྒྱུར་དུ། །ཆེ་གེ་མོ་ནིག་ནལ་ནིག་ནལ་པྲ་མོ་ཐུན་པྲ་མོ་ཐུན། ཧྃ་ཤང་བྲམ་ཁུག་དུང་ནྲྀ་སྭཱ་ཧཱ། ཞེས་པ་ཞག་གཅིག་བཟླས་ནས་ནི། །དབང་ཤེས་གོས་ཀྱི་


DNG014_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་ཡིས། །གང་འདོད་ཡིད་འོང་བུ་མོ་འདུ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བུ་མོ་འགུགས་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཟས་ནོར་ལོངས་སྤྱོད་སྲིས་སྨེའི་ཐབས། །ཕྱུག་པོའི་རང་ཐག་ལྟེ་ཕྱེ་དང་། །བཙད་པོའི་རུས་ཕྱེ་སྐམ་པོ་དག །བསྲེ་བའི་ཚ་ཚ་བཞེངས་པ་གཉིས། །དར་སྣས་གྲིལ་ལ་མ་སྒྱེད་འོག །རྫ་ཡི་ག་འུར་བཅུག་ལ་སྦ། །རྟེན་འདྲེལ་དེ་ཡི་སྦྱོར་བ་ལ། །བརྟེན་ནས་སྲིས་སྨེ་འཕེལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྲིས་འཕེལ་བར་བྱེད་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ལྷ་རྣམས་ཀུན་གྱིས་བཀུར་བའི་ཐབས། །ཟངས་སོགས་རིན་ཆེན་བྱང་བུ་ལ། །ལྷ་རྣམས་ཀུན་གྱི་གཟུགས་བྲིས་ཏེ། །དངོས་བསྐྱེད་སྤྱན་འདྲེན་བཀུག་བསྡིམ་བྱ། །རྩ་སྔགས་བཟླས་ཤིང་དར་སྣས་གྲིལ། །རང་གི་དམིགས་རྟེན་ཞབས་སུ་སྦ། །ཅུང་ཟད་གནད་ལ་དབབ་པར་བྱ། །དེས་ནི་ལྷ་རྣམས་ཀུན་གྱིས་བཀུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ལྷ་རྣམས་ཀུན་གྱིས་བཀུར་བར་བྱེད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མི་རྣམས་ཀུན་གྱིས་བཀུར་བའི་ཐབས། །ཏཱ་ལའི་ལོ་མ་ལ་སོགས་པ། །གཙང་མའི་ཤིང་གི་ལོ་མ་ལ། །སྐྱེས་པ་གྲིར་ཤིའི་སྙིང་ཁྲག་གིས། །ཡི་གེ་ནྲྀ་གཅིག་བྲིས་པའི་མཐར། །ཡོངས་འདུས་རྩ་བའི་སྔགས་ཀྱིས་བསྐོར། །གཞན་ཡང་ཡི་དམ་ལྷ་སྔགས་དང་། །མཚལ་གྱི་ཨཱ་ལི་ཀཱ་ལི་བྲི། །དེ་དག་དར་སྣས་གྲིལ་བྱས་ཏེ། །ས་སྣ་


DNG014_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡི་ཚ་ཚ་དང་། །ལྷན་ཅིག་ལྷ་རྟེན་ཞབས་སུ་སྦ། །རྣལ་འབྱོར་མི་རྣམས་ཡོངས་ཀྱིས་བཀུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མི་ཐམས་ཅད་ཀྱིས་བཀུར་བར་བྱེད་པའི་ཐབས་ཀྱི་ལེའུ་སྟེ་སོ་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མི་མ་ཡིན་གྱིས་བཀུར་བའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །སྤྲེའུ་དར་མའི་ཐོད་པ་རུ། །ཕ་བོང་ལོང་བུའི་ལོགས་དྲུག་ལ། །མཚལ་གྱིས་ཡི་གེ་ཏྲི་བྲིས་གཞུག །ལྷ་འདྲེ་མང་པོའི་མིང་བྱང་ཡང་། །གསེར་དང་མཚལ་གྱིས་བྲིས་པ་རྣམས། །ཟ་འོག་ཁུག་མའི་ནང་དུ་གཞུག །རྩ་སྔགས་བཟླས་ཤིང་བཀུག་བསྡིམ་བྱ། །རང་ཉིད་གང་དུ་གནས་པ་ཡི། །ཡི་དམ་ལྷ་རྟེན་འོག་ཏུ་སྦ། །རྟག་ཏུ་མི་མ་ཡིན་གྱིས་བཀུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མི་མ་ཡིན་ཐམས་ཅད་ཀྱིས་བཀུར་བར་བྱེད་པའི་ཐབས་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །བློ་དང་ཤེས་རབ་འཕེལ་བའི་ཐབས། །ག་བུར་ཙནྡན་དཀར་པོ་དང་། །སྨན་མཆོག་རྒྱལ་པོ་ཨ་རུ་ར། །གསེར་མདོག་རྨ་མེད་གཅིག་དང་ནི། །ལི་ཤི་ཛཱ་ཏི་ཨ་ག་རུ། །ཅུ་གང་གུར་གུམ་ཀ་ར་སྦྱར། །རིལ་བུ་ཉེར་གཅིག་བྱས་པ་རྣམས། །དྲི་མེད་དར་དཀར་ཁུང་དུ་གྲིལ། །པྲཛྙཱ་བ་ར་དྷ་ཧྲཱྀཿ། མ་ཨ་ནུ་བྷར་ཡིན་ནམ་ནུ་ཏར་ཨཱདྨ་ནཾ། སརྦ་པྲཛྙཱ་སིདྡྷི་སྭཱ་ཧཱ། ཞེས་པ་རྩ་སྔགས་ཤམ་བུ་ཅན། །འབུམ་ཕྲག་བཟླས་པའི་རིལ་བུ་དེ། །རང་ལུས་དྲོད་དང་མ་བྲལ་འཆང་། །བསྒྲུབ་ཚེ་ཤ་ཆང་སྒོག་སོགས་སྤང་། །ཟླ་བ་ཡར་འཕེལ་དུས་དང་སྤྲད། །བློ་དང་ཤེས་རབ་འཕེལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བློ་དང་ཤེས་རབ་འཕེལ་བར་བྱེད་པའི་ལེའུ་སྟེ་སོ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །


DNG014_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གྲེ་ལྕེ་བདེ་བར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་བལྟ། །ལྕེ་ནི་པད་དཀར་འདབ་བརྒྱད་གསལ། །དེ་སྟེང་ཤེལ་གྱི་རལ་གྲི་གཅིག །སོར་བཞི་འོད་ཟེར་བཅས་པར་བསྒོམ། །ངག་ཏུ་ཧྲཱྀ་བཾ་ཨེ་བརྗོད་པས། །རལ་གྲིའི་འོད་ཀྱིས་ལྕེ་ལ་དཀྲིས། །ལྕེ་ཞུ་རལ་གྲི་པད་དཀར་རྣམས། །དབྱེར་མེད་གཅིག་ཏུ་གྱུར་ནས་ཀྱང་། །དམིགས་བྲལ་ཡེ་ཤེས་ངང་ལ་གཞག །ཉེར་གཅིག་ལས་ཀྱི་སྦྱོར་བ་ཡིས། །གྲེ་ལྕེ་རབ་ཏུ་བདེ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གྲེ་ལྕེ་བདེ་བར་བྱེད་པའི་ཐབས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མིག་སོགས་དབང་པོ་གསལ་བའི་ཐབས། །རང་ཉིད་ཡི་དམ་གསལ་བ་ཡི། །མིག་ནི་གཡས་དང་གཡོན་པ་ལ། །ཡི་གེ་བྷྲི་ཀྵ་དཀར་དམར་བསྒོམ། །རྣ་བ་གཡས་དང་གཡོན་པ་ལ། །ཡི་གེ་ཥྚི་ཧླཱིཾ་སྔོ་ལྗང་བསྒོམ། །སྣ་བུག་གཡས་དང་གཡོན་གཉིས་ལ། །ཧཾ་བཾ་དམར་དང་སེར་པོར་བསྒོམ། །ཁ་ལ་ཡི་གེ་དྷཱིཿདཀར་བསྒོམ། །མཛོད་སྤུ་ཡི་གེ་ཧཱིཿལྗང་བསྒོམ། །སྙིང་གར་ཡི་གེ་ཧཱུཾ་མཐིང་བསྒོམ། །གསལ་གདབ་རང་རང་གནས་སུ་བསྡིམ། །ཉ་སྟོང་བརྒྱད་གསུམ་དག་ལ་བརྩམ། །ལན་རེ་བརྒྱ་དང་རྩ་བརྒྱད་དམིགས། །དེ་ལྟར་ལས་ཀྱི་སྦྱོར་བ་ཡིས། །དབང་པོ་ཐམས་ཅད་གསལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དབང་པོ་གསལ་བར་བྱེད་པའི་ཐབས་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །། དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མངོན་པར་ཤེས་པ་འཆར་བའི་ཐབས། །བདག་ཉིད་མོས་པའི་ལྷར་གསལ་བའི། །ཙིཏྟ་པདྨ་འདབ་བརྒྱད་ཀྱི། །སྙིང་གར་ཨཱ་ལི་


DNG014_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་དང་། །ཀཱ་ལིའི་ཕྲེང་བ་དམར་པོ་གསལ། །ཨཱ་ལི་གཡས་ལ་ཀཱ་ལི་གཡོན། །རབ་ཏུ་འཁོར་བའི་འོད་ཟེར་ནི། །དཀར་དམར་དཔག་ཏུ་མེད་འཕྲོས་པས། །བདག་གི་མ་རིག་མུན་བསལ་ཞིང་། །མངོན་ཤེས་ཐོགས་པ་མེད་འཆར་ཞིང་། །དུས་གསུམ་ས་ལེར་ཤེས་པར་དམིགས། །ནངས་པར་སྐྱ་རེངས་ཤར་བ་ནས། །དགོང་མོ་སྐར་མ་ཙག་ཙིག་བར། །རྟག་ཏུ་འབད་དེ་མངོན་ཤེས་འཆར། །ཐུན་པར་ཡེ་ཤེས་སེམས་དཔའ་ཡི། །ལས་སྦྱོར་དམ་པ་མངོན་ཤེས་འགྲུབ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མངོན་པར་ཤེས་པ་འཆར་བར་བྱེད་པའི་ལེའུ་སྟེ་སོ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གཡུལ་ལས་རྒྱལ་བར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་བསྐྱེད། །ཡན་ལག་མཐིལ་བཞིར་རྒྱལ་ཆེན་བཞི། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །རང་རང་བྲན་དང་བཅས་པ་བསྐྱེད། །སྐྲ་དང་བ་སྤུ་མཚོན་ཆར་གསལ། །གཡུལ་ལས་རྣམ་པར་རྒྱལ་བ་ཡི། །སྦྱོར་བ་དམིགས་པའི་འཕྲོ་འདུ་བྱ། །རྩ་སྔགས་སྟོབས་ཀྱི་དབང་པོས་བརྗོད། །ཁམས་དང་བསྟུན་པའི་རུ་དར་ཕྱར། །རིགས་དང་མཐུན་པའི་བདུད་རྩི་གཏོར། །གཡུལ་ལས་རབ་ཏུ་རྒྱལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གཡུལ་ལས་རྒྱལ་བར་བྱེད་པའི་ལེའུ་སྟེ་སོ་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྩོད་པ་ལས་ནི་རྒྱལ་བའི་ཐབས། །བདག་ཉིད་རྨ་བྱའི་རྒྱལ་པོར་བསྒོམ། །ཕ་རོལ་ཧ་ལ་འབར་བར་བསྒོམ། །རང་གི་ལྕེ་ནི་ཁབ་ལེན་རྡོ། །ཕ་རོལ་ལྕེ་ནི་ལྕགས་ཕྱེར་བསྒོམ། །མ་ཡེངས་དམིགས་པས་བརྩོན་པར་བྱ། །བདག་ཉིད་རྨ་བྱས་དུག་ཟོས་པས། །བཀྲག་དང་གཟི་མདངས་རབ་ཏུ་རྒྱས། །ཁབ་ལེན་རྡོ་ཡི་


DNG014_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བླངས་པས། །སྟོབས་དང་ནུས་པ་རབ་ཏུ་རྒྱས། །རྔམ་པའི་ཤུགས་ཀྱིས་གང་རྩོད་པ། །རང་ཉིད་རབ་ཏུ་རྒྱལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྩོད་པ་ལས་རྒྱལ་བར་བྱེད་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཚོང་ལས་རྒྱལ་བར་བྱེད་པའི་ཐབས། །བདག་ཉིད་ཡི་དམ་ལྷར་བསྐྱེད་པའི། །སྤྱི་བོ་ལ་སོགས་གནས་ལྔ་རུ། །ནོར་བུ་དབང་གི་རྒྱལ་པོ་སྟེ། །དཀར་དམར་མཐིང་སེར་ལྗང་བའི་མདོག །འོད་དང་གཟི་བརྗིད་འབར་བར་གསལ། །ཕ་རོལ་རྫས་ཀྱི་དངོས་པོ་རྣམས། །སྣ་ཚོགས་ནོར་བུ་མཆིང་བུ་ལྟར། །སྦུ་བར་བྱེད་པའི་ལས་སྦྱོར་ཚེ། །བདག་གི་ནོར་བུའི་འོད་ཟེར་གྱིས། །ཕ་རོལ་རང་དབང་མེད་པར་བཀུག །རང་རང་ནོར་བུ་ལྔ་ལ་བསྡིམ། །རྔམ་པའི་སྦྱོར་བ་ཤེས་པར་བྱ། །གང་བྱས་ཚོང་ལས་རྒྱལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཚོང་ལས་རྒྱལ་བར་བྱེད་པའི་ལེའུ་སྟེ་སོ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྒྱན་ལས་རྒྱལ་བར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །ལག་པ་གཡས་པས་ཐབས་ཆེན་ལྕགས། །གཡོན་པ་ཤེས་རབ་ཟངས་སུ་གསལ། །ཐབས་དང་ཤེས་རབ་ལས་སྦྱོར་གྱིས། །གང་ཡིན་རྒྱན་གྱི་ཆོ་ལོ་རྩེ། །གསལ་སྟོང་བདག་གཞན་དམིགས་པ་ཡིས། །སྣང་དང་མི་སྣང་ཉི་ཟླ་ཡི། །སྦྱོར་བ་བརྩམས་པས་བདག་ཉིད་རྒྱལ། །བདག་ཉིད་མི་གཡོ་རབ་བརྟན་ཅིང་། །ཕ་རོལ་གཡོ་བའི་སྦྱོར་བས་ཀྱང་། །གང་ཡིན་དེ་ལས་རྒྱལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྒྱན་ལས་རྣམ་པར་རྒྱལ་བར་བྱེད་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དད་བརྩོན་ལྡན་


DNG014_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྒྱུ་རྩལ་འགྲན་ལས་རྒྱལ་བའི་ཐབས། །བདག་ཉིད་དཔག་ཆེན་མདའ་གཞུར་དམིགས། །ཕ་རོལ་གཏད་པའི་འབེན་དུ་དམིགས། །ཡེ་ཤེས་ལྷ་ཡི་ལས་སྦྱོར་གྱི། །དམིགས་པ་གནད་ལ་གཟིར་བའི་ཚེ། །གང་དམིགས་དེ་ལ་ཕོག་ནས་ཀྱང་། །ཕྱེ་མ་རྡུལ་དུ་སོང་བར་བསམ། །མ་ཡེངས་དམིགས་པའི་རྩལ་བསྐྱེད་ཅིང་། །ཞུམ་པ་མེད་པར་འགྲན་པ་ཡི། །གང་འདྲེན་དེ་ལས་བདག་ཉིད་རྒྱལ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྒྱུ་རྩལ་ལས་རྒྱལ་བར་བྱེད་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དཔུང་ལས་རྒྱལ་བར་བྱེད་པའི་ཐབས། །རང་ཉིད་རི་རབ་ལྷུན་པོར་བསྒོམ། །ཕ་རོལ་རི་ཕྲན་ཕྲ་མོར་གསལ། །རི་རབ་ཆེན་པོའི་མངའ་འོག་ཏུ། །རི་ཕྲན་ལྷག་པའི་དབང་མེད་ཅིང་། །སྟོབས་ཀྱིས་ཟིལ་གྱིས་མནན་དམིགས་ཤིང་། །བདག་ཉིད་དཔའ་ཤུགས་ང་རྒྱལ་བསྐྱེད། །དཔུང་འཇོམས་ལས་ཀྱི་སྦྱོར་བ་བྱ། །དེས་ནི་དཔུང་ལས་རྒྱལ་འགྱུར་ཏེ། །བདག་ཉིད་བཅུ་ཕྲག་དཔུང་གིས་ཀྱང་། །ཕ་རོལ་འབུམ་ཕྲག་དཔུང་ཚོགས་འཇོམས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དཔུང་ལས་རྒྱལ་བར་བྱེད་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དོན་འགྲུབ་རྣམ་པར་རྒྱལ་བའི་ཐབས། །བདག་ཉིད་ཡི་དམ་ལྷར་གསལ་བའི། །གཡས་སུ་སེང་གེ་འགྱིང་བ་དང་། །གཡོན་དུ་སྟག་མོ་ངར་བ་དང་། །མདུན་དུ་གླང་ཆེན་སྟོབས་ལྡན་འགྲོ། །རྒྱབ་ཏུ་ཁྲོ་རྒྱལ་དམག་དཔུང་འགྱེད། །ཀླད་ན་མཁའ་ལྡིང་རྒྱལ་པོ་ལྡིང་། །དེ་ལྟར་རབ་ཏུ་གསལ་བསྒོམ་ཞིང་། །ཉམ་ང་མེད་པའི་


DNG014_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་འགྲོ། །གང་ཡིན་ལས་དོན་མྱུར་འགྲུབ་བསམ། །དོན་གང་ཐོགས་པ་མེད་པར་འགྲུབ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དོན་འགྲུབ་པར་བྱེད་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རིག་སྔགས་ཀུན་ལས་རྒྱལ་བའི་ཐབས། །བདག་ཉིད་དམིགས་མེད་མཁའ་ལྟར་བལྟ། །ཕ་རོལ་བདག་ལ་བྱད་བྱེད་པའི། །རིག་སྔགས་སྦྱོར་བ་གང་ཡིན་རྣམས། །མུན་པ་ཤིན་ཏུ་གནག་པར་དམིགས། །རང་གི་བསྒྲུབས་པའི་ལྷ་རྣམས་ནི། །ཉི་མའི་དཀྱིལ་འཁོར་རབ་རྒྱས་ནས། །མཁའ་ལ་ཤར་བའི་འོད་ཟེར་གྱིས། །མུན་པ་ཐམས་ཅད་རབ་བཅོམ་ནས། །ཉི་འོད་སྣང་བ་རྒྱས་དམིགས་དང་། །རྩ་སྔགས་བཟླས་སོགས་ལུས་ངག་ཡིད། །བྱང་ཆུབ་ལམ་གྱི་ཆོས་ལ་འབད། །ཉིན་རེ་ལན་རེའི་སྦྱོར་བ་ཡིས། །རིག་སྔགས་བྱེ་བའི་ཚོགས་ཀྱིས་ཀྱང་། །བདག་ལ་སྡིགས་པར་མི་འགྱུར་རོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རིག་སྔགས་ལས་རྒྱལ་བར་བྱེད་པའི་ཐབས་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །བློ་གྲོས་རྣམ་པར་རྒྱལ་བའི་ཐབས། །བདག་ཉིད་ཡི་དམ་ལྷར་གསལ་བའི། །སྙིང་གར་སྨྲ་བའི་སེང་གེ་བསྐྱེད། །མིག་གཡས་ཟླ་བའི་དཀྱིལ་འཁོར་ལ། །གཡོན་པ་ཉི་མའི་དཀྱིལ་འཁོར་བསྐྱེད། །དེ་ལྟར་གསལ་བའི་ངང་ལྡན་པས། །གཡོ་བ་མེད་པའི་ཏིང་འཛིན་གྱིས། །གང་ཡིན་ལས་དང་བྱ་བ་རྣམས། །ཟིལ་གྱིས་མནན་ནས་བརྩམ་པར་བྱ། །གཞན་སྣང་མི་བསྟུན་ཡ་མ་བརླ། །སྣང་སྲིད་བདེན་པར་མེད་པར་བཞག །བློ་གྲོས་རྣམ་པར་འཕེལ་ནས་ཀྱང་། །བསམ་འདུན་གང་སྤྱོད་ཆོས་དང་མཐུན། །བྱང་ཆུབ་ལམ་ལ་ཚུད་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་


DNG014_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བློ་གྲོས་འཕེལ་བར་བྱེད་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །བདག་ཉིད་ཆུས་སྲིད་རྒྱལ་བའི་ཐབས། །ཡི་དམ་ལྷ་དམིགས་སྙིང་ག་རུ། །རྣམ་ཐོས་སེང་གེ་ཞོན་པའི་བུ། །སེང་གེ་ཞོན་པའི་འཇོལ་བེར་ཅན། །ལག་ན་རྒྱལ་མཚན་ནེའུ་ལེ་འཛིན། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །རང་འདྲ་གནོད་སྦྱིན་འབུམ་སྡེས་བསྐོར། །ལས་བྱེད་ཕོ་ཉ་སྐར་ལྟར་འཁྲུགས། །ཀུན་ཀྱང་བདག་གི་ཆུས་སྲིད་སྐྱོངས། །དཔལ་དང་དབང་ཕྱུག་སྤེལ་བསམ་ཞིང་། །རྩ་སྔགས་འཛབ་ཀྱི་འབྲུག་སྒྲ་སྒྲོགས། །སྐབས་སུ་དམིགས་པ་ཡང་ཡང་གསལ། །ཆུས་སྲིད་རིམ་གྱིས་རྒྱས་ནས་ཀྱང་། །གང་བསམ་ཐུན་མོང་ལས་འབྲས་འགྲུབ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཆུས་སྲིད་རྒྱལ་བར་བྱེད་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མི་ཁ་སྨྲ་མཆུ་བཟློག་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །ས་སྣ་དགུ་ལ་བཟོས་པ་ཡི། །མཆོད་རྟེན་ནག་པོ་ཁྲུ་གང་ལ། །བང་རིམ་དགུ་པའི་ཁོང་གསེང་དུ། །ཙནྡན་བྱང་བུ་མཐོ་གང་ལ། །མི་ཁ་བཟློག་པའི་དམོད་མོ་དང་། །པར་ཤ་ཡ་ད་དྲེད་ཐུན་བྷྱོ། ཤ་ཤ་ར་ལི་ཏེ་པ་ཤུ་ཙི་མི་ཁ་སྨྲ་མཆུ་སརྦ་བྷྱོ་བྷྱོ་བཟློག་བཟློག །ཅེས་པ་བྲིས་པ་གཞུག་པར་བྱ། །གཞན་ཡང་དུག་ཁྲག་བལ་ཚོན་དང་། །སྔོ་ངད་སྒ་གཡེར་ལ་སོགས་པ། །སྣ་ཚོགས་མི་ཁའི་རྫས་ཀྱིས་བཀང་། །དེ་ལ་དར་རས་ནག་པོ་ཡི། །ཅོད་པན་གཟུགས་ལ་ཁྲམ་རིས་བྲིས། །དུས་གཉན་སྒོ་ཁང་སྟེང་དུ་བཞག །ཡང་ན་རང་གི་ཁང་པ་ཡི། །བྱང་ཤར་མཚམས་ཀྱི་ཟུར་དུ་བཞག །མི་ཁ་ཐམས་ཅད་བཟློག་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མི་ཁ་སྨྲ་མཆུ་བཟློག་པར་བྱེད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།


DNG014_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཉམས་གྲིབ་མི་གཙང་བསྲུང་བའི་ཐབས། །སྲད་བུ་ནག་པོ་སུམ་བསྒྲིལ་ལ། །མདུད་པ་ཉེར་གཅིག་བྱས་ནས་ནི། །རྩ་སྔགས་ཤམ་དུ་འདི་སྐད་གདགས། །ཀྲོ་ཏི་ཀཱ་ལི་སརྦ་པཱ་པཾ། མཾ་དུ་ས་མ་ཡཱ། བི་ན་སེ་ཤུདྡྷེ་ཤུདྡྷེ་མ་ཧཱ་ཤུདྡྷེ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་ཕྲག་བཟླས་ནས་ཀྱང་། །གུ་གུལ་དུད་པས་སྲད་བུ་བདུག །གང་གི་ལུས་ལ་བཏགས་དེ་ལ། །གྲིབ་དང་མི་གཙང་འཇིགས་པ་མེད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཉམས་གྲིབ་བསྲུང་བར་བྱེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །འབྱུང་པོའི་སུན་མ་བཟློག་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །རཏྣའི་རྡོ་རྗེ་རྩེ་ལྔ་ལ། །སྣ་ཚོགས་དར་གྱི་ཅོད་པན་གདགས། །ས་མནྟ་ཡི་སྲུང་སྔགས་ལས། །བརྒྱ་རྩ་བཟླས་ཤིང་རྡོ་རྗེ་གསོར། །གང་གནོད་ཕྱོགས་སུ་གདེངས་ཤིང་གཟིར། །རྡོ་རྗེ་ཁྲོ་རྒྱལ་འབར་བར་བསྐྱེད། །ཅོད་པན་མེ་རི་འབར་བ་ལས། །ཡང་སྤྲུལ་མེ་དང་མཚོན་ཆའི་ཆར། །གནམ་ལྕགས་ཐོག་ལྟར་རབ་འབར་ཞིང་། །གནོད་བྱེད་འབྱུང་པོའི་སུན་མ་རྣམས། །རང་རང་གནས་སུ་བཟློག་བསམ་ཞིང་། །བསྲུང་བའི་གོ་ཆ་བརྟན་པར་དམིགས། །དེས་ནི་ཕྱིན་ཆད་གནོད་མི་འགྱུར། །རྡོ་རྗེ་རང་ཉིད་གར་གནས་ཀྱི། །དབེན་པའི་ཕྱོགས་སུ་དམ་པར་སྦ། །སྐབས་སུ་དམིགས་པ་དྲག་སྔགས་དང་། །རྡོ་རྗེ་བཅས་པས་གཟིར་བར་བྱ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། འབྱུང་པོའི་སུན་མ་བཟློག་པར་བྱེད་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ནད་རིམས་


DNG014_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་མི་ཚུགས་ཐབས། །གླ་རྩི་བོང་ང་ཆུ་དག་དང་། །མུ་ཟི་ལྡོང་རོས་ཤིང་ཀུན་དང་། །རྟ་བོན་དྲི་ཆེན་བྱ་རྒོད་ཚིལ། །དེ་ལྟར་དགུ་ཡི་རིལ་བུ་དང་། །པྲ་མ་དྷ་ཧ་ར། ཀ་ར་ཤིཥྚ་ཀྵཾ་ནི། ཨ་ལི་ཀྵྱ་གྷ་གྷ་ས་མ་ཏྲི་ས་མ་ཏྲི་བྷྱཿཕཊ། དེ་ལྟར་རྩ་སྔགས་ཤམ་ཅན་ལ། །སྟོང་བཟླས་བསྲུང་བྱའི་མགུལ་དུ་བཏགས། །རྫས་ཀྱི་ཁུ་བས་སྔགས་ཀྱང་བྲི། །རིལ་བུ་སྲན་མའི་ཚད་དང་སྦྱར། །དེ་དག་ལུས་ལ་སུས་འཆངས་པ། །རིམས་ནད་འགོ་བའི་ནད་ལས་སྐྱོབ། །ཉམས་ན་ཡང་ཡང་གསོ་བར་བྱ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རིམས་ནད་ཀྱིས་མི་ཚུགས་པར་བྱེད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །འབྱུང་པོ་དག་གིས་མི་ཚུགས་ཐབས། །སྟག་མ་བེ་དཀར་འོམ་བུ་དང་། །སྐྱེར་པ་ཚེར་ནག་སེང་ལྡིང་དང་། །ཤུག་པ་བལ་དཀར་སོལ་ནག་སྟེ། །དེ་ལྟར་ཤིང་དགུ་སོར་བཞི་ལ། །རྩ་སྔགས་སྟོང་གིས་རབ་གནས་བྱ། །དར་ཚོན་སྣ་ལྔས་མི་མངོན་དཀྲི། །མི་ལག་མ་བརྒྱུད་བསྲུང་བྱ་ཡི། །ལུས་ལ་ཇི་སྲིད་གནས་ཀྱི་བར། །འབྱུང་པོས་མི་མངོན་སྒྲིབ་ཤིང་སྟེ། །བསྲུང་བའི་མཆོག་ཏུ་གྱུར་པའོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། འབྱུང་པོས་མི་ཚུགས་ཤིང་སྒྲིབ་པར་བྱེད་པའི་ལེའུ་སྟེ་ང་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མཚོན་གྱི་གནོད་པས་མི་ཚུགས་ཐབས། །གྲི་ལྕགས་རལ་གྲི་ཚོན་གང་ལ། །གྲི་ཁྲག་ཆུ་ཡི་ངར་བླུད་ལ། །དར་དམར་དག་གིས་མི་མངོན་གྲིལ། །རྩ་སྔགས་དང་ནི་བསྲུང་བའི་སྔགས། །པ་ར་བ་རི་ཐེད། ཡུམ་ཡུམ་ཡུམ་ཐེད། ཁྲོ་ཙེ་ཐེད། རྣོར་ཆུམ། མ་མ་ད་ཡུར་རཀྵྱཾ། ཀ་ལ་སྭཱ་ཧཱ། སྟོང་ཕྲག་བཟླས་ཤིང་ལག་མ་བརྒྱུད། །གང་ལ་བསྲུང་བར་འདོད་པ་ཡི། །ལུས་ལ་བཏགས་ཤིང་རབ་གནས་བྱ། །ཇི་སྲིད་རྫས་


DNG014_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་བྲལ་བར། །དེ་སྲིད་མཚོན་གྱིས་མི་ཚུགས་བསྲུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མཚོན་གྱི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་ང་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མཐུ་རྩལ་ཆེ་བར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །ཡ་སོ་ཁྲོ་བོ་བཅུ་རུ་བསྒོམ། །མ་སོ་ཁྲོ་མོ་བཅུ་རུ་བསྒོམ། །ལྕེ་ནི་གདུག་པའི་མཚོན་ཆར་བསྒོམ། །བ་སྤུ་གསེར་གྱི་རྡོ་རྗེ་ཕྱེད། །ཕྱི་འབུར་རབ་ཏུ་གཏམས་པ་ཡིས། །གོ་ཞུ་ལུགས་སུ་གོན་བཞིན་བསྒོམ། །རྩ་གནས་ལུས་ཀྱི་དྲ་མིག་རྣམས། །ལྕགས་ཞུན་དག་གིས་རབ་གང་ནས། །རྐང་རུབ་ལྕགས་སྡོང་ལྟ་བུར་བསྒོམ། །ཁྲོ་ཆུ་འབར་བ་ཧ་ལ་ལ། །མ་ཧཱ་ཁྲོ་ཆུ་ཧ་ལ་བྷྲཱུཾ། །མ་མ་ཀཱ་ཡ་རཀྵ་ཕ་ལ་ཧཱུཾ་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་དང་བཅས། །ཞག་བདུན་སྨྲ་བ་བཅད་ལ་བཟླས། །ལུས་ལ་ལྕགས་ཕྱེ་ཨ་རུ་ར། །ཆང་དང་སྦྱར་ལ་ཡང་ཡང་བྱུག །ལྕགས་སྲོག་གྲུབ་ནས་སྟོབས་ཀྱི་དཔལ། །མཐུ་རྩལ་རབ་ཏུ་རྒྱས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མཐུ་རྩལ་ཆེ་བར་བྱེད་པའི་ལེའུ་སྟེ་ང་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དུག་གིས་མི་ཚུགས་བསྲུང་བའི་ཐབས། །དུག་གིས་ངེས་པར་ཤི་བ་ཡི། །རུས་པ་དང་ནི་གསེར་གྱི་མདོག །སྨན་མཆོག་སྐྱོན་དང་བྲལ་བ་གཅིག །ཆ་མཉམ་བཏུལ་བའི་ཕྱེ་མ་ལ། །དུག་སྦང་ཁུ་བས་རིལ་བུ་སྦྱར། །མེ་དང་ཉི་མ་མ་མཐོང་བསྐམ། །ཧ་ལ་ཀཱ་ལ་ཕོས་ཕོས། ཀ་མ་ཙི་ཏྲི་ཧ་ལ་ཕོས། སརྦ་ཧ་ལ་ཀ་མ་ར་ཙི་དུན་ཕཊ་སྭཱ་ཧཱ། དེ་དག་རྩ་སྔགས་གཤམ་ལ་གདགས། །སྟོན་ཟླ་དར་དམར་ཁུད་དུ་གཏུམ། །གང་བསྲུང་མགྲིན་པའི་གནས་སུ་གདགས། །ལོ་རེ་བཞིན་དུ་སྔགས་རྣམས་བསྐྱར། །དུག་རིགས་ཐམས་ཅད་བསྲུང་བ་སྟེ། །ཡོད་རློམ་ཆེད་དུ་དུག་


DNG014_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟའ། །དེས་ནི་དམ་ཚིག་ཉམས་པའོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དུག་གིས་མི་ཚུགས་ཤིང་སྲུང་བར་བྱེད་པའི་ལེའུ་སྟེ་ང་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གཏད་དང་ཁྲམ་གྱིས་མི་ཚུགས་ཐབས། །མིང་རུས་མི་གཅིག་མི་དགུ་ཡི། །སྐྲ་སེན་མཛེ་ཕོའི་ཐོད་རུས་རྣམས། །རོ་རས་ནག་པོའི་ཁུག་མར་གྲིལ། །ལྕགས་བྱང་མིག་དགུའི་ཐེམས་སུ་ཞུགས། །རང་གི་མལ་འོག་དོང་དུ་མནན། །བདག་ཉིད་ལྷ་ཡི་ང་རྒྱལ་བསྐྱེད། །ཕ་རོལ་གཞན་ལ་སྲུང་བྱེད་ཀྱང་། །ཁྱད་པར་རྩ་སྔགས་བགྲངས་སུ་གཞུག །དེས་ནི་གཏད་དང་ཁྲམ་ལས་ཐར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གཏད་ཁྲམ་གྱིས་མི་ཚུགས་པར་བྱེད་པའི་སྲུང་བའི་ལེའུ་སྟེ་ང་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གཟའ་སྐར་ངན་པ་སྐྱོབ་པའི་ཐབས། །དུར་རྡོ་མཚལ་གྱི་ཁྲམ་རིས་ཅན། །ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིང་། །གཟའ་སྐར་ངན་པའི་འཇིགས་པ་ལས། །སྲུངས་སོགས་སྤེལ་ཚིག་གང་འདོད་ཀྱང་། །བྲིས་ནས་དེ་དང་ལྷན་ཅིག་དྲིལ། །དེ་ལྟར་བརྒྱད་བྱས་ཕྱོགས་མཚམས་སུ། །རང་ཉིད་གར་གནས་ས་རུ་སྦ། །གཟའ་སྐར་ངན་པའི་འཇིགས་པ་ཀུན། །སྔོན་ཆད་བྱུང་བ་གྲོལ་གྱུར་ཞིང་། །ཕྱིན་ཆད་གནོད་པ་མི་བྱེད་བསྲུང་། །ལོ་རེ་བཞིན་དུ་ལན་རེ་བསྐྱར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གཟའ་སྐར་ངན་པ་ལས་སྐྱོབ་པར་བྱེད་པའི་ལེའུ་སྟེ་ང་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དོན་གཉེར་ཕྱོགས་ངན་སྲུང་བའི་ཐབས། །སྐྱེར་བའི་བྱང་བུ་མཐོ་གང་ལ། །མཚལ་གྱིས་བྷྱོ་ཕཊ་ཉེར་གཅིག་བྲིས། །ངོས་གཅིག་དག་


DNG014_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟག་སེང་གཟུགས། །སྐྱེ་མཆེད་དོད་པ་མཁས་པས་བྲི། །འདོམ་གང་དབྱིག་པའི་རྩེ་ལ་བཏག །གར་འགྲོའི་ཕྱོགས་སུ་གོམ་དགུ་ཁྱེར། །དེ་ནས་བྱང་བུ་སྐེ་ལ་གདགས། །ཕྱོགས་ངན་ཉེས་པས་གོས་མི་སྲིད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཕྱོགས་ངན་སྲུང་བར་བྱེད་པའི་ལེའུ་སྟེ་ང་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དུས་མིན་འཆི་བ་བཟློག་པའི་ཐབས། །ཁམ་སའི་རང་གཟུགས་ལུས་ཚད་བཟོ། །དེ་ལ་རང་གི་གོས་བཀོན་ཞིང་། །ལུས་ཀྱི་དྲི་མ་ཕྱི་ལ་བྱུགས། །མིང་འདྲ་མཁན་འདྲའི་སྟོན་མོ་བཏང་། །ཞག་གཅིག་རང་དང་ལྷན་ཅིག་ཉལ། །དེ་ནས་རང་ཉིད་མུན་པར་གབ། །ལུས་ལ་ཐལ་ཆེན་རོ་སོལ་བྱུག །ཡི་དམ་ལྷ་ཡི་ཏིང་འཛིན་བསྒོམ། །རཱུ་པ་གྲུ་གསུམ་དེང་དུ་བདུར། །སྟེང་ནས་ས་སྣ་མང་པོས་བྱིབས། །གཟའ་དང་སྐར་མ་བཟང་ལ་གཏད། །ཤི་བདུར་ལུགས་དང་མཐུན་པར་བྱ། །དེས་ནི་དུས་མིན་འཆི་བ་བཟློག །ཚེ་ཚད་གནས་སུ་སྐྱོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དུས་མ་ཡིན་པར་འཆི་བ་བཟློག་པར་བྱེད་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གག་ལྷོག་གཉན་མཛེས་མི་ཚུགས་ཐབས། །གང་བསྲུང་ལྕགས་ཀྱི་ཕག་རྒོད་ནི། །འཇིགས་པ་རི་རྒྱུད་ཙམ་ཞིག་བསྒོམ། །ཕག་རྒོད་སོ་དང་ཤ་ཚིལ་དང་། །ཉ་སྦལ་སྡིག་པའི་ཤ་བསྲེས་ལ། །རྩ་སྔགས་ཁྲོ་ཆུའི་སྔགས་བཟླས་པས། །ངར་བླུད་བསྲུང་བྱའི་ལུས་ལ་བྱུག །གཉན་དང་མཛེ་ལྷོག་ལ་སོགས་པ། །ས་བདག་ཁྲོས་པའི་གནོད་པ་བསྲུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གག་ལྷོག་གཉན་མཛེ་ལ་སོགས་སྲུང་བར་བྱེད་པའི་ལེའུ་སྟེ་ང་དགུ་པའོ།། །།


DNG014_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཆར་པ་དབབ་པར་བྱེད་པའི་ཐབས། །སྦལ་གསོབ་གྲི་ཐལ་དག་གིས་བརྒྱང་། །ཀླུ་རྫས་མང་པོ་བཏབ་པ་ཡི། །ཆུར་སྦངས་སྟེང་ནས་རྫ་ཡིས་བཀབ། །ཀླུ་རྣམས་བཀུག་ཅིང་རྫས་ལ་བསྡིམ། །ཕྱི་རོལ་ཀླུ་ལ་མཆོད་གསོལ་བྱ། །ཆར་པ་དབབ་པའི་ཕྲིན་ལས་གཞོལ། །བྷ་རི་ཤ་ཡ་པ་ཏ་ལི་ཧཱུཾ་ཧཱུཾ། ནཱ་ག་ར་ཙ་ཙིཏྟ་ཕྲོམ་ཕྲོམ་དུ་ཕུ་རྦད་ཡ་ནཱ་ག་ར་ཙ་བྷ་རི་ཤ་ཡ་སརྦ་སིདྡྷི་སྭཱ་ཧཱ། སྟོང་ཕྲག་ཐེམ་ནས་ཆར་པ་འབྱུང་། །རྩ་བའི་སྔགས་དང་སྦྲེལ་ལ་བཟླས། །དེ་བར་ཤ་ཆང་སྒོག་པ་སྤང་། །ལས་གྲུབ་བཅས་བཤིག་གནས་སུ་བསྐྱོད། །དྲག་ཆར་མྱུར་དུ་འབབ་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཆར་དབབ་པར་བྱེད་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཆར་པ་གཅོད་པར་བྱེད་པའི་ཐབས། །སེང་ལྡེང་ཕུར་པ་སོར་བཞི་ལ། །གྲི་ཁྲག་དུག་གི་ཁུ་བ་ཡིས། །ཙཀྲ་བྷ་རི་ཤ་ནཱ་ག་དུ་ཙིཏྟ་རྦད་རམ། ས་མ་ཡ་རྦད་སྭཱ་ཧཱ། རྩ་སྔགས་གཤམ་ཅན་ཚར་གསུམ་བྲི། །ལ་ཆ་ཐང་ཚིལ་ནང་དུ་གཏུམ། །ཆུ་མིག་གཉན་པོའི་གཏིང་དུ་སྦ། །མ་བཏོན་བར་དུ་ཆར་པ་ཆད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཆར་པ་གཅོད་པར་བྱེད་པའི་ལེའུ་སྟེ་རེ་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྦུད་སྣ་བཟློག་པར་བྱེད་པའི་ཐབས། །ཁྱི་འབྲུག་གླང་ལུག་རུས་པ་དང་། །རིན་ཆེན་སྣ་ལྔ་བསྲེས་པའི་ས། །ཚ་ཚ་ཉི་ཤུ་རྩ་གཅིག་བཞེངས། །རབ་གནས་གཟུངས་སྔགས་ནང་སྙིང་བཅས། །སྦུད་སྣ་འོང་བའི་ཐད་དུ་བཀྲམ། །སྟོབས་ཆེན་ཁྲོ་བོའི་ང་རྒྱལ་བསྐྱེད། །ཤྭ་སྦུད་སྦུད་སྣ་བཟློག་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་


DNG014_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྦུད་སྣ་བཟློག་པར་བྱེད་པའི་ལེའུ་སྟེ་རེ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྐྱི་འདང་སེར་བ་བཟློག་པའི་ཐབས། །སེང་ལྡེང་ཕུར་པ་ཁྲུ་གང་ལ། །དར་ནག་རོ་རས་ཅོད་པན་བཏག །ཕུར་པའི་ལོགས་ལ་ཁྲོ་བཅུའི་སྔགས། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བྷི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། དག་པར་བྲིས་ཏེ་གུ་གུལ་དང་། །དུག་ཁྲག་ཁུ་བས་བྱུགས་བྱས་ཏེ། །ཁྲོ་བཅུའི་སྔགས་ཀྱིས་རྣོ་ངར་བླུད། །ཁྲོ་བོ་སྤྱན་དྲང་ཕུར་པར་བསྡིམ། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །སེར་བ་དབབ་དུས་ཕུར་པ་གཟིར། །སྔགས་བཟླས་སྟངས་སྟབས་སྡིགས་མཛུབ་བསྟན། །སྐྱི་འདང་སེར་བ་བཟློག་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སེར་བ་གཅོད་པར་བྱེད་པའི་ལེའུ་སྟེ་རེ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ནོར་ཕྱུགས་གོད་ཁ་སྲུང་བའི་ཐབས། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །གཅན་གཟན་དར་མའི་ཐོད་པ་རུ། །ནད་གདོན་བགེགས་ཀྱི་རཱུ་པ་ལ། །ཚོན་སྐུད་སྣ་ལྔས་བྱད་དུ་གཞུག །རོ་རས་ཡུགས་སའི་དོར་རྟས་གྲིལ། །དགུག་གཞུག་བྱས་ལ་བཅུག་ནས་ཀྱང་། །འབྲུ་ནག་ལ་སོགས་ཐུན་རྫས་ཀྱིས། །ཐོད་པ་དེ་དག་ཁེངས་པར་བྱ། །དམོད་བཅོལ་དྲག་སྔགས་གང་འོས་བཟླས། །རྒྱ་སྲང་ལམ་གསུམ་བཞི་མདོར་མནན། །རོག་ཡམ་རྡོ་རྗེ་རྒྱ་གྲམ་དང་། །འབྱུང་བ་མེ་ཆུས་མནན་ལ་བཞག །གོད་སྲི་ཟ་ལམ་དགྲ་ལ་གཏད། །ཟོར་དང་ཐུན་གྱི་ལས་རྣམས་བྱ། །དེས་ནི་གོད་ཁ་འབྱུང་མི་སྲིད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་


DNG014_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གོད་ཁ་སྲུང་བའི་ལེའུ་སྟེ་རེ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཆོམ་རྐུན་འཆིང་བར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །དུག་ཤོག་རོ་རས་མཐོ་གང་ལ། །ཆོམ་རྐུན་དགྲ་ཡི་གཟུགས་བྲིས་ནས། །ཞིང་ལྤགས་ཁུག་མའི་ནང་དུ་གཏུམ། །གནོད་བྱེད་སརྦ་ཤ་ཏྲུཾ་བྷནྡྷ་ཡ་བྷནྡྷ་ཡ། སརྦ་ཤ་ཏྲུཾ་ལོ་ཀ་བྷནྡྷ་ཡ། མ་ར་ཎ། ད་ཧ་ད་ཧ། པ་ཙ་པ་ཙ། སྟྲཾ་བྷ་ཡ། ནཱ་ཤ་ཡ་བྷནྡྷ་ཡ་ཕཊ། ཅེས་པ་རྩ་སྔགས་གཤམ་ལ་གདགས། །བརྒྱ་ཕྲག་ལ་སོགས་ཅི་འགྲུབ་བཟླས། །ཞིང་ལྤགས་གང་བསྲུང་གཙོ་ལ་གདགས། །དེ་ལ་གང་འཁྲི་ཐམས་ཅད་བསྲུང་། །ཆོམ་རྐུན་དག་གིས་གནོད་མི་བྱེད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཆོམ་རྐུན་འཆིང་བར་བྱེད་པའི་ལེའུ་སྟེ་རེ་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གཅན་གཟན་གདུག་པའི་ཁ་འཆིང་ལ། །དུག་ཤོག་དག་ལ་གཅན་གཟན་གཟུགས། །ལྕགས་སྒྲོག་དག་གིས་བྱད་གཞུག་ཅིང་། །ཁ་གདོང་རྡོ་རྗེ་རྒྱ་གྲམ་བྲི། །ལྟོ་བར་ཙཀྲ་རྩིབས་བརྒྱད་བསྐོར། །དུ་ན་ས་ཁཾ་ཨ་མུ་ཀ་ཕཊ། རྩིབས་བརྒྱད་དག་ལ་འབྲུ་བརྒྱད་བཀོད། །ལྟོ་བར་གཅན་གཟན་གང་ཡིན་གྱི། །མིང་མཐར་མཱ་ར་ཡ་ཆིངས་བྲི། །མཐའ་མ་དྲག་པོའི་སྔགས་ཀྱིས་བསྐོར། །གནོད་བྱེད་ཙཀྵུ་མུ་ཁཾ་བྷན་དྷ་ཡ། ཙཀྲ་ཝར་ཏི་གཅན་གཟན་ཆེ་གེ་མོ་མཱ་ར་ཡ། དུ་ན་ས་ཁཾ་ཨ་མུ་ཀ་ཕཊ། གཅན་གཟན་གདུག་པའི་ཁ་སྡོམས། ལུས་རེངས། སེམས་མྱོས། ) དབང་པོ་མཱ་ར་ཡ་ཆིངས་ཤིག །དེ་ལྟར་དམོད་པའི་དྲག་སྔགས་རྣམས། །བྲིས་པ་ངག་ཏུ་བརྒྱ་ཕྲག་བཟླས། །དེ་ནི་ཞ་ཉེའི་ཆུ་ཡིས་བྱུག །རང་གཤེད་རང་རང་རིགས་འདྲ་བའི། །མཆེ་བ་ཅན་གྱི་ཐོད་པར་གཞུག །གཅན་གཟན་རྒྱུ་བའི་སྲང་ལ་མནན། །དེས་ནི་གཅན་གཟན་གདུག་པ་འཆིང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་


DNG014_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྲོག་ཤིང་ལས། གཅན་གཟན་གདུག་པའི་ཁ་འཆིང་བར་བྱེད་པའི་ལེའུ་སྟེ་རེ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དུག་སྦྲུལ་ཁྱི་སྨྱོན་ལ་སོགས་པ། །སོ་དུག་ཅན་རྣམས་སྲུང་བའི་ཐབས། །གླ་རྩི་བོང་ང་ནག་པོ་དང་། །རིན་ཆེན་གསེར་དངུལ་གཡའ་དང་ནི། །བྱི་ཚེར་ལ་ཆ་ཕྱེ་མ་རྣམས། །དྲི་ཆེན་དག་དང་ལྷན་ཅིག་བཏུལ། །ཧ་ལ་བཱི་རྩེ་མླཱ་མླཱ། ཤྭ་ན་ཧཾ་བ་ན་ཀ་བ་ཙི་ཧ་ལ་མ་ར་ཎ་ཕཊ། དེ་ལྟར་རྩ་སྔགས་བཅས་པ་ལ། །གཞན་ཚིག་མ་འདྲེས་སྟོང་ཕྲག་བཟླས། །ཐུམ་པོ་བྱས་ཏེ་ལུས་ལ་བཏག །དེས་ནི་སོ་དུག་ཐམས་ཅད་བསྲུངས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སོ་དུག་ཐམས་ཅད་སྲུང་བར་བྱེད་པའི་ལེའུ་སྟེ་རེ་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྨོངས་པོ་སྲིད་དང་འཕྲད་པའི་ཐབས། །མི་རྟ་བོང་བུའི་ས་བོན་དང་། །གཡག་ལུག་ར་གསུམ་ཐུག་པོ་ཡི། །འབྲས་བུ་བཏུལ་བའི་ཕྱེ་མ་རྣམས། །ཙནྡན་དཀར་དམར་ག་པུར་དང་། །ཛ་ཏི་ཨ་རུ་ར་རྣམས་བཏུལ། །སྦྲང་སྨྱོན་དག་གིས་རིལ་བུ་བསྒྲིལ། །རི་དྭགས་གླ་བའི་རིལ་མ་ཙམ། །པུ་ཏྲ་སིདྡྷི་ཀུ་རུ་བྷ་ས་བྷ་ས་མ་རི་ཏེད་ཕོབ་ཕོབ། རྩ་སྔགས་བཅས་པ་འབུམ་བཟླས་ཤིང་། །ལྟོ་སྟོང་གར་ཆང་དག་གིས་ཕུལ། །ཕོ་མོ་གང་ལ་བཏང་གྱུར་ན། །སྲིད་དང་ལྡན་པར་གདོན་མི་ཟ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྲིད་འཕེལ་བར་བྱེད་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྲིད་འཕེལ་ཕོ་རུ་བསྒྱུར་བའི་ཐབས། །གདུག་པ་སྦྲུལ་


DNG014_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་པགས་པ་ལ། །སྐྱེས་པའི་ས་བོན་མཚལ་བསྲེས་པས། །ཧ་ཁྲ་མ་པུ་ཏྲ་བི་ཛ་ཧྲིང་། གཟབ་ཏུ་བྲིས་ཏེ་དར་དཀར་གྲིལ། །བུད་མེད་སྦྲུམ་མའི་ལུས་ལ་བཏག །སྐར་མ་རྒྱལ་དང་སྤྲད་པ་གཅེས། །དེས་ནི་སྲིད་རྣམས་ཕོ་རུ་འབྱུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྲིད་ཕོ་རུ་བསྒྱུར་བའི་ལེའུ་སྟེ་རེ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྟ་ཕྱུགས་ལ་སོགས་སྲིད་འཕེལ་བར། །སྲེ་མོའི་པགས་པ་གསོབ་བཤུས་ནས། །གང་གི་སྲིད་འཕེལ་འདོད་པ་ཡི། །སྤུ་ལ་སྲད་བུ་བྱས་ནས་ཀྱང་། །དར་ཚོན་སྣ་ལྔས་དེ་དག་གྲིལ། །གསེར་དངུལ་ལ་སོགས་རིན་ཆེན་དང་། །འབྲུ་སྣ་རྣམས་ཀྱིས་གང་བ་བྱས། །ཕྱུགས་ལྷས་ལ་སོགས་ར་བ་ཡི། །རྟ་ཕྱུགས་དྲེས་ཀྱི་སྟེང་དུ་གདགས། །དེས་ནི་རྟ་ཕྱུགས་སྲིད་འཕེལ་ནས། །ཕྱུག་པོ་གཡང་ཆེན་དག་ཏུ་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྟ་ཕྱུགས་ལ་སོགས་ནོར་གྱི་སྲིད་འཕེལ་བར་བྱེད་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མི་དང་རྟ་ཕྱུགས་ལ་སོགས་པའི། །སྲིད་རྣམས་སྲུང་བར་བྱེད་པའི་ཐབས། །ཟངས་དང་ཞ་ཉེ་དུང་གི་ཤོ། །མཚལ་བྱུག་དམར་པོ་དར་དཀར་གྲིལ། ཤོ་ཤཾ་ཧཾ་ཛྙེ་པ་ར་ཕཊ་དུ་རྦད་རྦད་པྲ་མ་ནི་པུ་ཏྲ་དྷ་རི་རཀྵྱཾ་རཀྵྱཾ་དུ་སྭཱ་ཧཱ། རྩ་སྔགས་བཅས་པས་བརྒྱ་རྩ་བཟླས། །སྲིད་དང་ལྡན་པའི་ལུས་ལ་གདགས། །སྲིད་ལ་གེགས་མེད་མཐར་ཕྱིན་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྲིད་སྲུང་བར་བྱེད་པའི་ལེའུ་སྟེ་དོན་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །


DNG014_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཕ་རོལ་གདུག་བྱེད་ངག་གནོན་ཐབས། །ཞ་ཉེའི་བྱང་བུ་མིག་དགུ་ལ། །ཁ་སྦྱོར་བར་དུ་དམིགས་བྱ་ཡི། །རཱུ་པ་ལྕེ་བརྐྱང་བྲང་ཁེབས་སྟེང་། །མཚལ་གྱིས་རྡོ་རྗེ་རྒྱ་གྲམ་བཀོད། །ཡན་ལག་བྱད་དུ་བཅུག་པ་ཅན། །བྲིས་ཏེ་ཟག་པའི་རྫས་དང་བཅས། །བྱང་བུར་གཏེམས་ནས་ཚོན་སྐུད་གྲིལ། །བདག་ཉིད་ལྷ་ཡི་ང་རྒྱལ་བསྐྱེད། །དམིགས་བྱའི་རྣམ་ཤེས་བཀུག་ལ་བསྡིམ། །གང་འཐད་རྭ་ཅོའི་ནང་དུ་གཞུག །ཁོ་ཡི་འགྲིམ་ལམ་ས་རུ་མནན། །སྨྲ་མི་ཤེས་ཏེ་ལྐུགས་པ་འམ། །ཁ་ལྕེ་དིག་པར་གདོན་མི་ཟ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ངག་གནོན་པར་བྱེད་པའི་ལེའུ་སྟེ་དོན་གཉིས་པའོ།། །། དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ངག་མནན་འགྲོལ་བར་བྱེད་པའི་ཐབས། །ཙནྡན་དཀར་པོའི་བྱང་བུ་ལ། །མཚལ་དང་ག་པུར་བསིལ་བའི་ཆུ། །རང་རང་ཡི་དམ་ལྷ་སྔགས་དང་། །བྷ་ག་ཝ་ཏི་ཨ་པ་རི་མི་ཏ། ཝཱ་ཀ་ས་མ་ཡ་བྷཱུཾ་པྲ་ཝེ་ཤ་ཡ་ཕཊ། ཅེས་པ་ཚར་གཅིག་བྲིས་པ་ལ། །རང་སྔགས་སྟོང་གི་རབ་གནས་བྱ། །ནང་མ་ཉེར་གཅིག་དེ་ལ་ལྡག །ངག་མནན་དེ་ལས་གྲོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ངག་མནན་འགྲོལ་བར་བྱེད་པའི་ལེའུ་སྟེ་དོན་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ལྟས་ངན་ཆོ་འཕྲུལ་གཏོང་བའི་ཐབས། །བྱ་རོག་འུག་པ་ཝ་སྤྲེའུ་ཤ །སྲེ་མོའི་སླུད་བུར་གཞུག་པར་བྱ། །ཡུགས་སའི་སྐྲ་ཡི་སྲད་བུ་གདགས། །གླད་ལ་བསྐོར་ཞིང་ས་ལ་བརྡབ། །དམིགས་བྱའི་མིང་བྱང་ནང་དུ་གཞུག །ཨ་ཧཾ་གུལ་གུལ་མྱག་མྱག །པྲ་མོ་ནི་པྲ་མོ་ཐུན། པྲ་མོ་ཏྲ་མ་ནི་ཧཾ་ཧཾ། ཨ་ཡ་མ་དུ་རུ་ཙ་ཤ་ན་


DNG014_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ། ཀུ་ཆོ་ཆོ། དྲེང་དྲེང་། རྒྱུག་རྒྱུག །པ་ར་ལིང་ཕཊ་བྷྱོ། ཞག་བདུན་མུན་པའི་གླིང་དུ་བསྒྲུབ། །གང་དམིགས་དགྲ་ཡི་མིང་སྤེལ་ཡང་། །ཧཾ་དང་ཨ་ཡི་བར་དུ་གཞུག །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་ཀྱིས། །ཆོ་འཕྲུལ་སྣ་ཚོགས་སྟོན་པར་འགྱུར། །དང་པོ་རང་ལ་འབྱུང་བ་སྟེ། །དེ་བྱུང་དགྲ་ལ་དམིགས་པ་རྦད། །སྐུལ་བྱེད་ལས་ཀྱི་གཏོར་མ་བཏང་། །ཕ་རོལ་ཁུ་འཕྲིག་སློང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ལྟས་ངན་ཆོ་འཕྲུལ་འབྱེད་པའི་ལེའུ་སྟེ་དོན་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ལྟས་ངན་ཆོ་འཕྲུལ་བཟློག་པའི་ཐབས། །ཐོད་པ་མཚན་ངན་དག་གི་ནང་། །བྲ་སྲན་འབྲུ་ནག་དག་གིས་བཀང་། །སྐྱེར་པ་ཚེར་ནག་སེང་ལྡེང་གི། །ཕུར་པ་མཐོ་རེ་བྱས་པ་ལ། །ས་མ་ཡ་ཡེ་ཀེ་ཙིཏྟ་རྦད་བྷྱོ། ཨ་ར་ལི་ཡེ་ཀེ་ཙིཏྟ་ས་མ་ཡ། དུ་རུ་ཀ་ཤ་ཕ་མ་སྲི་ཏོད་བ་ཝེ་ཟློག་བྱེར་ཟློག་བྱེར། དུག་ཁྲག་དམིགས་བྱ་མང་དུ་བྲི། །དེ་དག་དེ་ཡི་ནང་དུ་བཅུག །སྟེང་ན་རོ་རས་ལྡིང་གུར་ཕུབ། །རང་གཞན་གང་ཡིན་ཁང་ཕུག་སྦ། །ལྟས་ངན་ཆོ་འཕྲུལ་གང་ཡང་བཟློག །སྡིགས་པར་མི་འགྱུར་ཕར་ལ་སྡིགས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ལྟས་ངན་ཆོ་འཕྲུལ་བཟློག་པའི་ལེའུ་སྟེ་དོན་ལྔ་པའོ།། །། དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མཐུན་གཉིས་མི་མཐུན་འབྱེད་པའི་ཐབས། །རྟ་རྨིག་གཡག་གི་རྭ་ཅོ་ལ། །གང་བྱེད་སོ་སོའི་མིང་རུས་བྲི། །བྱ་རོག་འུག་པའི་པགས་པས་གཏུམ། །དམིགས་བྱའི་ཟག་རྫས་གང་རྙེད་བྱུགས། །སོ་སོའི་ལྷ་རྟེན་འོག་ཏུ་མནན། །མྱུར་དུ་སོ་སོར་འབྲལ་བར་འགྱུར། །ལས་གྲུབ་རྫས་བཏོན་བཤིག་པར་བྱ། །ཇི་ལྟར་མཐུན་ཡང་འབྲལ་


DNG014_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དབྱེ་བ་འབྱེད་པའི་ལེའུ་སྟེ་དོན་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དབྱེ་བ་མཐུན་པར་བྱེད་པའི་ཐབས། །རྒྱུན་འབབ་ཆུ་སྣ་དགུ་བླངས་ལ། །བ་ར་འབྲི་ཡི་འོ་མ་དང་། །ཙནྡན་ག་པུར་ལ་སོགས་པ། །དྲི་བཟངས་སྣ་ཚོགས་བཏབ་པ་ལ། །ལྷ་སྔགས་གང་ཡིན་འབུམ་བཟླས་པའི། །ཆུ་དེ་གང་གང་མི་མཐུན་པ། །རྐང་ལག་གདོང་སོགས་ལུས་རྣམས་བཀྲུ། །དྲི་ཁུས་སྦྲུས་པའི་རང་རང་གཟུགས། །དུག་ཤིང་མེ་ལ་བསྲེགས་ནས་ཀྱང་། །དེ་ལ་རང་རང་ལུས་པོ་བཤུར། །ལན་གསུམ་བསྐྱར་བར་གྱུར་པ་ནི། །ཇི་ལྟར་འཐབ་བྱེད་རྩོད་པ་ཡང་། །མཐུན་ཅིང་ཉེས་པ་གྲོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དབྱེ་བར་མཐུན་པར་བྱེད་པའི་ལེའུ་སྟེ་དོན་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གནོད་བྱེད་ཁྲམ་ལ་འདེབས་པའི་ཐབས། །དྲག་པོའི་ཤིང་ལ་བྱས་པ་ཡིས། །ཁྲམ་ཤིང་སོར་བཞི་ཁྲུ་གང་པ། །དུག་ཁྲག་དག་གིས་ཁྱབ་པར་བྱུགས། །ལོགས་ལ་སྟག་རེ་གླང་ཁྲག་དང་། །རོ་སོལ་བསྲེས་པའི་སྣག་ཚ་ཡིས། །གནོད་བྱེད་དགྲ་བགེགས་ཆེ་གེ་མོ། །ལྷ་ཡི་ཁྲམ་ལ་ད་ཐོབ་ཅིག །དེ་སོགས་སྡེ་བརྒྱད་ཁྲམ་ཡིག་བཀོད། །རོ་རས་ནག་པོས་གྲིལ་བྱས་ལ། །སྡེ་བརྒྱད་འགྱུ་སྲང་གནས་སུ་མནན། །དམིགས་བྱ་སྡེ་བརྒྱད་ཁྲམ་ལ་འདེབས། །མི་འདོད་སྣ་ཚོགས་དེ་ལ་འབྱུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དགྲ་བོ་ཁྲམ་ལ་འདེབས་པར་བྱེད་པའི་ལེའུ་སྟེ་དོན་བརྒྱད་པའོ།། །།


DNG014_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཁྲམ་ལ་ཐེབས་པ་ཕྱི་བའི་ཐབས། །རང་ལུས་གཟུངས་སྔགས་ཆུ་ཡིས་བཀྲུ། །གུ་གུལ་དྲི་ཆེན་དུད་པས་བདུག །ཚ་ཚ་གཉིས་པའི་ས་འདག་གིས། །མགོ་ལུས་མེད་པར་ཁྱབ་པར་བྱུག །གཅེར་བུ་ཕྱོགས་བཅུར་འོ་དོད་འབོད། །སླར་ཡང་དུར་ཐལ་ལུས་ལ་བྱུག །དུད་འགྲོ་མང་པོའི་སྐད་འདོན་ཞིང་། །བདག་ཉིད་ཆེ་གེ་མོ་ལྷ་ཡི་ཁྲམ་ལ་ཐེབས་པ་ཕྱིས། །དེའི་འགྲེས་ཡོངས་ཀྱི་ཁྲམ་ཕྱིས་བརྗོད། །དེ་ནས་རང་གི་དྲི་ཆུ་ཡིས། །ལུས་བཀྲུ་གུ་གུལ་དུད་པས་བདུག །གང་གིས་ཁྲམ་ལ་བཏབ་གྱུར་ཀྱང་། །ལན་གསུམ་དག་གིས་གྲོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཁྲམ་ཁ་ཕྱི་བར་བྱེད་པའི་ལེའུ་སྟེ་དོན་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གནོད་བྱེད་བྱད་དུ་གཞུག་པའི་ཐབས། །ཤི་སྐྲའི་སྲད་བུ་འདོམ་གང་བས། །དམིགས་བྱའི་ལུས་ཚད་རཱུ་པ་བཀྱིག །རཱུ་པ་འབྲུ་ནག་སོགས་ལ་བྱ། །དེ་ཡི་སྙིང་གར་མིང་བྱང་གཞུག །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །དམིགས་བྱའི་རྣམ་ཤེས་བཀུག་ལ་བསྡིམ། །དུས་གཉན་དྲག་པོ་ནམ་ཕྱེད་དུས། །རྒྱ་སྲང་ལམ་གྱི་གཞི་མདོར་མནན། །ལྷ་འདྲེའི་མིང་འབོད་དམོད་བཅོལ་བྱ། །སྟེང་དུ་དཔལ་གྱི་རྟ་བྲོ་བརྡུང་། །དམིགས་བྱ་རེངས་དང་འཁུམས་ནས་ཀྱང་། །ལུས་ངག་ཡིད་གསུམ་ཉམས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གནོད་བྱེད་བྱད་དུ་གཞུག་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །


DNG014_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་བྱད་ལས་གྲོལ་བའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །བསྲུང་བྱ་གང་ཡིན་མདུན་དུ་བཞག །དང་པོ་བྱད་ཐག་སྔོ་དམར་གྱིས། །མགོ་སོགས་ཡན་ལག་བཀྱིག་ཚུལ་བྱ། །མདུན་དུ་དུག་ཤིང་ཧོམ་མེ་སྤར། །རལ་གྲིའི་སོ་ལ་རྩ་སྔགས་མཐར། །ཧྲི་ཧྲི་མ་མ་པ་ཤ་པྲ་ཡོ་ག་ན་མཿཧྲི་དྷི་སརྦ་པཱ་པཾ་ཡཀྵ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་པ་བརྒྱ་ཕྲག་བཟླས་པ་ཡིས། །རལ་གྲིའི་བྱད་ཐག་ཐམས་ཅད་བཅད། །དུག་ཤིང་མེ་ལ་བསྲེག་པར་བྱ། །ལྷ་སྔགས་བཟླས་པའི་ཆུ་དག་གིས། །བསྲུང་བྱའི་ཁ་ལག་གདོང་སོགས་བཀྲུ། །གུ་གུལ་དཀར་པོའི་དུད་པས་བདུག །བྱིན་བརླབས་ཅན་གྱི་ལྷ་རྟེན་ལ། །ཕྱག་དང་སྐོར་བ་བྱེད་དུ་གཞུག །བྱད་དུ་བཅུག་ལས་གྲོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བྱད་དུ་བཅུག་པ་ལས་གྲོལ་བར་བྱེད་པའི་ལེའུ་སྟེ་གྱ་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གང་དག་རྨུགས་པར་བྱེད་པའི་ཐབས། །གང་ལ་བྱེད་པའི་མིང་རུས་བྲི། །བྱ་ནག་སྒོང་སྐོག་ནང་དུ་གཞུག །དམིགས་བྱའི་རྣམ་ཤེས་བཀུག་ལ་བསྡིམ། །བོང་བུའི་སྦངས་དང་ས་ནག་བསྲེ། །གནག་ལྕེའི་གའུ་བྱས་པར་གཞུག །ཁྲི་ལམ་ཆེན་པོའི་འོག་ཏུ་མནན། །དམིགས་བྱ་རྨུགས་ཤིང་འཐོམ་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དགྲ་བོ་རྨུགས་པར་བྱེད་པའི་ལེའུ་སྟེ་གྱ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྨུགས་ཤིང་འཐིབ་ལས་གྲོལ་བའི་ཐབས། །རང་གི་དབང་པོའི་རྫས་རྣམས་དང་། །ས་སྦྱིན་བསྲེས་པའི་རཱུ་པ་ནི། །མཐོ་གང་སྐྱེ་མཆེད་དོད་པར་བཟོ། །


DNG014_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མི་གཙང་རྫས་ཀྱིས་བྱུགས། །མིང་རུས་མི་གཅིག་དགུ་དག་གི། །དྲི་ཆེན་དྲི་ཆུ་ལ་སོགས་པ། །བ་ར་འབྲི་ཡི་འོ་མ་དང་། །ཆུ་སྣ་མི་གཅིག་དགུ་བསྲེས་ལ། །དྲི་བཟང་ཁ་ཚར་བཏབ་པས་བཀྲུ། །ཏིལ་དང་ཉུང་དཀར་དུད་པས་བདུག །མཐར་ནི་རཱུ་པ་ཆུ་ཡིས་བཤིག །དེ་དག་ཕྱོགས་མཚམས་ཀུན་ཏུ་དོར། །རྨུགས་ཤིང་འཐིབ་ལས་གྲོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྨུགས་འཐིབ་ལས་གྲོལ་བར་བྱེད་པའི་ལེའུ་སྟེ་གྱ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གང་དག་རེངས་པར་བྱེད་པའི་ཐབས། །གཡག་ལུག་རྭ་དང་གཙོད་དང་ནི། །རྒྱ་དང་གླང་བུ་ཤ་བ་དང་། །གཉན་དང་དགོ་བའི་རྭ་ཅོ་དགུ། །བརྡར་བའི་ཕྱེ་ལ་ཁམ་ས་བསྲེ། །དམིགས་བྱའི་རཱུ་པ་བརྒྱད་པ་ཅན། །མཐོ་གང་སྐྱེ་མཆེད་དོད་པ་ལ། །ཤིང་རིགས་མི་མཐུན་དགུ་དག་གིས། །རྩང་ཐུར་བྱས་ཏེ་ལུས་ལ་བཙུག །ཤི་སྐྲའི་སྐུད་པས་རྒྱ་གྲམ་བཅིངས། །རི་བོ་ཆེན་པོའི་རྩེ་ལ་བསྐྱལ། །གཡའ་སྒྲོམ་བྱས་པའི་ནང་དུ་གཞུག །དམིགས་བྱ་ཡན་ལག་རེངས་པར་འགྱུར། །ལུས་ཀྱང་གཡོ་འགུལ་མི་ཤེས་འབྱུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དགྲ་བོ་རེངས་པར་བྱེད་པའི་ལེའུ་སྟེ་གྱ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རེངས་པ་གྲོལ་བར་བྱེད་པའི་ཐབས། །དམིགས་བྱ་དོང་བྲུས་ནང་དུ་གཞུག །སྟེང་ན་ཁ་ལེབ་བྱས་པའི་མཐར། །མིང་རུས་མི་གཅིག་མི་དགུ་ཡིས། །བྲོ་བརྡུང་ཤིང་སྣའི་དུད་པ་བཏང་། །དེ་ནས་བཏོན་ལ་གཟུངས་ཆུས་བཀྲུ། །རས་དཀར་དག་གིས་ལུས་ལ་ཕྱི། །དུག་དུང་ཡིན་ནམ་གི་ཁུ་བ་དཀར་པོ་ཡིས། །ལུས་


DNG014_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨཱ་ལི་ཀཱ་ལི་བཀོད། །དེ་ལྟར་ལན་གསུམ་བྱས་པས་གྲོལ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རེངས་པའི་སྦྱོར་བ་འགྲོལ་བར་བྱེད་པའི་ལེའུ་སྟེ་གྱ་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མིག་ནད་སེལ་བར་བྱེད་པའི་ཐབས། །ནང་པར་མི་ཚིག་མ་འདྲེས་པར། །རང་གི་དྲི་ཆུ་དྲོད་མོ་ཡིས། །མིག་བཀྲུ་བསྐམས་ནས་ལག་པས་མཉེ། །སོ་ལ་ཆགས་པའི་དྲི་མ་ཡིས། །ལག་གཡོན་སྲིན་ལག་དག་གིས་བྱུག །བསྟུད་དེ་ནང་མ་ཉེར་གཅིག་བྱ། །མིག་སྐྱོན་རབ་རིབ་མི་འབྱུང་ཞིང་། །སྐྱོན་མེད་ཡོན་ཏན་ལྡན་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མིག་གི་དབང་པོ་གསལ་བར་བྱེད་པའི་ལེའུ་སྟེ་གྱ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མགུལ་ནད་ཞི་བར་བྱེད་པའི་ཐབས། །ཡུང་བ་ཆུ་དག་དཀར་པོ་དང་། །རུ་རྟ་ཙནྡན་དཀར་པོ་རྣམས། །བདུད་རྩི་དབང་པོའི་ལག་དང་སྦྱར། །རིལ་བུ་སྲན་མ་འབྲིང་ཙམ་བྱ། །རྩ་སྔགས་ཐ་མར་གདགས་པའི་སྔགས། །ཡ་མ་ས་དུ་མུ་ཁཾ། བྷ་ར་བྷེ་ཡ་ཕཊ། ཅེས་པ་སྟོང་ཕྲག་བཟླས་པ་དེ། །ཐོ་རངས་དུས་སུ་རེ་རེ་བསྟན། །ཞག་རེ་ལོ་རེའི་མགུལ་ནད་བསྲུང་། །སྔོན་ཆད་བྱུང་ཡང་ཕན་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མགུལ་ནད་ཞི་བར་བྱེད་པའི་ལེའུ་སྟེ་གྱ་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སོ་ནད་ཞི་བར་བྱེད་པའི་ཐབས། །ཤིང་ཀུན་སྟར་ཞུན་ལུག་མིག་པ། །གནའ་


DNG014_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀླད་པ་སྐམ་པོ་དང་། །གླ་རྩི་བོང་ནག་ཨ་རུ་ར། །མུ་ཟི་ནག་དང་མེ་རུ་ཙེ། །སྔགས་པའི་དྲི་ཆེན་ཆ་མཉམ་ནས། །གུ་གུལ་དྲི་ཆུར་སྦངས་པ་ཡི། །ཁུ་བ་འདམ་ཐག་རིལ་བུ་དྲིལ། །སྲན་ཚད་རུལ་སུམ་མེད་པར་བསྐམ། །སོ་ནད་རབ་ཏུ་གཟིར་བའི་དུས། །ཁོང་དུ་གསུམ་བཏང་གཅིག་གིས་བདུག །ལན་གསུམ་བསྐྱར་བས་སོ་ནད་རིགས། །གང་ཡིན་ཐམས་ཅད་འཇོམས་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སོ་ནད་ཞི་བར་བྱེད་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ལྷ་གདོན་གནོད་པ་སྲུང་བའི་ཐབས། །དར་དཀར་དྲི་མ་མེད་པའི་ཁུད། །རིན་ཆེན་ཟུར་མང་ཤེལ་གྲིལ་ནས། །རྩ་བའི་སྔགས་ཀྱིས་རབ་གནས་བྱ། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་ཆོས་སྐྱོང་བཀུག་ལ་བསྡིམ། །གསོལ་མཆོད་བཀུར་སྡི་རྒྱ་ཆེན་བྱ། །མི་ལག་མི་བརྒྱུད་ལུས་ལ་འཆང་། །ལྷ་གདོན་གནོད་པ་དག་ལས་སྐྱོབ། །དར་དཀར་དག་ལ་མཚལ་ཡིག་ཏུ། །རྩ་སྔགས་ཨཱ་ལི་ཀཱ་ལི་དང་། །མོས་པའི་ལྷ་རྣམས་མཚན་སྔགས་དང་། །རང་རང་གང་འདོད་དགོད་པར་བྱ། །ཡེ་ཤེས་ལྷ་ཡིས་སྐྱོབ་པ་དང་། །འཇིག་རྟེན་ལྷ་རྣམས་བྲན་དུ་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ལྷ་གདོན་གྱི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གྱ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཀླུ་ཡི་གནོད་པ་སྲུང་བའི་ཐབས། །ཝ་དང་གྲུམ་པ་ཕག་གི་སྣ། །ཁྱི་དང་སྤྱང་ཀི་སྟག་གི་བྲུན། །ཤ་བ་གཡག་དང་གཙོད་ཀྱི་རྭ། །ལྕགས་དང་གསེར་དངུལ་རྣམ་པ་གསུམ། །ཆ་མཉམ་སོ་སོར་དར་གྱིས་གྲིལ། །ལྷན་


DNG014_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལྕགས་ཀྱི་པར་བུར་བཅུག །རྩ་བའི་སྔགས་དང་ཁྲོ་བཅུའི་སྔགས། །བརྒྱ་སྟོང་ལ་སོགས་མང་བཟླས་ལ། །པར་བུ་ལུས་དང་གྲིབ་ལྟར་འཆང་། །ས་བདག་ཀླུ་ཡི་གནོད་པ་སྐྱོབ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཀླུ་ཡི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་དགུ་བཅུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གནོད་སྦྱིན་གནོད་པ་སྲུང་བའི་ཐབས། །བྱི་ལ་ནག་པོའི་ཐོད་པ་རུ། །གནོད་སྦྱིན་རྣམས་ཀྱི་སྲོག་སྔགས་དང་། །དར་ཟབ་རིན་ཆེན་སྣ་ཚོགས་གཞུག །གནོད་སྦྱིན་བཀུག་བསྡིམ་ཡང་ཡང་བྱ། །དེ་ཉིད་དར་དཀར་དག་གིས་གཏུམས། །རང་ཉིད་གང་དུ་གནས་པའི་སར། །བྱང་དུ་སྦས་པས་གནོད་སྦྱིན་གྱི། །གནོད་པ་རྣམས་ལས་སྐྱོབ་པར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གནོད་སྦྱིན་གྱི་གནོད་པ་ལས་སྐྱོབ་པར་བྱེད་པའི་ལེའུ་སྟེ་གོ་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དྲི་ཟའི་གནོད་པ་སྲུང་བའི་ཐབས། །ཙནྡན་ཕྱེ་མའི་འདེ་གུ་ལ། །སྨན་སྣ་དྲི་བཟང་གང་འཚོགས་བསྲེ། །རིལ་བུ་ཕྲེང་བ་ལུས་ལ་འཆང་། །མི་རྟ་ཁྱི་ཡི་བཤུལ་ཆེན་དང་། །གླ་རྩི་བསྲེས་པའི་འདེ་གུ་ཡིས། །རྐང་པའི་མཐིལ་ལ་སྐབས་སུ་བྱུགས། །དྲི་ཟའི་གནོད་པ་བསྲུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དྲི་ཟའི་གནོད་པ་ལས་སྲུང་བར་བྱེད་པའི་ལེའུ་སྟེ་གོ་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མཁའ་


DNG014_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་གནོད་པ་སྲུང་བའི་ཐབས། །གྲོང་པའི་ཆོས་ཀྱིས་མ་གོས་ཤིང་། །ཡིད་འོང་བུ་མོས་བཀལ་བ་ཡིས། །སྲད་བུ་སུམ་བསྒྲིལ་སྣ་ལྔ་ལ། །མདུད་པ་ལྔ་ལྔ་བྱས་ནས་ནི། །སོ་སོའི་རིགས་ཀྱི་ཌཱཀྐི་བསྐྱེད། །མཚན་སྔགས་རཀྵའི་གཤམ་ཅན་ལ། །རྩ་བའི་སྔགས་བཅས་བརྒྱ་ཕྲག་གདབ། །མི་ལག་མ་བརྒྱུད་བསྲུང་བྱ་ཡི། །ལུས་ལ་སྲུང་བྱེད་སྲད་བུ་གདགས། །ཡེ་ཤེས་ཌཱཀྐིས་བསྲུངས་ནས་ནི། །འཇིག་རྟེན་མཁའ་འགྲོས་གནོད་མི་བྱེད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མཁའ་འགྲོ་མ་ཡི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །དྲང་སྲོང་གནོད་པ་སྲུང་བའི་ཐབས། །ཛ་ལ་བྷ་རའི་སོ་དང་ནི། །ཁྱི་སོ་དར་ནག་ཁུད་དུ་གྲིལ། །ཧ་ཏྲི་རུ་ཏྲ་ཁ་དྷ་ས་མ་ཡཱ་སྲོག་དུང་དུང་། ཉི་མ་ས་ཏི་གཟའ་ཁ་ཌ་རུ་ཏྲ་ཙིཏྟ་ཧྲིང་ཧྲིང་། རྩ་བའི་སྔགས་དང་སྦྲེལ་ཏེ་བཟླས། །བརྒྱ་ཕྲག་གྲུབ་ནས་ལུས་ལ་གདགས། །གང་གིས་བཅང་བའི་མི་དེ་ལ། །དྲང་སྲོང་གཟའ་ཡི་གནོད་པ་བསྲུང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། དྲང་སྲོང་གི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །སྲིན་པོའི་གནོད་པ་སྲུང་བའི་ཐབས། །དུག་ཤོག་དག་ལ་ར་ཁྲག་གིས། །སྲིན་པོའི་གཟུགས་བྲིས་ཡན་ལག་སྡོམ། །ཀྵ་ཏྲི་ནི་ར་ཏི་ས་མ་ཡཱ་སྲོག་དུང་དུང་ཙིཏྟ་རྦད་མྱོག་ཏྲག་རཀྴ་ཡ་དམ་ལ་མ་འདའ་སྭཱ་ཧཱ། སྲིན་པོ་གནད་ལ་དབབ་པའི་སྔགས། །རྩ་བའི་སྔགས་ཤམ་བཏགས་ལ་བྲི། །ཕྱི་དང་ནང་བཅས་གང་བར་བྱ། །ར་ཡི་པགས་པས་གྲིལ་ནས་ནི། །གང་གི་ལུས་ལ་བཏགས་དེ་ལ། །སྲིན་པོའི་གནོད་


DNG014_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་མི་སྲིད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། སྲིན་པོའི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །མ་མོའི་གནོད་པ་སྲུང་བའི་ཐབས། །གྲི་ཐལ་རོ་རས་ཁུག་མར་བླུག །མ་མ་རུ་ལུ་བྷྱོ། རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ། ས་མ་ཡ་རཀྵྱཾ་སྭཱ་ཧཱ། རྩ་སྔགས་བཅས་པ་བརྒྱ་རྩ་བཟླས། །ཏིལ་དང་ཉུང་དཀར་བཅས་པ་ཡི། །ཐུམ་པོ་ལུས་ལ་སུས་འཆང་བ། །དེ་ལ་མ་མོའི་གནོད་པ་མེད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། མ་མོའི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་དྲུག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཤི་འདྲེའི་གནོད་པ་སྲུང་བའི་ཐབས། །ཞིང་ལྤགས་ཁུག་མར་དུར་ཁྲོད་ཀྱི། །ས་རྡོ་བཏུལ་བའི་ཕྱེ་མ་ལ། །གུ་གུལ་ཉུང་དཀར་ཏིལ་ནག་བསྲེ། །ཆང་གིས་སྦྲུས་པའི་རིལ་བུ་བྱ། །སྔགས་པའི་དྲི་ཆེན་དཔུང་བསྐྱེད་ཡིན། །རིལ་བུ་སྲན་མ་རློན་པ་ཙམ། །རྩ་བའི་སྔགས་ཀྱིས་བྱིན་བརླབ་བྱ། །གང་དག་བསྲུང་བ་བྱ་བ་ཡིས། །ལུས་ལ་རིལ་བུ་བཏག་པས་ནི། །ཤི་འདྲེའི་གནོད་པ་བསྲུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཤི་འདྲེའི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་བདུན་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གསོན་འདྲེ་སྲུང་བར་བྱེད་པའི་ཐབས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །བཙན་དུག་ཤིང་ཀུན་གུ་གུལ་དང་། །ཆུ་དག་སྤྲུ་ནག་རྩ་བ་དང་། །མུ་ཟི་ནག་པོ་


DNG014_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་ཀིའི་བྲུན། །ཁྱི་ནག་བྲུན་དང་རྐྱང་གི་སྦངས། །སྡིག་པ་ནག་པོའི་ཤ་རྣམས་བཏུལ། །དྲི་ཆེན་དྲི་ཆུས་ངར་བླུད་ལ། །ནམ་གནོད་དུས་དེར་དུད་པ་བཏང་། །གསོན་འདྲེའི་གནོད་པ་བཟློག་པར་འགྱུར། །རིལ་བུ་བྱས་ནས་བཅངས་པ་ན། །གསོན་འདྲེས་མི་ཚུགས་བསྲུང་བར་འགྱུར། །རྩ་བའི་སྔགས་ཀྱིས་རབ་གནས་བྱ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གསོན་འདྲེའི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྒྱལ་པོའི་གནོད་པ་སྲུང་བའི་ཐབས། །ཆོས་འཁོར་རྙིང་པའི་ས་དག་དང་། །ཚུལ་ཁྲིམས་ལྡན་པའི་དགེ་སློང་དང་། །དམ་ཚིག་མ་ཉམས་སྔགས་པ་ཡི། །དྲི་ཆེན་དྲི་ཆུ་སྦྱར་བ་ཡི། །རིལ་བུ་རི་བོང་རིལ་མ་ཙམ། །མི་ཤ་གུ་གུལ་སྤྲེའུ་ཤ་རྣམས། །ཐུམ་པོ་བསྲུང་བྱའི་ལུས་ལ་གདགས། །ར་ཙ་ཏྲི་ལིང་ཧུར་ཐུམ་མྱག་ཙིཏྟ་ས་མ་ཡ་མྱོག་མྱོག་ར་ཙ་བཾ་རི་ལི་ལི་མཱ་ར་ཡ་རྦད། ཅེས་པ་རྩ་སྔགས་དྲིལ་བ་ལ། །སྟོང་ཕྲག་བཟླས་པས་རྫས་ངར་བླུད། །རྒྱལ་པོའི་གནོད་པ་བསྲུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྒྱལ་འགོང་གི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་གོ་དགུ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཐེའུ་རང་གནོད་པ་སྲུང་བའི་ཐབས། །བྱི་བ་སྲེ་མོའི་ཀླད་པ་དང་། །ཕ་བོང་ལོང་བུ་བཏུལ་བ་རྣམས། །སྦང་སྐམ་ཕྱེ་དང་བསྲེས་ནས་ནི། །བྲ་བའི་བླུད་བུ་ནང་དུ་བླུག །ནམ་དགོས་དུས་སུ་དུད་པ་བཏང་། །ཏྲིའུ་ཤ་དྷ་ར་ཤ་བིང་བིང་། ཏྲིའུ་ཤ་ཤ་ས་མ་ཡ་སྲོག་དུང་དུང་ཏྲི་ལིང་རྦད་སྭཱ་ཧཱ། ཞེས་པ་རྩ་སྔགས་གཤམ་ལ་གདགས། །


DNG014_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བཟླས་ཤིང་རྫས་ངར་བླུད། །ཐེའུ་རང་གནོད་པས་ཚུགས་མི་སྲིད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཐེའུ་རང་གི་གནོད་པ་སྲུང་བའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །བཙན་གྱི་གནོད་པ་སྲུང་བའི་ཐབས། །ཤི་སྐྲའི་སྲད་བུ་ཁྲུ་གང་ལ། །མདུད་པ་ཉི་ཤུ་རྩ་གཅིག་བྱ། །མི་རྟ་ཁྱི་གསུམ་ཁྲག་གིས་བྱུགས། །གང་གི་ལུས་ལ་བཅང་དེ་ལ། །བཙན་གྱི་གནོད་པ་བསྲུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བཙན་གྱི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གྲི་བོའི་གནོད་པ་སྲུང་བའི་ཐབས། །གྲི་ལྕགས་བཏུལ་བའི་ཕྱེ་མ་ལ། །མགར་གྱི་ས་མལ་ཏིལ་ཉུང་དཀར། །དུད་པ་གང་དུ་འཐུལ་བ་དེར། །གྲི་བོ་གང་ཡང་ཉེར་མི་ནུས། །ལུས་ལ་བཏགས་ཀྱང་དེ་བཞིན་ནོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གྲི་བོའི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གཤིན་རྗེའི་གནོད་པ་སྲུང་བའི་ཐབས། །ཟངས་ལྕགས་བྱང་བུ་མིག་དགུ་ལ། །ཤན་པ་ནག་པོའི་ཁྲག་གིས་བྱུགས། །དར་སྣ་ལྔ་ཡི་ཁུད་དུ་གྲིལ། །ཀཱ་ལ་རཱུ་པ་ཡ་མཱནྟ་ཀ་ས་མ་ཡ་རཀྵྱཾ་དུ་སྭཱ་ཧཱ། རྩ་བའི་སྔགས་དང་བཅས་པ་ལ། །བརྒྱ་ཕྲག་བཟླས་ཤིང་རབ་གནས་བྱ། །བསྲུང་བྱའི་ལུས་ལ་བྱང་བུ་གདགས། །གཤིན་རྗེའི་གནོད་པ་བསྲུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་


DNG014_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གཤིན་རྗེའི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །གྲིབ་གནོན་གནོད་པ་སྲུང་བའི་ཐབས། །གཅན་གཟན་སྟག་གི་ཐོད་རུས་ལ། །ཧཱུཾ་ཡ་ཏི་ཀྴྱེ་བྷ་རུ་ཏི་ཕཊ་རྦད་བྷྱོ། ཞེས་པ་མཚལ་ལམ་དངུལ་གྱིས་བྲི། །རོ་རས་ནག་པོས་གྲིལ་བ་དེ། །གང་གི་ལུས་ལ་བཏགས་པ་ལ། །གྲིབ་གནོན་འབྱུང་པོའི་གནོད་པ་སྐྱོབ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། གྲིབ་གནོན་གྱི་གནོད་པ་སྲུང་བར་བྱེད་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །རྨི་ལམ་ངན་པ་བཟློག་པའི་ཐབས། །རྨི་ལམ་ངན་པ་གང་རྨིས་ཀྱང་། །སད་མ་ཐག་ཏུ་ཧར་གྱིས་ལངས། །གནོད་བྱེད་གཙོར་བྱས་སེམས་ཅན་ལ། །བྱམས་དང་སྙིང་རྗེ་རྒྱ་ཆེན་བསྐྱེད། །སྐྱབས་གནས་དཀོན་མཆོག་རིན་ཆེན་ལ། །དད་པས་སྐྱབས་འགྲོ་གསོལ་བ་གདབ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །བདེན་མེད་རྨི་ལམ་སྒྱུ་མར་བལྟ། །གང་ཡང་གཟའ་གཏད་མེད་པར་གཞག །ཕཊ་གདབ་བསམ་སེམས་མེད་པར་ཉལ། །རྨི་ལམ་ཇི་ལྟར་ངན་གྱུར་ཀྱང་། །སྡིགས་པར་མི་འགྱུར་སངས་པར་དག །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྨི་ལམ་ངན་པ་བཟློག་པའི་ཐབས་ཀྱི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །།དད་བརྩོན་ལྡན་པའི་རྣལ་འབྱོར་པས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །རྩ་བ་དང་ནི་ཡན་ལག་གི། །བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ། །ཅི་བསམ་ཡིད་བཞིན་འགྲུབ་པའི་ཐབས། །ནང་པར་ཐོ་རངས་རླུང་རོ་དབྱུང་། །གསར་བ་བཟུང་ལ་མཉམ་པར་གཞག །མཉམ་


DNG014_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ངང་ལས་རང་རིག་བྷྲཱུཾ། །འོད་དང་གཟི་བརྗིད་ལྡན་པ་ལ། །རང་གི་སྙིང་གི་ངོ་བོ་དེ། །དགོས་འདོད་ཐམས་ཅད་འབྱུང་བ་ཡི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །བཀྲག་མདངས་གཟི་བརྗིད་ལྡན་པར་དམིགས། །དེ་ལ་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་སྤྱན་དྲངས་བསྡིམ། །དེ་ལྟར་མ་ཟིན་བར་དུ་བསྒོམ། །དེ་ལ་མ་ཡེངས་ཟིན་པ་དང་། །འོད་ཀྱིས་སྣང་སྲིད་ཐམས་ཅད་ཁྱབ། །བདག་དོན་བསམ་འགྲུབ་རེ་བསྐངས་ནས། །ལོངས་སྤྱོད་ཆོས་དང་མཐུན་ནས་ཀྱང་། །བདག་གཞན་དོན་འབྲས་གང་བསམས་པ། །རྩོལ་མེད་ལྷུན་གྱིས་གྲུབ་བསམས་ནས། །སྤྲོས་བྲལ་ཆེན་པོའི་ངང་ལ་གཞག །དེ་ལྟར་ནང་རེ་བཞིན་བསྒོམས་པས། །དེ་ཉིད་ཇི་ལྟར་བསམས་པའི་དོན། །འགྲུབ་པར་གྱུར་ན་གདོན་མི་ཟ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། བསམ་དོན་འགྲུབ་པར་བྱེད་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །། རྒྱུད་འདི་འཆང་བར་བྱེད་པའི་ཐབས། །དུས་སྐར་ཚེས་གྲངས་བཟང་པོ་ལ། །མཐིང་ཤོག་རང་སོར་བཞི་པའི་ཚད། །གྲུ་བཞི་མཉམ་ཉིད་གླེགས་བམ་ལ། །རྒྱུད་ཚིག་རིན་ཆེན་གསེར་རམ་དངུལ། །རཏྣ་བཏུལ་བའི་ཁུ་བས་བྲི། །གང་ཡང་ལྷག་དང་ཆད་མེད་པས། །བྲིས་པ་རང་གི་མདུན་བཞག་སྟེ། །དམ་ཚིག་ཡི་གེའི་འབྲུ་རྣམས་ལ། །ཡེ་ཤེས་ཡིག་འབྲུ་དགུག་ལ་བསྡིམ། །གཞན་ཡང་ཡེ་ཤེས་ལྷ་ཡི་ཚོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །མོས་པས་སྤྱན་དྲང་བཀུག་ལ་བསྡིམ། །ཕྱག་འཚལ་མཆོད་དང་བསྟོད་པ་བྱ། །ཅི་འདོད་ཡིད་སྨོན་གསོལ་བ་གདབ། །དེ་ནས་སྣ་ཚོགས་དར་གྱིས་གྲིལ། །དྲི་བཟང་སྨན་དང་ལྷན་ཅིག་ཏུ། །རཏྣའི་ཟ་མ་ཏོག་ཏུ་གཞུག །འབྲལ་མེད་ལུས་དང་གྲིབ་མ་བཞིན། །རང་གི་མཆན་ཁུང་གཡོན་དུ་འཆང་། །ཉོན་མོངས་རྟོག་ཚོགས་རབ་ཞི་ནས། །ཡེ་ཤེས་སྣང་བ་ངང་གིས་འཆར། །གནས་སྐབས་རྐྱེན་དང་བར་ཆོད་སེལ། །མཐར་ཐུག་མཆོག་གི་དངོས་གྲུབ་འབྱུང་། །ཞོར་ལ་ཐུན་མོང་དངོས་གྲུབ་ཀྱང་། །རྩོལ་མེད་ཆར་གྱི་རྒྱུན་


DNG014_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འབབ། །ཉེས་པ་ཀུན་ལས་གྲོལ་ནས་ཀྱང་། །བདེ་ལེགས་ཡོན་ཏན་དཔལ་དང་ལྡན། །འདི་དག་ལུས་ལ་གནས་པ་ཡི། །རྣལ་འབྱོར་ལུས་རྒྱ་བྲལ་བའི་ཚེ། །འཇའ་འོད་སྐུ་གདུང་རིང་བསྲེལ་འབྱུང་། །ས་གཡོས་མེ་ཏོག་ཆར་འབབ་ཅིང་། །སྒྲ་དང་བཅས་ཏེ་རྟགས་བཟང་འབྱུང་། །གང་དག་ཡེ་ཤེས་རྒྱུད་དྲུག་པོ། །གང་གིས་བཅང་དང་ཀློག་པ་དང་། །འབྲི་དང་ཀུན་ཏུ་སུས་ཆུད་པ། །ཚེ་འདིར་བདེ་ལེགས་དཔལ་ལ་སྐྱོབ། །ཚུལ་ཁྲིམས་འཆལ་དང་དམ་ཚིག་ཉམས། །སྡོམ་པ་གསུམ་ལ་འགལ་བ་རྣམས། །སོར་ཆུད་ཉེས་པས་མི་གོས་ཤིང་། །བསྐལ་པ་གྲངས་མེད་སྡིག་པ་འདག །ཚེ་འཕོས་རིག་འཛིན་རྒྱལ་བའི་ཞིང་། །སྐད་ཅིག་ཉིད་ལ་བགྲོད་པར་འགྱུར། །དེ་དོན་ཡང་དག་ཉིད་ལ་གནས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྒྱུད་འཆང་བའི་ཐབས་དང་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།། །།ཨེ་མ་དཔག་མེད་བཅོམ་ལྡན་གྱིས། །སྐུ་གསུང་ཐུགས་ལས་མངོན་བྱུང་བ། །བླ་མེད་བྱང་ཆུབ་སྒྲུབ་པའི་ལམ། །མཐུན་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་བཟློག །ཐུན་མོང་ལས་ཚོགས་ཡིད་བཞིན་ནོར། །གདུལ་བྱ་འདུལ་བ་ཐབས་ཀྱི་སྒོ། །བདག་ཅག་འདུས་པའི་འཁོར་རྣམས་ལ། །ལེགས་གསུངས་ལེགས་གསུངས་ལེགས་པར་གསུངས། །བདག་དང་ཡང་སྤྲུལ་སྤྲུལ་པའི་འཁོར། །ཉིད་ཀྱི་སྟོབས་ལས་མངོན་བྱུང་བ། །ལྷ་དང་མི་དང་ལྷ་མ་ཡིན། །ཀླུ་དང་རིག་སྔགས་འཆང་ལ་སོགས། །དྲི་ཟར་བཅས་རྣམས་ཡི་རངས་ནས། །བཅོམ་ལྡན་གསུངས་ལ་མངོན་པར་བསྟོད། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།། །། ཡོན་ཏན་ཁྱད་པར་རྨད་དུ་བྱུང་བའི་རྒྱུད་བསྟན་པའི་སྲོག་ཤིང་ཞེས་བྱ་བ། བདག་འདྲ་པདྨ་འབྱུང་གནས་ཀྱིས་བསྒྱུར་བ་རྫོགས་སོ། །རྟ་ནག་དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀའི་བྱ་ར་མཛོད། །ས་མ་ཡ། རྒྱ་རྒྱ་རྒྱ། དྷ་ཐིམ། སྤྲུལ་པའི་སྐུ་མཆོག་སངས་རྒྱས་གླིང་པས། བླ་དཀར་དུང་གི་སྒོ་མོ་ནས་བཏོན་པའོ།། །།


previousབླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ཞེས་བྱ་བ།next