Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་བཞི་པ། ཕ༽


   
   
   
   
   
   
   
   
   
   
   
   
   
   
   
   
བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།
   
   
   
   


 
previousབདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།next

བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།


DNG014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་ག་ཏ་ས་མུ་དཱ་ཡ་མནྟྲ་ཏནྟྲ་ཨུཏྟ་རོཏྟ་ར་ནཱ་མ། བོད་སྐད་དུ། བདེ་གཤེགས་འདུས་པའི་སྔགས་རྒྱུད། ཕྱི་མའི་ཕྱི་མ་ཞེས་བྱ་བའོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་


DNG014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ། འཁོར་ཁྲོ་བོ་དང་ཁྲོ་མོ་དང་། རིག་འཛིན་རྣམས་ཀྱིས་བསྐོར་ཏེ་བཞུགས་པ་ལས། དེའི་ཚེ་རྡོ་རྗེ་ཆོས་ལ་སོགས་པའི་རིག་འཛིན་རྣམས་ཀྱིས་བསྐོར་བ་ལན་སྟོང་བྱས་ཏེ། འདི་སྐད་ཞུས་སོ། །ཨེ་མ་སྤྱི་དཔལ་ཆེན་པོ་ལགས། །མ་འོངས་རྣལ་འབྱོར་སྒྲུབ་པ་པོས། །སྔགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །སྔགས་ཀྱི་དེ་ཉིད་བཤད་པར་ཞུ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། མ་འོངས་རྣལ་འབྱོར་དོན་ཆེད་དུ། །སྔགས་ཀྱི་དོན་རྣམས་ཞུ་བ་ལེགས། །དོན་གྲུབ་དངོས་གྲུབ་འཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། །དེ་ཡང་སྒྲུབ་ཐབས་རྣམ་པ་བརྒྱད། །ཆེ་མཆོག་ཡོན་ཏན་བསྒྲུབ་པ་དང་། །ཡང་དག་ཐུགས་ཀྱི་བསྒྲུབ་པ་དང་། །འཇམ་དཔལ་སྐུ་ཡི་བསྒྲུབ་པ་དང་། །པདྨ་གསུང་གི་བསྒྲུབ་པ་དང་། །ཕུར་པ་ཕྲིན་ལས་བསྒྲུབ་པ་དང་། །མ་མོ་རྦོད་གཏོང་བསྒྲུབ་པ་དང་། །འཇིག་རྟེན་མཆོད་བསྟོད་བསྒྲུབ་པ་དང་། །དམོད་པ་དྲག་སྔགས་བསྒྲུབ་པ་དང་བརྒྱད། །འདི་རྣམས་བསྒྲུབ་པ་བཀའ་བརྒྱད་ཡིན། །ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་གཉིས་པ། །ཆེ་མཆོག་ཡོན་ཏན་སྙིང་པོ་ཡིན། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་འབྲུ་དགུ་པ། །ཡང་དག་ཐུགས་ཀྱི་སྙིང་པོ་ཡིན། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་བདུན་པ། །འཇམ་དཔལ་སྐུ་ཡི་སྙིང་པོ་ཡིན། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་བཞི་པ། །པདྨ་གསུང་གི་སྙིང་པོ་ཡིན། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་བཞི་པ། །ཕུར་པ་ཕྲིན་ལས་སྙིང་པོ་ཡིན། །ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་སུམ་


DNG014_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་པ། །མ་མོ་རྦོད་གཏོང་སྙིང་པོར་བཤད། །ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་པ་ནི། །འཇིག་རྟེན་མཆོད་བསྟོད་སྙིང་པོར་བཤད། །ཨཱོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བརྒྱད་པ་ནི། །དམོད་པ་དྲག་སྔགས་སྙིང་པོར་བཤད། །བཀའ་ཡི་གསང་རྒྱུད་ཐམས་ཅད་རྣམས། །བསྡུས་པས་བསྒྲུབ་པ་བརྒྱད་དུ་འདུས། །སྔགས་ཀྱི་གཏན་ཚིགས་ཚད་མ་འདི། །ཐབས་ཀྱི་རྒྱལ་པོར་གནས་པའོ། །འདི་དང་ལྡན་པའི་རྣལ་འབྱོར་གང་། །སྔགས་ཀྱི་དངོས་གྲུབ་རང་ལ་ཤར། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །བྱ་བའི་ལས་ལ་ཐེ་ཚོམ་མེད། །འདི་དང་མི་ལྡན་རྣལ་འབྱོར་གང་། །ཕྱོགས་འགའ་ཙམ་ལ་བརྟེན་པ་རྣམས། །སྔགས་ཀྱི་དེ་ཉིད་མ་རྟོགས་པར། །བྱ་བའི་ལས་རྣམས་ཀུན་ལ་རྨོངས། །ཞེས་གསུངས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རིག་འཛིན་རྣམས་ཀྱིས་ཞུས་པ། སྤྱི་དཔལ་ཆེན་པོ་ཐབས་ལ་མཁས། །ཐབས་དང་ཤེས་རབ་ཡི་གེ་ལས། །སྔགས་ཀྱི་ན་ཡ་བརྩི་བ་འམ། །ཡི་གེ་བཏུ་བ་ཇི་ལྟར་ལགས། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །སྐྱེ་བ་མེད་པའི་རང་བཞིན་ལས། །སྐྱེ་བའི་ཆོ་འཕྲུལ་བསྟན་པ་ནི། །ཐབས་དང་ཤེས་རབ་ཡི་གེ་སྟེ། །ཐབས་ནི་རྡོ་རྗེའི་རང་བཞིན་ལ། །ཤེས་རབ་པདྨའི་རང་བཞིན་ནོ། །ཐབས་དང་ཤེས་རབ་གཉིས་མེད་ལས། །སྔགས་ཀྱི་སྒྲ་ནི་སྣ་ཚོགས་འབྱུང་། །དེ་ཡི་རྣམ་པ་འདི་ལྟར་བཤད། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། སྒྲའི་གནས་བརྒྱད་ནས་བྱུང་བ་འདི་རྣམས་ནི། ཐབས་རྡོ་རྗེའི་ཡི་གེ་ཡིན་ཏེ། སྡེ་ཚན་བརྒྱད་པའོ། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་། ཨཾ་ཨ། སྡེ་ཚན་བརྒྱད་དང་སྦྱར་བ་ཡིས། །དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་རྣམས་ནི། ཤེས་རབ་པདྨའི་ཡི་གེའོ། །གཉིས་སུ་མེད་པའི་


DNG014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལས། །ཡི་གེ་བཏུ་བ་འདི་ལྟར་བཤད། །ཐམས་ཅད་ཀུན་གྱི་དང་པོ་ལ། །དབྱངས་ཡིག་གཉིས་པས་འོག་ཏུ་བརྒྱན། །དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། །དེ་ལ་དབྱངས་ཡིག་བཅོ་ལྔ་པས། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །འདི་ནི་ཡེ་ཤེས་ལྔ་རྫོགས་ཡིན། །སྔགས་རྣམས་ཀུན་གྱི་མགོ་ལ་བཞག །ཨཱོཾ། པ་ཚན་གསུམ་པ་གཞག་པར་བྱ། །དེ་དང་ཙ་ཚན་གསུམ་པར་ལྡན། །ཡ་ཚན་གསུམ་པས་འོག་ཏུ་བརྒྱན། །ཀ་ཚན་དང་པོ་གཞག་པར་བྱ། །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་བཞག །པ་ཚན་ཡི་གེ་ལྔ་པ་བཞག །ཤ་ཚན་ཡི་གེ་བཞི་པ་བཞག །ཤ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་སྟེང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཉིས་པ། །ཆེ་མཆོག་ཡོན་ཏན་སྙིང་པོ་དེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱས། །པ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཤ་ཚན་བཞི་པས་སྤྲས། །དེ་ལ་ཡ་ཚན་དང་པོས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །


DNG014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་སྤྲས། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་དང་ཕཊ་ཀྱི་ཐོག་མཐའ་བརྟེན། །གསང་སྔགས་ཡི་གེ་འབྲུ་བདུན་པ། །ཡང་དག་ཐུགས་ཀྱི་སྙིང་པོ་སྟེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །ཐམས་ཅད་ཀུན་གྱི་དང་པོ་བཞག །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་གསུམ་པ་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་ཡི་གེ་དང་པོ་བཞག །པ་ཚན་ཡི་གེ་ལྔ་པ་བཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཏ་ཚན་ཡི་གེ་ལྔ་པར་ལྡན། །ཏ་ཚན་ཡི་གེ་དང་པོ་བཞག །ཀ་ཚན་ཡི་གེ་དང་པོ་བཞག །ཤ་ཚན་ཡི་གེ་བཞི་པ་བཞག །ཏ་ཚན་ཡི་གེ་ལྔ་པ་བཞག །པ་ཚན་ཡི་གེ་ལྔ་པ་བཞག །ཏ་ཚན་ཡི་གེ་གཉིས་པ་བཞག །པ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཙ་ཚན་ལྔ་པར་བཞག །ཙ་ཚན་ཡི་གེ་གསུམ་པ་བཞག །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་བདུན་པ། །འཇམ་དཔལ་སྐུ་ཡི་སྙིང་པོ་སྟེ། །གཙོ་འཁོར་བཅས་པའི་སྔགས་སུ་བསྟན། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །པ་ཚན་ཡི་གེ་དང་པོ་བཞག །དེ་དང་ཏ་ཚན་གསུམ་པར་ལྡན། །པ་ཚན་ཡི་གེ་ལྔ་པ་བཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཏ་ཚན་ཡི་གེ་དང་པོ་བཞག །ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བདུན་པས་བརྒྱན། །དེ་དང་ཏ་ཚན་དང་པོར་ལྡན། །པ་ཚན་ཡི་


DNG014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གེ་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པར་ལྡན། །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་བཞག །ཤ་ཚན་ཡི་གེ་བཞི་པ་བཞག །ཡ་ཚན་ཡི་གེ་དང་པོ་བཞག །ཀ་ཚན་ཡི་གེ་གསུམ་པ་བཞག །ཡ་ཚན་གསུམ་པ་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །པ་ཚན་ཡི་གེ་གསུམ་པ་བཞག །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་པདྨཱ་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་བཞི་པ། །པདྨ་དབང་ཆེན་སྙིང་པོ་སྟེ། །འཁོར་དང་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །དེ་ནས་པ་ཚན་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པ་བཞག །ཡ་ཚན་གསུམ་པས་འོག་ཏུ་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཡ་ཚན་ཡི་གེ་དང་པོ་བཞག །ཤ་ཚན་ཡི་གེ་གསུམ་པ་བཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་པ་ཚན་གསུམ་པས་སྤྲས། །པ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེ་དང་ཀ་ཚན་བཞི་པ་དང་། །ཏ་ཚན་ཡི་གེ་ལྔ་གཉིས་ལྡན། །དབྱངས་ཀྱི་ཡི་གེ་གཉིས་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱས། །པ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་བཅོ་ལྔས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་


DNG014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་གཉིས་པས་བརྒྱན། །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་བཞི་པ། །ཕུར་པ་ཕྲིན་ལས་སྙིང་པོ་སྟེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །ཀ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །ཡ་ཚན་ཡི་གེ་དང་པོར་ལྡན། །ཙ་ཚན་ཡི་གེ་གསུམ་པ་བཞག །ཙ་ཚན་ཡི་གེ་ལྔ་པར་ལྡན། །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཏ་ཚན་ཡི་གེ་ལྔ་པར་བཞག །ཤ་ཚན་ཡི་གེ་དང་པོ་བཞག །དེ་ལ་ཡ་ཚན་གསུམ་པས་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །ཀ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །ཡ་ཚན་ཡི་གེ་དང་པོར་ལྡན། །ཙ་ཚན་ཡི་གེ་གསུམ་པ་བཞག །ཙ་ཚན་ཡི་གེ་ལྔ་པ་བཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཏ་ཚན་ཡི་གེ་ལྔ་པ་བཞག །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་ཡི་གེ་གསུམ་པས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཤ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་ཡི་གེ་གཉིས་པར་ལྡན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་བཞི་པས་མཛེས། །ཤ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་ཏ་ཚན་དང་པོས་སྤྲས། །ཡ་ཚན་ཡི་གེ་གཉིས་པར་ལྡན། །སྟེང་དུ་དབྱངས་ཡིག་བཅོ་ལྔས་མཛེས། །པ་ཚན་ཡི་གེ་ལྔ་གཉིས་བཞག །ཡ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཅུ་གསུམ་མཛེས། །ཀ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་མཛེས། །ཏ་ཚན་ཡི་


DNG014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ལྔ་པ་བཞག །དེ་ལ་དབྱངས་ཡིག་བཞི་པས་མཛེས། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་བཞི་པ་བཞག །ཡ་ཚན་ཡི་གེ་དང་པོར་ལྡན། །དེ་ལ་དབྱངས་ཡིག་བཅུ་གསུམ་སྤྲས། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་བཞག །དེ་ལ་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་སུམ་ཅུ་པ། །མ་མོ་རྦོད་གཏོང་སྙིང་པོ་ཡིན། །འཁོར་དང་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །པ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། །ཙ་ཚན་ཡི་གེ་དང་པོ་བཞག །དེ་དང་ཊ་ཚན་ལྔ་པར་ལྡན། །ཊ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཤ་ཚན་གསུམ་པས་སྤྲས། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་པ་ཚན་གསུམ་པས་སྤྲས། །ཏ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཊ་ཚན་དང་པོས་སྤྲས། །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །དེ་སྟེང་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་པ་ནི། །འཇིག་རྟེན་མཆོད་


DNG014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་སྙིང་པོ་དེ། །འཁོར་དང་བཅས་པའི་སྔགས་སུ་བསྟན། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །པ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། །ཤ་ཆེན་ཡི་གེ་གསུམ་པ་བཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་པ་ཚན་གསུམ་པས་སྤྲས། །ཏ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཊ་ཚན་དང་པོ་བཞག །དེ་ལ་དབྱངས་ཡིག་གཉིས་པར་ལྡན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །དེ་སྟེང་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་སརྦ་དུཥྚཱཾ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བརྒྱད་པ་ནི། །དམོད་པ་དྲག་སྔགས་སྙིང་པོ་སྟེ། །འཁོར་དང་བཅས་པའི་སྔགས་སུ་བསྟན། །ཞེས་གསུངས་སོ། །སྔགས་ཀྱི་ཡི་གེ་བཏུ་བའི་ལེའུ་སྟེ་གཉིས་པའོ།། །། སྤྱི་སྔགས་ཀྱི་སྐབས་ཏེ་དང་པོའོ།། །། དེ་ནས་རིག་འཛིན་རྣམས་ཀྱིས་གསོལ་པ། སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་། །སྤྱི་སྔགས་བཏུ་བ་དེ་ལགས་ན། །སོ་སོའི་སྔགས་ཀྱི་ཕྲེང་བ་རྣམས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །སོ་སོའི་སྙིང་པོ་བཤད་ཀྱིས་ཉོན། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི། །སྔགས་ཀྱི་རིམ་པ་འདི་རྣམས་སོ། །ཨོཾ་བུཌྜྷ་བཻ་རོ་ཙ་ན་ཨོཾ། ཨོཾ་བཛྲ་དེ་ཤ་ཏི་ཤ་ཡ་ར་ཏི་ཨོཾ། ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུཾ། ཨོཾ་བཛྲ་བུཌྜྷ་ལོ་ཙ་ན་ཧཱུཾ། ཨོཾ་རཏྣ་སམྦྷ་བ་ཏྲཱཾ། ཨོཾ་བཛྲ་བནྡྷ་ར་ལི་ནི་ཏྲཱཾ། ཨོཾ་བཛྲ་ཨ་མི་ཏཱ་བྷ་ཧྲཱྀཿ། ཨོཾ་བཛྲ་མཱ་མ་ཀཱི་ཧྲཱྀཿ། ཨོཾ་བཛྲ་ཨ་མོ་གྷ་སིཌྜྷ་ཨ། ཨོཾ་བཛྲ་ས་མ་ཡ་ཏཱ་རཱ་ཧཱ། ཨོཾ་བཛྲ་ས་མནྟ་བྷ་དྲ་ཧཱུཾ། ཨོཾ་བཛྲ་དྷ་ར་ཧཱུཾ་། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་


DNG014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ་ཧཱུཾ། ཨོཾ་བཛྲ་རཱ་ག་ཧཱུཾ། ཨོཾ་བཛྲ་སཱ་དྷཱུ་ཧཱུཾ། ཨོཾ་བཛྲ་ལཱ་སྱཻ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཧཱུཾ། ཨོཾ་བཛྲ་དཱི་པཾ་ཤྭ་ར་ཏི་ཧཱུཾ། ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་མུ་ལ་ཏྲཱཾ། ཨོཾ་རཏྣ་དྷ་ར་ཧཱུཾ། ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་བཛྲ་སཱུརྱ་ཏྲཱཾ། ཨོཾ་བཛྲ་ཀེ་ཏུ་ཧྲཱྀཿ། ཨོཾ་བཛྲ་ཧ་ས་ཧ། ཨོཾ་བཛྲ་མཱ་ལེ་ཧཱུཾ། ཨོཾ་བཛྲ་པུཥ྇་ཏྲཱཾ། ཨོཾ་བཛྲ་པཱ་ཤ་ཧྲཱྀཿ། ཨོཾ་བཛྲ་སུ་ཁ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ཏེ་ཀཱ་རུ་ཎ་མ་ཧཱ་རཱ་ཛ་ཧྲཱྀཿ། ཨོཾ་པདྨ་དྷ་ར་ཧྲཱྀཿ། ཨོཾ་བཛྲ་དྷརྨཱ་ཧཱུཾ། ཨོཾ་བཛྲ་ཏིཀྵྞ་ཏྲཱཾ། ཨོཾ་བཛྲ་བྷཱ་ཥཱ་ཧྲཱྀཿ། ཨོཾ་བཛྲ་ཙཀྲ་ཧཱ། ཨོཾ་བཛྲ་གཱིརྟཱི་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཏྲཱཾ། ཨོཾ་བཛྲ་སྥོ་ཊ་ཧྲཱྀཿ། ཨོཾ་བཛྲ་རཱ་ག་ར་ཏི་ཧཱ། ཨོཾ་བཛྲ་པཱ་ཎི་ས་མནྟ་ཧཱུཾ། ཨོཾ་བཛྲ་ཀརྨ་དྷ་ར་ཧཱུཾ། ཨོཾ་བཛྲ་ཀརྨ་ཧཱུཾ། ཨོཾ་བཛྲ་རཀྵ་ཏྲཱཾ། ཨོཾ་བཛྲ་ཡཀྵ་ཧྲཱྀཿ། ཨོཾ་བཛྲ་སནྡྷི་ཧཱ། ཨོཾ་བཛྲ་ནྲྀ་ཏྱེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཏྲཱཾ། ཨོཾ་བཛྲ་གྷཎྜ་ཧྲཱྀཿ། ཨོཾ་བཛྲ་ཨཱ་བེ་ཤ་ཧཱ། ཨོཾ་ཀྵྀ་ཏི་གརྦྷ་རཏྣ་ཨོཾ། བཛྲ་ཨོཾ་ནཱིརྟི་ཧཱུཾ། ཨོཾ་དྷརྨ་ཀེ་ཏུ་ཧཱུཾ། ཨོཾ་ཀེ་ཏྭཱི་ཤྭ་ར་རཱ་ཛ་ཏྲཱཾ། ཨོཾ་པདྨ་ལ་པདྨ་དྷ་ར་ཧྲཱྀཿ། ཨོཾ་རཏྣ་པྲ་བྷཱ་ཧཱ། ཨོཾ་བཛྲ་ཁ་ཊྭཱཾ་ག་པྲ་ལ་ཡ་ཧཱུཾ། ཨོཾ་བཛྲ་ཨ་མོ་གྷ་ཤ་ར་ཡ་ཏཱཾ། ཨོཾ་བཛྲ་རཱ་ག་ས་མ་ཡ་ཧྲཱྀཿ། ཨོཾ་བཛྲ་གྷཎྜ་ཛ་ལ་ཡ་ཧཱ། ཨོཾ་ཨཱ་ཀཱ་ཤ་གརྦྷ་སྭཱ་ཧཱ། ཨོཾ་རཏྣ་ནི་ཏྲེ་ཏྲཱཾ། ཨོཾ་ཨཱ་ལོ་ཀ་ཨ་གྲ་པྲ་བརྟ་ཧཱུཾ། ཨོཾ་མུ་དྲ་རཱ་ཛ་པྲ་བྷ་ཏ་ཏྲཱཾ། ཨོཾ་པྲ་ཏི་བྷཱ་ན་རཱ་ཛ་ནེ་ཧྲཱྀཿ། ཨོཾ་པྲ་ཏི་བྷཱ་ན་ཀུ་ཊ་ཡེ་ཧཱ། ཨོཾ་བཛྲ་ཨཱ་བ་ཧཱུཾ། ཨོཾ་བཛྲ་ཀེ་ཏུ་ཏྲཱཾ། ཨོཾ་བཛྲ་བི་ཏཱ་ན་ཧྲཱྀཿ། ཨོཾ་ཚཏྟྲ་ཧཱ། ཨོཾ་ཧྲཱྀ་མ་ཧཱ་མཻ་ཏྲི་ཧཱུཾ། ཨོཾ་པདྨ་ནི་ཏི་ཨོཾ། ཨོཾ་ཀ་མ་ལ་རཱ་ཛ་མ་ཧཱ་རཱ་ཛ་ཧཱུཾ། ཨོཾ་པདྨ་མ་ལ་པདྨ་དྷ་ར་ཏྲཱཾ། ཨོཾ་བཛྲ་ཨཀྵོ་བྷྱ་ཧྲཱྀཿ། ཨོཾ་ཨ་མོ་གྷ་རཱ་ཛ་ཡ་ཧཱཿ། ཨོཾ་བི་མ་ལེ་ཀརྨ་མཉྫུ་ཥ་ཡ་ཧཱུཾ། ཨོཾ་ཛ་ལི་མི་ལི་ཧུ་ལུ་བ་ཏྲེ་བ་ཏུ་ས་བ་ཏྲེ་ཏྲཱཾ། ཨོཾ་ཏ་ཀ་རུ་ན་ཛྭ་ལ་པུ་ཙ་པདྨེ་ཧྲཱྀཿ། ཨོཾ་ཏྲ་ས་ནི་བི་ཏྲ་ས་ནི་བི་ཏྲ་ས་ནི་ཧ། ཨོཾ་སརྦ་ནི་བ་ར་ཎ་བི་ཤོ་དྷ་ཡ་བ་རེ་ཨོཾ། ཨོཾ་ཀརྨ་ནི་ཏེ་ཧཱུཾ། ཨོཾ་རཏྱཱུ་ཤྭ་ར་རཏྣ་དྷ་ར་ཧཱུཾ། ཨོཾ་ཀརྨ་སིདྡྷི་རཏྣ་དྷ་རཱ་ཡ་ཏྲཱཾ། ཨོཾ་ཨཱ་ར་ཏི་ཤཱ་སྟཱ་དྷ་ར་ཡ་ཧྲཱྀཿ། ཨོཾ་ཨ་ཙ་ལ་ཨཀྵོ་བྷྱ་དྷ་ར་ཡ་ཧཱ། ཨོཾ་ཛ་ཡ་ཛ་ཡེ་བ་ཏེ་སརྦ་ཤ་ནི་ཧཱུཾ། ཨོཾ་ཛྭ་ལ་པྲ་


DNG014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཛྭ་ལ་ད་ཧ་པ་ཙ་ཏྲཱཾ། ཨོཾ་གནྡྷེ་ཙུ་རུ་མ་ཧཱ་བ་ཤ་ར་ཨ་ཏི་ཏེ་ཧྲཱྀཿ། ཨོཾ་ཧ་ཀ་ཧུ་རུ་ན་པྲ་ཀ་རི་ཧཱ། ཨོཾ་མུ་ནི་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་བྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜ་ཧོཿ། དམ་པ་རིགས་བརྒྱའི་སྔགས་སོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨཱོཾ། ཨ་ཨ་ཨ་བཛྲཱི་བྷ་དྲཱ་ས་མནྟ་ཨོཾ། ཨོཾ་ཛི་ན་ཛིཀ །ཧཱུཾ་བཛྲ་ཌྷྲྀཀ །སྭཱ་རཏྣ་ཌྷྲྀཀ །ཨཱཾ་ཨཱ་རོ་ལིཀ །ཧཱ་པྲཛྙཱ་ཌྷྲྀཀ །ལཱཾ་དྭེ་ཥ་ར་ཏི། མཱུཾ་དྷཱ་ཏྭཱི་ཤྭ་རཱི། མཱཾ་མོ་ཧ་ར་ཏི། རཱ་ག་ར་ཏི། ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛཱ་ཡ། ཏྲཱྃ་ཨཱ་གརྦྷཱ་ཡ། ཧྲཱྀཿཔདྨ་པཱ་ད་མ། ཛི་ཀུ་རུ་པཱ་ཎ། མཻ་ཏྲི་དྷ་ར་ཎི་སྭཱ་ཧཱ། ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་སྭ་རཱ་ཛཱ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨཱཾ་རཱ་གཱ་ཡ་སྭཱ་ཧཱ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོ། ཧྲཱིཾ་གིརྟི་རཱ་གོ་྅ཧཾ། ཨཾ་ནཱིརྟི་རཱ་ག་ཡཱ་མི། ཛཿདྷཱུ་པེ་བྲ་ཝེ་ཤ །ཧཱུཾ་པུཥ྇་ཨཱ་བེ་ཤ །བཾ་དཱི་པ་སུ་གི་རཱི། ཧོཿགནྡྷེ་ཙིཏྟ། ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀྲྀཏ་ཕཊ། ཨོཾ་པྲཛྙཱནྟ་ཀྲྀཏ་ཕཊ། ཨོཾ་པདྨནྟ་ཀྲྀཏ་ཕཊ། ཨོཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི་ལེའུ་སྟེ་གསུམ་པའོ།། །། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་རཀྴ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་གུ་ཧྱ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་བི་ཤྭ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཡཀྴ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རཀྴ་ཀྲོ་དྷཱི་ཤྭཱ་རཱི་ཧཱུཾ་ཕཊ། ཨོཾ་གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཡཀྴ་


DNG014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཡ་མཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་པྲཛྙཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་བིགྷྣཱཾནྟ་ཀྲྀཏ་ཧཱུཾ་ཕཊ། ཆེ་མཆོག་ཡོན་ཏན་གྱི་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །། ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་བུཌྜྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བུད་དྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཀརྨཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བཛྲ་གོ་རཱི་ཧ། ཨོཾ་བཛྲ་ཙཽ་རཱི་ཧ། ཨོཾ་བཛྲ་པྲ་མོ་ཧེ་ཧ། ཨོཾ་བཛྲ་བེ་ཏཱ་ལཱི་ཧ། ཨོཾ་བཛྲ་པུཀྐ་སཱི་ཧ། ཨོཾ་བཛྲ་གྷསྨ་རཱི་ཧ། ཨོཾ་བཛྲ་སྨ་ཤ་ནཱི་ཧ། ཨོཾ་བཛྲ་ཙཎྜ་ལཱི་ཧ། ཨོཾ་བཛྲ་སེངྷ་མུ་ཁཱི་ཧེ། ཨོཾ་བཛྲ་བྱཱ་གྷྲི་མུ་ཁཱི་ཧེ། ཨོཾ་བཛྲ་སྲིཾ་ག་ལ་མུ་ཁཱི་ཧེ། ཨོཾ་བཛྲ་ཤྭ་ན་མུ་ཁཱི་ཧེ། ཨོཾ་བཛྲ་གྲྀཌྜྷ་མུ་ཁཱི་ཧེ། ཨོཾ་བཛྲ་ཀཾ་ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏང་ཛཿ། ཨོཾ་བཛྲ་ཨ་མོ་ཀ་ཧཱུཾ། ཨོཾ་བཛྲ་ལོ་ཀ་བི། ཨོཾ་བཛྲ་བྷསྨི་པ་ལ་ཡ་ཏུ་ཧོཿ། ཡང་དག་ཐུགས་ཀྱི་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །། འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་བེ་ཏཱ་ལི་རཀྴ་མ་ན་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཨེ་ཀ་ཛ་ཏཱི་ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རག་མ་རུ་ལུ་རུ་ལུ་བྷྱོ། འདི་མན་སྔགས་སོར་བཞག ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཐོ་ལ་ཡང་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་བྱི་ཏྲི་ཏི་བི་མ་ར་ཏ་ཀ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་ཀ་ལ་ཀྵེ་པྲེ་ཏོད་ཀྵེ་ཏྲ་ཧཱུཾ་ཕཊ། ཨོཾ་རག་མོ་རག་མོ་སྙིང་རྩ་ལ་ཤ་མ་བྷྱོ། ཨོཾ་རག་མོ་རག་མོ་ཁྲག་ལ་མུ་ཤ་མ་བྷྱོ། ཨོཾ་རག་མོ་རག་མོ་ཏིང་ལཾ་མ་བྷྱོ། ཨོཾ་རག་མོ་རག་མོ་ཏིང་ཏིང་ཀ་ལ་མ་བྷྱོ། ཨོཾ་ཧེ་མ་དྷི་བཱི་ཧཱུཾ།


DNG014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡ་མ་དྷི་བཱི་ཧཱུཾ། ཨོཾ་ནཱ་ག་དྷི་བཱི་ཧཱུཾ། ཨོཾ་ཁ་ར་ག་དེ་བཱི་ཧཱུཾ། ཨོཾ་བཛྲ་ཡ་མ་རཀྴ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཡ་མ་ཧྲཱྀཿཤྟྲཱིཿཧཱུཾ་ཕཊ། ཨོཾ་ཡ་མ་མ་ཧཱ་བ་ཏ་ཧཱུཾ་ཕཊ། ཨོཾ་ཡ་མ་ཧྲི་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཡ་མ་པ་ཏི་ཧཱུཾ་ཕཊ། ཨོཾ་ཡ་མ་ཨཱརྱ་དྷ་ར་ཧཱུཾ་ཕཊ། ཨོཾ་ཡ་མ་རག་ཤ་ཧཱུཾ་ཕཊ། ཨོཾ་ཡ་མ་སརྦ་ས་ཏ་ཧཱུཾ་ཕཊ། ཨོཾ་ཡ་མ་ཨ་མྲྀ་ཏ་ལཾ་ཧཱུཾ་ཕཊ། ཨཱོཾ་ཡ་མ་དྷརྨ་རཱ་ཛ་ཧཱུཾ་ཕཊ། ཨོཾ་ཡ་མ་དེ་བཛྲ་ལ་རཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཧྲཱྀཿཥྚྲཱྀཿབཾ་ཧཱུཾ་ཕཊ། ཨོཾ་མ་མ་རག་མོ་རུ་ལུ་བྷྱོ། ཨོཾ་རག་མོ་རཀྴ་རུ་ལུ་བྷྱོ། ཨོཾ་མ་མ་ཡག་མོ་རུ་ལུ་བྷྱོ། ཨོཾ་མ་མ་རཀྴ་ཧྲཱྀཿཤྟྲཱིཿསྙིང་རུ་ལུ་བྷྱོ། ཨོཾ་མ་མ་རཀྴ་མ་ཏི་རུ་ལུ་བྷྱོ། ཨོཾ་རག་མོ་ཏ་ན་རུ་ལུ་བྷྱོ། ཨོཾ་མ་མ་ནཱ་ག་རུ་ལུ་བྷྱོ། ཨོཾ་མ་མ་བ་ཡ་དེ་བ་རུ་ལུ་བྷྱོ། ཨོཾ་ཡག་མོ་ཡག་མོ་རུ་ལུ་བྷྱོ། ཨོཾ་མ་མ་བཛྲ་ཨེ་ཀ་རུ་ལུ་བྷྱོ། ཨོཾ་མ་མ་རག་མོ་རུ་ལུ་བྷྱོ། ཨོཾ་ཀཱ་ལཱི་རག་མོ་རུ་ལུ་བྷྱོ། ཨོཾ་ཡ་མ་ཨཾ་ཀུ་ཤ་ཛཿ། ཨོཾ་ཡ་མ་པཱ་ཤ་ཧཱུཾ། ཨོཾ་ཡ་མ་སྥོ་ཊ་བཾ། ཨོཾ་ཡ་མ་གྷཎྜ་ཧོཿ། འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །། པདྨ་གསུང་གི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཨེ་ཀ་ཛ་ཊཱི་གུ་ཧྱ་སིདྡྷི་ས་མ་ཡ་བྷྱོ་ཛ། ཨོཾ་བཛྲ་ཀྲོ་ཏ་པ་ཙ་ལ་མུ་ཁ་ཧཱུཾ་ཛ། ཨོཾ་བཛྲ་པཀྵ་ཏི་མུ་ཁ་ཧཱུཾ་ཛ། ཨོཾ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་གརྫྫ་གརྫྫ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་ཀྲོ་དྷཱི་ཧཱུཾ། ཨོཾ་ཛྙཱ་ན་ཀྲོ་དྷཱི་ཧཱུཾ། ཨོཾ་རཀྵ་ཀྲོ་དྷཱི་ཧཱུཾ། ཨོཾ་ཙིཏྟ་ཀྲོ་དྷཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཧཱུཾ། ཨོཾ་ཡ་མ་ཀྲོ་དྷཱི་ཧཱུཾ། ཨོཾ་ནཱ་ག་ཀྲོ་དྷཱི་ཧཱུཾ། ཨོཾ་ཡཀྵ་ཀྲོ་དྷཱི་ཧཱུཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜ་ཧོཿ། པདྨ་གསུང་གི་ལྷ་ཚོགས་ཀྱི་ལེའུ་སྟེ་བདུན་པའོ།། །། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤྲཱི་ཀུ་མཱ་ར་


DNG014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཨོཾ་དཱིཔྟ་ཏ་ཙཀྲ་རུ་ལུ་རུ་ལུ་བྷྱོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧ་བ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ར་བ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ལཱ་སེ་ཀི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཏ་ན་པ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤ་ན་པ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མུ་ས་ལ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཙཎྜ་ལཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་མི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཙུནྡ་ཡ་ཏི་ཧཱུཾ། ཨི་ཥུ་པ་ཡང་ཨོཾ་བཛྲ་སཱུ་ཀ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁ་ཧཱུཾ། དྷ་ཏཱ་ཡང་ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུཾ། ཨོཾ་བཛྲ་དི་པཱི་མུ་ཁ་ཧཱུཾ། ཨོཾ་བཛྲ་པི་ཌཱ་ལ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཤྭ་ན་མུ་ཁ་ཧཱུཾ། ཨོཾ་བཛྲ་སིངྷ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཏ་རཀྵུ་མུ་ཁ་ཧཱུཾ། ཨོཾ་བཛྲ་རཾཀྵ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨུ་པི་ཀ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་གྲྀཛྼ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཨུ་ལཱུ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་བཱ་ཡ་ས་མུ་ཁཱི་ཧཱུཾ། ཨོཾ་བཛྲ་པ་ཀ་ཏི་མུ་ཁཱི་ཧཱུཾ། ཨོཾ་བཛྲ་པ་ཏྲཱི་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཏི་ཏཱི་ལ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ན་ཀུ་ལ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་མཱུ་ཥི་ཀ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཡཀྵྀ་ཎི་ཧཱུཾ། ཨོཾ་བཛྲ་བྷཻ་ར་བེ་ཧཱུཾ། ཨོཾ་བཛྲ་བ་ཡ་ཏ་ཡང་ཨ་མྲྀ་ཏ་ཧཱུཾ། ཨོཾ་བཛྲ་མཱ་ར་ཎཱི་ཧཱུཾ། ཕུར་པ་ཕྲིན་ལས་ཀྱི་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། མ་མོ་རྦོད་གཏོང་གི་སྔགས་བསྟན་པ། ཨོཾ་ཧཱུཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨ་ཨ། ཨོཾ་ཉིད་བཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་ནི་ཧཱུཾ་བྷྱོ། གྲི་པ་མུ་ཧཱུཾ་ཧ། ཛྭ་ལ་རཾ་བ་ཧ། བྷི་ཤ་སན་ཏི་ཧ། བྷི་ཡང་ཡང་ཏེ་ཧ། མ་ཧཱ་ལཾ་ཏེ་ཧ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཤཱིནྟཾ་པདྨ་ཀ་རུ་ཏིང་བྷྱོ། ཨོཾ་མུ་ཏྲི་ནི་བྷྱོ། ཨོཾ་ཤནྟྲི་ནི་བྷྱོ། བྷ་ག་དུན་ཏྲི་ནི་བྷྱོ། ཁ་མུན་དན་ཏྲི་


DNG014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྷྱོ། ཨོཾ་བཛྲ་སཱུརྻ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་པདྨ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཁ་རག་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་སྲིང་འགྲོ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཨ་ཀེཾ་ཨ་ཀེཾ་བྷྱོ། ཨོཾ་བཛྲ་ཏ་ཀེཾ་ཏ་ཀེཾ་བྷྱོ། ཨོཾ་བཛྲ་ནཱི་ལ་ནཱི་ལ་བྷྱོ། ཨོཾ་བཛྲ་ལནྡྷ་ལནྡྷ་བྷྱོ། ཨོཾ་བཛྲ་ཛ་ཏྲཾ་མུ་རཾ་ཤྭ། བཛྲ་ཁ་རག་སྙིང་རག་མ་བྷྱོ། ཏྲག་རཀྴ་ཏྲག་རཀྴ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་བཾ་ཁ་མན་ཏྲག་རཀྴ་བྷྱོ། པྲ་ཀ་ར་ཏིཥྛ་བྷྱོ། པྲ་གི་བཾ་གི་ཤ་བྷྱོ། བྷྱོ་ཧཱུཾ་ཀ་རོ་ཀ །བ་རོད་དྷ་རོད། ནི་ལ་ཆུ་མི་ཧཾ། ཁ་ཊྭཱཾ་ག །ད་ལ་ཙ་ལ། པདྨ་ཙནྡྷ། ཡ་གུར་རག་ཏོ། དིང་སཾ་དིང་སཾ། ཨེ་ཨཱ་རལླི། པུ་བྱི་རུ་ལུ་རུ་ལུ་བྷྱོ། ཏྲག་རག་ཤ །ཏྲག་རག་ཤ་བྷྱོ། ཨ་ཏིང་བྷྱོ། བྱི་ཏིང་བྷྱོ། སུ་ཏིང་བྷྱོ། མུ་ཏིང་བྷྱོ། བཛྲ་ཤནྟིཾ་བྷྱོ། དུནྟིཾ་བྷྱོ། ཧར་ཏིཾ་བྷྱོ། གྲུབ་ཏིཾ་བྷྱོ། ཏི་ཡཾ་བྷྱོ། ཨ་བརྟ་ལ་བྷྱོ། དྷ་ལ་དུ་ན་བྷྱོ། དི་ལ་མ་མ་ཡས་བྷྱོ། མ་ནུ་རཀྑ་སཱི་བྷྱོ། བྲ་ཧྨ་ཎཱི་བྷྱོ། རོའུ་ཏྲཱི་བྷྱོ། ཀོའུ་མཱ་རཱི་བྷྱོ། བིཥྞ་བཻ་བྷྱོ། ཨིནྡྲ་ཎཱི་བྷྱོ། པིངྒ་ལཱི་བྷྱོ། ཨ་མྲྀ་ཏཱ་བྷྱོ། སོའུ་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྴ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་དྷི་ར་མ་ཏྟཱི་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀ་བྷྱོ། བ་ཡ་ཌྼྀ་བྷྱོ། མ་ཧཱ་མཱ་ར་ཎ་བྷྱོ། བཛྲ་ཨགྣི་བྷྱོ། ཝ་ར་ཧཱི་བྷྱོ། མུཎྜཱི་བྷྱོ། སུ་ཏ་ནི་བྷྱོ། བ་རུ་ཎཱི་བྷྱོ། མ་ཧཱ་ཀ་ལཱི་བྷྱོ། ཙ་ཀ་ལཱི་བྷྱོ། ཀུམྦྷ་ཀརྞ་བྷྱོ། ལིཾ་བོ་ད་ར་བྷྱོ། མ་མོ་རྦོད་གཏོང་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །། འཇིག་རྟེན་མཆོད་བསྟོད་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཧཱུཾ་ཕཊ། མ་ཧཱ་དེ་བ་ཨེ་ཛཿབྷྱོ། ཨུ་མ་དེ་བཱི་ཨེ་ཛཿབྷྱོ། ཡ་མ་ཡ་ཛཿབྷྱོ། མ་མ་དནྟི་ཡ་ཛཿབྷྱོ། ཡ་མ་རུ་ལུ་མ་ཛཿབྷྱོ། ཨེ་ཀ་ཛ་ཊཱི་ཏྲག་ཛཿབྷྱོ། དུ་ཕྲག་དུ་ཛཿབྷྱོ། དུན་ཏིཾ་དུ་ཛཿབྷྱོ། ར་ཙ་ཙ་ཛཿབྷྱོ། གིཾ་ཀ་ར་ཏྲི་ཛཿབྷྱོ། བཛྲ་སཱ་དྷུ་ཏྲི་ཛཿབྷྱོ། རཱ་ཧུ་ལ་ཏྲི་ཛཿབྷྱོ། རཀྴ་ར་ཛཿབྷྱོ། རག་མོ་ར་ཛཿབྷྱོ། ཡཀྵ་དཀྵ་ཛཿབྷྱོ། ཡག་མོ་ཀྵ་ཛཿབྷྱོ། མ་ཧཱ་ཀཱ་ལ་ཤྲཱི་ཛཿབྷྱོ། རཱུ་ཏྲ་ནྲྀ་ཛཿབྷྱོ། མུན་མུན་པ་ཛཿབྷྱོ། ཏིརྠི་ཀ་ཐ་ཛཿབྷྱོ།


DNG014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ་ཨ་ཛཿབྷྱོ། ཨ་སེ་ལ་ཨ་ཛཿབྷྱོ། ཏིག་སྣ་འདྲེ་རུཾ་ཙཾ་ཛཿབྷྱོ། ཨ་བྷི་ཤུ་ཀྵུ་ཛཿབྷྱོ། ཏྲི་པ་ཤ་ལི་ཏྲི་ཛཿབྷྱོ། ཧཾ་ཤཾ་ཏྲི་ཛཿ་བྷྱོ། བི་ནཱ་ཡ་ཀ་ཨུ་ཛཿབྷྱོ། སྔགས་འདི་ལྷ་གྲངས་དང་མ་འགྲིགས་པས་ལྷག་གམ། དྷཱ་ཀི་ནི་མཾ་ཛཿབྷྱོ། ནཱ་ག་ཕུ་ཛཿབྷྱོ། ནཱ་ག་ཀྲོ་དྷཱི་ཤྭ་རཱི་ཕུ་ཛཿབྷྱོ། འཇིག་རྟེན་མཆོད་བསྟོད་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །། དམོད་པ་དྲག་སྔགས་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཡ་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། མ་མ་རུ་ལུ་མ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། ཏིརྠི་ཀ་ཐ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། དུ་ཕྲག་དུ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། དུན་ཏིཾ་དུ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། དེ་བ་ཨ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། རཱུ་ཏྲ་ནྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། རཀྴ་ར་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། རག་མོ་ར་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། ཡཀྵ་ཀྵ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། ཡག་མོ་ཀྵ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། རཱ་ཛ་ཙ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། ཡཾ་ཏྲི་ཤུ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། མུན་མུན་པ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། བཛྲ་སཱ་དྷུ་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། ཧཾ་ཤཾ་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། རཱ་ཧུ་ལ་པ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། ནཱ་ག་ཕུ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ། དམོད་པ་དྲག་སྔགས་ཀྱི་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།བསྒྲུབ་པ་བཀའ་བརྒྱད་ཀྱི་སྔགས་ཀྱི་བྱེ་བྲག་གི་ཕྲེང་བ་བསྟན་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་རིག་འཛིན་རྣམས་ཀྱིས་ཞུས་པ། ཨེ་མ་སྤྱི་དཔལ་ཆེན་པོ་ལགས། །སྔགས་ཀྱི་བཤད་པ་དགོས་པ་རྣམས། །དེ་དོན་རྒྱས་པར་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས། །བར་ན་བཅུ་གཅིག་གྲོང་མཛེས་པ། །ཆེ་མཆོག་ཡོན་ཏན་སྲོག་སྔགས་ཡིན། །ཨོཾ་ནི་ཡེ་ཤེས་རྣམ་པ་ལྔ། །བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། མ་ཧཱ་ཆེན་པོ། ཤྲཱི་དཔལ། ཧེ་ནི་དགྱེས་པ། རུ་དབང་དྲག །ཀ་ཕྲིན་ལས། ཧཱུཾ་ནི་ཡེ་ཤེས་ཁྲོ་བོ་ལ། ཕཊ་ནི་རྣམ་རྟོག་གཅོད་པའོ། །དེ་ནི་དོན་ཆོས་ཉིད་དང་སྦྱར་ཏེ་བཤད་པའོ། །ཨོཾ་ནི་ཡེ་ཤེས་རྣམ་པ་ལྔ་ཡི་སྙིང་པོའོ། །བཛྲ་མི་འགྱུར་བའི་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། མ་ཧཱ་ཤྲཱི་ཧེ་རུ་ཀ་ཡབ་ཆེ་མཆོག་ཡུམ་གནམ་


DNG014_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ། ཧཱུཾ་བསྡུས་ཕཊ་གཏོར་བའོ། །དེ་ནི་ཡབ་ཡུམ་གཉིས་ཀྱི་སྙིང་པོར་བསྟན་པའོ། །ཨོཾ་བཛྲ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཕྱག་མཚན་གྱི་སྔགས། ཀྲོ་དྷ་མཐར་བྱེད་ཁྲོ་བོའི་སྔགས། མ་ཧཱ་ཤྲཱི་ཆེ་མཆོག་ཡབ་ཡུམ་གྱི་སྔགས། ཧེ་རུ་ཀ་རིགས་བཞི་ཡབ་ཡུམ་གྱི་སྔགས། ཧཱུཾ་དྲེག་པ་འདུལ་བའི་ཁྲོ་བོ་བཅུའི་སྔགས། ཕཊ་སྒོ་བ་བཞི་ཡི་སྔགས་སོ། །དེ་ནི་ལྷ་ཚོགས་རྣམས་ཀྱི་སྙིང་པོར་བསྟན་པའོ། །རྣལ་འབྱོར་དབང་ཆེན་ཐོབ་འདོད་པས། །མ་ལ་ཡ་ཡི་ས་ཕྱོགས་སུ། །ཏིང་འཛིན་བརྟན་པོ་ཐོབ་གྱུར་ནས། །ཁྲག་འཐུང་འཕོས་པའི་ལྷ་རྒྱུད་གསལ། །དེ་ལྟར་ཡིག་འབྲུ་བཅུ་གསུམ་མོ། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི། །སྲོག་དང་སྲོག་གི་སྙིང་པོར་བསྟན། །དེ་ལྟར་སྲོག་ཐོབ་སྙིང་པོ་རྫོགས། །ཐུན་མོང་དངོས་གྲུབ་གང་འདོད་འགྲུབ། །དེ་ལྟར་སྤྱད་ཅིང་གནས་པ་ནི། །རང་གི་སེམས་ཉིད་དེར་འཕྲུལ་བས། །སེམས་ཀྱི་མཚན་ཉིད་གདོད་ནས་དག །རྒྱུ་དང་རྐྱེན་ལས་རག་མ་ལུས། །སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་ཀྱང་། །ཡེ་ནས་ལྷུན་གྱིས་གྲུབ་པས་ན། །དཔེར་ན་མཚལ་དང་ཁུ་བ་འདྲ། །མཚལ་དམར་ཁུ་བ་དམར་བ་བཞིན། །ཐུན་མོང་དངོས་གྲུབ་ཐོབ་ནས་ནི། །མཆོག་གི་དངོས་གྲུབ་ཆེན་པོ་འཐོབ། །ཚེ་གཅིག་སངས་རྒྱས་ས་ལ་སྦྱོར། །ཞེས་གསུངས་སོ། །ཆེ་མཆོག་ཡོན་ཏན་གྱི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡང་དག་ཐུགས་ཀྱི་འཛབ་དགོངས་ལ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས། །བར་ན་ཡིག་འབྲུ་བདུན་གནས་པ། །ཁྲག་འཐུང་ལྷ་རྒྱུད་སྲོག་སྙིང་ཡིན། །ཨོཾ་ནི་ཡེ་ཤེས་རྣམ་པ་ལྔ། །རུ་ནི་ཆགས་པ་ཆེན་པོའོ། །ལུ་ནི་ཀུན་བཟང་ཡུམ་གྱི་མཁའ། །རུ་ནི་ཉོན་མོངས་དབང་སྡུད་པ། །ལུ་ནི་སྲིད་གསུམ་དབང་དུ་སྡུད་པའོ། །ཧཱུཾ་ནི་དགྱེས་པ་ཆེན་པོའོ། །སྤྲུལ་པ་མང་པོ་འགྱེད་པའོ། །བྷྱོ་ནི་ཆོས་ཀྱི་དབྱིངས་འཇིག་རྟེན་གནས་འགྱུར་བའི་ཡི་གེ་ཡིན་པའོ། །


DNG014_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཐ་མ་ཡོན་ཏན་རིན་པོ་ཆེ་ནོར་བུ་རིན་པོ་ཆེ། ཕཊ་ནི་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོར་བསྐུལ་བའོ། །དེ་ནི་སྔགས་ཀྱི་དོན་དང་སྦྱར་ཏེ་བསྟན་པའོ། །ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་སྙིང་པོར་བསྟན་པ་ནི། །ཨོཾ་ནི་ཁྲག་འཐུང་ཡབ་ཡུམ་བཅུའི་སྙིང་པོའོ། །རུ་ལུ་གོང་མ་གཽ་རཱི་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ཧཱུཾ་ནི་འཇིགས་བྱེད་ཁྲོ་བོ་བཅུ། །བྷྱོ་ནི་དབང་ཕྱུག་མ་ཉི་ཤུ་བརྒྱད། ཧཱུཾ་སྒོ་བ་བཞི། ཕཊ་སྤྲོ་བའོ། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སྙིང་པོར་སྟོན་པ་ནི། ཨོཾ་ཁྲག་འཐུང་ཡབ་ཡུམ་བཅུ། རུ་ལུ་གོང་མ་གཽ་རཱི་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། ཧཱུཾ་སྒོ་བ་བཞི། བྷྱོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ཧཱུཾ་ཐ་མས་དབང་དུ་སྡུད་པ། ཕཊ་ཀྱིས་ལས་བྱེད་པའོ། །ཡང་དག་དོན་གྱི་ལྷ་དགུར་སྟོན་པ་ནི། །ཨོཾ་དཔལ་ཆེན་ཡབ་ཀྱི་སྲོག་ཏུ་གནས། །རུ་ལུ་གོང་མ་ཡུམ་གྱི་སྲོག་ཏུ་གནས། །རུ་ལུ་འོག་མ་གཽ་རཱི་མ་བརྒྱད་ཀྱི་སྲོག་ཏུ་གནས། ཧཱུཾ་དང་པོས་ལྷ་དགུ་པོ་དེ་དབང་དུ་སྡུད་པའོ། །བྷྱོ་ནི་ལས་ལ་སྐུལ་བར་བྱེད་པའོ། །ཧཱུཾ་ཐ་མས་མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་པར་བྱེད་པའོ། །ཕཊ་ནི་སྣང་སྲིད་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་པར་བྱེད་པའོ། །དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོར་སྟོན་པ་ནི། ཨོཾ་ནི་དཔལ་ཆེན་པོའི་སྙིང་པོའོ། །རུ་ལུ་གཉིས་ཡུམ་གྱི་སྙིང་པོའོ། །ཧཱུཾ་ཐུགས་དམ་གྱི་རྒྱུད་སྐུལ་བ། བྷྱོ་ལས་ལ་འགྱེད་པ། ཧཱུཾ་དྲག་ཏུ་སྐུལ་བ། ཕཊ་གདུག་པ་སྒྲོལ་བ། འཇིག་རྟེན་པའི་སྲོག་གི་སྙིང་པོར་བསྟན་པ་ནི། ཨོཾ་གཙོ་བོ་བཛྲ་ཧེ་རུ་ཀ །སྐུ་མཆོག་དམར་པོའི་ངོ་བོར་གནས། །རུ་ལུ་གཽ་རཱི་མ་མོ་བརྒྱད་པོ་ཡང་། །སྲིན་མོ་བརྒྱད་ཀྱི་ངོ་བོར་གནས། །རུ་ལུ་སིང་ཧའི་ཕྲ་མེན་བརྒྱད་པོ་ཡང་། །སྲིན་མོ་བརྒྱད་ཀྱི་ངོ་བོར་གནས། །ཧཱུཾ་ཁྲོ་བོ་ཆེན་པོ་བཅུ་པོ་ཡང་། །གིང་ཆེན་བཅོ་བརྒྱད་ཀྱི་ངོ་བོར་གནས། །ཧཱུཾ་རྟ་གདོང་སྒོ་བ་བཞི་པོ་ཡང་། །བསེ་མོ་བཞི་ཡི་ངོ་བོར་གནས། །བྷྱོ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱི་ངོ་བོར་གནས། །ཕཊ་


DNG014_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དྲེགས་པ་ལས་ལ་འགྱེད། །འབྲུ་བརྒྱད་སྔགས་ཀྱི་འཕྲོ་འདུ་ཡི། །འཇིག་རྟེན་དྲེགས་པ་གནད་ནས་བསྐུལ། །འབྲུ་དགུ་སྔགས་ཀྱི་འཕྲོ་འདུ་ལ། །འོད་དང་སྒྲ་དང་གཟུགས་ཀྱང་སྟོན། །གནད་ནས་བསྐུལ་ཅིང་ལས་ལ་སྦྱར། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །བསྡུས་པས་ཧཱུཾ་གི་ངོ་བོར་གནས། །རབ་ཏུ་དབེན་པའི་དུར་ཁྲོད་གནས། །ཧཱུཾ་ལས་བཛྲ་ཧེ་རུ་ཀ །ཡབ་ཡུམ་གཉིས་སུ་མེད་པར་གྱུར། །རུ་ལུ་སྔགས་ཀྱི་འཕྲོ་འདུ་ཡིས། །བདེ་གཤེགས་ཐུགས་དམ་རྒྱུད་བསྐུལ་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །དངོས་གྲུབ་རང་དབང་བྱ་བ་དང་། །འགྲོ་བའི་དོན་རྣམས་བྱ་བ་དང་། །ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡང་དག་ཐུགས་ཀྱི་སྔགས་ཀྱི་འཛབ་དགོངས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།འཇམ་དཔལ་སྐུ་ཡི་འཛབ་དགོངས་ལ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས། །བར་ན་ཡིག་འབྲུ་བཅོ་ལྔ་གནས། །གཤིན་རྗེའི་ལྷ་རྒྱུད་སྲོག་སྙིང་ཡིན། །ཨོཾ་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ། ཨ་སྐྱེ་བ་མེད་པ། ཀྲོ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་བྱུང་བ། ཏེ་རིག་པའི་ཡེ་ཤེས་ཀྱི་གཏི་མུག་དག་པ། ཀ་ཀརྨ་ལས་ཀྱི་རྒྱལ་པོ། ཡ་ཡན་པ་ཆེན་པོ། མན་ངན་སོང་གནོན་པ། ཏ་བདེ་བ་དག་པ། ཀ་ཐུགས་རྗེ་ཆེན་པོ། ཧ་དགྱེས་པ་ཆེན་པོ། ན་ངན་སོང་སྟོང་པ། མ་ཀུན་གྱི་གཞི། ཐ་ཐུགས་དམ་བསྐུལ་བ། བྷཉ་ཐུགས་རྗེས་སྒྲོལ་བ། ཛ་ཐུགས་རྗེས་འགུགས་པ། ཧཱུཾ་ཐམས་ཅད་སྡུད་པ། ཕཊ་ཐུགས་རྗེས་རྣམ་རྟོག་ཐམས་ཅད་གཅོད་པའོ། །དོན་ཆོས་ཉིད་དང་སྦྱར་ཏེ་བཤད་པའོ། །ཨོཾ་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ་སྟེ། ཡ་མཱནྟ་ཀའི་སྙིང་པོའོ། །ཨ་ཡུམ་བི་ཏཱ་ལཱིའི་སྙིང་པོའོ། །ཀྲོ་ཨེ་ཀ་ཙ་ཏིའི་སྙིང་པོའོ། །ཏེ་རལ་པ་ཚར་དགུའི་སྙིང་པོའོ། །ཀ་ཡ་མ་ར་ཙའི་སྙིང་པོའོ། །ཡ་མྱོས་བྱེད་འབར་བའི་སྙིང་པོའོ། །མན་ཨཱརྱ་མེ་རུའི་སྙིང་པོ།


DNG014_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཀོང་རྩེ་བྲག་འཇོམས་ཀྱི་སྙིང་པོ། ཀ་བན་གླང་མགོ་ཅན་གྱི་སྙིང་པོ། ཧ་ཡ་བ་ཏིའི་སྙིང་པོ། ན་རྨིག་པའི་སྙིང་པོ། མ་ལྷ་མཆོག་དུད་ཁའི་སྙིང་པོ། ཐ་ཨ་བ་གླང་མགོའི་སྙིང་པོ། བྷཉ་མིག་དམར་གྱི་སྙིང་པོ། ཛ་ཆོས་ཀྱི་རྒྱལ་པོའི་སྙིང་པོ། ཧཱུཾ་བདུད་འཇོམས་ཀྱི་སྙིང་པོ། ཕཊ་རྟེལ་པའི་སྙིང་པོ། ལྷ་བཅུ་བདུན་གྱི་སྙིང་པོར་བསྟན་པའོ། །ཨོཾ་ཡེ་ཤེས་ལྔ་དང་ལྡན་པས་སྔགས་ཀྱི་མགོ་འདྲེན་པའི། ཨ་ཀྲོ་ཏེ་ཀ་གཙོ་བོ་ཡབ་ཡུམ་གསུམ་གྱི་སྙིང་པོའོ། །ཡ་མཱནྟ་ཀ་གཤེད་བཞིའི་སྙིང་པོའོ། །ཧ་ན་མ་ཐ་གཤེད་བཞིའི་ཡུམ་གྱི་སྙིང་པོའོ། །བྷཉྫ་ཧཱུཾ་ནི་ཕྱོགས་སྐྱོང་ཡབ་ཡུམ་བཅུ་གཉིས་ཀྱི་སྙིང་པོའོ། །ཕཊ་སྒོ་བ་བཞིའི་སྙིང་པོ། ལྷ་རྒྱུད་དང་སྦྱར་ཏེ་བསྟན་པའོ། །ཨོཾ་ཨ་ཀྲོ་ཏེ་ཀ་གཤིན་རྗེ་གཤེད་པོའི་སྙིང་པོ། ཡ་མཱནྟ་ཀ་གཤེད་བཞིའི་སྙིང་པོ། ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། མཐར་བྱེད་བརྒྱད་ཀྱི་སྙིང་པོ། ཡ་མཱནྟ་ཏ་ཀ་གཤེད་མཐར་བྱེད་དང་བཅས་པའི་སྙིང་པོར་བསྟན་པའོ། །ཨོཾ་ཡེ་ཤེས་ལྔ་དང་ལྡན་པས་སྔགས་ཀྱི་མགོ་འདྲེན་པའོ། །ཨ་ཀྲོ་ཏེ་ཀ་གདུག་པ་ཐམས་ཅད་འདུལ་བའོ། །ཡ་མཱནྟ་ཀ་གནོད་པར་བྱེད་པའི་མགོ་ཆོམ། ཧ་ན་མ་ཐ་རྒྱོབ་སོད། བྷཉྫ་ཧཱུཾ་ཕཊ། བྷཉ་ཀྱིས་ཆིངས། ཛས་ཁུག །ཧཱུཾ་གིས་སྡུས། ཕཊ་ཀྱིས་གཏོར། གདུག་པ་འདུལ་བའི་སྔགས་སུ་བསྟན་པའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་གཙོ་བོའི་སྙིང་པོ། ཧ་ན་མ་ཐ་བྷཉྫ་ཡུམ་ཨེ་ཀ་ཛ་ཊཱིའི་སྙིང་པོ། ཧཱུཾ་སྡུས་ཤིག །ཕཊ་གཏོར་ཅིག །ཡབ་ཡུམ་གཉིས་ཀྱི་སྙིང་པོར་བསྟན་པའོ། །དུར་ཁྲོད་ཆེན་པོའི་ས་ཕྱོགས་སུ། །ཏིང་འཛིན་བརྟན་པར་གྱུར་པ་ན། །འཇིག་རྟེན་ལྷ་ཚོགས་གསལ་བྱས་ནས། །ཡིག་འབྲུ་བཅུ་བདུན་འབུམ་དུ་གདོན། །མ་གཤིན་འབུམ་སྡེའི་སྲོག་ཉིད་ཀྱང་། །རང་དབང་མེད་པར་འཐོབ་པར་འགྱུར། །ཐམས་ཅད་གཤིན་རྗེའི་དཀྱིལ་འཁོར་ཆེ། །གཤིན་རྗེ་གཤིན་རྗེ་མ་རིག་པ། །གཤིན་རྗེ་མ་སྤངས་རང་ས་གྲོལ། །འཇམ་དཔལ་སྐུའི་འཛབ་དགོངས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།པདྨ་གསུང་གི་འཛབ་


DNG014_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ལ། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས། །བར་ན་བཅུ་བཞིས་གྲོང་མཛེས་པ། །པདྨ་དབང་ཆེན་ལྷ་རྒྱུད་སྙིང་པོ་ཡིན། །ཨོཾ་ཡེ་ཤེས་ལྔ་དང་ལྡན་པ། པད་མི་འགྱུར་བའི་རིག་མཱན་བྱམས་པ་ཆེན་པོ། ཏ་བདེ་བ་ཆེན་པོ། ཀྲྀཏ་དགའ་བ་ཆེན་པོ། བཛྲ་བཏང་སྙོམས་ཆེན་པོ། ཀྲོ་མི་འགྱུར་བའི་རྡོ་རྗེ། དྷ་བདག་ཉིད་ཆེན་པོ། ཧ་བདག་གི་སྐུ། ཡ་འདྲེན་པ་ཆེན་པོ། གྲཱྀ་གཅོད་པ་ཆེན་པོ། པ་དག་པའི་སྐུ། ཧཱུཾ་སྡུད་པ་ཆེན་པོ། ཕཊ་གཅོད་པ་ཆེན་པོ། དེ་ནི་དོན་དམ་ཆོས་ཉིད་དང་སྦྱར་ཏེ་བཤད་པའོ། །ཨོཾ་ཡེ་ཤེས་རྣམ་པ་ལྔ། པད་མཱནྟ་ཀྲྀཏ་པདྨ་དབང་ཆེན་གྱི་སྙིང་པོ། བཛྲ་ཀྲོ་དྷ་ཟིལ་གནོན་གྱི་ཁྲོ་བོ་བརྒྱད་ཀྱི་སྙིང་པོ། ཧ་ཡ་གྲི་བ་ཡུམ་རྣམས་ཀྱི་སྙིང་པོ། ཧཱུཾ་བཀའ་ཉན་ལས་བྱེད་ཀྱི་སྙིང་པོ། ཕཊ་སྒོ་བ་བཞིའི་སྙིང་པོ། པདྨ་དབང་ཆེན་ལྷ་རྒྱུད་དང་སྦྱར་བའོ། །ཨོཾ་ཡེ་ཤེས་ལྔ་པདྨཱ་ན་པདྨའི་རིགས། ཏ་ཀྲྀཏ་རྟ་མགྲིན། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། ཧ་ཡ་གྲཱི་བ་རྟ་མགྲིན། ཧཱུཾ་གཏུམས་སོད། ཕཊ་གསོད་སྔགས། ལྷ་འདྲེའི་དམག་དཔུང་གཞོམ་པར་བསྟན་པའོ། །ཨོཾ་ཡེ་ཤེས་ལྔས་འཁོལ་བ། པད་མཱནྟ་ཀྲྀཏ་པདྨ་དབང་ཆེན། ཧ་ཡ་གྲཱི་བ་གསུང་རྟ་སྐད་དང་ལྡན་པ། ཧཱུཾ་སྡེ་བརྒྱད་ལས་ལ་གཟུད་ཅིང་དབང་དུ་སྡུད་པ། ཕཊ་ལས་ལ་སྐུལ་བའོ། །དམ་ཅན་ཇི་བཞིན་སྐུལ་བ་དང་སྦྱར་བའོ། །ཨོཾ་ཡེ་ཤེས་རྣམ་པ་ལྔས་སྲེག་པ། པདྨཱནྟ་ཀྲྀཏ་པདྨ་དབང་ཆེན། བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ། ཧ་ཡ་གྲཱི་བ་རྟ་མགྲིན། ཧཱུཾ་སྟོབས་ཀྱིས་ཀླུ་གདོན་ཐུལ། ཕཊ་སོད། ནཱ་ག་ཀླུ་འདུལ་བའི་དོན་དུ་བཟླས་པའོ། །དེ་ལྟར་གཉེན་པོའི་དོན་སྟོན་པ། །དཔལ་གྱི་རྟ་སྐད་ཐེངས་གསུམ་དང་། །མ་མོའི་འགྱིང་སྐད་ཐེངས་གསུམ་དང་། །རྣལ་འབྱོར་བརྡའ་སྐད་ཐེངས་གསུམ་གྱིས། །དང་པོས་སྣང་སྲིད་ཐམས་ཅད་ཀུན། །རྟ་མགྲིན་དབང་གི་ལྷ་རུ་བྱུང་། །གཉིས་པས་སྣང་སྲིད་ཤ་ཁྲག་གྱུར། །གསུམ་པས་མ་སྲིང་དབྱིངས་ནས་བསྐུལ། །


DNG014_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མཁར་སྤེའུ་རྩིག་པའོ། །འདི་ལྟ་བུ་ཡི་དོན་རྟོགས་ན། །ཤིན་ཏུ་འཇིགས་པའི་དུར་ཁྲོད་དུ། །དབང་ཆེན་རྟ་ཡི་ང་རྒྱལ་གྱིས། །གང་དག་གནས་པར་བྱེད་པ་དེས། །རྟ་མགྲིན་དབང་གི་སྦྱོར་བ་ཡིས། །ལྷ་སྲིན་ལས་ལ་འདི་ཡིས་འཁོལ། །ལྷ་འདྲེའི་དམག་དཔུང་འདི་ཡིས་འཇོམས། །ས་བདག་ཀླུ་རྣམས་འདི་ཡིས་ཐུལ། །དྲག་སྔགས་བསྙེན་པ་འདི་ཡིས་སྐྱོལ། །གསུང་གི་དངོས་གྲུབ་འདི་ཡིས་འཐོབ། །དབང་མཆོག་སྐུ་ཡང་འདི་ཡིས་མཐོང་། །གསང་སྔགས་ཟབ་མོའི་མན་ངག་འདི། །སྐལ་མེད་རྨོངས་པའི་གང་ཟག་དག །ཀུན་ལ་བསྟན་པར་མ་གསུངས་སོ། །པདྨ་གསུང་གི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཕུར་པ་ཕྲིན་ལས་འཛབ་དགོངས་ལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ། ཐོག་མཐའ་ཨཱོཾ་དང་ཕཊ་བཞག་ནས། །བར་ན་བཅུ་བཞིའི་གྲོང་མཛེས་པ། །ཕུར་པ་ལྷ་རྒྱུད་སྙིང་པོ་ཡིན། །ཨོཾ་ནི་གཞི་རྩ་བ་ཐམས་ཅད་ཀྱི་མཆོག །དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་འཚོབ་པ་མྱ་ངན་ལས་འདས་པའི་ཐུགས། བྱང་ཆུབ་ཀྱི་སེམས་སོ། །བཛྲ་ནི་དབྱིངས་གཏིང་མཐའ་མེད་པ་ནས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ཕུར་པུའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གྱུར་ནས། མི་གནས་པར་མྱ་ངན་འདས་པའི་བྱང་ཆུབ་སེམས་སོ། །ཀཱི་ལི་ཀཱི་ལ་ཡ་ནི། དེ་ལྟར་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་བསྒྲལ་ནས། ཆགས་པ་མེད་པར་མྱ་ངན་འདས་པའི་བྱང་ཆུབ་སྟེ། ཆོས་ཉིད་ཆགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་མཐོ་རིས་དང་ངན་སོང་ལས་མི་སྟོང་པས་ཟིན་པ་ལས་མི་འདའ་བའི་བྱང་ཆུབ་སེམས་སོ། །སརྦ་ནི་ཡུམ་གྱི་དབྱིངས་ལས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ལྷག་པའི་བྱང་ཆུབ་སེམས་ལས་མི་གནས་པས། ཤེས་རབ་ཡང་དག་པའི་བྱང་ཆུབ་ཀྱི་སེམས་སོ། །བིགྷྣཱཾ་ནི་ཡབ་ཀྱི་མཁའི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའི་རྒྱུ་ཐབས་བྱང་ཆུབ་ཀྱི་སེམས་སོ། །བཾ་ནི་དེ་ལྟར་ཐབས་ཤེས་རབ་གཉིས་སུ་མེད་པའི་མྱ་ངན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས་སོ། །


DNG014_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ནི་རྒྱུད་ལྔ་གནས་སུ་དག་ནས། འབྲས་བུ་སྐུ་ལྔར་ལྷུན་གྱིས་གྲུབ་པས། མཐར་ཐུག་ཆོས་ཉིད་ཀྱི་བྱང་ཆུབ་སེམས་སོ། །ཕཊ་ནི་དེ་ལྟར་འབྲས་བུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། མ་བཙལ་རྫོགས་པ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་སོ། །ཕུར་པ་རྩེ་གཅིག་པ་དེའི་དོན་ཕྱི་མོ་ནས་རང་བཞིན་གྱིས་གནས་པ་ཞེས་བྱའོ། །ལྷ་ཚོགས་སྔགས་སུ་བསྟན་པ་ནི། །ཨཱོཾ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཞེས་པ་ཡུམ་ཡིན་ནོ། །ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་ཡིན། །ཀཱི་ནི་ཐབས་ཀྱི་མཆེ་བ་ཅན། །ལཱ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཁྲོ་བོ་ཡིན། །སརྦ་ཐམས་ཅད་སྡུད་པའོ། །བིགྷ་ནི་དགྲ་དང་སྒྲིབ་པ་ཡིན། །ནཱན་ནི་བགེགས་རྣམས་འཆིང་བ་ཡིན། །བཾ་ནི་དབང་དུ་སྡུད་པ་སྟེ། །ཧཱུཾ་ནི་ཕྱག་བརྙན་སྒོ་མ་བཞི། །ཕཊ་ནི་སྒྲོལ་བའི་ཕྲིན་ལས་རྫོགས། །དཀྱིལ་འཁོར་གསུམ་དུ་བསྟན་པ་ནི། །དང་པོ་ཨོཾ་དང་བཛྲ་ནི། །བདག་ཉིད་རྩ་བའི་དཀྱིལ་འཁོར་རོ། །ཀཱི་ལི་ཀཱི་ལའི་ཡི་གེ་བཞི། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རོ། །ཡ་ནི་རྫས་ཀྱི་དཀྱིལ་འཁོར་རོ། །སརྦ་ཐམས་ཅད་མ་ལུས་པ། །བིགྷྣཱཾ་བགེགས་ཞེས་བྱ་བ་སྟེ། །བཾ་གྱིས་ཆིངས་ལ་ཧཱུཾ་གིས་བསྡུས། །ཕཊ་ཀྱིས་མི་གནས་སྲེག་པར་བྱེད། །བཅུ་གཅིག་འདུས་པའི་སྔགས་སུ་བསྟན། །ཨོཾ་ནི་ཡེ་ཤེས་རྣམ་པ་ལྔ། །བཛྲ་ཡེ་ཤེས་རྡོ་རྗེ་ཡིན། །ཀཱི་ལི་ཀཱི་ལ་ཡ་དང་ལྔ། །རང་བཞིན་དག་པའི་ཕུར་པའོ། །སརྦ་བིགྷྣཱཾ་ཐམས་ཅད་བགེགས། །བཾ་གྱིས་ནོན་ལ་ཧཱུཾ་གིས་བསྡུས། །ཕཊ་གྱིས་མི་གནས་སྲེག་པར་བྱེད། །ཉམས་དགའ་བ་ཡི་གནས་དག་ཏུ། །མཐིང་ནག་ཧཱུཾ་ལས་སྐུ་བསྐྱེད་པ། །རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས། །རྣལ་འབྱོར་རིག་པས་རྟག་བཟླས་ན། །གསང་སྔགས་བྱིན་རླབས་དངོས་གྲུབ་དང་། །ལོག་འདྲེན་སྒྲོལ་བའི་སངས་རྒྱས་མཐུ། །འཐོབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཕུར་པ་ཕྲིན་ལས་ཀྱི་སྔགས་ཀྱི་དགོངས་པའི་ལེའུ་བཅུ་དྲུག་པའོ།། །།མ་མོ་རྦོད་གཏོང་


DNG014_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འཛབ་དགོངས་ལ། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རྭི་སྟྭཾ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཐོག་མཐའ་ཨཱོཾ་དང་ཕཊ་བཞག་ནས། །བར་ན་གྲོང་ཁྱེར་ཉི་ཤུ་བརྒྱད། །སྲིད་པ་མ་མོའི་སྲོག་སྙིང་ཡིན། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །བདག་ཉིད་བླ་མེད་ཧེ་རུ་ཀའི། །ང་རྒྱལ་བརྟན་པོར་བཟུང་བྱས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །མ་མོ་མཁའ་འགྲོ་ཐམས་ཅད་ཀུན། །རང་དབང་མེད་པར་ལས་ལ་གཟུད། །གང་དང་གང་ལ་དམིགས་པ་ཡི། །ལས་རྣམས་དེ་དག་ཐམས་ཅད་ཀུན། །སྐད་ཅིག་ཙམ་གྱིས་འགྲུབ་པར་འགྱུར། །ཨོཾ་ཡེ་ཤེས་ལྔ། གུ་ཧྱ་ཡབ། ཛྙཱ་ན་ཡེ་ཤེས། ཤྲཱི་དཔལ། ཧེ་དགྱེས་པ། རུ་དབང་སྡུད། ཀ་ཕྲིན་ལས། གུ་ཧྱ་ཡུམ་གྱི་མཁའ། ཛྙཱ་ན་ཡུམ་གྱི་ཡེ་ཤེས། ཀྲོ་དྷཱི་ཡུམ། ཤྭ་རཱི་དབྱིངས། སྟྭཾ་དབྱིངས་སུ་ཐིམ་པ། མ་ཆོས་ཀྱི་དབྱིངས། མ་རིག་པའི་ཡེ་ཤེས། ཡོ་གི་ནཱི་རྣལ་འབྱོར་པ། རུ་ལུ་མཁའ། རུ་ལུ་དབྱིངས། བྷྱོ་ལས། ཧཱུཾ་སྡུས། ཕཊ་གཅོད་པའོ། །སྔགས་ཀྱི་དོན་ཆོས་ཉིད་དུ་བཤད་པའོ། །ཨོཾ་ཡེ་ཤེས་ལྔ། གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཡབ་ཀྱི་སྙིང་པོ། གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་ཡུམ་དྲུག་གི་སྙིང་པོ། མ་མ་ཡོ་གི་ནཱི་རང་བཞིན་རྣལ་འབྱོར་མ་རྗེ་མོ་བཅུ་བཞིའི་སྙིང་པོའོ། །རུ་ལུ་རུ་ལུ་སྨན་མོ་སུམ་ཅུའི་སྙིང་པོ། བྷྱོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྙིང་པོའོ། །ཧཱུཾ་དབང་དུ་སྡུད་པ། ཕཊ་ལས་ལ་འགྱེད་པའོ། །མ་ཆེན་བདུན་ཅུ་རྩ་ལྔའི་སྙིང་པོར་བསྟན་པའོ། །ཨཱོཾ་ཡེ་ཤེས་ལྔ་འདུས་པ། གུ་ཧྱ་ཛྙཱ་ན་ཡེ་ཤེས་གསང་བའི་ཐུགས། ཤྲཱི་ཧེ་རུ་ཀ་དཔལ་ཆེན་པོ། གུ་ཧྱ་ཛྙཱ་ན་གསང་བའི་ཡུམ། ཀྲོ་དྷཱི་ཤྭ་རཱི་ཡུམ་གྱི་ཚོགས། སྟྭཾ་ནི་ཐམས་ཅད་དབང་དུ་སྡུད། མ་མ་ཡོ་གི་ནཱི་མ་མོ་དབང་དུ་སྡུད་ཅིང་འཁོལ། རུ་ལུ་རུ་ལུ་མ་མོ་མཁའ་འགྲོ་ལས་ལ་འཛུད་པ། ཧཱུཾ་གིས་དབང་དུ་སྡུད། བྷྱོ་ཡིས་ལས་ལ་འཁོལ། ཕཊ་ཀྱིས་ཐམས་ཅད་སྒྲོལ་བར་བྱེད། མཁའ་འགྲོ་མའི་སྔགས་སུ་བསྟན་པའོ། །ཨོཾ་གུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཡ་ཛྙཱ་ན་ཀྲོ་ཏི་ཤྭ་རཱི་སྟྭཾ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྙིང་པོའོ། །


DNG014_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཡོ་གི་ནཱི་རང་བཞིན་གྱི་རྣལ་འབྱོར་མའི་སྙིང་པོའོ། །རུ་ལུ་རུ་ལུ་བྷྱོ་ནི་ལས་ཀྱི་མཁའ་འགྲོ་མའི་སྙིང་པོའོ། །ཧཱུཾ་དབང་དུ་སྡུས། ཕཊ་ལས་ལ་བསྐུལ་བའོ། །མཁའ་འགྲོ་རྣམ་བཞིའི་སྙིང་པོར་བསྟན་པའོ། །མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།འཇིག་རྟེན་མཆོད་བསྟོད་ཀྱི་འཛབ་དགོངས་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས། །བར་ན་འབྲུ་བརྒྱད་གྲོང་གནས་པ། །དྲེགས་པ་འདུས་པའི་སྙིང་པོ་ཡིན། །ཨོཾ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། ཙཎྜ་གཏུམ་པོ། སརྦ་ཐམས་ཅད། དུཥྠཾ་སྟོབས་ཆེ་བ། ཧཱུཾ་དབང་དུ་སྡུས། ཕཊ་ཀྱིས་ལས་ལ་འཛུད་པའོ། །སྔགས་ཀྱི་སྒྲ་དོན་བསྟན་པའོ། །ཨོཾ་བཛྲ་ཙཎྜ་དྲེགས་པ་ཀུན་འདུལ་གྱི་སྙིང་པོ། སརྦ་དུཥྚཱཾ་དྲེགས་པ་ཅན་སུམ་ཅུའི་སྟོབས། ཧཱུཾ་ཡུམ་ཁམས་གསུམ་སྤྱི་འདུལ་མ། ཡབ་ཡུམ་གྱི་བར་དུ་དྲེགས་པ་ཅན་བཅུག་པ་སྟོབས་དབང་དུ་སྡུད་པའོ། །ཕཊ་ཀྱིས་སྟོབས་འཕྲོག་པའོ། །དྲེགས་པ་དབང་དུ་སྡུད་པའི་ཚུལ་དུ་བཟླས་པའོ། །ཨོཾ་ཡེ་ཤེས་ལྔ་དང་ལྡན་པ། བཛྲ་རྡོ་རྗེ། ཙཎྜ་གཏུམ་པོ། སརྦ་ཐམས་ཅད། དུཥྚཱཾ་གནོན་པ། ཧཱུཾ་དབང་དུ་སྡུད་པ། ཕཊ་ཀྱིས་གཅོད་པའོ། །དྲག་སྔགས་སུ་བསྟན་པའོ། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །རྣལ་འབྱོར་སྟོབས་དང་ལྡན་པ་ཡིས། །དྲེགས་པ་དབང་དུ་བསྡུ་འདོད་ན། །བདག་ཉིད་ཁྲོ་ཆེན་སྐུར་བསྒོམས་ལ། །འཇིག་རྟེན་དྲེགས་པ་གནད་ལ་བོར། །དབང་དུ་བསྡུས་ཏེ་དམ་སྩལ་ལ། །ཕྲིན་ལས་རྒྱ་མཚོ་ཀུན་ལ་སྦྱར། །ཞེས་གསུངས་སོ། །འཇིག་རྟེན་མཆོད་བསྟོད་ཀྱི་སྔགས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དམོད་པ་དྲག་སྔགས་འཛབ་དགོངས་ལ། ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས། །བར་ན་གྲོང་ཁྱེར་དྲུག་གནས་པ། །དྲེགས་པ་གཟིར་བའི་སྙིང་པོ་ཡིན། །ཨོཾ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། སརྦ་ཐམས་ཅད། དུཥྚཱཾ་གནོན་པ། ཧཱུཾ་སྡུད་པ། ཕཊ་གཅོད་པའོ། །
སྔགས་ཀྱི་དོན་བསྟན་པའོ། །ཨོཾ་བཛྲ་སྟོབས་ལྡན་ནག་པོའི་སྙིང་པོའོ། །སརྦ་དྲེགས་པ་ཅན་སྔགས་བདག་བཅོ་བརྒྱད། དུཥྚཱཾ་གཟིར་ཅིང་གནོན་པ། ཧཱུཾ་འབྱུང་བ་ལྔའི་བདག་མོ། ཡབ་ཡུམ་གྱིས་དྲེགས་པ་ཅན་བར་དུ་བཅུག་ལ་གཟིར་བའོ། །ཕཊ་ཀྱིས་གཟིར་ཞིང་གཅོད་པའོ། །དྲེགས་པ་ཅན་གཟིར་བའི་དོན་དུ་བཟླས་པའོ། །ཨོཾ་ཡེ་ཤེས་ལྔའི་རང་སྔགས། བཛྲ་རྡོ་རྗེ། སརྦ་ཐམས་ཅད། དུཥྚཱཾ་དྲེགས་པ་ཅན་གྱི་སྟོབས་སོ། །ཧཱུཾ་ཟིལ་གྱིས་གནོན་པ་ཐུགས་འདུས་པ། ཕཊ་གཅོད་པའོ། །དྲག་སྔགས་གཟིར་གནོན་དུ་བཟླས་པའོ། །བདག་ཉིད་སྟོབས་ལྡན་གསལ་བ་ལས། །དྲེགས་པ་མ་ལུས་གཟིར་བྱེད་ཅིང་། །ཁམས་སུ་དྲེགས་པ་གནད་ལ་བོར། །དེ་ཉིད་སྡེ་བརྒྱད་ལས་ལ་དགྱེ། །བསྟན་པའི་བསྲུང་མར་དབང་བསྐུར་རོ། །ཞེས་གསུངས་སོ། །དམོད་པ་དྲག་སྔགས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། སྒྲུབ་པ་བཀའ་བརྒྱད་ཀྱི་འཛབ་དགོངས་སྔགས་ཀྱི་དོན་བསྟན་པའི་སྐབས་ཏེ་གསུམ་པའོ།། །། མ་ཚང་ཁ་སྐོང་བའི་རྒྱུད་ཅེས་བྱ་བ་ལེའུ་བཅུ་དགུ་པ་སྐབས་གསུམ་པ། སྩོགས་སྩོགས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་དཔེ། རིན་ཆེན་གཏེར་དུ་སྦས། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། འདི་ལ་ཚིག་སྣ་ཉུང་ཞིང་ལེའུ་བཅུ་གཉིས་པར་བཀའ་སྡོད་ཀྱི་སྔགས་བསྟན་པའི་ལེའུ་ཉི་ཤུ་པ་ཞིག་སྣང་ཡང་དོན་ཚན་གཞན་ནི་འདི་ཉིད་རྒྱས་པར་འདུག་གོ། །


previousབདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།next