Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་བཞི་པ། ཕ༽


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལྡེ་མིག་གི་རྒྱུད་ཅེས་བྱ་བ།
   
   


 
previousབདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལྡེ་མིག་གི་རྒྱུད་ཅེས་བྱ་བ།next

བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལྡེ་མིག་གི་རྒྱུད་ཅེས་བྱ་བ།


DNG014_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷ་ག་བཱན་སརྦ་སུ་ག་ཏ་ས་མུ་དཱ་ཡེ་ཏནྟྲ་པྲ་བྷེ་ད་ཀུཉྩི་ཀ་ཏནྟྲ་ན་མ། བོད་སྐད་དུ། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལྡེ་མིག་གི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།


DNG014_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་ཡུམ་ཀུན་ཏུ་བཟང་མོ་བདེ་བར་གཤེགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ། རང་བཞིན་ལྷུན་གྱིས་གྲུབ་པ་འོག་མིན་གྱི་གནས་ན་མཐའ་དང་དབུས་མེད་ཅིང་གཞི་ཚད་ལས་འདས་པ། རྒྱ་དང་ཕྱོགས་ཡོངས་སུ་མ་ཆད་པ་ཡེ་ཤེས་ཀྱི་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཡོན་ཏན་དཔག་ཏུ་མེད་པས་རྒྱས་པར་གྱུར་པའི་ཕོ་བྲང་ཆེན་པོ་རྣམ་པར་དག་པ་ན། བདེ་བར་གཤེགས་པ་ཏིལ་གྱི་གང་བུ་བཞིན་དུ་བཞུགས་པ་རབ་ཏུ་གསལ་བའི་ཚོགས་ཆེན་པོ་འདུས་པ་ལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་སྤྲོས་པ་དང་བྲལ་བ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་ཀུན་སྐྱེ་བ་མེད་པ་ལ། །མཉམ་པ་ཉིད་ཀྱི་ངང་གནས་ཀྱང་། །ཀུན་རྫོབ་སྒྱུ་མའི་ཚུལ་གྱིས་ནི། །མ་སྐྱེས་པ་ལས་མ་འགག་མཐོང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་གཅིག །སྣང་བ་ཐ་དད་སྣ་ཚོགས་ཏེ། །གཅིག་དང་དུ་མ་བརྗོད་ལས་འདས། །ཀྱེ་ཀྱེ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ངོ་བོ་གཅིག་ལས་ཐ་དད་སྣང་། །དཔེ་དོན་མཉམ་ཉིད་ལྷུན་གྱིས་གྲུབ། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །མ་རིག་པ་ཡང་ཡང་དག་ལམ། །རྣམ་པར་རྟོག་པའང་ཆོས་ཀྱི་སྐུ། །སྐྱེ་བ་མེད་པ་གཞི་ཡིན་ཏེ། །མ་འགགས་སྣང་བ་ལམ་ཡིན་ནོ། །ལྷུན་གྱིས་གྲུབ་པ་འབྲས་བུ་སྟེ། །སྐྱེ་ཞིང་འཕོ་བའི་གནས་མེད་དོ། །རྡོ་རྗེ་ལྟ་བུའི་དགོངས་པ་ལ། །བྱིན་རླབས་ཐུགས་རྗེ་ཆེན་པོ་ཡིས། །


DNG014_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་རྒྱལ་བའི་སྐུས་ཁྱབ་ཀྱང་། །བྱང་ཆུབ་སེམས་ལ་གཡོ་བ་མེད། །མཁའ་དང་འཇའ་ཚོན་ཇི་བཞིན་ནོ། །འཁོར་བའི་བདེ་སྡུག་རྒྱུ་འབྲས་དང་། །བདེ་གཤེགས་སྐུ་དང་ཡེ་ཤེས་ཚོགས། །བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །ཆོས་ཀྱི་སྐུ་ལ་འདུ་འབྲལ་མེད། །འཁོར་འདས་ཆོས་ལ་བཟང་ངན་མེད། །མཉམ་པ་ཉིད་ལ་རྒྱུ་འབྲས་མེད། །སེམས་ཉིད་རྩལ་ལ་འགག་པ་མེད། །གཟུང་འཛིན་འཁྲུལ་པའི་སྣང་བ་ལས། །བལྟར་མེད་བསྒོམ་ཞིང་དཔྱད་པ་མེད། །བསྲུང་མེད་ཐོབ་མེད་ལྷུན་གྱིས་གྲུབ། །མ་ནོར་མ་བཅོས་ཆོས་ཉིད་ལ། །རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས། །མི་འགྱུར་ལྷུན་གྲུབ་བྱང་ཆུབ་སེམས། །རྒྱུ་དང་འབྲས་བུ་མ་འགགས་ཆོས། །རྒྱ་མཚོར་ཆུ་བྲན་འདུ་བ་ལྟར། །འཁོར་འདས་འུབ་ཆུབ་ཀུན་ཏུ་འདུས། །བཅུད་མཆོག་སྙིང་པོ་རྡོ་རྗེའི་དོན། །བསམ་མེད་བརྗོད་མེད་བསྟན་དུ་མེད། །ངེས་པ་འདི་ཉིད་མ་རྟོགས་ན། །རྟོག་པ་སྣ་ཚོགས་འཆིང་བའི་རྒྱུ། །ང་ནི་རང་བྱུང་བཅོམ་ལྡན་འདས། །འོག་མིན་ཆོས་དབྱིངས་གནས་མཆོག་ན། །དག་པ་ཉིད་ལ་དག་པ་སྟོན། །མཉམ་ཉིད་ཀློང་ནས་གསལ་བར་ཉོན། །ཀྱེ་ཀྱེ། དག་པ་དྲི་མ་མེད་པའི་ཆོས། །བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས། །འཁོར་བའི་རྣམ་རྟོག་གཞོམ་པ་དང་། །ཐུགས་རྗེས་འགྲོ་བ་དྲང་བའི་ཕྱིར། །གཉིས་མེད་དགེས་པའི་ཚུལ་དུ་མཛོད། །ཅེས་བསྐུལ་ཞིང་གླུ་བླངས་པས། ཡུམ་ཀུན་ཏུ་བཟང་མོས་བསྐུལ་པ། ཀྱེ་ཀྱེ། བདེ་བར་གཤེགས་པ་ཀུན་གྱི་གཙོ། །མཉམ་པ་ཆེན་པོའི་ངང་ཉིད་ལས། །གང་གིས་འདུལ་བ་དེ་བསྟན་ཕྱིར། །གཙོ་བོ་མཆོག་ལ་གཉིས་མེད་བྱ། །ཞེས་བསྐུལ་ཏོ། །དེ་ནས་ཡབ་ཀྱིས་བསྐུལ་པ། ཀྱེ་ཧོ། དགེས་པ་ཆེན་པོ་གསང་བའི་ཐུགས། །མཉམ་པ་ཉིད་ལས་མཉམ་པར་བཞེངས། །བདེ་བར་གཤེགས་པའི་ཐུགས་ཀྱི་སྲས། །ཁྱབ་པའི་དོན་དུ་མངོན་པར་དབྱུང་། །ཞེས་བསྐུལ་ཏོ། །དེ་ནས་ཡང་ཡུམ་གྱིས་བསྐུལ་པ། ཀྱེ་ཀྱེ། འགྲོ་བའི་དེད་དཔོན་གཉེན་གཅིག་པོ། །མ་རིག་མུན་པ་འཇོམས་པའི་བདག །གཉིས་མེད་བདེ་བའི་


DNG014_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དཀྱིལ་དུ། །བདེ་བ་ཆེན་པོ་དབབ་ཏུ་གསོལ། །ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རང་བཞིན་རྡོ་རྗེ་ཆགས་པའི་རྒྱལ་པོ་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་དབྱིངས་ཀྱི་ཡུམ་ཆེན་མོ་ལ་རབ་ཏུ་བསྐུལ་པ། ཀྱེ་ཧོ། སྐྱེ་མེད་མཁའ་དབྱིངས་དག་པའི་ཡུམ། །བདེ་ཆེན་དབྱིངས་ཀྱི་བདག་ཉིད་མ། །ཐུགས་རྗེའི་གདུལ་བྱ་བསྟན་པའི་ཕྱིར། །གསང་བའི་བདེ་ཆེན་སྐྱེད་མཛོད་ཅིག །ཅེས་བསྐུལ་ཏོ། །དེ་ནས་ཡང་ཡུམ་གྱིས་བསྐུལ་པ། ཧོ། འགྲོ་བ་འདུལ་བའི་དེད་དཔོན་གཙོ། །དགེས་པའི་རྡོ་རྗེ་དཔའ་བོ་ཡིས། །བྱང་ཆུབ་སེམས་རྒྱུན་བདེ་བ་ཡི། །སྤྲིན་ཚོགས་ཆར་ཆེན་དབབ་ཏུ་གསོལ། །ཞེས་བསྐུལ་པས། ཡབ་ཀྱིས་ས་མ་ཡ་ཧོ། ཞེས་བསྐུལ་པས། ཡུམ་གྱིས་ས་མ་ཡ་སྟཾ། ཞེས་བསྐུལ་ཏོ། །ཡབ་ཀྱིས་ར་ཧོ྅ཧཾ། ཞེས་བསྐུལ་པས། ཡུམ་གྱིས་རཱ་ག་ཡཱ་མི། ཞེས་བསྐུལ་ཏེ། རོལ་པ་ཆེན་པོ་མཛད་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཡ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཱདྨ་ཀོ྅ཧཾ་ཛཿཧཱུཾ་བཾ་ཧོཿ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧ། ཞེས་བྱ་བས་བདེ་བར་གཤེགས་པའི་རིགས་དཔག་ཏུ་མེད་པ་ཞིང་ཁམས་ཀྱི་བཀོད་པ་ཆེན་པོ་དང་། དཀྱིལ་འཁོར་གྱི་འཁོར་ལོ་རབ་ཏུ་རྫོགས་པ་དང་། ཞི་བ་དང་ཁྲོ་བོའི་རྣམ་པ་དང་། ཡབ་དང་ཡུམ་གྱི་རང་བཞིན་དུ་སྣང་བ་དང་། སྐུ་སོ་སོའི་རྒྱན་གཅིག་པར་སྣང་བ་དང་། སྤྲུལ་པ་དང་ལས་སྒྲུབ་པའི་ཚོགས་ཀྱི་འཁོར་དང་བཅས་པ་དཔག་ཏུ་མེད་པ་རབ་ཏུ་སྣང་བར་གྱུར་ཏོ། །སྙིང་པོ་དེ་ཁོ་ན་ཉིད་ལས། རོལ་པ་ཆེན་པོའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཞི་བའི་ཆ་ལུགས་ཀྱི་བདག་ཉིད་ཅན་རྣམས་ཀྱིས་མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །མ་འོངས་ཕྱི་མའི་དུས་ཀྱི་ཚེ། །གདུལ་བྱ་འདོད་ཆགས་ཅན་དོན་དུ། །རིགས་ཀྱི་བདག་པོ་ཞི་བའི་ཚོགས། །ཀུན་ནས་རབ་ཏུ་བསྒྲུབ་པའི་ཐབས། །ཆོ་ག་ཡན་ལག་ཡོངས་


DNG014_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ། །དམན་དང་བར་མ་མཆོག་རབ་དོན། །རྒྱས་བསྡུས་ཤིན་ཏུ་རབ་ཏུ་བསྡུས། །རྟོག་པའི་དྲ་བ་གཞོམ་པའི་ཕྱིར། །མ་ལུས་གསལ་བར་བསྟན་དུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཞལ་འཛུམ་པ་ཆེན་པོ་མཛད་པའི་འོད་ཟེར་གྱི་དྲ་བ་ཆེན་པོ་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པར་མཛད་ནས། ནམ་མཁའ་དང་མཉམ་པའི་འཁོར་གྱི་དཀྱིལ་འཁོར་གྱི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །ཕྱོགས་བཅུའི་རྒྱལ་བ་དེ་བཞིན་གཤེགས། །མ་ལུས་བསྡུས་པའི་སྐུ་གསུང་ཐུགས། །དམ་པ་རིགས་བརྒྱའི་ངང་ཉིད་དེ། །དེ་ཉིད་བསྙེན་ཅིང་བསྒྲུབ་པ་ནི། །ཕུན་སུམ་ཚོགས་པའི་བཅུད་ལྡན་པས། །མ་ཉམས་སྣོད་དང་ལྡན་ལ་བསྟན། །རི་བོ་དབེན་པའི་གནས་མཆོག་ཏུ། །འདུ་འཛི་སྤངས་པའི་རྣལ་འབྱོར་པས། །ཕུན་སུམ་ཚོགས་པ་ལྔ་ལྡན་ནས། །ས་ཡི་ཆོ་ག་རྒྱས་པ་སྟེ། །བརྟག་སྤྱད་བསླང་ཞིང་མཁྱེན་པར་གསོལ། །ཕྱི་ནང་གནས་དང་སྦྱར་བའི་ཁྱོན། །ཆག་ཆག་སྐྱང་ནུལ་ལེགས་བྱས་ཏེ། །ཁྲོ་བོའི་སྟངས་སྟབས་མཚམས་ཀྱིས་བསྐོར། །བཀའ་བསྒོ་བསྐྲད་དང་བསྲུང་བར་བྱ། །མཚན་ཉིད་ལྡན་པའི་གྲོགས་དང་བཅས། །བྱིན་གྱིས་བརླབས་པའི་སྲད་བུ་ཡིས། །དཀྱིལ་འཁོར་ཕོ་བྲང་ཐིག་གདབ་པ། །རྡོ་རྗེ་ཁུ་ཚུར་བྱིན་བརླབས་ནས། །སློབ་དཔོན་ཤར་བལྟས་སློབ་མ་ཡིས། །ནུབ་ཏུ་བལྟས་ཏེ་གདབ་པར་བྱ། །ཕོ་བྲང་རྫོགས་པའི་དཀྱིལ་འཁོར་དགུ། །རྡོ་རྗེའི་ས་དང་གདུང་གིས་བཅད། །སྤྱི་དང་བྱེ་བྲག་ཕྱི་དང་ནང་། །ཕྱོགས་དང་མཚམས་ཀྱི་ཕྱེད་ཀྱིས་དབྱེ། །བར་ཁྱམས་སྒོ་དང་རྟ་བབས་བཅས། །འདོད་པའི་ཡོན་ཏན་ལྷ་མོའི་གནས། །རིན་པོ་ཆེ་ཡི་བརྩིག་པ་དང་། །ཀ་བ་རྡོ་རྗེ་ཟླ་ཕྱེད་དང་། །པདྨ་དྲ་བ་མདའ་ཡབ་བཅས། །འཁོར་ལོ་རི་དྭགས་གདུགས་ཀྱིས་མཛེས། །རྡོ་རྗེའི་ར་བ་མེ་འོད་འབར། །གཞན་ཡང་རྒྱན་རྟགས་སྣ་ཚོགས་པ། །རིན་པོ་ཆེ་འམ་འབྲུ་སྣ་ཡིས། །ཕྱི་ནང་ཀུན་ཏུ་ལེགས་པར་བྲི། །ཕོ་བྲང་དགུ་ཡི་དབུས་ཉིད་དུ། །འཁོར་ལོ་རྩིབས་


DNG014_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀུན་ཏུ་ལྡན། །དེ་ཉིད་གྲུ་ཆད་ཁྱམས་དང་བཅས། །བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་རིགས་རྣམས་ཀྱི། །དབུས་ནས་ཤར་ལྷོ་ནུབ་བྱང་སོགས། །དཀར་མཐིང་སེར་དམར་ལྗང་གུ་ཡི། །རིམ་བཞིན་ཁ་དོག་ལྡན་པའོ། །ཕྱི་རོལ་ཕན་ཆོད་གདབ་པ་དང་། །སྣང་བྱེད་དྲ་བ་འཕྱང་བས་བརྒྱན། །སྐུ་གསུང་ཐུགས་ཀྱི་མཚན་མ་དགོད། །མཉེས་པའི་ཡོ་བྱད་སྣ་ཚོགས་བསྟར། །ཆོ་འཕྲུལ་བཞི་དང་ཏིང་འཛིན་གསུམ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཆོ་ག་གསུམ་དང་ཡན་ལག་བཞི། །དཀྱིལ་འཁོར་བསྒྲུབ་པ་ཁོ་ནའོ། །སྙིང་རྗེའི་ཡུལ་ལ་དམིགས་པ་དང་། །བྱམས་པ་དགའ་བ་བཏང་སྙོམས་ཀྱིས། །ཆོ་འཕྲུལ་བསྐྱེད་དེ་མ་ལུས་སྦྱང་། །སྟོང་ཞིང་བདག་མེད་དེ་བཞིན་ཉིད། །ཀུན་ཏུ་སྣང་བའི་སྙིང་རྗེ་གསུམ། །མེད་པ་ལས་ནི་ཡོད་པའི་རྒྱུ། །ཕྱི་ནང་དངོས་པོ་ཀུན་སྦྱངས་ཏེ། །ཡེ་ཤེས་ས་ལ་གནས་པ་ལས། །གཟུང་འཛིན་མཚན་མ་ཀུན་བྲལ་ཞིང་། །རང་བཞིན་ཆོས་ཉིད་ངང་གིས་གསལ། །སྟོང་ཉིད་ངང་གནས་ཆོས་ཀྱི་དབྱིངས། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །ཡུལ་དངོས་རིགས་ཀུན་གསལ་བར་སྣང་། །ཆོས་རྣམས་སྟོང་པ་རབ་སྦྱོར་ཞིང་། །བདག་གཞན་མཚུངས་པ་མཉམ་པ་ཉིད། །མ་སྐྱེས་རང་བཞིན་མེད་པ་ཡི། །དམིགས་མེད་ཆོས་ལ་སོ་སོར་བརྟག །སེམས་བསྐྱེད་པ་དང་སྨོན་ལམ་གྱིས། །ནུས་པ་མཐར་ཐུག་ནན་ཏན་བསྐྱེད། །ཇི་ལྟར་བཤད་པའི་དཀྱིལ་འཁོར་དབུས། །པདྨ་ཉི་མ་ཟླ་བའི་སྟེང་། །ལྷ་རྣམས་སོ་སོའི་ཡི་གེ་ཉིད། །རང་གི་ཁ་དོག་མཐུན་པ་ལས། །འོད་ཟེར་སྣ་ཚོགས་རབ་སྤྲོས་པས། །སེམས་ཅན་ཁམས་ཀུན་ཐབས་ཀྱིས་སྦྱངས། །སླར་འདུས་དམིགས་པ་དག་མཛད་དེ། །ཡི་གེ་སྙིང་པོ་ཕྱག་མཚན་ཐུགས། །དེ་ལས་ཡན་ལག་བཞི་སྦྱར་བས། །རང་གི་ལུས་ཀུན་ཡོངས་རྫོགས་ཏེ། །འཁོར་ལོ་དབུས་ཀྱི་གདན་སྟེང་དུ། །གཙོ་ཆེན་རྣམ་པར་སྣང་མཛད་དང་། །ཡུམ་ཆེན་ཆོས་དབྱིངས་ཀུན་བཟང་མོ། །ཕྱོགས་མཚམས་འཁོར་ལོའི་རྩིབས་རྣམས་ལ། །མི་བསྐྱོད་པ་དང་རིན་འབྱུང་ལྡན། །སྣང་བ་


DNG014_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་དོན་ཡོད་གྲུབ། །སྤྱན་མ་གོས་དཀར་མཱ་མ་ཀཱི། །དམ་ཚིག་སྒྲོལ་མ་རྣམས་ཀྱིས་བསྐོར། །ཤར་ཕྱོགས་དཀྱིལ་འཁོར་དབུས་ཉིད་དུ། །སེམས་དཔའ་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་རྡོ་རྗེ་དབྱིངས་ཕྱུག་མ། །དེ་བཞིན་འཁོར་ལོའི་རྩིབས་དག་ལ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་དང་། །ཆགས་པ་དང་ནི་ལེགས་པ་དག །སྒེག་པ་མ་དང་བདུག་པ་མ། །ལྕགས་ཀྱུ་མ་དང་མེ་སྒྲོན་མ། །ཕྱོགས་དང་མཚམས་ལ་རིམ་བཞིན་དགོད། །ལྷོ་ཕྱོགས་དབུས་སུ་འཇམ་དཔལ་དང་། །རིན་ཆེན་དབྱིངས་ཕྱུག་ཡུམ་དང་བཅས། །རྡོ་རྗེ་རིན་ཆེན་གཟི་བརྗིད་དང་། །རྒྱལ་མཚན་དང་ནི་བཞད་པ་སྟེ། །ཕྲེང་བ་མ་དང་བདུག་པ་མ། །ཞགས་པ་མ་དང་བདེ་བ་མ། །ཡབ་ཡུམ་ཕྱོགས་མཚམས་རྩིབས་ལའོ། །ནུབ་དབུས་སྤྱན་རས་གཟིགས་དབང་ལ། །ཡུམ་ཆེན་པདྨའི་དབྱིངས་ཕྱུག་མ། །རྡོ་རྗེ་ཆོས་དང་རྣོན་པོ་དང་། །སྨྲ་བ་དང་ནི་འཁོར་ལོ་སྟེ། །དབྱངས་མཁན་མ་དང་མར་མེ་མ། །ལྕགས་སྒྲོག་མ་དང་གསལ་བཀྲ་མ། །ཕྱོགས་མཚམས་ལ་ནི་རིམ་བཞིན་དགོད། །བྱང་ཕྱོགས་དབུས་སུ་རྡོ་རྗེ་འཛིན། །ལས་ཀྱི་དབྱིངས་ཕྱུག་ཡུམ་བཅས་ལ། །རྡོ་རྗེ་ལས་དང་སྲུང་བ་དང་། །རྡོ་རྗེ་གནོད་སྦྱིན་ཁུ་ཚུར་དང་། །གར་སྒྱུར་མ་དང་བྱུག་པ་མ། །དྲིལ་བུ་མ་དང་འབེབས་པ་མ། །ཕྱོགས་མཚམས་རིམ་བཞིན་བསྐོར་ཞིང་དགོད། །ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་དབུས། །སེམས་དཔའ་ས་ཡི་སྙིང་པོ་ཉིད། །ཡུམ་ཆེན་རྡོ་རྗེ་སེམས་མར་བཅས། །ཕྱོགས་མཚམས་རྩིབས་ལ་དགོད་པ་ནི། །སེམས་དཔའ་ཆོས་ཀྱི་རྒྱལ་མཚན་དང་། །དབང་ཕྱུག་རྒྱལ་པོ་བཀོད་པའི་རྒྱན། །རིན་ཆེན་འོད་འཕྲོ་ཕྱོགས་བཞིར་དགོད། །བདེ་བ་རྒྱས་འདེབས་རྨོངས་བྱེད་དང་། །ཚེ་འཕེལ་མ་དང་ཟ་བྱེད་མ། །གསང་བའི་ཡུམ་བཞི་མཚམས་ལ་དགོད། །ལྷོ་ནུབ་འཁོར་ལོའི་དབུས་དག་ཏུ། །གཙོ་བོ་ནམ་མཁའི་སྙིང་པོ་ལ། །ཡུམ་ཆེན་རིན་ཆེན་སེམས་མ་སྟེ། །ཕྱག་རྒྱའི་རྒྱལ་པོ་སྣང་བའི་མཆོག །སྤོབས་པའི་རྒྱལ་པོ་སྤོབས་པ་བརྩེགས། །ཡུམ་ཆེན་ཁྲུས་ཀྱི་ལྷ་མོ་དང་། །རྒྱལ་མཚན་བླ་རེ་གདུགས་ལྷ་མོ། །སེམས་དཔའ་སེམས་མ་བརྒྱད་


DNG014_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར། །ནུབ་བྱང་དབུས་སུ་བྱམས་པ་དང་། །ཡུམ་ཆེན་པདྨའི་སེམས་མ་ལ། །པདྨའི་རྒྱལ་པོ་དམ་པ་དང་། །རྡོ་རྗེ་མི་གཡོ་ཐོགས་མེད་དང་། །པདྨ་ཅན་དང་འཛིན་བྱེད་མ། །སྐྱོན་བྲལ་རྣམ་རྒྱལ་མ་ཡིས་བསྐོར། །བྱང་ཤར་དཀྱིལ་འཁོར་དབུས་དག་ཏུ། །གཙོ་བོ་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལས་ཀྱི་སེམས་མ་ལ། །རིན་ཆེན་དབང་ཕྱུག་ཐུབ་པའི་ལས། །དགའ་བར་སྟོན་དང་མི་གཡོའི་མཐའ། །ལྷ་མོ་སྐྱབས་ཅན་དྲི་མེད་མ། །སྒྲ་གཅན་མ་དང་ཐོགས་མེད་མ། །ཐབས་ལྡན་སེམས་དཔའ་སེམས་མས་བསྐོར། །ཕྱི་རོལ་ཁྱམས་ཀྱི་ཆ་དག་ལ། །ལྷ་དང་ལྷ་མིན་མི་རྣམས་དང་། །བྱོལ་སོང་ཡི་དྭགས་དམྱལ་བ་ཡི། །ཐུབ་པ་ཆེན་པོ་དྲུག་བཞུགས་བྱ། །ཕྱི་ནང་ཕྱོགས་ཀྱི་སྒོ་བཞི་རུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་མ། །དྲིལ་བུ་མ་རྣམས་རིམ་བཞིན་བསྒོམས། །དེ་དག་ཀུན་གྱི་ཕྱག་མཚན་དང་། །སྐུ་མདོག་རྒྱན་རྟགས་མ་ལུས་པ། །ང་ཡིས་སྔོན་དུ་བཤད་པ་བཞིན། །སོ་སོའི་མིང་གིས་བསྐྱེད་པར་བྱ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །མཚན་དང་དཔེ་བྱད་མ་ལུས་རྫོགས། །མཉམ་ལ་མ་འདྲེས་འཇའ་ཚོན་འདྲ། །གསལ་ལ་མི་རྟོག་མེ་ལོང་གི། །གཟུགས་བརྙན་བཞིན་དུ་བསྒོམ་པར་བྱ། །རིགས་ཀྱི་བདག་པོ་སོ་སོ་ཡི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །ཨོཾ་ཨཱཿཧཱུཾ། གནས་གསུམ་སོ་སོར་བསྒོམ་བྱ་བ། །དཀར་དམར་མཐིང་གའི་མདོག་ལྡན་པ། །འཁོར་ལོ་རྡོ་རྗེ་རྒྱ་གྲམ་ལ། །ཁྱད་པར་ལྡན་པ་བསྒོམ་པར་བྱ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧཱ། ཉི་མའི་དཀྱིལ་འཁོར་ལ་གནས་པའི། །རིགས་ཀྱི་གཙོ་བོས་དབུ་བརྒྱན་ཅིང་། །ཡེ་ཤེས་སེམས་དཔའ་རང་ལྟ་བུ། །ཚོན་གང་སོ་སོའི་སྙིང་ལ་གནས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་


DNG014_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟྟ་ཡ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཡུལ་དངོས་སྣང་བ་མ་ལུས་ཚོགས། །དམ་ཚིག་སེམས་དཔའི་ལྷར་བསྒོམས་ནས། །ཡེ་ཤེས་དཀྱིལ་འཁོར་དགུག་པ་ནི། །གཙོ་ཆེན་ཐུགས་ཀའི་ཡི་གེ་ལས། །འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན། །འོག་མིན་གནས་སུ་སྤྲོས་པ་ལས། །ཆོས་དབྱིངས་དཀྱིལ་འཁོར་ཐུགས་རྒྱུད་བསྐུལ། །ནམ་མཁའི་དབུས་ཀྱི་མདུན་བཞག་ནས། །མཆོད་བསྟོད་མཉེས་པས་ཚོགས་བསགས་ཏེ། །གསོལ་གདབ་བཤགས་དང་བསྔོ་བ་ཡིས། །བདག་ཉིད་རུང་བའི་སྣོད་དུ་བྱ། །སླར་ཡང་འོད་ཀྱི་ཆོ་འཕྲུལ་གྱིས། །རང་གི་ལུས་སུ་གཟུད་པར་བྱ། །གསལ་བ་འོད་ལྡན་གཉིས་མེད་རྫོགས། །སླར་ཡང་མཉེས་པར་བྱ་བ་ནི། །ཐུགས་ལས་སྤྲུལ་པའི་གསང་ཡུམ་བཞིས། །གཞལ་ཡས་ཁང་གི་སྒོ་བཞི་ནས། །གནས་གསུམ་མཉེས་པའི་ཕྱག་གིས་མཆོད། །འདོད་ཡོན་ལྷ་མོ་སྣ་ཚོགས་ཀྱིས། །ཕྱི་ནང་གསང་བའི་མཆོད་པ་ཡིས། །མཆོད་ཅིང་ཡོངས་སུ་རྫོགས་པར་བསྟོད། །བཟླས་པའི་སྤྲོ་བསྡུ་བྱ་བ་ནི། །ཕྱི་ནང་གཙོ་བོ་དགུ་རྣམས་ཀྱི། །རང་གི་ཡེ་ཤེས་སེམས་དཔའ་ཡི། །སྙིང་དབུས་སོ་སོའི་སྲོག་རྟེན་ལ། །ཡི་གེའི་ཕྲེང་སྔགས་འོད་འབར་འཕྲོས། །ནམ་མཁའི་ཁམས་ཀུན་ཁྱབ་བྱས་ཏེ། །བདེ་བར་གཤེགས་ཀུན་མཉེས་མཛད་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། །སེམས་ཅན་ཁམས་ཀྱི་རྒྱུད་སྦྱངས་ཤིང་། །ཐམས་ཅད་རང་རིག་ལྷར་གྱུར་ནས། །ཆོས་སྐུ་ཐིག་ལེ་གཅིག་ཏུ་བསྒོམ། །ཡང་ན་དམ་པ་བསྡུས་པའི་སྔགས། །ཨོཾ་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ། གནས་གསུམ་ཡི་གེ་གསུམ་དག་ལས། །རང་གི་མདོག་ལྡན་འོད་འཕྲོས་པས། །མ་ལུས་རྒྱུ་གསུམ་དག་བྱས་ཏེ། །འབྲས་བུ་གསུམ་ལ་སྦྱར་བར་བྱ། །དེ་ཉིད་འོད་ཟེར་འཕྲོ་འདུ་ཡིས། །བདག་གཞན་དོན་གྱི་བཟླས་པ་རྣམས། །བརྟན་པའི་རྟགས་དང་ལྡན་པ་ཡི། །དངོས་གྲུབ་གང་འདོད་ཚད་དང་སྦྱར། །


DNG014_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་ཐུན་གྱི་མཚམས་དག་ལ། །བསྟོད་ཅིང་བཤགས་དང་མཆོད་སྦྱིན་བྱ། །གྲུབ་པའི་ཚད་ལྡན་འདོད་པ་སྨོས། །ཡེ་ཤེས་དཀྱིལ་འཁོར་དབྱིངས་སུ་གཤེགས། །དམ་ཚིག་ཚོགས་ནི་སྒོ་བཞི་དང་། །ཕྱོགས་མཚམས་བྱང་གི་ངོས་ནས་བརྩམས། །རིམ་གྱིས་དབུས་ཀྱི་གཙོ་ལ་བསྡུ། །དེ་ཉིད་ཡེ་ཤེས་སེམས་དཔའ་ལ། །དེ་ཡང་ཐིག་ལེ་གཅིག་ལའོ། །དེ་ནི་མཚན་མའི་སྤྲོས་དང་བྲལ། །དེ་ལས་སླར་ཡང་ལྷ་རྣམས་ཀྱི། །ང་རྒྱལ་ལྡན་པས་སྤྱོད་ལམ་བྱ། །གལ་ཏེ་བདེ་བའི་གནས་འདོད་ན། །དཔག་མེད་བློ་ལྡན་སྐྱེས་བུ་ཡིས། །ལུས་གནད་རླུང་དང་བཅས་པ་ཡི། །རྣམ་ཤེས་དང་ནི་བྱང་ཆུབ་སེམས། །ཡེ་ཤེས་ཐིག་ལེར་རབ་སྦྱོར་བ། །དུས་བཞི་གཅིག་ཏུ་མངོན་མཐོང་བའི། །བློ་ཅན་དེ་ཡིས་ཀུན་ཏུ་བཟང་། །ང་དང་གཉིས་མེད་མྱུར་དུ་འགྲུབ། །རྩ་བའི་དཀྱིལ་འཁོར་ཆེན་པོ་ལ་རབ་ཏུ་གཟུང་བའི་སྦྱོར་བའོ།། །།དེ་ནས་རབ་ཏུ་སྦྱོར་བ་ཡིས། །མ་འོངས་དུས་ན་བསྒྲུབ་པ་ཡིས། །རྡོ་རྗེ་སློབ་དཔོན་ཐབས་ལྡན་གྱིས། །རྡོ་རྗེ་སློབ་མ་ཉེར་བཟུང་ནས། །རིམ་པའི་དབང་བསྐུར་བྱེད་འདོད་ན། །བཀྲ་ཤིས་དབེན་པའི་གནས་དག་ཏུ། །དུས་ཚོད་གཟའ་སྐར་ཤིས་པ་ལ། །འདུས་བྱས་དགེ་བས་ཚོགས་བསགས་ཏེ། །ཕྱི་ནང་སྲུང་བ་ཡོངས་རྫོགས་ནས། །ལྷག་གནས་སྟ་གོན་བྱ་བ་ནི། །ས་ཡི་ཆོ་གས་ཡོངས་སྦྱངས་ཤིང་། །ལེགས་པར་བསྟར་བའི་སྟེགས་བུའི་སྟེང་། །ལྷ་རྣམས་སོ་སོའི་བཞུགས་གནས་སར། །དྲི་བཟངས་ཐིག་ལེ་མཛེས་པའི་སྟེང་། །མེ་ཏོག་ཚོམ་བུ་དགོད་པར་བྱ། །རང་རང་སྙིང་པོ་དབབ་བྱས་པའི། །འཁོར་ལོའི་གཙོ་འཁོར་ཚུལ་བཞིན་བསམ། །ཡན་ལག་བདུན་གྱིས་ཚོགས་བསགས་ཤིང་། །བྱིན་བརླབ་དངོས་གྲུབ་འདོད་གསོལ་བྱ། །གཙོ་ཆེན་དབུས་དང་ཕྱོགས་མཚམས་ཀྱི། །མཚན་ཉིད་ལྡན་པའི་བུམ་པ་རྣམས། །རྟེན་འདྲེལ་རྒྱན་དང་རྫས་སྦྱར་ཏེ། །རང་གི་གནས་སུ་ལེགས་བཀོད་པ། །འཁོར་ལོའི་བདག་རྣམས་ནང་དུ་བསྐྱེད། །སྔར་བཞིན་མཉེས་སྦྱང་གསོལ་བར་བྱ། །གཞན་ཡང་ཕྱི་ནང་གསང་བ་ཡི། །རྗེས་


DNG014_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སྩལ་བའི་རྫས་རྣམས་དང་། །བསངས་ཤིང་བཀྲུས་ཏེ་སྟ་གོན་བྱ། །རྡོ་རྗེ་སློབ་མའི་ཚོགས་དག་ཀྱང་། །ཁྲུས་བྱས་རྒྱན་གདགས་དྲིས་བྱུགས་ཏེ། །སངས་རྒྱས་དང་ནི་སྲས་ཚུལ་གྱིས། །ཐུན་མོང་བ་དང་ཁྱད་པར་གྱི། །ཡུལ་གྱི་མཆོག་ལ་སྐྱབས་སུ་འགྲོ། །དོན་དམ་ཀུན་རྫོབ་སྨོན་འཇུག་གི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །སྡིག་པ་སྦྱངས་ཤིང་ཚོགས་ཆེན་བསགས། །ཀུ་ཤ་བྲིམ་ཞིང་སོ་ཤིང་དོར། །སྲུང་བའི་སྦྱོར་བ་འབད་པར་བྱ། །འདི་ནི་ལྷག་གནས་སྦྱོར་བའོ། །ནངས་པར་སྐྱ་རེངས་ཤར་བའི་དུས། །སྟ་གོན་ལྷ་རྣམས་མཁའ་ལ་བཞུགས། །ཚོགས་བསགས་དགེ་བ་ཅུང་ཟད་བྱ། །སླར་ཉིད་རྡུལ་ཚོན་ཕོ་བྲང་བཞེངས། །མཆོད་ཅིང་སྒྲུབ་པའི་རྒྱན་དང་རྫས། །ལེགས་པར་བསགས་ཏེ་དགོད་པར་བྱ། །དེ་ནས་ཇི་ལྟར་འབྱུང་བ་ཡི། །ལྷ་རྣམས་རང་གི་ཆོ་གས་བསྐྱེད། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་བསྡིམ། །མཆོད་བསྟོད་བཟླས་པས་མཉེས་པར་བྱ། །དེ་ནས་སློབ་མ་འཇུག་པ་ནི། །ཁྲུས་བྱས་ཕྱག་བཙལ་སེམས་བསྐྱེད་དེ། །རིན་ཆེན་མཛེས་པའི་མེ་ཏོག་ཐོགས། །ཕྱི་རོལ་གནས་ནས་གསོལ་བ་གདབ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དེས། །བར་ཆད་དྲིས་ཏེ་གནང་བ་སྦྱིན། །དཀྱིལ་འཁོར་བདག་པོར་མཁྱེན་པར་གསོལ། །སློབ་མ་ཡིས་ནི་མེ་ཏོག་དོར། །གདོང་གཡོགས་བཀྲོལ་ཏེ་ཕོ་བྲང་བསྟན། །དམ་ཚིག་རྫས་དང་བྲོ་ཚིག་གིས། །མི་འདའ་ཕྱག་རྒྱ་མཆོག་གིས་སོ། །བསམ་པ་བརྟན་པོར་བཟུང་བ་དང་། །ལྷ་རྣམས་མཉེས་པར་བྱ་བ་དང་། །དངོས་གྲུབ་མཚན་མ་མ་ཐོབ་པར། །རབ་འབྲིང་ཐ་མའི་རྩལ་གྱིས་སྒྲུབ། །རྟགས་དང་མཚན་མ་མཐོང་གྱུར་ནས། །ཕྱི་ནང་གསང་བ་ཡོངས་རྫོགས་པའི། །དབང་མཆོག་དམ་པ་བསྐུར་བ་ནི། །ཚུལ་བཞིན་སྦྱངས་པ་སློབ་མའི་ཚོགས། །མཛེས་པའི་སྟན་ལ་འདུག་ནས་ནི། །མཐར་ཐུག་མཐོང་བར་གསོལ་བ་གདབ། །རྡོ་རྗེ་སློབ་དཔོན་མཆོག་དེ་ཡིས། །བྱང་ཆུབ་སེམས་ཀྱི་ང་རྒྱལ་གྱིས། །རྣམ་རྒྱལ་རྩ་བའི་བུམ་པ་རྣམས། །རྣམ་པ་ཆུ་ལ་ངོ་བོ་ལྷས། །ལུས་ཀུན་ཁྱབ་པར་བསྡིམ་བྱས་ཏེ། །ནང་གི་བསམ་པ་བརྟན་པོ་དང་། །སྔགས་ཚིག་སྒྲ་ཡི་


DNG014_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་བརྗོད། །གཟུགས་བརྙན་ལ་བརྟེན་དེ་བཞིན་ཏེ། །རིན་ཆེན་དཔུང་བདུན་བཀྲ་ཤིས་བརྒྱད། །ཚུལ་ལྡན་དེ་ཡིས་ཕྱི་དབང་བསྐུར། །ཆོས་ཉིད་གཟུགས་བརྙན་མེ་ལོང་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཆོས་དུང་རྡོ་རྗེ་རྒྱ་གྲམ་དང་། །ཅོད་པན་ཕྱག་རྒྱ་མིང་གི་དབང་། །ལས་དང་ཆོས་དང་གཟུངས་སྔགས་རྣམས། །ནང་གི་དབང་དུ་བསྐུར་བར་བྱ། །ཐབས་དང་ཤེས་རབ་མཆོག་གི་རྒྱུད། །རྒྱུ་དང་འབྲས་བུ་རབ་སྦྱོར་བ། །གཉིས་མེད་མཉམ་པའི་བདེ་ཆེན་ཏེ། །ངེས་པར་བསྟན་པ་གསང་བའི་དབང་། །དེ་དག་རྫོགས་ནས་སྨོན་ལམ་གདབ། །སློབ་མ་བླ་མ་ལྷ་རྣམས་ཀྱིས། །རིམ་བཞིན་བཤགས་བྱང་མེ་ཏོག་དབུལ། །གཏང་རག་ཚུལ་བཞིན་རྒྱས་པར་མཆོད། །བཀྲ་ཤིས་བརྗོད་ཅིང་བསྡུ་གཤེགས་བརྩམ། །རྟག་ཏུ་སྤྱོད་ལམ་དམ་ཚིག་གཟུང་། །འདི་ནི་ཀུན་བཟང་རྡོ་རྗེ་འཛིན། །གོ་འཕང་སྦྱོར་བའི་ལས་ཡིན་ནོ། །རྡོ་རྗེ་སློབ་མ་ཉེ་བར་གཟུང་བའི་ལས་རབ་ཏུ་སྦྱོར་བའོ།། །།དེ་ནས་རབ་ཏུ་བཤད་པ་ནི། །བདེ་གཤེགས་སྐུ་གསུང་ཐུགས་ཀྱི་རྟེན། །གཟུགས་བརྙན་ཙམ་ལ་ཡེ་ཤེས་ལྷ། །རབ་ཏུ་གནས་པར་བྱ་བ་ནི། །རྒྱས་བསྡུས་ཤིན་ཏུ་བསྡུས་པ་ལས། །རྒྱས་པར་སྦྱོར་ལ་ཞུ་བ་པོས། །ལན་གསུམ་བར་དུ་གསོལ་བ་གདབ། །རི་བོ་རྩི་ཤིང་སྐྱེ་བའི་དབུས། །བཀྲ་ཤིས་ཡིད་འོང་གནས་མཆོག་ཏུ། །ཇི་ལྟར་བཤད་པ་བཞི་ཡི་ལས། །མ་ལུས་རྫོགས་པར་བྱས་ནས་ནི། །གང་ལ་བྱ་བའི་རྟེན་ལ་སོགས། །ལྷག་པར་གནས་པ་རིམ་བཞིན་བྱ། །ཁྱད་པར་བགེགས་བསྐྲད་བསྲུང་བ་དང་། །བདུག་དང་བཅིང་དང་བསྲེག་པར་བྱ། །རྡོ་རྗེ་སློབ་དཔོན་སྒྲུབ་པ་པོས། །ཁྲུས་བྱས་གོས་བགོས་བརྒྱན་བྱས་ཏེ། །བཀའ་བསྒོ་སྲུང་བ་ཡོངས་རྫོགས་བྱ། །སེམས་བསྐྱེད་ཚོགས་བསགས་དགེ་བ་སྦྱར། །ཚུལ་བཞིན་བསྒྲུབས་ལ་བྱིན་བརླབས་དབབ། །མཆོད་སྦྱིན་རྒྱ་ཆེར་སྦྱར་ནས་ཀྱང་། །དབང་དང་མཁྱེན་པར་གསོལ་བ་གདབ། །མཚན་མའི་བསྙེན་པ་རྟགས་དབྱུང་བྱ། །དེ་ནས་དཀྱིལ་འཁོར་ཤར་ཕྱོགས་སུ། །རྣམ་ལྔའི་སྟེགས་བུ་ལེགས་བཤམས་ལ། །གྲུབ་པའི་རྟེན་དེ་བཞུགས་སུ་གསོལ། །ཉེ་རེག་


DNG014_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་འཐུང་བྱས་ནས་ནི། །སྔགས་ཀྱི་སྦྱོར་བས་བར་ཆད་བསྐྲད། །འབྲས་ཟན་ཆང་བུས་དྲི་མ་ཕྱི། །མེ་ཆུ་རླུང་གིས་བསྲེག་གཏོར་བཀྲུ། །བ་བྱུང་རྫས་ལྔ་ཡིས་ཀྱང་བཀྲུ། །ཏིལ་མར་འབྲུ་མར་བཟང་པོས་བྱུགས། །དར་རམ་རས་སེར་གྱིས་བྱིབས་ལ། །དབང་སྟེགས་གནས་པའི་སྟེང་དུ་བཞུགས། །ཙན་དན་གུར་གུམ་ཛཱ་ཏི་དང་། །གླ་རྩི་ཨ་ག་རུ་ཡིས་བྱུགས། །དམ་ཚིག་པ་ནི་གང་ཡིན་བསྐྱེད། །དེ་ཡི་ཡེ་ཤེས་སྤྱན་དྲངས་ཏེ། །བཞུགས་ཤིང་བསྡིམས་ལ་ཕྱག་བཙལ་ཞིང་། །དེ་ཉིད་མཆོད་བསྟོད་བཟླས་པར་བྱ། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །བུམ་པས་དངོས་སུ་དབང་བསྐུར་བྱ། །བཀྲ་ཤིས་བརྗོད་ཅིང་རོལ་མོ་བསྒྲག །བྱིན་བརླབ་དབུ་རྒྱན་ཅོད་པན་སྦྱིན། །ཡི་གེ་གཉིས་ཀྱི་གོ་ཆ་བགོ། །སླར་ཡང་མཆོད་བསྟོད་བཟླས་པ་བྱ། །དེ་ནས་ལྷ་རྣམས་སྙན་གསན་དབབ། །རྟེན་ཉིད་ན་བཟས་གཡོགས་ཏེ་བཞུགས། །ཡོན་བདག་གམ་ནི་སློབ་མ་ལ། །དབང་བསྐུར་ཕྱིར་ནི་བདག་འཇུག་བྱ། །དེ་ནས་སློབ་མ་གཞུག་བྱས་ལ། །དབང་བསྐུར་མ་ལུས་རྫོགས་པར་བྱ། །སླར་ཡང་ལྷ་ཚོགས་བརྟན་བཞུགས་ལ། །ང་རྒྱལ་ལྡན་པས་ཀུ་ཤའི་སྟེང་། །ཆོས་ཉིད་ཐབས་ཀྱིས་ཉལ་བར་བྱ། །དེ་ནི་ལྷག་གནས་ཆེན་པོའོ། །དེ་ནས་སྐྱ་རེངས་ཤར་དུས་སུ། །བྱིན་རླབས་ལྡན་པས་ཁྲུས་བྱས་ཏེ། །མཆོད་སྦྱིན་སྔོན་སོང་བུམ་པ་བསྙེན། །སྟེགས་བུ་ལ་ནི་དྲི་བཟངས་སྦྱར། །ལྷ་རྣམས་མཆོད་བསྟོད་རྫོགས་པར་བྱ། །དེ་ནས་རྟེན་དེ་ཞལ་བཤུས་ལ། །བཀྲུ་སྦྱང་ཕྱི་བ་སྔར་བཞིན་བྱ། །སྟོང་པར་སྦྱང་ཞིང་ལྷ་བསྐྱེད་དེ། །ཡེ་ཤེས་དབབ་ཅིང་བསྲེ་བསྣན་བྱ། །གནས་གསུམ་འབྲུ་གསུམ་གསལ་བར་དགོད། །གོང་བཞིན་དབང་རིམ་རྫོགས་པར་བྱ། །རྟེན་འདྲེལ་སྔགས་ཀྱིས་བརྟན་པར་བྱ། །སྔགས་དང་ཕྱག་རྒྱ་སེ་གོལ་གྱིས། །སྐུར་གྱུར་གདུལ་བྱའི་ངོ་གང་ལ། །གང་གིས་འདུལ་བ་དེར་བསམ་ཞིང་། །སྤྱན་དང་ཤངས་དང་ཞལ་དབྱེ་ཞིང་། །ཚེམས་འབྲུད་དབུ་སྐྲ་བཤད་དང་གཞར། །ན་བཟའ་རྒྱན་དང་རོལ་མོ་དབུལ། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུར་དབྱེ། །ཡོན་བདག་མདུན་དུ་བཀུག་ནས་ནི། །རྟེན་དེ་མཆོད་པའི་རྗེས་གནས་


DNG014_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན། །གདན་ཁྲིའི་སྟེང་དུ་དྲང་པོར་བཞུགས། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ཅི་འབྱོར་པ་ཡིས་རྒྱས་པར་མཆོད། །སྦྱིན་བསྲེག་གིས་ཀྱང་ཚོགས་བསག་བྱ། །དེ་རྗེས་དཀྱིལ་འཁོར་བདག་པོར་བྱ། །དེ་ནས་མཆོད་པ་མཎྜལ་དང་། །གཏོར་མ་རྒྱ་ཆེན་ཕུལ་བྱས་ལ། །ཆོས་ཀྱི་སྲུང་མར་བཀའ་བསྒོ་བྱ། །བཀྲ་ཤིས་གླུ་གར་རོལ་མོའི་སྒྲ། །གལ་ཏེ་གླེགས་བམ་ཡིན་པ་ན། །སྦྱངས་ཤིང་བཀྲུ་བ་གཟུགས་བརྙན་སྦྱར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་རྫོབ་དོན་དམ་སྟོན་པ་ཡི། །ངེས་པའི་གསུང་དུ་བསྒོམ་པར་བྱ། །དེ་ལས་གང་ཡིན་ལྷར་བསྐྱེད་དེ། །སྤྱན་དབྱེ་སྐུ་རགས་ན་བཟའ་དབུལ། །རྒྱས་གདབ་སྐུ་གསུང་ཐུགས་ཀྱི་མིང་། །རྟེན་འདྲེལ་བཅས་པ་བྲི་བར་བྱ། །སྔར་བཤད་རབ་གནས་ལ་སོགས་བྱ། །གཙུག་ལག་ཁང་པ་ཡིན་ན་ནི། །ལྷ་རྣམས་སོ་སོའི་སྔགས་ཀྱི་ནི། །རང་གི་ཡེ་ཤེས་བསྐྱེད་པར་བྱ། །སྤྱན་དབྱེ་ལ་སོགས་སྔར་བཞིན་ནོ། །མཆོད་རྟེན་སྐུ་གཟུགས་ཡིན་ན་ནི། །བཀྲུ་སྦྱང་བསྐྲད་པ་བྱས་ནས་ནི། །རྡུལ་བྲལ་སྐུ་གསུམ་རྫོགས་པར་བསམ། །མཉེས་པའི་བྱ་བ་སྔར་བཞིན་ནོ། །གལ་ཏེ་བསྡུས་པར་བྱ་བ་ནི། །གང་ལ་བྱ་བའི་རྟེན་དེ་ཉིད། །ཆོ་ག་གསུམ་གྱིས་སྦྱང་བྱ་སྟེ། །རང་གི་ཡེ་ཤེས་ངོ་བོར་བསམ། །ཡོ་བྱད་མཆོད་པ་མ་ལུས་བསྟབ། །ཡང་དག་རྟེན་དུ་ངེས་པར་བཟུང་། །ཤིན་ཏུ་བསྡུས་པ་སྐད་ཅིག་གིས། །ཆོས་ཀྱི་སྐུ་ཡི་ངོ་བོར་བསམ། །ཕྱི་ནང་སྣང་སྲིད་མ་ལུས་ཀུན། །ཆོས་དབྱིངས་སྐུ་ལས་མ་གཡོས་ན། །དག་པའི་རྟེན་ལ་སྨོས་ཅི་དགོས། །ཐམས་ཅད་མཆོད་པའི་གནས་ཡིན་ཏེ། །དམན་པའི་བློ་ལ་སྣང་བ་མིན། །དེ་བས་བློ་ལྡན་ཐབས་ཆེན་གྱིས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སངས་རྒྱས་མ་ལུས་བསྙེན་ཅིང་བཀུར། །གནས་པའི་ཆེ་བ་མཆོག་ཡིན་ནོ། །རྟེན་མཆོག་ཏུ་བྱ་བའི་ལས་རབ་ཏུ་སྦྱོར་བའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །ཚེ་འདས་ཕུང་པོའི་རྣམ་སྨིན་དེ། །འབྱུང་བའི་མེ་ལ་བསྲེག་པའི་ཕྱིར། །དང་པོ་ཆས་སུ་གཞུག་པ་ནི། །དང་པོ་བགེགས་བསྐྲད་སྔགས་ཀྱིས་གདབ། །དྲི་ཞིམ་སྨན་གྱིས་


DNG014_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་ཤིང་བཀྲུ། །བདུད་རྩིས་བྱུགས་པའི་རས་ཀྱིས་དཀྲི། །སྔགས་དགོད་ཕྱག་རྒྱའི་མཚན་མ་གདབ། །གནས་ལྔར་ས་བོན་དྲུག་དགོད་ཅིང་། །ཕྱི་རོལ་ལྷ་ཡི་ཕྱག་མཚན་དགོད། །མར་མེ་ལྷ་གྲངས་མཉམ་པར་གཟུག །ཞི་བའི་སྟེགས་བུའི་སྟེང་དུ་བཞག །ཕོ་བྲང་དཀྱིལ་འཁོར་བཞེངས་གསོལ་བའི། །སྟེང་དུ་མཛེས་པའི་ཁྲི་ལ་བཞག །ཁང་བུ་སུམ་ཐོག་གྲུ་བཞིར་བྱ། །ཐ་མ་ཞི་བའི་ཤིང་གིས་བརྗིད། །སྟེང་དུ་ཕྱག་རྒྱའི་དཀྱིལ་འཁོར་དགོད། །ཕྱོགས་བཞིར་གཟུངས་ཐག་བཏགས་ཏེ་གཟུང་། །རྡོ་རྗེ་སློབ་དཔོན་ལས་བདག་གིས། །དཀྱིལ་འཁོར་བསྙེན་པ་གཞུང་བསྲངས་ལ། །ཕུང་པོའི་རྣམ་ཤེས་གནས་ནས་དགུག །ལས་བདག་འཇུག་པ་ཚུལ་བཞིན་བྱ། །ཕན་པའི་དབང་དང་ནུས་པ་དང་། །ནང་དབང་བཅུ་གཅིག་ཕྱི་དབང་བཅུ། །སྒྲུབ་དབང་བཅུ་གསུམ་གསང་དབང་གཉིས། །སུམ་ཅུ་རྩ་དྲུག་བསྐུར་བར་བྱ། །ཡང་ན་བཀའ་རྟགས་ཕྱག་རྒྱ་དང་། །རྒྱུད་འཛིན་ཕྱག་རྒྱ་ཤེས་རབ་གཟུང་། །བཀྲ་ཤིས་རྫས་དང་རིན་ཆེན་བདུན། །ཁྱད་པར་གདན་དང་མཛེས་པའི་རྒྱན། །རྡོ་རྗེ་མིང་དང་འཁོར་ལོས་སྒྱུར། །དབང་བཅུ་རིམ་པས་བསྐུར་བར་བྱ། །དོན་ལྡན་ལུས་དེ་རོལ་མོས་བསུ། །བསྲེག་ཁང་ནང་ཞུགས་ཡོལ་བས་དྲེ། །ཕྱི་རོལ་མཆོད་རྫས་རྒྱས་པར་བཤམས། །ཏིལ་འབྲས་གྲོ་དང་ཡུངས་ཀར་དང་། །འོ་མ་ཞོ་དང་མར་དང་བཅུད། །ཡམ་ཤིང་རྫས་དང་དགང་བླུགས་གཟར། །བདག་ཉིད་ལས་ཀྱི་ལྷར་བསྒོམས་ལ། །ཕུང་པོ་མེ་ལྷར་བསྒོམས་པ་ཡིས། །ཐུགས་ཀར་ལྷ་ཡི་དཀྱིལ་འཁོར་བསྒོམ། །ཡེ་ཤེས་མེ་ལྷ་སྤྱན་དྲངས་ཏེ། །མཆོད་རྫས་བསྲེག་རྫས་རིམ་བཞིན་དབུལ། །བསྟོད་ཅིང་ཕྲིན་ལས་གསོལ་བ་གདབ། །དེ་ནས་ལྷ་རྣམས་སྤྱན་དྲང་བསྡིམ། །མཉེས་བྱས་མཆོད་རྫས་བདུད་རྩིར་བསམ། །ཕུང་པོ་སྡིག་སྒྲིབ་སྦྱང་ཕྱིར་དབུལ། །ལྷ་རྣམས་སོ་སོའི་སྙིང་པོ་ལ། །ཆེ་གེའི་སརྦ་དུརྒ་ཏི་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་བདུན་ལས་མི་ཉུང་བཟླས། །བསྲེག་རྫས་རྣམས་ཀྱང་དེ་བཞིན་ནོ། །བསྟོད་ཚིག་སྔགས་ཀྱིས་ལྷ་རྒྱུད་བསྐུལ། །ལྷག་མས་མེ་ལྷའི་གཏང་རག་བྱ། །སྡིག་སྒྲིབ་མ་ལུས་སྦྱངས་པར་བསམ། །བཟོད་པར་


DNG014_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལ་ཡེ་ཤེས་གཤེགས། །དམ་ཚིག་རང་གི་གནས་སུ་བསྡུ། །རྣམ་ཤེས་ལྷར་བྱས་དབྱིངས་སུ་བསྡིམ། །ཐལ་ཆེན་སྐུ་གདུང་འབར་བར་སྦྱངས། །ཐབས་འདིས་རང་བཞིན་དོན་ཆེན་རྫོགས། །ཀུན་བཟང་ང་དང་འདྲ་བར་འགྱུར། །ཕུང་པོའི་ལུས་རབ་ཏུ་སྦྱོང་བའི་སྦྱོར་བའོ།། །།གཞན་ཡང་རབ་ཏུ་བཤད་པ་ནི། །གལ་ཏེ་ཕུང་པོར་མི་ལྡན་ན། །མིང་བྱང་ལ་རྟེན་སྦྱང་བ་ནི། །གྲོ་ག་ཤིང་ཤུན་རས་དག་ལ། །གཟུགས་མཛེས་མིང་རུས་ལྡན་པ་བྲི། །འཕན་གདུགས་བཅས་ཏེ་རྟེན་ལ་གདགས། །དཀྱིལ་འཁོར་ལྷོ་ཕྱོགས་སྟེགས་བུར་བཞག །ལྷ་རྣམས་མཆོད་བསྟོད་རྫོགས་པ་དང་། །བདག་པོའི་ཏིང་འཛིན་གསལ་བ་ཡིས། །མཆོད་སྦྱིན་རྒྱ་ཆེན་བྱས་ནས་སུ། །བར་ཆོད་བགེགས་ལ་བཀའ་བསྒོ་ཞིང་། །བདེན་པ་ཆེན་པོ་བརྗོད་པར་བྱ། །བར་དོ་རིགས་དྲུག་གར་གནས་ཀྱང་། །རྣམ་ཤེས་འོད་ཟེར་ལྕགས་ཀྱུས་དགུག །གཟུགས་ལ་བསྡིམ་སྟེ་གསོན་བཞིན་བསམ། །ལུས་ངག་ཡིད་ཀྱི་བར་ཆད་བགེགས། །གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །རྣམ་པར་རྒྱལ་བའི་ཏིང་འཛིན་གྱིས། །ཡུངས་ཀར་སྔགས་ཏེ་ཚར་གཅད་བྱ། །འཇམ་དཔལ་རྣོན་པོས་རྟོག་པ་གཅད། །ངན་སོང་ཀུན་འདྲེན་གྱིས་ནི་དྲང་། །སྟོབས་པོ་རྡོ་རྗེ་གནོད་སྦྱིན་ནོ། །དྲག་པོའི་ནུས་པས་མཚན་མ་གཞོམ། །སྒྲིབ་པ་རྣམ་པར་སེལ་བས་བཀྲུ། །ཡེ་ཤེས་མེ་ཡིས་བསྲེག་པར་བྱ། །ལན་ཆགས་སྦྱིན་པས་དེ་ཉིད་དབྲལ། །དུག་གསུམ་སྦྱང་བའི་ཁྲུས་ཆབ་གསོལ། །ངན་སོང་གསུམ་དང་བདེ་འགྲོ་གསུམ། །རིགས་དྲུག་གཡང་སའི་མཚན་མ་བཅད། །དེ་ནས་དཀྱིལ་འཁོར་ནང་དུ་གཞུག །སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསག་ཅིང་། །མེ་ཏོག་ཕུལ་ཏེ་ལྷ་ངོ་བསྟན། །བུམ་པའི་དབང་བསྐུར་རྫོགས་པར་བྱ། །ལམ་སྦྱང་ཆོས་བཤད་ནོར་རྫས་བསྟབ། །བསྔོ་བ་སྨོན་ལམ་རྒྱས་པར་བྱ། །ལམ་བསྟན་རྒྱལ་བའི་སྲས་སུ་བྱ། །དེ་ནས་བསྲེག་སྦྱང་རྫོགས་ཚུལ་གྱིས། །ཐལ་བ་ཆོས་སྐུའི་རྟེན་དུ་བསྒྱུར། །གནས་པ་དམ་པས་མཆོག་ཏུ་བྱ། །གོ་འཕང་ཆེན་པོར་


DNG014_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་མི་ཟ། །དབྱེར་མེད་ཀུན་ཏུ་བཟང་པོ་ཡིན། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ལས་རབ་ཏུ་གྲུབ་པར་བྱེད་པའི་སྦྱོར་བ་ལྔ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དཀྱིལ་འཁོར་གྱི་ཚོགས་མཉེས་པར་བྱ་བ་དང་། དམ་ཚིག་ཅན་དང་། གནོད་སྦྱིན་གྱི་ཚོགས་དང་། འགྲོ་བ་ཕལ་པ་དང་། རིགས་སྐྱོང་བ་དག་དགའ་ཞིང་མགུ་བ་དང་། གཟུགས་བརྙན་གྱི་སྦྱོར་བས་ཚོགས་རབ་ཏུ་འཕེལ་བར་བྱེད་པ་ནི་འདི་དག་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཀུན་འདུས་པའི། །སྒྲུབ་པ་ཆེན་པོ་བྱེད་པ་འམ། །ཡང་ན་བར་ཆད་བསལ་བའི་ཕྱིར། །མཆོད་མགྲོན་ཆེན་པོ་དགྱེ་བ་ནི། །གནས་ཁང་གཙང་མ་དྲིས་བྱུགས་ལ། །སྣོད་གཙང་མཛེས་པ་དུ་མ་རུ། །ཆུ་གསུམ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་སྒྲ་དང་འདོད་ཡོན་ལྔ། །བླ་རེ་གདུགས་དང་རྒྱལ་མཚན་འཕན། །མཆོད་པའི་དངོས་པོར་རབ་བསྟར་ནས། །སྐུ་གསུང་ཐུགས་ཀྱི་རྟེན་བཀོད་དེ། །ཁྲུས་བྱས་གོས་བཟང་བགོས་ནས་ནི། །རྣམ་པར་མི་རྟོག་ངང་ཉིད་ལས། །དཀྱིལ་འཁོར་བདག་པོའི་ང་རྒྱལ་གྱིས། །དྲི་ཆབ་ནང་དུ་ཧཱུཾ་ལས་ནི། །ཁྲོ་བོ་ལས་རྣམས་རྒྱལ་བྱེད་པ། །མཐིང་ནག་རལ་གྲི་ཞགས་པ་ཐོགས། །མཆོད་རྫས་བགེགས་ཀུན་བསྐྲད་ཅིང་གཞོམ། །ཨོཾ་སྭ་བྷཱ་བ་ཤུཌྜྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྷོ྅ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། སྦྱངས་ཤིང་བསང་བ་ཉིད་དུ་བྱ། །ཨོཾ་ཨཱཿཧཱུཾ། བཛྲ་པུཥ྇་ཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནེ་བི་ཏེ་ཧཱུཾ། བཛྲ་ཨཱ་ཧ་ར་ཧཱུཾ། བཛྲ་ཤཔྟ་ཧཱུཾ། ལྷ་རྫས་དམ་པར་བྱིན་གྱིས་བརླབ། །ནམ་མཁའི་དབུས་སུ་དཀྱིལ་འཁོར་བསྒོམ། །རང་བཞིན་གནས་ནས་སྙན་གསན་དབབ། །སྙིང་གའི་འོད་ཀྱིས་སྤྱན་དྲངས་ཏེ། །ཟླ་བ་ཆུ་སྐྱེས་གདན་ལ་བཞུགས། །གཉིས་མེད་དབབ་པ་མཆོག་ཡིན་ནོ། །ཞལ་བསིལ་ཞབས་བསིལ་བརྡ་སྦྱོར་བའི། །ཡོན་ཆབ་ཕུལ་ཏེ་འདུད་ཕྱག་འཚལ། །དེ་ནས་མེ་ཏོག་དབུ་ལ་དབུལ། །བདུག་སྤོས་ཤངས་ལ་མར་མེ་སྤྱན། །དྲི་ཆབ་ཐུགས་


DNG014_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་དབུལ་བྱ་ཞིང་། །བཤོས་གཙང་ཞལ་ལ་སྒྲ་ནི་སྙན། །རིམ་པའི་རྫས་ཀྱིས་མཆོད་པའོ། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །ལྷ་མོ་བརྒྱད་སོགས་ལེགས་པ་རྣམས། །ཀུན་བཟང་བློ་ཡིས་སྤྲུལ་ཏེ་མཆོད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་གྱིས། །སྤོས་སྨན་རིན་ཆེན་དཔག་བསམ་ཤིང་། །མེ་ཏོག་ཤིང་ཏོག་འབྲུ་བཅུད་རྩི། །ཆུ་གཙང་སྒྲ་སྙན་གཟུགས་མཛེས་པ། །མཆོད་འོས་དངོས་པོ་མ་ལུས་ཀུན། །བདག་མེད་བློ་ཡིས་བླངས་ཏེ་མཆོད། །གནས་གསུམ་སྦྱོར་བའི་ཚོགས་མཆོད་ཀྱིས། །འཕགས་པའི་ཚོགས་མཉེས་བདག་ཉིད་ལ། །ལས་སྦྱངས་དངོས་གྲུབ་གསལ་བར་བསམ། །དྲིན་ལན་བསབ་ཕྱིར་དེ་དག་ལ། །ཆ་ལུགས་དོན་རྟགས་མཐུན་པས་བསྟོད། །སྡིག་པ་བཤགས་ཏེ་ཡི་རང་དབུལ། །འགྲོ་དོན་མཛད་ཕྱིར་བཞུགས་གསོལ་གདབ། །སྐྱབས་སོང་སེམས་བསྐྱེད་ལམ་བསྟན་ཅིང་། །ཡོངས་སུ་བསྔོ་དང་སྨོན་ལམ་གདབ། །འདོད་པའི་དོན་གསོལ་ཕྲིན་ལས་བཅོལ། །མ་དག་བཤགས་ཏེ་བཟོད་པར་གསོལ། །བཀྲ་ཤིས་སྨོན་ལམ་ཚིག་བརྗོད་ཅིང་། །ཡེ་ཤེས་གཤེགས་ཏེ་དམ་ཚིག་བསྡུ། །བསོད་ནམས་ཚོགས་ཀྱི་མཆོག་ཡིན་ནོ། །གཞན་ཡང་མཆོད་སྦྱིན་སྟོབས་ལྡན་ནི། །ལེགས་པར་བསྟར་བའི་གནས་དེ་རུ། །གཤོས་གཙང་འབྲས་དང་ཁུར་བ་དང་། །ཞོ་དང་འོ་མ་མར་ཐུད་ཕྲུམ། །གཙང་མར་སྦྱར་བ་གསུམ་དུ་བགོས། །སྦྱང་སྤེལ་རང་མོས་འཐོབ་བྱེད་པའི། །བཤད་པའི་སྔགས་ཀྱིས་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུཾ་བྷྲཱུཾཿ། ཀུན་བཟང་རྡོ་རྗེ་སེམས་དཔའ་འམ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །བསྐྲད་ཅིང་དབང་དུ་བསྡུ་བར་བྱ། །དང་པོ་ཕྱི་ཡི་མཆོད་མགྲོན་ནི། །མགོན་མཛད་བདུན་ཅུ་རྩ་གཉིས་ཏེ། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །དྲེགས་པ་བཅུ་དང་ལྷ་ཆེན་བརྒྱད། །ཀླུ་བརྒྱད་གཟའ་བརྒྱད་གནོད་སྦྱིན་བརྒྱད། །རྒྱུ་སྐར་ཚོགས་དང་བཅས་པ་ཡི། །བདེ་བར་གཤེགས་པའི་ཆོས་སྲུང་ཚོགས། །བསྐྱེད་ཅིང་རང་གི་གནས་ནས་དགུག །ཨོཾཿཨཿཔྲེཿཏཿཡཿཀྵཿཨཿཔཿ ཀྲོ་ཏཱ། ཡཀྵ་ཨ་ས་བྱུང་། ར་ཤ་ནན་ས་ཡག་བི་ན་ཡང་ཨིཿཨཿཡཿབཿཡགཿགཿབིཿནཿ


DNG014_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་དེ་དེ་དེ་དེ་དེ་དེ། ཕུཿཕུཿཕུཿ ཕུཿཕུཿཕུཿཕུཿཕུཿ། ར་ར་ར་ར་ར་ར་ར་རཿ། ཡ་ཡ་ཡ་ཡ་ཡ་ཡ་ཡ་ཡཿ། ཛ་བ་རི་ཤཿ། རང་གི་མིང་དང་ཕྱག་རྒྱ་ཡིས། །དམ་ཚིག་པ་ལ་ངེས་པར་དབབ། །སྤོས་དང་མེ་ཏོག་མར་མེ་དྲི། །ཞལ་ཟས་སྟོབས་དང་ལྡན་པ་ནི། །རང་གི་མིང་དང་སྦྲེལ་ཏེ་མཆོད། །ཚུལ་ལྡན་ཚིག་གིས་རབ་ཏུ་བསྟོད། །དམ་ལས་མི་འདའ་དངོས་གྲུབ་གསོལ། །ལས་ཀུན་བྱེད་པའི་ཚིག་བརྗོད་བྱ། །ཆ་གཉིས་པ་ནི་བསྔོ་བའི་ཡུལ། །རྒྱུད་ལྔ་རིགས་དྲུག་སྤྱི་ཡིན་ཏེ། །འོད་ཟེར་ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨ་ནྲྀ་སུ་ཏྲི་པྲེ་དུ་བཛྲ་ཨཱ་གཙྪ་ཧཱུཾ་ཛཿ། མདུན་གནས་འཁོར་གྱི་ཚུལ་བསམས་ཏེ། །རྣམ་སྣང་མཛད་པས་བསྲུངས་ཤིང་བརྗོད། །རང་གི་འདོད་ཡོན་ཚོགས་སྦྱིན་ཅིང་། །ཆོས་དང་ཟང་ཟིང་ཚིམས་པར་བསྔོ། །ཐ་མ་ཉིད་ནི་ཤ་འཁོན་དང་། །ལན་ཆགས་ཚུལ་དུ་བྱིན་བརླབས་ཏེ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་མི་འམ་ཅི། །ལྟོ་འཕྱེ་གྲུལ་བུམ་ཡི་དྭགས་དང་། །སྲུལ་པོ་ཤ་ཟ་ལུས་སྲུལ་པོ། །སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང་། །ནམ་གྲུ་ས་ཡི་བདག་ལ་སོགས། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་ཚོགས། །རྟ་མགྲིན་ཅན་གྱི་ཏིང་འཛིན་གྱིས། །མ་ལུས་དགུག་ཅིང་དབང་དུ་བསྡུས། །བི་ནཱ་ཡ་ཀ་མ་ཧཱ་མ་ཙ་བི་ཏན་ཏ་ཨཾ་ཀུ་ཤ་ཛཿ། ལན་ཆགས་ནོར་སྦྱིན་ཚུལ་དུ་བསྔོ། །བཀའ་བསྒོ་ཆོས་བཤད་བདེན་པ་བདར། །དྲག་པོའི་ཚིག་གིས་སྤྱོ་ཞིང་བསྡིགས། །རང་གི་གནས་སུ་གཟིར་ཅིང་འཕང་། །བྱང་ཆུབ་སེམས་སྐྱེས་མ་གྱུར་པར། །ཐར་མེད་མནར་བའི་ཐ་ཚིག་བརྗོད། །སླར་ཡང་གོ་བགོ་བསྲུང་བར་བྱ། །ཀུན་བཟང་མགོན་པོ་རྒྱལ་མཆོག་སྟེ། །ཉེས་པའི་ལན་དུ་ལེགས་པར་མཛད། །འདི་ནི་དོན་གྲུབ་ཚོགས་ཆེན་རྫོགས། །གཞན་ཡང་མཆོད་སྦྱིན་བྱ་བ་ནི། །དད་ལྡན་ཀུན་བཟང་རིགས་ཅན་གྱིས། །རིན་ཆེན་སྣོད་མཛེས་ཆུ་ཡིས་དགང་། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ་ཛི་བི་ཏཱནྟ་ཀ་ར་མིན་ནམ ། །སྙིང་པོ་འབྲུ་དང་མེ་ཏོག་སྩལ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །གོ་བགོས་བསྲུང་ཞིང་བར་ཆད་བསལ། །དག་བྱེད་བདུན་གྱིས་རྒྱུད་སྦྱངས་ཏེ། །ཚད་མེད་བཞི་ཡིས་གཞན་དོན་འབད། །མངོན་པར་བྱང་


DNG014_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏིང་འཛིན་གྱིས། །གཞལ་མེད་ཁང་པ་མངོན་གསལ་བྱ། །ཆོ་ག་གསུམ་དང་ཡན་ལག་བཞི། །རང་གཞན་དམ་ཚིག་བདག་པོ་བསྐྱེད། །སྲི་ཞུ་ཅན་རྣམས་གནས་ནས་དབབ། །ཡོན་ཏན་ལྷ་ཚོགས་ཕྱི་བཞིན་འབྲང་། །བར་སྣང་དང་ནི་མདུན་གྱི་སར། །པདྨ་ཟླ་བའི་གདན་ལ་བཞུགས། །ལས་བདག་ལྷ་ཡིས་ཕྱག་འཚལ་འདུད། །མཆོད་སྦྱིན་བརྟགས་པའི་ལས་ཆེན་དྲུག །ཨོཾ་སྭ་བྷཱ་ཝ་བི་ཤུཌྜྷཿསརྦ་དྷརྨཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏརྔྷེ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལཱ་ནི་སྭཱ་ཧཱ། ན་མཿས་མནྟ་བུཌྜྷ་ནན་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། སྦྱང་ཞིང་སྤེལ་ཏེ་མོས་པར་བསྒྱུར། །སྤྱོད་པར་དབང་བསྒྱུར་ཐོབ་པར་བྱ། །ཕྲིན་ལས་བཅོལ་ཞིང་དབང་བསྡུས་ལ། །ཚུལ་བཞིན་བསྔོ་བ་རྒྱས་པར་བྱ། །བཤགས་སྦྱང་ལས་སྦྱར་བདེན་པ་བརྗོད། །ཆོས་ཀྱི་སྦྱིན་པ་བསྔོས་ནས་ནི། །འཕགས་པ་རྣམས་ནི་དབྱིངས་སུ་གཤེགས། །གཞན་རྣམས་རང་རང་གནས་སུ་བསྐྲད། །སྐྱེ་མེད་དོན་གྱིས་རྒྱས་གདབ་ཅིང་། །སྤྱོད་ལམ་ཀུན་བཟང་ངང་གིས་སྤྱད། །མཚན་མ་རྫས་ཀྱི་མཆོད་སྦྱིན་ཡིན། །སྐད་ཅིག་ཙམ་གྱིས་མཉེས་བྱེད་པའི། །བློ་སྟོབས་ལྡན་པའི་མཆོད་སྦྱིན་དང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །བྱང་ཆུབ་སེམས་ཀྱིས་ཡོངས་སུ་ཁྱབ། །དེ་ཉིད་མ་སྐྱེས་དག་པའི་ངང་། །ཆོས་དབྱིངས་ཟབ་མོས་རྒྱས་བཏབ་པ། །རྩེ་གཅིག་ཁྱབ་པ་ཉིད་ཡིན་ནོ། །གཞན་ཡང་ཆོས་སྐུའི་གཟུགས་བརྙན་གྱི། །རྟེན་གྱུར་བསོད་ནམས་ཚོགས་བསྐྱེད་པ། །ཆོས་དབྱིངས་མཉམ་ཉིད་གནས་མཆོག་ཏུ། །དེ་བཞིན་ཉིད་ཀྱི་གཞི་ཉིད་ལ། །ཡེ་ཤེས་ལྔ་ཡི་ཁྲི་འཕང་བརྩིག །ཡང་དག་མཐའ་ཡི་བུམ་པ་བསྐྱིལ། །སྟོང་ཉིད་སྙིང་པོའི་སྲོག་ཤིང་བཙུག །བཅུ་གསུམ་ས་ཡི་འཁོར་ལོ་འབར། །ཐམས་ཅད་མཁྱེན་པའི་གདུགས་ཀྱིས་བཀབ། །ཆོས་སྐུ་


DNG014_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་རིན་པོ་ཆེ། །མི་རྟོག་གཟུགས་སྐུའི་དར་འཕན་འཕྱར། །རྣམ་དག་སྐྱོན་བྲལ་ན་བཟའ་བགོས། །ཆོས་ཉིད་དོན་གྱི་སྐུ་གདུང་ཡིན། །དེ་ཡི་དོན་རྟགས་འབྱུང་བ་ནི། །རྟགས་མཚན་སྐུ་གདུང་བཞེང་འདོད་ན། །རྡོ་རྗེ་ལས་ཀྱི་ཏིང་འཛིན་གྱིས། །ས་བརྟག་བྱིན་བརླབ་བསྲུང་ཞིང་བསྐོར། །བདུད་རྩི་འཁྱིལ་པས་སྦྱང་བ་དང་། །བརྡུང་དང་བསྐྲད་པའི་བར་དུ་བྱ། །རྡོ་རྗེ་གནོད་སྦྱིན་ཆུ་ཡིས་སྦྲུ། །ཏིང་འཛིན་ཆེན་པོས་འབི་འབི་བྱ། །ཐམས་ཅད་སྙིང་པོའི་ཏིལ་མར་བསྐུ། །གཟུགས་སྐུ་འབྱུང་བའི་བརྐོས་ཕོར་དུ། །འབི་འབི་ཆོས་སྐུའི་རྣམ་པར་གསལ། །སོར་མོ་རིགས་ལྔའི་ངང་གིས་དབྱུང་། །སྐུ་གསུམ་ཚོགས་པའི་གཟུགས་བརྙན་བསམ། །སྟོབས་བཅུ་ལྡན་པའི་རི་རབ་ནི། །བྱང་ཆུབ་ཆོས་ཀྱི་ས་ལ་བཞུགས། །མི་འཇིགས་བཞི་ཡི་བང་རིམ་ལ། །སོ་སོར་རིག་པའི་བུམ་པས་མཛེས། །རྣམ་པར་ཐར་པའི་སྒོ་བཏོད་ཅིང་། །ཚད་མེད་བཞི་ཡི་དྲེ་བཞག་ནས། །ཐབས་དང་ཤེས་རབ་སྐར་ཁུང་བཏོད། །སྲོག་ཤིང་སྟོང་པ་བཅོ་བརྒྱད་དེ། །འཁོར་ལོ་ཕ་རོལ་ཕྱིན་པ་བཅུ། །མཁྱེན་པའི་ཐུགས་རྗེ་ཆར་ཁེབས་གདུགས། །རིན་ཆེན་ཏོག་ནི་སྐུ་གསུམ་རྫོགས། །དྲིལ་བུ་གསུང་དབྱངས་དྲུག་ཅུའོ། །དར་དཔྱང་རིན་ཆེན་མ་འདྲེས་ཆོས། །བསྲུང་མེད་གསུམ་གྱི་རྒྱལ་མཚན་བཙུག །ན་བཟའ་བསྙེལ་མེད་ཆོས་ཉིད་དུ། །བྱིན་གྱིས་བརླབས་ཤིང་བསམ་པར་བྱ། །རང་བཞིན་ཆོས་སྐུ་སྤྱན་དྲངས་ཏེ། །གཟུགས་བརྙན་དག་ལ་བསྡིམ་ཞིང་དབབ། །ཁྲུས་གསོལ་གདན་དབུལ་གུས་ཕྱག་འཚལ། །རྫས་དང་ཏིང་འཛིན་བློས་སྤྲུལ་དང་། །འདོད་ཡོན་བདག་བཟུང་མེད་པས་མཆོད། །དོན་རྟགས་ཚིག་གིས་རབ་ཏུ་བསྟོད། །དབང་བསྐུར་མངའ་གསོལ་མེ་ཏོག་དོར། །ཇི་སྲིད་འཁོར་བ་མ་སྟོངས་བར། །འཕགས་པའི་ཚོགས་ཀུན་དེ་ལ་དབབ། །ཁྱད་པར་ལས་ཀྱི་བྱེ་བྲག་ནི། །ལྷ་རྣམས་བསྒྲུབ་དང་སྡིག་པ་བཤགས། །ཤི་བའི་དོན་ལ་སྐྱེ་བ་དང་། །བགེགས་བསལ་བ་དང་བསོད་ནམས་སྤེལ། །རྦོད་གཏོང་བཟློག་ཅིང་ནད་གདུག་བཅད། །ཁྲིམས་ཉམས་གསོ་དང་དམ་ཚིག་བསྐང་། །བྱང་ཆུབ་བར་ཆད་བསལ་ཕྱིར་


DNG014_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷག་པའི་ལྷ་དང་སྔགས་ཀྱིས་བྱ། །འདོད་པ་སོ་སོའི་དོན་གསོལ་ཞིང་། །སྨོན་ལམ་གདབ་ཅིང་དགེ་བ་བསྔོ། །བསྐོར་ཞིང་འདུད་པས་བརྟན་པར་བྱ། །འབྱུང་བས་མི་གནོད་གནས་སུ་བཞུགས། །ཚོགས་གཉིས་རྫོགས་ནས་སྐུ་གཉིས་འགྲུབ། །གཞན་ཡང་ཚོགས་ཆེན་བཤད་པ་ནི། །བཀྲ་ཤིས་དབེན་པའི་གནས་དག་ཏུ། །ཏིང་འཛིན་ལྡན་པས་བཀའ་བསྒོ་ཞིང་། །མཆོད་སྦྱིན་རྒྱས་པར་བཏང་བྱས་ནས། །བྱིན་གྱིས་བརླབ་ཅིང་སྦྱང་བ་དང་། །བསྲུང་བའི་འཁོར་ལོ་རབ་ཏུ་སྦྱར། །སྟེགས་བུ་ལེགས་སར་བསྟར་བའི་སྟེང་། །ཁྲུ་གང་ཁྲུ་ཕྱེད་ཟླུམ་པོར་བསྐོར། །སོར་བཞི་ཕྱིར་དོར་དབུས་སུ་ནི། །རྡོ་རྗེ་སོར་བརྒྱད་ཚད་ཙམ་བྲི། །ཕྱི་རོལ་མེ་རི་འོད་ཀྱིས་བརྒྱན། །བུད་ཤིང་དཀར་པོ་འོ་མ་ཅན། །དྲི་ཞིམ་ཁྲུ་གང་ཚད་དུ་བརྩིག །རྩེ་མོ་ལོ་འདབ་འབྲས་བཅས་ལ། །མཆོད་སྦྱིན་ཡམ་ཤིང་བྱ་བ་ཡིན། །འབྲས་ཆེན་ཏིལ་སོགས་འབྲུ་སྣ་ཚོགས། །ཀུ་ཤ་སྤོས་ཆུ་གཡས་སུ་བཞག །མཆོད་རྫས་ཕལ་པ་གཡོན་དུའོ། །དགང་བླུགས་དམ་ཚིག་མདུན་བཞག་ནས། །གོས་དཀར་རྒྱན་བགོས་ཀུ་ཤའི་སྟེང་། །རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས། །སེམས་དཔའི་སྐྱིལ་ཀྲུང་ཚུལ་གྱིས་འདུག །འཁོར་ཡུག་དྲི་ཞིམ་ཆུ་ཡིས་གཏོར། །དག་བྱེད་རྩེ་མོ་ཕྱིར་བསྟན་བསྐོར། །ཆོ་ག་ལྔའམ་གསུམ་དག་གིས། །ལྷ་ཡི་རྣལ་འབྱོར་གསལ་བྱ་སྟེ། །སྙིང་པོ་ཧཱུཾ་གི་འཕྲོ་འདུ་ཡིས། །དགང་བླུགས་རྡོ་རྗེ་དྲིལ་བུར་བྱ། །བུམ་པ་སྦྱངས་ཏེ་དཀྱིལ་འཁོར་བསྐྱེད། །ཀུ་ཤ་བདུད་རྩི་འཁྱིལ་པས་བསང་། །གཙུབ་ཤིང་མེའམ་བྲམ་ཟེའི་མེ། །རླུང་གཡོབ་ཀྱིས་སྦར་མེ་ཡི་ལྷ། །རཾ་ལས་མདོག་དཀར་དྲང་སྲོང་ཚུལ། །ཚངས་པའི་སྐུད་པས་རབ་ཏུ་བརྒྱན། །ཕྱག་གཡས་དབྱུག་པ་བགྲང་ཕྲེང་འཛིན། །གཡོན་ན་གུནྡྷེ་སྐྱབས་སྦྱིན་མཛད། །རང་དང་མཚུངས་པའི་ཡེ་ཤེས་དགུག །བགེགས་བསྐྲད་བསྡིམས་ཏེ་མཆོད་རྫས་དབུལ། །དཀར་གསུམ་མངར་གསུམ་ཏིལ་དང་ནས། །ཡམ་ཤིང་འོ་མ་འབྲས་ཆན་རྣམས། །རིམ་བཞིན་ཕུལ་ཏེ་བཤགས་སྦྱང་བྱ། །བསྟོད་དེ་འདོད་པའི་ཕྲིན་ལས་བཅོལ། །མེ་ལྷའི་ཐུགས་ཀར་


DNG014_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི། །ལྷ་རྣམས་ཕོ་བྲང་གསལ་བྱས་ཏེ། །ཡེ་ཤེས་ཕབ་ལ་མཆོད་རྫས་དབུལ། །ལྷ་རྣམས་སོ་སོའི་སྔགས་ཕྲེང་ལ། །མཆོད་བསྲེག་རྫས་ཀྱི་སྔགས་བཏགས་དབུལ། །བདུན་ནམ་ཉི་ཤུ་རྩ་གཅིག་གམ། །བརྒྱ་རྩ་བརྒྱད་ཀྱི་བར་དུའོ། །དགང་བླུགས་ཀྱིས་ནི་མཐོལ་བཤགས་ཏེ། །བསྟོད་ཅིང་གསོལ་གདབ་ཕྲིན་ལས་བཅོལ། །དཀྱིལ་འཁོར་བསྡུས་ཏེ་མེ་ལྷ་གསོ། །མཆོད་རྫས་བསྲེག་རྫས་སྔར་བཞིན་བསྐྱར། །བཤགས་གསོལ་བཅོལ་བ་དེ་བཞིན་ནོ། །ཡེ་ཤེས་གཤེགས་ཏེ་དམ་ཚིག་བསྡུ། །སྨོན་ལམ་བསྔོ་སྟེ་བཀྲ་ཤིས་བརྗོད། །ནད་གདོན་བར་ཆད་ཞི་བ་དང་། །མཐར་ཐུག་སྡིག་སྒྲིབས་སེལ་བའོ། །ཕྱི་མའི་དུས་ཀྱི་སྒྲུབ་པ་ཡིས། །རྣལ་འབྱོར་གནས་པའི་ཚེ་བསྲིང་བ། །ཕུན་ཚོགས་དབེན་པའི་གནས་དག་ཏུ། །ཕོ་བྲང་ལེགས་པར་གནས་བྱས་ལ། །རིན་ཆེན་བུམ་པ་མཛེས་པ་རུ། །བཀྲུ་ཞིང་བྲབ་བདུག་རྒྱན་གྱིས་བརྒྱན། །ནང་དུ་བདུད་རྩིའི་བཅུད་ཀྱིས་དགང་། །ཚེ་བཤོས་མཛེས་པ་སྟེང་བཞག་སྟེ། །རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ། །སེམས་དཔའི་ཏིང་འཛིན་སྐད་ཅིག་གིས། །བྷྲཱུཾ་ལས་བུམ་པ་གཞལ་མེད་ཁང་། །ནང་དུ་སྔར་བཤད་ལྷ་རྣམས་བསྐྱེད། །གཙོ་བོའི་ཐུགས་ཀར་ཚེ་དཔག་མེད། །དམར་པོ་ཚེ་བུམ་འཛིན་པ་བསྐྱེད། །ཐུགས་ཀར་རྡོ་རྗེ་ཉི་ཟླ་སྦྱར། །བླ་གནས་ཡི་གེ་ནྲྀ་དང་བཅས། །བསྒོམ་པ་དམ་ཚིག་མཆོག་ཡིན་ནོ། །ཆོས་དབྱིངས་གཉིས་མེད་དེ་བཞིན་ནོ། །འོད་ཟེར་ལྕགས་ཀྱུའི་རྣམ་པ་ཡིས། །འཆི་བདག་བདུད་དང་གཤིན་རྗེ་ཡི། །ལག་ནས་བླ་ཚེ་སྟོབས་ཀྱིས་དགུག །དཔག་མེད་ཐུགས་ཀའི་ག་བུར་སྦ། །དེ་ཉིད་གནས་ནས་ཧཱུཾ་བརྒྱུད་ནས། །གཟུངས་ཐག་རྡོ་རྗེའི་ཁོང་སྦུག་ནས། །མཉེས་བྱེད་འོད་འཕྲོས་ཀུན་ཏུ་ཁྱབ། །སྣོད་བཅུད་ཚེ་དབང་བཀྲག་མདངས་བསྡུ། །གནས་དབུས་སུ་ནི་མ་ལུས་བསྡིམ། །ཚེ་དབང་སྔགས་ཀྱི་འཕྲོ་འདུ་ཡིས། །ལྷ་རྣམས་ཉི་ཟླའི་བར་དུ་གཞུག །སྙིང་པོ་ལྔ་པོ་འོད་དུ་ཐིམ། །གནས་ལྔར་ཡིག་འབྲུ་འོད་དུ་བཞུ། །སློབ་མའི་ལུས་ལ་བསྡིམ་ཞིང་དབབ། །ཚེ་དབང་མཐུ་སྟོབས་རྒྱས་པར་བསམ། །


DNG014_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ས་བོན་འོད་དུ་ཞུ། །སྐྱེ་མེད་སྙིང་པོར་གྱུར་པ་ལས། །མི་འགྱུར་ཆོས་དབྱིངས་ཆེན་པོར་བསྒོམ། །རྡོ་རྗེ་ལས་ཀྱི་སློབ་དཔོན་གྱིས། །རྟགས་བྱུང་བདག་པོའི་ཕྱག་ཏུ་དྲངས། །དེ་ཡིས་སློབ་མའི་ཚོགས་ཆེན་ལ། །བདེན་པའི་ཚིག་བརྗོད་དབང་བསྐུར་བྱ། །འཆི་མེད་གཟི་བརྗིད་བརྟན་པར་བསྒོམ། །གཡས་གཡོན་བསྐོར་ཏེ་སྨོན་ལམ་དང་། །བཀྲ་ཤིས་བདེན་པ་བརྗོད་པར་བྱ། །འདི་ཡིས་ཡུན་གནས་སྒྲུབ་པའོ། །འདི་དག་མ་ལུས་ཐམས་ཅད་ཀུན། །ཀུན་བཟང་ང་ཡི་ངང་གིས་བསྒྲུབ། །ཅེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ལས་ཕྲ་མོ་རྣམ་པར་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་རབ་ཏུ་སྒྲུབ་པར་བྱེད་པའི་སྙིང་པོ་ཡང་དག་པར་གསང་བ་སྒྲའི་ཚོགས་སྐུ་གསུང་ཐུགས་གསང་བ་ཆེན་པོ་ལས་རབ་ཏུ་ཕྱུང་ངོ་། །ཨོཾ་སྔགས་སོར་བཞག་ཡ་ཀ་སྨིན་པྲ་བེ་ཤ །བ་མནྟེ་བ་ནཱ་ག་ཡཀྵ་རཱཀྵ་ས་བྷུ་ཏ་ཡ། ཙ་ཏི་པྲ་ཏི་སིན་དུན་དུ་ཡ་ཡ་ན། མུ་ཏན་པ་ས་ཡ་མི་ཧཱུཾ་ཕཊ་སྭཱ་ཧཱ། བཀའ་རབ་ཏུ་བསྒོ་བའི་སྔགས་སོ། །ཨོཾ་མ་ཧཱ་པྲ་ཏི་ས་ཡ་བྷེ་བྷེ་རྣ་པེ་ས་མ་ཡ་སྟྭཾ། མཁྱེན་པར་གསོལ་བའི་སྔགས་སོ། །ཨོཾ་མ་ཧཱ་ཨཱ་ར་ལི་ཧཱུཾ་ཛ། དབབ་པའོ། །ཨོཾ་བཛྲ་ཡཀྵ་ཀྲོ་དྷ་བི་ཤྭ་ཙཀྲ་ནན། བསྡིམ་པའོ། །ཨོཾ་བི་ཤྭ་མ་རུ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཏྭ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་བཛྲ་ས་མ་ཡ་སུ་ཀྲ་མ་ཏི་ཧཱུཾ། དབྱེ་བའི་སྔགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ན་ཛཱ་ལཱ་ནི། ཀྵོ་པ་ག་ནཾ་ག་ན་ཀ་ར་སྭཱ་ཧཱ། དྲ་བའི་སྔགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཀཪྵ་ཡ་སྭཱ་ཧཱ། རྡོ་རྗེ་ཕུར་པའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿ། བཛྲ་པྲ་ཀ་ར་ཎ་ཏ་ཐཱ་ག་ཏཱ་ནཱཾ། ཀུ་རུ་ཀུ་རུ་ཙཎྜ་སྭཱ་ཧཱ། རྒྱ་གྲམ་གྱི་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པདྨ་ཨཱ་ལོ་ཀ་སརྦ་ནན་མ་ར་ཤ་དུ་རུ་དུ་རུ་ཨོཾ། ཕུར་པའི་སྔགས་སོ། །ཨོཾ་ཀོ་ཀ་ལ་ཤ་བཛྲ་དུ་ན་དུ་རུ་ད་ར་སྭཱ་ཧཱ། མདའི་སྔགས་སོ། །ཨོཾ་བཛྲ་ཏིཀྵྞཱ་ཤཀྟི་ཧ་ས་སྭཱ་ཧཱ།


DNG014_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲིའི་སྔགས་སོ། །ཨོཾ་ཤ་ན་བི་དྲུ་ཨ་མོ་ཀ་ཀཱ་ལ་ཤ་པུ་པ་ལ་ཤ་ས་ཏ་ཧཱུཾ། བུམ་པ་རྣམ་པར་རྒྱལ་བའི་སྔགས་སོ། །ཨོཾ་བཛྲ་བྷནྦྷ་དུ་ན་ཏཏ་ཙི་ཏི་ན་ཧཱུཾ། སྐུད་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷ་ག་ཝན་དྲྀ་ཤྱ་ཛ་ཨཱ་ར་ལི་ཧོ། བོད་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ཏྲ་ཏ་ས་མ་ཡ་སྟྭཾ། བཞུགས་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨཱ་ནཱཾ་ནི་ཏ་ཡཱརྱ་མི་པུ་རུ་ཤ་ཡ་ཧོ། འདུད་པའི་སྔགས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ས་མ་ཡ་སྭཱ་ཧཱ། མཆོད་ཡོན་གྱིའོ། །ཨོཾ་བཛྲ་གནྡྷེ་བི་ཤུདྡྷོ་གཏོད་བྷ་བ་སྭཱ་ཧཱ། དག་པའིའོ། །ཨོཾ་བཛྲ་པུཥ྇་སུ་མེ་མ་ཧཱ་མེ་ཏྲི་བུད་ཀ་ཏེ་སྭཱ་ཧཱ། མེ་ཏོག་གིའོ། །ཨོཾ་བཛྲ་དྷཱུ་བེ་དྷཱུ་དྷརྨ་དྷཱ་ཏུ་ཨ་ནུ་ག་ཏེ་སྭཱ་ཧཱ། བདུག་སྤོས་ཀྱིའོ། །ཨོཾ་བཛྲ་ཨ་རྩི་ཏེ་པ་རི་ན་ག་ག་ན་ཨ་ཏི་རི་ཡེ་སྭཱ་ཧཱ། སྣང་བའིའོ། །ཨོཾ་སརྦ་ཀེ་དུ་ཤི་ཀོ་ཏ་ཐཱ་ག་ཏ་སྭ་བྷཱ་བ་སརྦ་ཀ་ཏི་ཡ་སྭཱ་ཧཱ། བཟའ་བའིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཤུ་ཏེ་ཤཔྟཱ་ཡ་སྭཱ་ཧཱ། སྒྲའིའོ། །ན་མཿས་མནྟ་བུདྡྷཱ་ནཱན། ཨོཾ་ཨི་བྷི་སྨ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ། དྷརྨ་ཏད་ཐ་ཨཱ་ཀར་ཤ་ཡ་ས་མནྟ་ཡ། ན་མཿསརྦ་ཏ་ཐཱ་ག་ཏ་བ་རི་ཤད་མཾ་ཏ་ལེ། ན་མ་པྲ་ཏི་སུ་མ་ཛྙཱ་ན་བྷ་ཡེ། སརྦ་ཏ་ཐཱ་ག་ཏེ་བྷ་སེཾ། དྷརྨ་ཏད་ཐ་ཨ་སྡི་ཏ་ན་བྷ་སེཾ་ཙ་སྭཱ་ཧཱ། མཆོད་པ་ཆེན་པོ་རབ་ཏུ་སྒྲུབ་པའི་སྙིང་པོ་རྣམས་སོ། །ཨོཾ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། དམ་ཚིག་གི་སྔགས་སོ། །ཨོཾ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མེ། མེ་ཏོག་གཏོར་བའོ། །ཨོཾ་པྲ་ཏི་གྲྀ་ཧྞ་ཧཱུཾ་པྲ་ཏིཙྪ་ཧོཿ། ས་མ་ཡ་སྟྭཾ། བརྟག་པའི་སྔགས་སོ། །ཨོཾ་བཛྲ་ཙཀྵུ་པྲ་བེ་ཤ་ཕཊ། མིག་དབྱེ་བའི་སྔགས་སོ། །ཨོཾ་ཨ་ཧཱུཾ་སིད་ཏི་ཏ་ཡ་མཾ། བལྟ་བའི་སྔགས་སོ། །ཨོཾ་བཛྲ་བཛྲོད་གྷ་ཊཱ་ཡ། ས་མ་ཡ་པྲ་བེ་ཤ་ཡ་ཤཱི་གྷྲཾ། སྨ་ར་ས་མ་ཡ་ཧཱུཾ། སྒོ་དབྱེ་བ་སྟེ་ཤར་གྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་སྟ་ན་ཨཱཏྨཱ་ནཱཾ། ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཕྱག་བཙལ་བ་ཤར་གྱིའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། དམ་ཚིག་སྦྱིན་པ་ཤར་གྱིའོ། །ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཧཱུཾ། བཀྲུ་བའི་ཤར་གྱིའོ། །ཨོཾ་རཏྣ་པ་ཏོཧྙ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ་ཤཱི་གྷྲཾ། སྨ་ར་ས་མ་ཡ་ཧཱུཾ་ཕཊ། ལྷོའིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥེ་ཀ་ཏ་ཨཱཏྨཱ་ནཱཾ་ནིརྻཱ་ཏ་ཡཱ་མི།


DNG014_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་བྲ་ཛ་རཏྣ་ཨ་བྷི་ཥཱིཉྩ་མཾ། ཕྱག་གི་ལྷོའིའོ། །ཨོཾ་རཏྣ་ཨཱ་བེ་ཤ་ཡ་ས་མ་ཡ་ཨ། དམ་ཚིག་སྦྱིན་པ་ལྷོའིའོ། །ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཏྲཱཾ། བཀྲུ་བ་ལྷོའིའོ། །ཨོཾ་པདྨ་ཀ་ཏོཧྙ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ་ཤཱི་གྷྲཾ། སྨ་ར་ས་མ་ཡ་ཧཱུཾ། ནུབ་ཀྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟྟ་ཡ་ཨཱཏྨཱ་ནཱཾ་ནཱིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟྟ་ཡཱ་ནཱཾ། ཕྱག་གིའོ། །ཨཱོཾཿཔདྨ་ད་མ་ཨཱ་བེ་ཤ་ཡ་ས་མ་ཡ་ཨཱཿ། དམ་ཚིག་གིའོ། །ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཧྲཱྀཿ། བཀྲུ་བའོ། །ཨོཾ་ཀརྨ་བ་ཏོཧྙ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ །ཤཱི་གྷྲཾ་སྨ་ར་ས་མ་ཡ་ཧཱུཾ། སྒོ་དབྱེ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎི་ཨཱཏྨཱ་ནཱཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཕྱག་གིའོ། །ཨོཾ་ཀརྨ་ཨཱ་བེ་ཤ་ཡ་ས་མ་ཡ་ཨ། དམ་ཚིག་གིའོ། །ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཨ། བཀྲུ་བ་བྱང་གིའོ། །ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བུཌྜྷ་བ་ཏོཧྙ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ་ཤཱི་གྷྲཾ། སྨ་ར་ས་མ་ཡ་ཧཱུཾ་ཕཊ། དབུས་ཀྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བུཌྜྷ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེ་ནཾ་བནྡ་ནཾ་ཀ་རོ་མི། ཕྱག་གིའོ། །ཨོཾ་སྭ་བྷཱ་བ་བུཌྜྷ་ཨཱ་བེ་ཤ་ཡ་ཨ་ཨ། དམ་ཚིག་གིའོ། །ཨོཾ་བུཌྜྷ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་མཾ། བཀྲུ་བའོ། །ཨོཾ་བཛྲ་ཀ་པོ་ཏ་མཱ་ལེ་ཧཱུཾ། སྟེགས་བུའིའོ། །ཨོཾ་ཨཱཾ་ཧཱུཾ་ཏྲཱཾ་ཧཱཾ་སྭ་བྷཱ་བ་ཤུཌྜྷཿསརྦ་དྷ་རྨཱ་ཤུཌྜྷཿསྭ་བྷཱ་བ་ཨུ་ཤུ་པ་ཀིར་སི་ཏི་ཧཱུཾ། བུམ་པ་བསྐྱེད་པའིའོ། །ཨོཾ་ཙ་ཏུརྨ་ཧཱ་མུ་ཏྲ་ཀ་ལ་ཤ་སིདྡྷཾ་མུ་མེ་སྡི་ཏི། ཕྱི་སྦྱང་བའོ། །ཨོཾ་ཀ་ལ་ཤ་སརྦ་བུཌྜྷ་གུ་ཎ་སིདྡྷི་ཧཱུཾ། ནང་སྦྱང་བའོ། །ཨོཾ་ཛྙཱ་ན་ར་སྨི་མ་ཧཱ་ཀ་རུ་ཎི། པ་ར་ཤ་སིདྡྷི་ཧཱུཾ། ཆུའི་སྔགས་སོ། །ཨོཾ་རཏྣ་པཉྩ་སིདྡྷི་ཧཱུཾ། རིན་པོ་ཆེའིའོ། །ཨོཾ་པཉྩ་བྷཻ་ཥ་ཛྱཱ་ཡ། སྨན་གྱིའོ། །ཨོཾ་དྷཱུ་བ་པཉྩ་སིདྡྷི་ཀུ་རུ་ཧཱུཾ། སྤོས་ཀྱིའོ། །ཨོཾ་གརྦྷ་པཉྩ་སིདྡྷི་ཀུ་རུ་ཧཱུཾ། སྙིང་པོ་ལྔ་སྦྱིན་པའོ། །པཉྩ་དྷཱ་ནྱཾ་ས་མ་ཡ་སིདྡྷི་ཧཱུཾ། འབྲུའིའོ། །ཨོཾ་ཨཱཿཧཱུཾ་མུ་ཁ་ལ་བིད་ཤ་སྭ་ཧཱ། རྒྱན་གྱིའོ། །ཨོཾ་ཀ་ཝ་བྲྀཀྵ་སྲིག་ཤ་ཧཱུཾ། ཁ་རྒྱན་གྱིའོ། །ཨོཾ་པཉྩཱ་ལི་ཀ་ཧཱུཾ། མགུལ་བཅིངས་པའོ། །ཨོཾ་ཨཱ་ཡུ་དྷཱ་རོ་སཱུ་ཏྲ་ཀ་པ་ཤི་ས་ཏ་ཀ་རུ་ཧཱུཾ། གཟུངས་ཐག་གིའོ། །ཨོཾ་ཤྲི་བཻ་རོ་ཙ་ན་བཛྲ་སཏྭ་རཏྣ་སཾ་བྷ་བ་ཨ་མི་དྷི་བ་ཨ་མོ་གྷ་སིདྡྷི་ཨཱ་ཡུ་ཥེ་རཱ་ཛ་ཧཱུཾ། ཡུངས་ཀར་


DNG014_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབང་བསྐུར་བའོ། །ཨོཾ་བོ་དྷི་ཙིཏྟ་ཧཱུཾ། འོ་མ་བཙལ་བའོ། །ཨོཾ་མ་ཧཱ་པྲཛྙཱ་པཱ་ར་མི་ཏ་ཨ་དྷི་ཥྛ་ན་ཧཱུཾ། ཨོཾ་ཛྙཱ་ན་ཀ་ལ་ཤ་བཛྲ་སིདྡྷི་སིདྡྷི་པདྨ་བཛྲཱ་ཡ། བྱིན་གྱིས་བརླབས་པ་དང་བཞུགས་པའིའོ། །ཨོཾ་བུཌྜྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥཱིཉྩ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧ། མུ་དྲ་ཧྲིཾ། ཕྱག་རྒྱ་སྦྱིན་པའོ། །ཨོཾ་ཤུ་པ་རི་ཀ་རི་སིདྡྷི་ཧཱུཾ། ཀ་ལ་ཤ་མ་ཏ་མུ་དྲ་སརྦ་གུ་ཎ་སིདྡྷི་ཧཱུཾ། རིལ་བ་སྦྱིན་པའོ། །ཨོཾ་མ་པ་ནེ་ཀ་ན་བི་ཤུདྡྷེ་ཧཱུཾ། ཆུ་སྦྱིན་པའོ། །ཨོཾ་པཉྩ་ནཾ་པ་སིདྡྷི་ཧཱུཾ། འབྲུ་སྦྱིན་པའོ། །ཨོཾ་ཨ་མྲྀ་ཏ་པཉྩ་ར་སྨི་མ་ཧཱ་ཀུ་རུ་ཧཱུཾ། སྨན་སྦྱིན་པའོ། །ཨོཾ་དྷཱུ་པ་པཉྩ་ཨ་པ་དེ་ཤ་མ་ཧ་སིདྡྷི་ཧཱུཾ། སྤོས་སྦྱིན་པའོ། །ཨོཾ་སརྦ་པཉྩ་རཏྣ་སིདྡྷི་ཧཱུཾ། རིན་པོ་ཆེ་སྦྱིན་པའོ། །ཨོཾ་པཉྩ་གརྦྷ་སིདྡྷི་ཧཱུཾ། སྙིང་པོ་སྦྱིན་པའོ། །ཨོཾ་ཀཾ་པ་ཤྲི་ཤ་སུ་མེ་པ་ཏ་ཧཱུཾ། གུ་ན་ཧཱུཾ། ཁ་རྒྱན་སྦྱིན་པའོ། །ཨོཾ་ད་ན་སྨི་ཏི་ལ་ཀ་ཤི་ཀ་སི་ཀ་ཧཱུཾ། མགུལ་ཆིངས་སྦྱིན་པའོ། །ཨོཾ་ཤུ་པ་ཡ་ས་རི་སུ་པ་ཀ་ཤ་ས་མི་ཏ་ཀུ་རུ་ཧཱུཾ། གཟུངས་ཐག་སྦྱིན་པའོ། །ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་ཨ་བྷི་ཥཱིཉྩ་ཨ། མེ་ལོང་སྦྱིན་པའོ། །ཨོཾ་ཛྙཱ་ན་ཙཀྲ་ཨ་བྷི་ཥཱིཉྩ་ཨ། འཁོར་ལོ་སྦྱིན་པའོ། །ཨོཾ་མ་ཧཱ་སུ་ར་ཏ་མ་ཀུ་ཏ་ཨ་བྷི་ཥཱིཉྩ་མཾ། དུང་སྦྱིན་པའོ། །ཨོཾ་བཛྲ་རཀྵ་ཏི་ཏ་བཾ་ཧཱུཾ། རྒྱ་གྲམ་སྦྱིན་པའོ། །ཨོཾ་བུཌྜྷ་ཧཱུཾ་བཛྲ་ཏྲཱཾ་རཏྣ་ཧྲཱྀཿཔདྨ་ཧཱ་ཀརྨ་ཨ་བྷི་ཥཱིཉྩ་མཾ། དབུ་རྒྱན་སྦྱིན་པའོ། །ཨོཾ་སརྦ་བུཌྜྷ་ཀ་ལ་ཨ་བྷི་ཥཱིཉྩ་མཾ། བུམ་པ་སྦྱིན་པའོ། །ཨོཾ་རཏྣ་མཱ་ལ་ཨ་བྷི་ཥཱིཉྩ་ཏྲཱཾ། ཕྲེང་བ་སྦྱིན་པའོ། །ཨོཾ་བཛྲ་ཨ་ལཾ་བ་ནེ་ཨ་བྷི་ཥཱིཉྩ་ཨ། ཅོད་པན་སྦྱིན་པའོ། །ཨོཾ་བུཌྜྷ་བཛྲ་རཏྣ་པདྨ་ཀརྨ་མ་ཧཱ་མུ་དྲ་ཨ་བྷི་ཥཱིཉྩ་ཨ། ཕྱག་རྒྱ་ལྔ་སྦྱིན་པའོ། །ཨོཾ་ནཱ་མ་པུ་ཏྲ་ཨ་བྷི་ཥཱིཉྩ་ཨ། མིང་སྦྱིན་པའོ། །ཨོཾ་སརྦ་པཉྩ་བིདྱཱ་དྷ་ར་མནྟྲ་ཨ་བྷི་ཥཱིཉྩ་ཡ། གཟུངས་སྔགས་སྦྱིན་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཡ་ས་མ་ཡ་ཨ་བྷི་ཥཱིཉྩ་ཨ། གསང་བ་སྦྱིན་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲཛྙཱ་ས་མ་ཡ་ཨ་བྷི་ཥཱིཉྩ་མཾ། ཐབས་དང་ཤེས་རབ་སྦྱིན་པའོ། །རབ་ཏུ་དབང་བསྐུར་བའི་སྔགས་སོ། །ན་མོ་བཛྲ་ཀྲོ་དྷ་ཡ་མ་ཧཱ་དཾཥྚྲོཏྐ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ།


DNG014_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྦོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི་ཛི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། བསྐྲད་པའོ། །ཨོཾ་སརྦ་ས་མནྟ་ད་ན་བཛྲ་སྭཱ་ཧཱ། ཕྱི་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཕྲ་ར་ན་སུ་སྡི་སྟ་རེ་སྭཱ་ཧཱ། བཀྲུ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་སྭཱ་ཧཱ། བྱུག་པའོ། །ཨོཾ་རཛྷོ་ཨ་བ་ཧ་རི་ནི་ཧཱུཾ། བདར་བའོ། །ཨོཾ་ཨཱཿཧཱུཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡ་སྟྭཾ། དབང་བསྐུར་བའོ། །ཨོཾ་ཙཀྵུ་མཎྜ་ལ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། མིག་དབྱེ་བའོ། །ཨོཾ་དིབ་བྱ་ཀརྣཱ་ཡ་ནེ་ད་ཀ་ལོ་ཀི་ཏི་པ་སང་ཏ་ཧྲི། རྣ་བ་དབྱེ་བའོ། །ཨོཾ་དིབ་བྱ་ག་ནཱ་སཱ་སརྦ་ལཾ་བོ་དཾ་ར་ཧྲི་ཧྲི། སྣ་དབྱེ་བའོ། །ཨོཾ་དིབ་བྱ་མུ་ཁཱ་ཡ་གནྡྷ་སྭཱ་ཧཱ། ཁ་དབྱེ་བའོ། །ཨོཾ་སརྦ་བོ་ཀི་ཤ་ས་དྷ་ར་ནི་ཏྲི། སོ་ཤིང་སྦྱིན་པའོ། །ཨོཾ་སརྦ་ཤོ་ད་ན་ཁ་ཚེ་ད་ཧཱུཾ། ཨོཾ་ཀརྨ་ནི་ཧ་ར་ནི་ཧཱུཾ། སྐྲ་དྲེག་པ་དང་བཤད་པའོ། །ཨོཾ་རཏྣ་ཨ་ལཾ་ཀཱར་ཧཱུཾ། རྒྱན་གདགས་པའོ། །ཨོཾ་དིབ་པ་བྲ་པུ་ཡེ་སྭཱ་ཧཱ། ན་བཟའ་སྦྱིན་པའོ། །ཨོཾ་བ་སུ་ཙ་ག་པ་རི་ཀ་རེ་སྭཱ་ཧཱ། རྒྱན་དབུལ་བའོ། །ཨོཾ་རཏྣ་མཎྜ་ལ་ཨུ་པ་ཧཱུཾ། གནས་དབུལ་པའོ། །ཨོཾ་ཨེ་མ་ཡེ་ག་ག་ན་ས་པ་རི་ཀ་ར་ཡེ་སྭཱ་ཧཱ། ཨོཾ་བཛྲ་སི་ཏ་པ་སེ་ཡེ་སྭཱ་ཧཱ། བསིལ་བའོ། །ཨོཾ་ཨཱཿཧཱུཾ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་བིག་ཤ་ཧ་ན་ཧཱུཾ་ཕཊ། བསང་བའོ། །ཨོཾ་ཨ་ཀ་ནེ་ཏེ་བྷ་ག་ཡ་སྭཱ་ཧཱ། བསྐྱེད་པའིའོ། །ཨཱ་གཙྪ། བོད་པའོ། །ཨོཾ་ཨགྣ་ཡེ་དྷཱུ་པེ་པུཥྦེ་ཨཱ་ལོ་ཀེ་གནྡྷེ་ཨི་མཾ་གྲྀ་ཧྣ་པཱུ་ཛ་ཨ་ལ་ལ་ཧོ། དབུལ་བའི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཧཱུཾ། ཏིལ་དབུལ་བའོ། །ཨོཾ་བི་མ་ལ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པ་མཾ་བྷནྡྷ་ལ་སྭཱ་ཧཱ། ཆན་གྱིའོ། །ཨོཾ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའོ། །ཨོཾ་ཡེ་མ་ཡེ་གཱ་ག་ལ་པཱ་རི་ཀ་རི་ཡེ་སྭཱ་ཧཱ། འབྲུའིའོ། །ཨོཾ་བེ་ནེ་ཏ་སྟ་བཛྲ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་ཨ་ཧ་ར་སུ་ས་སྤེ་མ་ཧཱ་ད་རེ་བེ་ཤ་ཤནྟིཾ་ཀུ་རུ་སྭཱ་ཧཱ། མ་ལུས་པའི་སྔགས་སོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ལས་ཆེན་པོ་རབ་ཏུ་བསྒྲུབ་པའི་སྙིང་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པའི་འཁོར་འདུས་པ་ཐམས་ཅད་དགེས་པ་ཆེན་པོའི་དོན་རབ་ཏུ་དབབ་པའི་རྣམ་པར་དག་པའི་ཆ་ལུགས་ཀྱི་


DNG014_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་རྒྱ་ཆེན་པོ་དང་རང་གི་གནས་དང་ཡོངས་སུ་མཐུན་པའི་ཚུལ་གྱིས་ཡོངས་སུ་བསྟོད་པ་འདི་བཀའ་སྩལ་ཏོ། །ཧཱུཾ་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །གཙོ་ཆེན་རིགས་ཀུན་བདག་པོ་སྟེ། །རྣམ་སྣང་མཛད་པ་སྐུ་མདོག་དཀར། །བྱང་ཆུབ་ཕྱག་རྒྱས་འཁོར་ལོ་འཛིན། །རྡོ་རྗེ་མི་བསྐྱོད་སྐུ་མདོག་མཐིང་། །ས་གནོན་ཕྱག་རྒྱས་རྡོ་རྗེ་འཛིན། །རིན་ཆེན་འབྱུང་ལྡན་སྐུ་མདོག་སེར། །མཆོད་སྦྱིན་རིན་ཆེན་འབར་བ་བསྣམས། །སྣང་བ་མཐའ་ཡས་སྐུ་མདོག་དམར། །ཏིང་འཛིན་མཉམ་གཞག་པདྨ་བསྣམས། །དོན་ཡོད་གྲུབ་པ་སྐུ་མདོག་ལྗང་། །སྐྱབས་སྦྱིན་རྡོ་རྗེ་རྒྱ་གྲམ་བསྣམས། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །གཉིས་མེད་རིགས་ཀྱི་ཡུམ་རྣམས་ནི། །ཀུན་བཟང་སྤྱན་མ་གོས་དཀར་མོ། །མཱ་མ་ཀཱི་དང་སྒྲོལ་མ་སྟེ། །སོ་སོའི་ཡབ་ཀྱི་ཚུལ་བསྟན་ཞིང་། །གཙོ་ལ་འདུད་པའི་ཚུལ་དུ་བཞུགས། །ཡབ་ཡུམ་བཅས་ལ་ཕྱག་འཚལ་བསྟོད། །ཤར་ཕྱོགས་དཀྱིལ་འཁོར་ཆེན་པོ་ན། །བཅོམ་ལྡན་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་རྡོ་རྗེ་དབྱིངས་ཕྱུག་མ། །མདོག་དཀར་རྡོ་རྗེ་རྩེ་ལྔ་བསྣམས། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །ཕྱག་ན་རྡོ་རྗེ་རྩེ་ལྔ་འཛིན། །རྒྱལ་པོ་མདོག་སེར་ལྕགས་ཀྱུ་འཛིན། །ཆགས་པ་མདའ་གཞུ་འགེངས་མཛད་དམར། །ལེགས་པ་ལྗང་གུ་རྒྱ་གྲམ་བསྣམས། །སྒེག་མོ་དཀར་མོ་རྡོ་རྗེ་འཛིན། །བདུག་པ་མདོག་སེར་སྤྲིན་འཕྲོ་མ། །རྡོ་རྗེ་ལྕགས་ཀྱུ་མདོག་ནི་དམར། །རྡོ་རྗེ་མེ་སྒྲོན་མདོག་ལྗང་གསལ། །ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་ནི། །བཅོམ་ལྡན་འཇམ་དཔལ་གཞོན་ནུ་དང་། །ཡུམ་ཆེན་རིན་ཆེན་དབྱིངས་ཕྱུག་མ། །མདོག་སེར་རིན་ཆེན་རལ་གྲི་འཛིན། །རྡོ་རྗེ་རིན་ཆེན་འཛིན་མཛད་སེར། །གཟི་བརྗིད་མདོག་སེར་ཉི་མ་འཛིན། །རྡོ་རྗེ་རྒྱལ་མཚན་འཛིན་པ་དམར། །བཞད་པ་མདོག་ལྗང་སོ་ཕྲེང་འཛིན། །རྡོ་རྗེ་ཕྲེང་བ་འཛིན་མ་དཀར། །རྡོ་རྗེ་མེ་ཏོག་འཛིན་མ་སེར། །རྡོ་རྗེ་ཞགས་པ་འཆིང་མཛད་དམར། །རྡོ་རྗེ་འབེབས་མ་བསིལ་མཛད་ལྗང་། །ནུབ་ཕྱོགས་དཀྱིལ་འཁོར་ཆེན་པོ་ན། །བཅོམ་ལྡན་སྤྱན་རས་


DNG014_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དབང་དང་། །ཡུམ་ཆེན་པདྨ་དབྱིངས་ཕྱུག་མ། །མདོག་དམར་པདྨ་དམར་པོ་བསྣམས། །རྡོ་རྗེ་ཆོས་དཀར་པདྨ་འཛིན། །རྣོན་པོ་མདོག་སེར་རལ་གྲི་འཛིན། །སྨྲ་བ་ལྕེ་འཛིན་སྐུ་མདོག་དམར། །རྡོ་རྗེ་འཁོར་ལོ་འཛིན་པ་ལྗང་། །རྡོ་རྗེ་དབྱངས་དཀར་པི་ཝང་འཛིན། །རྡོ་རྗེ་མར་མེ་འཛིན་མ་སེར། །རྡོ་རྗེ་ལྕགས་སྒྲོག་འཛིན་མ་དམར། །གསལ་བཀྲ་ལྗང་གུ་རྨ་བྱ་འཛིན། །བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་ན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །ཡུམ་ཆེན་ལས་ཀྱི་དབྱིངས་ཕྱུག་མ། །མདོག་ལྗང་རྡོ་རྗེ་དྲིལ་བུ་བསྣམས། །རྡོ་རྗེ་ལས་དཀར་རྒྱ་གྲམ་བསྣམས། །སྲུང་བ་སེར་པོ་གོ་ཆ་བསྣམས། །གནོད་སྦྱིན་དམར་པོ་མཆེ་བ་བསྣམས། །རྡོ་རྗེ་ཁུ་ཚུར་འཛིན་མཛད་ལྗང་། །རྡོ་རྗེ་གར་བསྒྱུར་སྐུ་མདོག་དཀར། །བྱུག་པ་དྲི་ཆབ་འཐོར་མ་སེར། །རྡོ་རྗེ་དགྱེས་མཛད་དྲིལ་འཁྲོལ་དམར། །རྡོ་རྗེ་འབེབས་མཛད་ཆུ་རྒྱུན་བསིལ། །ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ན། །བཅོམ་ལྡན་ས་ཡི་སྙིང་པོ་དང་། །ཡུམ་ཆེན་རྡོ་རྗེ་སེམས་མ་ནི། །མདོག་དཀར་རིན་ཆེན་སྙེ་མ་བསྣམས། །རྡོ་རྗེ་རྒྱལ་མཚན་སྐུ་མདོག་དཀར། །ཆུ་སྲིན་གསེར་མདོག་ཕྱག་ན་བསྣམས། །དབང་ཕྱུག་རྒྱལ་པོ་སེར་ལྕགས་ཀྱུ། །བཀོད་པའི་རྒྱན་དམར་མེ་ཏོག་བསྣམས། །རིན་ཆེན་འོད་འཕྲོ་ལྗང་རིན་ཆེན། །བདེ་བ་རྒྱས་འདེབས་ཁ་ཊྭཱཾ་དཀར། །ཟ་བྱེད་མ་སེར་མདའ་གཞུ་འགེངས། །རྨོངས་བྱེད་དམར་མོ་ཕྱག་རྒྱ་བསྣོལ། །ཚེ་འཕེལ་མ་ལྗང་དྲིལ་བུ་འཛིན། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་ན། །བཅོམ་ལྡན་ནམ་མཁའི་སྙིང་པོ་དང་། །ཡུམ་ཆེན་རིན་ཆེན་དབྱིངས་ཕྱུག་མ། །མདོག་སེར་རིན་ཆེན་ཟ་མ་ཏོག །སྣང་བའི་མཆོག་དཀར་རྡོ་རྗེ་བསྣམས། །ཕྱག་རྒྱ་རྒྱལ་སེར་མདའ་གཞུ་འཛིན། །སྤོས་ཀྱི་གླང་པོ་འོད་ཕུང་དབང་། །སྤོབས་པ་བརྩེགས་ལྗང་ལྕགས་ཀྱུ་བསྣམས། །ཁྲུས་མ་དཀར་མོ་བུམ་པ་འཛིན། །རྒྱལ་མཚན་འཛིན་མ་སྐུ་མདོག་སེར། །བླ་རེ་འཛིན་མཛད་ལྷ་མོ་དམར། །གདུགས་འཛིན་མ་ནི་མདོག་ལྗང་སྔོ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་ན། །བཅོམ་


DNG014_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བྱམས་པ་ཆེན་པོ་དང་། །ཡུམ་ཆེན་པདྨའི་སེམས་མ་ནི། །མདོག་དམར་ཀླུ་ཤིང་པདྨ་བསྣམས། །པདྨ་འཛིན་མཛད་རྒྱལ་པོ་དཀར། །པདྨ་དམ་པ་འཛིན་མ་སེར། །རྡོ་རྗེ་མི་གཡོ་དམར་པོ་ཏི། །ཐོགས་མེད་རྒྱལ་ལྗང་ལྕགས་ཀྱུ་འཛིན། །ལྷ་མོ་པདྨ་དཔལ་བེའུ་དཀར། །འཇིགས་བྱེད་མ་སེར་འཁོར་ལོ་བསྣམས། །སྐྱོན་བྲལ་དམར་པོ་པདྨ་བསྣམས། །རྣམ་རྒྱལ་མ་ལྗང་རྒྱལ་མཚན་བསྣམས། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དུ། །བཅོམ་ལྡན་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལས་ཀྱི་སེམས་མ་ནི། །མདོག་ལྗང་ཕྱག་ན་པོ་ཏི་བསྣམས། །རིན་ཆེན་དབང་སྡུད་རིན་ཆེན་དཀར། །གྲུབ་པའི་ལས་སེར་རྒྱ་གྲམ་བསྣམས། །དགའ་བར་སྟོན་དམར་མེ་ལོང་བསྣམས། །མི་གཡོ་མཐའ་ལྗང་བསམ་གཏན་མཛད། །ལྷ་མོ་སྐྱབས་ཅན་གདུགས་འཛིན་དཀར། །ལྷ་མོ་དྲི་མེད་བུམ་བསྣམས་སེར། །སྒྲ་སྒྲོགས་དམར་མོ་འབུད་དུང་བསྣམས། །ཐོགས་མེད་མ་ལྗང་གསེར་ཉ་བསྣམས། །ཀུན་ཀྱང་སེམས་དཔའི་ཞབས་ཀྱིས་བཞུགས། །ཡབ་ཡུམ་གཉིས་མེད་འདུད་པའི་ཚུལ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཤར་ཕྱོགས་ཁྱམས་ན་གནས་བཞུགས་པ། །བརྒྱ་བྱིན་མདོག་དཀར་པི་ཝང་བསྣམས། །ཐགས་བཟང་རིས་སྔོ་གོ་ཆ་བསྣམས། །ལྷོ་ཕྱོགས་ཁྱམས་ཀྱི་ལོགས་དག་ན། །ཤཱཀ་ཐུབ་གསིལ་བྱེད་འཛིན་གསེར་མདོག །ནུབ་ཕྱོགས་ཁྱམས་ཀྱི་ལོགས་དག་ན། །ཤཱཀྱ་སེང་མཐིང་པོ་ཏི་བསྣམས། །ནམ་མཁའི་མཛོད་དམར་རིན་ཆེན་སྒྲོམ། །བྱང་ཕྱོགས་ཁྱམས་ཀྱི་ལོགས་དག་ན། །ཆོས་རྒྱལ་མཐིང་ནག་མེ་ཆུ་བསྣམས། །དཀྱིལ་འཁོར་ཕྱི་ཡི་སྒོ་བཞི་ན། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར། །ལྷོ་སྒོར་རྡོ་རྗེ་ཞགས་པ་སེར། །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར། །བྱང་སྒོར་རྡོ་རྗེ་དྲིལ་འཁྲོལ་ལྗང་། །ཅུང་ཟད་ཁྲོ་བའི་ཚུལ་གྱིས་བཞུགས། །དུས་གསུམ་སངས་རྒྱས་ཀུན་གྱི་བདག །གཙོ་ཆེན་ཡབ་ལ་ཕྱག་འཚལ་བསྟོད། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད། །རིགས་ཀྱི་ཡུམ་ལ་ཕྱག་འཚལ་བསྟོད། །ཐབས་


DNG014_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཐུགས་རྗེས་འགྲོ་དོན་མཛད། །སེམས་དཔའི་གཙོ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྒྱུ་མའི་ཚུལ་འཆང་མ། །སེམས་མའི་གཙོ་ལ་ཕྱག་འཚལ་བསྟོད། །མ་ལུས་དོན་མཛད་རྒྱལ་བ་ཆེ། །སེམས་དཔའི་ཚོགས་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཕྱག་རྒྱ་འདུད་ཚུལ་ཅན། །སེམས་མའི་ཚོགས་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སོ་སོའི་དོན་རྫོགས་མཛད། །ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད། །ཕྱག་རྒྱས་ཕྲིན་ལས་རྫོགས་མཛད་པའི། །སྒོ་སྐྱོང་བཞི་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུ་སོ་སོའི་བགེགས་རིགས་འདུལ། །ཆོས་སྲུང་ཚོགས་ལ་ཕྱག་འཚལ་བསྟོད། །བསྟོད་པའི་རྒྱལ་པོ་འདི་དག་གིས། །ལྷ་རྣམས་ལ་ནི་གང་བསྟོད་པས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །ཀུན་བཟང་ཉིད་དང་མཚུངས་པར་འགྱུར། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། སྐུའི་ཕྱག་རྒྱ་རབ་ཏུ་གྲུབ་པ་བསྟོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེ་རྒྱ་ཆེན་པོ་རབ་ཏུ་གྲུབ་པ་གཞན་གྱི་དོན་དཔག་ཏུ་མེད་པ་སྦྱོར་བའི་རིག་སྔགས་འདི་དག་བཀའ་སྩལ་ཏོ། །ཨོཾ་སྭ་བྷཱ་བ་སརྦ་དྷརྨཱཿབི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བ་ནི་ཐམས་ཅད་དུ་དག་པའི་སྔགས་སོ། །ཨོཾ་བ་ར་བི་དན་ཁཌྒ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། དང་པོ་རྒྱུད་ཀྱི་སྒོ་གཅད་པའོ། །ཨོཾ་སརྦ་དུ་ཁཿསརྦ་རཀྵེ་ཤ་ཧཱུཾ་ཕཊ། གཉིས་པ་གཅད་པའོ། །ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། གསུམ་པ་གཅད་པའོ། །ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། བཞི་པ་གཅོད་པའོ། །ཨོཾ་ད་ཧ་ད་ཧ་སརྦ་ན་རཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ལྔ་པ་གཅད་པའོ། །ཨི་དྷ་མ་ཏེ་ཁ་ཐམ། བཛྲ་ས་མ་ཡ་ན་རག་ཀ་ན། མ་ར་ཧྲྀ་ད་ཡ། ནམ་པ་ཏི་ནན། ས་མ་རཀྵ་སིཌྜྷ་བི་ཏི་ཨ་མྲྀ་ཏ་ཧེ་ཧོ། གཞུག་ཅིང་བསྒྲག་པའོ། །ཨོཾ་བྷ་བ་ཡ་ཨགྣ་ཡེ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། དགུག་ཅིང་བཞུགས་པའོ། །ཨོཾ་བྷ་བ་ཨགྣེ་ཡེ་མཱ་མ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མ་མཱ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཆོད་ཅིང་སྦྱིན་པའོ། །ཨོཾ་བྲཧྨ་ཎེ་སཱུརྱ་ཙནྡྲ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ།


DNG014_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཻ་ཤྲ་མ་ཎཱ་ཡ་མ་ཧཱ་རཱ་ཛ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ། ཨོཾ་དྷྲྀ་ཏྲ་རཥྚཱ་ཡ་མ་ཧཱ་རཱ་ཛ་ཨ་དྷི་པ་ཏྲ་ཡེ་ཧཱུཾ་ཛཿ། ཨོཾ་བི་རཱུ་ཊཱུ་ཀཱ་ཡ་སུཾ་བནྡི། མ་ཧཱ་རཱ་ཛ་ཨ་དྷི་བ་ཏ་ཡེ་ཧཱུཾ་ཛཿ། ཨོཾ་བི་རཱུ་པཀྵཱ་ནཱ་ག་མ་ཧཱ་རཱ་ཛ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛ། ཨོཾ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མཱ་ཡ། ནཻ་ཪྲྀ་ཏཱ་ཡ། བ་ཡ་བེ། བ་རུ་ཎཱ་ཡ། ཀུ་བེ་རཱ་ཡ། ཨཱིཾ་ཤ་ནཱ་ཡ། བིཥྞ་བེ། སཱུརྱ་ཙནྡྲཱ་ཡ། ཨཱ་གཙྪ་ཧཱུཾ་ཛ། མ་ཧཱ་དེ་བ་ཨཥྚཱ་བྷྱཿཧཱུཾ་ཛ། ཕུ་ནཱ་ག་ཨཥྚཱ་བྷྱཿཧཱུཾ་ཛ། གྲ་ཧ་ཨཥྚཱ་བྷྱཿཧཱུཾ་ཛ། ཡཀྵ་མ་ཧཱ་སེ་ན་པ་ཏ་ཡེ་ཧཱུཾ་ཛ། བཛྲ་ཧ་པ་རི་ཨ་ཏ་ཡ་ཧཱུཾ་ཛ། ཨ་དྷི་པ་ཏ་ཡེ་ཧཱུཾ་ཛ། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུཾ་ཛ། བོད་པའི་སྔགས་སོ། །ཨོཾ་བྲཧྨ་ཎེ། སཱུརྱ་ཡ། ཙནྡྲཱ་ཡ། ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མཱ་ཡ། རཀྵཱ་ཡ། བ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་རཱ་ཡ། ཨཱིཾ་ཤ་ནཱ་ཡ། བིཥྞ་བེ། དེ་བཱ་ཡ། ནཱ་ག་ཡ། གྲ་ཧཱ་ཡེ། ཡཀྵཱ་ཡ། ཨི་དཾ་གྲྀ་ཧྞ། དྷཱུ་པེ། པུཥ྇། ཨཱ་ལོ་ཀེ། གནྡྷེ། ནི་བི་དྱེ་པཱུ་ཛ་ཡ་སྭཱ་ཧཱ། མཆོད་པ་དང་རབ་ཏུ་སྦྱིན་པའི་སྔགས་སོ། །ཨོཾ་ཏི་སྟན་བཛྲ་སད་ཏ་ཧཱུཾ། བསྐྱེད་པའི་སྔགས་སོ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ་ཧཱུཾ་ཧཱུཾ། གཙུག་ཏོར་གྱི་སྔགས་སོ། །ནམཿས་མནྟ་བུདྡྷཱ་ནཱཾ་ག་ག་པ་ར་ཡཀྵ་ན་ཀ་རུ་ན་མ་ཧཱ་ཏ་ཐཱ་ག་ཏ་བཛྲ་ཙཀྵུ་ཀྲུ་སྭཱ་ཧཱ། ཡེ་ཤེས་སྤྱན་གྱི་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཀ་པ་ཙ་རཀྵ་ཧཱུཾ། རྡོ་རྗེ་གོ་ཆའི་སྔགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སརྦ་ཏད་ཁཾ་རཀྵ་མ་ཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏ་པུད་ན་ནིར་ཛ་ཏེ་ཧཱུཾ་ཧཱུཾ་ཏྲ་ཐཱ་ཏྲ་ཐཱ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། བསྲུང་བའོ། །ཨོཾ་ཨཱ་བཛྲ་ཨཾ་ཀུ་ཤ་ནྲྀ་ཏྲུཾ་ཨཱ་གཙྪ་ཧཱུཾ་ཛ། མིང་བྱང་ལ་དགུག་པའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཡ་མ་རཱ་ཛ་པ་ཙ་པ་ཙ་ཧཱུཾ་ཕཊ། ལུས་ལ་བསྐྲད་པའོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ངག་ལ་བསྐྲད་པའོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཡིད་ལ་བསྐྲད་པའོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཐམས་ཅད་དུ་བསྐྲད་པའོ། །ཨོཾ་མ་ཧཱ་སརྦ་དུརྦ་ཏི་བི་ཤོ་དྷ་ནི་ར་ཛ་ཡ་ཛ། དྲང་པའིའོ། །ཨོཾ་མ་ཧཱ་མཉྫུ་ཤྲི་སརྦ་ཁངྒ་ཏི། ཤག་ཏི་ཏི་ཀྵྞ་ཛ་པ་ཡ་ཕཊ། སྒྲིབ་པ་གཅད་པའི་སྔགས་སོ། །ཨོཾ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ཡ་སརྦ་དུར་ག་ཏི་བི་ཤོ་དྷ་ཡ་ཛྭ་ལ་ཛྭ་ལ་ཀ་ཏ་ཀ་ཏ་ཧ་ན་ཧ་ན་ས་


DNG014_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ར་ས་ར་པྲ་ས་ར་པྲ་ས་ར་ཧ་ར་ཧ་ར་སྥོ་ཊ་སྥོ་ཊ་པྲེ་ཏ་པྲེ་ཏ་མ་ཐ་མ་ཐ་ཏྲ་ཐ་ཏྲ་ཐ་ཚིནྡྷ་ཚིནྡྷ་ད་ཧ་ད་ཧ་པ་ཙ་པ་ཙ་མ་ཐ་མ་ཐ་ཨ་ནི་ནི་རྐི་ཏེ་ཨ་བ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བྲབ་པའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཡཀྵ་སརྦ་པཱ་པཾ་པཱ་པཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟབ་པའི་སྔགས་སོ། །ན་མོ་བྷ་ག་བ་ཏེ་ཨ་དྷི་པ་ཏེ་སརྦ་པཱ་པཾ་བི་ཤུཌྜྷ་ཡེ་པྲ་ས་ད་ཀ་ཀ་ར་ནི་སྭཱ་ཧཱ། བཀྲུ་བའི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ཀ་ད་ཧ་ན་བཛྲ་ཡཀྵ་ཛྭ་ལ་རཾ་རཾ། བསྲེག་པའི་སྔགས་སོ། །ཨོཾ་ན་མོ་བྷ་ག་བཱ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ནི་བི་ཤོ་དྷ་ནི་སྭཱ་ཧཱ། སྦྱང་བའི་སྔགས་སོ། །ཨོཾ་ན་མཿཏྲཻ་ཡ་དྷྭི་ཀཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སནྡྷ་ར་མ་མ་ཨཱ་ཡུསྶཾ་ཤོ་དྷ་ཡ་མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་སམ་ནྡོཥྞི་ཥ་བི་མ་ལེ་བི་ཤུདྡྷེ་སྭཱ་ཧཱ། མཆོད་རྟེན་བྱ་བའི་སྔགས་སོ། །ཨོཾ་བཛྲ་རཏྣ་སརྦ་ཛྙཱ་ན་ཧཱུཾ་ཕཊ། ས་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཕུར་པ་གདབ་པའི་སྔགས་སོ། །ཨོཾ་བཛྲ་སཱུ་ཏྲ་ཧ་ཕཊ། ཐིག་གདབ་པའི་སྔགས་སོ། །ཨོཾ་ཨ་མྲྀ་ཏ་པྲ་ཏི་ཧ་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། ཡུངས་ཀར་གཏོར་བའི་སྔགས་སོ། །ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་ཕཊ། ས་རྐོ་བའི་སྔགས་སོ། །ཨོཾ་བཛྲ་ཨ་མྲྀ་ཏ་མཱ་མ་ཀི་བི་ཤུདྡྷེ་སྭཱ་ཧཱ། ཆུ་གདབ་པའི་སྔགས་སོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཨཱ་བེ་ཤ་ཡ་སྭཱ་ཧཱ། བརྫི་བའི་སྔགས་སོ། །ཨོཾ་བཛྲ་ཛྙཱ་ན་མུངྒ་རཱ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། བརྡུང་བའི་སྔགས་སོ། །ཨོཾ་བཛྲ་ཛྙཱ་ན་བོ་དྷི་ཙིཏྟ་རཏྣ་པཉྩ་སིཌྜྷ་ཡེ་སྭཱ་ཧཱ། བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་བཛྲ་བིམྦ་སཱ་ར་དྷརྨ་ཀཱ་ཡ་སྭཱ་ཧཱ། འབི་འབིའི་སྔགས་སོ། །ཨོཾ་མ་ཧཱ་དྷརྨ་དྷཱ་ཏུ་ཛྭ་ལ་གརྦྷེ་སྭཱ་ཧཱ། ཕྱག་རྒྱ་གཞུག་པའི་སྔགས་སོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་ཨ། གདབ་པའི་སྔགས་སོ། །ཨོཾ་དྷརྨ་དྷཱ་ཏུ་ནིཪྨ་སཾ་བྷོ་ག་ཀཱ་ཡ་དྷརྨ་སྭཱ་ཧཱ། དབྱུང་བའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། བཞུགས་པའི་སྔགས་སོ། །ཨོཾ་ཛྙཱ་ན་ཙཀྲ་བཛྲ་པྲ་མརྡ་ནི་སྭཱ་ཧཱ། འཁོར་ལོའི་སྔགས་སོ། །ཨོཾ་མ་ཧཱ་ཨ་ར་ཛེ་


DNG014_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བི་ར་ཛེ་སྭཱ་ཧཱ། ན་བཟའ་གསོལ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་ཤ་ཏ་དཱིཔྟི་སྭཱ་ཧཱ། དྷརྨ་ཏཱ་ཏུ་གརྦྷེ་ཧྲྀ་ད་ཡ་སྭཱ་ཧཱ། གནས་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་པཉྩ་ཀྲོ་དྷ་སཏྭ་མུ་ན་ཡེ་སྭཱ་ཧཱ། ད་དུ་པ་ར་ཏ་བི་རུ་མ་ཧཱ་མཎྜལ་ག་ཎ་དེ་བ་ཙཀྲ། བཛྲ་ཀ་ནི་ཀི་སྭཱ་ཧཱ། དཀྱིལ་འཁོར་གྱི་སྔགས་སོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་སརྦ་ཏ་ཐཱ་ག་ཏ་ཨ་པ་ནཱ་ཡ་སྭཱ་ཧཱ། ལས་སྦྱང་བའི་སྔགས་སོ། །ཨོཾ་ཨ་མྲྀ་ཏ་སརྦ་བིད་བཛྲ་ཏིརྻ་ཀ་པྲེ་ཏ་ཀ་ན་ར་ཀ་ག་ཏི་པ་ར་ན་ཏྲ་ཐ་ཧཱུཾ་ཕཊ། ཤི་བ་ལ་ཕན་པར་བྱ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བ་ལོ་ཀི་ཏེ། ས་མནྟ་སྥ་ར་ན་རསྨི་བྷ་བ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལཱ་ནི་ཧཱུཾ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་པ་ར་མི་ཏ་ཨཱ་ཡུ་བྷྲཱུཾ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། སྐྱེ་བ་ལ་ཕན་པའི་སྔགས་སོ། །ཨོཾ་ན་མཿསརྦ་བུདྡྷཱ་ནཱན་ཨ་མི་དེ་བ་ལཾ་ལཾ་ལཾ་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ནེ་སརྦ་ཡཾ་པཱ་པཾ་བི་མ་ལ་ཨཱ་ཡུཌྜྷ་ར་པུ་ཎྱེ་པུ་ཎྱེ་མ་ཧཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། སྒྲིབ་པ་གཅད་པའི་སྔགས་སོ། །ན་མོ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭནྶ་ཡ། ཛ་ཊཱི་ལམྦོ་དང་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། བགེགས་གཅད་པའི་སྔགས་སོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། སྦོད་གདོན་གཅད་པའི་སྔགས་སོ། །ཨོཾ་ཀ་ཀྱི་ཀ་ཀྱི་དུ་རུ་དུ་རུ་ཧཱུཾ་པ་ཕ་ར་ཛ། ཁེ་རྒྱས་ཁེ་རྒྱས་ཙས་མེ་ན་མཾ་ཚེ། ནད་བྷི་ས་ནན། དྷ་རེ་བཛྲ་ཀ་རུད་ཏ་ཡ་སྭཱ་ཧཱ། མཛེ་ནད་གཅད་པའི་སྔགས་སོ། །ཨོཾ་ཙ་དུ་ཨརྱ་སད་ཏྭ་དུ་ཁ་བ་ཧ་སད་ཏ་ཨོཾ་ས་མུད་ནེ་དྷརྨ་ཀ་མ་ཀ །ཐཱ་ཀྵས་ནད་ཨརྱ་ཨོཾ་ན་རོ་ཏ་ནི་རུད་དན་དེ་ཨ་སྨིག་སརྦ་ཀྵེ་ཤི་སིདྡྷི་སྭཱ་ཧཱ། ཨོཾ་རྒ་མནྟི་ཨ་ཏི་ན་ནི་ཏི་རི་མི་ཏི་སྭཱ་ཧཱ། སྡོམ་པ་གསོ་བའི་སྔགས་སོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟི་ཤྲེ་ཡཱཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨ། དམ་ཚིག་གསོ་བའི་སྔགས་སོ། །ཨོཾ་བུཌྜྷ་བཻ་རོ་ཙ་ན། ཧཱུཾ་བཛྲ་ཨ་ཀྵོ་


DNG014_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱ། ཏྲཱཾ་རཏྣ་སི་བྷ་བ། ཧྲཱྀཿཔདྨ་ཨ་མི་དེ་བ། ཨ་ཀརྨ་ཨ་མོ་གྷ་སིདྡྷི། བཱ་གཱི་ཤྭ་ར་ཡ། ལོ་ཀེ་ཤྭ་ར། བཛྲ་ཤརྱ་ས་མ་ཡ་དྷརྨ་ཀཱ་ཡ་ནིཪྨ་ཎ་ཀཱ་ཡ་སམྦྷོ་ག་ཀཱ་ཡ་མཎྜ་ལ་ས་མ་ཡ་ཧཱུཾ། གཞུག་པའི་སྔགས་སོ། །དམ་པའི་རིགས་མཆོག་བརྒྱ་དག་ཀུན། །སྐུ་ཡི་ཕྱག་རྒྱ་ཆེན་པོ་ཉིད། །སྣང་ལ་རང་བཞིན་ཡོངས་མ་གྲུབ། །གསུང་ཉིད་སྒྲ་ཡི་དམ་ཚིག་ཡིན། །ཡོངས་སུ་གྲགས་པ་དེ་ཉིད་སྟོང་། །རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་དེ། །ཡོད་མེད་སྤྲོས་དང་བྲལ་བའོ། །འདི་ལ་གང་ཞིག་ངེས་གནས་པ། །བདེ་གཤེགས་ཀུན་ཏུ་བཟང་པོ་ཡིན། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ཉེ་བའི་ལས་ཀྱི་རིག་པ་ཆེན་པོ་སྤྲུལ་པར་བྱིན་གྱིས་བརླབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་མི་འགྱུར་བ་ཆེན་པོ་ཡང་དག་པར་སྤྲོ་བ་ལས་ཉེ་བར་འདུ་བའི་སྦྱོར་བ་ཆེན་པོ་འདི་ཉིད་ཀྱི་གསང་བ་ལས་ཕྱུང་ངོ་། །ཀྱེ་ཀྱེ་འདུས་པའི་ཚོགས་ཆེན་ཀུན། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །ང་དང་རང་བཞིན་བདག་ཉིད་ནི། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་ཙམ་དང་ནི་རབ་ཏུ་རྟོགས། །དོན་ལ་དགོངས་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་མ་ཡིན་ཉིད། །ངེས་པ་ཉིད་དང་དྲང་བ་ཙམ། །སྦས་ཚིག་སྤྱི་ཡི་ཡི་གེ་ལས། །བདག་པོའི་སྙིང་ལ་ངེས་གནས་པ། །བླུན་པོ་གཞན་ལ་སྙིང་བརྩེ་དང་། །གོ་བ་བཟང་ལ་རབ་བསྟན་ཏེ། །ལྷག་པར་སྤྱོད་པ་ཉིད་ལ་གདམས། །དེ་ཡིས་དབེན་པའི་གནས་ཉིད་དུ། །ཏིང་ངེ་འཛིན་གྱི་ཡོ་བྱད་བསྟེན། །ཚངས་པར་སྤྱོད་པའི་གནས་བཞི་དང་། །གཞན་དོན་སེམས་ལ་བརྟན་བྱས་ཏེ། །མཐིང་ནག་ཧཱུཾ་གི་འབར་འཕྲོ་ལས། །དག་པའི་ཚོགས་རྟེན་རབ་ཏུ་བལྟ། །དེ་ལ་མཉེས་སྤྱད་ཡི་རང་དང་། །ཕན་པའི་དོན་གསོལ་བྱ་བ་ཡིས། །ནང་དུ་རུང་བ་ཉིད་ཡིན་ནོ། །བར་ཆོད་བགེགས་ཀུན་གཞོམ་པའི་ཕྱིར། །སྙིང་པོ་བཞི་ལས་སྐྱེས་པ་ཡི། །རྡོ་རྗེའི་ས་གཞིར་བསམ་པར་བྱ། །རྣམ་རྟོག་འདུ་ཤེས་སྦད་བྱས་ནས། །བགེགས་ཀྱི་གནོད་པ་ངང་གིས་བསྲུང་། །དང་པོ་བྱང་ཆུབ་སེམས་


DNG014_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ། །སྟོང་ཉིད་སྐྱེ་འགག་མེད་གསལ་ནས། །སྙིང་རྗེའི་ཡུལ་གྱི་ས་བོན་མཐོང་། །འཕེལ་འགྲིབ་མེད་གསལ་སྤྲོ་བསྡུ་བ། །དངོས་གྲུབ་བརྟན་འབྱུང་ཡེ་ཤེས་རྒྱུ། །མཐའ་བྲལ་ནམ་མཁའི་ཆོས་འབྱུང་ལ། །གཡོ་སྦྱང་བསྲེག་ཅིང་བརྟེན་བྱེད་རྣམས། །རིམ་འབྱུང་སོ་སོའི་ནུས་པར་ལྡན། །རིན་ཆེན་རི་རབ་གཞལ་མེད་ཁང་། །མཚན་ཉིད་ཀུན་ལྡན་ཁྱད་པར་དུ། །འཁོར་ལོ་རྩིབས་བཞི་བརྒྱད་ཀྱིས་མཛེས། །རྩལ་སྟོབས་ཤུགས་མཛེས་རིགས་ལྡན་པ། །འདེགས་བྱེད་སྟེང་དུ་དྲོད་བསིལ་འོད། །འཇམ་མདངས་ལྡན་པས་གསུམ་དབྱུང་སྟེ། །རྩལ་ཆེན་སྟེང་དུ་མེད་པའི་རྒྱུ། །རྡོ་རྗེ་ཆུ་སྐྱེས་མིང་གིས་མཚན། །གཟུགས་སྐུ་འཇིག་རྟེན་ཁམས་སུ་སྤྲོ། །གཞན་དོན་མཛད་པ་རྫོགས་སླར་ཐིམ། །ཕྱག་རྒྱ་ཡོངས་གྱུར་བྱེད་པའི་ཡིད། །ཞལ་གཅིག་ཕྱག་གཉིས་བརྒྱན་དཀར་འོད། །ལྔ་བདག་ཅོད་པན་དོན་མཛད་བཅས། །བྱ་བའི་ཆོས་བདག་སྒེག་ལྡན་མ། །ཨིནྡྲ་ནཱི་ལའི་མདོག་འཛིན་ཅིང་། །ཐབས་དང་ཤེས་རབ་བརྡ་མཛད་ཅིང་། །རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །པདྨ་ཉི་མ་འོད་ཕྲེང་ལྡན། །འདུད་པའི་ཚུལ་དུ་བསམས་ནས་ནི། །གཉིས་མེད་སྦྱོར་བས་ཀུན་འདུས་ནས། །ཡབ་ལ་ཀུན་ཐིམ་གསང་གནས་ཕྱུང་། །ཡུམ་གྱི་མཁའ་དབྱིངས་འཕྲོ་འདུ་ལས། །དཀྱིལ་འཁོར་རབ་རྫོགས་རྗེས་ཆགས་ཀྱིས། །ཡུལ་རྣམས་ཀུན་བསྡུས་ཕྱི་རོལ་དགོད། །འཇུག་པར་གསོལ་ཏེ་འོད་ཀྱིས་སྦྱང་། །སེམས་ཅན་དོན་གྱུར་བྱིན་བརླབ་ཀྱིས། །རང་ཉིད་ཡེ་ཤེས་ངོ་མཚར་བརྗོད། །ཨེ་མ་ཕུང་པོ་རྡོ་རྗེའི་འོད། །འབྱུང་བའི་ནུས་པ་དང་བཅས་པ། །སངས་རྒྱས་ཡབ་ཡུབ་རྣམས་སུ་སྣང་། །ཁམས་དང་སྐྱེ་མཆེད་སེམས་དཔའ་སྟེ། །བྱུང་མཐོང་བཅིངས་གྲོལ་རིག་མ་རིག །གསང་ཆེན་སྐྱོན་བྲལ་ཉིད་ཡིན་ནོ། །དེ་བསྟན་ཡུམ་གྱིས་འདི་བརྗོད་དོ། །ཨེ་མ་ཆོས་ཀུན་གདོད་ནས་དབེན། །སྙིགས་མ་ལྔ་ཡང་བདེ་ལྡན་ཏེ། །གཞན་ནས་བཙལ་དུ་ཡོད་མིན་ཏེ། །རང་གི་སྙིང་པོ་རང་ལ་ཉེ། །དེ་ནས་རྒྱལ་པོ་གནས་སུ་དགོད། །སྦྱོང་བྱེད་ཡི་གེ་ཡབ་ལ་ཐིམ། །བདེ་འབྱུང་


DNG014_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་གཉིས་སུ་མེད། །སྙོམས་ཞུགས་འབྲུ་ཚོགས་རབ་ཏུ་འཕྲོས། །བྱང་ཆུབ་ལྔ་དང་བསམ་པ་ལྔ། །རྟོགས་པ་བཞི་ཡིས་མངོན་དུ་བསྐྱེད། །གཙོ་བདག་ཆེན་པོ་མཐིང་གའི་འོད། །ཞལ་གཅིག་ཕྱག་གཉིས་ཕྱོགས་ཀུན་སྣང་། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བརྟེན། །གཡོན་པ་དྲིལ་བུས་ཡུམ་ལ་བཟུང་། །བཙུན་མོ་སྣང་བའི་དབྱིངས་ཕྱུག་མ། །མཐུན་པའི་ཚུལ་དགུས་རབ་ཏུ་འཁྲིལ། །སྣ་ཚོགས་རིགས་ཀྱིས་དབུ་རྒྱན་ཅིང་། །གཡོན་པ་དྲིལ་བུ་ཐུགས་ཀར་བརྟེན། །གཡས་པ་ཉི་མའི་འོད་ཀྱིས་འཁྲིལ། །ཕུང་པོའི་རྣམ་ཤེས་ལྷ་རུ་བསྒོམ། །སྐུ་མཆོག་བདེ་ཆེན་གནས་སུ་བསྒོམ། །ལོངས་སྤྱོད་གནས་སུ་ཨཱཿཡིན་ནོ། །སྙིང་ག་ལྟེ་བ་གསང་བ་རུ། །ཧཱུཾ་དང་སྭཱ་ཧཱ་རིམ་བཞིན་དགོད། །མཐོང་ཐོས་ཚོར་དང་མྱོང་བ་ལ། །ཀྵྀ་ཏྲཾ་ཧྲཱྀ་ཛིཾ་རིམ་བཞིན་བསམ། །མཻ་ཧཱུཾ་དང་མུཾ་རྣམས་ནི། །དེ་དག་ཕྱི་རོལ་ཡུལ་ལ་དགོད། །ཡི་གེ་སྐུ་ཡི་དཀྱིལ་འཁོར་ལས། །གཉིས་མེད་སེམས་དཔའི་ཐུགས་ཀ་ནས། །འོད་འཕྲོས་སྐུ་གསུང་ཐུགས་བསྡུས་ནས། །མདུན་གནས་དེ་ལ་གསོལ་བ་ནི། །ཨོཾ་འབར་བའི་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་བྱུང་ལྡན། །འདི་ཉིད་ཀུན་དང་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། སྐུ་གསུང་ཐུགས་ཀྱི་ང་རྒྱལ་བསྐྱེད། །ཡུམ་གྱི་སྐུ་ཡི་དཀྱིལ་འཁོར་དགོད། །འདོད་ཡོན་ལྔ་དང་མཱུཾ་བསྒོམས་ཏེ། །སྤྱི་བོ་མགྲིན་པར་ལཾ་དང་མཱུཾ། །ལྷག་མར་མུཾ་བྱཾ་ཏཱཾ་མཾ་བསམ། །མཐོང་ཐོས་ཚོར་མྱོང་ཧཱུཾ་ཏྲཱཾ་ཧྲཱྀཿཨ། །ཕྱི་རོལ་ཛཿཧཱུཾ་བཾ་ཧོཿདགོད། །བྱིན་གྱིས་བརླབས་པའི་གནས་ལྔ་རུ། །འབྲུ་ལྔ་བསྒོམས་ཏེ་སྐུ་རྫོགས་ནས། །དཀྱིལ་འཁོར་སྤྲུལ་ཕྱིར་འབྱིན་པའི་གནས། །འབྲུ་གསུམ་རྡོ་རྗེ་པདྨར་བསྐྱེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཡུམ་གྱི་བདེ་ཆེན་ཐུགས་དཀྱིལ་དུ། །བྱིན་བརླབས་ཐབས་སོགས་ཡི་གེ་ལས། །ས་བོན་མཚན་མའི་སྐུ་རྫོགས་ནས། །སུམ་ཅུ་རྩ་བརྒྱད་མིང་གིས་དབྱུང་། །རང་གི་ཆ་ལུགས་ཡོངས་རྫོགས་པ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །སྣ་ཚོགས་འོད་ཀྱི་


DNG014_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བས་འཁྲིགས། །ཀུན་ཏུ་ཁྱབ་ཅིང་ལྷུན་གྱིས་གྲུབ། །མ་རིག་སྤྲིན་གྱིས་བསྒྲིབས་པའི་ཕྱིར། །སྐལ་ངན་གྱི་ཡང་གཟུགས་བསྟན་པ། །བཅུ་གཉིས་མཛད་པའི་ཆོ་འཕྲུལ་གྱིས། །འགྲོ་བ་སོ་སོའི་ཕྱོགས་འདུལ་བ། །རྒྱན་ལྡན་རྫོགས་པར་གསལ་བར་ལྡན། །ཐུགས་ཀྱི་ས་བོན་འོད་ཕྲེང་ལས། །ཕྱོགས་བཅུའི་དཀྱིལ་འཁོར་སྤྱན་དྲངས་ཏེ། །རང་གི་མདུན་དུ་མངོན་པར་བསམ། །ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །འབར་བའི་བྱིན་རླབས་རྨད་དུ་བྱུང་། །དེ་ཉིད་ཀྱིས་ནི་མཉམ་བཞུགས་པའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །བཛྲ་ས་མ་ཡ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། རང་ཤར་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པ་རབ་རྫོགས་དམ་ཚིག་མཆོག །ཡེ་ཤེས་དཀྱིལ་འཁོར་མཉམ་སྦྱོར་བྱ། །སྒྱུ་མ་ལྟ་བུའི་ཀུན་ལ་བརྡལ། །མཆོད་ཕྱིར་དབྱིངས་དང་མཉམ་སྦྱོར་ཞིང་། །དེ་ཡི་ཕྱག་རྒྱ་ཆེན་པོར་བསྒོམ། །བདག་གི་སྙིང་གའི་ས་བོན་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱི། །མཆོད་པའི་ཚོགས་བསྡུས་ཐུགས་ཀར་ཐིམ། །གསང་བར་ཕྱུང་སྟེ་མཁའ་དབྱིངས་ནས། །འོད་ལས་མཆོད་པའི་ལྷ་མོ་འཕྲོས། །དེ་ཡི་བདེ་གཤེགས་དཀྱིལ་འཁོར་ལ། །དགེས་པའི་གླུ་དབྱངས་སྙན་པས་བསྟོད། །རྒྱལ་བས་གཞན་དོན་རྫོགས་མཛད་དེ། །སླར་བསྡུས་ཐུགས་ཀར་གསང་བར་བསྒོམ། །བདེ་ཆེན་སྟངས་དཔྱལ་གསུམ་མམ་ལྔ། །དགེས་ལྡན་རབ་ཞུགས་ཡིད་འདོད་མཉམ། །ཆོ་ག་ལྔ་རྫོགས་ཡོ་བྱད་ལྔ། །སྔགས་ཀྱི་ཡན་ལག་ལྔ་རྫོགས་ཤིང་། །མ་ཉམས་འཇུག་པར་རབ་བརྩོན་ན། །ཟླ་གསུམ་དྲུག་གམ་བཅུ་གཉིས་ཀྱིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །དུས་གྲངས་མཚན་མ་མ་ཐོབ་པར། །རབ་ཏུ་བསྙེན་པ་རྫོགས་པར་བྱ། །ཞིང་དག་ལོངས་སྤྱོད་རྫོགས་པ་ཡི། །འབྲས་བུ་མཆོག་ཏུ་འདི་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །རྩ་བ་ལས་ཡང་དག་པར་བསྐྱེད་པའི་སྦྱོར་བའོ།། །།དེ་ནས་ལས་ཀྱི་སྙིང་པོ་ཉེ་བར་བྱེད་པ་རྣམས་བཀའ་སྩལ་ཏོ། །


DNG014_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧ། ཨོཾ་ཨཱཿཧཱུཾ། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཧཱུཾ། གཞི་བཟུང་བའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། ཨོཾ་བི་ཛ་ཡ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ། ཨོཾ་ནཱི་ལ་དཎྜ་མ་ཧཱ་ཀྲོ་དྷ་ད་ཧ་ད་ཧ་ཧཱུཾ། ཨོཾ་ཡ་མཱནྟ་ཀ་མ་ཧཱ་ཀྲོ་དྷ་པ་ཙ་པ་ཙ་ཧཱུཾ། ཨོཾ་ཨཱརྱ་ཨ་ཙ་ལ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་ཧཱུཾ། ཨོཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུཾ། ཨོཾ་མ་ཧཱ་ཀྲོ་དྷ་ཊཀྐི་རཱ་ཛཱ་ཏིཥྛ་ཏིཥྛ་ཧཱུཾ། ཨོཾ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཙྪིནྡྷ་ཙྪིནྡྷ་ཧཱུཾ། ཨོཾ་བིགྷ་ནཱན་ཏ་ཀྲྀཏ་མ་ཧཱ་ཀྲོ་དྷ་བྷིནྡྷ་བྷིནྡྷ་ཧཱུཾ། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུཾ་ཀ་ར་གརྫ་གརྫ་ཧཱུཾ། ཨོཾ་མ་ཧཱ་ཀྲོ་དྷ་མ་ཧཱ་བ་ལ་སྥོ་ཊ་སྥོ་ཊ་ཧཱུཾ། བསྲུང་བའི་སྔགས་སོ། །ཨོཾ་ཛྙཱ་ན་ཛྭ་ལ་ཛྭ་ལ་བཛྲ་བཛྲ་ཧཱུཾ་ཕཊ། དབབ་པའི་སྔགས་སོ། །ཨོཾ་ཛྙཱ་ན་ཙཀྲ་ཛྭ་ལ་ཛྭ་ལ་ཧཱུཾ། བརྡེག་པའི་སྔགས་སོ། །ཨོཾ་བཛྲ་མུད་ག་ར་ཧཱུཾ་ཨཱ་ཀོ་ཊ་ཨཱ་ཀོ་ཊ་ཡ་ཧཱུཾ། བརྡུང་བའི་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བརྡབ་པའི་སྔགས་སོ། །ཨོཾ་བཛྲ་ཏིཀྵྞ་ཤཀྟི་ཧ་ལ་ཧ་ལ་ཧཱུཾ་ཕཊ། གཅད་པའི་སྔགས་སོ། །ཨོཾ་བཛྲ་རཾ་པ་རཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། བསྲེག་པའི་སྔགས་སོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་ཧཱུཾ། ཨོཾ་མ་ཧཱ་ཀཱ་རུ་ཎ་ཧཱུཾ། ཨོཾ་མ་ཧཱ་སུ་ཁ་ཧཱུཾ། རིམ་པའི་སྔགས་སོ། །ཨོཾ་བོ་དྷི་ཙིཏྟ་སྥ་ར་ཎ་ཧཱུཾ་ཕཊ། ཨོཾ་བོ་དྷི་ཙིཏྟ་སཾ་ཧ་ར་ཎ་ཧཱུཾ། སྤྲོ་བསྡུའི་སྔགས་སོ། །ཨེ་ཨཱ་ཀ་ཤ་མཎྜ་ལ། ཡཾ་ཀརྨ་རཀྵ་ཧཾ། བཾ་མ་མ་ཀྴ་ནི་རི་མཎྜ་ལ། སུཾ་ཏྲུཾ་མེ་ཧཱུཾ། ལཾ་ཏི་ཤ་མཎྜ་ལ། རཾ་ཛྙཱ་ན་ཛྭ་ལ་མཎྜ་ལ། བྷྲཱུཾ་རཏྣ་ཏྲེ་ལོཀྱ་བི་ཤུདྡྷེ་ཧཱུཾ། བསྐྱེད་པའི་སྔགས་སོ། །སཾ་ཧཾ་མཾ་ཁཾ་གཾ། མ་སཱུརྱ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། པཾ་པདྨ་མཎྜ་ལ་ཧཱུཾ། རཾ་རཏྣ་མཎྜ་ལ་ཧཱུཾ། གདིང་བའི་སྔགས་སོ། །ཨོཾ་བཛྲ་ཙིཏྟ་ཨཱ་བེ་ཤ་ཨ་ཨ། ཨ་ནུད་པཾ་སཏ་ཏ། ན་མོ་ཧ་ར་ཏི། བཛྲ་ཏི་ཙིཏྟ་པྲ་བརྟ་སྥ་ར་ཎ་ཧཱུཾ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཞག་པའི་སྔགས་སོ། །ཨོཾ་མུཾ་དྷཱ་ཏྭཱི་ཤྭ་རི། ཛི་ན་ཛིཀ་པདྨ་མཎྜ་ལ་ཨེ། ཏིཥྛ་བཛྲ་ཧཱུཾ། ཙིཏྟ་སིདྡྷི་སྥ་ར་ཎ་ཕཊ། ས་མ་ཡ་སྟྭཾ། རཱ་གོ྅ཧཾ། རཱ་ག་ཡཱ་མི། ཛཿཧཱུཾ་བཾ་ཧོཿ། ཙི་ཏྲྀ་ཨེ་པྲ་མཎྜ་ལ་ཧཱུཾ་སྤ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། དབབ་པའི་སྔགས་སོ། །


DNG014_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལཾ། ཧཱུྃ་མཱུྃ། སྭ་མཱཾ། ཨཱཾ། པཱཾ། ཧཱ། ཏཱཾ། ཀྵིཾ། ཧཱུཾ། ཏྲེ་ཏྲཾ། ཧྲི་ཧྲཱིཾ། ཛིཾ་ཨཾ། མཻ་ཛཿ། ་ཧཱུཾ། ཧཱུཾ་བཾ། མུཾ་ཧོཿ། ཧཱུཾ་ཨ། ཛཿཧཱུཾ་བཾ་ཧོཿ། ཀྲིཾ་ཏྲུཾ་སྲུཾ་ཀྵཾ་བྲཾ་ཡེ། མིང་གི་སྙིང་པོ་དང་བཅས་ཏེ་དབྱུང་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱནྟིཾ་མ་ཧཱ་ཀཱ་རུ་ཎི་ཀ་ཨེ་ཧྱེ་ཧི་བྷ་ག་བཱན་ཨེ་ཨ་ས་མོ་དྲྀ་ཤྱ་ཧོ། བོད་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པདྨ་ས་མ་པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ས་མ་ཡ་སྟྭཾ། དབབ་པའི་སྔགས་སོ། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་བྷྱོ་བཛྲ་སྭ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏེ་བྷྱཿ། ཨརྷ་ཏེ་བྷྱཿ། སམྱཀྶཾ་བུདྡྷེ་བྷྱཿ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲ་མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནྡྲོ་པ་སཾ་ཀྲ་མ་ཎ་བཛྲེ། ཨོཾ་བཛྲ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། མཆོད་པའི་སྔགས་སོ། །ཨོཾ་ཨཱཿབཛྲ་སུརྱ་ཏོ་བི་བི་ཤ་མ་ཧཱ་རཏྣ་ག་ཎ་ཙཀྲ་བཱུ་ཛ་མེ་གྟ་པྲ་ཏཱིཙྪ་བ་ལེནྟྲ། མ་ཧཱ་མཎྜ་ལ་སུ་ཁ་ཧོ། པཱུ་ཛ་ཁ་ཁ་ཁཱ་ཧི་ཁྭ་ཧི། བསྟབ་པའི་སྔགས་སོ། །ལས་སྣ་ཚོགས་པའི་རིག་པའི་སྔགས་སོ། །རབ་ཏུ་སྣང་བ་དབྱུང་བའི་ཁྱད་པར་རོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཐུགས་ཀྱི་གསང་བ་ཆེན་པོ་ལ་གསུང་གི་སྒྲ་མཉེས་པའི་བརྗོད་པ་རྣམ་པ་ལྔ་སྤྲོ་བར་མཛད་དེ། ཆོས་ཉིད་ཀྱི་སྙིང་པོ་རང་གིས་རྟོགས་པའི་དོན་ལས་སྒྲ་བརྙན་ལྟ་བུར་གྲགས་པ་ནི། ཨེ་མ། མ་སྐྱེས་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་ནི། །དུག་ལྔ་རྣམ་དག་སྐུ་ལྔ་རིགས་ལྔར་གསལ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཀུན་གྱི་གཙོ། །ཆོས་སྐུ་ཁྱད་པར་ཡེ་ཤེས་ལྔ་ཡི་ངང་། །རྣམ་པར་སྣང་མཛད་མདོག་དཀར་འཁོར་ལོ་བསྐོར། །མི་བསྐྱོད་མཐིང་ག་རྡོ་རྗེ་ས་གནོན་མཛད། །རིན་ཆེན་འབྱུང་ལྡན་སེར་པོ་རིན་ཆེན་དབྱིགས། །སྣང་བ་མཐའ་ཡས་མདོག་དམར་ཏིང་འཛིན་མཉམ། །དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་འབར། །གོ་འབྱེད་ཀུན་ཏུ་བཟང་མོ་དྲིལ་བུ་བསྣམས། །བརྟན་མཛད་སངས་རྒྱས་སྤྱན་མ་ཐོར་ཚུགས་བསྣམས། །བསྲེག་མཛད་གོས་དཀར་མ་ནི་རིན་ཆེན་འབར། །སྦྱོང་བྱེད་མཱ་མ་ཀཱི་ནི་པདྨ་བསྣམས། །བསྐྱེད་མཛད་དམ་ཚིག་སྒྲོལ་མ་རྒྱ་གྲམ་བསྣམས། །སོ་སོའི་རིགས་མཆོག་ཡབ་ཀྱི་ཚུལ་འཛིན་མ། །ཐབས་ཀྱི་སྐུ་ལས་ཤེས་རབ་བསྐྱེད་པའི་ཡུམ། །གསང་


DNG014_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཁའ་དབྱིངས་རྣམ་དག་བདེ་འབྱུང་གནས། །བདེ་གཤེགས་སྲས་ཚོགས་མ་ལུས་ཡུམ་གྱུར་མ། །འགྲོ་དོན་མཛད་ཕྱིར་ཐུགས་རྗེའི་སྐུ་སྤྲུལ་མ། །རིགས་ལྔ་ཡབ་ཡུམ་ཚོགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས། །ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་ཤིང་། །འགྲོ་ཀུན་བླ་མེད་གནས་སུ་བགྲོད་མཛད་ཕྱིར། །ས་བཅུ་རྒྱལ་ཚབ་གནས་བཞུགས་སེམས་དཔའི་གཙོ། །ས་སྙིང་དཀར་པོ་རིན་ཆེན་མྱུ་གུ་བསྣམས། །ནམ་མཁའི་སྙིང་པོ་མདོག་སེར་རལ་གྲི་བསྣམས། །སྤྱན་རས་གཟིགས་དབང་དམར་པོ་པདྨ་བསྣམས། །ཕྱག་ན་རྡོ་རྗེ་ལྗང་གུ་དྲིལ་བུ་བསྣམས། །ཀུན་བཟང་མདོག་དཀར་རིན་ཆེན་སྙེ་མ་བསྣམས། །བྱམས་པ་དམར་སེར་ཀླུ་ཤིང་གུནྡྷེ་བསྣམས། །སྒྲིབ་པ་རྣམ་སེལ་སྔོན་པོ་པོ་ཏི་བསྣམས། །འཇམ་དཔལ་གཞོན་ནུ་དམར་སེར་ཨུཏྤལ་བསྣམས། །ཚོགས་བརྒྱད་དག་པ་རྣམ་ཐར་བརྒྱད་རྫོགས་དང་། །སེམས་དཔའ་བརྒྱད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་སྐུ་གཟུགས་མཆོད་པས་མཉེས་མཛད་མ། །འདོད་ཡོན་ཚོགས་ཀྱིས་མ་ལུས་ཐུགས་དམ་སྐོང་། །ཉོན་མོངས་སྤངས་པས་ཡེ་ཤེས་རབ་རྒྱས་ཤིང་། །སེམས་དཔའི་སྐུ་གསུང་ཐུགས་རྒྱུད་བསྐུལ་མཛད་པའི། །ལཱ་སྱེ་དཀར་མོ་མེ་ལོང་རྒྱ་གྲམ་བསྣམས། །མཱ་ལེ་སེར་མོ་རིན་ཆེན་ཕྲེང་བ་བསྣམས། །གིར་ཏི་དམར་མོ་པི་ཝང་རྒྱུད་མང་བསྣམས། །ནིརྟི་ལྗང་གུ་གར་གྱི་ཕྱག་རྒྱ་བསྒྱུར། །དྷཱུ་པེ་དཀར་མོ་སྤོས་ཀྱི་སྤྲིན་འཕྲོ་མ། །པུཥ྇་སེར་མོ་མེ་ཏོག་པདྨ་འཐོར། །གསལ་བའི་མདངས་ལྡན་དམར་མོ་མར་མེ་བསྣམས། །གནྡྷེ་ལྗང་གུ་བྱུག་པས་མཉེས་མཛད་མ། །ཡུལ་བརྒྱད་རྣམ་དག་ས་བརྒྱད་རབ་རྫོགས་པའི། །སེམས་མ་བརྒྱད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །རིགས་དྲུག་འཇིག་རྟེན་ཁམས་ཀྱི་དོན་མཛད་ཕྱིར། །མཐུན་འཇུག་ཐབས་ཀྱི་སྤྱོད་པ་རབ་ཏུ་སྟོན། །བཅུ་གཉིས་མཛད་པའི་ཚུལ་གྱིས་གདུལ་བྱ་སྦྱོང་། །མངོན་ཤེས་བྱིན་རླབས་ཆོ་འཕྲུལ་སྣ་ཚོགས་སྟོན། །ལྷ་ཡི་ཐུབ་པ་མདོག་དཀར་པི་ཝང་འདྲེན། །ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་བསྣམས། །མི་ཡི་ཐུབ་


DNG014_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེར་པོ་གསེག་ཤང་འཛིན། །བྱོལ་སོང་ཐུབ་པ་མཐིང་ག་པོ་ཏི་བསྣམས། །ཡི་དྭགས་ཐུབ་པ་དམར་པོ་སྒྲོམ་བུ་བསྣམས། །དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་བསྣམས། །ཐུགས་རྗེ་ཆེན་པོས་འགྲོ་དྲུག་སོ་སོར་འདྲེན། །བཅོམ་ལྡན་ཐུབ་དྲུག་སྐུ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྐུ་གསུང་ཐུགས་ལས་སྤྲུལ་པའི་སྐུ། །དུས་བཞི་རྣམ་དག་ཕྲིན་ལས་ཡེ་ཤེས་བཞི། །རབ་ཏུ་རྫོགས་མཛད་དྲག་ཤུལ་ཁྲོ་བོའི་སྐུ། །གཙོ་ཆེན་ལས་མཛད་ཐུགས་རྗེས་གདུག་པ་འདུལ། །རྣམ་པར་རྒྱལ་བ་དཀར་པོ་བེ་ཅོན་བསྣམས། །རོ་ལངས་མ་ནི་མདོག་དཀར་ལྕགས་ཀྱུ་བསྣམས། །གཤིན་རྗེ་གཤེད་པོ་མཐིང་ནག་ཐོད་དབྱུག་བསྣམས། །མི་ཕམ་མ་ནི་མདོག་སྔོན་ཞགས་པ་བསྣམས། །རྟ་མགྲིན་དམར་པོ་ཐོད་སྦྲུལ་པདྨ་བསྣམས། །རལ་གཅིག་མ་ནི་མདོག་དམར་ལྕགས་སྒྲོག་བསྣམས། །བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་བསྣམས། །ཁྲོ་གཉེར་མ་ནི་མདོག་ལྗང་དྲིལ་བུ་བསྣམས། །ཁྲོ་ཚུལ་སྤྱན་གསུམ་ཞབས་གཉིས་དོར་ཐབས་བགྲད། །ཁྲོ་རྒྱལ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །དབྱིངས་ཀུན་རང་བཞིན་རྣམ་པར་དག་པ་ལ། །ཐུགས་རྗེའི་དབང་གིས་འདུལ་བྱེད་སྐུར་བསྟན་པ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་གཉིས། །ཐབས་དང་ཤེས་རབ་སྦྱོར་ལ་ཕྱག་འཚལ་བསྟོད། །ཅེས་ཕྱོགས་བཅུ་ཐམས་ཅད་དུ་ཆོས་ཉིད་ཀྱི་སྒྲས་ཁྱབ་པར་མཛད་དེ། རང་བཞིན་གྱི་དཀྱིལ་འཁོར་སྒྱུ་མ་ལྟ་བུའི་གཟུགས་ཀྱིས་ཐམས་ཅད་ལ་སྣང་བར་གྱུར་ཏོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྒྱུད་རབ་ཏུ་འབྱེད་པ་ལས། དཀྱིལ་འཁོར་བསྡུས་པའི་སྒོ་ནས་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རབ་ཏུ་བཤད་པ་ནི། །སྐུ་ལྔ་ལྷུན་རྫོགས་ཡེ་ཤེས་ཀྱི། །ཐིག་ལེ་སྣང་བའི་རིམ་པ་ནི། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་གསུམ་རྫོགས་པའི་ཞིང་། །བསམ་ཡས་རྣམ་དག་གཞལ་ཡས་ཁང་། །དཀྱིལ་འཁོར་རྒྱན་དང་རོལ་མོའི་ཚོགས། །མ་ལུས་མཐོང་ཐོས་ཉེ་བསྙེན་དང་། །རྒྱ་ཆེར་གསུངས་པའི་དོན་འབྱུང་བ། །ཡེ་


DNG014_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཐུན་པར་སྣང་བའོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་སྤྱན་གྱིས་མ་གཟིགས་ཏེ། །རང་བྱུང་ཡེ་ཤེས་སྣང་མེད་སྣང་། །ལོག་པར་རྟོག་པའི་རྒྱུད་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་པའི། །ཐུགས་རྗེ་ཆེན་པོས་མི་གཏོང་བའི། །འགྲོ་དྲུག་སོ་སོའི་ལུས་སུ་སྣང་། །དེ་ལྟར་རང་ལུས་དཔལ་ལྡན་པའི། །དཀྱིལ་འཁོར་གསང་བ་བསྒྲུབ་པར་བྱ། །ལུས་དང་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་ལུས་ཀྱིས་བསྒོམ། །ལུས་ཀྱི་དཀྱིལ་འཁོར་ལས་བྱུང་བ། །སེམས་དང་ལུས་ཀྱི་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་ལུས་ཀྱི་དབྱིངས། །འབྱུང་བའི་ཤེས་རབ་རིགས་ཀྱི་ཡུམ། །ཐབས་ཆེན་གསང་རིགས་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཡུལ་སྣང་ཀུན་བཟང་དཀྱིལ་འཁོར་ལ། །བདག་ཉིད་ལྷག་པའི་ཡིག་འབྲུ་ལས། །ཐུགས་རྗེ་ཡེ་ཤེས་སྒྱུ་མར་སྣང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བའི། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དབྱིངས་ལ་མཆོད་པ་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མ་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་དེ་ཉིད་དབྱིངས། །འདི་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཞི་དུས་བཞི་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་གི་ཞལ་མཐོང་བའི། །དབང་བསྒྱུར་མཆོག་ནི་འདི་ཡིན་ནོ། །འབྱུང་བ་ཕུང་པོ་སངས་རྒྱས་ལྔ། །རྣམ་ཤེས་བརྒྱད་དང་དེ་ཡི་ཡུལ། །སེམས་དཔའ་སེམས་མ་བརྒྱད་ཡིན་ནོ། །འགྱུར་བ་བཞི་ནི་སྒོ་མ་བཞི། །རྩ་བའི་ཉོན་མོངས་ཐུབ་པ་དྲུག །ལུས་ལས་བྱུང་བའི་འཁོར་ལོ་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །མ་ལུས་མཉམ་སྦྱོར་ཐུགས་རྗེ་འབྱུང་། །ཕྱོགས་དུས་ཀུན་ཏུ་འདུས་པའི་མགོན། །སྒྱུ་མའི་ལུས་ཀྱི་སྦྱོར་བ་ཡིས། །འབད་རྩོལ་ཕྲལ་བའི་ལུས་ལ་སྤྱོད། །ཡེ་ཤེས་རྫོགས་པའི་ལུས་འདི་ལ། །ཐོས་བསམ་བསྒོམ་པའི་སྦྱོར་བ་ཡིས། །རང་ལས་བྱང་ཞིང་ལྷུན་གྱིས་གྲུབ། །གནས་སྤྱོད་འཕྲོ་དང་


DNG014_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བ་གསུམ། །གསང་བའི་ཡེ་ཤེས་བསྐྱེད་པའི་གནས། །མཁའ་དཀྱིལ་ཐོག་མ་དབྱིངས་ཉི་ཟླ། །ཡེ་ཤེས་བདག་པོ་ཡབ་ཡུམ་བསྒོམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །ནང་དུ་རྫོགས་པའི་རིམ་པའོ།། །།རབ་ཏུ་གསང་བའི་དེ་ཉིད་དོན། །ལུས་ཀྱི་དེ་ཉིད་རླུང་གི་གནས། །སེམས་ཀྱི་དེ་ཉིད་མ་བཅོས་པ། །ཐབས་དང་ཤེས་རབ་རྫོགས་སངས་རྒྱས། །དྲི་མེད་དྭངས་པ་ཆོས་ཀྱི་སྐུ། །མ་བཙལ་གཏན་ལ་དབབ་པར་བྱ། །སེམས་ཀྱི་གནས་ལུགས་དེ་ཉིད་ནི། །མ་བཅོས་དུས་ན་ངོས་བཟུང་བ། །ཁ་སྦྱོར་སྙོམས་འཇུག་རྨི་ལམ་བྲལ། །ཡིད་མེད་ལུས་དང་བཏུང་བས་མྱོས། །ཡུལ་རྟོག་མ་ཞུགས་སྣ་ཚོགས་ཏེ། །རང་གི་དེ་ཉིད་མཚོན་མེད་ཤེས། །སྐྱོད་བྱེད་རྒྱུ་བས་ཚོད་བཟུང་ཞིང་། །མི་མཐུན་གཉེན་པོས་རྟགས་དང་སྦྱར། །དངོས་གྲུབ་ཁོ་ན་ཉིད་དུ་འགྱུར། །དེ་བས་དེ་ཡི་སྒྲུབ་པ་པོ། །ཕྲིན་ལས་དངོས་གྲུབ་གནང་བ་ནི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མཁའ་ལྡིང་ལྟོ་འཕྱེ་མི་འམ་ཅི། །དྲི་ཟ་སྲིན་པོ་ཤ་ཟ་དང་། །འབྱུང་པོ་སྲུལ་པོ་ལུས་སྲུལ་པོ། །སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང་། །གཤིན་རྗེ་མཁའ་འགྲོ་ལ་སོགས་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་། །རླུང་དང་མཁྲིས་པ་བད་ཀན་དང་། །འདུས་པ་རྣམས་ནི་ཡན་ལག་བཅས། །བཞི་བརྒྱ་རྩ་བཞིའི་རྣམ་གྲངས་ནད། །ལྷན་ཅིག་སྐྱེས་དང་གློ་བུར་བ། །འབྱུང་བའི་ལུས་ཀྱི་མཐུན་འཕྲོད་དང་། །རྟེན་ཅིང་འདྲེལ་འབྱུང་རྟགས་དང་ལྟས། །གང་གིས་གནོད་ཅིང་འཚེ་བའི་ཕྱོགས། །སྡང་ཞིང་གདུག་དང་འཚེ་བ་དང་། །དྲག་ཤུལ་སྤྱོད་དང་སྦྱོར་སྔགས་དང་། །རང་ལ་གནོད་དང་གཞན་ལ་ཕྱོགས། །རང་གི་དེ་ཉིད་ཡོངས་ཤེས་པས། །ཉོན་མོངས་རྩ་བ་ཡན་ལག་བཅས། །གཟུང་དང་འཛིན་པ་མ་ལུས་པ། །ཞི་བར་གནས་པ་ཉིད་ཀྱིས་ནི། །སངས་རྒྱས་ཡེ་ཤེས་ལྷག་པར་མཐོང་། །གནས་ཤིང་གོམས་པ་བརྟག་གྱུར་པ། །འདི་ནི་ཞི་བའི་དངོས་གྲུབ་པོ། །གནས་པའི་ཚེ་དང་གྲུབ་པ་ཡི། །ལས་ལ་དབང་ཐོབ་དངོས་གྲུབ་ནི། །རྫས་དང་ལོངས་སྤྱོད་དཔུང་དང་འཁོར། །


DNG014_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བའི་དཔལ་དང་སྙན་པར་གྲགས། །གཟུགས་བཟང་དབང་ཕྱུག་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་རབ་རྒྱས་ཤིང་། །བལྟ་དང་མཐོང་དང་གཡོ་བ་དང་། །ཡོད་མེད་གཤིས་ལ་དམིགས་པ་དང་། །བགྲོད་དང་འགྲོ་བ་སྦྱོང་བ་རྣམས། །ཆུ་དང་འོ་མ་དུ་བ་མེ། །རྟ་དང་སྐྱེས་བུ་ཇི་ལྟ་བ། །རང་བཞིན་རྒྱུ་འབྲས་ཚོགས་པ་ཀུན། །གཅིག་ཉིད་ཡེ་ཤེས་ཉིད་ཡིན་ཡང་། །འཁོར་བ་དང་ནི་མྱ་ངན་འདས། །རྣམ་པ་དང་ནི་ངོ་བོ་དང་། །མཐར་ཐུག་པ་དང་གནས་སྐབས་ཀྱི། །རྒྱུ་འབྲས་ཚོགས་པ་ཐ་དད་སྣང་། །སྣང་བ་དང་ནི་མཐོང་བ་དང་། །སེམས་དང་སེམས་སུ་འཛིན་པ་དང་། །སྟོང་དང་སྟོང་པར་བྱེད་པ་དག །རང་གི་ངང་དུ་རྒྱས་པ་ནི། །དངོས་གྲུབ་གཅིག་ཏུ་འགྱུར་བའོ། །འཇིག་རྟེན་ཆོས་ཕྱིར་གཟུགས་ཅན་དང་། །གཟུགས་མེད་ཁམས་ཀྱིས་བསྡུས་པ་དང་། །ལུས་དང་ལོངས་སྤྱོད་བརྟན་པ་ཀུན། །ཕ་མ་མཁན་པོ་སློབ་དཔོན་དང་། །རྒྱལ་པོ་རྗེ་བོའི་ཚུལ་དག་གིས། །རང་གི་ཡུལ་དུ་བྱ་བ་དང་། །ཉོན་མོངས་པ་དང་ཉེ་བ་ཡི། །ཉོན་མོངས་ཉི་ཤུ་ལ་སོགས་དང་། །དགེ་བ་ངེས་འགྱུར་ཀུན་འགྲོ་དང་། །སྣང་བའི་རང་བཞིན་བཅུ་ཕྲག་བརྒྱད། །ཡུལ་དང་ཡུལ་ཅན་མ་ལུས་པ། །རང་རིག་རྒྱལ་པོས་དབང་བསྒྱུར་བའི། །ཕྲིན་ལས་དངོས་གྲུབ་ཉིད་ཡིན་ནོ། །རྒྱུད་ལྔ་ལམ་གྱི་སྣང་བ་དང་། །རིགས་དྲུག་འཁོར་བའི་གཡང་ས་དང་། །བར་ཆད་བདུད་བཞིའི་ནུས་པ་དང་། །བགེགས་དང་འབྱུང་པོ་ཉོན་མོངས་དགྲ། །ལས་དང་ལས་ཀྱི་འབྲི་བསྐྱེད་ཀྱི། །རྣམ་པར་སྨིན་པ་བར་མའི་ཆོས། །ཡང་དག་རྒྱུ་དང་རྐྱེན་དང་དམིགས། །ཉེར་ལེན་ལྷན་ཅིག་བྱེད་པའི་རྒྱུ། །དྲག་པོའི་བརྟུལ་ཞུགས་འཆང་བ་ཡིས། །མངོན་དུ་སྤྱད་པའི་ཡེ་ཤེས་ཀྱིས། །མ་རྩོལ་མ་བྱུང་མ་བསམས་པར། །ཡོངས་སུ་སྣང་བ་འབྱུང་མི་འབྱུང་། །སྐད་ཅིག་ཙམ་གྱི་རྒྱུ་ཚུལ་གྱིས། །མ་ལུས་ལྡོག་པར་ནུས་པ་ནི། །ཕྲིན་ལས་དྲག་པོའི་དངོས་གྲུབ་པོ། །རྒྱུ་དང་རང་བཞིན་གཞི་དང་ལམ། །གྱད་ཀྱི་ལུས་གནས་ནོར་བུ་བཞིན། །མཐོང་རྟོགས་མངོན་དུ་སྤྱོད་པ་ནི། །འབྲས་བུའི་ཕྲིན་ལས་དངོས་གྲུབ་པོ། །འདི་ལས་ཕྲ་མོའི་ཏིང་འཛིན་ནི། །


DNG014_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བསྐྱེད་པ་སྔོན་སོང་ནས། །རིག་བཅས་རིག་མེད་སྐུར་གནས་དང་། །འཕེན་པའི་ལྔ་ཕུང་ལ་བརྟེན་པའི། །རིག་བྲལ་མྱུར་དང་རིག་པས་དྲང་། །གཟུང་བ་ཆེ་ལས་བརྟན་པ་ཡིས། །མཆོད་སྦྱིན་གནང་བ་སྩལ་བ་དང་། །རྟེན་བསྒྲུབ་པ་དང་སྤེལ་བ་དང་། །ལུས་སྦྱོང་བ་དང་སེམས་བསྒྱུར་དང་། །གཏན་འཕོ་ཉིད་དང་སྒྱུ་མའི་ལུས། །དག་པའི་མཁའ་དང་དུ་བ་དང་། །སྲིན་བུའི་ཚུལ་དང་སྒྲོན་མེ་ཆེ། །སྨིག་རྒྱུ་འོད་ལྔ་པ་ཡི་ཚུལ། །འགྱུ་བྱེད་རིམ་པའི་རྣལ་འབྱོར་གྱིས། །རྨི་ལམ་བར་མ་དོར་སྦྱང་ཞིང་། །སྔ་མའི་རྟེན་ལས་གནས་བསྒྱུར་ཏེ། །འཕོ་བ་དང་ནི་འཇུག་པ་དང་། །ལྡོག་པ་དང་ནི་གཡོ་བ་དང་། །གནས་གྱུར་པ་དང་ཚིག་འདའ་བའི། །དམ་པར་བཤད་པ་ལ་སོགས་པ། །ལས་ཀྱི་ཁྱད་པར་བསམ་མི་ཁྱབ། །ཉེ་བར་སྤྱོད་པ་ཐམས་ཅད་འགྲུབ། །གནས་གསུམ་དག་པའི་ལས་ཀྱིས་ནི། །དོན་དུ་མ་གྱུར་གང་ཡང་མེད། །ཐམས་ཅད་ང་ཡི་སྐུ་གསུང་ཐུགས། །ལོངས་སྤྱོད་མི་འཛད་ཀུན་ཏུ་བཟང་། །རྩ་བ་ཡན་ལག་གནས་སུ་འགྱུར། །ཀུན་རྫོབ་ཙམ་དང་དོན་དམ་ཉིད། །བྱང་ཆུབ་སེམས་ལས་རབ་བྱུང་བའི། །ཚོགས་གཉིས་རྫོགས་ལ་བདག་མེད་གནས། །ཏིང་ངེ་འཛིན་དང་མངོན་ཤེས་ཀྱི། །ས་བཅུའི་སྤྱོད་པ་རླབས་པོ་ཆེ། །མཐར་ཕྱིན་རྩེ་མོ་གསུམ་ལ་སོགས། །བསྐལ་པ་ཆེན་པོ་གྲངས་མེད་དག །སྐད་ཅིག་སྣང་བར་བྱིན་བརླབས་ཏེ། །ཀུན་ཏུ་བཟང་པོ་ང་ཉིད་སྤྱོད། །འདི་ལ་གཉིས་སུ་ག་ལ་རྟོགས། །གལ་ཏེ་ཞི་བར་མི་ནུས་ན། །རྟོག་པའི་རྩ་བ་ཉོན་མོངས་ཏེ། །གཏི་མུག་བདེ་གཤེགས་སྤྱི་ཡིས་སྦྱང་། །ཞེ་སྡང་རྡོ་རྗེའི་རིགས་ཀྱིས་སོ། །རིན་ཆེན་རིགས་ཀྱིས་ང་རྒྱལ་ཏེ། །འདོད་ཆགས་པདྨའི་རིགས་ཀྱིས་སོ། །ལས་ཀྱི་རིགས་ཀྱིས་ཕྲག་དོག་སྦྱང་། །སྟོང་པའི་སེམས་ནི་ཀུན་བཟང་མ། །ཤ་ནི་སངས་རྒྱས་སྤྱན་མ་སྟེ། །དྲོད་ནི་གོས་དཀར་མ་ཡིས་སོ། །མཱ་མ་ཀཱི་ཡིས་ཁྲག་སྦྱངས་ཏེ། །རླུང་ནི་དམ་ཚིག་སྒྲོལ་མས་སོ། །ས་ཡི་སྙིང་པོས་མིག་དབང་པོ། །ནམ་མཁའི་སྙིང་པོས་རྣ་བ་སྟེ། །སྣ་ནི་སྤྱན་རས་གཟིགས་ཀྱིས་སོ། །ལྕེ་ནི་ཕྱག་ན་རྡོ་རྗེས་སོ། །ཕྱི་རོལ་མཐོང་བྱ་བྱམས་པས་སྦྱང་། །


DNG014_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་འགྱུར་ཀུན་ཏུ་བཟང་པོས་ཏེ། །ཚོར་བ་སྒྲིབ་པ་རྣམ་སེལ་ལོ། །མྱོང་བ་འཇམ་དཔལ་རྣོན་པོས་སྦྱོང་། །གཟུགས་སྣང་སྒེག་པ་མོ་ཡིས་སྦྱང་། །གྲགས་ཚད་གླུ་དབྱངས་ལེན་མས་ཏེ། །སྣོམ་པ་ཀུན་ནི་དག་བྱེད་མ། །བྲོ་བའི་རོ་ནི་ཚིམས་བྱེད་མ། །འཇམ་རྩུབ་རེག་པ་མྱོང་བྱེད་མ། །འདོད་པ་རང་གི་ངང་གིས་སྦྱང་། །རྣམ་པར་རྒྱལ་བས་ཞི་བར་བྱ། །གཤིན་རྗེ་གཤེད་ཀྱིས་རབ་རྒྱས་ཤིང་། །ཧ་ཡ་གྲཱི་བས་དབང་དུ་བསྡུ། །བདུད་རྩི་འཁྱིལ་པས་མངོན་དུ་སྤྱོད། །ཡུམ་རྣམས་ཀྱིས་ནི་དགུག་པ་དང་། །བཅིང་བསྡམ་དབབ་པར་བྱ་བ་ཡིན། །རིགས་དྲུག་སྡུག་བསྔལ་སོ་སོ་རུ། །བརྒྱ་བྱིན་སྤྲུལ་པས་ལྷ་རྣམས་སྦྱང་། །ཐགས་བཟང་རིས་དང་སྣང་བྱེད་ཀྱིས། །མཛད་པའི་སྤྲུལ་པས་ལྷ་མིན་སྦྱང་། །མི་རྣམས་ཤཱཀྱ་ཐུབ་པས་སོ། །ཤཱཀྱ་སེང་གེས་བྱོལ་སོང་སྟེ། །ནམ་མཁའ་མཛོད་ཀྱིས་ཡི་དྭགས་ཏེ། །ཆོས་རྒྱལ་སྤྲུལ་པས་དམྱལ་བ་སྦྱང་། །ལུས་ངག་ཡིད་ནི་སྐུ་གསུང་ཐུགས། །བྱ་བ་མ་ལུས་ཐམས་ཅད་ཀུན། །བལྟམས་དང་གཞོན་ནུའི་རོལ་པ་དང་། །ངེས་འབྱུང་དཀའ་སྤྱོད་རྫོགས་མཛད་ཅིང་། །བྱང་ཆུབ་པ་དང་ཆོས་གསུངས་ཤིང་། །གཤེགས་ཚུལ་མཛད་དང་སྐུ་གདུང་བསྟན། །ཞིང་གནས་བསམ་པ་ཁ་ཅིག་ཏུ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དང་། །སྡོམ་པ་ཀུན་ལ་ཡོངས་གནས་དང་། །དབང་བསྐུར་འཇུག་པའི་ཚུལ་དག་གིས། །གཏན་གནས་སྤོང་དང་སྦྱོང་མཛད་ཅིང་། །གནས་བསྒྱུར་རང་བཞིན་ཤེས་པ་ཡིས། །བླང་དོར་བྱེ་བྲག་མི་གནས་ལ། །གདོད་ནས་འགྱུར་མེད་ཤེས་པ་ཡིས། །རྩོལ་མེད་དབྱིངས་སུ་གནས་པ་ཡང་། །ལས་ཀྱི་ཁྱད་པར་སོ་སོ་ཡིས། །གྲུབ་པའི་མཚན་རྟགས་དམ་པའོ། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ནང་དང་གསང་བའི་ཕྲིན་ལས་དངོས་གྲུབ་ཆེན་པོ་སོ་སོར་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཆེན་པོ་ལྔའི་བདག་པོ་འབྱུང་བའི་ཕུང་པོ་ཉོན་མོངས་པ་སྐུ་དང་ཡེ་


DNG014_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྣམ་པར་དག་པའི་ངང་དུ་གྲུབ་པར་བྱེད་པའི། གསང་བ་ཆེན་པོའི་དོན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ལས་རབ་ཏུ་བྱུང་བ་འདི་དག་བཀའ་སྩལ་ཏོ། །རྣལ་འབྱོར་ལས་ལ་ཉེ་བ་ཡིས། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །སྟོང་ཞིང་བདག་མེད་ཀུན་གཞི་ཡི། །རྣམ་ཤེས་རིག་པ་བྱང་ཆུབ་སེམས། །རྡོ་རྗེ་གསུམ་དུ་དབྱེར་མེད་གནས། །སེམས་ཉིད་སྐྱེ་མེད་ཡི་གེ་ལས། །འཕྲོ་འདུའི་ལས་ཀྱི་སྦྱོར་བ་ཡིས། །ཡུམ་ལྔའི་མཁའ་དབྱིངས་འབྱུང་བ་ལྔ། །ཕྱི་ནང་ཐུན་མོང་ཁྱད་པར་ཡིན། །འདོད་ཡོན་འབྱུང་བའི་གཞལ་མེད་ཁང་། །སེང་གེ་གླང་ཆེན་རྟ་དང་ནི། །རྨ་བྱ་ནམ་མཁའ་ལྡིང་གི་གདན། །རྒྱན་ལྡན་རྫོགས་པ་བཞེངས་སུ་གསོལ། །གཟུགས་བརྙན་ཏིང་འཛིན་སྦྱོར་བ་ཡི། །མངོན་སུམ་སྣང་བ་བསྒོམ་པ་ནི། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧཱ། འཁོར་ལོ་བཞི་ལྡན་ཕོ་བྲང་དུ། །ཁ་དོག་ལྔ་ལྡན་མཛེས་པར་བསམ། །སྤྲོ་བསྡུ་ཡོངས་སུ་རྫོགས་པ་ལས། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་རྣམས་སུ་གྱུར། །དེ་ཉིད་སླར་ཡང་གྱུར་པ་ལས། །རིགས་ལྔ་རང་གི་ཡུམ་དང་བཅས། །ཞི་བ་ཆེན་པོའི་ཚུལ་དགུར་ལྡན། །ཡེ་ཤེས་དམ་ཚིག་ངང་གིས་བཞུགས། །འཁོར་ལོ་ལྔ་ཡི་བདག་ཉིད་ཅན། །གཟུགས་བརྙན་རྡུལ་ཚོན་དེ་འདྲ་བར། །རང་བཞིན་གནས་ནས་རབ་བསྐུལ་ཏེ། །རིན་ཆེན་ཁང་པར་གཉིས་མེད་གནས། །འདོད་ཡོན་སྤྲུལ་པའི་གཟུགས་བརྙན་གྱིས། །གྲངས་མེད་རྡུལ་མཉམ་ལུས་ཀྱིས་འདུད། །རྫས་ཀྱིས་མཉེས་པ་འདི་ཡིས་བྱ། །རིགས་མཆོག་སོ་སོའི་རྫས་ཀྱིས་མཆོད། །སྐུ་ལྔ་འདུས་པའི་དངོས་གྲུབ་བླང་། །རང་གི་མིང་གི་སྒྲ་ཚོགས་ཀྱིས། །ས་བོན་ལས་ནི་སྐུ་རྫོགས་པ། །གྲངས་མེད་བརྗོད་ལས་འདས་པ་ཡི། །ཡོ་གའི་གསུང་གི་འཁོར་ལོ་ཡིས། །དབང་བའི་ཞིང་ཀུན་བཞེས་མཛད་དེ། །དངོས་གྲུབ་མ་ལུས་དབྱིག་བསྡུས་ཤིང་། །སེམས་ཅན་ཁམས་ཀྱི་རྒྱུད་སྦྱངས་ནས། །རང་གི་རིགས་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པར་མཛད། །དེ་ལ་སྐུ་ཡི་ཆ་ལུགས་དང་། །དོན་རྟོགས་རྣམ་དག་སྒོ་ནས་ནི། །ཡོན་ཏན་ཚོགས་ཀྱིས་


DNG014_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པར་བྱ། །རྡུལ་ཚོན་ཏིང་ངེ་འཛིན་ལ་བསྡུ། །ཏིང་འཛིན་རང་གི་སེམས་ལ་བསྡུ། །སྤྱོད་ལམ་ཀུན་ཏུ་ང་རྒྱལ་བྱ། །འདི་ནི་ཕྱི་ཡི་རྡུལ་ཚོན་ལ། །བརྟེན་ནས་དཀྱིལ་འཁོར་བསྒྲུབ་པའོ། །ཕུང་པོའི་དཀྱིལ་འཁོར་བསྒྲུབ་པ་ནི། །རང་ལུས་དགོན་པའི་གནས་དག་ཏུ། །གཟུགས་ཕུང་དེ་བཞིན་གཤེགས་པའི་རིགས། །རྣམ་པར་ཤེས་པ་རྡོ་རྗེའི་རིགས། །ཚོར་བའི་ཕུང་པོ་རིན་པོ་ཆེ། །འདུ་ཤེས་ཕུང་པོ་པདྨའི་རིགས། །འདུ་བྱེད་ལས་ཀྱི་རིགས་ཡིན་ནོ། །ས་ཤ་དེ་བཞིན་རིགས་ཀྱི་ཡུམ། །ནམ་མཁའ་རུས་པ་རྡོ་རྗེའི་རིགས། །དྲོད་མེ་རིན་ཆེན་རིགས་ཀྱི་ཡུམ། །ཁྲག་ཆུ་པདྨའི་རིགས་ཡིན་ནོ། །རླུང་དབུགས་ལས་ཀྱི་རིགས་ཀྱི་ཡུམ། །མིག་དང་རྣ་བ་སྣ་ལྕེ་ལུས། །གློ་སྙིང་མཁལ་མ་མཆིན་མཆེར་དང་། །རྒྱུ་བྱེད་རྩ་དང་ཡན་ལག་བཅས། །སྣོད་ལྔ་རྐང་ལག་ཉིང་ལག་ཀུན། །རིགས་ལྔ་ཉིད་དུ་ཡེ་ནས་གནས། །དྲན་པ་ཙམ་གྱིས་དབྱིངས་ལས་བསྐུལ། །གནས་ཚུལ་ཤེས་པས་གཞུག་ཅིང་བསྡམ། །གཉིས་མེད་མཐོང་བས་མཉེས་ཕྱག་འཚལ། །རང་ལ་རང་གནས་རྫས་ཀྱིས་མཆོད། །སྤྱི་གཙུག་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་གནས་ལྔ་རུ། །རྩིབས་འཆང་ཆུ་སྐྱེས་རྒྱ་གྲམ་དང་། །གསལ་འབར་ཆོས་འབྱུང་སྔགས་རྣམས་ལ། །དྲུག་ཅུ་རྩ་བཞིར་འབྱེད་བྱེད་ཀྱིས། །འཁོར་ལོ་རྫོགས་པའི་རིམ་པ་ཡིས། །ཁ་དོག་ལྔ་ལྡན་ཡིག་འབྲུ་འཕྲོས། །རྣམ་ཤེས་བཞོན་པ་ལྔ་ཉིད་ཀྱི། །རྩ་བ་ཡན་ལག་བཅུ་སྦྱར་ཞིང་། །གནས་སྐབས་ལྔ་འགྱུར་བཟླས་པའི་མཆོག །ལྷུན་གྲུབ་ལྔ་ལྡན་དོན་གྱིས་བསྟོད། །གནས་བསྒྱུར་གྲུབ་པའི་དངོས་གྲུབ་བླང་། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །འདི་ལས་མི་འདའ་འགྱུར་མེད་པའི། །དོན་ཆེན་གཅིག་གིས་དཀྱིལ་འཁོར་བསྡུ། །ཕུང་པོའི་དཀྱིལ་འཁོར་བསྒྲུབ་པའོ། །ང་དང་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པའི་ཆོས་ཀྱི་ཕུང་པོ་དག །བརྒྱད་ཁྲི་བཞི་སྟོང་གསུངས་པ་ནི། །དེ་ཉིད་ཉོན་མོངས་གཉེན་པོར་བཤད། །རྩ་བ་གཏི་མུག་ཞེ་སྡང་དང་། །ང་རྒྱལ་འདོད་ཆགས་ཕྲག་དོག་སྟེ། །ཡན་ལག་སྒོ་ལྔའི་རྣམ་ཤེས་དང་། །


DNG014_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་སྐྱེ་མཆེད་མ་ལུས་ཀུན། །རྣམ་དག་རིགས་ལྔ་གསང་རྒྱུད་ནི། །རང་ལ་ང་རྒྱལ་རློམ་པ་དང་། །ཆགས་ཤིང་ཞེན་པས་དུག་ཏུ་འགྱུར། །གཞན་ལ་ཞེ་སྡང་ཁོང་ཁྲོར་བཅས། །ཕྲག་དོག་འཚེ་ཞིང་གནོད་པའི་དུག །གཏི་མུག་མ་རིག་བླུན་རྨོངས་ཀྱིས། །ཀུན་ལ་གནོད་པའི་དུག་ཡིན་ཡང་། །སྐྱེད་པའི་རྒྱུ་དང་གནས་པའི་གཞི། །འཇིགས་པའི་རྐྱེན་དང་འགྲོ་བའི་ས། །དཀྱིལ་འཁོར་གྱི་ནི་འཁོར་ལོར་གནས། །ཕྱི་དང་ནང་དང་གཉིས་ཀ་དང་། །སྟོང་དང་སྟོང་པ་ཆེན་པོ་ཡིས། །དཀྱིལ་འཁོར་བདག་པོ་སོ་སོའི་རིགས། །རྒྱུ་རྐྱེན་གནས་གཞི་མེད་བཞིན་དུ། །རང་ཉིད་དྲན་པས་བསྐུལ་བར་བྱ། །མཐོང་དང་གོམས་པས་དྲངས་ཤིང་དབབ། །མ་ཆགས་སྤྱོད་པས་མཉེས་པར་བྱ། །མི་སྨད་པ་ནི་བསྟོད་པ་ཉིད། །སྐྱེ་འགྱོད་ཡེངས་མེད་བཟླས་པའོ། །ཐེ་ཚོམ་སོམ་ཉི་ཡིད་གཉིས་དག །འདི་ལ་གང་བྲལ་དངོས་གྲུབ་ཐོབ། །དུག་ལྔ་རིན་ཆེན་ལྔར་བསྒྲུབ་པའི། །དུག་ལྔའི་རང་བཞིན་དེ་ཉིད་ནི། །ཡེ་ཤེས་ལྔ་རྣམས་ཁོ་ན་སྟེ། །ཞེ་སྡང་གསལ་བའི་ཡེ་ཤེས་ཏེ། །དཔེར་ན་གཡའ་དང་དྲི་མའི་ཚོགས། །བྲལ་བྱས་མེ་ལོང་དཀྱིལ་འཁོར་ལ། །དབྱིབས་དང་ཁ་དོག་མཚན་མའི་དངོས། །མ་འདྲེས་ཐ་དད་སྣང་བ་ཉིད། །མ་གྲུབ་བཞིན་དུ་གསལ་བ་ལྟར། །རྣམ་རྟོག་གློ་བུར་དྲི་མ་དང་། །བྲལ་བའི་སེམས་ཉིད་དཀྱིལ་འཁོར་ལ། །ཕྱི་ནང་སྣོད་བཅུད་རྣམ་པར་བརྟག །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །བདེ་བ་སྡུག་བསྔལ་བསམ་མི་ཁྱབ། །གཟུགས་བརྙན་སྒྲ་བརྙན་ཚུལ་བཞིན་དུ། །མ་འགགས་སོ་སོར་སྣང་བའི་རྒྱུས། །ཡུལ་ལ་དམིགས་པའི་སྙིང་རྗེ་སྐྱེ། །དེ་ལས་ང་རྒྱལ་མཉམ་པ་ཡི། །ཡེ་ཤེས་སྐྱེ་བ་འདི་ལྟ་སྟེ། །འཁོར་བ་དང་ནི་མྱ་ངན་འདས། །ཉོན་མོངས་པ་དང་རབ་ཏུ་བྱུང་། །ཀུན་རྫོབ་དོན་དམ་ཁྱད་པར་གྱིས། །ཆོས་རྣམས་སྟོང་པར་མཉམ་ཁྱེར་བས། །གང་ཟག་བདག་ཏུ་འཛིན་མེད་ཅིང་། །ཡུལ་ཀུན་དེ་ཡི་ཚུལ་འདྲ་བར། །ཆོས་སུ་བདག་འཛིན་བྲལ་བ་ཡིས། །དེ་ལ་དམྱིགས་པའི་སྙིང་རྗེ་འབྱུང་། །འདོད་ཆགས་དུག་ལས་རྟོག་


DNG014_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ཡེ་ཤེས་སྐྱེ་བར་བསྒྲུབ་པ་ནི། །ཆོས་ཀུན་གདོད་ནས་མ་སྐྱེས་ཤིང་། །རང་བཞིན་མེད་པའི་དོན་བསྒོམས་ནས། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །མི་དམིགས་སྟོང་པ་ཉིད་ཀྱི་ཡུལ། །སྤྲོས་པའི་མཐའ་སོགས་བྲལ་བར་བསམ། །དམིགས་མེད་སྙིང་རྗེ་ངང་གིས་འབྱུང་། །གཏི་མུག་ལས་ནི་ཆོས་དབྱིངས་ཀྱི། །ཡེ་ཤེས་བསྒྲུབ་པ་སྙིང་རྗེའི་རྗེས། །གཟུང་འཛིན་ཡན་ལག་ཀུན་བྲལ་བ། །རང་བཞིན་ངོ་བོ་ཉིད་ཀྱི་བདག །དངོས་པོ་དང་བྲལ་འོད་གསལ་བ། །མཉམ་བཞག་སྟོང་པ་ཉིད་གནས་ན། །ཇི་ལྟ་བ་ཡི་ཡེ་ཤེས་སོ། །ཕྲག་དོག་དུག་ལས་ནན་ཏན་གྱི། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཀུན་རྫོབ་སྙིང་རྗེའི་དོན་རྫོགས་པས། །སེམས་བསྐྱེད་པ་དང་སྨོན་ལམ་གྱིས། །གཞན་དོན་འབྱུང་བའི་ཁྱད་པར་ནི། །ཇི་ལྟར་རིགས་པའི་སྤྲུལ་པ་ནི། །རང་གི་ཚུལ་འདྲ་གཞན་དོན་དུ། །དོན་དམ་མྱ་ངན་འདས་དབྱིངས་ནས། །ཀུན་རྫོབ་རྣམ་འཕྲུལ་འཇིག་རྟེན་དུ། །མཐུན་འཇུག་སྣ་ཚོགས་དག་ཏུ་སྟོན། །རྣམ་པར་རྟོག་པའི་ཡེ་ཤེས་ཀྱི། །རྒྱུ་དང་ངོ་བོ་རང་བཞིན་ཏེ། །འདི་ལ་གྲོལ་དང་ཤེས་པ་དང་། །ངང་གིས་གནས་ལས་མཆོག་ཏུ་འགྱུར། །དུག་ལྔ་ཁོ་ན་ཡེ་ཤེས་ལྔ། །བཞི་དང་གསུམ་དང་གཅིག་གང་གཉིས། །གཏི་མུག་ཁོ་ན་གཅིག་ཡིན་ནོ། །འདི་ལ་གནས་པས་དེ་བསྒྲུབ་པོ། །ཡེ་ཤེས་ལྔ་ལས་ཡོངས་རྫོགས་པའི། །སྐུ་ལྔ་ལྷུན་གྲུབ་བསྒྲུབ་པ་ནི། །གཟུགས་ཀྱི་ཕུང་པོ་གཏི་མུག་བཅས། །སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ། །རྣམ་ཤེས་ཕུང་པོ་ཞེ་སྡང་བཅས། །རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ། །ཚོར་བ་ང་རྒྱལ་བཅས་པ་ནི། །རིན་ཆེན་འབྱུང་ལྡན་སྤྲུལ་པའི་སྐུ། །འདུ་ཤེས་འདོད་ཆགས་ཕུང་པོར་བཅས། །མཐའ་ཡས་མངོན་པར་བྱང་ཆུབ་སྐུ། །འདུ་བྱེད་ཕྲག་དོག་ཕུང་པོར་བཅས། །དོན་གྲུབ་མི་འགྱུར་རྡོ་རྗེའི་སྐུ། །མཚན་བཟང་དཔེ་བྱད་ལྡན་པ་དང་། །དབྱིངས་ལས་གཡོ་བ་མེད་པ་དང་། །སྣ་ཚོགས་དོན་དུ་འབྱུང་བ་དང་། །གཅིག་ལས་གཅིག་འབྱུང་གཅིག་པ་དང་། །མ་བཙལ་འགྱུར་མེད་ལྷུན་གྲུབ་ནི། །ཡོངས་རྫོགས་སྐུ་ལྔ་དངོས་ཡིན་ནོ། །དེ་དག་ཀུན་གྱི་


DNG014_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། །ཉེ་བར་བསྒྲུབ་པ་འདི་ཡིན་ནོ། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་སཏྭ་ཧཱུཾ། ཛྙཱ་ན་དྷཱ་ཏུ་ཨ། མ་ཧཱ་ཀ་རུ་ཛ། དྷརྨ་དྷཱ་ཏུ་ཨ། ཨེ་ཡཾ་བཾ་སུཾ་ལཾ་རཾ་བྷྲཱུྃ། ལཾ་ཧཾ་མཾ་ཨཾ་ཁཾ་མ་ཨ་པཾ། ཨོཾ་ཧཱུཾ་སྭཱ་ཨཱཾཿཧཱ། ས་ཡ་བཾ། གཞི་དང་གནས་དང་བརྟན་པ་དང་། །རྟེན་དང་གདིང་བའི་རྒྱུ་ཡིན་ནོ། །བདག་པོ་རང་གི་མིང་མཚན་ཏེ། །ཡུམ་དང་བཅས་པ་འདི་ལས་འབྱུང་། །མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་པཉྩ་བྷྱོ་ན་མཿ། ཨ་ཏི་པུ་ཧོ། སརྦ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ག་ཙིཏྟ་མ་ཧཱ་སིདྡྷི་སིདྡྷི་ཧཱུཾ། སྤྱན་དང་བསྡིམ་ཞིང་མཉེས་པ་དང་། །འབྲས་བུ་འགྲུབ་པར་བྱ་བའོ། །རྡུལ་ཚོན་ཁ་དོག་ལྔ་པ་དང་། །འབྱུང་བ་ལུས་ཀྱི་ཕུང་པོ་དང་། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །རྫོགས་པའི་སྐུ་ལྔར་བསྒྲུབ་པ་ཡིས། །སངས་རྒྱས་འདུས་པ་ལྔར་བསྒྲུབ་བྱ། །འདི་ནི་ལྔ་ཕུང་རྟོག་པར་བཅས། །རིགས་དྲུག་རྒྱུད་ལྔ་ཤེས་པ་སྟེ། །ང་ཉིད་ཕྲིན་ལས་ཀུན་ཏུ་བཟང་། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། རབ་ཏུ་བསྡུས་པའི་རིགས་ཀྱི་རྩ་བའི་བདག་ཉིད་ཆེན་པོ་ཚུལ་ལྔར་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པའི་རིགས་སོ་སོའི་བདག་ཉིད་རབ་ཏུ་སྒྲུབ་པའི་ཕྱག་རྒྱ་ཉེ་བར་བསྟན་པ། ཁྱད་པར་གྱི་གཞི་དང་རང་བཞིན་དང་། ཐབས་ལས་བྱུང་བའི་འབྲས་བུ་ཆེན་པོ་ཐ་དད་དུ་སྣང་བར་བྱེད་པ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རྡོ་རྗེ་གསང་བ་ཆེན་པོ་ལས་རབ་ཏུ་ཕྱུང་སྟེ་བཀའ་སྩལ་ཏོ། །མ་འོངས་འབྱུང་བའི་དུས་དག་ཏུ། །སྐྱེས་བུ་གཏི་མུག་ཞེ་སྡང་དང་། །ང་རྒྱལ་འདོད་ཆགས་ཕྲག་དོག་རྣམས། །སོ་སོའི་ཡན་ལག་བཅས་འཆང་བས། །རང་གི་རིགས་མཐུན་གཉེན་པོ་ནི། །བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་རིགས་ཀྱི་སྐུ། །ཐ་དད་སོ་སོར་བསྒྲུབ་པ་ནི། །ཁྱད་པར་གཏི་མུག་ཅན་དག་གིས། །མ་རིག་རྨོངས་པའི་རྩ་བ་སྟེ། །ཤེལ་མདོག་ཨོཾ་དུ་གསལ་བར་བསྒོམ། །ཚོར་བའི་སྒོ་ནས་སྤྲོ་ཞིང་བསྡུ། །རྣམ་པར་ཤེས་པའི་རྟེན་རྣམས་ཀུན། །ས་བོན་རྡུལ་ཕྲ་གཅིག་ཏུ་བསྒོམ། །གཟུགས་སྒྲ་ཁ་དོག་བཅས་པ་ཀུན། །སྒོ་


DNG014_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡུལ་དུ་གསལ་བ་དང་། །རྣམ་པར་སྣང་མཛད་སྐུ་གཉིས་བརྟན། །དཀར་མཛེས་གསལ་བ་འཁོར་ལོ་ཅན། །ཕྲ་མོར་བསྒོམ་དང་རིལ་པོར་བསྒོམ། །བརྟན་དང་གཡོ་བ་རྣམ་རྒྱུ་བ། །རིག་པ་ཆེན་པོ་སྐྱེས་བུའི་གཟུགས། །བདག་ཉིད་གསལ་བར་གྱུར་པ་དང་། །ཕྱི་ནང་གསང་བའི་དགྲ་གསུམ་དང་། །བར་དུ་གཅོད་པའི་བདུད་བཞི་དང་། །རིགས་དྲུག་ལྟུང་བའི་གཡང་ས་རྣམས། །ཚེ་འདི་ཉིད་ལ་ཆོམས་ཤིང་ཆོད། །འབྱུང་བའི་རྒྱུ་ཡིས་མི་བསྐྱོད་ཅིང་། །ཉོན་མོངས་རྐྱེན་གྱིས་མི་བརྫི་ལ། །རང་རིག་དབྱིངས་ལས་མི་གཡོ་བར། །དག་པའི་སེམས་ལ་དབང་བསྒྱུར་ན། །འདི་ནི་དེ་ཡི་ཚད་ཡིན་ནོ། །གཞན་ཡང་ཞེ་སྡང་ཁོང་ཁྲོར་བཅས། །ང་རྒྱལ་རློམ་སེམས་ལྡན་པ་དང་། །ཞེན་ཅིང་གདུང་བའི་འདོད་ཆགས་དང་། །ཕྲག་དོག་སྲེད་ལེན་གཡོ་དང་སྒྱུའི། །རྩ་བ་དཀར་སེར་དམར་དང་ལྗང་། །ཧཱུཾ་སྭཱ་ཧྲཱྀཿཧཱ་འོད་གསལ་བ། །སྤྲོ་བསྡུས་སོ་སོར་གསལ་བ་དང་། །རྡོ་རྗེ་སེམས་དང་རིན་ཆེན་འབྱུང་། །མཐའ་ཡས་དོན་ཡོད་གྲུབ་པ་རྣམས། །རང་གི་སྐུ་མདོག་ཕྱག་མཚན་བཅས། །སོ་སོར་སྔར་བཞིན་གསལ་བར་བལྟས། །གྲུབ་པའི་ཚད་ཀྱིས་རབ་ཏུ་བརྟེན། །གལ་ཏེ་ངག་གིས་བསྒྲུབ་འདོད་ན། །དུས་གསུམ་འབྱུང་བའི་བདེ་གཤེགས་ཚོགས། །མ་ལུས་སྐུ་གསུང་ཐུགས་བསྡུས་པའི། །གསང་བའི་སྙིང་པོ་འདི་ཉིད་ནི། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་སྟེ། །སྒྲ་དང་ཤུབ་བུ་རྡོ་རྗེའི་བཟླས། །གསུམ་གྱིས་འཇུག་གནས་ལྡང་བའོ། །རྒྱུ་དང་རྩ་བ་ཡན་ལག་བཅས། །འདི་ལ་རྣམ་ཤེས་རབ་ཞོན་ནས། །སྒོ་ལྔ་དབང་པོའི་ལམ་ལས་བྱུང་། །གཟུགས་སོགས་ཡུལ་ལ་དམིགས་ཤིང་ཆགས། །ཀུན་རྫོབ་ཙམ་དུ་བརྟག་བཟོད་དེ། །དོན་དམ་རང་གི་གཤིས་ཡིན་ཞིང་། །གནས་ལུགས་གདོད་ནས་སྣང་མ་མྱོང་། །དེ་བས་ཉོན་མོངས་ལྔ་ཡི་དུག །ཀུན་ཏུ་ཁྱབ་པའི་གཞི་ཉིད་ལ། །ས་བོན་ཚུལ་དུ་བཏབ་པ་ལས། །རྣམ་ཤེས་ཡན་ལག་ཆུ་ལུད་རྐྱེན། །འདོད་ཡོན་དྲོད་གཤེར་ནུས་པས་སྨིན། །རྒྱུད་ལྔའི་འབྲས་བུར་གྱུར་པ་ལས། །རིགས་ལྔ་སོ་སོའི་ཡེ་ཤེས་ཀྱི། །མཚོན་གྱིས་མྱུ་གུ་མྱུར་དུ་བཅད། །ལོ་འདབ་འབྲས་བུ་བསྐྱེད་མི་


DNG014_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །ས་བོན་གཞི་ཡི་བག་ལ་སྐམ། །དེ་ནི་གདོད་ནས་རང་གི་ངང་། །འདི་ལ་བཅོས་སུ་ཅི་ཞིག་ཡོད། །གལ་ཏེ་རིགས་ཀྱི་རྒྱུ་འབྲས་ལྔ། །གཅིག་ཏུ་བསྡུས་ཏེ་སྦྱང་བ་ནི། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །ཐེ་ཚོམ་བྲལ་བའི་རྣལ་འབྱོར་གྱིས། །ས་གཞི་ལེགས་པར་བརྒྱན་ནས་སུ། །ཕྱི་ནང་བདུད་རྩིའི་དྲི་ཡིས་བགོ། །ཏིང་འཛིན་འཕེལ་བའི་ཡོ་བྱད་རྟེན། །གཟུགས་སྒྲ་ཆོས་ཀུན་འབྲུ་གསུམ་ལས། །ཀུན་བཟང་རྡོ་རྗེ་སེམས་དཔར་བསམ། །ལག་པའི་འདུ་བྱེད་ཕྱག་མཚན་འཛིན། །ཉི་ཟླ་པདྨའི་ལུས་བདེའི་རྒྱུ། །རྒྱན་གྱི་མཚན་དང་དཔེ་བྱད་དང་། །དབང་པོ་ལྔ་ཡི་ལོངས་སྤྱོད་ཚོགས། །མ་ལུས་པ་ནི་མཆོད་པའི་རྫས། །རླུང་རྒྱུ་སྨྲ་བརྗོད་བཟླས་པ་སྟེ། །སྙན་པའི་ཚིག་ཐོས་བསྟོད་པ་ཡིན། །སྤྱོད་ལམ་ཀུན་ནི་ཕྲིན་ལས་སོ། །སྟོབས་ལྡན་རྒྱུ་མཐུན་འཇིགས་པ་ཡིས། །རྐྱེན་གྱིས་མི་བརྫི་བརྟན་པའོ། །ཚད་དང་རྟགས་སུ་ངེས་པར་གཟུང་། །སྨོན་ལམ་སེམས་བཟང་བརྟན་པའི་ཕྱིར། །གཞན་དོན་ཕྲིན་ལས་སྤེལ་བ་ནི། །ཇི་སྙེད་པ་དང་ཇི་ལྟ་བའི། །ཆོས་ཀུན་འབྲུ་གསུམ་ངང་ཉིད་དུ། །མ་ལུས་འདུས་པའི་སྐུ་གསུང་ཐུགས། །གཏན་ལ་དབབ་པའི་གནད་བསྡུས་ལ། །རབ་འབྲིང་ཐ་མའི་བློ་ཡི་ཆོས། །ཟབ་དང་རྒྱ་ཆེ་གནད་འདིར་འདུས། །ཁམས་གསུམ་སྐྱེ་འགྲོ་གནས་གསུམ་དང་། །མཐོང་བྱ་བསྒོམ་བྱ་དག་པ་གསུམ། །སྨོན་ལམ་ཡེ་ཤེས་བགྲོད་པའི་ས། །གནས་གསུམ་སྤྱོད་པ་འབྲས་བུ་དང་། །བསྲུང་བྱ་དགག་བྱ་དཀྱིལ་འཁོར་གསུམ། །ཏིང་འཛིན་རིགས་དང་མ་ལུས་སྐུ། །གསུང་དང་ཐུགས་ཀྱི་མཐར་ཐུག་གསུམ། །བདེ་དང་རིག་པ་སྣང་བ་ཡིན། །དབྱེར་མེད་གསལ་བའི་སྟོང་པ་དང་། །ཐབས་དང་ཤེས་རབ་དབྱིངས་ཡེ་ཤེས། །དོན་དམ་ཀུན་རྫོབ་མ་བཅོས་པའི། །དབྱེར་མེད་གསལ་བར་རང་གི་ངང་། །ལུས་གནས་རྩ་དང་དེར་བརྟེན་པའི། །དངོས་མེད་རྒྱུ་དང་ཟླུམ་པོའི་དངོས། །ཡོན་ཏན་ཕྲིན་ལས་མཉེས་བྱེད་དང་། །བསོད་ནམས་མཐར་ཐུག་མཆོད་སྦྱིན་ལས། །དངོས་གྲུབ་སྔགས་དང་ཕྱག་རྒྱའི་ཚོགས། །སྒྲུབ་བྱེད་བསྙེན་པ་བྱིན་རླབས་བཅས། །མཐུ་དབང་དམ་ཚིག་ཆོ་ག་དང་། །སྐྱོབ་བྱེད་


DNG014_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་དམ་པའི་སེམས། །གཏན་འཕོ་རིག་པ་འཛིན་པའི་ས། །དགྲ་གསུམ་བདུད་བཞི་དྲོད་ཚད་རྟགས། །མཚན་མར་བཅས་པའི་གནད་ཡིན་ནོ། །འབྲུ་གསུམ་རྒྱུ་བ་དང་བཅས་པ། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །རང་བཞིན་ཉིད་དུ་ཡེ་ནས་གནས། །འཁོར་འདས་མ་ལུས་ཀུན་གྱི་སྲོག །གཅིག་ཏུ་གནས་པ་ཁོ་ན་སྟེ། །སྒོ་གསུམ་འདི་ལ་གང་གནས་པ། །རབ་ཏུ་ལྕི་བའི་སྡིག་པ་དང་། །གནས་ངན་ལེན་གྱི་རྒྱུ་བསགས་སྦྱང་། །སོ་སོ་ཐར་པའི་རིགས་བདུན་དང་། །སྨོན་འཇུག་བསླབ་པ་ཉི་ཤུར་བཅས། །ཀུན་བཟང་ཚོགས་ཀྱིས་རབ་བཤད་པའི། །ཕྱི་ནང་གསང་བའི་ཁྱད་པར་དང་། །གཞི་དང་ཡན་ལག་བསླབ་བྱ་ལས། །གང་འདས་སོར་འཇུག་ཁྱད་པར་སྟོབས། །ངན་འགྲོའི་སྲིད་ལས་རབ་ཏུ་ཟློག །གཤིས་ངན་དང་ནི་དུས་མིན་དང་། །འཆི་དང་འཇིགས་པ་བརྒྱད་ལས་སྐྱོབ། །དཔལ་འབྱོར་ཕུན་སུམ་ཚོགས་འགྲུབ་ཅིང་། །མྱུར་དུ་མཐར་ཐུག་སར་གནས་བྱེད། །བྲིས་བཏགས་མཐོང་དང་བཟླས་པ་ཡི། །ཡོན་ཏན་ཚད་གཟུང་ཡོད་མ་ཡིན། །མཆོད་སྦྱིན་མཉེས་ཤིང་ཚིམ་པ་དང་། །ལོངས་སྤྱོད་པར་ཐོབ་འདི་ཡིས་འགྲུབ། །འཇིག་རྟེན་པ་དང་འདས་པ་ཡི། །ལྷ་རྣམས་བསྙེན་ཅིང་བསྲུང་བཟློག་ནུས། །ད་ལྟར་དང་ནི་མ་འོངས་པའི། །མི་འདོད་སྡུག་བསྔལ་ཕྱོགས་སྤང་ཞིང་། །བདེ་འདོད་ཐར་པ་མ་ལུས་འགྲུབ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །ཐ་དད་བློ་རིགས་སྣང་ངོ་ལ། །དགེ་སྦྱོང་དང་ནི་གཞོན་ནུའི་གཟུགས། །བྱང་ཆུབ་སེམས་དཔའ་རྫོགས་ལོངས་སྤྱོད། །ཞི་བའི་ཚུལ་དགུ་ལྡན་པ་དང་། །ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན། །ཁྲོ་ཚུལ་འཆང་བའི་རིགས་ཀུན་གྱི། །བདག་ཉིད་ཐབས་དང་ཤེས་རབ་དང་། །སྙིང་རྗེ་དང་ནི་སྟོང་པར་ལྡན། །མི་འགྱུར་མི་ཤིགས་སྲ་བ་པོ། །བློ་དང་ལྡན་པ་མཐུ་ལྡན་ཞིང་། །བཞོན་པ་ཆ་ལ་རབ་བརྟེན་ནས། །གོ་ཆ་བགོས་ཏེ་བདུད་འདུལ་བ། །གཞན་དོན་སྤྲོ་ཞིང་ཐེ་ཚོམ་མེད། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིན། །འདི་ནི་མཐོང་བས་ཁ་ཅིག་སྤོང་། །ཁ་ཅིག་བསམ་པས་སྤང་བར་བྱེད། །སྔོན་དུ་སྲིད་པའི་དོན་ལ་བསམ། །མ་ནོར་མ་


DNG014_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མི་འགྱུར་བ། །མ་རྟོགས་ཀུན་ལ་སྙིང་རྗེ་བསམ། །རང་གིས་བྱེད་པ་པོ་འདི་ཉིད། །མཐིང་ག་ཧཱུཾ་ལས་སྤྲོ་དང་བསྡུ། །མཉེས་སྦྱང་ལས་ཀྱི་རྡོ་རྗེར་གྱུར། །འབར་གསལ་འོད་དུ་གནས་པ་ལས། །བསྐྱེད་པ་རྡོ་རྗེ་འཆང་གི་སྐུ། །ཞལ་གཅིག་ཕྱག་གཉིས་རང་གི་མདོག །ཐབས་དང་ཤེས་རབ་བརྡ་མཛད་ཅིང་། །པདྨ་དང་ནི་ཉི་ཟླ་གནོན། །ཚུལ་དགུ་འཆང་ཞིང་མཚན་དཔེར་ལྡན། །ཡང་ན་ཁྲོ་ཚུལ་གར་དགུར་ལྡན། །ཞེ་སྡང་ཅན་དང་འདོད་ཆགས་ཅན། །རང་གི་རིགས་ཀྱིས་སོ་སོར་སྦྱང་། །སྣང་དང་གྲག་པའི་རྟོག་པ་ཀུན། །མ་ལུས་སྐུ་གསུང་ཐུགས་སུ་བརྡལ། །ངོ་ཤེས་ཕྲད་དང་བྲལ་བ་ཡིས། །རང་རྒྱུད་དངོས་པོའི་ཞེན་པ་གཅད། །མ་རིག་སེམས་དང་སེམས་ལས་བྱུང་། །སྟོང་དང་ཆེར་སྟོང་རབ་ཏུ་སྟོང་། །སྣང་ཞིང་རབ་སྣང་སྣང་ལ་སོགས། །གཉིས་མེད་གཅིག་མེད་གཅིག་ཀྱང་མེད། །དུས་རྣམས་ཀུན་ཏུ་འདི་ལ་བསླབ། །རྡུལ་རྙེད་སངས་རྒྱས་ལྔ་དང་གཅིག །བདག་ཉིད་ངང་དང་རང་བཞིན་ནོ། །སྤྱོད་ལམ་དུས་བཞིར་ཆོས་ཀྱི་སྐུས། །མཉམ་པར་སྤྱོད་པ་དེ་ཡི་མཆོག །སྣང་བ་སྐུ་ལྔ་ཡོངས་རྫོགས་ཤིང་། །འབྱུང་འཇུག་གནས་པ་གསུམ་གྱི་གསུང་། །བདེ་འོད་མི་རྟོག་སྣང་བའི་ཐུགས། །འདོད་ཡོན་རོལ་པ་ངང་གིས་མཆོད། །དམ་པའི་ཡིད་ཀྱིས་རྒྱུན་དུ་བསྒྲུབ། །འདི་དག་སོ་སོའི་ཕྲིན་ལས་ནི། །གསལ་བ་གསུམ་དང་འོད་འབྱུང་བའི། །གནས་དང་སྤྲོ་གནས་དེ་ཡི་ཐབས། །ཡོན་ཏན་གནས་དང་དགོས་པའི་དོན། །དྲོད་ཚད་རྟགས་གསུམ་ལྡན་པ་ཡིས། །རང་དང་ཕ་རོལ་སྒྲིབ་པ་སྦྱོང་། །མེ་རླུང་འཁོར་ལོའི་གཟུགས་དང་སྒྲས། །འཁོར་བཅས་ལས་ལ་སྦྱར་བའོ། །ཡུལ་གསུམ་འཕྲོ་འདུ་ཚ་བ་ཡིས། །བར་ཆད་བགེགས་ཀུན་དཔུང་ཚོགས་གཞོམ། །ཟླ་དྲུག་སྦྱོར་བ་དྲག་པོ་ཡིས། །རྩ་བ་ཡན་ལག་ཉམས་པ་བསྐང་། །གནས་གཞུག་དབབ་དང་ཐིམ་པ་ཡིས། །འབྲུ་གསུམ་སྐུ་གསུང་ཐུགས་དབང་བསྐུར། །དམ་པའི་གནས་གསུམ་སྤྲོ་བསྡུ་ནི། །རྟེན་འགྱུར་ལུས་ཀྱི་བསྐོར་བ་དང་། །རང་དང་ཕ་རོལ་ཉེས་ཚོགས་བསྐང་། །བཀྲུ་སྦྱང་ལས་དང་འབྱུང་བའི་ནད། །མདོག་སྦྱོང་འགྲོ་ལྡོག་བདེ་དྲོད་བསྐྱེད། །སྲིད་པར་དབང་བསྒྱུར་འཕོ་བ་དང་། །སྤར་


DNG014_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསྒྱུར་བས་ཡུལ་གཞན་བརྟེན། །ཐུགས་རྗེ་གསུམ་དང་རྟོགས་པར་ལྡན། །ཚོགས་མཆོད་མཆོད་སྦྱིན་སྟོབས་ལྡན་གྱིས། །མཐོ་དམན་ཡུལ་ལ་ཁྱད་པར་དམིགས། །འབབ་པའི་རྒྱུན་ལ་བརྟེན་པ་ཡིས། །ལུས་གནས་བར་དུ་རྐྱེན་བསལ་ཅིང་། །མཐར་ཐུག་ཏུ་ནི་དོན་རྫོགས་བྱེད། །ཕྲིན་ལས་ལམ་དུ་བསྒྲུབ་པའོ། །མཐའ་དང་དབྱིངས་ནས་ལྷུན་གྲུབ་པ། །འབྲུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །སྐྱེ་འགྲོ་ཐམས་ཅད་རིགས་ཀྱི་བདག །སྐུ་གསུང་ཐུགས་ཀྱི་ལྷ་ཉིད་སྣང་། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །དག་པ་གསུམ་ལྡན་མཆོད་པའི་རྒྱུ། །སྤྲོ་བསྡུ་འབྲུ་གསུམ་ཞི་དང་རྒྱས། །དབང་དང་དྲག་པོའི་ཕྲིན་ལས་སྤྱོད། །རྒྱུ་གསུམ་འབྲས་བུ་གསུམ་སྦྱར་བ། །གནས་གསལ་དག་པ་བསྙེན་པའོ། །ཆོ་ག་གསུམ་གྱིས་དངོས་གྲུབ་སྡུད། །དུས་གསུམ་གཟུགས་སྒྲ་བསམ་པ་ནི། །དོན་གཅིག་གསལ་བ་ཚད་ཉིད་ཡིན། །གསུང་དབྱངས་དྲུག་ཅུ་ཡན་ལག་སྦྱར། །བྲག་ཆ་སྒྲ་བརྙན་འདི་ཉིད་ཤེས། །རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་ཡེ་ཤེས་ལྡན་པས་བསྟོད། །ཕྱི་ནང་སྣོད་བཅུད་བེམ་དང་རིག །སྐྱེ་མེད་ཆོས་དབྱིངས་ཕྱག་རྒྱར་བསྡུ། །གསང་ཚུལ་ཤེས་པ་དགུ་ཡིན་ནོ། །འབྲུ་གསུམ་ལས་ནི་རྒྱུ་དང་གཞི། །སྐྱེ་གནས་བཞི་རྣམས་སོ་སོའི་ཚུལ། །བཅུ་གཉིས་མཛད་པའི་རིམ་པ་ཡིས། །གཞན་རྒྱུད་དག་ལ་སྣང་བྱེད་པ། །འབྲུ་གསུམ་བསྐྱེད་ཅིང་རྫོགས་པ་ཡིས། །གནས་གསུམ་གདན་དང་བདག་པོར་བཅས། །ཉི་མ་ཟླ་བའི་ཕྲིན་ལས་ཀྱིས། །རང་རྒྱུད་ལས་ལ་སྦྱོར་བ་ཡིན། །རྫོགས་ཤིང་བསྐྱེད་པའི་འབྲུ་གསུམ་སྟེ། །དེ་ནི་ཟུང་དུ་འཇུག་པ་ལས། །རབ་ཏུ་སྦྱངས་ཏེ་རྣལ་འབྱོར་མཆོག །རྫོགས་དང་རྫོགས་པ་ཆེན་པོར་གནས། །རབ་ཏུ་འདྲེལ་བའི་བསྒྲུབ་པའོ། །ལྔ་དང་གཅིག་དང་དྲུག་དང་གསུམ། །ཐུན་མོང་འཇུག་པའི་ཁྱད་པར་གྱིས། །བླ་མེད་གསང་བ་ཆེན་བཤད་ཅིང་། །བདེ་བར་གཤེགས་པ་ཀུན་བཟང་འགྱུར། །ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞུགས་ཏེ། དབྱིངས་ཀྱི་ཡུམ་ཆེན་མོ་ཉིད་དང་། སྐུ་གསུང་ཐུགས་བདེ་བ་ཆེན་


DNG014_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ངང་དུ་འདུ་འབྲལ་མེད་པར་རོལ་པའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་སྙོམས་པར་ཞུགས་པར་གྱུར་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པར་བྱེད་པ་ལས་རིགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ངེས་པར་འབྱུང་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། བདེ་བར་གཤེགས་པ་ཞི་བའི་ཚོགས་རབ་ཏུ་བསྡུས་པའི་དཀྱིལ་འཁོར་ཆེན་པོ་ལྔའི་ལས་རབ་ཏུ་སྦྱོར་བ་བསྟན་པའི་སྐབས་དང་པོ་རྫོགས་སོ།། །།བདེར་གཤེགས་འདུས་པའི་རྒྱུད་རབ་ཏུ་འབྱེད་པའི་ལྡེ་མིག་ལས་ཁྲོ་བོའི་སྐབས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཔལ་ཀུན་ཏུ་བཟང་པོ་དེ་ངོ་མཚར་ཆེན་པོ་རྨད་དུ་བྱུང་བའི་དབང་དུ་ཞི་བ་ཆེན་པོའི་དེ་ཉིད་རྒྱས་པར་བསྟན་ནས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་དཔལ་རྡོ་རྗེ་ཧེ་རུ་ཀ །འཇིགས་བྱེད་ཆེན་པོ་ཁྲོ་བོ་ཆེན་པོ་རབ་ཏུ་ཁྲོ་བའི་སྐུ་འབར་བའི་རྒྱལ་པོ་བསྟན་ཏེ། ཕྱོགས་བཅུའི་ནམ་མཁའི་ཁམས་མཐའ་དང་དབུས་མེད་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ། དུར་ཁྲོད་ཆེན་པོ་འབར་བའི་ཀློང་དུ་གནས་པ། གཟི་མདངས་དང་ལྡན་པའི་ནམ་མཁའ་མཐིང་ནག་ཡོངས་སུ་དག་པའི་ཀློང་ན་རླུང་གི་དཀྱིལ་འཁོར་རྒྱ་ཆེན་པོ་སྟོབས་དང་ལྡན་ཅིང་ཁ་དོག་མཛེས་པའི་ཤུགས་དེས་ཁྲག་གི་རྒྱ་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པ་དམར་བའི་མདངས་དང་ལྡན་པ་སྟེ་རབ་ཏུ་སྤར་བའི་སྟེང་ན། མ་ཏྲང་ཆེན་པོའི་ཕུང་པོ་རབ་ཏུ་བཀྲམ་པས་ཕྱོགས་བཅུ་མ་ལུས་པར་བསྙམས་པ། རུས་པའི་ཕུང་པོ་རབ་ཏུ་གཏམས་པའི་རི་རབ་བརྩེགས་པའི་དངོས་པོ་བང་རིམ་བཞིས་མཛེས་པར་སྣང་བའི་སྟེང་ན། དྲག་པོ་དང་གཏུམ་པོ་ལ་སོགས་པའི་གཞལ་ཡས་ཁང་གི་རྣམ་པ་ཡན་ལག་དང་ཉིང་ལག་གི་གཙོ་བོ་དག་གིས་ལེགས་པར་བརྩིགས་པའི་རིམ་པ་ཆེན་པོ་གསུམ་གྱི་རྨང་དང་བརྩིགས་པ་བད་རྐོས་དང་བཅས་པ། གནམ་ལྕགས་འབར་བའི་གཟེར་གྱིས་བརྟན་པར་བྱས་པ། ཉ་ཆེན་པོ་དང་ཆུ་སྲིན་དང་སྦྲུལ་དང་རུས་སྦལ་དག་གིས་བརྒྱན་པ། ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མའི་ཚོགས་དང་བཅས་པས་རབ་ཏུ་སྤྲས་པ། བླ་རེ་དང་ཆུན་འཕྱང་དང་། ཟླ་བ་ཕྱེད་པ་དང་། དོ་ཤལ་གྱི་རྣམ་པ་དང་། ལྡ་ལྡི་དང་། ཕྲེང་བ་དང་། ཟ་ར་ཚགས་དང་།


DNG014_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་བ་དང་ལྡན་པའི་རྒྱན་དང་། རིན་པོ་ཆེ་དང་མེ་དང་ཉི་མ་ལ་སོགས་པ་ཆགས་པའི་མདངས་ཀྱི་འོད་འཕྲོ་བ། འབྲུག་དང་གློག་དང་སྤྲིན་དང་ཁུ་རླངས་དང་། ན་བུན་དང་། ཁ་ཆར་དང་། སེར་བ་དང་། རབ་ཏུ་ཚ་ཞིང་གྲང་བའི་རླུང་འཁྲུགས་པ་དག་གི་སྒྲ་ཆེན་པོ་སྒྲོགས་པ་དང་། ལྷ་ཆེན་པོ་དང་ཀླུ་ཆེན་པོ་དང་ཡི་དྭགས་ཆེན་པོ་དང་གནོད་སྦྱིན་ཆེན་པོ་དང་ནམ་མཁའ་ལྡིང་ཆེན་པོའི་ཚོགས་དང་། བ་གླང་ཆེན་པོ་དང་། བྱོལ་སོང་གཏུམ་པོ་དང་། ཏི་ར་ཆེན་པོ་དང་། ཉི་མ་དང་ཟླ་བ་དང་། ཆུའི་སྙིང་པོ་དག་པ་ཆེན་པོ་དང་། ཁྲག་དང་བཅས་པའི་པགས་པ་དག་གི་གདན་བཏིང་བ། ཡོན་ཏན་ཆེན་པོ་སྣང་བའི་བྱང་ཆུབ་ཀྱི་སེམས་དཀར་པོ་དང་དམར་པོའི་འོད་ཀྱི་མདངས་ལས་གཟུགས་དང་སྒྲ་དང་དྲི་དང་རོ་བྲོ་བ་དང་རེག་པ་སྣ་ཚོགས་ཀྱི་ཡོ་བྱད་ཀྱིས་མཉེས་པའི་མཆོད་པ་རབ་ཏུ་སྦྱོར་བའི་གནས་དེ་ལྟ་བུ་འཕྲུལ་པར་མཛད་ནས། ཉིད་ཀྱི་སྐུ་ལས་དབྱིངས་ཀྱི་དབང་ཕྱུག་གི་ཡུམ་ཆེན་མོ་དཔལ་འབར་ཁྲོ་མོ་ཆེན་མོ་མངོན་པར་ཕྱུང་ཞིང་སྤྲུལ་ནས་གཉིས་སུ་མེད་པའི་སྐུ་གསུང་ཐུགས་མཉམ་པར་སྦྱོར་བ་ལས། འཁོར་སྤྲུལ་པའི་ཚོགས་སྣང་བ་ནི་འདི་ལྟ་སྟེ། ཞེ་སྡང་རྡོ་རྗེ་གར་དབང་ཧེ་རུ་ཀ །ང་རྒྱལ་རིན་ཆེན་གཤིན་རྗེ་གཤེད། །འདོད་ཆགས་པདྨ་དབང་སྡུད་མཆོག །ཕྲིན་ལས་ཕྲག་དོག་རྡོ་རྗེར་འདུད། །བག་ཆགས་མངོན་བྱུང་ཧེ་རུ་ཀ །སེར་སྣ་འདུལ་བྱེད་དྲེགས་པའི་གཙོ། །ཕྲ་མ་མཐུ་ཆེན་སྟོབས་ཀྱི་བདག །སྐྱེ་མཆེད་རྣམ་དག་རང་བཞིན་ཆོས། །གཙོ་བདག་དྲེགས་པ་ཆེན་པོ་བརྒྱད། །རང་གི་རིགས་ཀྱི་ཡུམ་དང་བཅས། །སྤྲུལ་པ་དཔལ་གྱི་འཕྲོ་འདུ་ལས། །སྲས་འཁོར་སྤྲུལ་པ་རྣམ་བྱུང་བ། །རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་། །ཕྱོགས་བཞི་དང་ནི་མཚམས་བཞི་རུ། །གནས་བཅས་རིགས་དང་རང་རང་འཁོར། །སྒོ་བཞིར་ཕྲིན་ལས་བྱེད་པ་དང་། །བཀའ་སྡོད་ཕོ་ཉར་བཅས་པ་དག །རང་གི་སྟན་དང་བཀོད་པ་དང་། །ཁ་དོག་ལག་ཆ་རྒྱན་དང་ཚུལ། །རྣམ་འཕྲུལ་དང་ནི་ཆོ་འཕྲུལ་དང་། །ཀུན་བརྗོད་པ་དང་རྗེས་སུ་བསྟན། །ཡོངས་སུ་བསྟན་པ་དག་དང་བཅས། །རྡོ་རྗེ་རྒྱལ་མཚན་རིན་ཆེན་དང་། །ཆགས་ཆེན་ལས་བྱེད་སྣ་ཚོགས་དང་། །རྟགས་མཚན་དུས་མཚམས་མཐུན་འཇུག་དང་། །མིང་སྲིང་རིགས་འཆང་ལུས་རྣལ་འབྱོར། །


DNG014_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་ལས་ཐབས་ཡུམ་དང་འཁོར། །མཁའ་འགྲོ་ཤུགས་འགྲོ་ཕྲ་མེན་མ། །འབར་མ་གནོད་སྦྱིན་སྲིན་མོ་ཆེ། །སླས་དང་བྱི་མོ་བྲན་མོ་དང་། །མངག་གཞུག་རིགས་དང་བཅས་པ་དང་། །ཆོ་འཕྲུལ་ཆེན་པོ་ཀུན་བསྟན་པ། །དབང་ཕྱུག་དང་ནི་གྲོལ་སྦྱིན་དང་། །རྣམ་གྲོལ་ཐམས་ཅད་འགྲུབ་པ་དང་། །ནམ་མཁའི་དབང་མོ་རྣལ་འབྱོར་མ། །དབང་སྡུད་མ་དང་རྣམ་པར་གདུང་། །གསང་གྲོགས་མ་དང་སྒྲོལ་མའོ། །རྡོ་རྗེ་ནོར་བུ་པདྨ་དང་། །དམ་ཚིག་སྙིང་པོ་སངས་རྒྱས་ཆེ། །བཀོད་ཆེན་དབང་ཕྱུག་ཡིད་བཞིན་གཏེར། །ཆགས་བཞི་རྒྱན་ལྡན་བསམ་མི་ཁྱབ། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བདེ་བའི་དབང་ཕྱུག་མ། །འཇོམས་བྱེད་དགའ་དང་ཁྱབ་དབང་ཕྱུག །གནོད་སྦྱིན་སྲིན་པོ་ལྷ་མ་ཡིན། །ལྷ་ཚོགས་ཁྲག་འཐུང་ཧེ་རུ་ཀ །ཐབས་དང་ཤེས་རབ་ལོངས་སྤྱོད་བདག །རྒྱལ་བྱེད་རོལ་བྱེད་ཟ་བྱེད་དང་། །དྲན་བྱེད་སྙོམས་བྱེད་རྣལ་འབྱོར་མ། །རིགས་ཀྱི་ཆོ་འཕྲུལ་གསང་བའི་འཁོར། །མེ་འདའ་ཚད་མེད་རོལ་པ་དང་། །འཇིགས་བྱེད་འཇོམས་བྱེད་ཟ་བྱེད་དང་། །གསང་བ་མ་དང་དགའ་མ་དང་། །གུས་པ་མ་དང་གཡོ་མེད་དང་། །གསོད་བྱེད་འདུལ་བྱེད་དྲེགས་པ་དང་། །མྱ་ངན་འདས་དང་འཁོར་བ་དང་། །ཞི་དང་ཁྲོ་དང་དཔའ་དང་སྒེག །འཇིགས་དང་གཤེ་དང་སྙིང་རྗེ་དང་། །དགོད་དང་རྔམ་དང་བཞད་པ་ཆེ། །མ་ལུས་སྣང་བར་གྱུར་པའི་ཚེ། །ཀུན་ཏུ་བཟང་པོ་ཧེ་རུ་ཀ །དབྱིངས་བདག་ཀྲོ་དྷཱི་ཤྭ་རཱི་མ། །མཉམ་ཉིད་དམིགས་མེད་སྐུ་གསུང་ཐུགས། །བཞེངས་བཞུགས་འཇུག་ལྡོག་རྣམ་པར་འདས། །གཡོ་མེད་རྣམ་རོལ་མཛད་པའི་དུས། །རྡོ་རྗེ་ཀུན་བཟང་ཀྲོ་དྷཱི་ཤྭ་རཱི་མས། །རྣམ་དག་དབྱིངས་ཀྱི་དོན་གྱིས་རབ་བསྐུལ་པ། །ཨེ་མ་ཧོ། ཡེ་ཤེས་ནམ་མཁའ་རྒྱ་མཚོ་རྣམ་གྲོལ་ཀློང་། །མི་གནས་མི་དམིགས་ཆོས་སྐུ་ཧེ་རུ་ཀ །བསམ་འདས་རྣལ་འབྱོར་བྱང་ཆུབ་སེམས་ཀྱི་རྗེ། །མ་གཡོས་དགོངས་པ་རྣམ་དག་དབྱིངས་ནས་བཞེངས། །ཞེས་པས་རབ་བསྐུལ་དོན་ལ་དགོངས་མཛད་དེ། །མ་ལུས་ཆོས་ཀུན་སྟོང་ཉིད་དབྱིངས་ལས་ཤར། །རྡོ་རྗེ་མངོན་གྱུར་ནམ་མཁའ་དྲི་མ་མེད། །ཉི་ཟླའི་སྤྱན་གྱི་འོད་ཀྱིས་གཟིགས་མཛད་དེ། །ཞལ་འཛུམ་ལྗགས་


DNG014_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་འཕྲུལ་བཀོད་པ་ལས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་མངོན་པར་འཁྲིགས། །རོལ་པའི་གློག་འཁྱུག་འདིར་བྱོན་སྒྲ་སྒྲོགས་ཤིང་། །ཐུགས་རྗེའི་ཆར་འབེབས་ཡེ་ཤེས་མྱུ་གུ་སྐྱེད། །གླུ་གར་སྙན་མཆོག་རོལ་པའི་རྒྱན་གཡོ་ཞིང་། །རོལ་པའི་སྤྱོད་ཆེན་སྦྱོར་མཉེས་བསྡིམ་པ་དང་། །དགོད་དང་སྟེག་དང་འཁྱུད་དང་གཏོང་བ་དང་། །སྤྲོ་དང་བདེ་འཇོ་ཐབས་ཀྱི་རིག་པ་དང་། །ཟ་འཐུང་མྱང་འཆའ་ལྡག་དང་འཐུང་བ་དང་། །དགའ་ཆེན་ཁྱབ་འཇུག་རོལ་པ་དེར་སྣང་མཛད། །དབང་སྒྱུར་ཡུམ་ཆེན་འཛུམ་བག་རྣམ་འདུད་ཅིང་། །དགྱེས་ཆགས་སྐུ་གསུང་ཐུགས་ལྡན་མཆོག་གིས་བསྐུལ། །ཨེ་མ་ཧོ། རྡོ་རྗེ་ཆེ་མཆོག་དཔལ་ལྡན་གར་གྱི་བདག །སྐལ་བཟང་ལོངས་སྤྱོད་རྫོགས་སྐུ་རོལ་པའི་གཙོ། །ཚོགས་གཉིས་མངའ་བདག་ཐབས་ལྡན་རྒྱལ་པོ་ཆེ། །ཐུགས་དམ་དབྱིངས་ནས་རོལ་པའི་བདེ་ཆེན་བཞེངས། །དེ་བརྗོད་བསྐུལ་པ་ཡབ་ཀྱི་ཐུགས་ཆུད་དེ། །བདེ་ཆེན་ངང་ལས་ཆོ་འཕྲུལ་སྐུར་བཞེངས་ནས། །རྣམ་འགྱིང་བརྗིད་པ་གར་གྱི་ཕྱག་རྒྱ་ཆེ། །བཞད་པ་སྣ་ཚོགས་བརྐྱངས་བསྐུམས་འགྱུར་བག་དང་། །བརྡ་དང་སྤྲུལ་པ་ནམ་མཁའ་ཁྱབ་མཛད་དེ། །ཐམས་ཅད་མཚན་མ་རྣམ་པ་ཡོད་མེད་དང་། །ཐུགས་ཀྱི་རང་བཞིན་རྡོ་རྗེ་ཧེ་རུ་ཀ །སྤྲུལ་པའི་བདག་ཉིད་ཚུལ་བརྒྱད་རང་གི་གཙོ། །རབ་སྣང་ཧེ་རུ་ཀ་སོགས་ཡུམ་དང་བཅས། །སྲས་འཁོར་ཕྲིན་ལས་སྤྲུལ་པ་སྣང་བ་ལ། །གྱུར་མངོན་ཡུམ་གྱི་ཐུགས་དམ་བསྐུལ་བ་ནི། །ཨེ་མ་ཧོ། བདེ་བར་གཤེགས་པ་རྒྱལ་བ་རྒྱ་མཚོ་ཆེ། །ཐུགས་རྗེའི་མངའ་བདག་སྤྲུལ་སྐུ་འབྱུང་གནས་གཙོ། །ཡེ་ཤེས་སྒྱུ་མས་རྣམ་རོལ་ཕྲིན་ལས་མཆོག །ཐབས་དང་ཤེས་རབ་དཔལ་གྱི་སྦྱོར་བ་སྟོན། །ཡུམ་ཆེན་གསུང་གིས་རབ་བརྗོད་བསྐུལ་བ་ལས། །དེ་ཉིད་མཁྱེན་ལྡན་ཐུགས་ཀྱིས་རབ་དགོངས་ཏེ། །རྡོ་རྗེའི་རོལ་པ་དེ་ཉིད་སྣང་བའོ། །ཏིང་ངེ་འཛིན་ལ་སྙོམས་མཛད་ཅང་མི་གསུང་། །དེ་ལ་འདུས་པའི་འཁོར་གྱིས་ངོ་མཚར་མཛད། །ཐམས་ཅད་མ་ལུས་རབ་འདུས་མགྲིན་གཅིག་ཏུ། །ཡིད་གདུང་གླུ་ཡིས་བསྐུལ་ཞིང་གསོལ་བ་ནི། །ཨེ་མ་ཧོ། ནམ་མཁའ་ལྟ་བུའི་གཏེར་འབྱིན་སྐུ་ཡི་མཆོག །རྡོ་རྗེ་གར་མཛད་


DNG014_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཁྱབ་པ་ཆེ། །བསྒྱིངས་ལེགས་བཀོད་པ་མཐའ་ཡས་རོལ་པའི་གཙོ། །ཆོ་འཕྲུལ་ཐོགས་མེད་འབྱུང་བ་དེ་སྟོན་ཅིག །ཨེ་མ་ཧོ། དབྱངས་ཀྱི་ཡན་ལག་རྒྱ་མཚོ་མཐའ་ཡས་ལ། །སྒྲ་སྙན་བྲག་ཆ་མ་འགགས་སྙིང་པོའི་གསུང་། །མི་འཇིགས་སྒྲ་ལྡན་གསང་བ་ཆེན་པོའི་བརྡ། །སྙན་གྲགས་དབང་ཕྱུག་ལེགས་སྨྲ་དེ་གསུངས་ཤིག །ཨེ་མ་ཧོ། སྤྲོས་བྲལ་རྣམ་པར་མི་རྟོག་བདེ་ཆེན་ཐུགས། །དེ་ཉིད་ཁོ་ན་རྣམ་གྲོལ་ཡེ་ཤེས་ཆེ། །མི་གཡོ་རྡོ་རྗེ་ངེས་ཆེན་མཚོན་པའི་ལུང་། །སྙིང་པོ་ཆོས་ཉིད་དོན་གསལ་དེ་ཕྱུང་ཞིག །ཨ་ལ་ལ། མ་རིག་འཁོར་བའི་རྒྱ་མཚོའི་འདམ་བྱིང་བ། །མི་ཤེས་རྨོངས་པའི་སྲིད་པའི་དྲ་བས་བཅིང་། །དམན་པའི་འགྲོ་བ་མ་ལུས་བསྒྲལ་སླད་དུ། །མི་འགྱུར་ཐབས་ཀྱི་གྲུ་ཆེན་དེ་སྐྱོད་ཅིག །གཉེན་པོ་གསང་སྦྱོར་སྐུ་གསུང་ཐུགས་ཀྱི་བདག །སྒྲུབ་དང་སྒྲུབ་ཆེན་བསྙེན་དང་ཉེ་བར་བསྙེན། །ལས་དང་ལས་ཆེན་སྐོང་དང་ཉེ་བར་སྐོང་། །མི་འགྱུར་གཟེར་དང་རྣལ་འབྱོར་ཡན་ལག་དང་། །གཅད་དང་བརླབ་དང་བསྐྱེད་དང་བསྡིམ་པ་དང་། །མཆོད་བསྟོད་བསྐུལ་དང་བརྗོད་དང་སྦྱོང་བ་དང་། །མཐོང་དང་གོམས་དང་སྤྱད་པར་བྱ་བ་དག །སྦྱངས་ཤིང་ཐོབ་བྱ་གཉེན་པོ་སྤང་བྱ་དགེ། །མི་དགེ་གནོད་པ་འཇུག་ལྡོག་སྤང་དང་བླང་། །བྱ་བ་མིན་པ་བྱ་བ་ལས་ཀྱི་དངོས། །རབ་འབྲིང་ཐ་མ་བློ་དང་དབང་པོ་ཡི། །ཁྱད་པར་གང་ཡིན་ཡུལ་གྱིས་ཕྱེ་བ་དག །ཇི་ལྟར་རིམ་བཞིན་གསང་རྫོགས་དེ་སྟོན་ཅིག །ས་མ་ཡ་ཨ་ལ་ལ་ཧོ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་དཔལ་རྗེ་ཉིད་ཀྱིས་སྤྲུལ་ཞིང་འདུས་པའི་འཁོར་ལ་གཟིགས། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་། །ཚངས་པའི་གསུང་གིས་ནམ་མཁའ་ཁྱབ་མཛད་དེ། །སྐུ་ཡི་བཀོད་པ་དུ་མར་སྣང་བ་ཀུན། །མ་ལུས་དོན་གྱི་མཆོག་ལ་ལེགས་གནས་ཤིང་། །བྱང་ཆུབ་སེམས་ཀྱི་ཐུགས་རྗེ་དཔག་མེད་བསྐྱེད། །སངས་རྒྱས་རྗེ་བཙན་རིག་འཛིན་ཐབས་ཀྱི་ཡབ། །བྱང་ཆུབ་ཆེན་པོ་རྣལ་འབྱོར་རིགས་པའི་འཁོར། །ཁྲོ་མོ་དབང་ཕྱུག་སྐུ་ཡི་མཉམ་སྦྱོར་མ། །ཆེ་བའི་ཡོན་ཏན་མཆོག་གི་གཙོར་གྱུར་པ། །ཐུགས་ཀྱི་རྡོ་རྗེ་ཡང་དག་ངེས་པའི་མཆོག །སྐུ་ཡི་སྐུ་མཆོག་གཤིན་རྗེ་ཀུན་གྱི་གཤེད། །གསུང་གི་


DNG014_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེན་དབང་གི་མ་ཆགས་ཆོས། །ཕྲིན་ལས་སྣ་ཚོགས་རྡོ་རྗེ་ཡན་ལག་མཆོག །མངོན་རྫོགས་དཔའ་བོ་བྱང་ཆུབ་ཧེ་རུ་ཀ །དམ་ཚིག་བདག་པོ་འཇིགས་བྱེད་དྲེགས་པ་འདུལ། །སྟོབས་ཆེན་རྡོ་རྗེ་འཛིན་རྒྱལ་མཐུ་མངའ་ཞིང་། །རྒྱུད་ཆེན་བདག་པོ་རྒྱལ་བའི་དབང་ཕྱུག་ཆེ། །གཙོ་བོ་དགུ་ཡིས་གཙོ་བྱས་འཁོར་གྱི་ཚོགས། །ཁྱད་ཕྱོགས་མི་མཐུན་རྣམ་པ་ལས་ཀྱི་གཙོ། །ངོ་བོ་རིགས་དང་ཕྲིན་ལས་རྣམ་དག་དང་། །ཇི་ལྟར་བཤད་པ་དེ་ལྟར་འདིར་བཤད་བྱ། །ཞེས་བཀའ་སྩལ་ཏེ། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ཁྲོ་བོ་མངོན་བྱུང་གི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་དེ་བཞིན་གཤེགས་པ་དེ་ཉིད་དཔལ་ཆེན་པོ་གཡུལ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་མ་ལུས་པ། །འཛིན་པ་ཆེན་པོར་སྣང་བའི་འཁོར། །ཁྲོ་བོ་ཁྲོ་མོ་དབང་ཕྱུག་དང་། །སྲས་དང་ལྕམ་དྲལ་མིང་སྲིང་ཚོགས། །བྲན་དང་བཀའ་སྡོད་ཕོ་ཉར་བཅས། །མ་ལུས་སྤྲུལ་པ་འདིར་ཉོན་ཅིག །རྒྱལ་བ་རྣམས་ཀྱིས་ཅང་མ་གསུངས། །དེ་ཉིད་ཀྱིས་ནི་རྒྱ་ཆེར་བཤད། །དེ་དག་སྒྲ་དང་ཚིག་མིན་པར། །དོན་གྱི་དམ་པར་མཉན་པར་བྱོས། །མ་སྐྱེས་སྙིང་པོ་ཆོས་ཀྱི་དོན། །སྤྲོས་མེད་ཚིག་ཏུ་བརྗོད་མ་ཡིན། །དོན་དགོངས་གཟུགས་བརྙན་ལྟར་གསལ་ཞིང་། །སྐྱེ་མེད་ཚིག་གིས་བརྡས་མཚོན་པ། །མི་དམིགས་པ་ཡི་ཆོ་འཕྲུལ་ཏེ། །རྒྱལ་བའི་ཐུགས་གསང་སྙིང་པོའི་དོན། །མཉམ་ཉིད་བྱང་ཆུབ་ཐེག་པ་ཆེ། །དུས་གསུམ་ཀུན་ཏུ་འབྱུང་ཞིང་བཤད། །གསང་སྔགས་སྤྱོད་པའི་རྣལ་འབྱོར་དོན། །ཆེན་པོར་ཤེས་པར་བྱ་བ་ནི། །རྨི་ལམ་སྒྱུ་མ་སྨིག་རྒྱུ་དང་། །གཟུགས་བརྙན་སྤྲུལ་པ་དྲི་ཟའི་གྲོང་། །བྲག་ཆ་ཆུ་ཟླ་མིག་ཡོར་དང་། །ཆུ་བུར་ལྟ་བུའི་ཚུལ་བཅུ་ནི། །གསང་བ་བསྒྲུབ་དང་སྤྱོད་པ་དང་། །གནས་དྲུག་སྒྲ་ལ་སོགས་པ་དག །བལྟ་བ་ཏིང་ངེ་འཛིན་ཆོ་འཕྲུལ། །སྣ་ཚོགས་སྣང་བ་དེ་བརྟག་གོ། །སྒྱུ་མའི་སྐྱེས་བུའི་སྦྱོར་བ་ལས། །ཡིད་འཕྲོག་པ་ཡི་གཟུགས་བརྙན་ནི། །གང་སྣང་དེ་ནི་རང་བཞིན་མེད། །གསང་


DNG014_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་དེ་བཞིན་ནོ། །ཆུང་ངུའི་རླུང་དང་དྲོད་སྦྱོར་བས། །ནུས་པས་རྟོག་ཅིང་རི་དྭགས་གདུང་། །དེ་བཞིན་མཚན་མའི་ཐ་སྙད་མིང་། །མི་དམིགས་གསང་སྔགས་ཞེས་སུ་བརྗོད། །རྨི་ལམ་སྣང་བ་ཡུད་ཙམ་ལ། །བདེ་སྡུག་བསྐལ་པར་མྱོང་བ་ཡང་། །དེ་བཞིན་སྤྱོད་པའི་ཁྱད་པར་ལས། །ཅིར་སྣང་ངོ་བོ་ཤེས་པས་སྟོང་། །མེ་ལོང་ལ་སོགས་གཟུགས་བརྙན་དག །མ་གྲུབ་བཞིན་དུ་སྣང་དེ་བཞིན། །རྫས་སྔགས་ཏིང་འཛིན་ལས་རྣམས་ཀྱིས། །གང་ཐོབ་གྲུབ་པ་དམིགས་མ་ཡིན། །དྲི་ཟའི་གཟུགས་ལུས་གྲོང་ཁྱེར་སྣང་། །དེ་བཞིན་གཞལ་ཡས་ཁང་ལ་སོགས། །གནས་འགྱུར་ཀུན་གྱི་དངོས་པོ་དེ། །འདུ་བ་བྲལ་བ་དེ་འདྲའོ། །བཟླས་ཚིག་སྒྲ་ནི་བྲག་ཆ་སྟེ། །རྐྱེན་ཙམ་ཞིག་ནི་མི་འདོར་བའོ། །ཟླ་བ་ཆུ་ལ་སྣང་བ་ཡང་། །ཕྱག་རྒྱའི་དེ་བཞིན་རྣམ་རྟོག་བྲལ། །ཏིང་འཛིན་མིག་ཡོར་གཟུགས་ལྟ་བུར། །སྣ་ཚོགས་འགྱུར་བ་དེ་ཡིན་ནོ། །སྣང་ཡང་རང་བཞིན་མེད་བལྟ་བ། །མགལ་མེའི་འཁོར་ལོ་ལྟ་བུར་འཁོར། །སྣ་ཚོགས་ཆོ་འཕྲུལ་རྒྱུན་དུ་འབྱུང་། །མཚན་མ་མཚན་བཅས་མེད་གཅིག་པ། །རྟོག་ཚོགས་ཆོས་ཀྱི་དབྱིངས་སུ་འགྱུར། །ཐབས་དང་ཤེས་རབ་སྙོམས་པར་འཇུག །སྤྲོས་བྲལ་མ་བྱུང་མ་སྐྱེས་པ། །གཡོ་མེད་རླབས་ཀྱི་ཆོ་འཕྲུལ་ཅན། །རྣལ་འབྱོར་ཆེན་པོ་ཞེས་སུ་བརྗོད། །གང་གིས་དེ་རྟོགས་གཅིག་པུ་ཉིད། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །དབྱེར་མེད་བདག་ཉིད་ཀློང་དུ་འདུས། །ཡེ་ནས་མ་བྱུང་ལྷུན་གྱིས་གྲུབ། །གདལ་བ་ཀུན་ཁྱབ་ཆོས་ཉིད་དེ། །ཐིག་ལེ་སྙིང་པོ་གཅིག་ཏུ་འདུས། །དེ་ཡི་རྗེས་སུ་རྣལ་འབྱོར་རོ། །སྣང་བ་སྣ་ཚོགས་ཐབས་ཀྱི་མཆོག །བསམ་བྲལ་སྤྲོས་མེད་བྱང་ཆུབ་སེམས། །ཐོག་མར་ཟབ་མོ་གང་མཐོང་བ། །དེ་ནི་ཡང་དག་ལམ་ཆེན་དེ། །རྫོགས་པའི་རྣལ་འབྱོར་ཆེན་པོ་ཡིན། །རྣལ་འབྱོར་གསུམ་གྱིས་གང་སྦྱོར་བ། །ཆེན་པོ་རྗེས་སུ་ཡོངས་རྫོགས་པ། །དེ་ནི་རབ་འབྲིང་ཐ་མ་ཡི། །ལམ་གྱིས་ཕྱེ་བའི་གང་ཟག་གོ། །སྐྱེ་བོ་འདོད་ཆགས་ལྡན་པ་ལ། །སྔོན་དུ་ང་ཡིས་བརྗོད་པ་བཞིན། །ཞི་བ་ཆེན་པོའི་ཐབས་ཀྱིས་སྦྱང་། །དེ་ཉིད་གྲུབ་པའི་མཐའ་འཇུག་གོ། །


DNG014_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཅན་གྱིས་རང་གི་ཡིད། །ཁྲོ་དང་ཁོན་དུ་འཛིན་ཆེན་པོ། །སྐུ་གསུང་ཐུགས་ཀྱི་མཐུ་དང་སྟོབས། །རྟོག་པ་དྲག་ཤུལ་ཆེར་སྤྱོད་ཅིང་། །མ་ངེས་ཕྱོགས་ཀྱི་དབང་གྱུར་པ། །སྣ་ཚོགས་བསྟན་པ་དེ་བཞིན་དུ། །ཁྲོ་བོ་དེ་བཞིན་གཤེགས་པས་སྦྱང་། །བློ་ཞན་རྣམས་ཀྱིས་དེ་མི་རྟོག །བྱིས་པ་རྣམས་ལ་སྔར་མ་བསྟན། །ཚིག་གིས་སྒྲ་བརྗོད་བསམ་མི་ཁྱབ། །ཆོས་ཉིད་ནམ་མཁའ་ལྟ་བུ་སྟེ། །མིང་དུ་བརྗོད་པས་ཤེས་མི་འགྱུར། །རྣམ་པར་བརྟགས་པས་དེ་མི་རྟོག །སེམས་དང་སེམས་ཅན་འཁོར་བ་དང་། །ལམ་དང་གྲུ་དང་བཞོན་པ་ཡིས། །བྱང་ཆུབ་སེམས་དཔའ་བླ་ན་མེད། །ཤེས་རབ་ཏིང་འཛིན་གནས་དག་གིས། །ཕྲ་ཞིང་ཟབ་པས་གཏིང་དཔག་དཀའ། །སངས་རྒྱས་རང་སངས་རྒྱས་དང་ཆོས། །དང་པོར་འཁོར་འཇུག་སེམས་ཅན་ཏེ། །སྒྲོལ་ཞིང་བསྐྱོད་པ་བདེ་བ་ཆེ། །དྲན་མཁས་གསལ་བར་གནས་དེར་ཕྱིན། །ཟླ་བྲལ་རྨད་བྱུང་རབ་ཏུའང་འཕགས། །གཏིང་རྫོགས་གབ་པ་ཕྲ་ཞིང་འཁྱུག །སེམས་ཅན་མཐར་ཕྱིན་སངས་རྒྱས་ཏེ། །དེ་བཞིན་གཤེགས་པ་ཡབ་ཡུམ་སྲས། །བདག་གདུང་སྲོག་ནོར་བྲན་དང་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་བསམ་གྱིས་མི་ཁྱབ་པ། །རྒྱུ་དང་རྐྱེན་དང་འབྲས་བུ་ཞེས། །ཐབས་དང་ཤེས་རབ་བྱང་ཆུབ་ཆེ། །དབང་བྱེད་མ་ནོར་འདའ་བར་དཀའ། །མི་ཟད་སྙིང་རྗེ་གཟི་བརྗིད་དང་། །སྣ་ཚོགས་ཐམས་ཅད་འབྱུང་བ་དང་། །མཛད་པའི་ཚོགས་ནི་ལམ་ཡིན་ཏེ། །འདོད་པའི་འཚོ་བ་ལོངས་སྤྱོད་ཆེ། །ཆོ་འཕྲུལ་ཕྱག་རྒྱ་བསྙེན་པ་གཉིས། །བསྒྲུབ་གཉིས་ཚོགས་གཉིས་རྫོགས་པ་ལ། །ཡུལ་གྱི་འདོད་པ་དམིགས་པ་དང་། །རོལ་ཞིང་བསྒྲུབ་པ་འབྲས་བུར་སྦྱར། །སྨིན་ཅིང་དོན་གྲུབ་ཀུན་ལས་ལོག །རང་བཞིན་བྱེད་པ་སྣ་ཚོགས་འབྱུང་། །མཚན་མ་བསྟན་པ་རྣམ་པར་འདུད། །རབ་འབྱེད་འདོད་པ་ལྷག་འདོད་སྦྱོར། །ལྷུན་གྲུབ་པ་ཡིས་ཤེས་པ་སྟེ། །རྒྱུ་དང་རྐྱེན་དང་འབྲས་བུ་ཞེས། །འདོད་པའི་འབྲས་བུ་འཁྲུལ་པའི་གཞི། །མཚན་མ་ཡུལ་དང་སེམས་ལས་བྱུང་། །རྟོག་པ་དུས་གསུམ་དངོས་པོ་ཡིན། །དོན་ཉིད་ཕྱོགས་བཞི་ལོག་པའོ། །དམུན་དང་གདུགས་དང་བསྐྱེད་པ་དང་། །གདུང་དང་ཀུན་འཁྲུགས་


DNG014_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ལྔ། །རྒྱུ་འདུས་དེ་རྐྱེན་མཚན་མ་དང་། །ལས་དང་རྣམ་རིག་ཕུང་པོ་ལྔ། །མཐོང་ཐོས་ཚོར་དང་མྱོང་རེག་པ། །ཡུལ་ལ་སྤྱོད་པའི་དབང་པོ་ལྔ། །ས་ཆུ་མེ་རླུང་ནམ་མཁའ་དང་། །དུས་ཀྱི་སྐད་ཅིག་རྒྱུ་དྲུག་གིས། །ས་བོན་རྩ་བ་མྱུ་གུ་དང་། །སྡོང་དུམ་ཡལ་ག་ཡན་ལག་དང་། །འདབ་མ་མེ་ཏོག་འབྲས་བུ་སྨིན། །རྙིང་དང་སྐམ་པ་རྐྱེན་བཅུ་གཉིས། །གཟུགས་མཐོང་སྒྲ་ཐོས་དྲི་ཚོར་ཞིང་། །རོ་མྱོང་རེག་བྱེད་ཆོས་ཤེས་པ། །སྐྱེ་བའི་སྐྱེ་མཆེད་བཅུ་གཉིས་སོ། །མཐོང་སྣང་མ་ནོར་ཐོས་དང་གྲག །གསལ་ཚོར་སྣོམས་དང་ཚིམས་པ་དང་། །རོ་མྱོང་བྲོ་དང་བྱེད་པར་འོས། །ཤེས་དང་ཤེས་བྱ་རྟོག་པ་དག །རང་བཞིན་ཆོས་ཉིད་བཅོ་བརྒྱད་དེ། །སྤྱོད་ཆོས་མཚན་ཉིད་བཅུ་གཅིག་ནི། །འདུ་ཤེས་བསྒྱུར་དང་དབང་དུ་བྱེད། །རྣམ་གཡོ་དེ་བྱེ་ཡང་སྒྲོ་འདོགས་འགལ་བ་དང་། །རྩུབ་འཆལ་ཆགས་དང་གནོད་པར་སེམས། །ལོག་བལྟ་གཟུང་འཛིན་སྤྱོད་པ་ཡིས། །འབྲས་བུ་རྫོགས་དང་རིམ་པ་དང་། །གློ་བུར་གནས་བསྒྱུར་ལྔ་ཡིན་ནོ། །དཀའ་ཐུབ་སྙོམས་འཇུག་སྤྱོད་པ་དང་། །གདུང་ཞིང་སྤང་བ་ལམ་ལྔའོ། །བཟོད་གདུང་ཉམས་འདོད་རྩོད་ཆགས་ཀྱིས། །གནས་པ་དྲུག་ཏུ་གྱུར་པ་ཡིན། །དུས་དང་རྒྱུ་དང་རང་བཞིན་གྱིས། །རང་གིས་མུ་བཟུང་བལྟ་བ་གསུམ། །ཤེས་པ་གཅིག་གིས་རྒྱུ་དང་ལམ། །ཀུན་རྫོབ་དོན་དམ་ཚུལ་གཉིས་པོ། །ཀུན་ཏུ་བརྟགས་དང་གཞན་གྱི་དབང་། །ཡོངས་སུ་གྲུབ་པ་རང་བཞིན་ཚུལ། །རིམ་འཇུག་རྐྱེན་སྦྱོར་མངོན་འབྱུང་དང་། །ཐམས་ཅད་རྫོགས་པ་ཐབས་ཆེན་བཞི། །རྒྱུ་ལམ་བཤད་བྱ་རྟོག་པ་དང་། །འབྲས་བུ་ལ་གནས་ཆོས་ལྔ་སྟེ། །མིག་མགོ་ཡང་དང་རྣ་བ་སྐྱེ་བ་དང་། །འཆི་འཕོ་དང་ནི་རྫུ་འཕྲུལ་ཏེ། །གཞན་བློ་ཤེས་པ་རིག་པའོ། །འཕོ་འཇུག་བལྟམ་དང་རབ་ཏུ་བརྩམ། །མཉམ་སྦྱོར་ངེས་འབྱུང་དཀའ་བ་སྤྱོད། །བྱང་ཆུབ་བདུད་བཏུལ་ཆོས་སྟོན་ཅིང་། །ཆོ་འཕྲུལ་འདའ་བྱེད་སྐུ་གདུང་གཏམས། །དབང་མཛད་ཆེན་པོ་བཅུ་གཉིས་སོ། །མི་གཡོ་ཆོས་སྣང་ལྟར་ཀྱང་རྫུ་འཕྲུལ་དང་། །ཀུན་རྫོབ་རྗེས་བསྟན་བསམ་གཏན་དང་། །བྱིན་རླབས་སྐྱེ་བ་ཆོས་ཉིད་སྟོབས། །ཡོན་ཏན་འབྲས་བུ་ཆོ་འཕྲུལ་གྱིས། །བཅུ་གཉིས་དག་ཏུ་བསྟན་པ་ཡིན། །ནང་


DNG014_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱི་དང་ཕྱི་ནང་དང་། །སྟོང་པ་ཆེན་པོ་དོན་དམ་དང་། །འདུས་བྱས་འདུས་མ་བྱས་དང་མཐའ། །དེ་ལས་འདའ་དང་དུས་གསུམ་བྲལ། །བླང་དོར་མེད་དང་རང་བཞིན་སྟོང་། །ཆོས་ཀུན་རང་གི་མཚན་ཉིད་སྟོང་། །མི་དམིགས་དངོས་པོ་མེད་པ་དང་། །ངོ་བོ་ཉིད་དང་དངོས་མེད་པའི། །ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། །ཡེ་ཤེས་སྟོང་པ་བཅོ་བརྒྱད་དོ། །མི་གོས་མི་ཉམས་མི་བསྒྲིབ་པ། །རྫོགས་དང་མ་གཡོས་མཉམ་པ་ཉིད། །གཉིས་མེད་རྣམ་དག་ཀུན་ལེགས་དང་། །མྱུར་དུ་རྫོགས་ཆུབ་རིག་པའི་སྟེ། །བཅུ་གཅིག་ས་ཡི་ཡོན་ཏན་ཡིན། །ངོ་བོ་ཉིད་དང་ཆོས་ཉིད་དང་། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་དང་། །འབྱུང་བྱེད་ཚོགས་སྦྱོར་མཐོང་བསྒོམ་དང་། །མི་སློབ་མཐར་ཕྱིན་བར་ཆད་མེད། །འབྲས་བུ་ཡོངས་རྫོགས་མཁྱེན་པ་དང་། །ཁྱབ་དང་ཚོགས་འབྱུང་ཀུན་ཏུ་དབང་། །དགོས་འདོད་ཚང་བ་འབྲས་བུ་དྲུག །མ་ལུས་རྫོགས་པའི་བྱང་ཆུབ་ནི། །འབྲས་བུ་ཆེན་པོ་གཅིག་ཡིན་ནོ། །དེ་ལ་རྫོགས་པ་འབྲས་བུའི་ཆོས། །མ་ནོར་གཏན་ལ་ཕེབས་པ་དང་། །ཐེ་ཚོམ་མེད་ཅིང་སྒྲོ་སྐུར་བྲལ། །ཐབས་དང་ཤེས་རབ་ངེས་པའོ། །རླབས་ཆེན་ཁྱབ་པ་བརྗོད་ལས་འདས། །ལྡེམ་པོ་མཉམ་ཉིད་དུས་གཞན་དང་། །གཉེན་པོ་གྲངས་དང་གཞན་དོན་བསྐུར། །ཀུན་རྫོགས་ཆེ་བ་དེ་ཉིད་དང་། །བདག་ཉིད་མངོན་པར་འཕགས་ཕྱིར་རོ། །རིགས་དབང་འདྲེས་ཤིང་འདུས་པ་དང་། །མཉམ་སྦྱོར་ཚངས་པའི་ཚོགས་ཆེན་པོ། །རྣམ་དག་སྤྲུལ་པ་དྲག་ཤུལ་དང་། །དབྱངས་ལྡན་དགའ་མཛད་མཚན་མ་འཇོམས། །གསང་སྦྱོར་སྤྲོས་སྤྱོད་མཛེས་པར་ཤེས། །མཉམ་འགྱུར་མཐུན་བསྐྱོད་འཕོ་བའི་ཚུལ། །གཞན་དོན་འབྱུང་བའི་ཚུལ་བཅུ་གཉིས། །ཕྲིན་ལས་བདུད་རྩི་ཐིག་ལེ་དང་། །སྤྱོད་པའི་རྒྱུ་དང་རིག་པ་འཛིན། །ཐབས་དང་སྤྲུལ་པ་འབྱུང་བ་ཆེ། །རྫོགས་པ་ཉིད་དང་མངོན་པར་རྟོགས། །མི་ཟད་རྒྱུ་དང་ཀུན་ཏུ་སྣང་། །དེ་བཞིན་ཉིད་ཀྱིས་བཅུ་གཉིས་སོ། །ཆོས་ཉིད་ནན་ཏན་རྟོག་པ་དང་། །མཉམ་ཉིད་གསལ་དང་དོན་བྱེད་ན། །དོན་བྱེད་རང་གི་ངོ་བོ་དང་། །སྣང་མཛད་སྤྲུལ་པ་ཕྱག་རྒྱ་དང་། །ཀུན་འབྱུང་རྒྱུ་དང་སྟོང་པ་ཉིད། །བཅོ་བརྒྱད་


DNG014_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཡེ་ཤེས་འབྱུང་། །ལྷུན་གྲུབ་ཡོངས་རྫོགས་རྩལ་སྦྱོང་དང་། །རིག་པ་འཛིན་དང་ལུང་ཆེན་ཐོབ། །མཚན་མའི་རྟགས་དང་སྤྱོད་པ་རྒྱུན། །གསང་སྒོ་རིགས་ཅན་བཀའ་བསྟོད་ལས། །སེམས་འདུན་བཅུ་གཅིག་རྣལ་འབྱོར་ཡིན། །འཁོར་བ་དང་ནི་མྱ་ངན་འདས། །བདེ་སྡུག་བྱེ་བྲག་མཉམ་མི་མཉམ། །གྲུབ་པ་ཆེན་པོ་བཞིར་འགྱུར་རོ། །ལས་དང་ཐུགས་རྗེ་སེམས་དང་ཆོས། །དབྱིངས་དང་ཡེ་ཤེས་ཐབས་ཤེས་རབ། །རྒྱུ་དང་འབྲས་བུ་སྦྱོར་བ་ལྔ། །བདེན་པ་མཐོང་དང་རྫུ་འཕྲུལ་ཐོབ། །དམིགས་པ་དག་དང་བདག་ཉིད་ཆེ། །གཉིས་མེད་མ་སྐྱེས་དངོས་གྲུབ་པོ། །གཞན་ཡང་ཁྱད་པར་བཅུ་གཅིག་དང་། །བསླབ་མཐུ་ཆེ་བ་ཉི་ཤུ་དང་། །མཐོང་དང་བསྒོམ་པའི་སྤང་བྱ་དང་། །སེམས་ལས་བྱུང་བ་བརྒྱད་ཅུ་དང་། །ལྔ་བཅུ་རྩ་གཉིས་གང་བཤད་དང་། །བདུད་བཞི་གཉིས་སྒྲིབ་གཡང་དྲུག་དང་། །མི་དགེ་མཚམས་མེད་ཡན་ལག་བཅས། །མ་ལུས་རྟོག་པ་བསམ་པ་ཀུན། །གཞི་ལམ་འབྲས་བུ་འདི་ཡིས་ལས། །བྱེད་པ་ཐམས་ཅད་བློ་ཡིན་ནོ། །བྱ་བ་རྣམས་ཀྱང་དེ་ཉིད་དེ། །བློ་དང་བྲལ་ན་ཅི་རིགས་སུ། །མངོན་པར་མཐོ་དང་ངེས་པར་ལེགས། །ཉན་ཐོས་རང་རྒྱལ་བྱང་ཆུབ་ལམ། །བླ་མེད་སྐུ་དང་ཡེ་ཤེས་ལྡན། །མ་ལུས་འདི་ལས་འབྱུང་བ་སྟེ། །དེ་བཞིན་ཁྱེད་ཀྱིས་ཤེས་པར་གྱིས། །གཞན་དུ་ང་ཡིས་བཤད་པ་མེད། །མ་བཤད་པ་ཉིད་ཡང་དག་བཤད། །སྐུ་དང་གསུང་དང་ཐུགས་གཅིག་ལས། །བྱེ་བ་དཔག་མེད་བསམ་མི་ཁྱབ། །གང་ལ་གང་དུ་གང་སྣང་ཡང་། །ང་ལས་གཞན་དུ་སྲིད་མ་ཡིན། །དེ་ཉིད་ཁོ་ནར་རྟོག་པ་གྱིས། །དེ་ལས་གཞན་དུ་སྐྱེས་བུའི་བློ། །ཆེ་དང་ཆུང་དང་ཤིན་དུ་ཆུང་། །མཆོག་དང་དམན་དང་ཤིན་དུ་དམན། །རབ་དང་ཐ་མ་བར་པ་ཡིས། །སྣ་ཚོགས་སྲིད་དང་མཐོང་བ་དང་། །ཐོས་དང་རིག་དང་མྱོང་དང་ཚོར། །སྤྲོ་དང་བསྐྱེད་དང་འགག་པ་ཡིས། །རྟོག་པ་ཇི་སྙེད་སྣང་བ་དག །བྱང་ཆུབ་སེམས་ཀྱི་དབང་སྒྱུར་ནས། །ཕྲིན་ལས་ནང་དང་ཕྱི་རོལ་དང་། །གཉིས་མེད་རང་དང་གཞན་ལ་ཁྱབ། །གང་གིས་སྤྱོད་པ་འདིར་བསྟན་གྱིས། །དེ་དག་ཁྱེད་ཀྱིས་ལེགས་པར་ཉོན། །ཞེས་བཀའ་སྩལ་ཏོ། །བདེ་


DNG014_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ཚུལ་གསུམ་ངེས་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །ཕྱི་མའི་དུས་ན་སྐྱེས་བུ་ཆེ། །མཁས་སྟོབས་གོམས་པ་ཆེ་བ་དང་། །ཕྱི་ནང་ཆོས་ལ་སྦྱངས་པ་དང་། །བསྟན་བྱ་ཆོས་སྐུ་མཐོང་བ་དང་། །ཡང་དག་སྙིང་པོའི་དོན་ཤེས་ཤིང་། །ཕྲིན་ལས་སྤྱོད་པ་ནུས་པ་ཡིས། །གནས་པ་ཤེས་པ་ཡོ་བྱད་དང་། །འཁོར་རྣམས་ཕུན་སུམ་ཚོགས་པ་ནི། །མ་ལུས་ཀུན་གྱི་ཐུན་མོང་ངོ་། །རྡོ་རྗེ་འཛིན་པས་བགྲོད་པ་དང་། །རིག་པ་འཛིན་པ་ཐོབ་པ་དང་། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །དབྱིངས་དང་རྫས་ཀྱི་མཚན་ཉིད་ལྡན། །བསམ་པ་དང་ནི་སྦྱོར་བ་དག །རང་གི་ཞི་བདེ་མི་དམིགས་ཤིང་། །མ་ལུས་ཀུན་གྱི་དོན་འདོད་པ། །ཕུན་སུམ་ཚོགས་པའི་ཤེས་པའོ། །ཡུམ་ནི་མཚན་ཉིད་ལྡན་པ་དང་། །ཕྱི་ནང་མི་འཁྲུགས་མཚན་ཉིད་སོགས། །སུམ་ཅུ་རྩ་གཉིས་ཡོན་ཏན་ལྡན། །འཁོར་ལོ་གསུམ་གྱིས་སྒྱུ་རྩལ་ཤེས། །གནས་བསྒྱུར་ཤེས་པ་ཡིད་བཞིན་ནོ། །འཚེ་བ་དང་ནི་མཆོད་སྦྱིན་ནོ། །ཤ་ལྔ་དང་ནི་བདུད་རྩི་ལྔ། །སྐྱེ་བ་བདུན་པའི་ཡོ་བྱད་དང་། །ནང་དང་བར་གཅོད་ཀུན་ཟློག་པ། །ཡོ་བྱད་ཕུན་ཚོགས་བསྒྲུབ་པའོ། །ཡུམ་དང་ལས་བྱེད་རྡུལ་ཕྱག་གསུམ། །བཀའ་བསྟོད་མཆོད་པ་སྟོབ་ལ་སོགས། །འཁོར་དུ་བསྟེན་པའི་དམ་པ་སྟེ། །བྱ་བ་ཕྱི་ནང་རིམ་པ་ལ། །བཀླག་དང་མཆོད་བསྟོད་སྦྱིན་པ་རྣམས། །རབ་ཏུ་རྒྱས་པར་བྱ་བའོ། །ང་ཡིས་ཐོག་མར་བཤད་པ་ཡི། །ས་དེར་སྟེང་འོག་བར་སྣང་དང་། །ཕྱོགས་ཀུན་ལེགས་པར་བརྟག་པ་སྟེ། །འཁོར་ལོ་པདྨ་རྒྱལ་མཚན་ཏེ། །དེ་དང་ལྡན་པ་ཕྱིའི་མཚན་ཉིད། །ཆུ་དང་མེ་ཏོག་བཅས་པ་དང་། །ས་རོ་གསེག་མ་གྱོ་མོ་དང་། །རུས་པ་སྣ་ཚོགས་སླར་ཉུང་དང་། །དུར་ཁྲོད་རྫས་དང་ལྡན་པར་བརྟག །སྣང་དང་མི་སྣང་མངོན་མི་མངོན། །ལེགས་བསླང་གནང་བ་ཐོབ་པ་དང་། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །མཉེས་པ་མཆོག་གིས་སྦྱང་བ་ཡིས། །ཕྱི་ནང་མཐུན་པའི་གཞལ་ཡས་ཁང་། །སྣང་ཆ་བྱིན་གྱིས་


DNG014_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཅིང་བཟུང་། །ཚོགས་གསོག་བདུད་འདུལ་མཆོད་སྦྱིན་དང་། །སྡིག་པ་སྦྱོང་བའི་ལས་བྱ་ཞིང་། །བསོད་ནམས་བྱ་ཞིང་གཞན་དོན་བྱ། །ཚོགས་གསོག་པ་ལ་འབད་པ་དང་། །ཕྲིན་ལས་བཅོལ་ཞིང་རྩོད་པ་བཟློག །ཚོགས་ཆེན་འགྲོན་དང་ལན་ཆགས་འཇལ། །བསོད་ནམས་སྤེལ་དང་རྣམ་པ་བཞི། །ཧེ་རུ་ཀ་དང་མཐུ་སྟོབས་ཅན། །དབང་ཆེན་དབང་དང་ཐུགས་རྗེ་ཅན། །སོ་སོའི་ཏིང་ངེ་འཛིན་གྱིས་བཏང་། །ཕྱི་དང་ནང་གིས་བཀྲུ་བྱ་ཞིང་། །ཞི་དང་རྒྱས་དང་དབང་བསྡུ་བའི། །ཚར་བཅད་རྣམས་ཀྱིས་བསྲེག་པའི་བྱ། །སྨོན་ལམ་དང་ནི་བློ་བསྐྱེད་ནས། །ཕྱི་རོལ་ཕྱོགས་བཞི་སྐྱོང་བ་དང་། །འཇིག་རྟེན་རྣམས་ཀྱི་མགོན་པོ་ལ། །མཐུན་པའི་ས་ལ་བརྟེན་བཙུགས་ཏེ། །མཆོད་པ་དང་ནི་བསྟོད་པ་དང་། །བསྐུལ་ཞིང་བཅོལ་བ་དེ་བཞིན་བྱ། །མཚན་ངན་སྣོད་དུ་དམིགས་པའི་གཟུགས། །དམོད་པའི་ཚིག་དང་བཅས་ཏེ་བྲི། །གཏུམ་པོའི་རྫས་དང་བཅས་པ་སྟེ། །རང་རྒྱུད་བསམ་པ་ཅན་དེ་དགུག །རྡོ་བ་རླུང་སྟོབས་ཅན་གྱིས་གནན། །ཕྱི་རོལ་ཨེ་དབྱིབས་ཅན་དུ་གཞུག །ཧེ་རུ་ཀ་ཡི་ཏིང་འཛིན་གྱིས། །ཟ་བྱེད་རྔམ་སྟབས་ལྡན་པ་དང་། །སྤྲུལ་པ་ཁྲོ་བཅུ་རང་བསྐྱེད་དེ། །ཕྱོགས་བཅུའི་དྲེགས་པ་འཁོར་དང་བཅས། །བར་གཅོད་བྱེད་པ་ཕྲ་མོ་མནན། །སུམྦྷ་ནི་ཞེས་བྱ་འང་བརྗོད། །མ་རུངས་པ་ཡི་བྱང་བུ་ལ། །འདོད་པའི་རྒྱལ་པོའི་གཟུགས་བྲིས་ཏེ། །རང་བཞིན་གནས་ནས་དགུག་ཅིང་གཞུག །ཕྱི་རོལ་ཁབ་ཀྱི་སྒོར་བསྟན་ཏེ། །དེ་ཡིས་གནོད་པ་བཟློག་པར་བྱེད། །ནང་དུ་བསྐྲད་ཅིང་བསྡམ་པ་ལ། །ཆོས་ཀུན་སྟོང་པའི་ངང་ཉིད་ལས། །རང་སྣང་ཡེ་ཤེས་མཁའ་བཞིན་བསྒོམ། །ཉི་ཟླའི་སྟེང་དུ་ཡི་གེ་ཧཱུཾ། །སྤྲོ་དང་བསྡུ་བའི་ལས་བྱས་ཏེ། །བཛྲ་དྷྲྀཀ་ཅེས་བྱ་བ་ཡིས། །རྡོ་རྗེ་སེམས་དཔའ་གསལ་བྱས་ཏེ། །བཀའ་བསྒོ་བསྐྲད་དང་བཅིང་སོགས་བྱ། །རིགས་ཀྱི་ཁྲོ་བོ་དགུ་རྣམས་ཀྱི། །སྤྲུལ་པའི་ཚོགས་བཅས་གསལ་བ་དང་། །ཕྱག་མཚན་མཚོན་ཆ་རབ་ལྡན་པས། །ཀུན་ཏུ་བསྲུང་བའི་ལས་བྱའོ། །དེ་ནས་སྟེགས་བུ་གང་སྦྱར་ཏེ། །རྡོ་རྗེ་རྒྱལ་པོ་རབ་བཞེངས་ནས། །མཚན་ལྡན་སྣོད་དུ་དྲི་ཆབ་སྦྱར། །


DNG014_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་བདུད་རྩི་ཡེ་ཤེས་ལྔ། །བྱིན་གྱིས་བརླབས་ཏེ་ཆག་ཆག་གདབ། །གཙོ་ཆེན་ཡབ་ཡུམ་སོ་སོར་བཞེངས། །ཏི་རའི་རྒྱུས་པ་སུམ་བསྒྲིལ་གྱིས། །བྱང་ཆུབ་སེམས་ཆེན་དཀར་དམར་བསྒོམ། །ཤར་དང་ནུབ་ཀྱི་ཕྱོགས་ནས་འཐེན། །རྡོ་རྗེ་མཁའ་གསང་གནས་སུ་གསུང་། །དེ་ནས་བསྐུལ་ཞིང་ལེགས་གདབ་པ། །སྟེང་དུ་ཡེ་ཤེས་ཕོ་བྲང་བཞེང་། །ས་གཞི་ཆེ་ལ་གདབ་པ་ནི། །ཕྱོགས་བཞི་དང་ནི་མཚམས་བཞི་རུ། །ཐིག་གདབ་སྤྱི་རུ་བཤད་པའོ། །ཕོ་བྲང་ཆེན་པོའི་དཀྱིལ་འཁོར་དགུ། །གྲུ་བཞི་སྒོ་བཞིར་བཅས་པ་ལ། །འཁོར་ལོ་རྩིབས་བརྒྱད་བར་ཁྱམས་དང་། །མུ་ཁྱུད་གྲུ་ཆད་འདོད་འབྱུང་ལས། །ཆ་དགུ་རྫོགས་པའི་ཐིག་ཏུ་གདབ། །ཕྱི་རོལ་ཁྱམས་དང་སྒོ་བཞིར་བཅས། །དུར་ཁྲོད་འབར་བ་ར་བ་དང་། །འབྱུང་བ་ཆེན་པོ་གནས་པར་བྱ། །ཧེ་རུ་ཀ་རྣམས་དགོངས་སུ་གསོལ། །རིན་ཆེན་འབྲུ་དང་ས་དང་རྡོ། །རབ་འབྲིང་ཐ་མར་སྦྱར་བའི་རྒྱུ། །འདིར་ནི་དུར་ཁྲོད་ཐལ་ཆེན་ལས། །བྱང་སེམས་དཀར་དང་སྦྱར་བ་ཤར། །དྲི་ཆེན་གྱིས་སྦྱར་ལྷོ་རུ་སྟེ། །དམར་པོ་དང་སྦྱར་ནུབ་ཏུའོ། །དྲི་ཆུས་སྦྱར་བ་བྱང་དུ་སྟེ། །ཀུན་གྱིས་སྦྱར་བ་དབུས་སུའོ། །སྐུ་ལྔ་ཡེ་ཤེས་ལྔར་བྱིན་བརླབ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧཱ་ཡིས་ནི། །འོད་ཀྱི་འཕྲོ་འདུ་བྱ་བའོ། །ཕོ་བྲང་ལྟེ་བ་མཐིང་ནག་སྟེ། །གཅོད་བྱེད་རྩིབས་རྣམས་དཀར་སེར་དམར། །ལྗང་གུ་དག་ཏུ་བྲི་བྱ་ཞིང་། །ཁྱམས་དང་གྲུ་ཆད་སྒོ་རྣམས་ནི། །རང་གི་རིགས་ཀྱི་ཕྱོགས་ཀྱིས་དབྱེ། །ཐོད་ཕྲེང་གདུང་དང་མུ་ཁྱུད་དེ། །མཛེས་པའི་མཚན་མར་རབ་ཏུ་བྲི། །ཕྱི་རོལ་ཁང་པ་དེ་བཞིན་ཏེ། །རིགས་དང་མཚན་མའི་ཁ་དོག་དབྱེ། །དེ་ལྟར་གནས་པ་སྣང་བ་བཞིན། །མ་ནོར་ཚད་དང་རྫོགས་པར་བྲི། །དེ་དག་བྱིན་གྱིས་བརླབ་པ་ནི། །ཨེ་ཡཾ་ར་སཱུཾ་ཀེཾ་རཾ་བྷྲཱུཾ། །ཡི་གེ་ས་བོན་འཕྲོ་འདུ་ལས། །སྟོང་ཞིང་བསྐྱོད་དང་གཤེར་བ་དང་། །བརྟན་དང་བསྲེག་པ་བསྟོད་པ་ཡིས། །སྟོང་ཉིད་སྙིང་རྗེ་སྙིང་པོར་བཅས། །འཛིན་པ་གསུམ་ལས་རབ་རྒྱུ་བ། །ང་ཡི་གནས་ཆེན་འདི་ལྟར་བསྒོམ། །རིགས་ཀྱི་དཔལ་ཆེན་ཧེ་རུ་ཀ །རང་གི་འཁོར་དང་བཅས་པ་དག །འདི་རུ་


DNG014_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པར་བྱ། །དེ་ལ་རྒྱན་བཏགས་གསོལ་བ་ནི། །མཚན་ལྡན་ལྕང་ལོ་ཀ་པཱ་ལ། །གྲངས་དང་མཐུན་པ་ཕྱོགས་དགུའོ། །པགས་པ་ཆེན་པོའི་བླ་རེ་དྲེ། །རྒྱུ་མའི་དྲ་བ་དྲ་ཕྱེད་དོ། །དོན་སྙིང་རྣམས་ནི་འཕྱང་འཕྲུལ་ཏེ། །རཀྟ་ཞལ་བུ་སྐྱེམས་སུ་དྲངས། །ཕྱི་རོལ་བསྲུང་བའི་རྒྱན་རྣམས་ནི། །རལ་གྲི་ཕུར་པ་མདའ་དང་མདུང་། །ཕྱོགས་མཚམས་བ་སུ་ཏ་ཡིས་དྲེས། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་ཀྱིས། །ཡེ་ཤེས་དབྱིངས་ནས་དགོངས་སུ་གསོལ། །བདག་ཉིད་འཇུག་པའི་སྒོ་དབྱེ་ཞིང་། །གསང་བའི་མིང་ཕུལ་གསོལ་བ་གདབ། །གུས་པས་ཕྱག་བཙལ་མཆོད་རྫས་དབུལ། །ཉེ་བར་བསྙེན་ཞིང་བསྟོད་པ་བྱ། །ཕྱི་རོལ་བསྒྲུབ་པའི་གྲོགས་རྣམས་ཀུན། །སྔ་མ་ལས་ནི་ཕྱི་མ་བཞིན། །དམ་ཚིག་རྟོགས་པ་བསྲེ་བྱ་ཞིང་། །བྲབ་དང་བཅིང་དང་བདུག་པ་དང་། །བསྐྲད་དང་གཅད་པ་དག་ཏུ་བྱ། །སྐྱབས་སུ་སོང་ཞིང་སེམས་བསྐྱེད་དེ། །སྡིག་པ་མ་ལུས་བཤགས་བྱས་ནས། །རིམ་པས་གསོལ་བ་གདབ་བྱས་ཏེ། །གནང་བ་ཐོབ་ནས་མེ་ཏོག་དབུལ། །ལྷ་དང་འདྲེལ་པ་བརྟག་པར་བྱ། །དེ་ཡི་རྗེས་བསྲུང་དམ་ཚིག་བསྒྲག །མིག་ཕྱེ་ནས་ནི་དཀྱིལ་འཁོར་བསྟན། །སླར་ཡང་མཆོད་ཅིང་བསྟོད་བྱས་ཏེ། །སྒྲུབ་པ་པོ་རྣམས་གྲལ་བཤམས་ནས། །ཇི་ལྟར་རིགས་པའི་མངའ་གསོལ་ནས། །བཤགས་བྱ་གནང་བ་མ་ལུས་བྱས། །དེ་ནས་གཙོ་ཆེན་རྒྱལ་པོ་ལ། །དུར་ཁྲོད་ཆེན་པོའི་ཆས་བརྒྱད་གསོལ། །མ་ལུས་བྱིན་ལ་རྟགས་གདབ་ཅིང་། །དམ་ཚིག་བཅའ་བ་ཉི་ཤུ་བྱ། །བྱིན་བརླབ་དབབ་ཅིང་ཐུགས་དམ་བསྐང་། །རིགས་ཀྱི་དངོས་གྲུབ་ཚུལ་བཞིན་བླང་། །རྡོ་རྗེ་འཆང་གི་ལྷ་རྣམས་བསྙེན། །ལས་ཀྱི་རྒྱལ་པོས་ཚུལ་བཞིན་བསྒྲུབ། །ཀུན་སྦྱོར་གསུམ་དང་འབྱུང་བ་ལྔ། །བཀོད་པ་གཅིག་དང་མཛེས་པ་བཞི། །ཀུན་ཏུ་ཁྱབ་པར་རབ་བསྒོམ་སྟེ། །གཙོ་ཆེན་ཆོ་ག་གསུམ་དང་ལྔ། །ཡབ་ཡུམ་ཡོངས་སུ་རྫོགས་པ་བསྐྱེད། །སྔོན་དུ་བཤད་པ་དེ་བཞིན་ནོ། །གང་དག་རྗེས་སུ་བཤད་བྱ་བ། །དེ་ཉིད་ཀྱང་ནི་དུས་འདིར་བཤད། །གཙོ་ཆེན་དཀྱིལ་འཁོར་ཡབ་ཡུམ་བཅས། །བསྐུལ་དང་སྤྲོ་དང་བསྡུ་བ་དང་། །


DNG014_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་དང་བསྐྱིལ་དང་གཡོ་བ་དང་། །ངེས་པར་འབྱུང་བ་དག་གིས་ནི། །ཕྱོགས་བཞི་དང་ནི་མཚམས་བརྒྱད་དུ། །རྫོགས་པའི་དཀྱིལ་འཁོར་རབ་བྱུང་སྟེ། །ཕྱི་རོལ་ཏུ་ཡང་འཁོར་རྣམས་སྤྲུལ། །རང་བཞིན་གནས་ནས་དེ་ཉིད་དགུག །དེ་དག་གཉིས་སུ་མེད་པར་བྱ། །སླར་ཡང་ལས་ཀྱི་ལྷ་སྤྲུལ་ཏེ། །མཉེས་བྱ་ཀུན་གྱིས་མཉེས་པར་བྱ། །དེ་ནས་མ་ལུས་འཁོར་བཅས་ཀུན། །སྐུ་གསུང་ཐུགས་སུ་གསལ་གདབ་སྟེ། །སླར་ཡང་སྲོག་གི་དཀྱིལ་འཁོར་ལ། །ཆུ་ཤེལ་དཀྱིལ་འཁོར་གཟུགས་ཚད་ཙམ། །དེ་ཉིད་ལ་ནི་རང་གི་དངོས། །བྱང་ཆུབ་སེམས་དཔའ་ཚུལ་འཛིན་ཅིང་། །དེ་ཉིད་ཀྱང་ནི་པདྨའི་སྟེང་། །རིན་པོ་ཆེ་ཡི་ཚུལ་དུ་གནས། །ཉི་མའི་སྟེང་དུ་ས་བོན་ཉིད། །རང་གི་མིང་ཚིག་སྙིང་པོ་བཀོད། །མཐིང་གའི་འོད་ཟེར་འཕྲོ་བར་བསྒོམ། །མྱོང་བྱེད་པདྨ་འདབ་བརྒྱད་ལ། །རྡོ་རྗེ་དཀར་པོ་རྩེ་གསུམ་ལ། །ཀུན་གྱི་གསུང་འབྱུང་ས་བོན་ཏེ། །རང་སྔགས་དམར་པོ་འོད་བཅས་བསྒོམ། །ཚངས་པའི་གནས་སུ་རྩིབས་བརྒྱད་པའི། །འཁོར་ལོ་ཉི་མའི་དཀྱིལ་འཁོར་ལ། །སྐུ་ཡི་ས་བོན་རང་སྔགས་བཅས། །འོད་ཟེར་དཀར་པོའི་འཕྲོ་འདུ་བསྒོམ། །དེ་ཉིད་བརྟན་བྱེད་ཚིག་གིས་གསལ། །འཕྲོ་འདུ་ཡེ་ཤེས་རང་གི་རྒྱ། །ཕྱི་རོལ་ཕྱོགས་མཚམས་ཐམས་ཅད་དུ། །འཕགས་པའི་ཚོགས་ཀུན་མཉེས་པར་བྱ། །ཚུར་འདུས་རྣམ་རྟོག་བག་ཆགས་སྦྱང་། །གཟུགས་དང་སྒྲ་དང་འོད་དང་བཅས། །ཕྲ་མོའི་ཏིང་འཛིན་རིག་པ་ཉིད། །རང་གི་ཡིད་ལ་གསལ་བ་ཡིས། །གནས་གསུམ་རྣམ་པར་དག་པ་སྦྱང་། །དེ་ནི་དང་པོའི་བྱ་བའོ། །དེ་ཡི་འོག་ཏུ་བསྒོམ་བྱ་བ། །སྔར་བཤད་ལས་སུ་རུང་བ་ན། །དམ་ཚིག་ཡེ་ཤེས་གཉིས་མེད་པའི། །ཚོགས་ཀྱི་དུས་གཅིག་བསྙེན་པ་ལ། །ཀུན་གྱི་ཡེ་ཤེས་ངོ་བོར་གྱུར། །གཉིས་མེད་བརྟན་པར་གནས་པ་སྟེ། །མ་ལུས་ཉེ་བར་གྱུར་པའོ། །ཐ་མའི་དུས་སུ་གནས་བསྒྱུར་ཏེ། །རྫས་དང་ལྷ་དང་ཆོ་འཕྲུལ་དེ། །དཀྱིལ་འཁོར་ཀུན་ཏུ་ཐོ་རངས་དུས། །བསྒྲུབ་ཆེན་རྣམས་ཀྱིས་རྒྱན་རྟགས་གསོལ། །འཕྲོ་


DNG014_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འདུའི་འོད་ཀྱིས་ཕྱི་དང་ནང་། །སྣོད་བཅུད་མ་ལུས་ཐམས་ཅད་ཀྱི། །ཡོན་ཏན་བཅུད་ལྡན་མ་ལུས་པ། །ཐམས་ཅད་མ་ལུས་གནས་འདི་རུ། །མཁའ་གསང་དངོས་གྲུབ་ཆེན་པོར་བསྡུ། །དེ་དག་ཀུན་གྱི་དུས་ཆེན་དུ། །བཟླས་པའི་སྐྱོན་བཞི་སྤང་བ་ནི། །ལྷ་དང་དཀྱིལ་འཁོར་མཆོད་པ་དང་། །དབྱངས་དང་དངོས་གྲུབ་ཕྲིན་ལས་ཀྱིས། །ཆོས་ཉིད་སྙིང་པོ་ཤེས་པ་བརྒྱད། །གནས་སྦྱོང་དུས་སུ་བསམ་པའོ། །ཉེ་དང་སྤྲོ་དང་ཐིམ་པ་གསུམ། །བར་པའི་དུས་སུ་བསྒོམ་པར་བྱ། །བསྒྱུར་བ་གསུམ་བཞི་བཙལ་བ་བཅུ། །གར་སྦྱངས་ཡན་ལག་དགུ་དང་བཅས། །དེ་ནི་ཐ་མའི་དུས་སུ་སྤྱད། །རྡོ་རྗེ་དྲིལ་བུ་ཉུང་དཀར་དང་། །མར་མེ་མཱཾ་ས་ཕྱག་མཚན་དང་། །དཔལ་རྫས་འཁོར་ལོ་དབང་མཆོག་དང་། །ཟས་བཅུད་ཆེ་གལ་འཇམ་དེས་དང་། །ཟླ་རྒྱས་ཕྲོམ་དང་འཕར་བ་དང་། །དཔའ་བོ་རྣམས་ཀྱི་དངོས་གྲུབ་སྦྱིན། །ལྷ་དང་སློབ་དཔོན་སྒྲུབ་པའི་གྲོགས། །རིམ་བཞིན་ཕན་ཚུན་བཤགས་སྦྱང་བྱ། །བཀྲ་ཤིས་དང་ནི་སྨོན་ལམ་གྱིས། །གླུ་དབྱངས་མཆོད་བསྟོད་ལྷག་ཆད་བསྐང་། །གཏེར་སྦས་གཟིར་དང་གནན་པར་བྱ། །བསྡུ་དང་བར་ཆད་བསྲུང་བ་དང་། །ཆོས་ཉིད་མི་དམིགས་བློ་བརྟན་ཏེ། །ཡུལ་མཆོག་དམ་པ་དེ་མཉེས་བྱ། །འདི་བྱས་དུས་ཀྱི་བསྙེན་པ་སྟེ། །སྒྲུབ་པ་ཆེན་པོ་གཅིག་ཡིན་པས། །ཀུན་ཏུ་བཟང་པོ་ཧེ་རུ་ཀ །ཉིད་ཀྱི་སྐུ་གསུང་ཐུགས་སུ་འགྲུབ། །བསྙེན་པ་ཆེན་པོའི་སྦྱོར་བ་ཡིན། །འདི་དག་ཀུན་གྱི་ཐུན་མོང་བསྲུང་། །མཚམས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། །ཕྱི་བཤད་འབྱུང་བ་ཆེན་པོ་ལྔ། །ནང་དུ་དྲག་པོའི་མཚོན་ཆ་ལྔ། །གསང་བར་རིགས་ཀྱི་ཁྲོ་བོ་ལྔ། །དེ་ཉིད་ཡེ་ཤེས་རྣམ་ལྔའོ། །དེ་ལས་ཚིག་ཏུ་བརྗོད་བྱ་བ། །ཧཱུཾ་ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུ། །སྤྲོས་མེད་རྣམ་དག་དངོས་དང་བྲལ། །གདལ་བ་ཆེན་པོའི་ཡེ་ཤེས་ཀྱིས། །ཕྱོགས་བཅུ་མ་ལུས་ཀུན་ཏུ་ཁྱབ། །སྣོད་བཅུད་སྣང་བ་དཔག་ཏུ་མེད། །ཐམས་ཅད་རང་གི་ངོ་བོས་སྟོང་། །འདི་ལས་མ་ལྟོས་ཆོས་གཞན་མེད། །རང་གི་སེམས་ཉིད་སྣང་ཆ་ལས། །གཞན་སྣང་འཁྲུལ་པ་ཙམ་ཉིད་ལས། །གཉིས་སུ་འཛིན་པའི་རྟོག་པ་དེ། །


DNG014_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ངང་དུ་མཚམས་གཅད་བྱའོ། །ཨེ་ཛྙཱ་ན་མཎྜ་ལ་ཤཱུ་ནྱ་ཏཱ་མ་ཧཱ་ར་སྔགས་རྣམས་སོར་བཞག་ཧཱུཾ། ཡཾ་རྡོ་རྗེ་རྒྱ་གྲམ་འབར་བ་ནི། །དབུགས་ཀྱི་རང་བཞིན་སྟོབས་དང་ལྡན། །ཐམས་ཅད་གཡོ་ཞིང་མ་ལུས་འདེགས། །དངོས་པོ་འཐོར་ཞིང་མཚན་མ་འཇོམས། །ཐོགས་མེད་ཤུགས་ཀྱི་ཕྲིན་ལས་མཛད། །ཕྱོགས་བཅུ་དུས་གསུམ་ཐམས་ཅད་དུ། །རིག་པའི་རྣམ་པར་རྟོག་པ་དང་། །མ་རིག་པ་ཡི་སྒྲིབ་པའི་ཚོགས། །ཐམས་ཅད་གཏོར་ཞིང་མ་ལུས་སྦྱང་། །བླང་དོར་ཡོད་མེད་དགག་བསྒྲུབ་དང་། །སྤང་བླང་རྟོག་པ་ཇི་སྙེད་ཀུན། །རང་གི་སེམས་ཀྱིས་མཚམས་གཅད་བྱའོ། །ཡཾ་མ་ཧཱ་ཀརྨཱ་སྥ་ར་ཎ་སྭ་བྷཱ་རུ་ཏྲ་ཧཱུཾ། བཾ་རྒྱ་མཚོ་ཆེན་པོའི་རྒྱུན་འབབ་པ། །རང་གི་འབྱུང་བའི་དཀྱིལ་འཁོར་ཏེ། །ཆུ་ཡི་རང་བཞིན་གཙང་ཞིང་དྭངས། །ཡན་ལག་བརྒྱད་ལྡན་ཡོན་ཏན་རྫོགས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན། །བག་ཆགས་རྟོག་པའི་དྲི་མ་འཁྲུ། །གཟུང་འཛིན་ལས་ཀྱི་གནས་ངན་སྦྱོང་། །གཉིས་སྣང་འཁོར་བའི་རྒྱུན་ལམ་བསལ། །ཡེ་ཤེས་ཆེན་པོའི་རྦ་རླབས་ཀྱིས། །མ་རིག་མཚན་མའི་རྙོག་མ་གྲུང་། །དངོས་དང་དངོས་མིན་སྒྲིབ་པའི་ཚོགས། །མ་ལུས་སྦྱང་བའི་མཚམས་གཅད་བྱའོ། །བཾ་མ་ཧཱ་མཎྜ་ལ་མུ་ཏྲ་བྷེ་ས་མ་ཡེ་ཧཱུཾ། རཾ་འབར་བའི་རྒྱལ་པོ་མེ་ཡི་དཔུང་། །བདག་གི་དྲོད་ཀྱི་རང་བཞིན་ཏེ། །གསལ་ཞིང་བསྲེག་པའི་མཐུ་སྟོབས་ལྡན། །སྣོད་བཅུད་ཁམས་ཀྱི་རང་བཞིན་ཀུན། །ཕྱོགས་བཅུ་ཀུན་ཏུ་འབར་བ་ཡིས། །ཉོན་མོངས་རྣམ་རྟོག་བུད་ཤིང་བཅས། །མ་ལུས་སྲེག་བྱེད་ཚ་བ་ཡིས། །གནས་ངན་ལེན་གྱི་ཕུང་པོ་བསྲེག །ཡེ་ཤེས་མེ་དཔུང་འབར་བ་ནི། །བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །བསྐལ་པའི་མེ་ཆེན་ཁ་དོག་ལྔ། །མ་ལུས་བསྲེགས་ཏེ་མཚམས་གཅད་བྱའོ། །ཧཱུཾ་བཛྲ་སྥོ་ཊ་ཡ་ཛྭ་ལ་སྟམྦྷ་བ་ཏ་མ་ཧཱ་ཙརྱ་ཧཱུཾ། ལཾ་ཁམས་གསུམ་བརྟན་པའི་ས་གཞི་ནི། །བདག་ཉིད་ཤ་ལས་གྱུར་པ་སྟེ། །བརྟན་ཞིང་མི་གཡོ་རྣམ་པར་བརྗིད། །འཇིག་རྟེན་མཐུ་ཆེན་ཀུན་གྱིས་ཀྱང་། །གཞིག་ཅིང་སྨད་པར་མི་ནུས་ཏེ། །རྡོ་རྗེ་འབར་བ་ཆེར་འབར་བ། །དཔལ་ལྡན་སྟོང་གསུམ་སྲིད་པའི་གཞི། །ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི། །རྒྱལ་བའི་བཞུགས་གནས་ཕོ་བྲང་སྟེ། །


DNG014_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་ཆེན་རབ་ཏུ་བརྟག །མི་འགྱུར་མི་ཤིགས་ཡོངས་སུ་བརྟག །བདག་ཉིད་ཆེན་པོའི་མཚམས་གཅད་བྱའོ། །བྷྲཱུཾ་མ་ཧཱ་ས་མ་ཡ་བུཌྜྷ་ལོ་ཙ་ན་ས་མ་ཨ་ལཾ་ཀ་ཧཱུཾ། ཡེ་ཤེས་འབྱུང་བ་ཆེན་པོ་ལྔ། །བསྲེག་དང་གཏོར་དང་བཀྲུ་བ་ཡིས། །ཅིས་ཀྱང་གཞིག་པར་མི་ནུས་པའི། །སྟོང་པ་ཆེན་པོའི་བདག་ཉིད་ཀྱིས། །ཇི་བཞིན་འདོད་པ་རབ་བསྒྲུབ་པའི། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཚིག་ཏུ་བརྗོད་པའི་དོན་བསམས་ཤིང་། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །སྣོད་བཅུད་རྣམ་རྟོག་རབ་སྦྱང་བས། །བར་གཅོད་འདུལ་བའི་མཚམས་བཅད་དོ། །དེ་ནས་ནང་དུ་མཚོན་ཆ་ལྔ། །མི་བཟད་འབར་བའི་མཚམས་བཅད་པ། །ཧེ་རུ་ཀ་ཡི་ཐུགས་ཀ་ནས། །རྡོ་རྗེ་འཁོར་ལོ་ཐོ་བ་དང་། །རལ་གྲི་ཕུར་པའི་རང་བཞིན་དག །ཧཱུཾ་ཨོཾ་ཕཊ་ཨཱཾ་ཧཱ་ལས་འཕྲོས། །སྟེང་འོག་ཕྱོགས་བཞི་མཚམས་དང་བཅུ། །ཐམས་ཅད་མཚོན་ཆའི་རང་བཞིན་ཏེ། །འོག་ནས་ས་གཞི་གཏམས་པ་སྟེ། །སྟེང་ནས་སྤྲིན་འཁྲིགས་ཆར་དུ་འབེབས། །བར་སྣང་རླུང་བསྐྱེད་ཐོག་ལྟར་རྒྱུ། །ཕྱོགས་མཚམས་འདུ་འཕྲོ་མེ་ལྟར་འབར། །རྡོ་རྗེ་འབར་བ་གསོར་ཞིང་བརྡེག །འཁོར་ལོ་འབར་བ་བསྐོར་ཞིང་གཅོད། །ཐོ་བ་འབར་བ་འཕྱར་ཞིང་བརྡུང་། །རལ་གྲི་འབར་བས་གཅོད་ཅིང་གཏུབ། །ཕུར་པ་འབར་བས་འདེབས་ཤིང་འབིགས། །བར་གཅོད་བྱེད་པ་བགེགས་ཀྱི་ཚོགས། །མ་ལུས་རྡུལ་དུ་བརླག་པར་བྱ། །ཨོཾ་ཛྙཱ་ན་ཙཀྲ་ཛྭ་ལ་ཧཱུཾ། ཛྙཱ་ན་བཛྲ་ཛྭ་ལ་ཧཱུཾ། ཛྙཱ་ན་ཏཱིཀྵྞ་ཛྭ་ལ་ཧཱུཾ། ཛྙཱ་ན་ཤཀྟི་ཛྭ་ལ་ཧཱུཾ། ཛྙཱ་ན་ཀཱི་ལ་ཡ་ཛྭ་ལ་ཧཱུཾ། ནང་དུ་ཁྲོ་བོ་རིགས་ལྔ་ནི། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ནི། །ཞི་བས་འདུལ་བར་མི་ནུས་ཏེ། །ཐུགས་རྗེ་ཆེན་པོའི་ཐབས་མཆོག་གིས། །ཐུགས་མཆོག་ཞི་བའི་ངང་ཉིད་ལས། །སྐུ་ཡི་ཆ་ལུགས་ཁྲོ་བར་མཛད། །རྒྱུ་འབྲས་གནོད་པ་དེ་འདུལ་ཕྱིར། །རིགས་ཀྱི་ཁྲོ་ཆེན་འབར་བ་ལྔ། །དབུས་དང་ཕྱོགས་བཞི་དཀྱིལ་འཁོར་རྣམས། །སྟོང་གསུམ་འཇིག་རྟེན་ཁམས་ཀུན་གྱི། །དངོས་པོ་རྫས་དང་མཚན་མ་ཀུན། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །པདྨ་ཕྲིན་ལས་ཁྲག་འཐུང་སྟེ། །ཐམས་ཅད་དཔལ་ཆེན་ཧེ་རུ་ཀ །ཁྲོ་བོའི་ཚོགས་ནི་ནམ་མཁའ་གང་། །ཁྲོ་མོའི་ཚོགས་ཀྱིས་ས་གཞི་ཁྱབ། །ཁྲོ་ཆུང་ཚོགས་ནི་སྐར་ལྟར་འཁྲུགས། །དམ་ཚིག་ཅན་ནི་དབྱིངས་


DNG014_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞེངས། །སངས་རྒྱས་ཁྲོ་བོས་གཏི་མུག་འདུལ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་འཇོམས། །རིན་ཆེན་ཁྲོ་བོས་ང་རྒྱལ་འཇོམས། །པདྨའི་ཁྲོ་བོས་འདོད་ཆགས་འཇོམས། །ཕྲིན་ལས་ཁྲོ་བོས་ཕྲག་དོག་འཇོམས། །དྲི་ཟ་གཤིན་རྗེ་ཀླུ་རྣམས་དང་། །ཕྱོགས་མཚམས་གནས་པ་བགེགས་ཀྱི་ཚོགས། །འཇིག་རྟེན་ཕྱོགས་བཅུ་གཞན་དུ་བྱེར། །འདི་ནི་དཔལ་གྱི་ཕོ་བྲང་སྟེ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཨོཾ་སརྦ་ཏ་ཐཱ་ག་ཏ། མ་ཧཱ་བུཌྜྷ་བཛྲ་རཏྣ་པདྨ་ཀརྨ་མཎྜ་ལ་བི་ཛ་ཡ་པཉྩ་ཀྲོ་དྷ་ཧཱུཾ་ཕཊ། ཧཱུཾ་ཁྲོ་རྒྱལ་ཀུན་གྱི་ཡེ་ཤེས་ནི། །ཞེ་སྡང་ང་རྒྱལ་ཕྲག་དོག་དང་། །འདོད་ཆགས་གཏི་མུག་ངང་གིས་དག །གཏི་མུག་དཔལ་ཆེན་ཧེ་རུ་ཀ །ཆོས་དབྱིངས་ཡེ་ཤེས་ངང་དུ་གསལ། །ཀུན་ཏུ་མ་བཅོས་མཐའ་དང་བྲལ། །ཞེ་སྡང་དཔལ་ཆེན་ཧེ་རུ་ཀ །གཟུགས་བརྙན་ཡེ་ཤེས་ངང་དུ་གསལ། །མ་ནོར་མ་ལུས་མཁྱེན་པའི་ངང་། །ང་རྒྱལ་དཔལ་ཆེན་ཧེ་རུ་ཀ །མཉམ་ཉིད་ཡེ་ཤེས་ངང་དུ་གསལ། །གཉིས་སུ་འཛིན་པའི་བལྟ་བ་བྲལ། །འདོད་ཆགས་དཔལ་ཆེན་ཧེ་རུ་ཀ །རྟོག་པའི་ཡེ་ཤེས་ངང་དུ་གསལ། །ཆོས་ཀུན་འུབ་ཆུབ་ཁོང་དུ་ཆུད། །ཕྲག་དོག་དཔལ་ཆེན་ཧེ་རུ་ཀ །ཕྲིན་ལས་སྣ་ཚོགས་ངང་དུ་གསལ། །ཐམས་ཅད་མ་གྲུབ་གང་ཡང་མེད། །ཆོས་སྐུ་སྤྲོས་བྲལ་ཆེ་བའི་མཆོག །ལོངས་སྤྱོད་རྫོགས་སྐུ་ཧེ་རུ་ཀ །སྤྲུལ་སྐུ་ཁྲོ་བོ་ཁྲོ་མོའི་ཚོགས། །རང་བཞིན་མི་འགྱུར་རྡོ་རྗེའི་སྐུ། །ཕྲིན་ལས་མངོན་པར་བྱང་ཆུབ་སྐུ། །ཐམས་ཅད་སྐུ་དང་ཡེ་ཤེས་ལ། །བགེགས་སུ་རྟོག་པ་གང་ཡང་མེད། །བསྲུང་བར་བྱ་དང་སྲུང་བྱེད་མེད། །གཅད་དང་གཅོད་བྱེད་གང་ཡང་མེད། །བདག་དང་བདག་གིར་འཛིན་པ་མེད། །འདི་ལ་བསལ་དུ་ག་ལ་ཡོད། །རང་གི་སེམས་དང་གཞན་གྱི་སེམས། །ཐམས་ཅད་ཆོས་སྐུའི་ངང་དུ་ཤེས། །ཆོས་སྐུ་ཀུན་བཟང་ཧེ་རུ་ཀ །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ལས། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙ་ན་ཀཱ་ཡ་པཉྩ་བོ་དྷི་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། སྲུང་བ་ཆེན་པོའི་སྦྱོར་བའོ། །དེ་ནས་བདེ་བར་


DNG014_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་རྣམས་ཀྱིས། །ཡོན་ཏན་མ་ལུས་རྫོགས་པ་ཡི། །བྱིན་གྱིས་བརླབས་པའི་བསྒྲུབ་པ་ཆེ། །འཆི་མེད་བདུད་རྩིའི་ལུང་བཤད་པ། །ཐོག་མར་འདི་ལ་རྩོམ་པ་ཡིས། །ང་ཡིས་སྔོན་དུ་རབ་བཤད་པའི། །མཚན་ཉིད་རབ་རྫོགས་སྐྱེས་བུ་དེ། །དཔའ་ཞིང་བརྟུལ་ཕོད་བློ་དང་ལྡན། །རིགས་བཟང་ཡོན་ཏན་རྒྱན་དང་ལྡན། །མ་ལུས་ཐོབ་པ་དེ་ཡིས་ནི། །ཐབས་དང་ཤེས་རབ་གྲོགས་བཟང་བཙལ། །ཇི་སྲིད་སྤང་བྱ་མ་ལུས་པས། །སངས་རྒྱས་དྲང་སྲོང་གྲུབ་པ་དང་། །རྡོ་རྗེ་ཕྲ་མེན་སྦྱོར་གནས་དང་། །དུར་ཁྲོད་ཆེན་པོ་མངོན་དུ་རྒྱུ། །དམ་ཚིག་ཅན་གྱི་གྲོགས་བྱེད་ཅིང་། །བཀྲ་ཤིས་རྫས་ཀྱིས་རབ་བརྒྱན་པ། །འབྱུང་ཆེན་དང་ནི་དྲེགས་ཆེན་དང་། །མི་དང་མི་མིན་དགྲ་མེད་ཅིང་། །ཕུན་སུམ་ཚོགས་པ་གཙང་མ་དེར། །ལེགས་པར་བརྟག་སྟེ་ངེས་བཟུང་ཞིང་། །ཀུན་ལ་གནང་བ་ཐོབ་པ་དང་། །ཐབས་ཀྱི་ཆོ་གས་ལེགས་པར་སྦྱང་། །ཡོ་བྱད་མཆོག་གིས་བསྙེན་བཀུར་ཞིང་། །ཐོག་མ་བར་དང་མཐར་རྫོགས་པའི། །མི་ཟད་གཏེར་དང་ལྡན་པར་བྱ། །སྔོན་འགྲོ་དཀྱིལ་འཁོར་གྲུ་གསུམ་ལ། །བདུད་རྩི་འཁྱིལ་པའི་ཕུར་པ་གདབ། །ཕྱོགས་བཅུ་ཀུན་ནས་བསྲུང་བྱ་ཞིང་། །ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན། །རྡོ་རྗེ་ཁྲོ་བོའི་ལུས་ངག་གིས། །ཏིང་འཛིན་བྱིན་བརླབ་རབ་ཏུ་བསྐོར། །གཞལ་མེད་ཁང་པ་ལེགས་པར་བསྒོམ། །མཆོག་དང་དམན་དང་བར་མ་ཡིས། །ཡུལ་གསུམ་མཆོད་པས་ཀུན་མཉེས་ནས། །སྒོ་གསུམ་གྱི་ནི་ཉེས་པ་སྦྱང་། །རང་གི་རིགས་ཀྱི་ལྷར་བརྟགས་ནས། །ཕྱོགས་བཞིར་རྟེན་བཞི་མངའ་གསོལ་ཞིང་། །ཕྲིན་ལས་ཇི་ལྟར་བསྔགས་པ་གསོལ། །ནང་དུ་བྱ་བའི་རིམ་པ་དང་། །གསང་ཞིང་བྱ་བ་རྣམས་ཀྱིས་སྤྱད། །དུར་ཁྲོད་བདག་པོ་དེར་དགུག་ཅིང་། །གསད་དང་གནན་དང་བསྲུང་བར་བྱ། །དེ་ཉིད་གཞིར་གྱུར་ས་གཞིར་བྱ། །ལུས་ཀྱི་ཚད་ལྡན་མཉམ་པ་ལ། །ལུས་དྲི་མདོག་བཟང་རྣམས་ཀྱིས་བསྟར། །ཤེས་རབ་གྲོགས་ཀྱིས་རབ་འབད་དེ། །གནས་ལྔ་མཁའ་གསང་བྱིན་གྱིས་བརླབ། །དྲི་དང་རྒྱན་གྱིས་རབ་བགོས་ཏེ། །རྒྱུ་དང་ཁ་དོག་ཚུལ་ལྡན་པའི། །ཐིག་སྐུད་རྡོ་རྗེར་བྱིན་བརླབ་བརྗོད། །རྡོ་རྗེ་དང་ནི་པདྨ་ཆེ། །ཨོཾ་དང་


DNG014_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཞེས་བྱ་བ་ཡིས། །ཨོཾ་ཧྲཱྀཿཨ་དང་ཕཊ་ཀྱིས་བརྒྱན། །འབྲུ་ལྔ་དང་ནི་བྱང་ཆུབ་སེམས། །ཨོཾ་ཨཱཿཧཱུཾ་གི་རང་བཞིན་གྱིས། །ཆོ་ག་གསུམ་དང་ལྡན་པས་གདབ། །མཁའ་དང་གསང་བའི་འཕྲོ་འདུ་ཡིས། །དཀྱིལ་འཁོར་དགུའམ་ལྔ་ལས་ནི། །བཅུ་དྲུག་ཆ་ཡིས་ཕྱེ་ཞིང་གསལ། །ཞི་དང་ཤིན་ཏུ་ཞི་དང་ཁྲོ། །རྣམ་གྲངས་ཀུན་ཏུ་ཁྱབ་པ་ཡི། །རིན་ཆེན་ཡེ་ཤེས་ཚོན་སྣ་ལྔས། །ངས་བཤད་བཞུགས་པའི་ཕོ་བྲང་བཞེངས། །བསྙེན་པར་གནང་བ་བཤད་བཞིན་དུ། །སྐུ་རྫོགས་ཕྱག་མཚན་སྙིང་པོ་ལ། །རང་གི་རིགས་ཀྱི་མཚན་མ་ཡིས། །རྫས་ཀྱི་ཁྱད་པར་མངོན་པར་དབྱུང་། །ཕྱི་ནང་གསང་བ་བུམ་པའི་རྫས། །ཁྱད་པར་འདི་ལ་བསྔགས་པ་ཡི། །ཡེ་ཤེས་ལྔ་ལྡན་དབུས་སུ་དགོད། །སྐུ་གསུམ་ལྷུན་གྲུབ་ཤར་དུ་སྟེ། །ཡིད་བཞིན་གཏེར་ལྡན་ལྷོ་རུའོ། །ཁམས་གསུམ་སྒྲོལ་མཛད་ནུབ་ཏུ་སྟེ། །ཆོ་འཕྲུལ་རྟགས་འབྱིན་བྱང་དུ་དགོད། །མི་ཤིགས་མཛོད་ལྡན་ཤར་ལྷོ་སྟེ། །སྲིད་གསུམ་ཡོངས་སྒྲོལ་ལྷོ་ནུབ་ཏུའོ། །དུག་གསུམ་གཏན་དཀྲུག་ནུབ་བྱང་དུའོ། །མཚན་མ་སྤྲོས་བྲལ་བྱང་ཤར་དུའོ། །སོ་སོའི་མིང་གི་མཚན་མ་དག །རིགས་ཀྱི་རྫས་མཆོག་རྣམ་པ་ལྔ། །རྩ་བ་དང་ནི་ཡན་ལག་བཅས། །རྫས་ཀྱི་རྣམ་པ་དེ་སྦྱར་བྱ། །ཁ་དོག་རིགས་དང་མཐུན་པས་བཅིང་། །དུར་ཁྲོད་སྲུང་བའི་རྫས་ཀྱིས་བསྐོར། །ཐུན་མོང་མཆོད་རྫས་རྒྱས་པར་བཤམ། །ཞི་བ་གྷ་ན་ཏ་ནའི་དུས། །ཕྱོགས་བཞི་དག་ན་རབ་བརྟན་པའི། །དུར་ཁྲོད་རྫས་དང་མར་མེ་དང་། །ཡུམ་དང་ཡབ་དང་རྒྱུ་མཆོག་སྔགས། །ང་ཡིས་སྔོན་བཤད་རིགས་བརྒྱ་དང་། །བརྒྱ་ཕྱེད་ལྔ་དང་གཅིག་ཉིད་ཀྱི། །གནས་མཆོག་གསུམ་དུ་འབྲུ་གསུམ་གྱིས། །རི་བོང་འཛིན་པའི་སྟེང་དུ་གསལ། །ཡེ་ཤེས་ལྔ་དང་སྐུ་མཆོག་དང་། །ཡབ་ཡུམ་ཐུན་མོང་དབུ་རྒྱན་གསལ། །དགུག་གཞུག་བསྡིམ་པ་ཚང་བྱས་ནས། །དམ་ཚིག་དབང་ཆེན་རྣམས་ཀྱིས་བསྔགས། །རྣམ་པར་རྟོག་པ་ཀུན་སྦྱང་སྟེ། །བསྙེན་པ་དམ་པས་ཉེ་བར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ། ར་སཱ་ཡ་ན་ཏ་ན་ཛ་ཡ། གུ་ཧྱ་སིདྡྷི་ཧཱུཾ་ཧྲཱྀཿཋ། སྨན་རྣམས་ཐམས་ཅད་བདུད་རྩི་ལྔ། །


DNG014_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་སྣ་ཚོགས་སྐུ་གསུང་ཐུགས། །གསང་བའི་དངོས་གྲུབ་ཉེ་བའོ། །སྨན་དང་དམ་ཚིག་ལྷ་རྣམས་ནི། །ཀུན་དང་རྒྱས་ལྡན་དམ་པས་སྦྱང་། །སྟེང་རྫོགས་མཆོད་བསྟོད་ཏིང་འཛིན་གསལ། །བསྐྲད་དང་བསྲུང་དང་བར་ཆད་བཟློག །རྟགས་རྫོགས་ཐོད་པ་ལྔར་དབྱེ་ཞིང་། །རིགས་ལྔའི་དམ་ཚིག་དབབ་པ་ནི། །རྫས་མཆོག་རྣམ་པ་ལྔ་དབྱེ་བ། །དབུས་སུ་སེམས་འདུ་རྩ་བ་བརྒྱད། །ག་པུར་ཅུ་གང་ཛཱ་ཏི་དང་། །གུར་གུམ་སུག་སྨེལ་ལི་ཤི་དང་། །ཀ་ཀོལ་ཐལ་ཀར་རྡོ་རྗེ་དང་། །ཤཱ་རཱི་རམ་དང་བཅས་ཏེ་དགོད། །ཤར་དུ་དྲི་ཆེན་ཨ་རུ་ར། །ཨ་ག་རུ་དང་ཛཱ་ཏི་དང་། །དུ་རུ་ཀ་ལ་སོགས་པ་དགོད། །ལྷོ་རུ་མཱཾ་ས་སྙིང་སྣ་ཚོགས། །ཞོ་ཤ་རྣམས་དང་ཙི་ཏྲ་ཀ །ཀ་ཀོ་ལ་ལི་སོགས་པར་དགོད། །ནུབ་ཏུ་པདྨ་རཀྟ་དང་། །ཙན་དན་ལི་ཤི་སྐྱུ་རུ་ར། །རྒུན་འབྲུམ་སྟར་བུ་ལ་སོགས་དགོད། །བྱང་དུ་དྲི་ཆུ་སྣ་ཚོགས་དང་། །གུར་གུམ་ཅེ་པོག་ལ་སོགས་ཏེ། །རྩ་བ་ལོ་མ་མེ་ཏོག་འབྲས། །ལུས་བཅུད་དབང་པོ་ཡན་ལག་དང་། །རྩ་ཁྲག་ཆུ་ལ་སོགས་པ་ཀུན། །ཤར་ལྷོ་ནུབ་བྱང་ཕྱོགས་དང་དབུས། །རང་གི་རིགས་དང་འཁོར་དུ་དགོད། །ཡཾ་རཾ་ལས་ནི་བསྐྱོད་དང་བསྲེག །དབུས་སུ་ཨ་མཾ་ཉི་ཟླ་ལ། །ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ་ཞེས་པ། །དཀར་མཐིང་སེར་དམར་ལྗང་གུ་དབུས། །ཤར་ལྷོ་ནུབ་བྱང་རིམ་བཞིན་བསྐྱེད། །འོད་ལྡན་རྒྱུད་ལྔ་སྦྱོང་བྱེད་ཅིང་། །སྣོད་བཅུད་རབ་བསྡུས་མཚན་མ་ནི། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲིའི་འཕྲོ་འདུ་དང་། །སྐུ་ལྔ་ཡུམ་དང་བཅས་པ་ཡིས། །གསལ་བའི་སྣོད་དུ་བླངས་ནས་ཀྱང་། །རྡོ་རྗེ་པདྨའི་འཕྲོ་འདུ་དང་། །སོ་སོའི་རིགས་ཀྱི་སྙིང་པོ་དང་། །ཚོགས་ལྔ་ཡེ་ཤེས་ལྔ་དང་བཅས། །ཆང་ཆུ་འོ་མ་རིན་ཆེན་ཆུ། །མཚམས་བཞིན་སོ་སོའི་འདུལ་སྦྱོང་གིས། །རྟགས་དང་ལྡན་པར་གྱུར་པ་དང་། །གཉིས་མེད་གསང་ཆེན་རིགས་གཅིག་གི། །རྡོ་རྗེ་སེམས་དཔའ་ཉིད་དུ་བསྒོམ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ། བཛྲ་ཙིཏྟ་ས་མ་ཧཱུཾ། ཞུ་བའི་ངོ་བོ་ཉིད་དུ་བྱ། །སྦྱོར་བའི་ནུས་རྟགས་རྫོགས་པ་དང་། །མཆོད་བསྟོད་དངོས་གྲུབ་བླང་ལ་སོགས། །ཤེས་རབ་ཀྱིས་ནི་


DNG014_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཉེས་བྱ། །ཕོ་བྲང་མཆོག་ལ་རྫས་ཀུན་བསྡུས། །མཉམ་ཉིད་ཐུགས་ལ་བསྡིམ་ཞིང་སྦྱང་། །ཞིང་དང་རྒྱུ་ཡང་རབ་ཏུ་དགུག །གནས་ངན་སྦྱང་ཞིང་བྲོད་པ་བསྐྱེད། །ཡི་གེ་སྐུ་ལྔའི་འཕྲོ་འདུ་ལས། །ཕྲིན་ལས་གསུམ་གྱི་དོན་ཀུན་རྫོགས། །ལྷ་དང་དཀྱིལ་འཁོར་རྫས་རྣམས་ཀུན། །དུར་ཁྲོད་ཆེན་པོའི་གསང་བ་མཆོག །དཔལ་གྱི་ཁྲོ་རྟགས་ཆ་ལུགས་བསྐྱུར། །པགས་པ་གཡང་གཞི་མཆོག་སྟེང་དུ། །དྲི་མཆོག་བདུད་རྩི་ལྔ་ཡིས་བསྒོ། །དཀར་དམར་སེམས་ཀྱི་ཐིག་ལེ་བྲི། །རྡོ་རྗེ་གིང་ཆེན་ཆས་སུ་གཞུག །མཁའ་གསང་ཐབས་དང་ཤེས་རབ་ཀྱིས། །བྱིན་རླབས་བདུད་རྩི་འཁྱིལ་པ་ལས། །གཙོ་ཆེན་དང་ནི་འཁོར་གྱི་ཚོགས། །རང་གི་རིགས་དང་མཚུངས་པ་ཡིས། །ཡེ་ཤེས་བདུད་རྩི་དབབ་པར་བྱ། །སྦྱོང་བའི་བསྙེན་པས་བཞུ་ཞིང་བཏུལ། །མཚན་རྟགས་ལས་སུ་རུང་བ་དང་། །མཚན་མ་དབྱིངས་སུ་སྦྱང་བའི་ཕྱིར། །གཙོ་འཁོར་རིམ་བཞིན་ཕྱག་རྒྱས་དབབ། །བཏག་བཙག་སྦྱང་དང་སྤེལ་བ་ནི། །ཤར་ལྷོ་ནུབ་བྱང་ཕྱོགས་རིམ་བཞིན། །སྔགས་ཕྲེང་བཅས་པས་མཐར་ཕྱུང་སྟེ། །བདུག་ཅིང་བསྐྲད་དང་བསྲུང་བ་དང་། །གླུ་བྲོ་གར་དང་མཆོད་བསྟོད་བྱ། །ཁྲོ་བཅུའི་ང་རྒྱལ་སྟངས་སྟབས་ཀྱིས། །ཡོན་ཏན་བརྗོད་ཅིང་ཞི་བས་བསྐྲད། །ཡི་གེ་འབྲུ་ལྔས་བཞུ་དང་བཏུལ། །ཕྲིན་ལས་རྣམ་བཞིའི་སྲེག་སྦྱང་ལས། །རྫས་ཀྱི་ཕྲད་ཀྱིས་མཉེས་པར་བྱ། །མཚན་ལྡན་ཡུམ་དེ་བརྒྱན་བྱས་ནས། །བཟང་པོའི་སྣོད་དུ་རྒྱས་བཏབ་ནས། །རྡོ་རྗེ་རྒྱལ་པོ་ལྔ་ཡིས་བཟུང་། །སྟོང་པ་ཉིད་དང་སྙིང་རྗེ་དང་། །སེམས་གསུམ་དག་པའི་བྱིན་རླབས་དབབ། །ཕྱི་ནང་འབྱུང་བ་ཡོངས་རྫོགས་པས། །དུར་ཁྲོད་རྒྱན་རྫོགས་གཞལ་ཡས་ཁང་། །ཕོ་བྲང་ཆེན་པོ་དགུ་བསམས་ནས། །རང་གི་གདན་སྟེང་ས་བོན་གྱིས། །ང་ཉིད་ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་དབྱིངས་ཕྱུག་མ་དང་སྦྱོར། །ཕྱོགས་ཀུན་ཏུ་ནི་དཀྱིལ་འཁོར་དབྱུང་། །ཕྱོགས་མཚམས་བརྒྱད་དུ་འཁོར་བཅས་དགོད། །བདུད་རྩི་འཁྱིལ་དང་པདྨར་འཁྱིལ། །དེ་ཡི་པདྨའི་འདབ་མ་ལ། །གསང་བ་རིགས་བཞི་ཡུམ་དང་བཅས། །སྟེང་འོག་


DNG014_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་དང་པདྨར་འཁྱིལ། །རླུང་དང་མེ་ཡི་སྦྱོར་བ་ལས། །གཞལ་མེད་ཁང་པ་བརྒྱད་དབུས་སུ། །གཙོ་ཆེན་བརྒྱད་ཀྱི་དབུ་གསུམ་བརྫིས། །དེ་སྟེང་བདག་ཉིད་ཧེ་རུ་ཀ །ཞབས་བཞི་ཡིས་ནི་རབ་ཏུ་མནན། །མཁའ་མཉམ་ཀློང་གི་ཞབས་བརྒྱད་ཀྱིས། །ཧེ་རུ་ཀ་བརྒྱད་དབུ་གཉིས་མནན། །དབུ་ཕྱེད་རྔུབ་པའི་བདག་ཉིད་ལས། །ཉི་ཤུ་རྩ་གཅིག་བཞི་བཅུ་གཉིས། །ཞབས་བརྒྱད་དབུ་བརྒྱད་རྣམས་སྦྱོར་བ། །རྫོགས་བྱེད་ཧེ་རུ་ཀ་ཉིད་ནི། །དབུ་མའི་ལྗགས་ལ་ས་ནུ་སྦྱོར། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། །བུམ་པའི་དབུས་ལ་འབྲུ་དགུས་བསྐོར། །འདི་ནི་སྦྱོར་བའི་དཀྱིལ་འཁོར་བདུན། །རང་བཞིན་དཀྱིལ་འཁོར་བརྒྱད་དང་ལྡན། །ཧེ་རུ་ཀ་ཡི་ང་རྒྱལ་ལྡན། །ཡེ་ཤེས་དཀྱིལ་འཁོར་ཚོགས་དགུག་ཅིང་། །སླར་བསྡིམ་མཆོད་ཅིང་བསྟོད་བྱས་ནས། །བྱ་བ་ཆེན་པོ་དེར་འཇུག་པས། །བདག་ཉིད་དེར་སྦྱང་སྔགས་དང་བཅས། །ཏིང་འཛིན་མེ་དཔུང་རླུང་གིས་བསྐྱོད། །དོན་རྟོགས་དཔེ་དང་ལྡན་པ་ནི། །ཡེ་ཤེས་ཆེན་པོའི་བདུད་རྩི་སྟེ། །མུ་ཏིག་དཀར་པོ་དྲི་མེད་ལྡན། །དཀྱིལ་འཁོར་རིམ་བཞིན་བཞུ་ཞིང་བཏུལ། །མངའ་མཛད་བཅུ་གཉིས་དང་ལྡན་པའི། །འཕྲོ་འདུ་གསུམ་གྱིས་དོན་ཆེན་བསྒྲུབ། །དེ་འདྲའི་སྦྱོར་བ་དཔག་མེད་ཀྱིས། །རིམ་བཞིན་ཐབས་ཀྱི་ཡན་ལག་ལས། །བརྩོན་འགྲུས་སྟོབས་ཀྱིས་འབད་པ་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྣམས་ཀྱིས་གཙོར་བྱས་ནས། །འོད་དང་དུ་བ་སྒྲ་དང་དྲི། །གཟུགས་སྣང་འཕེལ་བ་རབ་ཏུ་སྟོན། །དེ་ལ་མཆོད་བསྟོད་རྒྱ་ཆེན་བྱ། །ཏིང་འཛིན་བསྐྱེད་ཅིང་བར་ཆད་བཟློག །སྔགས་པ་མཆོག་གིས་གཟུང་བར་བྱ། །འདོད་པ་རྫོགས་ནས་བསྐྱིལ་བར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཋ། བརྒྱ་རྩ་བརྒྱད་ཀྱིས་ཏིང་འཛིན་བསྐྱར། །ཕོ་བྲང་ཆེན་པོར་དབབ་བྱ་ཞིང་། །ཨོཾ་ཨ་མྲྀ་ཏ་ས་མ་ཡ་བྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུཾ་ཧྲཱྀཿཋ། བར་དུ་སྤོགས་ཤིང་ཏིང་འཛིན་གསལ། །དངོས་གྲུབ་གཉེར་ཞིང་གསོལ་བ་གདབ། །ཕོ་བྲང་དགུ་ཡི་སྟེང་གཞུག་ནས། །ལས་དང་མཐུན་པའི་དབང་རྫས་བསྐུར། །ཕྱོགས་བཅུར་གནས་


DNG014_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉེ་བའི་ལྷ། །ལྷག་འགྱུར་བླ་མ་དུས་གསུམ་མཆོད། །དེ་བཞིན་བདག་གིས་དངོས་གྲུབ་བླང་། །རེ་དོགས་སྤང་སྟེ་ཕྱག་རྒྱ་སྤེལ། །དམིགས་མེད་གསུམ་གྱིས་དེ་ལ་སྦྱར། །ཨ་ཧོ་སུ་ཁ་དྷརྨཱ་ཀཱ་ཡ་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧྲཱྀཿཋ། ཉི་མའི་རྡོ་རྗེ་ཧཱུཾ་ལྡན་བཅས། །རིན་ཆེན་དབང་པོའི་སྒོ་ལ་ཐིམ། །རིགས་ཀུན་སོ་སོར་གནང་བ་དང་། །རྡོ་རྗེ་སློབ་མས་མེ་ཏོག་གཏོར། །རིམ་པ་བཞིན་དུ་དབང་སྦྱིན་པ། །སྐུལ་ཚིག་དབྱངས་དང་སྔགས་རྫས་བཅས། །ཕྱི་ནང་གནང་བ་དེ་ཉིད་ཚུལ། །ཡུལ་གསུམ་མཉེས་ཕྱིར་གསུམ་དུའོ། །མཆོད་རྫས་ཆེན་པོ་བསྟར་བ་ཡང་། །བསྲེག་ཅིང་མཆོད་དེ་གཏོར་ཆེན་ལ། །འཕགས་པ་མཆོད་ཅིང་གདོད་ལོངས་སྤྱད། །རི་ལུ་ལྕགས་སམ་ཟ་མ་ཏོག །ཐོག་མའི་སྣོད་གཞུག་བསྙེན་ཅིང་བཀུར། །རྒྱལ་སྲས་བྱང་ཆུབ་སེམས་དཔར་འགྱུར། །ཉན་ཐོས་རང་སངས་རྒྱས་ལ་སོགས། །བསྐལ་པ་གྲངས་མེད་སྐད་ཅིག་གིས། །མཉམ་དང་ཆོས་ལྷག་ཡོན་ཏན་རྫོགས། །ཕྲིན་ལས་རྣམ་བཞི་ལེགས་བཤད་ཅིང་། །ཕྱི་ནང་ཀུན་མཉེས་གཏང་རག་གཏང་། །གནས་བསྲུང་ལྷ་གཞན་དེར་མི་བསྟོད། །ཀུན་གྱི་དོན་དུ་བསྔོ་བྱ་ཞིང་། །མཚན་མ་སྤྲོས་བྲལ་དངོས་ཡིན་ནོ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་ཏེ། །མཉམ་ཉིད་རྟོགས་པ་ཁོ་ནས་འགྲུབ། །ཉོན་མོངས་དུག་རྣམས་སྨན་དུ་བསྒྱུར། །ཡེ་ཤེས་ལྔ་ཡི་ལོངས་སྤྱོད་ལ། །རྫས་ཀྱི་དུག་རྣམས་སྨོས་ཅི་དགོས། །དཔེ་དོན་བརྡ་དང་རྟགས་ཡིན་ནོ། །གདུལ་བྱའི་རིགས་ལ་ཁ་དོག་ལྔ། །བསྡུས་པ་ཡོན་ཏན་གསེར་ལྟ་བུ། །རྣམ་དག་དཔེ་མཚོན་དཀར་པོ་སྟེ། །ཆགས་ཆེན་དབང་ནི་དམར་པོར་སྣང་། །ཕྲིན་ལས་ཀུན་རྫོགས་ལྗང་གུའོ། །དོན་ལྡན་མི་འགྱུར་མཐིང་ནག་སྟེ། །མ་ལུས་ཀུན་རྫོགས་དྲི་ཡིན་ནོ། །ཐམས་ཅད་རོ་གཅིག་དེ་ཡི་རོ། །དངོས་པོའི་རྫས་སུ་སྣང་བའི་བཅུད། །རང་བཞིན་ཡོན་ཏན་ཆེ་ལྡན་ལས། །བསྒྲུབས་པའི་ནུས་པ་བསམ་མི་ཁྱབ། །མ་ལུས་རང་གི་ལུས་སུ་འདུས། །རྣམ་པར་རྟོག་པ་ཡེ་ཤེས་སྨན། །སངས་རྒྱས་གཞན་དུ་བཙལ་བ་མེད། །དོན་རྟགས་ཆོས་དང་སྨན་གྱིས་ནི། །དཔལ་གྱི་མཛད་པ་དེ་སྦྱང་ངོ་། །ཧཱུཾ་ཞི་ཁྲོ་རྒྱལ་བ་ཡེ་ཤེས་སྐུ། །འགྲོ་ལ་ཕན་


DNG014_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཐུགས་རྗེ་ཅན། །སྲིད་པ་གསུམ་གྱི་གཉེན་གཅིག་པོ། །ལྷ་ཡི་ལྷ་རྣམས་དགོངས་སུ་གསོལ། །བདེ་བར་གཤེགས་པ་ཀུན་འདུས་པ། །སྤྲུལ་པ་རྒྱ་མཚོའི་ཚོགས་དང་བཅས། །མ་ལུས་འདུས་པ་མཁྱེན་པར་གསོལ། །བདག་ནི་རྒྱལ་སྲིད་ལོངས་སྤྱོད་དང་། །རང་འདོད་ནན་ཆེར་མི་བསྒྲུབ་ཅིང་། །འགྲོ་གཞན་དོན་དུ་འབད་རྩོལ་ན། །ཀུན་གྱི་དཔལ་དུ་འགྱུར་བར་བྱ། །ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་པས། །བདག་གཞན་ཀུན་གྱི་ལྷག་བསམ་མཁྱེན། །སྤྱན་སྔར་བདག་གིས་དམ་བཅས་པ། །རྣལ་འབྱོར་བསླུ་བར་མི་བགྱིའོ། །ཁེ་དང་གྲགས་པ་འཇིག་རྟེན་ཆོས། །གཡོ་སྒྱུ་ངན་པའི་སེམས་སྤངས་ནས། །ཀུན་ཏུ་བཟང་པོ་བྱང་ཆུབ་སེམས། །དོན་དམ་ཀུན་རྫོབ་ཚུལ་བཟུང་ངོ་། །སེམས་ཅན་ཐམས་ཅད་བདུད་གྱུར་ཏེ། །བདག་ལ་གནོད་པ་རབ་སྦྱར་ཀྱང་། །ཤེས་རབ་སྙིང་རྗེ་འདྲེལ་མས་བསྐྱང་། །ཡི་དམ་ལྷ་དང་བླ་མ་དང་། །མཆོད་བཟུང་ཐེག་པ་ཆེར་གནས་པ། །སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ། །སྣང་སེམས་རྨི་ལམ་སྒྱུ་མ་ལ། །འཆི་བས་འཇིགས་པ་མ་མཆིས་ཏེ། །སྐྱེ་བོ་གཞན་གྱི་དོན་འགྱུར་ན། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིས། །རང་དབང་དུ་ནི་སྐྱེ་བ་བླང་། །བདག་ནི་གཅིག་པུའི་ཞི་བདེ་ལ། །མྱུར་འགྲོའི་སྤྲོ་བ་མ་མཆིས་པས། །ཇི་སྲིད་འཁོར་བ་མ་སྟོངས་པར། །བསྐལ་པ་རྒྱ་མཚོར་མི་སྐྱོ་ཞིང་། །བྱང་ཆུབ་སེམས་ཀྱི་དཀའ་བ་སྤྱད། །ཤེས་རབ་ཐབས་ཀྱིས་དོན་མཛད་ཚེ། །འགྲོ་བ་ལས་ཀྱི་འདུལ་སྐལ་ལ། །སོ་སོའི་བློ་དང་སྐད་བཞིན་དུ། །ཇི་ལྟར་འཚམས་པ་དེ་བསྟན་ནོ། །རྣལ་འབྱོར་མཆོག་ལམ་ཞུགས་པ་ཡི། །སྐྱེས་ཆེན་རིག་པ་འཛིན་པ་རྣམས། །ནུས་པ་ཇི་སྙེད་ཤུགས་ཀྱིས་ནི། །བརྩོན་འགྲུས་འབད་པས་བསྙེན་བཀུར་རོ། །གསང་བ་ཐེག་པ་བླ་མེད་ལ། །རབ་སྡང་གདུག་པའི་ཚུལ་འཆང་བ། །ནུས་མཐུ་དྲག་རྩལ་ཅི་ཡོད་ཀྱིས། །མྱུར་དུ་སྒྲོལ་བར་བདག་འཚལ་ལོ། །དེ་ལྟའི་དུས་ཆེན་འདི་ཉིད་ནས། །ཐེག་ཆེན་བླ་མེད་ཐུག་གི་བར། །དཔལ་ཆེན་བདེ་བར་གཤེགས་རྣམས་ཀྱིས། །ཇི་ལྟར་དམ་བཅས་དེ་བཟུང་ངོ་། །ཞེས་བརྗོད་དོན་རྣམས་དམ་བཅར་བཟུང་། །དམ་ཚིག་ཆེན་པོའི་བསྒྲུབ་པའོ། །དེ་ནས་རབ་ཏུ་བཤད་པ་ནི། །ཀུན་ཏུ་བཟང་


DNG014_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་གྱི་མཆོག །ཧེ་རུ་ཀ་དཔལ་བདེ་བ་ཆེ། །འདི་ལ་ངེས་པར་འདོད་པ་ཡིས། །ང་དང་སངས་རྒྱས་ཐམས་ཅད་ཀྱིས། །སྐྱེས་བུ་རྣམས་ཀྱི་དོན་བཤད་པ། །སྨིན་གྲོལ་ཐོབ་པ་མ་གཏོགས་པ། །ཚིག་གཅིག་ཙམ་ཡང་མ་བསྟན་ཏེ། །རང་གི་རྒྱུད་སྨིན་འདོད་པ་ཡི། །སྐལ་བཟང་མཆོག་ལྡན་དེ་ཡིས་ནི། །སྲོག་ལུས་བློ་དང་རྫས་རྣམས་ཀྱིས། །ཡུལ་མཆོག་མཉེས་བྱས་འདོད་པ་བླང་། །བུམ་པ་གསང་བ་གསང་ཆེན་དང་། །ཐེག་པ་ཀུན་འདུས་བལྟ་བ་འདི། །རིམ་པ་རྣམས་ཀྱི་དང་པོའོ། །ལས་དང་རིག་པའི་བརྟུལ་ཞུགས་དང་། །ས་བཅུ་ཀུན་སྤྱོད་མཉམ་བཞག་སྟེང། །མངོན་པར་གནས་པའི་རིམ་བཞིན་དུ། །ཕན་ནུས་ཆོ་ག་ལམ་གྱི་དང་། །རྒྱལ་ཐབས་སྤྱི་བླུགས་ཐབས་ཆེན་ཡིན། །དང་པོའི་ལས་ཅན་དེ་སྨིན་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྤྲུལ་པ་འཇིག་རྟེན་བལྟམས་གྱུར་ཚེ། །ལྷ་ཀླུའི་དབང་པོས་དངོས་དབང་བསྐུར། །དགེ་སྦྱོང་ཆེན་པོ་སངས་རྒྱས་ཆེ། །བདུད་བཞི་དགྲ་ལས་རྒྱལ་བྱས་ནས། །ས་བདག་ལྷ་མོས་ལེགས་བརྗོད་ནས། །བཀྲ་ཤིས་བུམ་པས་དེ་དབང་བསྐུར། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་དགོངས། །འཇིག་རྟེན་སྐྱོང་བ་བཞི་དག་གིས། །སངས་རྒྱས་ཀུན་གྱིས་བླངས་པ་ཡི། །དག་པའི་སྣོད་ཕུལ་དེ་དབང་བསྐུར། །འཁོར་ལོས་སྒྱུར་རྒྱལ་དེས་བུ་སྐྱོང་། །སྤྱི་བོར་བུམ་པ་ཡིད་བཞིན་བཏེགས། །འཁོར་ལོ་ཡོ་བྱད་སྣ་བདུན་གྱིས། །མངོན་པར་བསྟོད་པས་དེ་དབང་བསྐུར། །དཀའ་ཐུབ་སྤྱོད་པ་གནས་གྱུར་ན། །ཁྱེད་ཀྱིས་བསམ་གཏན་འདི་ཡིས་ནི། །མཐར་ཐུག་དོན་ཆེན་མི་ཐོབ་པས། །རང་གི་འོད་གསལ་དེ་ཟུང་ལ། །རང་དགའི་གནས་སུ་ཁྱོད་སོང་ལ། །བྱང་ཆུབ་མཆོག་ལ་དེ་ལོངས་སྤྱོད། །ཚིག་རྫོགས་དམ་པས་དེ་དབང་བསྐུར། །ལོངས་སྤྱོད་རྫོགས་སྐུའི་རྒྱལ་རྣམས་ཀྱིས། །མཚན་ཉིད་ལྡན་པའི་ཤེས་རབ་མའི། །བཙུན་མོའི་འཁོར་གྱིས་རོལ་མཛད་པ། །རིག་མ་ཆེན་མོས་དེ་དབང་བསྐུར། །མངོན་བྱུང་དེ་ཉིད་མ་དོར་ནས། །ཟབ་ཅིང་གཏིང་དཔག་དཀའ་བ་དང་། །ཞི་བ་མྱ་ངན་འདས་པའི་མཆོག །སྤྲོས་མེད་མཐའ་ལ་ཡོངས་མ་


DNG014_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །བདུད་རྩི་སྐྱོན་བྲལ་མཆོག་ཐོབ་པ། །དེ་ནི་རབ་རྫོགས་དེ་དབང་བསྐུར། །རིམ་པ་བཞི་ཡིས་དེ་རྫོགས་ཏེ། །དེ་ནས་གང་དུ་སྤོག་མ་བྱས། །རང་དང་གཞན་གྱི་ཚུལ་སྣང་ལས། །སྐུ་དང་ཡེ་ཤེས་ཚོགས་བྱུང་བ། །དབང་བཞི་རྫོགས་པའི་ཕྲིན་ལས་ཡིན། །དུར་ཁྲོད་ཆུ་གླིང་རི་དང་ལྗོངས། །དུས་ནི་རྒྱས་དང་འབྱོར་ལྡན་པས། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །གསོལ་བ་གདབ་དང་ཆོས་འབྱུང་ཞིང་། །ཡོན་ཏན་རབ་རྫོགས་འཕེལ་དུས་དེར། །བྱང་ཆུབ་སེམས་ལྡན་རྒྱུད་སྦྱངས་ཤིང་། །སྐྱོན་སྤངས་ཡོན་ཏན་རྫོགས་པ་དང་། །ཡོན་ཏན་དེ་ཉིད་ཐོབ་འདོད་པའི། །སྐྱེས་བུ་བློ་ལྡན་སློབ་མ་ཡིས། །རིགས་བཟང་སེམས་ཀྱིས་རབ་བསྐུལ་བའི། །རྟེན་རྒྱུད་བསྟར་བའི་སྤྱན་སྔ་རུ། །བརྟག་དང་བསླང་དང་བྱིན་གྱིས་བརླབ། །སྦྱངས་ཤིང་བཟུང་བ་སྔོན་སོང་བའི། །དཀྱིལ་འཁོར་བུམ་པ་ལྷ་རྣམས་དང་། །སློབ་མ་སྟ་གོན་བྱ་བ་ལས། །རྗེས་སུ་བསྙེན་པ་ལེགས་བཤད་ནས། །བྱང་ཆུབ་སེམས་རྗེས་བཟུང་བ་ཡི། །ཐིག་བྲིས་ཚོན་ནི་རིན་ཆེན་འབྲུ། །རྡོ་སོགས་ཏིང་ངེ་འཛིན་གྱིས་བྲིས། །ཡེ་ཤེས་ཆེན་པོ་ཉེར་བསྙེན་ནས། །སླར་ཡང་བཞི་གཞི་ཡང་ཡི་ལམ་སྦྱང་སྟེ། །ཕོ་བྲང་སྒོ་རུ་མེ་ཏོག་སྦྱིན། །གསོལ་བ་གདབ་ཅིང་སྤྲོ་བསྐྱེད་ནས། །ཀུ་ཤས་དག་བྱས་སྙིང་པོ་བསྒོམ། །ནང་དུ་རྡོ་རྗེ་ཆེན་པོ་བཟུང་། །ཀུ་ཤ་སོ་ཤིང་སྲུང་སྐུད་སྦྱིན། །དེ་དག་མཚན་ཉིད་ལྟས་ཀྱང་བརྟག །ལས་ཀྱི་ཆུ་ཡིས་གཙང་སྦྲ་སྤྱོད། །ཆོ་གས་ཡོངས་སུ་སྨིན་པ་དང་། །ནང་དུ་འདོང་ལ་དམ་ཚིག་བསྒྲག །རྡོ་རྗེ་འཛིན་པའི་ཡེ་ཤེས་དབབ། །མེ་ཏོག་ཕྲེང་བ་ལྷ་ལ་དོར། །གང་གི་རིགས་སུ་འགྱུར་བ་བརྟག །གསོལ་བ་བཏབ་པས་མིག་ཕྱེ་ནས། །གཟུགས་བརྙན་གཙོ་འཁོར་ལེགས་པར་བསྟན། །དེ་ནས་སྔགས་པའི་ས་ལ་བཞག །མེ་ཏོག་ཕྲེང་བས་དབང་བསྐུར་བྱ། །ལྷ་དང་བུམ་པ་དབུ་རྒྱན་དང་། །རྡོ་རྗེ་དྲིལ་བུ་མིང་ལ་སོགས། །རིག་པ་ཆེན་པོའི་དབང་བསྐུར་རོ། །རྡོ་རྗེ་སློབ་དཔོན་གནང་བའི་དབང་། །སེང་གེ་པདྨའི་ཁྲི་སྟེང་དུ། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དང་། །ཕྱག་མཚན་དང་ནི་དམ་ཚིག་གསུམ། །དབུགས་དབང་ལུང་བསྟན་ཕྱིར་མི་ཟློག །ཕྱི་ལྟར་


DNG014_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་བུམ་དབང་ངོ་། །བུམ་པའི་བཅུད་མཆོག་བདུད་རྩི་ལྔ། །བཏུང་བའི་དམ་པ་བླུད་པ་ནི། །རང་རྫས་བུམ་པ་གསང་བའོ། །བདེ་ལྡན་ལུས་ཀྱི་བུམ་པ་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །ཆུ་ཡིས་ཡེ་ཤེས་སེམས་དག་པ། །ཤེས་རབ་དག་པའི་བུམ་པའོ། །ཕྱག་རྒྱ་ལུས་ཀྱི་བུམ་པ་ལས། །སེམས་ཀྱི་ཆུ་རྒྱུན་བབས་པ་ཡིས། །ཐབས་མཆོག་གསང་བ་དག་བྱེད་པ། །སྦས་པའི་བུམ་པ་བཞི་པ་སྟེ། །ཐུན་མོང་གསང་བ་ཁྱད་པར་དང་། །རབ་ཏུ་སྦས་པ་དེ་དག་གིས། །ལུས་སུ་འཛིན་པའི་ཕྱོགས་ཀུན་སྨིན། །ཐབས་དང་ཤེས་རབ་ངེས་པར་དབབ། །ལུས་ཀྱི་ཉེས་གསུམ་དྲི་མ་སྦྱང་། །སྒྲིབ་ཚུལ་ས་དང་ལམ་གྱིས་སྦྱང་། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ལམ། །དམ་ཚིག་ཡེ་ཤེས་སྦྱོར་བའི་ལམ། །གཟུགས་བརྙན་མཐོང་བ་དེ་ཉིད་ལམ། །ཀུན་ཏུ་གནས་བསྒྱུར་བསྒོམ་པའི་ལམ། །ངེས་པར་ཐོབ་པ་མི་སློབ་ལམ། །དང་པོ་ལས་ཀྱི་ས་ཡིན་ཏེ། །གཉིས་པ་མོས་པ་སྤྱོད་པའོ། །དང་པོ་རབ་ཏུ་དགའ་བ་ནས། །བཞི་པ་བརྒྱད་པའི་བར་དུ་འགྲོ། །ཕྱི་ཡི་བརྒྱུད་པ་བསྐྱེད་རིམ་དང་། །ཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད། །ཐུན་མོང་ཡན་ལག་ཐབས་ཆེན་དང་། །དང་པོའི་ལས་ཀྱི་སྤྱོད་པ་བསྟན། །གཉིས་པ་རྗེས་སྤྱོད་རྣལ་འབྱོར་ཏེ། །གསུམ་པ་ལ་ནི་བདེན་པ་གཉིས། །ཀུན་རྫོབ་སྤྱོད་གསུམ་མཐར་ཐུག་ལའོ། །ཀུན་ཏུ་སྒྲ་ནི་ཇི་ལྟར་དང་། །ལྡེམ་པོ་མ་ཡིན་དྲང་བ་དང་། །ཚིག་ཙམ་ཡན་ལག་ཚོགས་སྣ་ཚོགས་ཀུན་ཀྱང་ཀུན་བསྟན། །ཀུ་ཤ་ལ་སོགས་གཙང་སྦྲ་ཡིས། །ལྟས་དང་མེ་ཏོག་དོར་ལས་བརྟག །ལུས་ཀྱི་བརྡ་དང་ཕྱག་རྒྱ་བསྟན། །མགོ་ལ་དབུ་རྒྱན་ཅོད་པན་ཏེ། །དག་བྱེད་རྫས་ཀུན་ལུས་དང་སྤྱིའོ། །དམ་ཚིག་རྡོ་རྗེ་དྲིལ་དུ་དག །ལག་ཏུ་བསྐུར་ཏེ་ནུས་པ་དབྱུང་། །དུར་ཁྲོད་ཆས་རྣམས་ལུས་ཀུན་ལ། །ཕྱག་རྒྱ་ཕྱག་མཚན་ལག་ལའོ། །དབུགས་དབྱུང་ཡོན་ཏན་སྤྲོ་བ་བསྐྱེད། །སྒྲུབ་རྫས་ལུང་སྦྱིན་ཀུན་ཕྱིར་རོ། །དོན་དམ་ཕྱིར་མི་ཟློག་ལ་བསྟན། །རྒྱན་གྱི་ཁྱད་པར་རང་གི་གནས། །རིན་ཆེན་ཉེ་བའི་རིན་ཆེན་བརྒྱད། །བཀྲ་ཤིས་ཉེ་བའི་བཀྲ་ཤིས་ཀྱིས། །ཚུལ་མཐུན་མ་ལུས་རྫས་ཀུན་གྱིས། །སྔགས་ཚིག་སྨོན་ལམ་རྣམས་ཀྱིས་སྦྱིན། །ཚད་མེད་བཞི་ཡི་དགོངས་པ་དང་། །རང་གིས་ལྷག་པའི་ལྷ་རྣམས་བསྡིམ། །དག་པའི་ཡོན་ཏན་རྒྱུད་ལྔ་སྦྱོང་། །ཀུན་གྲུབ་ཡེ་ཤེས་ལྔ་རྗེས་འཛིན། །ཕྱག་རྒྱ་དམ་ཚིག་གྲུབ་པ་ལྔ། །སློབ་མ་རྗེས་


DNG014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་བྱས་ནས། །སྒོ་གསུམ་སྒྲིབ་པའི་དྲི་མ་འཁྲུ། །ཕྲིན་ལས་ནུས་ཤིང་འབྲས་བུ་ཐོབ། །དེ་ཉིད་སོར་ཆུད་བདུད་བཞི་འཇོམས། །རང་བཞིན་གནས་དང་བསགས་པ་དང་། །དོན་རབ་ས་དང་ལམ་གྱི་རྗེས། །སངས་རྒྱས་ས་ཡི་ཡོན་ཏན་ལྡན། །ཐུན་མོང་དང་ནི་མཐར་ཐུག་པའི། །དངོས་གྲུབ་ཀྱིས་ནི་བཟང་འཛིན་ལྷག །བདུད་འཇོམས་འཕྲོད་པའི་ཡོན་ཏན་ནོ། །ནུས་པ་སྒྲིབ་འཁྲུད་སྒྲིབ་སྦྱོང་དང་། །ལས་བྱེད་པ་དང་འབྲས་བུ་ཐོབ། །མངོན་དུ་ཕྱོགས་དང་བདུད་འཇོམས་པའོ། །ཕྲེང་བས་མ་དད་དྲི་མ་འཁྲུད། །མོས་པས་སྤྱོད་པའི་སྒྲིབ་སྦྱོང་ཞིང་། །འདོད་ལྷ་མཉེས་པ་ལམ་ཡིན་ཏེ། །འབྲས་བུ་མཐོང་བའི་ལམ་མ་ཕྱོགས། །ཡི་དམ་དངོས་གྲུབ་ཉེ་བ་ཡིན། །གཟུང་འཛིན་ཕུང་པོའི་བདུད་རྣམས་བཅོམ། །ཆུ་ནི་བློ་གཉིས་དྲི་མ་དང་། །དང་པོའི་ས་ལ་དྲི་མ་འཁྲུ། །ཞེ་སྡང་ང་རྒྱལ་གྲོགས་སུ་སྤྱོད། །ལམ་བསྒོམ་རིམ་གཉིས་དངོས་གྲུབ་ཡིན། །ཉོན་མོངས་རྟོག་པའི་བདུད་རྣམས་འཇོམས། །མིང་གདགས་རྡོ་རྗེ་དྲིལ་བུ་ཡིས། །ཕྱི་ནང་མཚན་མ་གནས་ངན་ལེན། །རང་བཞིན་གཡེང་བ་ལྔ་ཉིད་དང་། །གཉིས་བརྒྱད་བར་གྱི་དྲི་མ་སེལ། །འདོད་ཆགས་ཕྲག་དོག་རྣམ་དག་པའི། །རིགས་སུ་བྱེད་ཅིང་འབྲས་བུ་ནི། །མཐར་ཕྱིན་ས་ལ་མངོན་ཕྱོགས་ཤིང་། །ལྟར་སོགས་ཐུན་མོང་གྲུབ་པའོ། །འཆི་བདག་གནོད་པའི་བདུད་འཇོམས་བྱེད། །གསུམ་པས་གཡེང་བ་ཕྲ་མོ་དང་། །ས་བཅུ་ཐ་མ་ངེས་གསལ་བས། །ས་ལམ་གོང་མ་དེ་བསྟན་བྱེད། །བརྟུལ་ཞུགས་ཀྱིས་ནི་མེ་ཏོག་བརྟན། །ཆུ་དང་དབུ་རྒྱན་དམ་ཚིག་གིས། །བུམ་པར་བརྟན་པ་བཀའ་སྩལ་ཏོ། །ལུས་བརྟན་རྡོ་རྗེ་དྲིལ་བུས་བྱས། །བདག་པོའི་དབང་གིས་དབུགས་དབྱུང་ངོ་། །རྡོ་རྗེ་འཛིན་པའི་ས་ལ་ཕྱོགས། །འབྲས་བུ་དངོས་གྲུབ་བརྟན་པར་བྱེད། །ལྷ་དང་འདྲེལ་པའི་བདུད་འཇོམས་ནུས། །མེ་ཏོག་གིས་ནི་འབྲས་བུ་ཞི། །དབུ་རྒྱན་ཆུ་ཡིས་རྒྱུ་མཐུན་བྱེད། །རྣམ་སྨིན་རྡོ་རྗེ་དྲིལ་བུ་ཡིས། །མིང་གི་སྐྱེས་བུ་རབ་ཏུ་བྱེད། །འབྲས་བུ་དྲི་མེད་བརྟན་པ་བཞི། །ངས་བཤད་ཡོན་ཏན་མ་ལུས་པ། །འདི་ཡི་འབྲས་བུར་འགྱུར་བ་སྟེ། །རྒྱུ་དང་འབྲས་བུའི་རྟེན་འདྲེལ་གྱིས། །མཐར་ཐུག་ནུས་པ་འབྱིན་པ་སྟེ། །ང་ཡི་བསྟན་པ་དང་པོའོ། །


DNG014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རིམ་པ་གཉིས་པ་ནི། །ང་དང་སངས་རྒྱས་ཐམས་ཅད་ཀྱི། །རིགས་ཀྱི་བདག་པོ་རྡོ་རྗེ་འཆང་། །གནས་མཆོག་དམ་པ་འདི་ཉིད་དུ། །འདོད་ཆགས་རྡོ་རྗེའི་ཏིང་འཛིན་གྱིས། །རིགས་ཀྱི་དཀྱིལ་འཁོར་རབ་བསྡུས་ཏེ། །ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །རྒྱལ་ཐབས་སྤྱི་བླུགས་དབང་བླང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཀུན་རྫོབ་ཀྱིས་ནི་དོན་དམ་མཆོག །རང་གི་རིགས་སུ་བསྒྲུབས་པ་ལས། །དབང་མཆོག་ཆེན་པོར་བསྐུར་བ་ནི། །ང་དང་ང་ཡི་སྲས་རྣམས་ཀྱིས། །རྒྱུད་ཆེན་དམ་པ་དེ་བཤད་དོ། །གནས་ནི་ཡབ་ཡུམ་གསང་བའི་མཁའ། །ཁྱད་པར་ལྷན་ཅིག་སྐྱེས་པ་དང་། །དུར་ཁྲོད་ཞིང་དང་སྔགས་ལས་སྐྱེས། །རང་གི་གནས་དང་རིགས་ངན་དང་། །མཚན་མ་ཅན་དང་སྟོབས་ཅན་དང་། །གར་མཁན་ཚོས་མ་གདོལ་པ་མོ། །གཡུང་མོ་མདའ་མཁན་མ་ལ་སོགས། །རྒྱུད་སྦྱང་ཡོན་ཏན་ཕུན་སུམ་ཚོགས། །ང་ཡིས་བསྔགས་པའི་མཚན་ཉིད་ལྡན། །འདི་ནི་གནས་ཀྱི་དམ་པའོ། །གང་གི་ཡོན་ཏན་དེ་རྫོགས་ནས། །པདྨའི་ཆུ་རྒྱུན་འབབ་པ་དང་། །ཧེ་རུ་ཀ་ལ་གསོལ་བཏབ་ནས། །གནང་བ་ཐོབ་པ་དུས་སུ་བརྟག །ཡབ་ཡུམ་གཉིས་མེད་གསུམ་བླང་ཡུལ། །བུམ་པའི་ཡོན་ཏན་རྫོགས་པ་དང་། །བཟླས་པའི་རྣལ་འབྱོར་བརྟུལ་ཞུགས་ཅན། །ལོངས་སྤྱོད་འདོད་པ་ལེན་པའོ། །ཐོག་མར་ལུས་ཀྱི་དཀྱིལ་འཁོར་བརྟག །རྒྱ་ནི་འདོམ་གང་དེ་ཉིད་དོ། །ལེགས་པར་འབབ་པ་སྒོ་བཞི་སྟེ། །སྣང་བ་ལྔ་ནི་ཁ་དོག་ཡིན། །དྷཱུ་ཏི་དབུ་མ་ཚངས་པའི་ཐིག །གཡས་གཡོན་གཉིས་ནི་རྡོ་རྗེའི་གདུང་། །ཀ་བ་རྐང་བརྒྱད་དེ་ཉིད་ནི། །ཡན་ལག་བཞི་ནི་རྟ་བབས་ཡིན། །རྩ་བའི་སྙིང་ནི་ཕོ་བྲང་སྒོ། །སྙིང་གཞན་སྣོད་བཞིར་བཅས་པ་ནི། །ཕོ་བྲང་ཆེན་པོ་བརྒྱད་ཡིན་ནོ། །ཤ་དང་རུས་པ་བརྩིག་པ་སྟེ། །ཁྲག་དང་ཆུ་སེར་ཞམ་ཆུ་ཡིན། །པགས་ཆེན་ཕྱི་ཡི་འཁོར་ཡུག་སྟེ། །བ་སྤུ་མེ་རི་འབར་བའོ། །དབང་པོ་ཡུལ་བཅས་གདན་དང་ཁྲི། །སྐྲ་དང་མིག་ནི་རྒྱལ་མཚན་མཐོང་། །ཕུང་པོ་ལྔ་ནི་གཙོ་ཆེན་ལྔ། །འབྱུང་བ་ལྔ་ནི་ཡུམ་ཆེན་ལྔ། །རྣམ་པར་ཤེས་བརྒྱད་ཡུལ་དང་བཅས། །རིགས་


DNG014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོ་ཆེན་བརྒྱད་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་དང་། །སྣང་བ་དང་ནི་དེ་ལས་སྐྱེས། །རྟོག་པའི་རང་བཞིན་མ་ལུས་པ། །ཞི་དང་ཁྲོ་དང་རྣམ་པར་གནས། །ཐམས་ཅད་མ་ལུས་དེ་ཡི་འཁོར། །བཟའ་དང་བཏུང་བ་བདུད་རྩི་ལྔ། །མཉེས་པའི་མཆོད་པ་སྣ་ཚོགས་ཡིན། །ལུས་ལ་རྫོགས་པའི་དཀྱིལ་འཁོར་དེ། །གཞུང་ནས་གནས་པ་དེ་ཤེས་པ། །དེ་ལ་དམ་པ་དེ་མཆོད་དོ། །རྗེས་སུ་གནས་པའི་དཀྱིལ་འཁོར་ནི། །བྷ་ག་སོགས་པའི་གཞལ་ཡས་ཁང་། །དེ་ལ་བརྟག་བཟུང་སྦྱང་བ་དང་། །བྱིན་བརླབ་བརྒྱན་དང་བདུག་དང་བཀྲུ། །མཆོད་དང་མཉེས་པ་དགྱེས་པར་བྱ། །ཕྱི་རོལ་དུ་ནི་གདོང་བཀབ་ནས། །གསོལ་བ་གདབ་ཅིང་བསྐོར་ནས་སུ། །ཕྱག་བཙལ་མེ་ཏོག་དབུལ་བར་བྱ། །དམ་ཚིག་གི་ནི་རྫས་ཀྱིས་དབབ། །མིག་ཕྱེ་མཐོང་བརྟག་བསྟན་ཅིང་བརྟག །ནང་རོལ་དུ་ནི་གཙོ་ཆེན་དང་། །ཁམས་གསུམ་བདག་པོ་མཉམ་སྦྱོར་བས། །བཞི་དང་དུག་དང་འཁོར་ལོ་དག །རིམ་གྱིས་ཕབ་སྟེ་སྦྱིན་པར་བྱ། །དཀར་ཆུ་སྤོས་དང་རྒྱུན་དྲག་དང་། །ཚངས་སྒོར་འབར་དང་མིང་བྱིན་བརླབ། །སྒྲ་དང་བདེ་དང་བླང་བ་དང་། །རྣམ་པར་མི་རྟོག་ལོངས་སྤྱོད་དང་། །བདེ་ཐོབ་འོད་དང་གསལ་བ་སྟེ། །ཕྲེང་བ་ཆུ་དང་དབུ་རྒྱན་དང་། །རྡོ་རྗེ་དྲིལ་བུ་མིང་དང་ནི། །བརྟུལ་ཞུགས་ལུང་བསྟན་ཕྱིར་མི་ལྡོག །དབུགས་དབྱུང་གསང་བའི་དབང་ཡིན་ནོ། །ག་པུར་ཙནྡན་བདུད་རྩི་ལྔ། །དབབ་ཕྱིར་ཁྲོ་ཁྲི་ཡི་ཡང་བོའི་ཚུལ་དུ་བྱ། །སེམས་ཅན་དབབ་པ་དེ་ཡི་ཐབས། །པདྨ་གཙོ་རྩི་ཡིན་གསང་བ་ཡིས་ཡང་མིན་གསང་བའོ། །ནོད་པ་དེ་ནི་སྤྲུལ་པའི་གནས། །རྡོ་རྗེ་པདྨ་འདུས་པ་དག །སྐྱོན་ཡོན་གསུམ་གྱིས་སྐུ་གསུམ་མཆོད། །འགྲོ་བའི་སྒོར་དབབ་སྦ་ཞིང་གསང་། །དེ་ཉིད་རྣམ་པ་བཞི་ཡིན་ཏེ། །རང་བཞིན་ཆུ་འབབ་བུམ་པ་ལས། །རོ་མྱང་བ་ནི་གསང་བ་ཡིན། །རྟོག་མེད་ལམ་ཐོབ་གསུམ་པ་སྟེ། །གཉིས་མེད་ཡེ་ཤེས་བཞི་པ་ཡིན། །པདྨ་གཙོ་སྟེ་སྣང་བ་དག །ཕྱི་ནང་གསང་གནས་དག་གི་ལམ། །ཡུལ་གསུམ་རྒྱུ་ལ་དྲི་མ་མེད། །སྒོ་གཉིས་པ་ཡི་སྦྱོང་སྔགས་ཏེ། །དང་པོའི་ས་ལ་སློབ་པ་ཡོད། །དགོངས་དང་ངེས་དང་ཇི་ལྟར་མིན། །སྦས་དང་མ་ལུས་ལྡན་པ་དག །རྣལ་འབྱོར་ཆེན་པོའི་དོན་ཡིན་ནོ། །སྦས་


DNG014_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱོར་དང་རིག་པ་དང་། །ཞི་དང་ཁྲོ་སོགས་བརྡ་རྣམས་བསྟན། །རྩ་བ་ཡན་ལག་བཅས་པ་དག །ལོངས་སྤྱོད་ཐམས་ཅད་རབ་ཏུ་བླངས། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །གཙོ་བཟུང་ཐུགས་དམ་བསྐང་བ་ལས། །གཞལ་ཡས་ཁང་གི་དབུས་དག་ཏུ། །བདེ་བྱེད་ཡོ་ག་གསང་བའི་རྒྱུན། །རྡོ་རྗེ་པདྨ་རབ་བརྙེས་པ། །སེམས་མཚོན་མཉམ་འདྲེས་བདེ་བར་གསལ། །ཐིམ་སྦྱོར་བསམ་པ་བསམ་དགོངས་པ། །ངག་གི་ལས་སྒྲིབ་དེ་དག་ཀྱང་། །ཐབས་དང་ཤེས་རབ་སྟོབས་ཀྱིས་ནི། །བཅུ་གཉིས་པ་ནི་མངོན་དུ་བྱེད། །ཐབས་ཀྱི་ཕུང་པོའི་བདུད་འཇོམས་ཤིང་། །ཉོན་མོངས་བདུད་ནི་ཤེས་རབ་ཀྱིས། །གཉིས་སུ་མེད་པས་སྤྲོ་ཏ་སྟེ། །སྤྲོ་བ་ཡི་ནི་ལྷ་རྣམས་ཏེ། །འཇོམས་བྱེད་ནུས་པ་མཐར་ཐུག་གིས། །འབད་རྩོལ་དྲི་མེད་ཐབས་ཤེས་རབ། །རྒྱུ་མཐུན་ལེན་པ་ངོ་བོ་ཉིད། །རྣམ་པར་བསྙེན་པའི་རིམ་པ་སྟེ། །ཡུལ་གསུམ་མཉེས་ཚུལ་དུལ་བའི་ཚུལ། །ཕྱོགས་རྣམས་ཀུན་ཏུ་མཉེས་པ་སྟེ། །རིམ་པ་ཆེན་པོ་དེ་བསྟན་ནོ། །དེ་ནས་རིགས་ཀྱི་དཀྱིལ་འཁོར་ཏེ། །ངས་སྔོན་ཕལ་པའི་འཁོར་རྣམས་ལ། །ཁྱོད་ཀྱིས་སྲོག་ཆགས་བསད་པ་དང་། །མ་སྦྱིན་བླངས་ཤིང་མི་ཚངས་སྤྱད། །བརྫུན་ཚིག་སྨྲ་བར་བྱོས་ཞེས་བཤད། །དེ་ལ་ཁ་ཅིག་དངངས་པ་དང་། །སྐྲག་པར་གྱུར་པ་དེ་བཤད་དེ། །རྒྱས་པར་གྱུར་པ་ཀུན་བླངས་ནས། །རབ་ཏུ་སྦས་ཏེ་དགོངས་བཤད་པ། །རྣམ་པར་རྟོག་པའི་ཚོགས་དབེན་པ། །ལུས་ནི་རི་བོ་དགོན་པའི་གནས། །རང་བྱུང་སེམས་ནི་སྒྲུབ་པ་ཡིས། །མཚན་ཉིད་ལྡན་འབོལ་བདེ་བའི་སྟན། །སྙེད་པའི་བརྙེས་པའི་གསང་བ། ཡང་གནང་བ་དབང་ཐོབ་དུས། །ཡབ་ཡུམ་ཕྱི་ནང་བླ་མ་ཡིས། །གོང་གཉིས་རྫོགས་དང་གསང་ཚིག་ལ། །མོས་ཤིང་ཉེ་གྱུར་སློབ་མ་སྟེ། །རྟེན་བཟང་ཚེ་འཕེལ་འབྲམ་ཀྱང་ལ་སོགས་མིན། །འཁོར་ལོ་བཞི་ཡི་དཀྱིལ་འཁོར་དང་། །ཤེས་རབ་ཕྱག་རྒྱའི་དཀྱིལ་འཁོར་ཏེ། །བཟུང་དང་སྦྱངས་དང་བྱིན་གྱིས་བརླབས། །བྱིན་གྱིས་བརླབ་བྱ་གོང་དུ་བརྟག །ལྷ་དང་སྔགས་ཀྱི་ལུང་བསྟན་ནས། །ངས་བཤད་མཚན་ཉིད་ཀུན་ལྡན་པ། །བཅུ་དྲུག་ཉི་ཤུ་ལྔ་ཡི་བར། །ལྷན་ཅིག་ཞིང་དང་སྔགས་ལས་སྐྱེས། །མ་དང་སྲིང་མོ་བུ་མོ་སོགས། །


DNG014_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་རྣམ་རྟོག་ཡོད་མ་ཡིན། །ལྷ་དང་དཀྱིལ་འཁོར་སྔོན་བཞིན་ཏེ། །གསང་བའི་འཁོར་ལོ་རྣམ་པ་བཞི། །གསལ་བའི་འདབ་མ་རང་གི་གནས། །རྩ་ལ་ཡི་གེའི་རྣམ་པ་ཅན། །སྔོན་དུ་བཤད་པ་རབ་བསྟན་ཏེ། །གཡས་གཡོན་དབུས་གསུམ་མཚན་ཉིད་བརྟག །རྒྱན་ལྡན་མཛེས་པའི་དཀྱིལ་འཁོར་དུ། །དྲིས་བསྒོས་མཆོད་ཚོགས་རྣམས་ཀྱིས་བརྒྱན། །མ་ལུས་ལྷག་པའི་ལྷ་རུ་བསྒོམ། །ཨོཾ་ཧཱུཾ་ཕཊ་དང་ཨཱཿཡིས་ནི། །རྡོ་རྗེ་པདྨ་བྱིན་གྱིས་བརླབ། །གནས་གཟུང་འཇུག་པར་གསོལ་གདབ་སྟེ། །བརྟུལ་ཞུགས་བླང་དང་དབབ་པར་བྱ། །དེ་ནས་དེ་ཡི་རིགས་ཀུན་ལ། །དགའ་ཤིང་གུས་པའི་སེམས་བསྐྱེད་དེ། །ཕྱག་བཙལ་ནས་ནི་མེ་ཏོག་གཏོར། །ཤེས་རབ་སངས་རྒྱས་མིག་ཕྱེ་སྟེ། །ལུས་ཀྱི་དཀྱིལ་འཁོར་མ་ལུས་བསྟན། །ཆགས་ཆེན་གླུ་གར་རོལ་མོའི་བརྡ། །མཚན་ཉིད་བཞི་སོགས་རྒྱུན་དབབ་དང་། །དང་པོའི་སྒོ་སྦྱར་རྡོ་རྗེ་དགོད། །བསྐྱོད་པའི་སྒྲ་ལྡན་ཧཾ་ཕཊ་འབོད། །སོ་སོར་གནས་བསྒྱུར་ངེས་པ་བསྐྱེད། །ལུས་ཀྱི་མི་མེ་ཏོག་ཡང་གཏོང་ངག་གིས་སྨྲས། །པདྨར་ཐུང་བྱེད་ཕྱིར་མི་ལྡོག །བུམ་པ་ཕྲེང་ཆུ་དབུ་རྒྱན་དང་། །རྡོ་རྗེ་དྲིལ་བུ་མིང་བརྟུལ་ཞུགས། །དམ་ཚིག་དབུགས་དབྱུང་ལུང་བསྟན་ནོ། །ཕྱི་རིམ་མཐོང་བའི་ཡེ་ཤེས་ཆེ། །ཤེས་རབ་བདེ་ཆེན་འཁོར་ལོས་སྲོག །དབབ་ཅིང་མྱང་བ་ནང་གི་སྟེ། །ཞུ་བདེ་སྐད་ཅིག་རྣམ་བཞི་ཡིས། །ཀུན་ཏུ་བདེ་ཐོབ་གནས་པའོ། །ཕྱི་རུ་བརྡ་སྤྲད་བུམ་པ་སྟེ། །པདྨ་རྡོ་རྗེ་ཕྲད་གསང་བ། །རབ་བདེ་གསུམ་པ་ཡེ་ཤེས་བཞི། །གནས་ཀྱི་སེམས་ཀྱི་བླང་བ་དེའོ། །བུད་མེད་སྒྱུ་མ་སེམས་ཀྱིས་བརྡས། །མཚན་ཉིད་རྣམ་པའི་ལུས་ཀྱིས་མྱང་། །ཤེས་རབ་སྐལ་བ་མེད་པས་ཀྱང་། །རླུང་སེམས་འགོག་པའི་ཐབས་ཀྱིས་ཀྱང་། །བདེ་ཆེན་སྐད་ཅིག་མཐར་ཐུག་མཚོན། །སེམས་སྦྱང་མཁྱེན་པའི་ཡེ་ཤེས་བསྒྱུར། །མ་ཆགས་པདྨ་ཅན་དུ་སླེབ། །སེམས་རིག་རང་བཞིན་འོད་གསལ་བརྟན། །རྩ་གཉིས་ཀྱིས་ནི་གཟུང་འཛིན་འགོག །གཅིག་གིས་ལས་རྣམས་ཀུན་ལས་བརྟག །འོད་ཟེར་འཕྲོ་དང་བསྐྱོད་དང་འབར། །འབབ་ཅིང་སྐྱེས་གང་བདེ་ཆེན་སྐུ། །དེ་ཉིད་རྩ་ལྔ་རླུང་བཅུ་ཡིས། །ལས་སུ་ཀུན་


DNG014_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྤྲུལ་པའི་སྐུ། །སྟེང་འོག་སྒོ་དང་བར་རྣམས་སུ། །རླུང་དང་སྔགས་ཀྱི་དེ་ཉིད་ཀྱིས། །རབ་སྦྱར་འབྱུང་དང་རྔུབ་པ་དང་། །བཟླས་དང་རིག་དང་སྒྱུ་མའི་ཚུལ། །བདེ་དང་གསལ་དང་མི་རྟོག་ལས། །རྒྱུན་མི་འཆད་པའི་ཡེ་ཤེས་ཀྱིས། །འཁོར་དང་འདས་ཚུལ་དམ་ལུས་ཤིང་། །མ་ནོར་དེ་ཡིས་ཤེས་འབྲས་བུ། །ཕྱི་རོལ་སྨིག་རྒྱུ་དུ་བ་དང་། །སྲིན་བུ་གློག་དང་མར་མེ་དང་། །ནམ་མཁའ་ལྟ་བུ་རིམ་བཞིན་འབྱུང་། །བརྟན་རྫོགས་རིམ་པ་ལྔ་དག་གིས། །སྐད་ཅིག་དགའ་དང་བརྡ་བཅུ་གཉིས། །རང་རིག་བདུད་རྩི་ལྔ་སྤྱད་ཅིང་། །དེ་འདོད་ཡོན་ཏན་ལྔ་ཉིད་སྤྱད། །བདེ་སྤྱོད་ཆོ་འཕྲུལ་རྣམ་པ་བཞི། །སྤྱི་མགྲིན་སྙིང་ག་ལྟེ་བ་དང་། །གསང་སྦས་གནས་ཆེན་བཅུ་དྲུག་ལས། །ཡར་འཕེལ་མར་འགྲིབ་ཕྱེད་ཕྱེད་བཞི། །ཨ་སོགས་ཡི་གེ་བཅུ་དྲུག་དང་། །སུམ་ཅུ་རྩ་གཉིས་དྲུག་ཅུ་བཞི། །བརྒྱད་ཀྱི་ཕྱེད་དང་བཞི་ཉིད་ཀྱིས། །ཀ་ཙ་ཊ་ཏ་པ་ཡ་ཤ་ཀྵ། །ཨོཾ་ཨཱཿཧཱུཾ་དང་ཧཾ་གིས་ནི། །འཁོར་ལོ་དབུས་སུ་དེ་ཉིད་ཀྱིས། །ཐབས་དང་ཤེས་རབ་གཉིས་གཉིས་སྦྱོར། །ཏིང་འཛིན་ལྷ་དང་ལུས་དང་རྩ། །དབུགས་རླུང་བཅུ་དང་ཐིག་ལེ་ལྷ། །ཐ་མལ་སེམས་དང་བྱང་ཆུབ་སེམས། །དེ་ལ་དེ་བརྟེན་རིམ་པར་རྫོགས། །གནས་དང་འཕྲོ་དང་རབ་ཏུ་འཕྲོ། །ཐིམ་པ་སྐུ་ཡི་ནུས་པ་ནི། །དང་པོ་དང་ནི་བཅུ་གཅིག་པའི། །སྒྲིབ་འཇོམས་ཕྱག་རྒྱ་དེ་ཐོབ་ནུས། །བཅུ་གཉིས་པ་ཡི་རིག་པ་འཛིན། །སྤྱི་བོ་སྤྲུལ་པའི་བར་འཁོར་ལོས། །ཉོན་མོངས་ནས་བརྩམ་བདུད་བཞི་འཇོམས། །དམ་ཚིག་འཁོར་ལོ་པདྨའི་གནས། །རྡོ་རྗེ་བདེར་བསྐྱེད་བདེ་འབབ་པའི། །སྤྲུལ་པའི་ཆོས་སྤྱོད་བདེ་བ་ཆེ། །རྣམ་སྨིན་རྒྱུ་མཐུན་ཆོས་ཀྱི་སྐུ། །དྲི་མེད་སྐྱེས་བུ་སྣ་ཚོགས་བྱེད། །དེ་ཡི་རྗེས་སུ་རྣལ་འབྱོར་དེས། །འདི་ནི་ཤེས་རབ་ཡེ་ཤེས་ཀྱིས། །རིམ་པ་གསུམ་པར་འགྱུར་བ་ཡིན། །ངས་སྔོན་མཐར་ཐུག་བསྟན་པ་ལ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས། །ངག་གསལ་བ་ཡི་ཡེ་ཤེས་བགྲུབ། །རྣམ་པར་རྟོག་པ་དེར་གསལ་ན། །དེ་ལ་དེ་ནི་ཡོད་མ་ཡིན། །རང་གིས་རང་རིག་ཡེ་ཤེས་ཏེ། །ཐེག་པའི་བལྟ་བ་སྤྱི་འབྱམས་


DNG014_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཐུགས་མཆོག་འགྱུར་མེད་དེ་ལ་གནས། །དུས་གསུམ་དུས་མེད་དུས་ཀྱི་མཆོག །སེམས་ཉིད་གང་ཤེས་བླ་མར་མོས། །བསམ་གྱིས་མི་ཁྱབ་དེ་ཡི་སྲས། །གཉིས་མེད་ཡེ་ཤེས་དཀྱིལ་འཁོར་དེ། །རང་གིས་གསང་ཆོད་མི་རིག་སྟེ། །དེ་ཉིད་གང་མཐོང་མིག་ཕྱེད་པའི། །གོམས་སྟོབས་ལམ་ནུས་དཀྱིལ་འཁོར་མཆོག །ཀུན་ལ་དབང་བསྒྱུར་རང་རིག་པའི། །རྩལ་ཆེན་རྫོགས་པ་རང་དབང་མཆོག །བལྟ་བ་ཐེག་པ་སྤྱི་འབྱམས་ཀྱིས། །ཁོང་དུ་ཆུད་པའི་རྣམ་གྲངས་ཡིན། །དེ་ཉིད་གསང་བ་གཉིས་པ་སྟེ། །གསུམ་སོགས་བརྗོད་ལ་བསམ་མི་ཁྱབ། །མཉམ་ཉིད་ཡེ་ཤེས་ཆེན་པོ་སྟེ། །གཅིག་དང་དུ་མར་འཛིན་ལས་གྲོལ། །འོད་གསལ་གཞི་དང་ལམ་འབྲས་བུ། །སེམས་ཉིད་ཆོས་ཉིད་ངོ་བོ་ཉིད། །ཐབས་གསུམ་དང་ནི་ཤེས་རབ་གསུམ། །སྣང་བ་གསུམ་དང་སྟོང་པ་གསུམ། །མ་ལུས་ཟུང་དུ་འཇུག་པ་སྟེ། །དབྱེར་མེད་ཡི་གེ་འཁོར་ལོ་ཉིད། །རྫོགས་པ་ཆེན་པོའི་ས་ཞེས་བྱ། །བཅུ་གསུམ་དེ་ནི་བརྗོད་ལས་འདས། །དེ་ལ་བརྟན་བྱ་ཡོད་མིན་ཞིང་། །སྟོན་པར་བྱེད་པ་མེད་ཉིད་བསྟན། །སྣང་དང་སྟོང་པ་ཇི་སྙེད་བརྡ། །རྣམ་པར་རྟོག་པ་དེ་ཡི་རྫས། །དགོངས་པ་རང་རིག་དེ་ཡི་རྫས། །འགྲན་ཟླ་མེད་པ་དེ་ཡི་ནུས། །ཀུན་གྱི་མཆོག་གྱུར་འབྲས་བུ་ཡིན། །རིམ་པ་འདི་བཞི་ཚོགས་པ་ནི། །རྟེན་འགྱུར་གཅིག་གིས་ཤེས་གྱུར་གྱིས། །ཀུན་ལ་དབང་བསྒྱུར་ངེས་པའི་ཚིག །ཀུན་མཁྱེན་གོ་འཕང་རྟོགས་པའི་ཐབས། །ཇི་ལྟར་འབད་པ་སྒྲུབ་པ་སྟེ། །ཕྱོགས་ཀུན་མཉེས་བྱ་དམ་ཚིག་སྟེ། །མ་རྫོགས་པ་ཡིས་རྫོགས་བྱ་མིན། །རྫོགས་ལ་མ་རྫོགས་དེ་བཞིན་ནོ། །སྐུ་གསུང་ཐུགས་དང་ཁྱད་པར་དང་། །སྤྱི་དང་ཁྱད་པར་ཐུན་མོང་བཅས། །རྡོ་རྗེ་འཆང་བ་མི་སྨད་ཅིང་། །དེས་གསུང་འཐུན་པའི་བཀའ་མི་རྫབ། །དེར་རྟོགས་སྤུན་ལའང་ཁྲོ་བ་མིན། །ཀུན་ཏུ་བྱམས་པ་དོར་མི་བྱ། །བྱང་ཆུབ་སེམས་ཀྱང་རབ་ཏུ་གཟུང་། །གཞན་དོན་ཕྱོགས་ཀུན་སུན་མི་དབྱུང་། །གསང་བ་ཡུལ་མིན་དེར་མི་བརྗོད། །སྐུར་གྱུར་ལུས་ལ་མི་བརྙས་ཏེ། །ལེགས་བཤད་སོམ་ཉི་ག་ལ་བྱ། །བསྟན་ལ་རབ་སྡང་རྗེས་གཟུང་མིན། །ཐ་མལ་རྟོགས་པ་བསྐྱང་མི་བྱ། །ལྷག་


DNG014_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་པ་སུན་མི་དབྱུང་། །ཤེས་རབ་རྟེན་ལ་སྨོད་པ་སྤང་། །ངས་བཤད་གང་ཡིན་ཅུང་མི་འདའ། །གང་གིས་དེ་ལ་བཤད་བྱ་ཞིང་། །ཡང་དག་ས་ལ་སྦྱར་ལ་སོགས། །ང་ཡིས་ཐོག་མ་བར་ཐ་མར། །བཤད་པ་དེ་ལ་མ་འདའ་ཞིག །གལ་ཏེ་རྣམ་པར་ལྡོག་གྱུར་ན། །བརྗོད་པའི་ཚིག་འདིས་རབ་ཏུ་སྦྱངས། །ཨོཾ་བདེ་གཤེགས་ཀུན་འདུས་རྒྱལ་བ་ཞི་ཁྲོའི་ངང་། །ཆོས་སྐུ་སྤྲོས་བྲལ་བདེ་ཆེན་གདོད་ནས་དག །ལོངས་སྤྱོད་རྫོགས་སྐུ་བསམ་འདས་བརྗོད་མི་ལང་། །སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་བདག་ལ་དགོངས། །ཨོཾ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ །འགྲོ་འདུལ་ཐབས་ཀྱི་གཙོ་བརྒྱད་འཁོར་དང་བཅས། །ཡོན་ཏན་སྐུ་གསུང་ཐུགས་དང་ཕྲིན་ལས་བདག །འདོད་འབྱུང་ཀུན་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་དཔལ་ལྡན་ཞི་ཁྲོ་དབང་ཕྱུག་གསང་བའི་ཚོགས། །ཕྱི་ནང་གསང་བ་དེ་ཉིད་མཆོད་པའི་ཚོགས། །སྐུ་གསུང་ཐུགས་མཉེས་ནམ་མཁའི་གཏེར་མཛོད་ཀྱིས། །བླ་མེད་མཆོད་སྤྲིན་མཆོག་སྦྱར་མཆོད་པར་བཞེས། །ཨོཾ་ཐོག་མེད་དུས་ནས་འཁོར་འདས་བདག་གཞན་ཚུལ། །གཉིས་མེད་བྱང་ཆུབ་སེམས་སུ་གཅིག་ཉིད་ཀྱང་། །ལས་ཀྱི་འཁྲུལ་པས་ཐ་དད་སོ་སོར་གནས། །གཉིས་འཛིན་ལོག་ལྟའི་ཡིད་ཀྱིས་ཐེ་ཚོམ་བྱུང་། །མ་རིག་བག་ལ་ཉལ་གྱི་རྣམ་རྟོག་གིས། །རྒྱལ་བའི་དགོངས་སྤྱོད་ཟབ་མོ་གཏིང་མ་ཕྱིན། །ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་སྤྱོད། །ཆེ་མཆོག་གསང་བའི་དམ་ལས་འགལ་ཞིང་ཉམས། །འབྲས་བུའི་དོན་ཆེན་སྒྲིབ་པའི་རྒྱུར་གྱུར་པ། །གནོང་འགྱོད་ཞི་བའི་སེམས་བསྐྱེད་ལམ་སྦྱངས་ནས། །རྩ་བ་ཡན་ལག་སྐུ་གསུང་ཐུགས་ཀྱི་གསང་། །ཐུན་མོང་བྱེ་བྲག་ཁྱད་པར་བསམ་མི་ཁྱབ། །ཇི་ལྟར་གདམས་པའི་གཞུང་བཞིན་མ་རྟོགས་པ། །བདེ་གཤེགས་རྒྱལ་བ་ཞི་ཁྲོ་འཁོར་དང་བཅས། །ཐུགས་རྗེའི་མངའ་བདག་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་རྩལ་གྱིས་སངས་རྒྱས་ས་སྟོན་ཅིག །དུས་གསུམ་རྒྱུན་དུ་མི་འབྲལ་དགོངས་མཛོད་ཅིག །ཞེས་བརྗོད་ཚིག་གིས་མཉེས་ཤིང་སྦྱང་། །མཆོད་རྫས་ཆེན་པོ་དེ་བསྒྲུབ་བོ། །དེ་ནས་བྱིན་


DNG014_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་བྱའི་ཕྱིར། །ཕུར་པའི་རྫས་ཀྱིས་སྒྲུབ་པ་ནི། །གཞན་གྱི་དོན་ལ་འབག་པ་དང་། །རང་གི་དངོས་པོ་མཆོག་འདོད་པས། །ཡི་གེ་ལྔ་ལས་ལེགས་བྱུང་བའི། །ས་གཞི་མཛེས་པར་འོད་ལྔར་ལྡན། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །ཀུན་ཤོངས་ཡངས་པ་ཐོག་མ་ནས། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །ཡོན་ཏན་ཚོགས་རྫོགས་རྣལ་འབྱོར་གྱིས། །ཐབས་དང་ཤེས་རབ་གཉིས་མེད་པའི། །དཀྱིལ་འཁོར་རྫོགས་ནས་བགེགས་རྣམས་བཟློག །ཁྲོ་བོའི་ཚུལ་དང་ལྡན་པས་བསྒྲུབ། །ཁ་དོག་ལྔ་ལྡན་སྲད་བུ་སྟེ། །རང་སྔགས་ཡི་གེ་ལྔ་བྱིན་གྱིས། །རྡོ་རྗེ་ཁུ་ཚུར་ལས་ཀྱིས་བྱ། །ཕོ་བྲང་དགུ་ཡི་རྒྱན་རྟགས་ཀྱིས། །མཁས་པས་བྱིན་བརླབ་སྣ་ཚོགས་འབྱུང་། །གནོད་པའི་སྦྱོར་བ་རྒྱུན་གཅོད་ཕྱིར། །འཇུག་པ་ལས་ཀྱི་སྒོ་གསུམ་བྱ། །དེ་ལ་རྫས་ཀྱི་དམ་པ་ནི། །ཕྲིན་ལས་ཆེན་པོ་རིགས་བཞི་ཡི། །ཕྱག་མཚན་གསེར་དངུལ་ཟངས་དང་ལྕགས། །ཤུག་པ་གསེར་ཤིང་ཙན་དན་དམར། །ཆུ་ཤིང་ཚེར་མ་ཅན་གྱིས་ནི། །རྒྱུ་ཡི་དོན་འགྲུབ་དེ་བཤད་པ། །གཙོ་ཆེན་དགུ་དང་རབ་སྦྱར་བའི། །ཁྲོས་པའི་ཞལ་དང་ཕྱག་མཚན་བཅས། །ཁྲུ་བཞི་པའམ་གསུམ་དུ་བྱ། །ལྷག་པའི་ལྷ་རྣམས་དེ་བཞིན་དུ། །ཁྲུ་གང་པ་དང་མཛུབ་གང་སོགས། །རིགས་དང་མཐུན་ཞིང་གྲངས་དང་མཉམ། །རྫས་ཀྱི་གཙོ་བོ་མཆོག་ཏུ་བྱ། །རང་གི་གནས་སུ་གཙོ་ལ་ཕྱོགས། །མཛེས་པའི་གནས་སུ་དགོད་པར་བྱ། །དོན་དམ་ཕུར་པ་དགུག་ཅིང་བསྡིམ། །ཕྱག་བཙལ་མངའ་གསོལ་མཆོད་ཅིང་བསྟོད། །ཧེ་རུ་ཀ་སོགས་འཁོར་དང་བཅས། །ངེས་པར་བྱིན་གྱིས་བརླབ་ཅིང་དབབ། །ཞི་དང་རྒྱས་དང་དགུག་པ་དང་། །དྲག་ཤུལ་སྤྱོད་པའི་གནས་དག་ཏུ། །ཀུན་རྫོབ་ལས་ཀྱི་ཕུར་པ་ཡང་། །གྲངས་དང་མཉམ་པ་དེ་བཞིན་དུ། །རང་གི་དབྱིབས་ལྡན་མདུན་དུ་དགོད། །སྔགས་པའི་རྫས་ཀྱང་རབ་ཏུ་བསྟར། །རྡོ་རྗེ་འཆང་ཆེན་དགུའམ་འཁོར། །རྡོ་རྗེ་ལས་བྱེད་གྲངས་དང་མཉམ། །སྔོན་བཤད་ཚུལ་དང་རབ་ལྡན་པས། །སྲིད་པའི་ཕུར་བུ་བསྒྲུབ་པའི་ཕྱིར། །དེ་ལ་དབང་དང་དངོས་གྲུབ་བླང་། །ཡེ་ཤེས་ཁྲོ་བོ་དེར་གཤེགས་


DNG014_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྟགས་དང་མཚན་མ་སྟོན་པར་བྱེད། །དེ་ལ་དངོས་གཞི་ཆེན་པོ་ཡིས། །བསྒྲུབ་པའི་ལྷ་རྣམས་རང་སྔགས་ལ། །ཀཱི་ལི་ཀཱི་ལ་ཡ་སརྦ་བི་བཾ་ཧཱུཾ་ཕཊ། ཅེས་སྔགས་སྔོན་དུ་བསྙེན་པར་བྱ། །གསེར་གྱི་བ་ཐག་གཟིང་བ་དང་། །མགལ་མེ་ཀླད་ལ་བསྐོར་བ་དང་། །ལྕགས་ཀྱི་ཚ་ཚ་གདབ་ལ་སོགས། །འོད་ཟེར་འཕྲོ་འདུའི་རྣམ་པར་འཕྲོ། །ཡེ་ནས་ལྷ་རྣམས་སྐུ་གསུང་ཐུགས། །གནས་གསུམ་དུ་ནི་རབ་ཏུ་བཀོད། །འདི་ནི་མ་འོངས་དུས་སུ་ཡང་། །བྷ་དྲ་ཙརྱ་སུ་ཁ་དང་། །བརྒྱ་བྱིན་བྱང་ཆུབ་རྒྱལ་པོ་ཡིས། །མ་ལུས་དོན་གསལ་བྱེད་པར་འགྱུར། །བསྒྲུབ་པ་ཆེར་སྤྱོད་དེ་ཡི་གནས། །ཕྲིན་ལས་བཞི་གང་གསང་སྔགས་བཟུང་། །རྫས་དང་ཏིང་ངེ་འཛིན་དང་སྔགས། །དམིགས་པ་དག་དང་དགོས་ཆེད་ཀྱིས། །ལས་ཀྱི་རིམ་པ་དེར་སྤྱད་དེ། །ཕྱོགས་བརྒྱད་གྲུ་གསུམ་སུམ་བརྩེག་གི། །ཁ་ཁྱེར་མི་བཟད་ཕུར་བུས་བསྐོར། །དྲག་པོའི་རྫས་རྣམས་ཀུན་ཀྱང་བཤམ། །བུམ་པའམ་ཡང་ན་བནྡའི་སྣོད། །ལྕང་ལོར་བཅས་པ་སྐམ་མམ་རློན། །གྲངས་དང་མཉམ་པ་དབུས་སུ་དགོད། །གཞན་ཡང་ཇི་ལྟར་བཤད་པ་ཡི། །རྫས་མཆོག་དམ་པ་སྣ་ཚོགས་དགོད། །ཧེ་རུ་ཀ་ཆེན་དགུ་རྣམས་ཀྱིས། །སོ་སོའི་འཁོར་གྱི་ཁང་བུ་རྣམས། །རྡོ་རྗེ་ཕུར་བུའི་འོད་ཀྱིས་མཛེས། །ཆོ་ག་སྣ་ཚོགས་བརྟན་པར་བྱ། །དེ་འདྲའི་ཏིང་ངེ་འཛིན་ལྡན་པས། །ནང་དུ་གཞུག་ཅིང་དྲང་བར་བྱ། །སྔོན་བཤད་དེ་བཞིན་ཚོགས་བསགས་ནས། །རིམ་པ་བཞིན་དུ་ཡང་དག་ལྡན། །བསྒྲུབ་པ་དེ་ཡི་ཏིང་འཛིན་ནི། །ནམ་མཁའི་ཁམས་ཀྱི་དབུས་གནས་སུ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བསམ་ཞིང་གནས་པ་དེ་གསལ་བྱ། །བཅུད་ཀྱི་སེམས་ཅན་ཐོག་མ་ནས། །ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་དེ། །རང་ལ་སྔགས་པའི་ཕྱག་མཚན་དང་། །ལྷག་པར་ཕུར་པར་འཛིན་པར་བསམ། །གདོད་ནས་གནས་པ་དེ་ཤེས་བྱ། །དེ་དག་རབ་ཏུ་བསྡིམས་བྱས་ནས། །དཀྱིལ་འཁོར་གཙོ་བོ་འཁོར་དང་བཅས། །སྤྱི་དང་བྱེ་བྲག་སྔགས་རྣམས་ཀྱིས། །ཕུར་བུའི་མིང་གིས་སྤེལ་ཏེ་བསྒྲུབས། །རང་ལྷར་གྱུར་


DNG014_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་བྱུང་ནས། །ཐམས་ཅད་སྤྱི་དྲིལ་བསྒྲུབ་པར་བྱ། །ལས་གྲུབ་ནུས་པར་གྱུར་པ་དང་། །སོ་སོའི་དམིགས་པ་མདུན་དུ་བྱ། །ལས་ཀྱི་ཕུར་པ་མངའ་གསོལ་ཏེ། །བྱེ་བྲག་དགུ་ཡི་ཏིང་འཛིན་གྱིས། །ཕུར་བུ་བསྐོར་བ་ཞེས་བྱ་སྟེ། །ཆེ་མཆོག་གཙོ་བོས་སྙིང་ལ་གདབ། །བཛྲ་ཧེ་རུས་མགྲིན་པ་སྟེ། །གཤིན་རྗེ་གཤེད་ཀྱིས་ཀླད་པ་ལ། །རྟ་མགྲིན་དབང་གིས་གསང་བ་སྟེ། །རྡོ་རྗེ་གཞོན་ནུས་འདུས་པའི་གནས། །མངོན་རྫོགས་རྒྱལ་པོས་ལག་གཡོན་ཏེ། །དྲེགས་འདུལ་གྱིས་ནི་རྐང་གཡས་ལ། །སྟོབས་ལྡན་ནག་པོ་ལག་པ་གཡས། །རྡོ་རྗེ་སེམས་དཔའ་རྐང་གཡོན་ལའོ། །འཁོར་རྣམས་ཀྱིས་ཀྱང་དེ་བཞིན་དུ། །རང་གིས་ཕྱོགས་བཅུར་བསྐོར་ཏེ་གདབ། །ལས་རྒྱུད་རྩད་ནས་བཅད་པ་དང་། །གསང་སྒོ་ཐིབས་ཀྱིས་མནན་པ་དང་། །དུག་ལྔ་སྤྱི་ནས་གཞོམ་པ་དང་། །འགྲོ་དང་སྟོབས་དང་དབྲལ་བ་དང་། །སྲིད་པའི་སྐྱེ་རྒྱུན་གཅད་པ་དང་། །ཕྲིན་ལས་ཆེན་པོ་བཞི་སྤྱད་ཕྱིར། །སོ་སོའི་གནས་སུ་གདབ་པར་བྱ། །རྩ་བར་སྙིང་རྩ་འདབ་མ་བཞི། །ཁ་དོག་སོ་སོར་བསྟན་པ་ལས། །ཡན་ལག་རྣམ་པ་བརྒྱད་དུ་གསལ། །གཡས་འདབ་ཆོས་ཉིད་རྩ་གསུམ་སྟེ། །སེར་པོ་ཟླ་ཁམ་སྟོང་པའི་དབྱིབས། །གཡོན་འདབ་རང་རྒྱུད་རྩ་གསུམ་སྟེ། །དམར་ནག་སྦྲུལ་བཞིན་འཁྱིལ་པའོ། །འོག་འདབ་ཡོན་ཏན་གཅིག་ཏུ་གནས། །སྨུག་ནག་རྒྱུ་མ་བཞིན་དུའོ། །སྟེང་དུ་ཡེ་ཤེས་གཅིག་གནས་པ། །མཐིང་ག་འཁོར་ལོ་ལྟ་བུ་སྟེ། །ཀུན་གཞི་རྣམ་རྟོག་ཉོན་མོངས་ཡིད། །ཡིད་དང་སྒོ་ལྔའི་རྣམ་ཤེས་གཉིས། །བརྒྱད་ཀྱི་དབུས་གནས་དང་མ་ནི། །མདོག་དཀར་རྟ་རྔ་བཞིན་དུ་བསྒྲིལ། །ཚེ་ཡི་དང་མ་བ་རྒྱ་འདྲ། །ཁྲག་གི་དང་མ་མཚལ་བྱི་མགོ། །དྲོད་ཀྱི་དང་མ་མེ་ལོང་གི། །ངད་དང་ཟིལ་པ་ལྟ་བུ་སྟེ། །རྣམ་ཤེས་དང་མ་འོད་ཀྱི་དཀྱིལ། །རང་ལྷར་གསལ་བའི་ཕྱག་མཚན་ཏེ། །རི་རབ་ཕུར་པ་རྡོ་རྗེས་བརྒྱན། །ཧཱུཾ་ཕཊ་ལྡན་པའི་ཕུར་གསུམ་ལ། །རྡོ་ཚན་ཆུ་འདུས་བཞིན་དུ་བསམ། །སྒྲུབ་པ་པོ་ཡི་ཐུགས་ཀར་ཐིམ། །ཞི་ཁྲོའི་ལྷ་རྣམས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྦོད་གཏོང་དང་། །


DNG014_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་དྲག་ཤུལ་རིག་པ་འཛིན། །སོ་སོར་དུས་ལ་བབ་ཅེས་བརྗོད། །ཕོ་ཉ་བསྐུལ་ཞིང་རྦད་གསད་བྱ། །ལྕགས་དང་སེང་ལྡེང་བྱ་ཕུར་དང་། །སྐྱེར་པ་ཙན་དན་མཆོག་ཕུར་གྱིས། །གཏི་མུག་བསལ་ཞིང་འདོད་ཆགས་བསྐམ། །ཞེ་སྡང་གསད་ཅིང་ཕྲག་དོག་གདུལ། །ང་རྒྱལ་བསྙིལ་ཞིང་སྨད་པ་སྟེ། །ཐལ་འབྱིན་དགོངས་པ་བྱང་ཆུབ་སེམས། །རྟོགས་པ་དང་ནི་ཐུགས་རྗེ་ཡིས། །བདག་གཞན་མ་ལུས་བསྒྲལ་བར་བྱ། །འདི་ཡིས་གལ་ཏེ་རྟགས་མེད་ན། །སྔར་བཞིན་བསྙེན་བསྒྲུབ་སྤོགས་པར་བྱ། །དེ་ནས་རྟགས་དང་ལྡན་པ་དང་། །སྔར་བཞིན་ལས་ལ་སྦྱར་བར་བྱ། །བསྒྲུབས་པ་དེ་ཉིད་བྱིན་གྱིས་རླབས། །ནད་དང་གདོན་དང་བར་ཆད་ཕྱོགས། །རང་བཞིན་མ་ལུས་ཞི་བར་བྱེད། །ཚེ་དང་དབང་ཐང་ལོངས་སྤྱོད་ཚོགས། །རབ་ཏུ་འཕེལ་ཞིང་རྒྱས་པར་བྱེད། །ལོག་ལྟ་དགྲ་བགེགས་མི་མཐུན་ཕྱོགས། །མ་ལུས་དབང་དུ་སྡུད་པར་བྱེད། །དྲག་ཤུལ་ཅན་དང་གདུག་པའི་སེམས། །སྒྲོལ་ཞིང་མངོན་དུ་སྤྱོད་ལ་སོགས། །ཐམས་ཅད་འགྲུབ་པ་འབྲས་བུ་སྟེ། །བྱིན་རླབས་ཕུར་པའི་སྒྲུབ་པའོ། །དེ་ནས་ཚེ་ཡི་ལུང་སྒྲུབ་པ། །ཕུན་སུམ་ཚོགས་པའི་སྔོན་འགྲོ་དང་། །སྟེགས་བུའི་སྦྱོར་བ་དེ་ཉིད་ལ། །ཐོག་མའི་དཀྱིལ་འཁོར་ལིང་ཚེ་དགུ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་དེ། །ཤར་དུ་རྡོ་རྗེ་རྩེ་བརྒྱད་དེ། །ལྷོ་རུ་རིན་ཆེན་ཟུར་བརྒྱད་བྲི། །ནུབ་ཏུ་པདྨ་འདབ་བརྒྱད་དེ། །བྱང་དུ་རལ་གྲི་ལྕེ་བརྒྱད་དོ། །མཚམས་བཞིར་ཐིག་ལེ་གླིང་བརྒྱད་དེ། །དབུས་རྣམས་ཟླ་གམ་ཁ་སྦྱོར་ཏེ། །མཚན་བཟང་ཀུན་རྫོགས་བུམ་པ་ནི། །ཕྱི་ནང་བལྟ་བ་རྫོགས་མཐུན་སྤྱད། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཨཱ་ཡུརྫྙཱ་ན་བྷྲཱུཾ། ཞེས་པའི་སྔགས་རྣམས་བྲིས་པ་ནི། །སོ་སོའི་རིགས་ཀྱི་མདོག་དང་བསྟུན། །དཀྱིལ་འཁོར་རྣམས་ཀྱི་དབུས་སུའོ། །བྱང་ཆུབ་སེམས་དང་རྫུ་འཕྲུལ་ཆེ། །རྟགས་དང་ལྡན་པའི་འབྲང་རྒྱས་ཏེ། །གཙོ་བོ་རྣམས་ཀྱི་གྲངས་ལྡན་པ། །འབྲུ་བཅུད་ཞལ་ཟས་ཚོགས་ལས་བཤམ། །རིན་པོ་ཆེ་ཡི་རྒྱན་རྟགས་ཀྱིས། །ལེགས་པར་བརྒྱན་པ་བདུད་རྩི་ཡི། །བཅུད་དང་བཅས་པ་དེར་སྩལ་ནས། །དར་འཕན་ཟ་


DNG014_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཚགས་ཀྱིས་བརྒྱན། །ནས་འབྲས་འབྲུ་ཡིས་བརྒྱན་པར་བྱས། །འབྲུ་ལྔས་བྱིན་བརླབ་གཟུངས་ཐག་གདགས། །རིགས་ཆེན་ལྔ་ཡི་གཙོ་བོ་ཡིས། །སོ་སོའི་ཕྱག་ཏུ་བཞེས་ནས་ནི། །ཆེ་མཆོག་ཧེ་རུ་ཀ་ནས་ནི། །བཛྲ་ཧེ་རུ་རྡོ་རྗེ་མཆོག །རཏྣ་ཧེ་རུ་གཤིན་རྗེ་གཤེད། །པདྨ་ཧེ་རུ་རྟ་མགྲིན་དཔལ། །ཀརྨ་ཧེ་རུ་གཞོན་ནུ་མཆོག །རང་གི་རིགས་ཀྱི་གསང་སྔགས་ལ། །བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་ཧཱུཾ་ཛཿ། ཞེས་བཏགས་བསྙེན་པ་འཛབ་ཏུ་བྱ། །དེ་ནས་མཚམས་བཞི་གཙོ་དང་སྔགས། །དེ་བཞིན་དུ་ནི་བྱ་བ་ཡིན། །རིགས་ཀྱི་ཐུགས་གསང་རིན་པོ་ཆེ། །ཟླ་ཁམ་གསལ་བའི་དཀྱིལ་འཁོར་དབུས། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧཱཾ་རྣམས་ནི། །ཟླ་བ་ལ་ནི་འོད་བཅས་གནས། །འཁོར་འདས་ཀུན་གྱི་བྱང་ཆུབ་སེམས། །འཆི་མེད་ཚེ་ཡི་རང་བཞིན་ནི། །འགྱུར་མེད་རྡོ་རྗེའི་ལམ་ནས་བྱུང་། །ཤངས་ཀྱི་རླུང་སྒྲོམ་སྟེང་ནས་བཏེག །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། །ཀུན་ཏུ་བཟང་པོ་ཚེ་དཔག་མེད། །ཧེ་རུ་ཀ་ཡི་སྐུ་གསུང་ཐུགས། །དུས་གསུམ་རྒྱལ་བ་ཡབ་དང་ཡུམ། །སྲས་དང་འཁོར་བཅས་རྡོ་རྗེའི་ཚེ། །རིན་ཆེན་སྲོག་ལས་ཉི་ཟླའི་འོད། །འཕྲོ་འདུ་ཕྲེང་བ་རབ་གསལ་བའི། །སྙིང་པོ་གསང་བའི་བསྙེན་པར་བགྲང་། །ཁྱད་པར་བདག་ཉིད་གསང་བ་ཡི། །དབུས་ཀྱི་གཙོ་བོའི་ཐུགས་ཀ་ནས། །དཀྱིལ་འཁོར་ཟླ་ཁམ་ག་འུའི་ནང་། །ཚོན་གང་ཡེ་ཤེས་སེམས་དཔའ་དེ། །སོ་སོའི་རིགས་བཞིའི་འཁོར་དང་བཅས། །ཡབ་ཡུམ་རྣམས་ཀྱི་ཐུགས་ཀར་འཕྲོས། །ཕན་ཚུན་འཕྲོ་བའི་འཁོར་ལོ་ཡིས། །འོག་མིན་གནས་ནས་ཡེ་ཤེས་ཀློང་། །རང་བཞིན་འོད་གསལ་ཐུགས་ཀྱི་དཀྱིལ། །བྱང་ཆུབ་སེམས་ཀྱི་འཆི་མེད་ཚེ། །གཉིས་སུ་མེད་པའི་འཕྲོ་འདུ་བྱ། །ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ཁམས། །སྣོད་བཅུད་ཚེ་བརྟན་དཀྱིལ་འཁོར་ཡིན། །འགྱུར་མེད་སྐད་ཅིག་མི་འབྲལ་བ། །ལྷ་རྣམས་ཀུན་ལ་བསྟོད་ཅིང་བསྐུལ། །ཚེ་དབང་དངོས་གྲུབ་སྩོལ་ཅེས་བརྗོད། །སླར་ཡང་བསྙེན་པའི་ཏིང་འཛིན་སྤྲོ། །རྟགས་དང་ཡོན་ཏན་ཡོངས་རྫོགས་ནས། །འོད་ཕུང་སྒྲུབ་པའི་རྫས་ལ་བསྡིམ། །དེ་ནི་ཚེ་སྒྲུབ་བསྙེན་པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི། །


DNG014_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྫོགས་ལྷར་གསལ་ལུས་ཀྱི་ཚེ། །ཡེ་ཤེས་སེམས་དཔའ་སྲོག་གི་ཚེ། །རིགས་ཀྱི་ལྷ་མོ་གཟུགས་ཀྱི་ཚེ། །འདོད་ཡོན་ལྔ་ལྡན་ལོངས་སྤྱོད་ཚེ། །སྲིད་པར་གནས་པ་ཡུན་གྱི་ཚེ། །བསམ་པ་ཚེ་སྲོག་དཔལ་གྱི་ལྷ། །བཀོད་པ་ཟས་ནོར་བཅུད་ཀྱི་ལྷ། །བཟླས་པ་རྒྱུན་ཆགས་ངག་གི་ལྷ། །ཧཱུཾ་ལས་རྡོ་རྗེ་སྲོག་དང་ལྡན། །ཨ་ལས་འགྱུར་མེད་ཚེ་དང་ལྡན། །བཾ་ལས་རྡོ་རྗེ་ལུ་གུ་རྒྱུད། །འདི་ནི་འཆིང་བའི་ལས་ཡིན་ནོ། །རྡོ་རྗེ་བསྡམ་པའི་ཕྱག་རྒྱ་ལས། །མཛུབ་མོ་ལྕགས་ཀྱུ་ལྟ་བུར་བྱ། །བསམ་གྱིས་མི་ཁྱབ་སྤྲོས་ཏེ་དགུག །རླུང་སྒོ་གཉིས་ནས་ཧཱུཾ་བསྐྱིལ་བས། །ཁྱད་པར་སྐྱེ་འགྲོ་མང་པོའི་ཚེ། །བྱང་ཆུབ་སེམས་ཀྱིས་དབང་བསྒྱུར་དག །སྐར་མདའ་བཞིན་དུ་བླངས་ནས་བསྣན། །སྐྱེ་འགྲོ་སྲོག་གིས་བསྡུས་པ་ལས། །བསྡིམས་ཏེ་དབང་བསྐུར་དོན་བྱས་པས། །རབ་ཏུ་སྤེལ་བའི་ཏིང་འཛིན་ནི། །ཀུན་གྱི་ཡུམ་གྱུར་ཕྱག་རྒྱ་ཡིས། །མ་ལུས་མཁའ་འགྲོ་དབང་ཕྱུག་མ། །ཐུགས་ཀར་སྐུ་མཆོག་ཚོན་གང་ལས། །གཟི་མདངས་བསྟར་བར་ཨཱ་ཡུཿབསྡིམ། །སྐུ་གསུང་ཐུགས་ཀྱི་སྔགས་འདི་དག །སོ་སོར་འབུམ་དུ་བཟླས་པར་བྱ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཛཿཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ། འདི་ནི་སྐུ་ཡི་སྙིང་པོའོ། །ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་བྷ་དྲ་ཚེ་བྷྲཱུཾ། འདི་ནི་གསུང་གི་སྙིང་པོའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་མ་ཧཱ་པུཎྱེ་པུཎྱེ་ཨ་པ་རི་མི་ཏ་ཛྙཱ་ན་བྷྲཱུཾ། ཞེས་པ་ཐུགས་ཀྱི་སྙིང་པོའོ། །སྐུ་ཡི་ཚེ་ནི་ལུས་ལ་སྟེ། །ཕུང་པོ་ལྔ་ལ་རབ་ཏུ་ཐིམ། །གསུང་གི་ཚེ་ནི་ངག་ལ་སྟེ། །དྲི་མེད་དབྱིངས་ལས་རབ་ཏུ་ཐིམ། །ཐུགས་ཀྱི་ཚེ་ནི་ཡིད་ལ་སྟེ། །བྱང་ཆུབ་མཆོག་གི་སེམས་ལ་ཐིམ། །རིགས་ཀྱི་གསང་བའི་སྙིང་པོ་ལས། །ཨ་བྷི་ཥིཉྩ་ཨ་ཞེས་པས། །ཀུན་ཏུ་བསྡིམ་པར་བྱ་བའོ། །སྐལ་ལྡན་བསྙེན་པ་མཆོག་གི་ལུང་། །བདུད་རྩི་འཆི་མེད་སྨན་གྱི་ཚེ། །དབང་མཆོག་དམ་པ་རིགས་ཀྱི་ཚེ། །བྱིན་རླབས་ཕུར་པ་སྤྲུལ་པའི་ཚེ། །ཟླ་ཁམ་རྡོ་རྗེ་དབང་གི་ཚེ། །བསྒྲུབས་པའི་འབྲས་བུ་བླ་ན་མེད། །རིན་ཆེན་སྲོག་གི་གཞལ་ཡས་ཁང་། །ལེ་བརྒན་གསུང་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོས་རྒྱས་བཏབ་ནས། །ཧེ་རུ་ཀ་ཡི་རྩལ་བསྐྱེད་དེ། །གཤིན་རྗེ་གཤེད་ཀྱིས་བསྡུ་བར་བྱ། །རྟ་མགྲིན་དབང་གིས་བསྲུང་བ་སྟེ། །རྡོ་རྗེ་གཞོན་ནུས་དབབ་པར་བྱ། །


DNG014_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྫོགས་རྒྱལ་པོས་བཅིང་བྱ་ཞིང་། །དྲེགས་པ་འདུལ་བས་བསྐྲད་པ་སྟེ། །སྟོབས་ལྡན་གྱིས་ནི་རབ་ཏུ་དགུག །རྡོ་རྗེ་ཆོས་ཀྱིས་བསྡིམ་པ་ནི། །སོ་སོའི་རིགས་ཀྱི་ཕྲིན་ལས་ཡིན། །མ་ལུས་འཁོར་བཅས་ཚེ་ལ་བསྐུལ། །ཕྱག་མཚན་ཚེ་ཡི་བུམ་པ་བསྣམས། །བཀོད་པའི་རྫས་ལ་རབ་ཏུ་ཐིམ། །རིན་ཆེན་ཙིཏྟའི་དབྱིབས་ཀྱིས་བླང་། །ཕྱི་ནང་གསང་བའི་འབྱུང་བ་རྣམས། །རིམ་གྱིས་བསྡུ་བའི་སྦྱོར་བ་ཡིས། །དུས་བཞི་མཉམ་པའི་རྫས་ནུས་དགུག །ཀུན་གྱིས་སྩལ་བའི་རྡོ་རྗེ་ཚེ། །ཁམས་གསུམ་ཀུན་འདུས་གྲུབ་པའི་རྟགས། །ཕྱི་ནང་འབྱུང་བའི་བཅུད་ལེན་མ། །ལྷ་མོའི་ཚོགས་ཀྱི་དངོས་གྲུབ་གཏེར། །ལེགས་པར་གསོལ་བ་གདབ་གྱུར་ནས། །སྒྲུབ་པ་པོ་ལ་བསྡིམ་པ་ཡིས། །སྐྱེ་ཤི་མེད་པའི་དོན་གསལ་བྱེད། །རིག་པ་འཛིན་པ་འགྲུབ་པར་འགྱུར། །བྱིན་གྱིས་རློབ་པའི་སྒྲུབ་པ་ཆེ། །དུས་གསུམ་སངས་རྒྱས་ཀུན་གྱི་ལམ། །བདེ་བར་གཤེགས་པ་ཀུན་འདུས་རྒྱུད། །རྣལ་འབྱོར་གསུམ་གྱིས་རབ་བསྡུས་པ། །ཐོག་མ་མེད་ནས་ཐ་མའི་བར། །རྒྱུན་མི་འཆད་དུ་ངས་བཤད་དོ། །སྐལ་མེད་རྣམས་ནི་ལོག་པར་རྟོག །ཁ་ཅིག་འཇིག་ཚོགས་བལྟ་བ་འཛིན། །ཁ་ཅིག་བདག་མེད་ཕྱོགས་འགའ་ཙམ། །ཁ་ཅིག་རང་གི་སྣང་བ་འཛིན། །ཁ་ཅིག་ཀུན་རྫོབ་དོན་དམ་བལྟ། །ཁ་ཅིག་བདག་གཞན་བཟང་ངན་འབྱེད། །ཁ་ཅིག་ཐབས་ཀྱི་ཆ་ལ་སྤྱོད། །ཁ་ཅིག་རེས་འགའ་ཤེས་རབ་སྟོན། །འདི་ནི་ཐ་དད་མ་ཡིན་ཏེ། །ཐམས་ཅད་གཅིག་ལས་བྱུང་བ་སྟེ། །གཅིག་ཏུ་མ་ལུས་འདུས་པའོ། །མ་འོངས་དུས་སུ་རྒྱུད་འདི་ཉིད། །ཤིན་ཏུ་རྙེད་དཀར་གྱུར་ནས་ནི། །སྐལ་བར་ལྡན་པ་འགའ་ཞིག་ལས། །སྐལ་མེད་དག་གིས་རྩོད་པར་བྱེད། །དེ་ཉིད་དུས་སུ་འདི་རྙེད་པས། །རང་རྒྱུད་ཙམ་དུ་མི་བསྟེན་ཏེ། །རྩ་བ་ཡན་ལག་བཤད་པ་དང་། །ལུང་བཤད་སྒྲུབ་ཐབས་མཐའ་དག་གིས། །དོན་བཟང་ངེས་པར་གཏན་ལ་དབབ། །དེ་ལྟར་སྣོད་ལྡན་རིགས་ཀྱི་སྲས། །དད་བརྩོན་ལྡན་ལ་རིམ་བཞིན་བསྟན། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། བྱིན་གྱིས་རླབས་པའི་བསྒྲུབ་པ་ཆེན་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།


DNG014_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རབ་ཏུ་ཕན་གདགས་པའི། །ལས་མཆོག་རབ་ཏུ་བཤད་པ་ནི། །རིགས་དང་ལྡན་པ་སྔར་བཤད་བཞིན། །རྟེན་འདྲེལ་རྣམ་པ་ལྔ་ཡིན་ཏེ། །རྫས་སུ་བསྒྲུབ་དང་ཐལ་ཆེན་དང་། །གནས་སྦྱང་བ་དང་བསྒྲལ་བ་དང་། །གཤེད་ཆེན་བགེགས་རྣམས་འདུལ་བ་སྟེ། །དང་པོ་སྲིད་པའི་བམ་ཆེན་ཡིན། །སྟོན་པ་འཁོར་དང་གནས་དང་དུས། །ཡོ་བྱད་ཇི་ལྟར་ངས་བཤད་བཞིན། །ཚུལ་དང་མཐུན་པའི་ལས་ཀྱིས་སྦྱང་། །སྣང་ཞིང་སྲིད་པ་དུར་ཁྲོད་ཀློང་། །ཐུགས་རྗེ་ཆེན་པོས་རིག་ཅིང་གཟིགས། །འཁོར་བའི་སྐྱབས་གླིང་ཆེན་པོ་ལས། །རིགས་དྲུག་འཁོར་བ་མ་ལུས་འདུལ། །རྒྱུད་དྲུག་འདུས་པའི་རྣམ་ཤེས་བསྲེག །དུག་གསུམ་མཚོན་གྱིས་བསད་པ་ནི། །རྟག་ཆད་མཐར་ཤིའི་རོ་གླིང་ནས། །གཏི་མུག་ཆེན་པོའི་རྒྱུ་བླང་སྟེ། །བྱང་ཆུབ་སེམས་སུ་གསལ་བའི་ཕྱིར། །རྒྱུ་མཆོག་ཆེན་པོ་བཙལ་བར་བྱ། །ཡེ་ཤེས་སྤྱན་དང་ཕྱག་རྒྱའི་ཚོགས། །རྡོ་རྗེའི་འགྲོས་དང་འབྱོན་ཚུལ་ཏེ། །དང་པོ་རིགས་བརྒྱུད་མཚན་དང་ལྡན། །སྐྱེ་བ་བདུན་པ་བརྟག་པར་བྱ། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་མནན་པའི་ཕྱིར། །རྡོ་རྗེ་འགྲོས་ཀྱིས་བཙལ་བར་བྱ། །ཡིད་བཞིན་ནོར་བུ་གཏེར་འབྱེད་པ། །དགོས་འདོད་སྐོང་བ་ཕྱག་རྒྱའི་ཚོགས། །མཁའ་འགྲོའི་དམ་རྫས་ཡིན་པའི་ཕྱིར། །མ་མོའི་འབྱོན་ཚུལ་སྟབས་ཀྱིས་བཙལ། །ཕུང་པོ་གཤེད་དང་དབྲལ་བའི་ཕྱིར། །སེང་ལྡེང་ཕུར་པ་སོར་བརྒྱད་པ། །སྟོབས་ཆེན་ཁྲོ་བོའི་སྐུར་བསམས་ཏེ། །གསང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །གསོན་དང་གཤིན་གྱི་བདུད་དང་བགེགས། །གཟུགས་དང་མཚན་མར་བཅས་པ་དེ། །ཕུར་བུས་བཏུབ་ཏེ་རོ་ཤུན་གྲིལ། །ཁུང་བུར་མནན་ནས་རོ་གཟིར་ལ། །དེ་ནས་རྡོ་རྗེའི་གར་གྱིས་བླང་། །རྡོ་རྗེའི་འགྲོས་ཀྱིས་ཁུར་ནས་ནི། །གནས་སུ་འོངས་ཏེ་ཕྱི་མཚམས་བཅད། །དེ་ནས་དམ་སྲི་གནན་པར་བྱ། །སྒོ་ནས་ཕྱི་རོལ་འདོམ་གང་དུ། །མཁའ་འགྲོའི་ཁུང་བུ་བྲུས་ནས་ནི། །དུར་ཁྲོད་གནས་ཀྱི་ཐོད་པ་ལ། །ནང་དུ་དམ་སྲིའི་སྙིང་པོ་བྲི། །དུར་ཁྲོད་རྐང་གི་ཕུར་བུས་གདབ། །ནང་དུ་སྟེགས་བུ་ཚུལ་བཞིན་བརྩིག །སྒྲུབ་རྫས་


DNG014_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་རྫོགས་པར་བྱ། །དེ་ལ་གཟིགས་སྟངས་རྣམ་པ་དྲུག །དངོས་གྲུབ་གཤིན་དང་སློབ་མ་དང་། །ལྷ་དང་རུ་དྲ་སྒྲུབ་པའི་རྫས། །དང་པོར་དངོས་གྲུབ་བལྟ་བ་ནི། །སྐྱེ་བ་བདུན་པ་ལྟ་བུ་སྟེ། །ཡིད་བཞིན་ནོར་བས་ཆེས་ལྷག་པས། །ཁྱད་པར་བསྒྲུབ་པ་མི་དགོས་ཏེ། །མཆོག་དང་ཐུན་མོང་རིམ་པས་འགྲུབ། །ཚེ་འདས་ཉིད་དུ་གཟིགས་པ་ནི། །དཔྱང་ཐག་ཆད་ནས་འཁྱམས་པ་དེ། །ཐུགས་རྗེ་ཆེན་པོས་གཟུང་ཕྱིར་རོ། །ཕུང་པོ་ཉིད་ལ་རྣམ་ཤེས་དགུག །གང་དག་འདི་ལ་གཞན་བརྟེན་དང་། །འདི་ཉིད་གཞན་ལ་བརྟེན་པ་རྣམས། །ཧེ་རུ་ཀ་ནི་དྲན་ཙམ་གྱིས། །ཐམས་ཅད་དྲེད་ཅིང་བརླག་པར་འགྱུར། །འགྲོ་དྲུག་རྒྱུད་ལྔའི་སྒྲིབ་པ་སྦྱང་། །བག་ཆགས་སྦྱང་ཕྱིར་བྲོ་བཞིས་གདུལ། །ཤར་དུ་ཞོས་འགྲོ་གནས་ཀྱི་བྲོ། །དྲི་ཆེན་སྟེང་དུ་བཞག་ཅིང་བརྡུང་། །ལྷོ་རུ་ཤ་ཆེན་དཀྱིལ་འཁོར་ལ། །ཁྲག་འཐུང་རོལ་པའི་བྲོ་བརྡུང་ངོ་། །ནུབ་ཏུ་རྟ་གདོང་ཞལ་གྱི་བྲོ། །པདྨ་རཀྟའི་སྟེང་དུའོ། །བྱང་དུ་དྲི་ཆུའི་མཎྜལ་སྟེང་། །གདུལ་སྦྱོར་རྟགས་ཀྱི་བྲོ་བརྡུང་ངོ་། །དེ་ལྟར་བྲོ་བཞིས་སྦྱངས་བྱས་ནས། །རང་གི་ལོངས་སྤྱོད་སྐལ་ཐོག་སྟེ། །སློབ་མའི་ངོ་བོར་བལྟ་བ་ནི། །བག་ཆགས་སྒྲིབ་པ་བཀྲུ་བའི་ཕྱིར། །སྨན་སྤོས་བདུད་རྩི་ཆབ་ཀྱིས་བཀྲུ། །མོས་བཅས་བརྩེ་གདུང་ཤེས་པ་ཡིས། །སེམས་བསྐྱེད་ཡོན་དབུལ་མེ་ཏོག་དོར། །གསོལ་བ་གདབ་སྟེ་དཀྱིལ་འཁོར་གཞུག །མིག་ཕྱེ་ལྷ་ངོ་བསྟན་པར་བྱ། །ཕྱག་བཙལ་ཡོན་དབུལ་དམ་ཚིག་བསྒྲག །བྱིན་གྱིས་བརླབས་ཏེ་སྣོད་སྦྱངས་ནས། །ཕན་དང་ནུས་དང་རིག་པ་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་རུ་བྱིན་གྱིས་དབབ། །དེ་ནས་ལྷ་ཡི་ངོ་བོར་བལྟ། །དཀྱིལ་འཁོར་དབུས་སུ་ཁྲི་སྟེང་དུ། །སྐྱིལ་མོ་ཀྲུང་བཅས་ཤར་དུ་བལྟ། །དེ་ཉིད་ཕྱག་རྒྱའི་ཚོགས་ཆེན་བསྒོམ། །རྫས་ཀྱི་རྣམ་གྲངས་གཏམས་ནས་ཀྱང་། །རིགས་ཀྱི་ལྷ་རྣམས་རྣམ་པར་བཀོད། །གཞལ་ཡས་ཁང་དུ་བྱིན་གྱིས་བརླབ། །དྲན་པའི་ཐད་ཀར་བཀྲམ་ནས་ཀྱང་། །རང་གི་གནས་སུ་ཐིག་ལེ་དགོད། །མཐུན་པའི་རྫས་ཀྱིས་མངའ་གསོལ་བ། །རྡོ་རྗེ་རྒྱལ་པོ་ལས་མཁན་དང་། །


DNG014_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གིང་སྒྲོལ་གིང་རྡོ་རྗེ་བྱིན། །སྟོབས་པ་དང་ནི་རྐང་མགྱོགས་དང་། །ཇི་ལྟར་རིགས་པ་མངའ་གསོལ་ནས། །སྙུན་སྨྲས་དཔལ་གྱི་ཆས་རྣམས་གསོལ། །རྟགས་རྒྱན་གདབ་ཅིང་རྫས་གཞན་དགྲམ། །དངོས་གྲུབ་ཅི་འདོད་དམར་བྱང་བསྩལ། །ཆེ་མཆོག་རོལ་པའི་གཙོར་བསྐྱེད་ཅིང་། །རིགས་ཆེན་བརྒྱད་ཀྱི་དཀྱིལ་འཁོར་བསྡིམ། །ཐིག་ཆེན་གདབ་ནས་བསྐོས་ལ་གདབ། །ཆོ་གའི་ཡན་ལག་རྫོགས་བྱ་ཞིང་། །འཛབ་བཟླས་རྡོ་རྗེའི་བསྙེན་པ་བྱ། །བྱིན་ཕེབས་རྟགས་གསུམ་བྱུང་བ་ན། །དངོས་གྲུབ་བླང་ཞིང་དབང་རྫོགས་བསྐུར། །རུ་དྲའི་ངོ་བོར་གཟིགས་པ་ལ། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་གསལ། །བསྐང་རྫས་ཇི་སྙེད་པ་དང་བཅས། །ཕུང་པོ་ཚོགས་སུ་ཕུལ་ནས་ནི། །བམ་ཆེན་སྦྲམ་པོས་བསྐང་བ་དང་། །ཕུང་པོ་རྡུལ་དུ་བཤིགས་ནས་ཀྱང་། །ཤ་ཁྲག་རུས་པས་བསྐང་བྱ་ཡང་། །བྱང་ཤར་མཚམས་སུ་བསྒྲལ་བྱ་སྟེ། །རུ་དྲ་བསྒྲལ་བའི་ཞིང་ཡིན་པས། །ཕོ་ཉ་དགུག་འདྲེན་བཏང་ནས་ཀྱང་། །དགྲ་བགེགས་རྣམ་ཤེས་དགུག་ཅིང་བསྡིམ། །ལྷ་དང་དབྲལ་ཕྱིར་རྫས་ཀྱིས་བདུག །འཇིག་རྟེན་དྲེགས་པའི་དམོད་པས་བྲབ། །སྲིད་གསུམ་ལྷ་འདྲེའི་དམག་དཔུང་དབབ། །ལུས་ལ་རིགས་དྲུག་ཡི་གེ་དགོད། །ངན་སོང་དགག་པའི་སྙིང་པོ་བཟླས། །སྦྱོང་བ་ལྔ་དང་གྲུབ་པ་ལྔ། །སྐོང་བ་ལྔ་ཡི་དགོངས་པ་བྱ། །བྱང་ཆུབ་ལམ་ལ་བགྲོད་པའི་ཕྱིར། །བ་སུ་ཏ་ནི་བྱིན་གྱིས་བརླབ། །རྡོ་རྗེ་ཐིག་གི་བཅུ་ཚལ་གདབ། །རིག་པ་འཛིན་པའི་སྐོས་ཀྱིས་གདབ། །ཕུང་པོ་གནས་ལྔ་བཀྲུ་བའི་ཕྱིར། །མཚོན་ཆ་ལྔ་ཡི་ཆར་ཡང་དབབ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་གནས་བརྒྱད་རྫོགས་པའི་ཕྱིར། །རོ་ཡི་བཤའ་ཐབས་རྒྱབ་ནས་བཤའ། །དབང་ལྡན་གནས་པའི་ཕྱོགས་སུ་བསྒྲལ། །རྡོ་རྗེ་འབར་བའི་མཚོན་ཆེན་གྱིས། །དངོས་གྲུབ་ལོག་རྟོག་ཕྲལ་ནས་ཀྱང་། །རྡོ་རྗེ་སྦྱོར་ཕྱོགས་མ་ནོར་བར། །ཤེལ་ཕུར་གཉིས་ཀྱིས་རྩད་ནས་བཟུང་། །ངེས་པར་བརྟག་པའི་གཞི་མ་ལ། །ཅུང་ཞིག་སྟོང་དེ་སྟེང་འོག་བསྒྱུར། །བཞིན་ཕྱོགས་གར་བལྟ་ལེགས་ཉེས་བརྟག །དེ་ནས་རྫས་སུ་བལྟ་


DNG014_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །ལྷ་དང་བདུད་རྩི་མཆོད་རྫས་དང་། །དངོས་གྲུབ་རྒྱན་དང་སྦྱིན་སྲེག་རྫས། །དེ་ལ་ལྷ་རུ་བལྟ་བ་ནི། །དོན་སྙིང་སྣོད་དང་དབང་པོ་དང་། །ཤ་ཁྲག་རུས་པ་པགས་པ་སྤུ། །ཡན་ལག་ཉིང་ལག་ཐོད་ཚལ་དང་། །སྒལ་ཚིགས་རྩིབ་མ་རོ་ལྤགས་དང་། །གནས་སྐབས་བཞི་ཡི་བྱང་ཆུབ་སེམས། །གནས་དགུ་འབྱིན་པའི་ལམ་གསུམ་ནི། །ཕོ་བྲང་དགུ་ཡི་ལྷ་རྣམས་སྣང་། །གཉིས་མེད་མཐུན་པའི་རྫས་སུ་བསྒོ། །བདུད་རྩི་བསྒྲུབ་པའི་རྫས་སུ་བྱ། །རྩ་བ་ཡན་ལག་བརྒྱད་ཡིན་ཏེ། །མངོན་པའི་ཕྱི་དང་གནས་པ་ནང་། །བཞི་བཅུའི་ཡན་ལག་ཚང་བར་བསྒོ། །དམ་རྫས་རློན་སྦྱོར་མཆོད་པའི་རྫས། །བཟའ་དང་བཏུང་དང་མྱང་དང་ལྡག །སྡོམ་དང་གཅུད་དང་བདུག་པར་བྱ། །དངོས་གྲུབ་རྫས་ཀྱང་དེ་ཉིད་དོ། །དུར་ཁྲོད་རྒྱན་དུ་བྱ་བ་ནི། །བནྡྷ་གླིང་བུ་མཆོག་ཕུར་དང་། །བླ་རེ་རྒྱལ་མཚན་བ་དན་གདུགས། །མར་མེ་ཁུ་བ་ཞག་ལ་སོགས། །ཕྲེང་བ་ཆེན་པོར་བྱ་བའོ། །སྦྱིན་སྲེག་ཧོམ་དུ་བྱ་བ་ནི། །དེ་ཉིད་བདུད་རྩིས་ཆག་ཆག་གདབ། །ཐིག་བཞི་གདབ་པའི་ལིང་ཚེ་དགུ། །འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ། །ཕྲིན་ལས་ཆེན་པོ་བཞི་དག་གི། །ཁ་དོག་དབྱིབས་དང་མཚན་མ་དག །སྤྱི་དང་བྱེ་བྲག་བསྔགས་པར་བྱ། །སླར་ཡང་མཚམས་བཅད་རིམ་པ་ལྔས། །བར་དུ་གཅོད་པའི་བདུད་རྣམས་བཟློག །སྣོད་བཟང་མཚན་གསོལ་བརྗོད་ཅིང་དགྲམ། །རྫས་རྣམས་སོ་སོར་བསྔོས་ནས་ཀྱང་། །ཕྱག་རྒྱ་གཞུག་པའི་གནས་རྣམས་སུ། །མ་ནོར་སོ་སོར་དགོད་པར་བྱ། །དཔལ་དང་ལྡན་པའི་སྣོད་དགུ་ལ། །རྨད་དུ་བྱུང་བ་དགུ་དགོད་དེ། །འབར་བ་ཆེན་པོ་གནས་རྣམས་སུ། །བརྗོད་པའི་ཚུལ་གྱིས་གསལ་བར་བསྒོམ། །ཕྱག་རྒྱ་གཞན་ཡང་ལེགས་པར་བཀོད། །བྷནྡྷ་སྙིང་ལ་སོགས་པ་ཀུན། །ཧེ་རུ་ཀ་ནས་རིམ་བཞིན་དུ། །སོ་སོའི་གནས་སུ་དགོད་པར་བྱ། །སྤྱན་དྲང་བརྟན་པ་ཉིད་དུ་བྱ། །མ་ལུས་མཆོད་པས་མཉེས་པ་དང་། །བསྲེག་པའི་རྫས་ཀྱིས་མཆོད་བྱ་ཞིང་། །ཡེ་ཤེས་ལྷ་དང་མེ་ལྷ་དང་། །སླར་ཡང་སྦྱོར་བའི་ཆོ་ག་དང་། །ཆད་པར་འགྱུར་བ་དེ་བཞིན་དུ། །རབ་ཏུ་རྫོགས་པར་བྱ་བའོ། །སྦྱིན་བསྲེག་ལྷ་རྒྱུད་


DNG014_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བྱ། །ཕྲིན་ལས་རྣམ་བཞི་གང་རིགས་བཤད། །མཁའ་འགྲོ་མཆོད་དང་གཟིར་མནན་དང་། །མི་ཟད་གཏེར་དུ་སྦ་ལ་སོགས། །ལས་ཀྱི་རྒྱལ་པོས་རིམ་བཞིན་སྤྱད། །འདི་ནི་དམ་ཚིག་ཆེན་པོ་སྟེ། །རྫས་མཆོག་བམ་གྱི་ལས་ཡིན་ནོ། །སྒྲུབ་པའི་སྦྱོར་བ་རབ་ཏུ་བྱ། །དེ་ལས་གཞན་པ་བསྲེག་པའི་ལས། །རྣལ་འབྱོར་ཆེན་པོ་བྱ་བ་ནི། །གཞུང་དང་མཐུན་པའི་གནས་དག་ཏུ། །ཡོ་བྱད་ཕུན་སུམ་ཚོགས་པར་བྱ། །ཕྱོགས་སྐྱོང་སྦྱིན་གཏོང་ལན་ཆགས་གཞལ། །བཀའ་བསྒོ་མཚམས་གཅད་སྔར་བཞིན་བྱ། །ཕོ་བྲང་དགུ་པ་བཞེངས་སུ་གསོལ། །གནས་དང་ཡོ་བྱད་བྱིན་གྱིས་བརླབ། །མཆོད་རྫས་སྣ་ཚོགས་ཚོགས་པར་བཤམ། །སྒྲུབ་པའི་རྫས་ནི་བུམ་པ་བཟང་། །རྒྱན་རྫས་མཚན་ཉིད་ལྡན་པ་དག །ལྷ་ཡི་གྲངས་དང་ལྡན་པ་དག །ལས་ཀྱི་ཆོ་ག་རྫོགས་པར་དགོད། །དེ་ནས་དམིགས་པ་གང་ཡིན་པའི། །མིང་གཟུགས་མཚན་མར་ལྡན་པ་ལ། །རྒྱན་དང་ཆ་ལུགས་མཛེས་པར་གདགས། །རྣམ་པར་ཤེས་པ་དགུག་བྱས་ནས། །རིགས་གཅིག་རིགས་ལྔ་རིགས་དགུ་ཡི། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞེངས། །ཆོས་དབྱིངས་རང་བཞིན་དཀྱིལ་འཁོར་ཏེ། །སྤྱན་དྲངས་བཞུགས་ལ་མོས་ཕྱག་བཙལ། །མཆོད་བཤགས་ཕྲིན་ལས་བཅོལ་བ་ཡིས། །འོད་ཟེར་དྲ་བས་སྲིད་གསུམ་གྱི། །ཉོན་མོངས་དྲི་མ་མ་ལུས་བསལ། །རིན་ཆེན་ཤེལ་སྒོང་ལྟར་བསམས་ལ། །སྡུག་བསྔལ་རྣམས་ལ་སྐྱོ་བསྐྱེད་དེ། །ཐུགས་རྗེས་རིགས་དྲུག་གནས་ནས་དགུག །ཆུ་སྐྱེས་གཟུགས་གདག་བཞི་ལ་བརྟེན། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཞེས། །དབུས་སུ་རིགས་ལྔའི་སྙིང་པོ་བྲི། །ལྔ་དང་རིགས་ལྔ་ལྕགས་ཀྱུ་ལ། །ཕྱི་རོལ་འདབ་མ་བཞི་པོ་ཡིས། །མཆོད་སྦྱིན་གྱིས་ནི་ལན་ཆགས་གཞལ། །གསང་སྔགས་དྲག་པོས་གཤེད་དང་དབྲལ། །བདུད་རྩི་དྲི་ཆུས་ཕྱི་ནང་བཀྲུ། །རིགས་དབང་ལྔ་ཡི་ཡུམ་ལ་བསྐུར། །ཡེ་ཤེས་ལྷ་དང་གཉིས་མེད་པར། །ངོ་བོ་སྟོང་པ་ཉིད་དུ་བྱ། །རིགས་དྲུག་གནས་ནས་བཏོན་ནས་ནི། །སླར་ཡང་དངོས་སུ་བྱས་ནས་ནི། །ཕོ་བྲང་ཆེན་པོའི་དྲུང་དུ་ཁྲིད། །སྒོ་བཞི་དབྱེ་བར་གསོལ་བ་གདབ། །གནང་


DNG014_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ་ནས་ཕྱག་བཙལ་ཞིང་། །ཡོན་ཕུལ་ནས་ནི་སྐྱབས་སུ་གསོལ། །ཡེ་ཤེས་ལྔ་དང་སྐུ་ལྔར་བྱ། །གཟུགས་སྐུ་དངོས་སུ་ཐོབ་བྱའི་ཕྱིར། །གོས་སམ་རས་སམ་ཤིང་ཤུན་ལ། །ཁྲོ་ཚོགས་སྙིང་པོ་མིང་སྤེལ་བཅས། །གནས་ཡུལ་དག་ཏུ་ལེགས་པར་དགོད། །སངས་རྒྱས་ཞི་ཁྲོའི་དཀྱིལ་འཁོར་རྣམས། །ཁྱོད་ཀྱི་སྟེང་དང་འོག་ཏུ་སྦྱིན། །ཐུགས་རྗེ་ཚད་མེད་བཞི་ལྡན་ནས། །ཁྲོ་བོ་འཇིགས་བྱེད་སྐུར་བསྟན་ནས། །གདུག་པ་ཅན་རྣམས་འདུལ་བར་འགྱུར། །སོ་སོའི་སྙིང་པོ་བརྗོད་ནས་ནི། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཉོན་མོངས་སྐྱོན་གྱིས་མ་གོས་ཕྱིར། །པདྨའི་གདན་ལ་བཞག་ནས་ནི། །སྔར་བཞིན་དཀྱིལ་འཁོར་བཞེངས་པར་བྱ། །དེ་ནས་སླར་ཡང་བྱིན་དབང་ཅིང་། །རྡོ་རྗེའི་དགོངས་པ་ལ་ཞུགས་ནས། །བསྙེན་པ་སྔགས་ཀྱི་འཕྲོ་འདུ་བྱ། །རྡོ་རྗེའི་ལས་ནི་རྫོགས་པར་སྤྱད། །མཆོད་ཅིང་བཤགས་ཏེ་བསྐང་ཞིང་བཅོས། །ཁྲག་འཐུང་བདུན་བརྒྱ་ཉི་ཤུ་ལ། །བསྟོད་བསྐུལ་གྱིས་ནི་དམིགས་པ་དགུག །བཀའ་སྡོད་ཕོ་ཉ་དམ་བདར་ཞིང་། །བསྐྲད་དང་བརྡེག་པས་བར་ཆད་བསལ། །སླར་ཡང་བཀྲུ་དང་བསྐུར་བ་དང་། །ཕུང་པོ་ཁམས་དང་ལྷར་སྦྱངས་ཏེ། །སྨོན་ལམ་བསྔོ་བ་ལ་སོགས་ཀྱིས། །འགྲོ་བའི་དོན་ལ་བསྐུལ་བར་བྱ། །དེ་ལྟར་ལྔ་འམ་བདུན་ལ་སོགས། །ཟླ་བ་ཕྱེད་དམ་ཅི་རིགས་ཀྱིས། །ལས་དང་ཉོན་མོངས་བག་ཆགས་སྦྱང་། །དེ་ནས་དངོས་གཞི་སྦྱིན་བསྲེག་བྱ། །ཕོ་བྲང་དགུ་ཡི་སྟེང་ཉིད་དུ། །ཀ་བ་བཞིའམ་བརྒྱད་ཀྱིས་བཏེགས། །རྣམ་བཞིའི་ལས་ཀྱི་ཧོམ་ཁུང་དུ། །བཞིའམ་བརྒྱད་ཀྱི་མེ་མར་སྤར། །འབྱུང་བ་ལྔ་ཡི་ཡམ་ཤིང་ལས། །མཆོད་སྦྱིན་དངོས་པོ་བསྲེག་སྦྱང་ཐིམ། །ནད་གདོན་རྣམ་རྟོག་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །ལོག་ལྟ་མི་མཐུན་དབང་བསྡུ་དང་། །དམིགས་པ་དྲག་པོས་བསྒྲལ་འདོད་རྣམས། །གང་ལ་བསྔགས་པ་དེར་སྤྱད་དེ། །ཟླུམ་པོ་གྲུ་བཞི་ཟླ་ཁམ་ཨེ། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་དཀར་སེར་དམར་དང་ནག །འོ་མ་ཅན་དང་འབྲས་བུ་སྨིན། །ཁ་དོག་དམར་དང་ཚེར་མ་ཅན། །བྲམ་ཟེ་རྒྱལ་པོ་སྨད་འཚོང་མ། །སྨེ་ཤ་


DNG014_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་བླངས་པའི་མེ། །སྔ་དྲོ་ཉིན་གུང་དགོང་མོ་དང་། །སྲོད་ཀྱི་དུས་སུ་ཤར་ལྷོ་དང་། །ནུབ་དང་བྱང་ནས་རིམ་གྱིས་སྤར། །བསྲེག་རྫས་སུམ་ཅུ་རྩ་གཉིས་ནི། །བསངས་ཏེ་བྱིན་གྱིས་བརླབས་ལ་དབུལ། །ཡེ་ཤེས་ལྷ་དང་མེ་ལྷ་དང་། །ཐུན་མོང་ཐུགས་ཀྱི་དཀྱིལ་འཁོར་དང་། །སླར་ཡང་མེ་ལྷའི་ཆོ་ག་དག །དཀྱིལ་འཁོར་དགུ་ཡི་ལྷ་དང་སྦྱར། །ཤཱནྟིཾ་པུཥྚིཾ་བ་ཤཾ་དང་། །མཱ་ར་ཞེས་པས་མཐའ་བསྒྱུར་ཏེ། །ལྷ་དང་མེ་ལྷའི་སྙིང་པོས་སྦྱང་། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །གང་གིས་སྒོར་ཞུགས་དེ་བཞིན་སྦྱང་། །གསང་བའི་ཆོས་གསུམ་མ་མཐོང་ཞིང་། །ལྟ་བསྒོམ་སྤྱོད་ལ་མ་སྦྱངས་པ། །ཐ་མལ་པ་དང་མོས་པ་ཙམ། །རྣལ་འབྱོར་ཉིད་དུ་སྦྱར་བར་བྱའོ། །དེ་ལས་བཟློག་པ་རང་གི་ལྷའི། །ཞིང་ཁམས་རྣམ་པར་དག་པ་སྟེ། །ལྷ་དང་གཉིས་མེད་ལམ་བསྟན་གཤེགས། །ཁྱད་པར་བལྟ་བ་ཉམས་པ་དེ། །ཇི་ལྟར་མ་ནོར་ཧོམ་ཁུང་དུ། །ཇི་སྙེད་མ་ལུས་ཡམ་ཤིང་གིས། །གཉིས་མེད་ཡེ་ཤེས་མེ་སྤར་ཏེ། །མ་རིག་རྣམ་རྟོག་བསྲེགས་ཤིང་སྦྱངས། །རང་བྱུང་རྒྱུ་རྐྱེན་བྲལ་བའི་ཕྱིར། །བསོད་ནམས་ཚོགས་ལས་མི་ལྟོས་པས། །གདོད་ནས་སྙིང་པོ་བྱང་ཆུབ་པའི། །མི་རྟོག་ཏིང་འཛིན་རྒྱུན་དུ་བསྒོམ། །གལ་ཏེ་དེ་ལྟར་མིན་པ་ན། །སྐུ་གདུང་བགོས་ཏེ་ཚ་ཚར་གདབ། །སྔར་བཤད་ཆོ་གས་ཚོགས་ཆེན་བསག །བཟློག་པའི་བསྙེན་པ་དེ་དག་ནི། །རང་བཞིན་ལྷུན་གྱིས་གྲུབ་པ་སྟེ། །སྐྱེ་མེད་དབུ་མའི་སྙིང་པོར་གནས། །མ་ལུས་མཉེས་པར་བྱ་བ་བསྟན། །བསྲེག་དང་སྦྱང་བ་བཞི་ཡི་ལས། །ཕན་པའི་ཡན་ལག་ལས་ཀྱི་མཆོག །དེ་ཉིད་གཉིས་པའི་སྦྱོར་བའོ། །ཐོག་མ་ཉིད་ནས་སེམས་ཅན་ཁམས། །རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །བདག་འཛིན་འཁྲུལ་པས་འཁོར་བར་འཁྱམས། །དེ་ལ་རྒྱལ་བ་རྣམས་ཀྱིས་དགོངས། །ཀུན་བཟང་ང་ཉིད་ཧེ་རུ་ཀར། །མངོན་བྱུང་སྤྲུལ་པ་མཛད་པ་ཡིས། །ཡེ་ཤེས་བསམ་མི་ཁྱབ་པ་ལས། །བྱང་ཆུབ་ཆེན་པོའི་ལམ་འདི་བསྟན། །ཇི་ལྟར་བཤད་པའི་གནས་ཆེན་དུ། །ཕུན་སུམ་ཚོགས་པའི་ཡོན་ཏན་བསམ། །སྔོན་དུ་འགྲོ་བ་རྫོགས་བྱས་ཏེ། །དཀྱིལ་འཁོར་དགུ་པ་ཚུལ་བཞིན་བྱ། །


DNG014_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་གསུམ་གྱིས་བརྒྱན་བྱས་ཏེ། །ནམ་ཞིག་འཚང་རྒྱའི་མིང་བསྟན་པས། །ལྷག་པའི་ལྷ་ཡི་གནས་རྒྱས་གདབ། །བཟང་མོར་བྱིན་བརླབ་བུམ་པ་བརྒྱན། །དབྱེ་བའི་རྫས་ལ་གཉིས་དང་གཅིག །རྡོ་རྗེ་ལས་ཀྱིས་བྱ་བ་བྱེད། །རྒྱན་བྲིས་རི་མོར་བྲི་བར་བྱ། །གསལ་རྫོགས་མཆོད་པས་བྱིན་ཕབ་ལ། །ཐུགས་རྗེས་དགུག་དྲལ་དམ་ཚིག་བསྡིམ། །མཆོད་འོས་བསྒྲུབ་པ་འཕགས་པའི་ཚོགས། །བཤད་པའི་ལུང་བཞིན་མཐར་ཕྱིན་བྱ། །བསྒོམ་སྦྱང་མཆོད་བསྟོད་བསྐུལ་བར་བྱ། །རྒྱུད་ལྔའི་ལམ་ནས་བཙལ་ཞིང་དྲང་། །སྲས་གྱུར་བཤགས་བྱས་ལམ་བསྟན་ཏེ། །ཐུགས་རྗེ་སེམས་དཔའ་གསལ་བར་གཟུད། །བལྟ་བ་ཆོས་ཉིད་མ་ནོར་བསྟན། །རབ་ཏུ་བསྔགས་པ་དེ་ཉིད་གསལ། །ཐུགས་ལས་སེམས་དཔའ་རབ་ཏུ་གསལ། །ཐབས་དང་ཤེས་རབ་སྦྱར་བ་ལས། །རྣམ་ཐར་གསུམ་གྱི་ཨེ་ཡིས་བསྒྲལ། །ཨ་ནུ་རཱ་ག་ཞེས་སུ་བརྗོད། །རང་བྱུང་མེ་ཡིས་གསལ་བྱས་ཏེ། །ཡབ་ཡུམ་འོག་མིན་གནས་སུ་འཕངས། །བྱང་ཆུབ་སེམས་ཀྱི་དབབ་པར་བྱ། །ཚོགས་དང་སྨོན་ལམ་འབྲས་བུ་བསྐུལ། །ལས་དང་བག་ཆགས་གཏན་སྦྱང་ཕྱིར། །ཏིང་འཛིན་འབར་བའི་ཡེ་ཤེས་ལྷ། །ཐུགས་རྗེ་ཚད་མེད་སྐུར་བཞུགས་ནས། །ཚོམ་བུ་དགུ་པ་རྒྱན་ལྡན་བྲི། །འཁོར་ལོ་རྩིབས་བརྒྱད་སྒྲིབ་པ་གཅོད། །གྲུ་གསུམ་འབར་བའི་གཞལ་ཡས་སུ། །རྫས་ཀྱི་དམ་པ་རྒྱན་དང་ལྡན། །དངོས་དང་ཡོ་བྱད་མཆོད་པར་དགྲམ། །སྟང་སྟབས་དང་ནི་ཚམ་རྔམས་བྱ། །གྲངས་མཉམ་བཀོད་པ་བསམ་མི་ཁྱབ། །རྫོགས་པ་བཞིན་དུ་བསྐྱེད་པར་བྱ། །གོང་བུ་གཅིག་ཏུ་དབུལ་བ་དང་། །སྣ་ཚོགས་མཐུན་པ་དགྲམ་པ་དང་། །རིམ་པའི་ཏིང་འཛིན་བསྐྱེད་པ་དང་། །སྔར་བཤད་དང་པོའི་འཇུག་ཚུལ་ཞིང་། །བཀྲུ་དང་སྦྱང་དང་སྨོན་ལམ་གདབ། །དུར་ཁྲོད་ཤིང་གི་མེ་སྦར་ཏེ། །ལས་ཀྱི་སྒྲིབ་པ་ཕྱིར་བསལ་ལ། །མཚམས་གཅད་བསྲེག་ཅིང་བསྡིམ་པར་བྱ། །ཅིག་ཅར་བ་དང་རིམ་གྱིས་པས། །སོ་སོའི་མཐུན་པའི་རྫས་ཀུན་བཏབ། །དེ་ཡི་སྨོན་ལམ་དེ་བཞིན་ནོ། །གྲལ་དུ་བོས་ཏེ་ཚོགས་མཆོད་དབུལ། །འཕར་ལམ་བསྐུལ་བས་མཐར་དབྱུང་ངོ་། །ཐ་མའི་རྫས་ཀྱི་


DNG014_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྐྱང་། །གཏང་རག་གཏང་ཞིང་གཏེར་དུ་སྦས། །ཚེ་སྦྱིན་བསྲུངས་ཏེ་བསོད་ནམས་སྤེལ། །ལུས་བསྲུང་གོ་བགོ་དཀྱིལ་འཁོར་བསྡུ། །ལས་ཀྱི་འབྲས་བུ་བསྔོ་བར་བྱ། །ས་གསུམ་བགྲོད་པའི་སྨོན་ལམ་གདབ། །གདུང་རྫས་རིང་བསྲེལ་ཚུལ་དུ་བསྡུ། །ནོར་བུ་རྒྱལ་མཚན་རྩེ་ལ་མཆོད། །ཚ་ཚ་སྐུ་བཞེངས་འགྲོ་དོན་བསྐུལ། །གཤིན་ཉིད་འགྲོ་དྲུག་སེམས་ཅན་དང་། །རྡོས་པ་དག་དང་སློབ་མ་དང་། །ལྷ་དང་དཀྱིལ་འཁོར་ཡམ་ཤིང་དང་། །བསྲེག་རྫས་ཉིད་དང་བདུད་རྩི་ལྔ། །སྟོང་པ་ཉིད་དང་རྒྱུ་རུ་ཤེས། །ཀུན་གཞིའི་རྣམ་ཤེས་བཅུད་ཕྱུང་ནས། །གདོས་བཅས་ཕུང་པོའི་སྙིགས་མ་ཅན། །དཀར་ནག་ལས་ཀྱི་ལྟང་འཛིན་ཅིང་། །དགེ་དང་མི་དགེ་དྲན་བྱས་པ། །བྱང་འགྱུར་ཏིང་ངེ་འཛིན་གྱིས་སུ། །བཀྲུ་སྦྱོང་སྤྲོ་དང་བྱིན་གྱིས་བརླབ། །ལམ་བསྟན་ཉིད་ཀྱི་རྒྱན་བྱ་བ། །རྡོ་རྗེ་རྒྱལ་པོ་ཉིད་ཀྱི་ལས། །གནས་སྦྱོར་མཆོད་པ་སྨོན་ལམ་གྱིས། །བླ་མས་སྐབས་སྦྱོར་བླ་མས་བྱའོ། །བཤགས་སྦྱང་བསྐང་བྱ་སོར་གཞུག་པ། །སློབ་མ་ཉིད་ཀྱིས་བྱ་བ་དེ། །ལས་ཀྱི་ཁྱད་པར་འདི་དག་ཉིད། །ཚེ་ལས་འདས་པ་ཤིན་ཏུ་གྱུར། །དེ་ཡི་དོན་དུ་ཧེ་རུ་ཀས། །ངེས་པའི་རབ་ཏུ་སྦྱོར་བའོ། །བླ་མེད་རྣལ་འབྱོར་ཐེག་པ་ལ། །རབ་ཞུགས་ཕྲིན་ལས་སྒྲོལ་བ་ནི། །ཤེས་རབ་ཏིང་འཛིན་ཐབས་ལྡན་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ། །ཏིང་འཛིན་ལས་སུ་རུང་བ་དང་། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །ཐབས་མཁས་བློ་དང་ལྡན་པ་ཡིས། །རྟགས་དང་དྲོད་ཚད་ངོས་བཟུང་ཤེས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་དེས། །ཞི་ཁྲོ་རྒྱུན་གྱི་ཏིང་འཛིན་བསྒོམ། །གང་ལ་དམིགས་པ་དེ་དྲངས་ཏེ། །མཆོད་པའི་ཚོགས་ཀྱིས་དེ་མཉེས་བྱ། །ཐུགས་རྗེ་ཆེན་པོས་དེ་ཉིད་བསྐུལ། །དེ་ཉིད་ཁྲོ་བོའི་ཏིང་འཛིན་བསྒོམ། །ཕྲིན་ལས་རྩེ་གཅིག་མཛད་པར་འགྱུར། །ཤེས་རབ་ཕྱག་རྒྱ་བཅིངས་ཏེ་བསྐུལ། །ཧཱུཾ་མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །ཆོས་ཀྱི་སྐུ་ལས་བཞེངས་པ་ནི། །ཕྱག་རྒྱ་ཆེན་པོའི་གཉིས་མེད་པས། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཨོ་ཀ་རེ་ཀ་རེ་ར་ཙ་ས་མ་ཡ་ཀརྨ་ས་མ་ཡ་


DNG014_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ། ཐབས་ཀྱི་རྒྱལ་པོས་འདི་སྐད་དུ། །མུ་མཐའ་མི་འཛིན་མི་འགོག་པའི། །མཉམ་ཉིད་རྣལ་འབྱོར་ཐོད་རྒལ་དུ། །ཞི་ཁྲོ་གཏུམ་རྔམས་མདངས་དང་ལྡན། །སྣ་ཚོགས་བྱང་ཆུབ་སེམས་མི་གཡོ། །ཨ་ས་མ་ཙ་ལ་དྷརྨ་དྷཱརྟུ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཞི་བའི་ཏིང་ངེ་འཛིན་ལས་བཞེངས། །ལག་པ་གཡས་པ་སྟ་ཟུར་བསྟན། །ཕྱོགས་མཚམས་བླ་འོག་ཀུན་བལྟས་ནས། །སྐྱེ་ཤི་མཚན་ཉིད་འཇིག་རྟེན་གསུམ། །ཐར་པའི་རྒྱུ་ནི་ཅི་ཡང་མེད། །ངན་འགྲོ་གསུམ་གྱི་གཏིང་བརྒྱུད་ལ། །སྙིང་རྗེ་བསྐྱེད་ནས་འདི་སྐད་བརྗོད། །བྱམས་པ་ཚད་མེད་ཁྲོ་གཏུམ་སྣང་། །སྙིང་རྗེའི་བསོད་ནམས་མཐར་ཕྱིར་པ། །བསྒྲལ་བའི་མཚན་ཉིད་དགའ་བའི་མཆོག །བཏང་སྙོམས་ཡལ་བར་མི་འདོར་རོ། །ཨོཾ་མ་ཧཱ་ཀ་རུ་ཎི་ཀ་མ་ཧཱ་མེ་ཏྲི། སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་ལྷན་ཅིག་སྐྱེས་བགེགས་ལ། །ལན་ཆགས་དབྲལ་བའི་གཏོར་མ་གཏོང་། །ཕྱི་ནང་གསང་བའི་མཚམས་ཀྱིས་གཅད། །ཐབས་དང་ཤེས་རབ་གཉིས་ཀ་ཡིས། །འགྲོ་བ་བསྒྲལ་བའི་ཕྱོགས་སུ་བལྟ། །དུར་ཁྲོད་བདག་པོས་བསྡིག་པའི་ཕྱིར། །ཨོཾ་སརྦ་པཱ་པཾ་ཀརྨཱ་ཧེ་ཏ་པ་ས་ཏ་ཤ་མ་མ་ཏྲང་ག་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཀར་ཏེ་ཏི་བི་ཏོ་ཏི་ཁ་ཊྭཱཾ་ག་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀ་ར་ཏེ་ཧ་པ་སི་ཏ་མ་ཧཱ་ཨ་ཀར་ཤ་རུ་དྲ་ཧཱུཾ་ཕཊ། ལྷོ་ཕྱོགས་སུ་ནི་ལན་རེས་མཆོད། །བ་ཡ་ཀེ་ཤྭ་ཙིཏྟ་ཧཱུཾ་ཕཊ། པྲཛྙཱ་ཀེ་ཤ་ཙིཏྟ་ཛྭ་ལ་ཧཱུཾ་ཕཊ། ལྡང་ཞིང་གསོར་བས་ལན་གསུམ་བརྗོད། །སྟ་ཟུར་གཡས་གཡོན་རེ་རེ་ཞིང་། །གཟིགས་འབྲུམས་ཚུལ་དུ་བལྟ་བར་བྱ། །ཨོཾ་པྲཛྙཱ་ཨུ་པ་ལ་ཧཱུཾ་ཀྲོ་དྷ་ཨེ་ཤ་ཧོ། གར་གྱིས་གོམ་གསུམ་སླར་བོར་ནས། །ཡུལ་རྣམས་ཀུན་ལ་རབ་གཟིགས་ནས། །ཡི་གེ་དག་གི་ཚོགས་སུ་སྣང་། །རབ་བསྐྱིལ་གར་གྱིས་སྲིད་པ་ཀུན། །བདུད་རྩིའི་མདོག་གཟིགས་མཆོད་ཅིང་བསྟབ། །ཁ་ཁ་མི་ཀ་ཏ་ཡས་ཨ་ལ་ལ་ཧོ། ཨོཾ་པཉྩ་ཨ་མྲྀ་ཏ་ཡོ་གི་ནི་ཁ་རཾ་ཁཱ་ཧི། རྡོ་རྗེ་ཞལ་དུ་བསྟབ་པ་ནི། །ཉོན་མོངས་འཁོར་བའི་སེམས་ཅན་འདི། །བསྒྲལ་བ་ཁོ་ནའི་ལས་སུ་རུང་། །བསྟབ་པོ་དཔལ་ཆེན་ཞལ་དུ་བསྟབ། །ཁྲོ་མོ་སྤྲུལ་དང་བཅས་ལ་སོགས། །ཡུལ་རྣམས་འདུལ་བའི་སྐལ་དུ་བཞེས། །ཏ་ན་


DNG014_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཞིང་དུ་སྦྱོར། །གིང་ཆེན་རྡོ་རྗེའི་ཕྱག་ཏུ་དབུལ། །ཡེ་ཤེས་རྒྱ་མཚོར་བཞེས་སུ་གསོལ། །དེ་ནས་ཁྲོ་བོའི་སྔགས་ཀུན་དང་། །ལྷ་མོ་ཀུཎྜ་ལཱིའི་སྔགས་ཀྱིས། །བར་དུ་གཅོད་པའི་བགེགས་བསལ་ནས། །དཀྱིལ་འཁོར་དུ་དྲང་འདི་སྐད་དུ། །ཐར་པའི་ལས་བྱེད་དཀྱིལ་འཁོར་འདིར། །དགའ་ཞིང་སྤྲོ་བས་འོང་བ་ལྟར། །སྐལ་བར་ལྡན་པའི་སེམས་ཅན་ཁྱོད། །ཤིན་ཏུ་བདེ་ཞིང་ལེགས་པར་འོངས། །བདེ་གཤེགས་ཐུགས་རྗེ་ཐབས་ལ་མཁས། །བློ་ངན་སེམས་ཅན་སྙིང་རྗེའི་ཡུལ། །གཉིས་མེད་ཐབས་ཀྱིས་བསྒྲལ་བར་བྱ། །ཐབས་དང་ཤེས་རབ་ཚོགས་པ་ཀུན། །གནས་པར་གྱུར་ནས་ལས་ཀྱི་རྗེ། །རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། །སྐུ་གསུང་ཐུགས་དང་ལྡན་པ་རྣམས། །སྤྱན་འདྲེན་ཚུར་བྱོན་གཤེགས་སུ་གསོལ། །ཧ་ཧ་ཀི་ལི་ཀི་ལི་ཞེས། །བཞད་པའི་གད་མོས་སྟོང་གསུམ་ཁེངས། །བདེ་བདེ་མཆོག་བདེ་སྤྱོད་མཁའ་ཀློང་དུ། །ཡང་མཆོག་བདེ་གོས་དཀར་ཀློང་དུ། །སློབ་མའི་ཚུལ་ཅིག་གནང་བར་མཛོད། །འདོད་པས་རོལ་ཅིག་དགོངས་ཤིག་ཁཱ་ཧི། །སྦྱིན་ནོ་བསྐུལ་ལོ་གསོལ་ཅིག་རོལ། །ངོ་མཚར་མཆོག་ཏུ་བསྟབ་པོ་ཞེས། །ཟླ་སོགས་དམར་ཆེན་སྙིང་པོ་ལྔ། །མཱཾ་ས་རོ་མཆོག་ཆེར་འཕེལ་གསོལ། །རཀྟ་མེ་ཙ་རྒྱུད་ཆེན་གསོལ། །ཞི་བའི་སྒྲུབ་པ་བསྒྲུབ་འཚལ་གྱིས། །དྲི་མེད་གཟི་ལྡན་མཆོད་པ་འདི། །ཡེ་ཤེས་རྒྱ་མཚོ་རྣམས་ཀྱིས་བཞེས། །ཐབས་དང་ཤེས་རབ་ཚོགས་ཀུན་གྱིས། །རྒྱུ་དང་ཡུལ་ལས་དམིགས་ཚུལ་བལྟ། །གཡོན་པའི་སྡིགས་མཛུབ་དེར་གཏད་དེ། །ཡེ་ཤེས་མཁའ་ལྡིང་གཏེར་ཆེན་གྱིས། །འཁོར་བའི་བྱེའུ་ཕྲུག་བླང་བ་ནི། །བུ་ཕྲུག་མ་ཡིས་ཟས་སྟེར་བཞིན། །འདུས་པའི་ཚོགས་ཀུན་རབ་ཏུ་དགྱེས། །ཧ་བྷ་ཧ་ཕྲ་མོ་ཏྲི་སརྦ་དུ་པྲ་ཤ །སྟེགས་བུར་བཞག་སྟེ་འདི་སྐད་བརྗོད། །མི་རྟོག་ཡེ་ཤེས་དཀྱིལ་འཁོར་དེ། །ཟག་མེད་སེམས་ཀྱི་ཏིང་ངེ་འཛིན། །གཟུགས་བརྙན་རྣམ་པ་ལྟ་བུ་སྟེ། །འདུས་ཤིང་ཚོགས་པའི་དཀྱིལ་འཁོར་བསྟན། །ཐབས་ཀྱི་རྡོ་རྗེ་རྣམ་གྲངས་ནི། །ཆོས་ཀྱི་དབྱིངས་ལས་ཆོས་ཉིད་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདིར། །སུ་དག་


DNG014_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཕྱིར་མི་ལྡོག །ཨོཾ་ཏ་ན་ཙིཏྟ་མོ་ཀྵ་ག་ཎ་མ་དྷ་ལ་པྲ་དུ་ཤ་ཧཱུཾ། ཕོ་ཉ་ཁྲོ་བོའི་ཚོགས་ཀུན་བསྐུལ། །ལམ་རྒྱུད་དགག་པའི་སྙིང་པོ་ལྔ། །འབྲུ་གསུམ་བཅས་པའི་ནུས་པ་བསམ། །རཾ་ལས་མེ་དཔུང་སྤྲོས་པ་ཡིས། །རྒྱུ་དང་ཕྱོགས་བཅུའི་སེམས་ཅན་གྱི། །རྟོག་པ་མ་ལུས་བསྲེག་པར་བསྒོམ། །སོ་སོའི་ཕྱག་རྒྱ་ཏིང་འཛིན་གྱིས། །རྒྱུད་ལྔ་དྲག་པོའི་སྔགས་ཀྱིས་གཞོམ། །སྤྲུལ་པ་སེམས་ཅན་རྒྱུ་ལས་བསྡུ། །བར་གཅོད་ཕོ་ཉ་སྤྲོས་དགུག་སྟེ། །སྒྱུ་ལུས་ཁྲོ་བཅུའི་སྙིང་པོ་དང་། །སྟངས་སྟབས་མཚོན་ཆ་སྔགས་དང་བཅས། །རྩེ་གཅིག་ཏིང་ངེ་འཛིན་གྱིས་སྦྱངས། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས། །ལོག་རྟོག་འཁོར་བ་རྒྱུན་གཅད་དོ། །འཁོར་བའི་རྒྱ་མཚོ་མཐའ་རིང་ལས། །ཐུགས་རྗེ་ཆེན་པོའི་རོལ་པ་ཡིས། །ཁམས་གསུམ་གཅིག་ཅར་བསྒྲལ་བའི་ཕྱིར། །དུག་གསུམ་རྩད་ནས་གཅད་པར་བྱ། །མཉམ་ཉིད་དོན་ལ་ཁྱད་འབྱིན་དང་། །དམ་ཚིག་འཁུ་བྱེད་ཅན་ཉིད་བརླག །ལོག་རྟོག་འཁོར་བའི་རྒྱུན་གཅོད་པ། །གཤིན་རྗེའི་གསལ་ཤིང་མི་བཟད་པ། །གདུག་པར་གྱུར་པ་རྣམ་པར་འཇོམས། །གཤོག་པའི་རལ་གྲི་ཀརྟ་རི། །གདུག་པའི་འཁོར་ལོ་མི་བཟད་པ། །ཁོང་ནས་ཁྲོས་པའི་ཕུང་པོ་འཇོམས། །རྣོ་གདུག་དྲག་པོ་རྩེ་དགུ་ལ། །ཚེ་དང་ཕུང་པོ་བཅས་པ་འཇོམས། །བྷྱི་ད་ར་ཙ་ཧཱུཾ། ཨི་ཧ་ན་ར་ཙ་ཧཱུཾ། ཀི་མ་ལ་ཙཀྲ་པ་ཙ་ཧཱུཾ། དྷ་ར་ཙ་མ་མ་ཧཱ་ཀྲོ་དྷ་ཧཱུཾ། བཛྲ་ནི་ཀན་པ་ར་ཙ་ཀྲོ་རུ་ཧཱུཾ། སྡི་ར་ར་ཀ་མ་ར་ན་ཧཱུཾ། བཛྲ་ག་ན་ཙིཏྟ་ཧཱུཾ། ཀྲོ་དྷ་ར་ཙ་མ་ཏ་ཧེ་རུ་ཀ་མ་ཧཱ་ལོ་ཙ་ཧཱུཾ། གང་ལ་བྱ་བའི་དངོས་པོ་འདི། །གཤེད་བྱེད་ཐམས་ཅད་དབང་བར་བྱིན། །གསང་སྔགས་ཀྱིས་ནི་བྱིན་བརླབས་ཏེ། །རིག་སྔགས་ཀྱིས་ནི་རྫོགས་བྱས་ནས། །འདི་ལ་ལོངས་སྤྱོད་རྟག་ཏུ་སྦྱར། །འཆབ་པའི་ཕྱོགས་ནས་ཅི་བདེ་བར། །ཁྱོད་ཀྱིས་འདི་ལ་ལོངས་སྤྱོད་ཅིག །བདག་གིས་བཅོལ་བའི་ལས་རྣམས་ཀུན། །མ་ལུས་འགྲུབ་པར་བྱིན་གྱིས་རློབས། །ངན་འགྲོ་སྦྱོང་བྱེད་རབ་བརྟགས་ཏེ། །ཀ་ཏར་རལ་གྲི་གཏད་ནས་


DNG014_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །རྡོ་རྗེ་ཕོ་ཉ་ཀིང་ཀ་ར། །ཀ་ཏར་སྔོན་པོ་འདི་ལོངས་ལ། །ཨ་བྷི་ཥིཉྩ་གནས་སྐྱོད་དོ། །འཇམ་དཔལ་རྣོན་པོའི་ཞིང་དུ་བསྐྱོད། །འཁོར་ལོའི་རྩ་བ་དྲུང་ནས་ཕྱུང་། །ཙིཏྟ་བྷནྡྷའི་ནང་དུ་བསྩལ། །ཤེས་རབ་ཡུམ་གྱིས་འཕང་དུ་བཞག །རང་བཞིན་དཀྱིལ་འཁོར་བདེ་བའི་མཆོག །ཞི་བ་ལྷུན་གྱིས་གྲུབ་པར་སྦྱོར། །བུ་ཁྱོད་རྒྱལ་བའི་སྲས་ཡིན་ཏེ། །ང་ནི་ཤེས་རབ་ཕ་རོལ་ཕྱིན། །དུས་གསུམ་རྒྱལ་བའི་ཡུམ་ཡིན་པས། །མཁའ་དབྱིངས་བདེ་བའི་གནས་མཆོག་ན། །རྒྱལ་སྲས་བདེ་བའི་དེ་བཞིན་གཤེགས། །ཨོཾ་པྲ་ཏི་པུ་རུ་ཤ་ཛཿཧོ། ལྕགས་ཀྱུའི་ཕྱག་རྒྱས་དབྱིངས་སུ་དགུག །རིགས་ལྔ་ཐབས་ཀྱིས་བྱིན་བརླབས་ནས། །ལྷར་སྐྱེས་འོག་ཏུ་བསྐྱོད་བྱེད་བསམ། །འཆི་བ་མེད་པའི་སྲོག་གདོན་པའི། །རྡོ་རྗེ་སེམས་དཔའ་རླུང་ལྟ་བུ། །གང་དག་བསྒྲལ་ནས་རྡོ་རྗེའི་ཚེ། །དེ་ཉིད་སྲས་ཀྱི་དམ་པར་ནི། །རྡོ་རྗེ་སེམས་དཔར་ཁྱོད་ཉིད་བསྟབས། །ཐབས་ལ་མཁས་པས་སྤྱོད་པས་ལོངས། །སྲིད་པར་འཁོར་ལོ་རྟོག་པའི་ལམ། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །འཁོར་ལོ་ཆེན་པོའི་གདན་ལ་བཞུགས། །ཨོཾ་བཛྲ་ཙཀྲ་ཧཱུཾ། མཉམ་ཉིད་རྡོ་རྗེ་དབྱིངས་ཕྱུག་གིས། །སྟོང་ཉིད་སེང་གེའི་སྒྲ་བསྒྲགས་པས། །བདུད་བཞི་རབ་ཏུ་བཅོམ་པའི་རྟགས། །འཇིགས་བྱེད་སེང་གེའི་ཁྲི་ལ་བཞུགས། །ཨོཾ་བཛྲ་སིངྷ་ཧཱུཾ། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། །བག་ཆགས་རང་བཞིན་མེད་པས་ན། །པདྨའི་གདན་ལ་བཞུགས་པར་གྱིས། །ཨོཾ་བཛྲ་པདྨེ་ཧཱུཾ། ཞི་བའི་མཐའ་ལ་མི་གནས་ཏེ། །འཇིག་རྟེན་ཀུན་དང་མཐུན་འཇུག་ཕྱིར། །ཐབས་དང་ཤེས་རབ་འདྲེལ་བའི་རྟགས། །ཉི་མ་ཟླ་བའི་གདན་ལ་བཞུགས། །ཨོཾ་སཱུརྱ་ཙནྡྲ་ཧཱུཾ། དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བརྟེན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་ཀླུང་ཞུགས་ནས། །ཅི་ལའང་ཐོགས་པ་མེད་པར་མཛད། །ཀུན་གྱིས་འོག་མིན་གནས་སུ་སྤར། །གྷཎྜའི་སྒྲ་ཡིས་བསྐུལ་བ་ཡིས། །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །འོད་ཟེར་འཕྲོ་བས་རབ་


DNG014_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྗིད། །མི་འཁོར་མི་ལྷུང་དོན་གྱི་ཕྱིར། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །རྡོ་རྗེ་རྒྱ་གྲམ་དབྱིངས་ཀྱིས་བཅད། །ཨེ་མ་དགའ་བདེ་བླ་ན་མེད། །ངན་སོང་གནས་རྣམས་ཧཱུཾ་གིས་སྟོངས། །དུས་གསུམ་སངས་རྒྱས་ཧཱུཾ་གིས་བསྐྱེད། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀ །ཞེ་སྡང་ཁྲོ་ཚུལ་རྟོག་མི་མངའ། །ལོག་ལྟ་ཐབས་ཀྱིས་འདུལ་བར་བྱེད། །ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་བསྒྲལ། །རིགས་ཀྱི་རྒྱལ་པོ་ལྔ་རྣམས་ལ། །གཟུགས་ཀྱི་ཕུང་པོ་འདི་འབུལ་གྱིས། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་མཁའ་ལྡིང་ལྔར་གྱུར་ཏེ། །འཇིགས་བྱེད་བཀོད་ནས་གདན་མཆོག་འབུལ། །ཡེ་ཤེས་ལྔ་ལ་རོལ་ནས་ཀྱང་། །སྟོབས་དང་མི་འཇིགས་རིག་པ་དང་། །དབང་དང་རྫུ་འཕྲུལ་དངོས་གྲུབ་སྩོལ། །འབྱུང་བ་ཆེན་པོ་ལྔ་རྣམས་ནི། །རིགས་ཀྱི་ཡུམ་ཆེན་དཔའ་མོ་ལྔ། །གསང་མཆོག་དབྱིངས་སུ་འདི་འབུལ་ན། །གཉིས་མེད་ཆེན་པོར་རོལ་ནས་ཀྱང་། །མི་འགྱུར་གཟུངས་ཀྱི་དངོས་གྲུབ་སྩོལ། །འོག་མིན་ཕོ་བྲང་མཆོག་གི་གནས། །ཐབས་དང་ཤེས་རབ་ཡབ་དང་ཡུམ། །རང་བཞིན་ལྟ་བའི་དཀྱིལ་འཁོར་མཆོག །བདེ་གཤེགས་སྲས་པོ་ཁྱོད་ཡིན་གྱིས། །ལུས་སུ་འཇུག་པར་མ་བྱེད་ཅིག །འགྲོ་བ་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་དམིགས་སུ་མེད། །ཆོས་འདིར་གནས་ནས་མྱ་ངན་འདའ། །དེ་བས་རྣལ་འབྱོར་དབང་ཕྱུག་གིས། །དགོངས་པ་ཆེན་པོ་དང་ལྡན་པས། །དམིགས་པ་གང་ཡིན་འདི་ལ་འབད། །དེ་ནས་ཕུང་པོའི་ལྷག་མ་དག །ལེགས་བསྡུས་སྐུ་གསུམ་ས་ལ་བཞེངས། །ཐབས་ཆེན་དཔག་ཏུ་མེད་པ་དག །ང་དང་རྒྱལ་བ་རྣམས་ཀྱིས་བཤད། །དེ་དང་དེ་ལས་བརྗོད་པ་བཞིན། །མ་ལུས་ཆོ་གས་དག་བྱས་ཏེ། །རང་བཞིན་སྣང་བ་ཆོས་ཀྱི་སྐུ། །གཟུགས་སྐུ་སྤྲུལ་པ་ལོངས་སྤྱོད་རྫོགས། །འགྲོ་བའི་དོན་བྱེད་སྤྲུལ་པའི་སྐུ། །འདི་ལྟར་ཤེས་པ་རྟོགས་པ་ཡིས། །བདག་ཏུ་འཛིན་པ་དང་བསྒྲལ་ཞིང་། །གཞན་དུ་སྣང་ལ་ཐུགས་རྗེ་ཡིས། །བླ་མེད་ཕ་རོལ་བདེ་བསྒྲལ་བྱ། །དེ་ནི་མཐར་ཐུག་བསྒྲལ་བ་ཡིས། །ལས་ཀྱི་སྦྱོར་བ་སྤྱོད་པའོ། །འགྲོ་རྣམས་


DNG014_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་དབང་གྱུར་པས། །ལས་ཀྱི་འཕེན་པ་སྣ་ཚོགས་ཤར། །ཁྱད་པར་སྐྱེ་རྒ་ན་དང་འཆི། །དུས་དང་དུས་མིན་འབྱུང་བ་ལ། །དུས་མིན་འཆི་བ་རྣམ་བརྒྱད་དང་། །གཤིས་ངན་འགུམ་པ་བཅོ་ལྔ་སྲིད། །གློ་བུར་འབྱུང་བ་ཕྱི་ནང་ལས། །རྩ་བ་ཡན་ལག་སྣ་ཚོགས་ལས། །དུས་གསུམ་བདེ་བར་གཤེགས་པ་ཡིས། །ཐུགས་རྗེ་ཚད་མེད་བཞི་ལས་ནི། །གདུལ་བར་བྱ་བའི་སྲས་རྣམས་ཀྱིས། །སྟོན་པ་དུས་ལས་ཡོལ་བ་མེད། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ། །རིགས་ཀྱི་ཐོག་མར་འབྱུང་བ་སྟེ། །མཉྫུ་ཤྲཱི་དང་ཀ་རུ་ནི། །ལོ་ཀེ་ཤྭ་ར་མ་ཧཱ་ནི། །པཱ་ཎི་བཛྲ་ཀར་ཏི་ནི། །སྤྲུལ་པ་དུ་མ་འབྱུང་ཞིང་མཛད། །དུས་གསུམ་འབྱུང་བ་དཔག་ཏུ་མེད། །ཁྱད་པར་དུ་ནི་མཚོན་ཆའོ། །གནོད་པ་རྐྱེན་དུ་གྱུར་པ་དང་། །རྭ་དང་མཆེ་བ་མེ་དང་ཆུ། །དུག་དང་ས་སྟེང་འབྱུང་བ་ལྔ། །གཤིས་ངན་ཡིན་ཏེ་གདུལ་བར་བྱ། །དེ་ཡང་ཧེ་རུ་ཀ་ཡི་རིགས། །རྡོ་རྗེ་འཛིན་པའི་ལས་ཅན་དེས། །སྔོན་དུ་བྱ་བ་རྗེས་བསྒྲུབ་ཅིང་། །བསྙེན་བསྒྲུབ་ཆེན་པོ་གཞིར་བཞག་ནས། །ཕན་གདགས་ལས་སུ་བྱ་བ་ནི། །དཀྱིལ་འཁོར་ཕྱི་རོལ་ཕྱོགས་མཚམས་བརྒྱད། །ཧོམ་ཁུང་མདའ་གང་གྲུ་གསུམ་བརྩིག །རང་རིགས་ཁ་དོག་ལྡན་པ་ལ། །ཤུག་པ་ཚེར་མ་ཅན་ལ་སོགས། །གདུག་པ་ཅན་གྱི་ཤིང་བརྩིགས་ཏེ། །དུག་དང་སྐྱེ་ཚེ་ཉུང་དཀར་སོགས། །ཡམ་ཤིང་ཐུན་གྱི་རྫས་སུ་བྱ། །སློབ་དཔོན་ཆ་ལུགས་གནས་པ་དགུ །གཙོ་དང་འཁོར་གྱི་ཚུལ་དུ་བྱ། །གདུལ་བྱ་ཤེས་པ་དགུ་འམ་དྲུག །བམ་ཆེན་བསྒྲུབ་པའི་དུས་བཞིན་བྱ། །མེ་ལྷའི་ཆོ་གས་མཉེས་བྱས་ནས། །ཁྱད་པར་མཚོན་གྲི་མེ་ཡིས་གདུལ། །ལག་ན་བདུད་རྩི་ཀུ་ཤ་དང་། །ཏིལ་མར་ལྕགས་རམ་རྡེའུ་ཕྲན། །ཁྱད་པར་གསང་བ་དེ་ཡི་རྫས། །རྭ་དང་ལྕགས་ཀྱིས་དུག་གྲི་གདུལ། །མེ་ནི་ཆུ་ལས་གདུལ་བ་སྟེ། །ཆུ་ནི་ས་ཡིས་གདུལ་བར་བྱ། །དུག་ལ་སྔགས་པའི་སྨན་གྱིས་བདུག །སྡིག་པ་མེ་དང་མཚོན་གྱིས་ཏེ། །རྦབ་དུ་ལྟུང་བ་དེ་ཡི་གྲི། །རྒོད་ཀྱི་པོག་ཐིལ་གདུལ་བར་བྱ། །དོམ་དང་དྲེད་ཀྱི་གཡང་གཞི་དང་། །སྨན་པ་དང་ནི་


DNG014_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་དང་། །གཟུགས་དང་སྒྲ་དང་དྲི་ཡིས་གདུལ། །འདི་དག་མ་ལུས་ཕྱི་མའི་དུས། །མུ་ཏྲ་ཨ་ཀ་ར་ཡིས་ནི། །ཧེ་རུ་ཀ་བཞིན་བསལ་བར་བྱེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་རྗེ། །སྒྲོལ་བའི་རྒྱུ་དང་མཚུངས་པར་བཤད། །བསྒྲག་དང་སྒྲུབ་དང་མནན་པ་དང་། །གནས་ནས་དྲངས་པ་ལས་ཀུན་གྱིས། །བྱ་བ་མ་ལུས་ཀུན་བསྡུས་ཏེ། །ཐམས་ཅད་གདུལ་བའི་ལས་སུ་སྤྱད། །དང་པོར་ཤེས་པ་བསྒྲུབ་པའི་དུས། །བར་དུ་དྲངས་པ་གནས་ཀྱི་དུས། །ཐ་མར་བསྲེག་པ་སྦྱང་བའི་དུས། །དུས་ཤེས་ཀུན་རིག་འདི་ལ་སྔགས། །རྗེས་ཀྱི་བྱ་བ་ཚེ་དང་ཁྲུས། །དབང་དང་བྱིན་གྱིས་བརླབ་པ་དང་། །དངོས་གྲུབ་ཆོ་ག་རྣམས་ཀྱིས་ནི། །བྱང་ཆུབ་ཆེན་པོར་གནས་འགྱུར་ནས། །གསོན་གྱིས་བསྐང་བའི་ལས་སུ་བྱ། །དེ་ནས་ཡོན་གྱི་བདག་པོ་ཡིས། །རྡོ་རྗེ་འཆང་ལ་དྲིན་གསོལ་ཞིང་། །དེ་ལ་བསྐུར་དང་ལེགས་བཤད་བྱ། །གྲི་ཞེས་བྱ་བ་གསོད་པའི་གྲི། །དེ་ཡི་གནོད་པ་གདུལ་བའི་ལས། །མཐར་ཕྱིན་བསོད་ནམས་དཔག་ཏུ་མེད། །རང་གཞན་ཀུན་གྱི་དོན་རྫོགས་འགྱུར། །མདོར་ན་ཕན་པའི་ལས་འདི་དག །རྫས་སུ་བསྒྲུབ་དང་སྦྱིན་པར་བསྲེག །གནས་ནས་དྲངས་དང་རྒྱུ་དྲུག་བསྒྲལ། །ཤིན་ཏུ་གྱུར་པ་གདུལ་བའི་ལས། །ཚེ་འདས་གཤིན་ལས་ཕན་པའི་ལས། །རྣམ་པ་ལྔ་རུ་ངས་བསྟན་གྱིས། །ཨུ་རྒྱན་ཡུལ་གྱི་སྐྱེ་མཆོག་གིས། །རྡོ་རྗེ་ཆོས་ཀྱི་གསུང་བཞིན་སྒྲུབས། །ཤཾ་བྷ་ལ་ཡི་ཤཱཀྱའི་རིགས། །རཱ་ཛ་སྲི་ཀ་དེ་ཡིས་མཐོང་། །འགྲོ་བ་བརྒྱུད་ནས་ལོངས་སྤྱོད་རྩལ། །ཕྱོགས་བཞིར་བརྒྱུད་པ་དེ་བཞིན་ནོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ལས་རྣམས་ངེས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྲོ་བོ་དང་ཁྲོ་མོ་དང་། རིགས་དང་རིགས་ཀྱི་སྤྲུལ་པ་དང་བཅས་པ་རྣམས་ཀྱི་དོན་མཛད་པའི་ཕྱིར། ཉིད་ཀྱི་སྐུ་སྣ་ཚོགས་སུ་སྤྲུལ་པ་མཛད་དེ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འོངས་དུས་ན་འབྱུང་བ་ཡི། །ཧེ་རུ་ཀ་ཡི་སྒྲུབ་པ་པོ། །རྣལ་འབྱོར་གསུམ་གྱི་


DNG014_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན། །བློ་དང་དབང་པོ་བསམ་པའི་མཆོག །རབ་འབྲིང་ཐ་མའི་རྟེན་ཅན་གྱིས། །བདེ་བར་གཤེགས་པ་རྒྱ་མཚོ་ཆེ། །ཀུན་འདུས་ཚོམ་བུ་དགུ་ཡི་གཙོ། །འཁོར་ལོ་བཅས་པ་དེ་མངོན་ཕྱིར། །རྒྱས་པའི་སྦྱོར་བ་འདི་རྣམས་ཀྱིས། །ཇི་ལྟར་བཤད་པའི་གཙོ་དང་འཁོར། །རང་གི་སྐུ་མདོག་ཕྱག་མཚན་དང་། །ཕོ་བྲང་ཆེན་པོའི་བཞུགས་ཚུལ་དག །མངོན་དུ་འདོད་པ་དེ་ཉིད་ནི། །སྤྲོས་ལ་དགའ་བའི་གང་ཟག་གིས། །རྣལ་འབྱོར་ཆེན་པོའི་ཚུལ་དུ་བསྒྲུབ། །གལ་ཏེ་བསྡུས་ལ་དགའ་བ་ཡིས། །བློ་དང་དབང་པོ་འབྲིང་དག་གིས། །རང་གི་གཙོ་བོ་མཆོག་རྣམས་ལ། །རིགས་ཀྱི་གཙོ་བོ་བཞི་རྣམས་ནི། །ཡུམ་དང་གྲོགས་སུ་བཅས་པ་འམ། །རང་རིགས་གཅིག་པུའི་ཚུལ་དག་གིས། །སོ་སོའི་འཁོར་ལོ་ལ་གནས་པ། །ཕོ་བྲང་བསྡུས་པའི་ཁྱད་པར་གྱིས། །རྗེས་སུ་རྣལ་འབྱོར་ཚུལ་དུ་བསྒྲུབ། །དེ་ཉིད་ཀྱང་ནི་ཆེར་བསྡུས་ཤིང་། །ཤིན་ཏུ་བསྡུས་ལ་དགའ་བ་འམ། །བློ་དང་དབང་པོ་མཐར་གནས་པས། །འཁོར་ལོ་རྩིབས་བརྒྱད་ཕོ་བྲང་ལ། །གཙོ་བདག་ཆེན་པོ་ཧེ་རུ་ཀ །ཡུམ་དང་བཅས་པས་དགུ་བསྒོམ་སྟེ། །རང་གི་མཚོན་བྱེད་དང་ལྡན་པས། །རྫོགས་པའི་རྣལ་འབྱོར་བར་དུ་བསྒྲུབ། །རྟེན་མཆོག་དྲག་ཤུལ་ཆེར་སྤྱོད་ཅིང་། །གསང་བའི་དོན་དུ་སྤྱོད་འདོད་པས། །བསྲུང་དང་ཚོགས་བསག་བསྒྲུབ་པ་དང་། །ཕྲིན་ལས་ཡོངས་སུ་རྫོགས་པ་དག །སྔགས་ཀྱི་སྦྱོར་བ་ཡོངས་ཤེས་པས། །ཤིན་ཏུ་མྱུར་བ་དེ་བསྒྲུབ་པོ། །གང་ཟག་ཤིན་ཏུ་བརྩོན་ལྡན་པས། །རྒྱུན་ཏུ་མྱུར་བར་དེ་ཉིད་ཀྱིས། །ཁོ་ན་ཡང་དག་ཡི་དམ་དུ། །བར་ཆད་མེད་པར་བསྒྲུབ་པ་ནི། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བསྒོམ། །སྨིན་བྱེད་ལམ་གྱིས་རབ་སྦྱངས་ནས། །དེ་ཉིད་མཐོང་བའི་ངེས་པ་ཡིས། །རྣམ་པར་དག་པའི་མཐར་སོན་ནས། །ལྷ་གཞན་ལོགས་ནས་མི་འཚོལ་ཏེ། །ཙིཏྟ་གསང་ཆེན་ཕོ་བྲང་དབུས། །རྟེན་གཞན་བརྒྱད་ནི་དེ་ཡི་འཁོར། །སྒོ་བརྒྱད་ཕྱོགས་མཚམས་ཕོ་བྲང་ངོ་། །སེམས་ཀྱི་རྒྱལ་པོ་ཧེ་རུ་ཀ །ཆེ་བའི་མཆོག་སྟེ་དབུས་ན་གནས། །


DNG014_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ལྔ་དག་གི་རྣམ་ཤེས་དང་། །ཀུན་གཞི་ཉོན་མོངས་ཡིད་རྣམ་ཤེས། །རང་གི་རིགས་དང་ཕྱོགས་དག་གིས། །དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་སྟེ། །སྣང་ཞིང་རྟོག་པ་མ་ལུས་པ། །དེ་ཡི་འཁོར་དུ་བཀོད་པའོ། །སྣོད་དྲུག་ལ་སོགས་དེ་ཡི་གནས། །བཟའ་བཏུང་ལ་སོགས་མཆོད་པ་སྟོབ། །མཉེས་པའི་སྤྱོད་ལམ་ཕྱག་བཙལ་བའོ། །དགའ་བའི་བསྟོད་པ་དེ་ཉིད་དེ། །ལུས་ཀྱི་ཕྱི་རོལ་ཤ་ཚིལ་པགས། །གཞལ་མེད་ཁང་གི་བརྩིག་པ་སྟེ། །ཀེང་རུས་སྒལ་ཚིགས་ཀ་གདུང་དང་། །ཐོད་རུས་རྒྱལ་མཚན་བ་དན་བཅས། །བ་སྤུ་མེ་རི་འབར་བ་སྟེ། །རྟེན་དང་བརྟེན་བཅས་དཀྱིལ་འཁོར་རོ། །རྟག་ཏུ་གནས་པ་རང་ལ་སྣང་། །འགྲོ་དང་འོང་བ་བྱོན་ཞིང་གཤེགས། །སྣང་བ་སྤྲུལ་པའི་སྐུ་ཡིན་ཏེ། །དེ་གསལ་ལོངས་སྤྱོད་རྫོགས་སྐུ་ཡིན། །བདེ་ཆེན་ཐོབ་པ་ཆོས་ཀྱི་སྐུ། །ཉེར་ཐོབ་ཐིམ་པ་བར་མ་དོར། །མངོན་པར་བྱང་ཆུབ་སྤྲུལ་པའི་སྐུ། །མཐར་ཐུག་འོད་གསལ་ཟུང་དུ་འཇུག །རབ་བརྟན་འགྱུར་མེད་རྡོ་རྗེའི་སྐུ། །དེ་ཉིད་ཤེས་ན་གནས་པ་ཡིན། །འདི་ནི་རྣལ་འབྱོར་ཡིད་མ་རྒྱུན། །ནར་མར་བསྒྲུབ་པའི་ཚུལ་ཡིན་ནོ། །འདི་དག་དང་པོར་ཧེ་རུ་ཀ །བརྗིད་པའི་དབུ་ནི་ཉི་ཤུ་གཅིག །མཛེས་པའི་ཕྱག་ནི་བཞི་བཅུ་གཉིས། །རྡོ་རྗེ་དབྱིངས་མཆོག་བཀོད་པའོ། །གཉིས་པའི་དུས་སུ་ང་ཡི་སྐུ། །དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ། །མ་མོ་ཕྲ་མེན་བཅུ་དྲུག་གིས། །གཡས་དང་གཡོན་དུ་རྣམ་པར་མཛེས། །ཞལ་གསུམ་ཕྱག་དྲུག་བསྡུས་པ་སྟེ། །ཞབས་བརྒྱད་བཞི་དང་གཉིས་ཀྱིས་བསྟན། །སྔགས་སྤྱོད་པ་ལ་ཅི་རིགས་ཏེ། །རྒྱུན་དུ་བསྒྲུབ་པ་རྣལ་འབྱོར་པའི། །བློ་ཡི་རིམ་པ་དེ་བཞིན་ནོ། །དེ་ཡང་སེམས་ཀྱི་རྣལ་འབྱོར་པས། །ཕྲིན་ལས་བསྒྲུབ་པའི་ཡན་ལག་གིས། །བསྟོད་དང་བསྐུལ་བ་སྣ་ཚོགས་པ། །ལྷ་རྣམས་ཀུན་གྱི་ཕྱག་མཚན་དང་། །སྐུ་མདོག་དང་ནི་བཞུགས་ཚུལ་གྱིས། །གདན་ཁྲི་དག་གི་གནས་སྒོ་ནས། །ཇི་ལྟར་སྣང་བ་དེ་བསྐུལ་ཞིང་། །མིང་གི་རྣམ་གྲངས་སྨོས་པ་དང་། །ཕོ་བྲང་གནས་ཀྱི་མཚོན་པ་དག །ཆེ་འབྲིང་ཆུང་ངུ་རྣམས་ཀྱིས་བསྐུལ། །རྣམ་པར་དག་པའི་དོན་རྟོགས་ལ། །རྒྱས་དང་བསྡུས་པར་


DNG014_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཡིས། །ཆེན་པོའི་སྐྱེ་བ་བརྗོད་པ་དང་། །བསྟོད་པ་མཆོག་གིས་མཉེས་བྱས་ནས། །ཉེས་པ་བཤགས་ཤིང་བསྐང་བ་ལ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་ནི། །ཐུགས་ཀྱི་རྡོ་རྗེ་སེམས་དཔས་བསྡུས། །སྤྲུལ་པ་བྲམ་ཟེ་མི་ཐོད་ཅན། །གང་གིས་གང་ལ་གང་གི་ཕྱིར། །གང་བསྟན་དེ་དག་དོན་གྱིས་ནི། །ལྷ་རྣམས་དཔང་བཙུགས་ཉེས་བཤགས་ལྟར། །འགྱོད་ཚངས་བརྗོད་པའི་བཤགས་པས་བསྐང་། །བདུད་རྩི་བཅུད་མཆོག་ཛ་གད་ཕུད། །གཙང་སྦྱོར་ཆེན་པོའི་མཆོད་པས་ཀྱང་། །ཞི་ཁྲོའི་དཀྱིལ་འཁོར་མ་ལུས་པ། །འཇིག་རྟེན་དྲེགས་པའི་ལྷ་དང་བཅས། །དུས་བཞི་དང་ནི་དྲུག་དག་ཏུ། །བསྐང་བ་ཡིས་ཀྱང་དེ་བརྙེས་བྱ། །སྲོག་ཆགས་རྣམ་ཤེས་བརྟེན་ལྡན་རྒྱུ། །བསྒྲལ་བའི་ཞིང་བཅུ་དེར་དམིགས་ནས། །ཕུང་པོ་བཞིར་གནས་མཆོད་པས་ཀྱང་། །དེ་དག་རབ་ཏུ་བསྐང་བར་བྱ། །སླར་ཡང་དེ་ཡི་རྫས་ལ་སོགས། །ཐིམ་པར་གྱུར་པ་དེ་ཡིས་ནི། །ཕུང་པོ་དོན་སྙིང་ཤ་ཁྲག་སྣོད། །རུས་པ་ལ་སོགས་ཚོགས་ཀྱིས་བསྐང་། །ཕྱི་ནང་རིན་ཆེན་ལས་བྱུང་བའི། །རྒྱུ་མཆོག་རིགས་ཀྱི་ཡོ་བྱད་ལ། །རི་རབ་གླིང་བདུན་གླིང་བཞི་དང་། །གླིང་ཕྲན་མུ་ཁྱུད་རྒྱ་མཚོ་ཆེ། །འདོད་སྤྱོད་ལྷ་དང་ཚངས་པར་བཅས། །སྟོང་དང་སྟོང་གཉིས་བར་མ་དང་། །སྟོང་གསུམ་གྱི་ནི་འཇིག་རྟེན་ཁམས། །སྤྱི་ཕུད་བྱེ་བ་ཕྲག་བརྒྱ་འམ། །མཛེས་པ་གཅིག་གི་ཚད་ཀྱིས་ནི། །རི་རབ་ཆེན་པོའི་ཡང་སྟེངས་སུ། །མཚམས་བཞི་དབུས་སུ་རྣམ་པར་རྒྱལ། །ཁང་བཟངས་རྣམ་པར་བཀྲ་བ་ནི། །རང་བཞིན་བཞི་ཡིས་རྣམ་པར་བརྒྱན། །ཚོགས་ཀྱི་བདག་པོ་ཧེ་རུ་ཀ །ཆེ་བའི་མཆོག་གི་ཕོ་བྲང་གནས། །མཚམས་བཞི་ལོག་ནི་རེ་རེ་ལའང་། །རང་གི་རིགས་ཀྱི་ཧེ་རུ་ཀ །ཡུམ་དང་ཁྲོ་ཚོགས་སྒོ་སྲུང་བཅས། །དེ་དག་འཁོར་གྱི་ཕོ་བྲང་ངོ་། །བང་རིམ་གཉིས་པའི་ཕྱོགས་བཞི་རུ། །སྐུ་གསུང་ཐུགས་དང་ཕྲིན་ལས་བཞིའི། །ཧེ་རུ་ཀ་བཞི་འཁོར་བཅས་ཀྱི། །གནས་ཡིན་དེ་ཡི་མཚམས་སུ་ནི། །རྦོད་གཏོང་མཆོད་བསྟོད་དྲག་སྔགས་དང་། །རིག་པ་འཛིན་པའི་ཧེ་རུ་ཀ །འཁོར་དང་བཅས་པའི་གནས་སུ་བྱ། །ཐ་མ་དེ་ལ་ལྷ་རྣམས་ཀྱི། །


DNG014_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མ་ཉི་ཤུ་རྩ་བརྒྱད་དང་། །མཁའ་འགྲོ་མ་དང་གིང་གི་ཚོགས། །མ་མོ་སྲིང་མོ་ཕོ་ཉ་དང་། །འབར་མ་དང་ནི་ས་བདག་མོ། །དེ་དག་ཀུན་གྱི་ཕོ་བྲང་སྟེ། །གླིང་བཞི་འགྲོ་བ་ཕལ་པའི་གནས། །དེ་དག་རང་གཟུགས་ཕོ་ཉ་དང་། །ལོངས་སྤྱོད་སེམས་ལྡན་འདབ་ཆགས་དང་། །རི་དྭགས་གཅན་གཟན་ཕྱུགས་རྣམས་དང་། །ས་ཆུ་བར་སྣང་གནས་རྣམས་ཀྱང་། །ཀུན་གྱིས་བསྐང་བའི་རྫས་སུ་བྱ། །ཕོ་མོ་བྱིས་པ་ཡུལ་འཁོར་དང་། །ལུས་སེམས་ངག་གི་མཐུན་གླུད་དང་། །ལོངས་སྤྱོད་ལྔ་ཡི་གླུད་དུ་འབུལ། །ཐ་མ་ཕྲིན་ལས་རྣམ་པ་བཞི། །གང་ལ་དམིགས་པ་དེ་སྦྱང་བྱ། །འདོད་ཡོན་མཐུན་པས་བསྐང་བ་ཡིན། །རྗེས་སུ་སྤྱད་པའི་ཕྲིན་ལས་ནི། །བསྲུང་དང་མནན་བསྲེག་བཟློག་པ་ཡི། །ལས་ཀྱི་གཟེར་བཞི་བསད་ཐུན་ལྔ། །འགྱུར་མེད་ཀུན་གྱི་ཐུན་མོང་སྟེ། །འཁོར་ལོ་ཐོད་པ་བསྲེག་རྫས་དང་། །གཏོར་མ་དང་ནི་ཐུན་རྫས་ཀྱིས། །སྤྱི་དང་བྱེ་བྲག་སོ་སོ་ཡིས། །ཇི་ལྟར་འདོད་པའི་ལས་ལ་སྦྱར། །འདི་དག་གིས་ནི་དོན་བསྒྲུབ་ཕྱིར། །སྔགས་བསྡུ་བ་དང་བཟླས་པ་དང་། །སྐྱོན་ཡོན་སྒྲ་དང་འཁྲུལ་དམིགས་དང་། །ཡན་ལག་ལྔ་ཡིས་ཀུན་ཤེས་བྱ། །བཟའ་དང་བཏུང་དང་བགོ་བ་དང་། །སྤྱོད་ལམ་ཡན་ལག་སྦྱོར་བའོ། །དུས་བཞི་ཐུན་བཞིའི་རྣལ་འབྱོར་ལྔ། །རྒྱུན་ཏུ་ལེགས་སྤྱད་ལམ་ཡིན་ནོ། །ཕྱིར་སྦྱང་ནང་གི་རྣལ་འབྱོར་གྱིས། །ཁྱད་པར་རྫོགས་པའི་རིམ་པ་ནི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ལྔ། །གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་བྱང་ཆུབ་སེམས་དང་ནི། །མི་ཤིགས་ཐིག་ལེ་རྣམ་ལྔ་དག །སྨིན་གྲོལ་ལམ་ལ་དེ་བཞིན་སྦྱར། །དེ་དག་འབྲས་བུ་ཐོབ་པ་ཡང་། །བྲལ་དང་སྦང་ཐོབ་མི་གནས་པའི། །སྐུ་གསུམ་ས་ལ་གོམས་པ་ལ། །ཡི་དམ་ལྷ་དང་བར་གཅོད་བདུད། །གསང་བའི་དགྲ་དང་རིགས་དྲུག་ལ། །ཕུང་པོ་ཉོན་མོངས་ལྔ་རྣམས་ལ། །དེ་ཉིད་གཟེར་གྱིས་མི་འབྱུང་ཞིང་། །དེ་ཡི་ངང་དུ་གསལ་ཞིང་བརྟན། །མ་ལུས་པ་དང་ཡེ་ཤེས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །བདེ་བར་གཤེགས་པའི་སྙིང་པོ་མཆོག །སྐུ་གསུང་ཐུགས་དང་ཡོན་ཏན་


DNG014_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྲིན་ལས་རྦོད་གཏོང་མཆོད་དང་རྟེན། །དྲག་སྔགས་རིག་འཛིན་སྒྲུབ་པ་ཡི། །ཐབས་འདི་དུས་གསུམ་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱིས་ལེགས་བཤད་པ། །མངའ་བདག་སངས་རྒྱས་གཙོ་ཆེན་གྱིས། །རྣལ་འབྱོར་གསུམ་གྱི་དོན་ཆེན་ཡིན། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ཕྲིན་ལས་ཀྱི་ཁ་བསྐང་བའི་ཐབས་མདོར་བསྡུས་ཏེ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་ཧེ་རུ་ཀས། །གསང་མཆོག་རྣམ་པར་འཕྲུལ་པ་ཡི། །ཏིང་ངེ་འཛིན་གྱིས་དགོངས་མཛད་དེ། །འདི་སྐད་ཚིག་ཏུ་བཀའ་སྩལ་ཏོ། །ཨེ་མ་ནམ་མཁའ་ལྟ་བུའི་ཆོས། །མི་གནས་མི་རྟོག་བསམ་དང་བྲལ། །རྣམ་དག་སེམས་ཀྱི་དཀྱིལ་འཁོར་ཆེ། །ཆགས་མེད་ཡུལ་ལས་འདི་བརྗོད་དོ། །གཟུགས་བརྙན་སྙིང་རྗེ་བྱང་ཆུབ་སེམས། །ཉི་མའི་འོད་ལྟར་ཀུན་ལ་གསལ། །དེ་ཉིད་ཁོ་ན་ལས་གཞན་པའི། །འཁོར་བའི་ས་ནི་རྟོག་པའི་ཡུལ། །ཧཱུཾ་ཞེས་གྲགས་པའི་བྱང་ཆུབ་སེམས། །ཆོ་འཕྲུལ་ཆེན་པོ་འབྱུང་བའི་རྒྱུ། །གསལ་ཞིང་འབར་འཕྲོ་འོད་དང་བཅས། །མི་འགྱུར་རྡོ་རྗེ་སྐུ་ཡི་ཧཱུཾ། །ཨེ་ནི་ཀུན་གྱི་རང་བཞིན་ཏེ། །སྟོང་པ་མཆོག་གིས་དབྱིངས་ལས་བྱུང་། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། །བསམ་འདས་གྲུ་གསུམ་མཐིང་ནག་ཨེ། །ཡཾ་ནི་གཡོ་བའི་ཆོ་འཕྲུལ་ལྡན། །སྟོབས་ཆེན་སྲ་མཁྲེགས་དབང་གི་རྒྱལ། །མི་འགྱུར་མི་ཤིགས་རྡོ་རྗེ་ལྡན། །ལྗང་ནག་ཁ་གདེངས་བསྐྱོད་པའི་ཡཾ། །ཁཾ་ནི་ཆུ་ཡི་དངོས་པོ་སྟེ། །གཤེར་རླན་ཐུགས་རྗེས་ཀུན་ལ་སྙོམས། །མཁའ་མཉམ་བྱིན་གྱིས་རླབས་ཆེན་གཡོ། །མ་ལུས་སྡུད་པའི་དམར་ཆེན་ཁཾ། །སུཾ། རྡོ་རྗེ་འབར་བའི་རང་བཞིན་ཀློང་། །མི་དམིགས་དག་པ་བརྗིད་པའི་སྟོབས། །ཀུན་ཤོངས་སྲ་བའི་བདག་ཉིད་ཀྱིས། །བཅུ་གསུམ་རྫོགས་པའི་སྨུག་ནག་སུཾ། །རཾ། གསལ་བྱེད་སྲེག་པའི་མཚན་ཉིད་ཅན། །འབར་བའི་སྟོབས་ཀྱིས་དངོས་པོ་འཇོམས། །འོད་ཆེན་ཆོ་འཕྲུལ་དྲེགས་པའི་བདག །འཕྲོ་འདུས་རིག་བྱེད་དམར་གསལ་རཾ། །ལཾ། ཕྱི་ནང་གསང་བའི་རིན་


DNG014_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། །རྡོ་རྗེ་བརྩིགས་པའི་རི་རབ་འབར། །མཐའ་དབུས་ཕྱོགས་བཅུ་མཁའ་དང་མཉམ། །རིམ་པར་རྩེ་མོར་རབ་རྫོགས་ལཾ། །བྷྲཱུཾ། དཔལ་ལྡན་རྫོགས་པ་ཡུམ་གྱི་མཁའ། །ཞིང་ཁམས་ཆེན་པོ་བསམ་མི་ཁྱབ། །རྣམ་དག་ཚོགས་རྫོགས་གཞལ་ཡས་ཁང་། །བཀོད་པ་ཚད་མེད་འོད་ལྡན་བྷྲཱུཾ། །རབ་བརྟན་སྙིང་པོའི་ཚིག་འདིའོ། །ཨོཾ། ཆོས་རྣམས་སེམས་ལས་གུད་ན་མེད། །གདོད་ནས་མ་སྐྱེས་བརྗོད་ལས་འདས། །བླང་དོར་མེད་པའི་ངང་ཉིད་ལས། །མཉམ་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨ། དེ་ཉིད་མ་རྟོགས་འཁྲུལ་པ་ལ། །མཁའ་ལྟར་མཁའ་ཉིད་སྙིང་རྗེ་ཆེ། །མ་ལུས་ཁྱབ་པའི་ཡེ་ཤེས་ཀྱིས། །ཀུན་ལ་སྣང་བ་དེ་བཞིན་བསྒོམ། །ཨོཾ་མ་ཧཱ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ། བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །གདོད་གནས་དག་པ་གསལ་བའི་རྒྱུ། །མཐིང་ནག་འོད་ཀྱིས་ཕྱོགས་ཀུན་གསལ། །ཐམས་ཅད་མ་ལུས་རྣམས་འབྱུང་ཧཱུཾ། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ཛྙཱ་ན་སཏྭ་མ་ཧཱ་ཀྲོ་དྷ་ཧཱུཾ། ཨེ། ཆོས་ཀུན་ཡེ་ནས་དག་པ་ལ། །མཐའ་དབུས་མེད་པའི་ནམ་མཁའ་ནི། །ཀུན་ཏུ་བཟང་པོའི་དབྱིངས་ཀྱི་ངང་། །སྟོང་ཉིད་སེམས་ཀྱི་རང་བཞིན་རྫོགས། །ཨེ་ཨཱ་ཀ་ཤ་མཎྜ་ལ་ཧཱུཾ། ཡཾ་ལས་བསྐལ་པའི་འཐོར་རླུང་ནི། །བག་ཆགས་སྡུག་བསྔལ་མ་ལུས་གཏོར། །དམ་ཚིག་སྒྲོལ་མ་དབྱིངས་ཀྱི་མཁའ། །སྐྱོད་བྱེད་དབུགས་ཀྱི་ནུས་པར་ལྡན། །ཡཾ་ཀརྨ་རཀྵ་སུ་བྷ་ཏྲ་མཎྜ་ལ་ཧཱུཾ། ཁཾ་ལས་ཁྲག་གི་རྒྱ་མཚོ་ནི། །འདོད་ཆགས་འཁོར་བ་ཀུན་སྦྱངས་ནས། །པདྨ་གསང་བ་དབྱིངས་ཀྱི་མཁའ། །ཆགས་གཞི་ཁྲག་གི་རང་བཞིན་གནས། །ཨོཾ་མ་ཧཱ་སུ་ཁ་རཀྟ་མཎྜ་ལ་ཧཱུཾ། སུཾ་ལས་གྲུ་གསུམ་བསྒྲལ་བའི་ས། །རྡོ་རྗེ་རྒྱ་གྲམ་མི་ཟད་གཏེར། །སངས་རྒྱས་སྤྱན་མ་དབྱིངས་ཀྱི་མཁའ། །གཏི་མུག་ཤ་ཡི་དཔུང་དུ་བསྒོམ། །ཨོཾ་མ་ཧཱ་བཾ་སྨིནྟ་མཎྜ་ལ་ཧཱུཾ། རཾ། འབར་བའི་སྟོབས་ཀྱིས་སྲིད་གསུམ་འཇོམས། །སྲེག་བྱེད་གསང་བའི་མཚན་ཉིད་ཅན། །འོད་འཕྲུལ་གོས་དཀར་གསང་བའི་མཁའ། །དྲོད་ཀྱི་འཕྲོ་འདུ་དམར་གསལ་འབར། །རཾ་ཛྙཱ་ན་ཛྭ་ལ་ཙནྡྷ་ལི་ཧཱུཾ། ཀེཾ། ཞེ་སྡང་མ་སྤངས་ཀུན་གྱིས་སྦྱངས། །དཀར་ཞིང་འཚེར་བ་བྱང་ཆུབ་སེམས། །ཡེ་ཤེས་གསང་བའི་དབྱིངས་ཀྱི་ཡུམ། །ལྷག་པར་སྣང་བ་རུས་པའི་གཞི། །ཨོཾ་མ་ཧཱ་ཀེཾ་ནི་རི་ཏི་ཛྭ་ཀུ་ཏ་ཤི་ཁ་མཎྜ་ལ་ཧཱུཾ། དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །སྐུ་ཡི་དཀྱིལ་འཁོར་ཡོངས་སུ་


DNG014_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །འཁོར་དང་མྱ་ངན་འདས་པའི་ཆོས། །གསང་བ་མཆོག་གི་བདག་པོ་ཡིས། །གདན་དང་གཙུག་ཏོར་མན་ཆད་དུ། །ལྷུན་གྲུབ་ཡོངས་སུ་རྫོགས་པར་མཐོང་། །འདོད་ཁམས་ཁྲག་གི་རྒྱ་མཚོར་རྫོགས། །གཟུགས་ཀྱི་ཁམས་ནི་ས་གཞི་སྟེ། །ཀེང་རུས་གཟུགས་མེད་ཁམས་སུའོ། །རི་རབ་ཁ་བད་ནོར་བུའི་འོད། །དམན་པའི་ཐེག་པ་གསུམ་རྫོགས་པའི། །རྡོ་རྗེ་བྲག་ཆེན་གཏམས་པ་ལ། །བྱ་སྤྱོད་རྣལ་འབྱོར་ལས་རྣམས་རྫོགས། །པདྨ་ལས་ནི་རྣལ་འབྱོར་གསུམ། །ཉི་མ་ཟླ་བའི་དཀྱིལ་འཁོར་ལ། །དབང་ཕྱུག་ཆེན་པོ་ཡབ་ཡུམ་བཅས། །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་ཕྱིར། །དཔའ་གཏུམ་འཇིགས་བྱེད་གདུག་པ་ཅན། །གཏུམ་པོའི་སྟོབས་དང་བརྗིད་པ་དང་། །འཛིན་དང་ཞེ་སྡང་རབ་སྦྱོར་ལས། །སྟག་གཟིག་སེང་གེ་དོམ་དང་གླང་། །མེ་དང་ཆུ་སྲིན་སྦྲུལ་གྱི་ནི། །ལྷ་དང་ཀླུར་བཅས་རབ་ཏུ་སྤེལ། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར། །ཧེ་རུ་ཀ་ཡི་གནས་བཅུར་ལྡན། །ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་། །ཚིག་བརྗོད་འདི་ཡིས་གསལ་བར་བྱ། །ཧཱུཾ་ནམ་མཁའི་མཐའ་མཉམ་གཞལ་ཡས་ཁང་། །དཀྱིལ་འཁོར་ཆེན་པོའི་ཕོ་བྲང་དགུ། །ཐེག་པ་རིམ་དགུ་རྫོགས་པའི་རྟགས། །འཁོར་ལོ་རྩིབས་བརྒྱད་རྣམ་པར་མཛེས། །ཚོགས་བརྒྱད་གནས་སུ་དག་པའི་རྟགས། །ཆོས་སྐུ་སྤྲོས་མེད་ལྟེ་བ་ཟླུམ། །ཡེ་ཤེས་བཞི་ལྡན་གྲུ་ཆད་བཞི། །བར་ཁྱམས་དང་ནི་སྒོ་བཞིར་བཅས། །ཕྱི་རོལ་བསྐལ་པའི་མེ་རི་འབར། །རིན་ཆེན་སྣ་ལྔའི་འོད་ཟེར་འཕྲོ། །ནང་གི་ཐོད་པ་ཚར་གསུམ་བརྩིགས། །མཐུ་ཆེན་བདུད་ཀྱི་མགོ་བཅད་པའོ། །འཇིགས་བྱེད་ཁྲོ་བོའི་གཟེར་ཆེན་བཏབ། །ཀ་ཞུ་ཉི་མ་ཟླ་བས་བརྒྱན། །རྣམ་ཐར་བརྒྱད་ཀྱི་ཐེམ་སྐས་དྲེས། །ཕྱོགས་སྐྱོང་བཅུ་ནི་བླ་རེ་བཀླུབས། །ལྷ་ཆེན་དབང་ཕྱུག་རྒྱལ་མཚན་འཕྱར། །གདུག་པ་སྦྲུལ་གྱི་ཟ་ར་ཚགས། །སྦྲུལ་ཆེན་རིགས་ལྔའི་ཆུན་པོ་འཕུར། །གནམ་ལྕགས་གཟེར་ཆེན་བཏབ་པ་ལ། །བྷནྡ་འཇིགས་པའི་གཟེར་ཆེན་ལྡན། །ཞིང་ཆེན་གཡང་གཞི་བླ་རེས་ཕུག །ཞིང་ཆུང་པགས་པ་ཁྲ་ལ་ལ། །བ་སུ་ཏ་ཡི་ཞགས་


DNG014_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྦྲེལ། །དྲི་ཆེན་དྲི་ཆུའི་ཞམ་ཆུ་འབབ། །ཀང་ཀ་དུར་བྱ་འཕུར་ཞིང་ལྡིང་། །སེང་སྟག་དོམ་དྲེད་མཆོང་ཞིང་རྒྱུག །ཉི་ཟླ་གཟའ་སྐར་འཁྲུག་ཅིང་འཕེན། །ཡེ་ཤེས་ལྔ་ལྡན་འོད་ཟེར་འཕྲོ། །བདེ་བར་གཤེགས་པ་ཀུན་འདུས་པ། །ཞི་ཁྲོ་རྒྱལ་བའི་ཕོ་བྲང་མཆོག །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡ་ག་ཏ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ། དེ་བ་མ་ཧཱ་ནཱ་ག་མ་ཧཱ་རུ་ཏྲ་ཏི་ར་བཾ། མ་སཱུརྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པཾ་པདྨ་མཎྜ་ལ་ཧཱུཾ། ཧཱུཾ་སྥ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ། གཞལ་ཡས་ཁང་ཆེན་འབར་བ་ལ། །ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ། །གནས་དགུ་རྫོགས་པའི་ཕོ་བྲང་ལ། །དབུས་ཀྱི་གདན་སྟེང་ཡི་གེ་ཡི། །འཕྲོ་འདུ་འབར་བའི་འོད་ཟེར་གྱིས། །ཀུན་ཏུ་བཟང་པོ་ཧེ་རུ་ཀ །ཆེ་བའི་ཆེ་མཆོག་གྱུར་པ་ནི། །དབུ་ནི་ཉི་ཤུ་རྩ་གཅིག་ལ། །དུས་གསུམ་སངས་རྒྱས་རྫོགས་པར་གསལ། །ཞལ་ནི་གསང་བའི་དུར་ཁྲོད་དེ། །སྤྱན་འབར་ཧེ་རུ་ཀ་ཡི་ཚོགས། །བཞི་བཅུ་རྩ་གཉིས་ཕྱག་གིས་ནི། །སངས་རྒྱས་བཞི་བཅུ་རྩ་གཉིས་ཏེ། །རང་གི་རིགས་མཚན་ཡོངས་སུ་རྫོགས། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བརྒྱན། །ཞབས་བརྒྱད་དྲེགས་པའི་གདན་ལ་བཞུགས། །ཨོཾ་ཤྲཱི་མ་ཧཱ་ཧེ་རུ་ཀ་ཧཱུཾ་ཕཊ། བྷྱོ་ཧཱུཾ་ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ། །ཀྲོ་དྷཱི་ཤྭ་རཱི་དབང་ཕྱུག་མ། །རྣམ་པར་ཐར་པའི་དབུ་དགུ་ལྡན། །སྟོང་པ་བཅོ་བརྒྱད་ཕྱག་རྣམས་ཀྱིས། །གཡས་པ་རྡོ་རྗེ་མ་མོ་བརྒྱད། །གཡོན་པ་དྲིལ་བུ་ཕྲ་མེན་བརྒྱད། །གཙོ་ཆེན་འབར་བའི་ཆ་ལུགས་འཛིན། །ཞབས་བཞི་མཉེས་སྦྱོར་སྐུ་ལ་འཁྲིལ། །ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་བྷྱོ་ཧཱུཾ། ཡབ་ཡུམ་གཉིས་སུ་མེད་པ་ཡི། །མཁའ་གསང་བྱིན་རླབས་ཆོ་འཕྲུལ་ལས། །པཾ་མཾ་ཧཱུཾ་ཨཾ་ཨ་ཕཊ་ཅེས་པ་ཡིས། །ཉི་མའི་དཀྱིལ་འཁོར་ཧཱུཾ་རྡོ་རྗེ། །པདྨ་མ་ཆགས་ཟླ་བ་ཨཾ། །རྡོ་རྗེ་རིན་ཆེན་པདྨ་དང་། །ཉི་ཟླ་མཁའ་གསང་དབྱིངས་སུ་སྦྱོར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཧཱུཾ་བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །པདྨ་རིན་ཆེན་ལྡན་བྱས་ནས། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་ནི། །རང་བྱུང་ཡེ་ཤེས་འོད་ཟེར་འཕྲོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་


DNG014_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱདྨ་ཀོ྅ཧཾ། བྷྱོ་ཁྲོ་མོ་འདོད་ཆགས་ཡེ་ཤེས་ཆེ། །ཧེ་ཧེ་དགྱེས་པའི་གཟི་མདངས་ཆེ། །རིན་ཆེན་པདྨ་རྒྱས་མཛད་དེ། །གཉིས་མེད་འཁྲིལ་པའི་སྦྱོར་བས་ཐིམ། །ཨོཾ་པདྨ་སརྦ་ཡོ་གི་ནཱི་པྲ་བེ་ཤ་ཕཊ། ཛཿཧཱུཾ་བཾ་ཧོཿ། བྷྱོ་གནམ་ཞལ་པདྨའི་གཞལ་ཡས་སུ། །བདེ་ཆེན་ཐུགས་ཀྱི་དཀྱིལ་འཁོར་སྤྲོས། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱོར་བས་བསྡིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། །ཨོཾ་དང་ལྡན་པའི་ཐིག་ལེ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྐྱོད། །ཧཱུཾ་གི་འཕྲོ་འདུས་མཁའ་ལ་ཕབ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །ནམ་མཁའ་བཞིན་དུ་གསལ་དག་པས། །དྲི་མེད་ཉི་ཟླའི་འོད་བཞིན་གནས། །དྲག་ཤུལ་ཕཊ་ཀྱི་སྒྲ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གཡོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སྟོང་གསུམ་ཕྱོགས་བཅུ་རྡུལ་སྙེད་ཀྱིས། །བཀང་ནས་གཙོ་བོའི་དཀྱིལ་འཁོར་སྤྲོ། །དེ་དག་སངས་རྒྱས་མཛད་པའི་ཕྱིར། །ཕྱོགས་བཅུའི་དྲེགས་པ་མ་ལུས་བསྒྲལ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ། འཁོར་བ་བསྒྲལ་བའི་ཞིང་དེ་དག །ཡེ་ཤེས་འབར་བའི་ཚོགས་ཆེན་གྱིས། །རང་བཞིན་མེད་པར་བསྒྲལ་བས་ནི། །མཉམ་ཉིད་ཆོས་སྐུ་ཆེན་པོར་སྟོན། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་ཀ་རུ་ཏྲ་པྲ་བེ་ཤ་ཕཊ། པྲ་བྷན་ཙཀྲ་ཧཱུཾ། དཀྱིལ་འཁོར་བརྒྱད་ཀྱི་ཕོ་བྲང་དང་། །དྲེགས་པ་རུ་དྲ་ཉི་ཟླ་དང་། །པདྨ་འབར་བའི་གདན་སྟེང་དུ། །ཧེ་རུ་ཀ་དང་གཤིན་རྗེ་གཤེད། །རྟ་མགྲིན་རྡོ་རྗེ་གཞོན་ནུ་དང་། །མངོན་རྫོགས་རྒྱལ་དང་དྲེགས་པ་འདུལ། །སྟོབས་ལྡན་མཆོག་དང་རིག་འཛིན་གཙོ། །རང་གི་རིགས་དང་ཡུམ་དང་བཅས། །སྔར་བཞིན་སྦྱོར་བའི་བྱིན་རླབས་ལས། །སྲས་འཁོར་སྤྲུལ་པའི་ཚོགས་བཅས་ཀུན། །རང་སྔགས་གསང་བའི་ཚིག་གིས་སྤྲོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། དེ་ནས་སྐུ་རྫོགས་གསལ་བ་དང་། །བྱིན་གྱིས་བརླབས་ཤིང་དབང་བསྐུར་ནས། །དམ་ཚིག་པ་ལ་བརྟན་བཞག་སྟེ། །ཡེ་ཤེས་དཀྱིལ་འཁོར་དབབ་བ་ནི། །ཨོཾ་ཨ་ཧྲི་ཧ་ཧཱུཾ་ཛཿཧཱུཾ་བཾ་ཧོཿ།


DNG014_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཆོས་དབྱིངས་རྣམ་དག་གསལ་བའི་ཕོ་བྲང་ནས། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངས། །རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་དང་། །མཐར་བྱེད་སྒོ་བ་སྤྲུལ་སྐུ་ཐུབ་པ་དྲུག །ལོངས་སྤྱོད་རྫོགས་པའི་ལྷ་རྣམས་གཤེགས་སུ་གསོལ། །ཞི་ཁྲོའི་ཚོགས་འདུས་དཔལ་ཆེན་ཧེ་རུ་ཀ །ཡོན་ཏན་ཚོགས་ཀྱི་དཀྱིལ་འཁོར་དབྱིངས་ནས་བཞེངས། །ཧེ་རུ་ཀ་དཔལ་ཡབ་ཡུམ་ཁྲོ་བོ་བཅུ། །ཏ་ཀྲྀཏ་སྒོ་བའི་ཚོགས་བཅས་གཤེགས་སུ་གསོལ། །ཡེ་ཤེས་ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས། །དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་དབྱིངས་ནས་བཞེངས། །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་མ་མོའི་ཚོགས། །སྒོ་བཞི་སྲུང་མའི་ཚོགས་བཅས་གཤེགས་སུ་གསོལ། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་དབྱིངས་ནས་བཞེངས། །གཤེད་ཆེན་རིགས་ལྔ་སྦྱོར་སྒྲོལ་ཡུམ་དང་བཅས། །ཕྱོགས་སྐྱོང་སྒོ་སྐྱོང་འཁོར་བཅས་གཤེགས་སུ་གསོལ། །དབང་གི་རྒྱལ་པོ་ཁྲོ་རྒྱལ་རྟ་མཆོག་དཔལ། །གསུང་མཆོག་ལྷ་ཚོགས་ཆོས་ཀྱི་དབྱིངས་ནས་བཞེངས། །ཁམས་གསུམ་དབང་སྡུད་ཡབ་ཡུམ་སྲས་འཁོར་བཅས། །ཕྲ་མེན་སྤྲུལ་པ་སྒོ་མ་གཤེགས་སུ་གསོལ། །མི་དམིགས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲིད་པའི་ཕུར་པ་བསྒྲུབ་ཕྱིར་དབྱིངས་ནས་བཞེངས། །དཔལ་ཆེན་ཁྲོ་བཅུ་ཡབ་ཡུམ་སྲས་མཆོག་རྫོགས། །དཔལ་འབྱུང་ཕྲ་ཐབས་ཕྲ་མེན་གཤེགས་སུ་གསོལ། །ཁམས་གསུམ་ཐམས་ཅད་ཡུམ་གྱི་བྷ་གའི་རྒྱན། །སྣང་སྲིད་འབྱུང་ལྔའི་བདག་མོ་སྐུ་བསྐྱོད་ཅིག །བླ་མེད་ཡབ་ཡུམ་དབྱིངས་ཀྱི་ཡུམ་ཆེན་དང་། །ཚོགས་བདག་སྨན་མོ་འཁོར་བཅས་གཤེགས་སུ་གསོལ། །ཆོས་སྐུ་ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས། །བདེ་གཤེགས་རིག་པ་འཛིན་པ་དབྱིངས་ནས་བཞེངས། །བྱང་ཆུབ་སེམས་མཆོག་གྲུབ་པའི་རིག་པ་འཛིན། །རིགས་བཞི་ཁྲོ་རྒྱལ་རིག་འཛིན་གཤེགས་སུ་གསོལ། །འཇིག་རྟེན་དྲེགས་པ་འདུལ་མཛད་ཁྲོ་བོ་ཆེ། །ཁམས་གསུམ་སྤྱི་འདུལ་ཡབ་ཡུམ་དབྱིངས་ནས་བཞེངས། །བདུད་དང་གཤིན་རྗེ་ལྷ་


DNG014_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གནོད་སྦྱིན་གཙོ། །སྡེ་དཔོན་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ། །མཐུ་སྟོབས་རྩལ་འཆང་དཔལ་ཆེན་འབྱུང་བདག་ཡུམ། །སྔགས་བདག་དྲེགས་པ་འདུལ་བྱེད་དབྱིངས་ནས་བཞེངས། །འཇིག་རྟེན་དྲག་སྔགས་སྤྱོད་པའི་ཚུལ་འཆང་བའི། །སྔགས་བདག་དྲེགས་པ་འཁོར་བཅས་གཤེགས་སུ་གསོལ། །བསྟན་པ་རྒྱ་མཚོ་སོ་སོའི་དཀྱིལ་འཁོར་ནས། །དམ་ཚིག་པ་ལས་བཞེངས་པའི་རྫུ་འཕྲུལ་ཅན། །དཔལ་གྱི་བཀའ་སྡོད་རིགས་ཀྱི་མཐུ་སྟོན་པའི། །ཕྲིན་ལས་བསྒྲུབ་པའི་སྲུང་མ་གཤེགས་སུ་གསོལ། །ཨོཾ་ཨ་ཐཱ་ག་ཏ་བྷི་རུ་དྷི་བ་ག་ཎ་ཨེ་ཨཱ་ར་ལི་ཧྲཱིཾ་ཧྲཱིཾ། དེ་ཡིས་ཡེ་ཤེས་ལྷ་རྣམས་ནི། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ། །འོད་དང་རྣམ་འཕྲུལ་བྱིན་རླབས་བཅས། །སྤྲིན་ཚོགས་འབར་ཞིང་བཀོད་པ་ལས། །དམ་ཚིག་ཏུ་ནི་དབབ་པའི་ཕྱིར། །གཉིས་མེད་པ་ལ་ཐིམ་པར་བྱ། །ཧཱུཾ་སངས་རྒྱས་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ །དཔལ་འབར་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ། །སྲས་འཁོར་སྤྲུལ་པ་ལས་ཀྱི་ཕོ་ཉར་བཅས། །བྱོལ་སོང་གཙོ་བོ་ལྷ་ཀླུ་བསྣོལ་བ་དང་། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ། །དམ་ཚིག་གཉིས་མེད་ངང་དུ་བཞུགས་སུ་གསོལ། །དབུས་མཐའ་མེད་པའི་ཆོས་དབྱིངས་ཕོ་བྲང་དུ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྲས་འཁོར་བཅས། །གཙོ་མཆོག་རྒྱལ་པོའི་ཕྱག་གི་དཀྱིལ་འཁོར་ལ། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །ཕྱོགས་བཞི་མཚམས་བརྒྱད་འཁོར་ལོའི་ལྟེ་བ་ལ། །ཧེ་རུ་ཀ་དཔལ་རིགས་ཀྱི་གཙོ་ཆེན་བརྒྱད། །དཔལ་ཆེན་དབྱིངས་ཀྱི་ཡུམ་དང་མཉེས་མཛད་རྣམས། །རུ་དྲ་ཆུ་གླང་ཀླུ་དང་ལྷ་ཡི་གཙོ། །མཁའ་གསང་མ་ཏྲང་ཏི་ར་དར་འཕན་དང་། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །གཙོ་ཆེན་སོ་སོའི་རིགས་ཀྱི་སྲས་མཆོག་དང་། །གཉིས་མེད་ཡུམ་ཆེན་ངང་དུ་སྦྱོར་མཛད་ཅིང་། །ཕྱོགས་རྣམས་འཁོར་ལོའི་རྩིབས་ཀྱི་ཕོ་བྲང་ལ། །རིགས་མཆོག་མཛེས་པའི་གདན་ལ་བཞུགས་སུ་གསོལ། །གནས་བརྒྱད་དཀྱིལ་འཁོར་ཕྱོགས་བཞིའི་བར་ཁྱམས་ལ། །མ་མོ་བཅུ་དྲུག་ཕྱོགས་སྐྱོང་བཅུ་གཉིས་ཡུམ། །ཁྲོ་བརྒྱད་ཁྲོ་བཅུ་ཡབ་


DNG014_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཕྲ་ཐབས་བཅས། །ཚོགས་ཀྱི་མ་མོ་ཕྱོགས་བཞི་དྲེགས་པ་ཅན། །རིགས་འཛིན་འཁོར་བཅས་སྔགས་བདག་ཡབ་ཡུམ་རྣམས། །ཏི་ར་མཆོག་ཕྲན་གདན་ལ་བཞུགས་སུ་གསོལ། །ཕྱི་ནང་དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ལ། །གདོང་མོ་གཤིན་རྗེ་ཕོ་ཉ་ཕྲ་མེན་མ། །སྲིང་བཞི་དྲེག་པ་ལས་ཀྱི་བཀའ་ཉན་བཞི། །ཕན་མཛད་སློབ་དཔོན་བཞི་རྣམས་སོ་སོ་ཡི། །ཕྱོགས་བཞིར་མཉམ་པའི་གདན་ལ་བཞུགས་སུ་གསོལ། །དབུས་དང་ཕྱོགས་མཚམས་ཕོ་བྲང་མུ་རན་ལ། །ཅེ་སྤྱང་མ་བརྒྱད་དབང་མོ་ཉི་ཤུ་བརྒྱད། །གིང་ཆེན་བཅོ་བརྒྱད་ཁྱི་སྤྱང་ཕོ་ཉའི་ཚོགས། །ཕུར་སྲུང་མོ་གིང་སྨན་མོ་ལྔ་བཅུ་བརྒྱད། །ལྷ་སྲིན་སྡེ་དང་མཁའ་འགྲོ་གིང་དང་བཅས། །རང་གི་གདན་བཅས་གནས་སུ་བཞུགས་སུ་གསོལ། །ཕྱི་རིམ་བར་ཁྱམས་ཕྱོགས་བཞིའི་གདན་སྟེང་དུ། །ལྷ་ཆེན་ཡུམ་དང་མཁའ་འགྲོ་གིང་གི་ཚོགས། །མ་བདུན་རྡོ་རྗེའི་ཕོ་ཉ་སྲིང་མོ་བཞི། །ས་བདག་མོ་དང་བཀའ་ཡི་བསྟན་སྲུང་རྣམས། །ཏི་ར་བམ་ཆེན་རང་གནས་གདན་ཁྲི་ལ། །ཕོ་ཉ་བཀའ་སྡོད་ཚུལ་དུ་བཞུགས་སུ་གསོལ། །ཨོཾ་ཨ་ཐཱ་ག་ཏ་བྷི་རུ་དེ་བ་ག་ཎ་སརྦ་མ་ཧཱ་ས་མ་ཡ་ཏིཥྛ། བཛྲ་མ་ར་ན་ཧཱུཾ། གཉིས་སུ་མེད་པར་མཐོང་གྱུར་ནས། །དེ་དག་སྐུ་གསུང་ཐུགས་མཉེས་ཕྱིར། །མཆོད་པ་ཆེན་པོ་བཅུ་གཉིས་ཏེ། །དམ་ཚིག་ལས་ཀྱི་ལྷ་ཡིས་སོ། །དེ་ནས་ལྷ་ཕྱག་བཙལ་བ་ནི། །ཧོ་བཅོམ་ལྡན་ཀུན་བཟང་རིགས་ལྔ་འདུས་པའི་གཙོ། །ཀུན་ཏུ་བཟང་མོ་རྒྱལ་བ་ཀུན་གྱི་ཡུམ། །སྲས་འཁོར་སྤྲུལ་པ་ཁྲོ་བོའི་ཚོགས་དང་བཅས། །ཞི་མཆོག་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གསང་ཆེན་མཉེས་མཛད་དབྱིངས་ཕྱུག་ཁྲོ་མོའི་རྒྱལ། །སྲས་མཆོག་ཡབ་ཡུམ་ཁྲོ་མོ་སྒོ་སྲུང་བཅས། །ཆེ་བའི་ཡོན་ཏན་རྒྱས་ལ་ཕྱག་འཚལ་ལོ། །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་ཁྲོ་བོ་ཆེ། །གནས་ཡུལ་རྣམ་དག་མ་མོ་ཕྲ་མེན་བཅས། །ཕྲིན་ལས་རྣམ་བཞི་བདུད་འདུལ་ཁྲོ་བོ་བཞི། །ཐུགས་མཆོག་འགྱུར་མེད་ལྷ་ལ་ཕྱག་འཚལ་ལོ། །གཤིན་རྗེ་འདུལ་མཛད་སྐུ་ལྔ་སྦྱོར་སྒྲོལ་ཡུམ། །ཕྱོགས་སྐྱོང་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཞི། །ཚེ་དང་


DNG014_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་དབང་མཛད་གཤིན་རྗེའི་ཚོགས། །སྐུ་ཡི་ཁྱད་པར་བསྟན་ལ་ཕྱག་འཚལ་ལོ། །དབང་གི་རྒྱལ་པོ་ཁྲོ་མོ་ཡུམ་དང་བཅས། །སྲས་མཆོག་སྤྲུལ་པ་ལྕམ་དྲལ་དྲེགས་པའི་ཚོགས། །མ་ལུས་ཟིལ་གནོན་ཁྲོ་རྒྱལ་གཉིས་མེད་ཡུམ། །ལས་ཀྱི་ཕོ་ཉ་སྤྲུལ་པའི་སྒོ་མ་བཞི། །གསུང་རྫོགས་དབང་གི་ལྷ་ལ་ཕྱག་འཚལ་ལོ། །ལས་ཀྱི་རྒྱལ་པོ་རིགས་ལྔ་གཙོ་མོ་ཡུམ། །ཁྲོ་བོ་ཁྲོ་མོ་ཕྲ་མེན་ལྕམ་དྲལ་ཚོགས། །སྲས་མཆོག་སྤྲུལ་པ་སྒོ་བཞིའི་ཁྲོ་མོ་དང་། །ཕྲིན་ལས་བསྒྲུབ་པའི་ཚོགས་ལ་ཕྱག་འཚལ་ལོ། །བླ་མེད་ཁྲག་འཐུང་ཉིད་བཞི་ཡུམ་ཆེན་མོ། །དབྱིངས་དང་ཡེ་ཤེས་ལས་ཀྱི་སྨན་མོར་བཅས། །སོ་སོའི་འདུལ་བྱེད་རིགས་ཀྱི་སྐུར་བསྟན་པ། །རྦོད་གཏོང་ལས་ཀྱི་བདག་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྐྱེ་མེད་དགོངས་པ་ལྷུན་གྲུབ་ཅིང་། །མཁྱེན་རིག་ཡེ་ཤེས་ཐུགས་རྗེས་མཁའ་ལྟར་ཁྱབ། །འགྲོ་བའི་དོན་རྫོགས་གཉིས་མེད་རིག་པ་འཛིན། །རྒྱུད་ཀུན་བདག་པོ་མཆོག་ལ་ཕྱག་འཚལ་ལོ། །དྲེགས་པའི་ཚོགས་འདུལ་ཁྲོ་རྒྱལ་ཡབ་ཡུམ་གཙོ། །ཕྲིན་ལས་དབང་གིས་སངས་རྒྱས་བསྟན་པ་བསྲུང་། །འཇིག་རྟེན་ཕྲིན་ལས་སྒྲུབ་པའི་དྲེགས་པ་ཅན། །མཆོད་བསྟོད་ཕྲིན་ལས་སྒྲུབ་ལ་ཕྱག་འཚལ་ལོ། །སྟོབས་ལྡན་འཇིགས་བྱེད་གཉིས་མེད་ལྷ་པོ་ཡུམ། །དྲག་སྔགས་སྤྲུལ་པ་སྡེ་དཔོན་ལས་ཀྱི་ལྷ། །ཕྲིན་ལས་བཀའ་སྡོད་ཕྱག་བརྙན་གསང་བའི་བདག །གཙོ་འཁོར་དམོད་པས་བསྡིགས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱི་སྤྱན་ལམ་དུ། །རབ་སྤྲུལ་གཟུགས་བསྟན་གསུང་གི་གཉེར་བླངས་ཤིང་། །དམ་ཚིག་དབང་གིས་ཐུགས་ཀྱི་དགོངས་པ་བསྒྲུབ། །བཀའ་ཡི་བསྟན་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཨ་ཐ་ག་ཏ་བྷི་རུ་དེ་བ་ག་ཎ་ན་མོ་བནྡ་ནཾ་ཀ་རོ་མི། དེ་ཡིས་རབ་ཏུ་མཉེས་བྱས་ནས། །མཐུན་པའི་ཕྱག་རྒྱས་མཆོད་པ་ནི། །མ་བཅོས་རྫོགས་པའི་ཆེ་མཆོག་ཧེ་རུ་ཀ །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ནི། །རྒྱལ་བ་ཡབ་རྣམས་ཕྱག་གཡས་ཐབས་ཀྱི་ངང་། །ཀུན་བཟང་མཐིང་ག་རྡོ་རྗེ་དྲིལ་བུ་བསྣམས། །སྣང་མཛད་


DNG014_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཆོས་ཀྱི་འཁོར་ལོ་བསྐོར། །མི་བསྐྱོད་མཐིང་ག་ས་གནོན་རྡོ་རྗེ་འཛིན། །རིན་འབྱུང་གསེར་མདོག་ནོར་བུ་མཆོད་སྦྱིན་མཛད། །མཐའ་ཡས་མདོག་དམར་ཏིང་འཛིན་པདྨའི་རྒྱ། །དོན་གྲུབ་ལྗང་གུ་རྒྱ་གྲམ་སྐྱབས་སྦྱིན་ཕྱག །ས་སྙིང་དཀར་པོ་རིན་ཆེན་མྱུ་གུ་བསྣམས། །ནམ་མཁའི་སྙིང་པོ་མཐིང་ག་རལ་གྲི་བསྣམས། །སྤྱན་རས་གཟིགས་དབང་དཀར་པོ་པདྨ་བསྣམས། །ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་དྲིལ། །བྱམས་པ་དམར་སྐྱ་གར་གྱི་གུན་དྷི་བསྣམས། །ཀུན་བཟང་དཀར་པོ་རིན་ཆེན་མྱུ་གུ་བསྣམས། །སྒྲིབ་པ་རྣམ་སེལ་སྔོན་པོ་པོ་ཏི་འཛིན། །འཇམ་དཔལ་དཀར་ལྗང་མེ་ཏོག་ཨུཏྤལ་འཛིན། །གཤིན་རྗེ་གཤེད་པོ་མདོག་དཀར་ཐོད་དབྱུག་བསྣམས། །སྟོབས་ཆེན་སྔོན་པོ་རྡོ་རྗེ་རྩེ་གསུམ་བསྣམས། །རྟ་མགྲིན་དམར་པོ་ཐོད་སྦྲུལ་པདྨ་བསྣམས། །བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་བསྣམས། །ལྷ་ཡི་ཐུབ་པ་མདོག་དཀར་པི་ཝང་བསྣམས། །ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་བསྣམས། །མི་ཡི་ཐུབ་པ་གསེར་མདོག་གསེག་ཤང་བསྣམས། །སངས་རྒྱས་ཡུམ་རྣམས་ཕྱག་གཡོན་ཤེས་རབ་དང་། །བྱ་བའི་ཆོས་ནི་མཐིང་ཀ་མཉམ་གཞག་འཕྲོ། །ཀུན་ཏུ་བཟང་མོ་མདོག་དཀར་དྲིལ་བུ་འཁྲོལ། །སངས་རྒྱས་སྤྱན་མ་མཐིང་ནག་ཐོར་ཚུགས་བསྣམས། །གོས་དཀར་མ་ནི་མདོག་སེར་རིན་ཆེན་བསྣམས། །མཱ་མ་ཀཱི་ནི་དམར་གསལ་པདྨ་འཕྱར། །དམ་ཚིག་སྒྲོལ་མ་ལྗང་གུ་རྒྱ་གྲམ་བསྣམས། །ལཱ་སྱེ་དཀར་མོ་མེ་ལོང་སྒེག་པར་འཛིན། །མཱ་ལེ་སྔོན་མོ་རིན་ཆེན་ཕྲེང་བ་འཛིན། །གཱིར་ཏི་དམར་མོ་པི་ཝང་རྒྱུད་འདྲེན་མཛད། །ནིརྟི་ལྗང་གུ་གར་གྱི་ཅོད་པན་ཕྲེང་། །བདུག་པའི་སྤྲིན་འཕྲོ་དམར་སེར་སྤོས་ཁང་འཛིན། །དག་པའི་མདངས་ལྡན་སྔོན་མོ་པདྨ་འཕྲོ། །གསལ་བའི་འོད་ལྡན་དམར་མོ་མར་མེ་འཛིན། །དག་བྱེད་ལྗང་གུ་དུང་ཕོར་དྲི་ཆབ་འཐོར། །རོ་ལངས་དཀར་མོ་འགུགས་པའི་ལྕགས་ཀྱུ་བསྣམས། །མི་ཕམ་སྔོན་མོ་རྡོ་རྗེ་ཞགས་པ་བསྣམས། །རལ་གཅིག་དམར་མོ་རྡོ་རྗེ་ལྕགས་སྒྲོག་བསྣམས། །ཁྲོ་གཉེར་མ་ནི་ལྗང་གུ་དྲིལ་བུ་བསྣམས། །བྱོལ་སོང་ཐུབ་པ་སེར་པོ་པོ་ཏི་བསྣམས། །ཡི་དྭགས་ཐུབ་པ་དམར་པོ་རིན་ཆེན་སྒྲོམ། །དམྱལ་བའི་ཐུབ་པ་མཐིང་ག་མེ་ཆུ་


DNG014_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །ཡབ་ཡུམ་གཉིས་མེད་ཐབས་དང་ཤེས་རབ་སྦྱོར། །ཞི་དུལ་ཕྱག་རྒྱའི་མཆོད་པར་བཞེས་སུ་གསོལ། །གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ། །དབུ་དགུ་ཕྱག་ནི་བཅོ་བརྒྱད་སྟོང་པའི་དབྱིངས། །གཡས་གཡོན་དང་པོ་རྡོ་རྗེ་དྲིལ་བུ་བསྣམས། །གཡས་ཀྱི་འོག་མ་དབྱིངས་ཀྱི་མ་མོ་བརྒྱད། །གཡོན་གྱི་འོག་མ་ཡུལ་གྱི་ཕྲ་མེན་བརྒྱད། །རང་རིགས་རྟགས་ཀྱི་ཕྱག་རྒྱ་མཆོད་པར་བཞེས། །བཅོམ་ལྡན་ཆེ་མཆོག་རཀྴ་ཧེ་རུ་ཀ །སྨུག་ནག་དབུ་གསུམ་ཕྱག་དྲུག་དཀར་དམར་ཞལ། །གཡས་གཡོན་དང་པོ་འཁོར་ལོ་བྷན་དམར་བསྣམས། །བར་མ་གཉིས་ནི་ཏི་ར་རྒྱུ་ཞགས་འདྲེན། །ཐ་མ་གཉིས་ནི་ཁྱུང་ཆེན་བ་སུ་འདྲེན། །རཀྴ་ཀྲོ་དྷཱི་སྨུག་ནག་ཞལ་གཅིག་མ། །ཕྱག་གཉིས་ཡབ་འཁྱུད་འཁོར་ལོ་དུང་ཁྲག་སྟོབ། །ཆེ་མཆོག་གུ་ཧྱ་ཧེ་རུ་ཀ་དཔལ་རྗེ། །དབུ་གསུམ་སེར་ནག་མཐིང་དང་དམར་བའི་ཞལ། །ཕྱག་གཡས་རིན་ཆེན་རི་རབ་དགྲ་སྟྭ་འཕྱར། །གཡོན་པས་ཐོད་ཁྲག་སྟོང་གསུམ་རྒྱུ་ཞགས་སྡོམ། །གུ་ཧྱ་ཀྲོ་དྷཱི་རིན་ཆེན་དུང་དམར་སྟོབ། །བི་ཤྭ་ཧེ་རུ་དམར་ནག་དབུ་གསུམ་ནི། །དབུས་མ་དམར་ནག་གཡས་མཐིང་གཡོན་དམར་ཞལ། །ཕྱག་དྲུག་དང་པོ་པདྨ་བྷནྡ་འཕྱར། །བར་མ་གཉིས་ན་སྟོང་གི་འཇིག་རྟེན་བསྣམས། །ཐ་མ་གཉིས་ནི་དགྲ་སྟྭ་ཐོང་གཤོལ་འཛིན། །མ་ནུ་ཀྲོ་དྷཱི་པདྨ་དུང་ཁྲག་སྟོབ། །བཅོམ་ལྡན་དཔལ་ཆེན་ཡཀྵ་ཧེ་རུ་ཀ །དབུ་གསུམ་ལྗང་ནག་དཀར་དང་དམར་བའི་ཞལ། །ཕྱག་དྲུག་དང་པོ་རྒྱ་གྲམ་བྷནྡ་དཀྲུགས། །བར་མ་གཉིས་ན་རལ་གྲི་ཞགས་པ་བསྣམས། །ཐ་མ་གཉིས་ན་རྒྱུ་ཕྲེང་ཏི་ར་བསྣམས། །ཡཀྴ་ཀྲོ་དྷཱི་རྒྱ་གྲམ་ཐོད་ཁྲག་སྟོབ། །དྲི་ཟ་འདུལ་བྱེད་ཏྲི་ཤུལ་འཁོར་ལོ་དཀར། །མེ་ལྷ་འདུལ་བྱེད་མེ་དབལ་དབྱུག་ཐོ་དམར། །གཤིན་རྗེ་འདུལ་བྱེད་དགྲ་སྟྭ་ཐོད་དབྱུག་མཐིང་། །སྲིན་པོ་འདུལ་བྱེད་སྨུག་ནག་རལ་གྲི་ཞགས། །ཀླུ་རྣམས་འདུལ་བྱེད་པདྨ་སྤུ་གྲི་དམར། །རླུང་ལྷ་འདུལ་བྱེད་རྔ་ཡབ་བྷནྡྷ་བསྣམས། །གནོད་སྦྱིན་འདུལ་བྱེད་རྒྱ་གྲམ་དྲིལ་བུ་ལྗང་། །བགེགས་ཀུན་འདུལ་བྱེད་དགྲ་སྟྭ་རྩེ་གསུམ་མཐིང་། །ལྷ་རྣམས་


DNG014_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བྱེད་སྔོ་སྐྱ་མདའ་གཞུ་འགེངས། །ས་བདག་འདུལ་བྱེད་དུད་ཁ་ཐོད་པ་ཞགས། །ཡ་མཱནྟ་ཀྲྀཏ་དཀར་པོ་ལྕགས་ཀྱུ་བསྣམས། །པྲཛྙཱནྟ་ཀྲྀཏ་སེར་པོ་ཞགས་པ་བསྣམས། །པདྨཱནྟ་ཀྲྀཏ་དམར་པོ་ལྕགས་སྒྲོག་བསྣམས། །བིགྷྣཱཾ་ཏ་ཀྲྀཏ་ལྗང་གུ་རལ་གྲི་བསྣམས། །དུས་གསུམ་སངས་རྒྱས་ཡོན་ཏན་འདུས་པའི་ཚོགས། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །ཤར་གྱི་ཕྱོགས་ནས་དཀྱིལ་འཁོར་གཙོ་བོའི་བདག །བཅོམ་ལྡན་ཁྲག་འཐུང་བཛྲ་ཧེ་རུ་ཀ །དབུ་གསུམ་མཐིང་ནག་དཀར་དང་དམར་བའི་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །ཏི་རའི་དབྱུག་པ་དུང་དམར་རྒྱུ་ཞགས་གཡོན། །ཀྲོ་དྷཱི་ཤྭ་རཱི་ཁ་ཊྭཱཾ་ཐོད་ཁྲག་སྟོབ། །བཅོམ་ལྡན་དཔལ་ཆེན་བུཌྜྷ་ཧེ་རུ་ཀ །དབུ་གསུམ་སྨུག་ནག་མཐིང་དང་དམར་བའི་ཞལ། །ཕྱག་དྲུག་རྡོ་རྗེ་ཁྱུང་ཆེན་ཏི་ར་གཡས། །རྒྱུ་ཞགས་བྷན་དམར་ཏི་ར་བ་སུ་གཡོན། །བུཌྜྷ་ཀྲོ་དྷཱི་ཐོད་ཁྲག་ཁ་ཊྭཱཾ་འཛིན། །བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ཀ །དབུ་གསུམ་སེར་ནག་མཐིང་ག་དམར་བའི་ཞལ། །ཕྱག་དྲུག་རིན་ཆེན་བྱིས་དབྱུག་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་རྒྱུ་ཞགས་གཡོན། །རཏྣ་ཀྲོ་དྷཱི་རིན་ཆེན་དུང་དམར་སྟོབ། །བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀ །དབུ་གསུམ་དམར་ནག་མཐིང་ག་དཀར་བའི་ཞལ། །ཕྱག་དྲུག་པདྨ་བེ་ཅོན་དགྲ་སྟྭ་གཡས། །རི་རབ་བྷན་དམར་ཐོང་གཤོལ་གཡོན་ན་བསྣམས། །པདྨ་ཀྲོ་དྷཱི་པདྨ་ཐོད་ཁྲག་སྟོབ། །བཅོམ་ལྡན་ཁྲག་འཐུང་ཀརྨ་ཧེ་རུ་ཀ །དབུ་གསུམ་ལྗང་ནག་དཀར་དང་དམར་བའི་ཞལ། །ཕྱག་དྲུག་རྒྱ་གྲམ་རལ་གྲི་དགྲ་སྟྭ་གཡས། །སྟོང་གསུམ་འཇིག་རྟེན་བར་མ་ཐོང་གཤོལ་གཡོན། །ཀརྨ་ཀྲོ་དྷཱི་རྒྱ་གྲམ་ཐོད་ཁྲག་སྟོབ། །གཽ་རཱི་མཐིང་ག་བྷན་དམར་བྱིས་རྒྱུ་འདྲེན། །ཙཽ་རཱི་སེར་མོ་ཐབས་ཀྱི་མདའ་གཞུ་འགེངས། །པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་འཕྱར། །བེ་ཏཱ་ནག་མོ་རོ་ཟ་རྡོ་རྗེ་འཕྱར། །པུཀྐ་དམར་སེང་བུས་པའི་བ་སུ་འདྲེན། །བྷསྨ་ལྗང་གུ་དུང་ཁྲག་དཀྲུག་ཅིང་འཐུང་། །སྨ་ཤ་མཐིང་ནག་བུས་པའི་སྙིང་འབྱིན་ཟ། །ཙཎྜ་སེར་སྐྱ་ཏི་ར་མགོ་ལུས་འབྲལ། །སིངྷ་སེར་མོ་ཞིང་ཟ་སེང་གེའི་མགོ། །བྱ་གྷྲི་དམར་མོ་སྟག་


DNG014_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལག་གཉིས་བསྣོལ། །སྲི་ལ་ནག་མོ་བྱིས་ལྡག་ཝ་ཡི་མགོ། །ཤྭ་ན་མཐིང་ག་ཤ་འདྲད་སྤྱང་ཀིའི་མགོ། །གྲྀ་དྷ་དམར་མོ་དུང་གྲི་བྱ་རྒོད་མགོ། །ཀང་ཀ་དམར་སྨུག་ཞིང་ཁུར་དུར་བྱའི་མགོ། །ཀཱ་ཀ་ནག་མོ་བྷན་གྲི་བྱ་རོག་མགོ། །ཨུ་ལུ་མཐིང་ནག་ལྕགས་ཀྱུ་འུག་པའི་མགོ། །རྟ་གདོང་དཀར་མོ་འགུགས་བྱེད་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་འཆིང་བྱེད་མཆེ་ཞགས་སྡོམ། །སྤྲེལ་གདོང་དམར་མོ་སྡོམ་བྱེད་ལྕགས་སྒྲོག་འཆིང་། །སྤྱང་གདོང་ལྗང་གུ་མཉེས་བྱེད་དྲིལ་བུ་འཁྲོལ། །ཐམས་ཅད་ཐུགས་འདུས་བདེ་ཆེན་ལྷ་ཡི་ཚོགས། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །ལྷོ་ཕྱོགས་དཀྱིལ་འཁོར་ལྷ་རྣམས་འདུས་པའི་གཙོ། །བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་ནག་ཞལ། །ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སྟྭ་གཡས། །གཡོན་པ་སྡིགས་མཛུབ་མདུང་ཐུང་བྷན་དམར་འཛིན། །བེ་ཏཱ་ནག་མོ་དགྲ་སྟྭ་དུང་དམར་སྟོབ། །རལ་གཅིག་སྔོ་ནག་ཏྲི་ཤུལ་གཡང་གཞི་འཕྱར། །སྲས་མཆོག་ཡ་མ་རཱ་ཛ་གཤིན་རྗེའི་གཤེད། །དབུ་གསུམ་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་འཁོར་ལོ་རལ་གྲི་ལྕགས་ཀྱུ་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱུ་མའི་ཞགས་པ་གཡོན། །གཡུ་ཡི་རལ་གཅིག་ནག་མོ་དུང་དམར་སྟོབ། །ལྷ་མོ་དཔལ་འབར་རལ་གྲི་ནེའུ་ལེ་འཛིན། །སྲས་མཆོག་མྱོས་བྱེད་འབར་བ་གཤིན་རྗེའི་གཤེད། །དབུ་གསུམ་གཡས་སྔོ་གཡོན་དམར་དབུས་སེར་ནག །ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སྟྭ་གཡས། །གཡོན་པ་བྷན་དམར་འཁོར་ལོ་ལྕགས་ཀྱུ་བསྣམས། །གཏུམ་མོ་དུག་ཧྲུལ་སེར་ནག་བྷན་དམར་སྟོབ། །ཁྲག་གི་བདག་མོ་སྤུ་གྲི་ཙིཏྟ་འཛིན། །སྲས་མཆོག་གཤིན་རྗེ་གཤེད་པོ་མེ་རུ་ཙེ། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་དྲུག་བེ་ཅོན་དབྱུག་ཏོ་ཁ་ཊྭཱཾ་གཡས། །བྷན་དམར་འཁོར་ལོ་རྒྱུ་མའི་ཞགས་པ་གཡོན། །ལྷ་མོ་འོད་ཟེར་དམར་མོ་དུང་དམར་སྟོབ། །གླིང་བཞི་གཙུག་འབྱམས་སྙིང་དང་བྷནྡ་


DNG014_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབ། །སྲས་མཆོག་རལ་པ་ཚར་དགུ་གཤིན་རྗེའི་གཤེད། །ལྗང་ནག་གཡས་དཀར་གཡོན་སྔོ་དབུས་ལྗང་ཞལ། །ཕྱག་དྲུག་བེ་ཅོན་གཏུན་ཤིང་དགྲ་སྟྭ་གཡས། །བྷན་དམར་རྒྱུ་ཞགས་འཁོར་ལོ་གཡོན་ན་བསྣམས། །བདུད་འདུལ་ནག་མོ་ཁྲམ་ཤིང་བྷནྡ་གཡོན། །སྲིན་མོ་མགོ་འཕྱང་དུང་ཁྲག་དགྲ་སྟྭ་འཕྱར། །ནག་འཇོམས་མཐིང་ནག་རྡོ་རྗེ་དགྲ་སྟྭ་བསྣམས། །ནག་མོ་རལ་གཅིག་ཡབ་འཁྱུད་དུང་དམར་སྟོབ། །ཕྱ་སངས་དཀར་པོ་བུམ་པ་རྡོ་རྗེ་གཤོལ། །ཤེལ་གྱི་གདོང་དགུ་ཡབ་འཁྱུད་ཟངས་གྲི་ཐོགས། །བྲག་འཇོམས་དཀར་སེར་བྲག་དང་འཁོར་ལོ་འཛིན། །ཤེལ་མིག་ཁྲོ་མོ་ལྕགས་ཀྱུ་དུང་དམར་སྟོབ། །གླང་མགོ་སྨུག་ནག་ཁ་ཊྭཱཾ་ལྕགས་ཀྱུ་བསྣམས། །དཀར་སྐྱ་མཆེ་གཙིགས་སྐར་མདའ་དུང་དམར་སྟོབ། །ཡབ་ཏི་སྔོ་ནག་རལ་གྲི་ལྕགས་ཀྱུ་འཛིན། །དྲེད་ཀྱི་ཨབ་ཤམ་ཁྲམ་ཤིང་བྷནྡྷ་ཐོགས། །མིག་དམར་སྨུག་ནག་རལ་གྲི་དབྱུག་པ་གཡས། །ཁྲག་གི་རལ་གཅིག་གཡས་གཡོན་དུང་དམར་སྟོབ། །སྨིག་པ་དུད་ཁ་ལྕགས་སྒྲོག་ཕྲེང་བ་བསྣམས། །ཀླུ་མོ་པུས་འགྲོ་གཙོ་ལ་དུང་དམར་སྟོབ། །ཏེལ་པ་སྔོ་ནག་སྤུ་གྲི་རཀྟ་འཛིན། །སྤྱན་གསུམ་མཆེ་གཙིགས་བྷནྡྷ་རཀྟ་སྟོབ། །བདུད་འཇོམས་སྨུག་ནག་ཐོ་བ་བྷན་དམར་བསྣམས། །སྨུག་ནག་རལ་གཅིག་ཡབ་ལ་དུང་ཁྲག་སྟོབ། །ཆོས་རྒྱལ་དཀར་སེར་རྡོ་རྗེ་ཁྲམ་ནག་འཛིན། །རྡོ་རྗེ་རལ་གཅིག་ཞགས་པ་དུང་དམར་སྟོབ། །འབར་བ་དམར་པོ་རྩིས་བྱང་གཏུན་ཤིང་འཛིན། །དམར་མོ་མགོ་དགུ་ཏྲི་ཤུལ་བྷན་དམར་སྟོབ། །ཐོད་དབྱུག་མཐིང་ནག་ཞིང་དབྱུག་ཤོ་རྡེའུ་བསྣམས། །ནག་མོ་ཕག་མགོ་ཞགས་པ་ཐོད་ཁྲག་སྟོབ། །དུང་གི་རྒོད་མགོ་རྡོ་རྗེ་ལྕགས་ཀྱུ་བསྣམས། །ནག་མོ་སྟག་མགོ་རིན་ཆེན་ཞགས་པ་འཛིན། །ཀང་ཀ་དམར་མོ་པདྨ་ལྕགས་སྒྲོག་འཛིན། །ལྗང་ནག་སྤྱང་མགོ་རྒྱ་གྲམ་དྲིལ་བུ་འཛིན། །བདེ་བར་གཤེགས་པ་སྐུ་མཆོག་འདུས་པའི་གཙོ། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །ནུབ་ཕྱོགས་དཀྱིལ་འཁོར་ལྷ་རྣམས་འདུས་པའི་གཙོ། །བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོའི་སྐུ། །དམར་ནག་དབུ་གསུམ་ཕྱག་


DNG014_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཞབས་བཞི་བགྲད། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས། །ཨེ་ཀ་ཛ་ཊཱི་ཁ་ཊྭཱཾ་དུང་ཁྲག་སྟོབ། །སྤྲུལ་པ་ཕྲ་མེན་ལས་ཀྱི་རྒྱལ་པོ་གཉིས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག་འབར། །ཕྱག་གཉིས་སོ་སོར་རྡོ་རྗེ་ཐོད་ཁྲག་དང་། །རྡོ་རྗེ་རི་རབ་ཕུར་པ་འཛིན་ཞིང་འདྲིལ། །དཔལ་ཆེན་སྤྲུལ་པའི་ཟིལ་གནོན་ཁྲོ་བོ་བརྒྱད། །དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དབུ་གཙུག་རྟ་མགོ་རྟ་སྐད་ཐེངས་གསུམ་འབྱིན། །ཞི་བའི་ལྷ་རྣམས་ཟིལ་གནོན་རྟ་མགྲིན་ནི། །ཕྱག་དྲུག་འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །པདྨ་རལ་གྲི་དྲིལ་བུ་གཡོན་ན་བསྣམས། །བརྐྱང་བསྐུམ་ཞབས་ཀྱིས་ཞི་བ་རིགས་ལྔ་གནོན། །མི་ཕམ་ཁྲོ་མོ་སྐུ་ལ་དགྱེས་པར་འཁྲིལ། །ལས་ཀྱི་ཁྲོ་བོ་ཟིལ་གནོན་ཁྲོ་བཅུ་གནོན། །ཕྱག་དྲུག་པདྨ་དབྱུག་ཐོ་སྤུ་གྲི་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱ་གྲམ་གཡོན་ན་བསྣམས། །ཁྲོ་གཉེར་དམར་མོ་སྐུ་ལ་དགྱེས་པར་འཁྲིལ། །མ་མོ་ཟིལ་གནོན་དབྱིངས་ཀྱི་ཡུམ་དྲུག་གནོན། །ཕྱག་དྲུག་སྡིགས་མཛུབ་ལྕགས་ཀྱུ་འཕྲུལ་ཞགས་གཡས། །ལྕགས་སྒྲོག་རྔ་ཆུང་ཁ་ཊྭཱཾ་གཡོན་ན་བསྣམས། །རོ་ལངས་དམར་མོ་སྐུ་ལ་དགྱེས་པར་འཁྲིལ། །ཁྱུང་རྣམས་ཟིལ་གནོན་རིགས་ལྔ་ཁྱུང་ཆེན་བསྣམས། །ཕྱག་དྲུག་རྡོ་རྗེ་ས་དང་མེ་ཁྱུང་གཡས། །ནམ་མཁའ་ཆུ་རླུང་བྱ་ཁྱུང་གཡོན་ན་བསྣམས། །སྤྱན་གཅིག་དམར་མོ་སྐུ་ལ་དགྱེས་པར་འཁྲིལ། །ཕོ་རྒྱུད་ཟིལ་གནོན་དྲེགས་པའི་ལྷ་བརྒྱད་གནོན། །ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་རྒྱུ་ཞགས་གཡས། །དུང་ཁྲག་ཐོད་རློན་ཞིང་དབྱུག་གཡོན་ན་བསྣམས། །རྡོ་རྗེ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ། །མོ་རྒྱུད་ཟིལ་གནོན་མ་བདུན་སྲིང་བཞི་གནོན། །ཕྱག་དྲུག་རྡོ་རྗེ་རལ་གྲི་མདའ་ནི་གཡས། །ཞགས་པ་སྡིགས་མཛུབ་གཞུ་ནི་གཡོན་ན་བསྣམས། །གཤིན་རྗེ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ། །ཀླུ་རྣམས་ཟིལ་གནོན་གདུག་པའི་སྦྲུལ་བརྒྱད་གནོན། །ཕྱག་དྲུག་སྦྲུལ་དཀར་སེར་དམར་གཡས་ན་བསྣམས། །སྦྲུལ་ཁྲ་སྦྲུལ་ལྗང་ནག་པོ་


DNG014_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ན་བསྣམས། །ཀླུ་མོ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ། །གཟའ་རྣམས་ཟིལ་གནོན་ཉི་ཟླ་གཟའ་བརྒྱད་གནོན། །ཕྱག་དྲུག་རྡོ་རྗེ་ཞགས་པ་རལ་གྲི་གཡས། །དུང་ཁྲག་སེང་ལྡེང་དབྱུག་པ་ཁྱུང་ནག་གཡོན། །གནོད་སྦྱིན་ལས་བྱེད་དམར་མོ་སྐུ་ལ་འཁྲིལ། །ཡུམ་ཆེན་རྣམས་ནི་ཁ་ཊྭཱཾ་ཐོད་ཁྲག་སྟོབ། །སྒོ་བཞིའི་ཕོ་ཉ་དཀར་སེར་དམར་ལྗང་མདོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །དུས་གསུམ་བདེ་གཤེགས་གསུང་གི་དབང་ཕྱུག་ཚོགས། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །བྱང་ཕྱོགས་དཀྱིལ་འཁོར་ལྷ་རྣམས་འདུས་པའི་གཙོ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་སྐུ་མདོག་མཐིང་། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་རྡོ་རྗེ་རྩེ་དགུ་རྩེ་ལྔ་བསྣམས། །གཡོན་པ་ཁ་ཊྭཱཾ་མེ་དཔུང་འབར་བ་བསྣམས། །ཐ་མ་གཉིས་ནི་རི་རབ་ཕུར་པ་འདྲིལ། །འཁོར་ལོ་རྒྱས་འདེབས་ཁ་ཊྭཱཾ་ཐོད་ཁྲག་སྟོབ། །སངས་རྒྱས་སྲས་མཆོག་བུདྡྷཱ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དཀར་ཞལ། །ཕྱག་དྲུག་དང་པོ་རྡོ་རྗེ་དགྲ་སྟྭ་བསྣམས། །བར་མ་གཉིས་ནི་རལ་གྲི་ཞགས་པ་འཛིན། །སྲས་མཆོག་རིན་ཆེན་རཏྣ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་སེར་ཞལ། །ཕྱག་དྲུག་དང་པོ་བེ་ཅོན་དགྲ་སྟྭ་བསྣམས། །བར་མ་གཉིས་ནི་རིན་ཆེན་རལ་གྲི་བསྣམས། །དབང་གི་སྲས་མཆོག་པདྨ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་སེར་དབུས་དམར་ཞལ། །གཡས་གཡོན་དང་པོ་རལ་གྲི་མདུང་ཐུང་བསྣམས། །བར་མ་གཉིས་ནི་མདའ་གཞུ་འགེངས་ཤིང་འཕེན། །ཕྲིན་ལས་སྲས་མཆོག་ཀརྨ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །གཡས་གཡོན་དང་པོ་མདུང་དང་གྲི་གུག་བསྣམས། །བར་མ་གཉིས་ན་ལྕགས་ཀྱུ་རལ་གྲི་འཛིན། །ཀུན་ཀྱང་ཐ་མ་རི་རབ་ཕུར་པ་འདྲིལ། །སྐུ་སྨད་གསེར་དངུལ་ཟངས་ལྕགས་ཕུར་པ་ནི། །གྲུ་གསུམ་འབར་བ་ཨེ་ཡི་གདན་ལ་བཞུགས། །ཧཱུཾ་ཆེན་སྔོ་སྐྱ་སེར་དང་དམར་བའི་ཞལ། །


DNG014_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དང་པོ་རྡོ་རྗེ་དུང་ཁྲག་དཀྲུགས། །བར་མ་གཉིས་ནི་མདའ་གཞུ་འགེངས་ཤིང་འཕེན། །རྡོ་རྗེ་སྒྲ་འབྱིན་བེ་ཅོན་ཐོད་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་ཕག་དང་སྨྲིག་བུའི་མགོ། །རྣམ་རྒྱལ་དཀར་པོ་སྔོ་དང་ལྗང་སེར་ཞལ། །བར་མ་ཕྱག་གཉིས་འཁོར་ལོ་ཏྲི་ཤུལ་བསྣམས། །རྡོ་རྗེ་སྙེམས་མ་རལ་གྲི་བྷན་དམར་སྟོབ། །ཡབ་ཡུམ་སྤྲུལ་པ་སྟག་དང་བྱ་རྒོད་མགོ། །དབྱུག་པ་སྔོན་པོ་དཀར་དང་དམར་བའི་ཞལ། །བར་མའི་ཕྱག་གཉིས་མེ་དབལ་དབྱུག་པ་བསྣམས། །རྡོ་རྗེ་སྡེར་མོ་ལྕགས་ཀྱུ་བྷན་དམར་སྟོབ། །ཡབ་ཡུམ་སྤྲུལ་པ་གཡག་དང་བྱ་རོག་མགོ། །གཤིན་རྗེ་གཤེད་པོ་སྔོ་སྐྱ་ལྗང་སྔོན་ཞལ། །གཡས་གཡོན་བར་མ་ཐོད་དབྱུག་དགྲ་སྟྭ་བསྣམས། །དུར་ཁྲོད་བདག་མོ་ཐོད་དབྱུག་དུང་དམར་སྟོབ། །ཡབ་ཡུམ་སྤྲུལ་པ་ཤ་བ་འུག་པའི་མགོ། །མི་གཡོ་མགོན་ནི་ལྗང་སྔོན་སྨུག་ནག་ཞལ། །བར་པའི་ཕྱག་གཉིས་རལ་གྲི་ཞགས་པ་བསྣམས། །རྡོ་རྗེ་གཏུན་ཁུང་ཐོ་བ་དུང་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ། །བར་མའི་ཕྱག་གཉིས་སྤུ་གྲི་ཞགས་པ་ཐོགས། །རྡོ་རྗེ་གཏུམ་མོ་སྤུ་གྲི་དུང་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་བྱི་ལ་བུ་ཤུད་མགོ། །འདོད་པའི་རྒྱལ་པོ་དམར་ནག་ལྗང་གུའི་ཞལ། །བར་མའི་ཕྱག་གཉིས་བྷནྡ་རྔ་ཡབ་བསྣམས། །རྡོ་རྗེ་མདའ་སྙེམས་ཐོ་བ་དུང་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །བདུད་རྩི་འཁྱིལ་པ་ལྗང་ནག་དཀར་དམར་ཞལ། །བར་མའི་ཕྱག་གཉིས་རྒྱ་གྲམ་དྲིལ་བུ་བསྣམས། །རྡོ་རྗེ་རླུང་འབྱིན་དགྲ་སྟྭ་དུང་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་སེང་གེ་ཕ་ཝང་མགོ། །ཁམས་གསུམ་རྣམ་རྒྱལ་མཐིང་དཀར་དམར་བའི་ཞལ། །བར་མའི་ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་བསྣམས། །རྡོ་རྗེ་སྐུལ་བྱེད་གྲི་གུག་དུང་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་དམ་དང་སྲེ་མོའི་མགོ། །སྟོབས་ཆེན་དུད་ཁ་མཐིང་ནག་ལྗང་གུའི་ཞལ། །བར་མ་གཉིས་ན་ཐོ་བ་ཞགས་པ་བསྣམས། །རྡོ་རྗེ་སྐྱོད་བྱེད་རྩེ་གསུམ་ཐོད་ཁྲག་སྟོབ། །ཡབ་ཡུམ་སྤྲུལ་པ་དྲེད་དང་བྱི་བའི་མགོ། །ཁྲོ་བཅུ་རྣམས་ཀྱི་ཕྱག་


DNG014_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་པོ་ཡིས། །གཡས་པ་རྡོ་རྗེ་གཡོན་པ་དུང་ཁྲག་དཀྲུགས། །ཐ་མའི་ཕྱག་གཉིས་རི་རབ་ཕུར་པ་འདྲིལ། །ཐུགས་ཀྱི་སྲས་མཆོག་ཕྲ་མེན་ཁྲ་ཐབས་ཚོགས། །ཞལ་གཅིག་ཕྱག་གཉིས་རང་གི་མཚན་མ་དང་། །རྡོ་རྗེ་རི་རབ་ཕུར་པ་འདྲིལ་ཞིང་འདེབས། །སྒོ་བཞི་བསྲུང་མཛད་ཕྲ་མེན་སྒོ་མ་བཞི། །པུ་ཤུད་མགོ་ཅན་དཀར་མོ་ལྕགས་ཀྱུ་ཐོགས། །སྐྱེ་ཀའི་མགོ་ཅན་སེར་མོ་ཞགས་པ་འཛིན། །སྲིན་བྱའི་མགོ་ཅན་དམར་མོ་ལྕགས་སྒྲོག་འཛིན། །ཁྲ་ཡི་མགོ་ཅན་ལྗང་གུ་དྲིལ་བུ་འཛིན། །དུས་གསུམ་བདེ་གཤེགས་ཕྲིན་ལས་རྫོགས་མཛད་པ། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །ཤར་ལྷོའི་དཀྱིལ་འཁོར་བདེ་བར་གཤེགས་པའི་གཙོ། །བཅོམ་ལྡན་མངོན་རྫོགས་བླ་མེད་ཧེ་རུ་ཀ །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་མཐིང་ཞལ། །ཕྱག་དྲུག་རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས། །བྷནྡྷ་ཞིང་ལྤགས་གའུ་གཡོན་ན་བསྣམས། །ཀུན་ཏུ་བཟང་མོ་ཉིད་བཞི་མཁའ་བཞིའི་ཀློང་། །དབུ་གཅིག་ཞལ་ལྔ་ཕྱག་དྲུག་ཕྱག་མཚན་ནི། །རྡོ་རྗེ་དྲིལ་ཞགས་བདུད་རྩི་གཡས་ན་བསྣམས། །དྲིལ་བུ་བྷནྡྷ་གཡང་གཞི་གཡོན་ན་བསྣམས། །ཤར་ཕྱོགས་མཁའ་འགྲོ་སེང་གདོང་རྣམ་སྣང་གསལ། །ཕྱག་དྲུག་དང་པོ་རྡོ་རྗེ་བྷནྡྷར་ལྡན། །བར་མ་གཉིས་ཀྱིས་དགྲ་སྟྭ་གཏུན་ཤིང་བརྡེག །ཐ་མའི་ཕྱག་གིས་སེང་གེ་མཆོག་ཆེན་བསྙོད། །ལྷོ་ཡི་མཁའ་འགྲོ་འོད་གསལ་བ་ལང་གདོང་། །ཕྱག་དྲུག་དང་པོ་རིན་ཆེན་བྷནྡར་ལྡན། །བར་མ་གཉིས་ན་མེ་དབལ་དབྱུག་ཐོ་བསྣམས། །ཐ་མའི་ཕྱག་གིས་སྟག་མོ་ཞིང་ཕྲན་བསྙོད། །ནུབ་ཕྱོགས་མཁའ་འགྲོ་མཉེན་གསལ་སུད་ཀའི་གདོང་། །ཕྱག་དྲུག་དང་པོ་པདྨ་བྷནྡྷར་ལྡན། །བར་མ་གཉིས་ན་ཞགས་པ་ཏྲི་ཤུལ་བསྣམས། །ཐ་མའི་ཕྱག་གིས་ཅེ་སྤྱང་ཞིང་ཆུང་བསྙོད། །བྱང་ཕྱོགས་མཁའ་འགྲོ་ཁྱུང་གདོང་ཡང་གསལ་གཡོས། །ཕྱག་དྲུག་དང་པོ་རྒྱ་གྲམ་བྷནྡྷ་བསྣམས། །བར་མ་གཉིས་ན་དབྱུག་ཐོ་རྒྱུ་ཕྲེང་འཛིན། །ཐ་མའི་ཕྱག་གིས་སྤྱང་ཀི་ཞིང་ཆུང་བསྙོད། །ནམ་མཁའི་འཁའ་འགྲོ་བཀྲག་གསལ་རྡོ་རྗེའི་མཆུ། །ཕྱག་དྲུག་དང་པོ་འཁོར་


DNG014_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བྷནྡར་ལྡན། །བར་མ་གཉིས་ན་རྒྱལ་མཚན་སྤུ་གྲི་འཛིན། །ཐ་མ་གཉིས་ཀྱི་འུག་པ་ཞིང་ཆུང་བསྙོད། །དབྱིངས་ཀྱི་ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ། །དབུ་གསུམ་ཞབས་བཞི་རང་རིགས་སྐུ་མདོག་གསལ། །སྲིད་པ་བདེ་འགྲོ་དབུ་གསུམ་སྐུ་མདོག་མཐིང་། །ཕྱག་དྲུག་དང་པོ་འཁོར་ལོ་རིན་པོ་ཆེ། །བར་མ་གཡང་གཞི་བྷནྡྷ་དམར་གྱིས་བཀང་། །ཐ་མ་གཉིས་ནི་ཚེ་བུམ་ལྕགས་ཀྱུ་འཛིན། །ཉི་ཟླ་ཐོད་ཕྲེང་མདོག་དཀར་འཇའ་འོད་གསལ། །ཕྱག་གཉིས་ཟངས་ལྕགས་སྙིང་ཕྲེང་ཞགས་པ་འཕེན། །ཉི་མ་ཁྲོས་མ་མདོག་དཀར་སྤུ་གྲི་འཛིན། །ཁྲག་འཐུང་ཁྲོས་མ་སྔོན་མོ་ཐོད་ཁྲག་འཛིན། །བདུད་རྩི་ཁྲོས་མ་དམར་མོ་བུམ་པ་བསྣམས། །བདེ་སྦྱོར་ཁྲོས་མ་ལྗང་ནག་ཏི་ར་འཕྱར། །སྲིད་པའི་རྒྱན་བྱེད་དཀར་མོ་སྐྲ་ཞགས་འཛིན། །སྔོན་མོ་དབྱིངས་ཕྱུག་ཞིང་གི་དབྱུག་པ་ཐོགས། །བདག་ཉིད་དམར་མོ་རྒྱུ་མའི་ཞགས་པ་འཕེན། །གཅིག་སྤྱོད་སེར་མོ་ཞིང་ལྤགས་གཡང་གཞི་བརྡེབས། །དཀར་མོ་མིག་གཅིག་བྷནྡྷ་ཟླུམ་པོ་ཐོགས། །ནག་མོ་མཆེ་གཙིགས་བྷནྡ་སེར་པོ་ཐོགས། །དམར་མོ་དབང་སྡུད་བྷནྡ་ལྕང་ལོ་འཕྱར། །སེར་མོ་ལས་མཁན་ཐོད་པ་རྒྱ་གྲམ་ཐོགས། །སྲིད་པ་ཆགས་བྱེད་མཐིང་ནག་མི་སྙིང་བསྣམས། །སྲིད་པ་ཆ་སྙོམས་དམར་མོ་ཐོད་ཁྲག་འཛིན། །འདོད་ཁམས་གཙོ་མོ་སྔོན་མོ་ཁྲམ་ཤིང་བསྣམས། །རལ་གཅིག་དམར་མོ་ཁ་ཊྭཱཾ་མི་རོ་འཛིན། །གླིང་བཞི་སྤྱི་ཕུད་དཀར་གསལ་ལྕགས་ཀྱུ་ཐོགས། །རིན་ཆེན་སྲིད་འདེགས་སྔོན་མོ་གའུ་འཛིན། །པདྨ་གར་དབང་ལེ་བརྒན་ཐོད་ཁྲག་ཐོགས། །རྡོ་རྗེ་གར་དབང་སེར་མོ་བྷནྡ་འཛིན། །ཧར་ཏིང་དཀར་མོ་མེ་ཡི་དཀྱིལ་འཁོར་ཐོགས། །དུན་ཏིང་ནག་མོ་ས་ཡི་དཀྱིལ་འཁོར་ཐོགས། །ཤཱནྟིང་དམར་མོ་ཆུ་ཡི་དཀྱིལ་འཁོར་ཐོགས། །གྲུབ་ཏིང་སེར་མོ་རླུང་གི་དཀྱིལ་འཁོར་ཐོགས། །སྲིན་མོ་སྐམ་མོ་དཀར་མོ་ཤེལ་ཕུར་ཐོགས། །སྲིན་མོ་ཕོར་ཐོགས་སྔོན་མོ་ཐོད་ཁྲག་འཛིན། །སྲིན་མོ་གཡང་གཞི་ཐོད་སྦྲམ་བྷནྡ་འཛིན། །སྲིན་མོ་ཟ་བ་དམར་མོ་ཞིང་ལྤགས་བརྡེབས། །སྲིན་མོ་གསོད་བྱེད་སེར་མོ་


DNG014_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ཐོགས། །སྲིན་མོ་དམར་སེར་ཐོད་ཁྲག་ཞགས་པ་འཛིན། །སྲིན་མོ་སྣོམ་བྱེད་སྔོན་མོ་ལྕང་ལོ་འཕྱར། །དཀར་མོ་མཆེ་གཙིགས་ཐོད་པ་དཀར་པོ་ཐོགས། །ནག་མོ་ཁ་འབྱམས་བྷནྡ་སྔོན་མོ་ཐོགས། །དམར་མོ་མཆུ་འཇིབས་བྷནྡ་དམར་པོ་ཐོགས། །སེར་མོ་ལས་མཁན་བྷནྡ་སེར་པོ་འཛིན། །ལྷ་ཡི་སྲིང་མོ་དཀར་མོ་རྡོ་རྗེ་བསྣམས། །གཤིན་རྗེའི་སྲིང་མོ་སྔོན་མོ་ཐོད་དབྱུག་ཐོགས། །ཀླུ་ཡི་སྲིང་མོ་དམར་མོ་སྦྲུལ་ཞགས་ཐོགས། །གནོད་སྦྱིན་སྲིང་མོ་སེར་ནག་ནེའུ་ལེ་འཛིན། །བདེ་བར་གཤེགས་པ་རྦོད་གཏོང་འདུས་པའི་བདག །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །ནུབ་བྱང་དཀྱིལ་འཁོར་འཇིག་རྟེན་དྲེགས་པའི་གཙོ། །བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །དབུ་གསུམ་ཕྱག་དྲུག་ཁམ་ནག་སྨུག་མཐིང་ཞལ། །དང་པོའི་ཕྱག་གཉིས་རྡོ་རྗེ་དུང་ཁྲག་དཀྲུགས། །གཡས་གཡོན་ཕྱག་བཞིས་ལྷ་བརྒྱད་ཀླུ་བརྒྱད་མགོ། །ཁམས་གསུམ་སྤྱི་འདུལ་ཕྱག་གཡས་རྡོ་རྗེ་འཁྱུད། །ཕྱག་གཡོན་དུང་ཁྲག་གཙོ་བོའི་ཞལ་དུ་སྟོབ། །ལྷ་ཆེན་མཐིང་ནག་གྲི་གུག་ཙིཏྟ་གཡོན། །བཙུན་མོ་ཨུ་མ་རྩེ་གསུམ་ཐོད་ཁྲག་བསྣམས། །སེང་གེ་གླང་ཆེན་གཤིབས་པའི་ཁྲི་ལ་བཞུགས། །ཡ་མ་རཱ་ཛ་མདོག་ནག་བེ་ཅོན་གཡས། །གཡོན་ན་ཐོད་དབྱུག་མ་ཧེ་ཆུ་གླང་བཅིབས། །སྒྲོལ་བྱེད་ནག་མོ་སྲིད་པའི་འཁོར་ལོ་བསྐོར། །བདུད་པོ་སྐོས་རྗེ་མཐིང་ནག་ཁྲམ་ཤིང་གཡས། །གཡོན་ན་དགྲ་སྟྭ་བདུད་རྟ་ནག་པོ་བཅིབས། །ནག་མོ་རེ་ཏཱི་ཁྲམ་ཤིང་ནད་རྐྱལ་བསྣམས། །དྲེལ་རྟ་དམར་མོ་རྐང་གསུམ་ཆིབས་སུ་བཅིབས། །ནག་པོ་གློག་ཕྲེང་གློག་གི་ཕྲེང་བ་འཛིན། །སྦལ་མགོ་ཁྲག་མིག་ཁྲག་ཕོར་ཞལ་དུ་འཛིན། །ཡབ་ཡུམ་གཉིས་མེད་འབྲུག་དང་རྔ་མོ་བཅིབས། །ཡཀྴ་མེ་དབལ་མཐིང་ནག་རིན་ཆེན་བསྣམས། །གཡོན་ན་མཚོན་ཐོགས་སྟག་སེང་རྔམ་པ་བཅིབས། །མོན་མོ་ནག་མོ་ཕྱག་གཡས་སྤུ་གྲི་བསྣམས། །གཡོན་ན་སྤྱང་ཀི་ལྕགས་ཀྱི་ཕག་མོ་བཅིབས། །སྲིད་པའི་རྒྱལ་མོ་མདོག་དཀར་འཁོར་ལོ་གཡས། །གཡོན་ན་མེ་ལོང་འབྲུག་མོ་སྒྲ་ཆེན་བཅིབས། །ཨེ་ཀ་ཙ་ཏཱི་སྨུག་མཐིང་ཙིཏྟ་གཡས། །གཡོན་


DNG014_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཡུ་སྤྱང་དྲེའུ་རྟ་ནག་པོ་བཅིབས། །ནག་མོ་མགྱོགས་བྱེད་གཡས་ན་མཚོན་དྲུབ་བསྣམས། །གཡོན་ན་ནད་རྐྱལ་སོ་བྱ་ནག་པོ་བཅིབས། །རྡོ་རྗེ་བདུད་འདུལ་མཐིང་ནག་ཁྲག་ཐུན་གཡས། །གཡོན་ན་མདུང་ཐུང་དྲེའུ་རྟ་ནག་པོ་བཅིབས། །སྲོག་ཟན་དམར་པོ་བསེ་མདུང་དམར་པོ་གཡས། །གཡོན་ན་མདའ་གཞུ་ཆིབས་སུ་རྟ་དམར་བཅིབས། །སྐྱེས་བུ་དམར་འབར་ཤང་ལང་གཡས་ན་བསྣམས། །གཡོན་ན་ཟངས་ཞགས་ཆིབས་སུ་རྟ་དམར་བཅིབས། །བགེགས་ཀྱི་རྒྱལ་པོ་མཐིང་ནག་ཁ་ཊྭཱཾ་གཡས། །གཡོན་ན་ཐོད་ཁྲག་ཆིབས་སུ་རྟ་ནག་བཅིབས། །ཀཱ་ལ་ནག་པོ་ཕྱག་གཡས་རྩེ་གསུམ་བསྣམས། །གཡོན་ན་ཐོད་ཁྲག་ཆིབས་སུ་རྩལ་ཆེན་བཅིབས། །དམུ་བདུད་ནག་པོ་གཡས་ན་ཤང་ལང་བསྣམས། །གཡོན་ན་མདའ་གཞུ་དམུ་རྟ་མཆོང་རྒོད་བཅིབས། །གང་བ་བཟང་པོ་དཀར་པོ་བ་དན་གཡས། །གཡོན་ན་ཤེལ་གྱི་གནམ་རུ་དཀར་པོ་བཅིབས། །སྤྱི་བདུད་རྒྱལ་པོ་མདོག་དཀར་རུ་མཚོན་གཡས། །གཡོན་ན་རལ་གྲི་རྡོ་རྟ་གྲོ་བོ་བཅིབས། །གནམ་ཐིལ་དཀར་པོ་གཡས་ན་དར་དཀར་བསྣམས། །གཡོན་ན་རལ་གྲི་ཆིབས་སུ་རྟ་དཀར་བཅིབས། །ཚངས་པ་དཀར་པོ་གཡས་ན་ཉི་ཟེར་བསྣམས། །གཡོན་པ་སྤུ་གྲི་སེང་གེ་དཀར་མོ་བཅིབས། །རྡོ་རྗེ་ཆུང་རྒྱལ་དཀར་པོ་བདུད་ཞགས་གཡས། །གཡོན་ན་སྤུ་གྲི་བ་གླང་སྣ་རིང་བཅིབས། །སྐྱེས་བུ་སྐུ་ལྷ་མདོག་དཀར་རྡོ་རྗེ་གཡས། །གཡོན་ན་རུ་མཚོན་ཙ་ར་ཁམ་པ་བཅིབས། །ལེགས་ལྡན་ནག་པོ་གྲི་གུག་གཡས་ན་བསྣམས། །གཡོན་ན་བེང་ཆེན་བདུད་རྟ་ནག་པོ་བཅིབས། །གཟའ་བདུད་རྒྱལ་པོ་མདོག་ནག་སྐུ་སྨད་སྦྲུལ། །ཕྱག་གཡས་མདའ་གཞུ་གཡོན་ན་སྦྲུལ་ཞགས་བསྣམས། །ཐོག་གི་བུ་ཡུག་དམར་སྐྱ་ཐོག་སེར་འཕེན། །ཡབ་ཡུམ་གཉིས་མེད་འབྲུག་ཆེན་ཡིད་མགྱོགས་བཅིབས། །ཀླུ་བདུད་ནག་པོ་སྦྲུལ་ཞགས་ནད་རྐྱལ་བསྣམས། །སྐུ་སྨད་སྦྲུལ་གྱི་ཆུ་སྲིན་སྔོན་པོ་བཅིབས། །ཡཀྴ་ནག་མོ་ནད་རྐྱལ་དུག་ཐུན་བསྣམས། །སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་ནག་པོ་མནན། །འཇིག་རྟེན་ལས་བྱེད་དྲེགས་པ་ཅན་གྱི་


DNG014_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །བྱང་ཤར་དཀྱིལ་འཁོར་དྲག་སྔགས་ལྷ་ཡི་ཚོགས། །བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །དབུ་གསུམ་ཕྱག་དྲུག་མཐིང་ནག་དྲག་པོའི་ཞལ། །ཕྱག་དྲུག་དང་པོ་རྡོ་རྗེ་དུང་ཁྲག་དཀྲུགས། །འོག་མའི་ཕྱག་བཞིས་ལྷ་ཀླུ་ཙིཏྟ་བསྣམས། །འབྱུང་ལྔའི་བདག་མོ་ཞལ་གཅིག་སྐུ་མདོག་མཐིང་། །གཡས་གཡོན་ཕྱག་གིས་མཁའ་འདེགས་ས་གཞི་གནོན། །འཆི་བདག་མཐིང་ནག་ཐོད་པ་གྲི་གུག་བསྣམས། །བཙུན་མོ་ནག་མོ་གཙོ་ཆེན་ཡབ་ཀྱི་ཚུལ། །བདུད་མོ་ནག་མོ་ཁ་རླངས་ཏྲི་ཤུལ་གཡས། །ནག་མོ་ཁྲག་འཛག་ཁྲམ་བམ་ཐོད་རློན་བསྣམས། །གསོད་བྱེད་ནག་པོ་རལ་གྲི་ཐོད་ཁྲག་གཡོན། །སྲིང་མོ་ནག་མོ་གྲི་གུག་མི་མགོ་བསྣམས། །གནོད་སྦྱིན་སྔོ་ནག་རལ་གྲི་རུ་མཚོན་བསྣམས། །རལ་གཅིག་སྔོན་མོ་ཞིང་ལྤགས་དར་ནག་བསྣམས། །ལྷ་ཆེན་དཀར་པོ་བྷནྡྷ་ཤེལ་གྲི་བསྣམས། །ཐར་པ་ནག་པོ་མཆོད་གཏོར་ཐུན་གཏོར་བསྣམས། །རྗེ་བཙན་ནག་པོ་དར་ནག་ཞགས་པ་བསྣམས། །ཡཀྴ་ནག་པོ་ཁ་ཊྭཱཾ་གྲི་གུག་བསྣམས། །ཧར་མཛེས་དཀར་པོ་ཤེལ་གྲི་དར་དཀར་བསྣམས། །ཡམ་ཤུད་དམར་པོ་མདུང་དམར་རལ་གྲི་བསྣམས། །རྡོ་རྗེ་མཛེས་པ་དམར་པོ་རུ་མཚོན་འཕྱར། །ཕོ་ཉ་ལག་དགུ་མདོག་སེར་སྤྲུལ་པ་འགྱེད། །ཁྱབ་འཇུག་ནག་པོ་ཁྲམ་ཤིང་དགྲ་སྟྭ་བསྣམས། །གཞོན་ནུ་གཏུམ་པོ་བུམ་པ་རུས་སྦལ་འཛིན། །སྔགས་ཀྱི་བདག་པོ་དྲེགས་པ་བཅོ་བརྒྱད་རྣམས། །ཀུན་ཀྱང་ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དགྲ་དང་བགེགས་ཀྱི་སྙིང་ལ་གཟེར། །དམོད་པའི་མཚོན་འཆང་ལྷ་ཡི་ཚོགས་ཆེན་རྣམས། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །ལྷོ་ནུབ་དཀྱིལ་འཁོར་རིག་པ་འཛིན་པའི་ཚོགས། །གྲུབ་པ་ཆེན་པོ་བརྒྱད་ལ་དབང་བསྒྱུར་ཞིང་། །མཐུན་འཇུག་ཐེག་པ་རབ་སྟོན་བྱང་ཆུབ་སེམས། །ཕྱག་རྒྱ་ཆེ་དང་ལྷུན་གྱིས་གྲུབ་པ་དང་། །རྣམ་པར་སྨིན་དང་ཚེ་ལ་དབང་བ་དང་། །མན་ངག་ལུང་སྟོན་ཤེས་རབ་རྒྱུད་སྤེལ་ཞིང་། །དམ་ཚིག་དབང་བསྐུར་ཉམས་པ་བསྐང་


DNG014_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི། །རྒྱལ་ཚབ་རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས། །རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །འདི་དག་རང་གི་ཕྱག་རྒྱ་སྟེ། །དང་པོ་མཆོད་པ་ཆེན་པོ་ཡིས། །གཉིས་པ་རབ་ཏུ་བསྟོད་པ་སྟེ། །ཡོན་ཏན་རྟགས་བཅས་ཚིག་གིས་མཉེས། །གསུམ་པ་འདོད་པའི་ཡོན་ཏན་ཚོགས། །གཟུགས་སྒྲ་དྲི་རོ་རེག་ཆོས་སོ། །བཞི་པ་ཉོན་མོངས་ལྔ་ཉིད་དེ། །ལྔ་པ་སྒྲོལ་བ་སྐྱེ་འཆི་མེད། །དྲུག་པ་འབྲལ་མེད་སྦྱོར་བ་སྟེ། །བདུན་པ་དུག་གསུམ་ཕུང་པོས་མཆོད། །བརྒྱད་པ་དུག་ལྔ་སྨན་ཡིན་ཏེ། །དགུ་པ་རྨད་བྱུང་མཆོད་པ་ཆེ། །བཅུ་པ་དམ་ཚིག་བདུད་རྩིའོ། །བཅུ་གཅིག་པ་ནི་ཞལ་ཟས་ཚོགས། །བཅུ་གཉིས་གཙང་སྦྱོར་ལྷག་མ་སྟེ། །འདི་དག་གིས་ནི་ང་དང་བཅས། །དུས་གསུམ་རྒྱལ་བ་ཀུན་མཉེས་འགྱུར། །དེ་ཡིས་བསྒྲུབ་པར་བྱ་བ་དག །ཀུན་གྱི་མཐར་ཕྱིན་ཡོན་ཏན་ཚོགས། །མ་ལུས་སྐྱེད་བྱེད་འདི་ཡིན་ནོ། །ཀྱེ་མ་དཔལ་ལྡན་ཧེ་རུ་ཀ །དཔལ་ཆེན་ང་ཡི་དགོངས་ཆེན་པོ། །རིགས་བརྒྱད་དགུ་ཡིས་རབ་མཛེས་པའི། །རྟེན་འགྱུར་གཅིག་གིས་སྒྲུབ་པ་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྦོད་གཏོང་བསྒྲུབ་མཆོད་དང་། །དམོད་པ་དྲག་ཤུལ་བསྟན་བྱ་རྣམས། །ཞི་རྒྱུད་རིག་པ་འཛིན་དང་བཅས། །ཞི་དང་ཁྲོ་དང་ཐུན་མོང་བཅས། །ཕོ་ཉ་ལས་ཀྱི་བྱེད་པ་དག །ང་ཡིས་བཤད་པ་གང་ཡིན་པ། །མ་འོངས་དུས་ན་བརྩེ་ལྡན་པའི། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །ཕྱི་དང་ནང་དང་སྦས་དང་གསང་། །ཐུན་མོང་ཁྱད་པར་བྱེ་བྲག་རྣམས། །གང་གིས་བསྔགས་པ་རྣམས་ལ་སྟོན། །ཞེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ལྷ་ངེས་པར་དབྱུང་ཞིང་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཧེ་རུ་ཀ་རིགས་ལྔ་ལ་སོགས་པའི་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཁྱོད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་ཁྱད་པར་དང་། རྦོད་གཏོང་དང་། ཕོ་ཉ་དང་དམོད་པ་ལ་སོགས་པ་ཁྲོ་


DNG014_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁྲོ་མོ་དྲག་ཤུལ་སྤྱོད་པའི་ལས། ངེས་པར་བཟུང་བ་འདི་དག་བསྟན་པ་དང་བཤད་པ་དང་བརྗོད་པའི་ཡུལ་ནི་གང་། དུས་ནི་ཇི་ཙམ་ཞིག་ན་ལགས། ཚུལ་ནི་ཇི་ལྟ་བུ། ཡོན་ཏན་ནི་ཅི་ཞིག་ཡོད་པ་ལགས། བདག་ཅག་གི་ཐེ་ཚོམ་གཅད་དུ་གསོལ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ཧེ་རུ་ཀ་ཡི་ཚོགས། །འཁོར་དང་བཅས་པ་ཀུན་ཉོན་ཅིག །ཕྱི་མའི་དུས་ན་ང་ཡི་སྐུ། །སྤྲུལ་པ་ཐུན་མོང་སྣང་བ་འདི། །ཆོས་སྐུ་མཉམ་པ་ཉིད་གྱུར་ཚེ། །ཐོས་པ་དང་ནི་རིག་པ་འཛིན། །སྐྱེས་བུ་རྣམས་ཀྱི་ཡིད་ལ་གནས། །རིན་ཆེན་དགུ་ཡི་སྤྲུལ་པའི་གཟུགས། །འཇམ་དབྱངས་ལྷ་དང་བཅས་པ་ཡིས། །ལེགས་བཀོད་ནམ་མཁའི་ཆོ་འཕྲུལ་སྟོན། །ཀུན་ཏུ་བཟང་པོས་ཉེར་སྣང་ཞིང་། །འཇིག་རྟེན་དྲེགས་པའི་ཚོགས་བཅས་ཀྱིས། །དཔལ་ལྡན་མཁའ་འགྲོའི་གནས་དག་ཏུ། །གསང་བའི་རྒྱ་ཡིས་བཏབ་བྱས་པ། །ལོ་ནི་བརྒྱ་དང་ཉི་ཤུ་ནས། །ཀུན་བཟང་དགོངས་པ་སྐོང་བྱེད་པ། །རིག་པ་འཛིན་པ་རྣམས་ལ་སྣང་། །ཡན་ལག་ཕྱོགས་བཅུར་རྒྱས་པར་བྱེད། །རྡོ་རྗེ་གསང་བའི་མྱུ་གུ་ཡིས། །ཁྱད་པར་བསམ་གྱིས་མི་ཁྱབ་པ། །གདུལ་བར་བྱ་བ་རྣམས་ལ་སྟོན། །མཐའ་འཁོབ་ཤམྦྷ་ལི་ཞེས་པར། །དེ་ཡི་གཙོར་གྱུར་འཇིག་རྟེན་མགོན། །ཤྭ་ར་བྷ་གི་ལྷ་ཡི་བུ། །རྣམ་སྤྲུལ་བཀོད་པ་མཆོད་དག་གིས། །བྱང་ཆུབ་སེམས་དཔའ་རིག་པ་འཛིན། །དབང་བསྒྱུར་ཡོངས་རྫོགས་དེར་འབྱུང་གིས། །ཁྱོད་རྣམས་བཤུམ་པར་མ་བྱེད་ཅིག །ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཧེ་རུ་ཀ་ཡུམ་དང་གཉིས་སུ་མེད་པ་སྐུའི་ཞིང་བཀོད་པ་དང་བཅས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། །འཁོར་འཇིག་རྟེན་གྱི་དྲེགས་པ་ཅན་རྣམས་ཀྱང་བཅོམ་ལྡན་འདས་ཉིད་ཀྱི་གསུང་རྗེས་སུ་བསྒྲུབ་ཅིང་ཐུགས་ཞི་བ་ཆོས་ཀྱི་སྐུར་མཐོང་བར་གྱུར་ནས། བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་དོ། །བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལས། ཕྱི་མ་ངེས་པར་འབྱུང་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། ཁྲོ་བོ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཡིད་བཞིན་གྱི་ཡོན་ཏན་ཆེན་པོ་
ངེས་པར་བསྟན་པའི་སྐབས་ཏེ་གཉིས་པ་རྫོགས་སོ།། །། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པའི་ལྡེ་མིག་ལྟ་བུར་བཤད་པ་རྫོགས་སོ།། །།ཞི་བ་ལ་ལེའུ་བཅུ། ཁྲོ་བོ་ལ་བདུན་ཏེ་བཅུ་བདུན་ཡོད་པ། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ།། །།


previousབདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་རབ་ཏུ་འབྱེད་པ་ལྡེ་མིག་གི་རྒྱུད་ཅེས་བྱ་བ།next