Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་དགུ་པ། ཛ༽


   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ།


 
previousབདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ།no next

བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ།


DNG019_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་རཏྣ་གྷུ་ཧྱ་ཛྙཱ་ན་ཙཀྲ་ཏནྟྲ། བོད་སྐད་དུ། བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཀུན་ཏུ་བཟང་པོ་དེ། དབྱིངས་རྣམ་པར་དག་པའི་བྷ་གར་རྟག་ཏུ་བཞུགས་སོ། །དེའི་གནས་ཀྱང་བྷ་ག་ཡངས་པའི་བཅུད་དང་ལྡན་པའི་བདུད་རྩིའི་བྷ་ག་ཞེས་མཁའ་དབྱིངས་རིན་པོ་ཆེའི་གཞལ་ཡས་ཁང་། རྒྱ་དང་ཚད་ལས་འདས་པ། གྲུ་བཞི་དང་སྒོ་བཞིར་འདུག་པ། རྟ་བབས་དང་ཐེམ་སྐས་དང་ལྡན་པ། དྲ་བ་དང་དྲ་ཕྱེད་ལ་སོགས་པ་ཀ་བ་བརྒྱད་དང་། གདུང་བཅུ་དྲུག་གིས་དྲེས་པ། སྣ་ཚོགས་པའི་གཟུགས་དང་། སྣ་ཚོགས་པའི་དབྱིབས་དང་། སྣ་ཚོགས་པའི་རྒྱན་ལ་སོགས་པས་བརྒྱན་པ་དང་། ཉིད་ལས་མི་གཞན་པའི་འཁོར་སྨན་ལྷའི་རྒྱལ་པོ་དེ་བཞིན་གཤེགས་པ་དཔལ་ཐོགས་པ་མེད་པ་སྨན་གྱི་ལྷ་རྣམས་ཀྱི་རྒྱལ་པོ་དང་། གཞན་ཡང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དང་། གཞན་ཡང་སྟེང་གི་ཕྱོགས་ན་སྨན་གྱི་ལྷ་མོ་གྲགས་མོ་རྒྱལ་དང་། འོག་གི་ཕྱོགས་ན་སྨན་གྱི་ལྷ་མོ་འཕེལ་བྱེད་མ་དང་། ཤར་ཕྱོགས་ན་སྨན་གྱི་ལྷ་མོ་གྲགས་དབྱངས་མ་དང་། ལྷོ་ཕྱོགས་ན་ཤིང་གི་ལྷ་མོ་འོད་འཆང་མ་དང་། ནུབ་ཕྱོགས་ནས་དྲིའི་ལྷ་མོ་ཨེ་བྱིན་སྙིང་པོ་མ་དང་། བྱང་ཕྱོགས་ན་རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་མ་ལ་སོགས་པའི་སྨན་དང་། རྩི་དང་དྲི་དང་ཤིང་དང་ནགས་ཚལ་ལ་སོགས་པའི་ལྷ་རྣམས་དང་། གཞན་ཡང་དེ་རྣམས་ཀྱི་དབང་པོ་དང་། དེ་བཞིན་དུ་ཡེ་ནས་ཡིན་པའི་ལྷ་རྣམས་དེ་བཞིན་གཤེགས་པ་དཔལ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབར་དང་། འོད་ཀུན་ཏུ་སྣང་བ་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་ཡུམ་དང་འཁོར་དང་། གཞན་ཡང་གོའུ་རཱི་ལ་སོགས་པའི་


DNG019_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་། གཞན་ཡང་སེང་གདོང་ལ་སོགས་པའི་འཁོར་དང་། གཞན་ཡང་སྒོ་བཞིའི་གཙོ་མོ་དབང་ཕྱུག་མ་དང་། གཞན་ཡང་ལྷ་དང་དྲང་སྲོང་དང་། ཀླུ་དང་། བྲམ་ཟེ་དང་། མི་དང་། མིའི་དགེ་བསྙེན་དང་། གཞན་ཡང་ཚངས་པ་ཉེ་འཁོར་འདུན་ན་གནས་ལ་སོགས་པའི་འཁོར་མང་པོས་ཡོངས་སུ་བསྐོར་ནས་ཐབས་ཅིག་ཏུ་ཞུགས་སོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ནམ་མཁའི་མཐོང་ནས་འོད་བྱུང་བ། །ཐུགས་རྗེ་སྤྲིན་མཐོང་ཉི་ཤར་འདྲ། །མུན་པར་སྒྲོན་མེ་བཏེགས་པ་བཞིན། །འགྲོ་བ་ཡོངས་ལ་སྣང་བར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བདུད་རྩིའི་གླིང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཔལ་ཀུན་ཏུ་བཟང་པོ་དེ་ཞལ་གསུམ་ཕྱག་དྲུག་པའི་ཚུལ་དང་ལྡན་པར་བཞེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ་བལྟས་སམ་གཟིགས་པས་སེམས་ཅན་ཉོན་མོངས་པའི་ནད་ཀྱིས་གདུངས་པ་ལ་གཟིགས་ཏེ། དེ་ལ་བཅུད་ཀྱི་གླིང་གི་འོད་ཟེར་དང་འོད་དུ་བཅས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་སོ། །འཕྲོས་པས་སེམས་ཅན་ཐམས་ཅད་ལ་བདུད་རྩི་གླིང་གི་འཚོ་བའི་སྨན་དུ་གྱུར་ནས། སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་ཐར་ནས། བདེ་བའི་ས་ལ་གནས་པར་གྱུར་ཏོ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་མོངས་སེམས་ཅན་གསོ་བའི་ཕྱིར། །བཅུད་ཀྱི་གླིང་གི་སྨན་ཉིད་ཀྱིས། །གྲོལ་ལམ་བདེ་བའི་ས་ཐོབ་ནས། །ཡང་དག་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅི་ལྟར་བདུད་རྩིར་


DNG019_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ། །དབྱེ་དང་རབ་ཏུ་དབྱེ་བ་དང་། །དེ་བཞིན་ངེས་པར་དབྱེ་བའོ། །ཞེས་གསུངས་པས། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །མ་མཐོང་བ་དང་རྨོངས་པ་ལ། །དབྱེ་བའི་དོན་ནི་རྣམ་པ་གསུམ། །དེ་བཞིན་ཡན་ལག་རྣམ་དབྱེ་འཚལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡི་དོན་གྱི་དབྱེ་བ་ཡང་། །ཉོན་ཅིག་དེ་བཞིན་རྡོ་རྗེ་ཆོས། །དང་པོ་ལ་ནི་གཉིས་ཡོད་དེ། །དེ་བཞིན་གཉིས་པ་ལྔ་རུ་བཤད། །དེ་བཞིན་གསུམ་པ་དེ་བཞིན་གསུམ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །ཡན་ལག་དོན་ནི་དེ་ལགས་ན། །རྒྱས་པའི་དོན་ནི་གང་གསུངས་པ། །དེ་ཡང་དེ་བཞིན་གཤེགས་པས་གསུང་། །ཞེས་གསོལ་ཏོ། །དེ་ནས་ཡང་བཀའ་སྩལ་པ། དང་པོའི་དོན་ནི་གཉིས་ཡིན་ཏེ། །གཉིས་པའི་དང་པོ་གང་ཡིན་པ། །དེ་བཞིན་འདྲེས་དང་མ་འདྲེས་གཉིས། །དེ་བཞིན་གཉིས་པ་དྲུག་པོ་ནི། །དེ་བཞིན་ཡེ་ཤེས་དྲུག་པའོ། །གཉིས་པ་ལྔ་པའི་དོན་བཤད་ནི། །ལྔ་པའི་གཉིས་པ་གང་ཡིན་ན། །ཆོས་ཉིད་དང་ནི་ཡེ་ཤེས་སོ། །དེ་བཞིན་ལྔ་པའི་གསུམ་པ་ནི། །དང་པོ་དངོས་གཞི་རྣམ་པ་ལྔ། །དེ་བཞིན་རྩི་སྨན་ཐམས་ཅད་དང་། །དེ་ལྟར་མཚོན་པའི་བདུད་རྩིའོ། །དེ་བཞིན་གསུམ་པའི་གསུམ་པ་ཡང་། །མཚོན་པ་དང་ནི་མཚོན་བྱེད་དང་། །དེ་བཞིན་མཚོན་པར་བྱེད་པའོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩིའི་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བདུད་རྩི་ངེས་པའི་ཚིག་བཀའ་སྩལ་ཏོ། །ཅི་ལྟར་བདུད་རྩིར་གྱུར་པ་ལ། །ངེས་དང་རབ་ཏུ་ངེས་པ་དང་། །དེ་བཞིན་ཡང་དག་ངེས་པའོ། །དེ་ལྟར་ངེས་


DNG019_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་བསྟན་པ། །ཀུན་གྱིས་དང་དུ་བླང་བར་བྱའོ། །སྤྲོས་པ་ཡང་དག་མཐའ་ལས་འདས། །བདུད་རྩི་ཞེས་ནི་དེ་ལ་བྱའོ། །རྣམ་ཐར་གསུམ་དང་ལྡན་པ་ཡིས། །ཡང་དག་དོན་ལ་བདུད་རྩི་ཞེས། །དཔའ་བོ་ཆེན་པོས་དེ་སྐད་གསུངས། །འཁོར་བ་བདུད་དང་འདྲ་བ་ལ། །ཆོས་ཉིད་བདེན་པའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཀུན་རྫོབ་སྒྱུ་མའི་དཔེ་བརྒྱད་ལ། །ཡེ་ཤེས་ཆེན་པོའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཕུང་པོ་ལྔ་ནི་བདུད་ཡིན་ཏེ། །རྒྱལ་བ་རིགས་ལྔའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བཞིན་མིག་ལ་སོགས་པ་ཡི། །སྐྱེ་མཆེད་རྣམས་ནི་བདུད་ཡིན་ཏེ། །སེམས་དཔའ་སེམས་མའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །འབྱུང་བ་ལྔ་ནི་བདུད་ཡིན་ཏེ། །དེ་བཞིན་ཡུམ་ལྔའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ། །དེ་བཞིན་དམིགས་པ་བདུད་ཡིན་ཏེ། །དེར་འཛིན་མེད་པའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བཞིན་འཁོར་བའི་བག་ཆགས་ལ། །ཐུགས་རྗེ་ཆེན་པོའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་ཕྱིར་ཨ་ནི་མཉམ་གནས་ཏེ། །མྲྀ་ནི་ཐམས་ཅད་བདུད་ཡིན་པས། །དེ་ཡི་རྩི་ནི་ཏ་ཞེས་བྱ། །དེ་བཞིན་ཨ་ནི་དྲི་ཡིན་ཏེ། །མྲྀ་ནི་ཐམས་ཅད་སྨན་ཡིན་ནོ། །དེ་བཞིན་ཏ་ནི་རྩི་རུ་བཤད། །ཨ་ནི་ཐམས་ཅད་རྒྱུ་ཡིན་ཏེ། །མྲྀ་ནི་ཐམས་ཅད་འབྲས་ཡིན་ཏེ། །དེ་ལ་ཏ་ནི་ཐབས་སུ་གསུངས། །ཨ་ནི་ཆོས་ཉིད་ཡང་དག་སྟེ། །མྲྀ་ནི་ཡེ་ཤེས་ཆེན་པོའོ། །ཏ་ནི་ཡོངས་སུ་དག་པའོ། །དེ་བཞིན་རྒྱུ་འབྲས་ཐམས་ཅད་ལ། །བདུད་རྩི་ཞེས་ནི་ང་ཡིས་སྨྲས། །བདུད་ཀྱི་རྩི་ནི་ཆོས་ཉིད་ཡིན། །དེ་ལ་བདུད་རྩི་ཞེས་བྱའོ། །བདུད་ཀྱི་རྩི་ནི་ཡེ་ཤེས་ཡིན། །དེ་ལ་བདུད་རྩི་ཞེས་བྱའོ། །བདུད་ཀྱི་རྩི་ནི་སྦྱིན་པ་ཡིན། །དེ་ལ་བདུད་རྩི་ཞེས་སུ་གསུངས། །བདུད་ཀྱི་རྩི་ནི་ཤེས་རབ་ཡིན། །བདུད་ཀྱི་རྩི་ནི་བཟོད་པ་ཡིན། །


DNG019_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་རྩི་ནི་བསམ་གཏན་ཡིན། །བདུད་ཀྱི་རྩི་ནི་བརྩོན་འགྲུས་ཡིན། །བདུད་ཀྱི་རྩི་ནི་ཚུལ་ཁྲིམས་ཡིན། །བདུད་ཀྱི་རྩི་ནི་སྟོབས་ཡིན་ཏེ། །བདུད་ཀྱི་རྩི་ནི་ཡེ་ཤེས་ཡིན། །དེ་ལ་བདུད་རྩི་ཞེས་བྱའོ། །བདུད་ཀྱི་རྩི་ནི་དད་པ་ཡིན། །བདུད་ཀྱི་རྩི་ནི་སེམས་བསྐྱེད་ཡིན། །བདུད་ཀྱི་རྩི་ནི་ཚད་མེད་ཡིན། །བདུད་ཀྱི་རྩི་ནི་བསྡུ་བ་ཡིན། །བདུད་ཀྱི་རྩི་ནི་ཕྲིན་ལས་ཡིན། །བདུད་ཀྱི་རྩི་ནི་དགེ་བ་ཡིན། །བདུད་ཀྱི་རྩི་ནི་དཀྱིལ་འཁོར་ཡིན། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཐམས་ཅད་ཐམས་ཅད་བདུད་རྩི་ཞེས། །ང་དང་ང་ཡིས་བསྟན་པ་དང་། །གཞན་དང་གཞན་གྱིས་བསྟན་པ་དང་། །འདས་དང་མ་བྱོན་ཐམས་ཅད་དང་། །དེ་བཞིན་རྒྱལ་སྲས་ཀུན་གྱིས་གསུངས། །ཞེས་བཀའ་སྩལ་ཏོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལས། ངེས་པའི་ཚིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དོན་འདི་ཉིད་ཀྱི་དགོངས་པ་བསྟན་ནམ། གསུངས་སམ། བཀའ་སྩལ་ཏོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ལམ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་མཐུ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཉོན་ཅིག་ཉོན་ཅིག་རྡོ་རྗེ་ཆོས། །མ་མཐོང་ཆོས་ལ་ངོ་མཚར་སྐྱེས། །གཞན་ལས་སྐྱེས་པ་མ་ཡིན་ཏེ། །ས་དང་ལམ་གྱི་རིམ་པ་དང་། །དེ་བཞིན་མཐར་ཕྱིན་འབྲས་བུ་ལ། །ངོ་མཚར་སྐྱེས་པའི་འབྲས་བུ་ནི། །ངེས་དང་དྲང་བའི་སངས་རྒྱས་སོ། །དེ་ལ་རིམ་པ་འདི་ལྟ་སྟེ། །ཐོས་བསམ་ཡོངས་ལ་སེམས་བསྐྱེད་པའི། །སློབ་དཔོན་དག་ལ་ཞུ་ཕུལ་ཏེ། །སྣུམ་ལ་འཇམ་པའི་ས་གཞི་ལ། །ས་ཡི་ཆོ་ག་ལེགས་པར་བྱ། །ས་ཆོག་དགྲ་རྣམས་མེད་པ་རུ། །སྟ་གོན་ལ་སོགས་གཞུང་བཞིན་བྱ། །མང་ཉུང་མེད་པའི་འབྲུ་བསྡམས་ལ། །


DNG019_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྲང་གིས་གཞལ་ལ་གཞག །གནས་ཀྱི་ཐེམ་པའི་ཕྱི་རོལ་དུ། །ས་འམ་ཐལ་བ་འཇམ་པོ་ལ། །རྒྱ་གྲམ་འགྲོས་ཀྱིས་རྒྱ་ཡང་གདབ། །དེ་རུ་སྦྱིན་གཏོར་གཏང་བ་ནི། །ཚོགས་ཀྱི་ལམ་དུ་བསྟན་པ་ཡིན། །སེམས་བསྐྱེད་སེམས་དང་ཚད་མེད་རྣམས། །སྦྱོར་བའི་ལམ་དུ་གཞག་པ་ཡིན། །གཅིག་དང་དུ་མ་མ་ཡིན་པར། །རེ་རེ་དག་ཏུ་སངས་རྒྱས་ས། །དམ་ཚིག་རྩ་བ་འབུམ་པ་སྟེ། །དམ་པ་རིགས་བརྒྱ་ཞེས་བྱ་བ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །མཐོང་བའི་ལམ་དུ་སངས་རྒྱས་སོ། །དེ་ནས་རིགས་སུ་རྣམ་ཕྱེ་བ། །གཞལ་ཡས་ཁང་ནི་རྣམ་པ་ལྔ། །བདུད་རྩི་བསྒྲུབ་པའི་སྣོད་ཡིན་པར། །རྩ་བ་སྐྱོབས་སུ་ཆས་པ་ལ། །རིགས་དང་རིགས་སུ་རྣམ་དབྱེ་བ། །མཚན་མ་མེད་པའི་ཡེ་ཤེས་ཀྱིས། །གཉིས་པ་དག་ནས་རབ་བརྩིས་ནས། །ས་ནི་བརྒྱད་པ་ཞེས་བྱ་སྟེ། །སྙིང་པོ་སྔགས་ཀྱིས་བཏབ་ནས་སུ། །དེ་ཉིད་རིགས་ལྔའི་སངས་རྒྱས་སོ། །དགུ་པ་དག་ནས་བཟུང་ནས་ནི། །སངས་རྒྱས་ས་ལ་སངས་རྒྱས་པ། །སྙིང་པོ་སྔགས་འདི་བཏབ་ནས་ཀྱང་། །སངས་རྒྱས་ས་ཡི་ཡེ་ཤེས་ཀྱིས། །རྡོ་རྗེ་སེམས་དཔའི་རང་བཞིན་གྱི། །གསང་ཆེན་རིགས་གཅིག་ཅེས་བྱ་བ། །རྡོ་རྗེ་སེམས་དཔར་མངོན་སངས་རྒྱས། །བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་ལ། །བདུད་རྩིའི་ཐིག་ལེ་མང་བྱས་ལ། །ཡབ་ཡུམ་གཉིས་སུ་བྱིན་བརླབས་ཏེ། །ཏན་གཎ་ཟབ་མོའི་མཛད་སྤྱོད་བྱ། །རྣལ་འབྱོར་མ་རྣམས་བརྒྱན་བྱས་ལ། །དྲི་དང་སྤོས་དང་རྒྱན་གྱིས་བརྒྱན། །འཁོར་ལོས་སྒྱུར་བའི་འདུག་སྟངས་ཀྱིས། །ཕོ་མོ་གཉིས་ནི་རྐང་བསྣོལ་ཏེ། །ལྕགས་ལས་བྱས་པའི་གཏན་གཏུན་ལ། །སྤོས་དང་ག་བུར་ཆུས་བཀྲུས་ལ། །གཙང་མ་ཉིད་དུ་བྱས་པ་ལ། །པདྨའི་མཁའ་ལ་རྡོ་རྗེ་ཐོ་བས་བརྡུང་། །ལས་དང་ཉོན་མོངས་བག་ཆགས་མཱ་ར་ཡ། །ཤེས་བྱའི་སྒྲིབ་པ་ཐམས་ཅད་གཏན་


DNG019_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབྱུང་། །དེ་ཡིས་མཁྱེན་པའི་ཡེ་ཤེས་མཐོང་བར་ངེས། །སྨན་དང་རྩི་དང་དྲི་རྣམས་དེ་ལྟར་སངས་རྒྱས་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་གཞིའི་སངས་རྒྱས། །དེ་ནས་བཏག་དང་བཙག་པའི་ལས་བྱས་པས། །རྒྱ་མཚོ་ཐིགས་པའི་གྲངས་སུ་བགྲང་བ་དང་། །རི་བོའི་རྡུལ་ལ་སོགས་པའི་དངོས་པོ་རྣམས། །དུས་དེ་ཉིད་དུ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། །མཁྱེན་པའི་ཡེ་ཤེས་ཆེ་མཆོག་ཧེ་རུ་ཀ །དག་པའི་བདུད་རྩི་ཉིད་དུ་རབ་སྦྱར་ནས། །ཡེ་ཤེས་བདུད་རྩི་འཁྱིལ་དང་རབ་ཏུ་དབབ། །ཡབ་ཡུམ་གསང་བའི་མཁའ་ལ་རབ་བསྐྱིལ་ནས། །བཏབ་པའི་སྔགས་དང་ཕྱག་རྒྱས་རབ་གཞོམ་སྟེ། །དག་པའི་སྣོད་དུ་མུ་ཏིག་དཀར་པོའི་དྲི་མེད་ལྟར། །དཀར་ལ་འཚེར་དང་སྣུམ་ལ་འདྲིལ་བ་ལྟར། །ཐམས་ཅད་མ་ལུས་གསོས་སུ་གྱུར་པ་སྟེ། །དེ་འཐུང་སྐལ་དང་ལྡན་པའི་རྣལ་འབྱོར་པས། །དེ་ཉིད་ཕོ་བྲང་སོ་སོའི་འགོར་བཞག་སྟེ། །ལས་དང་ལྡན་པའི་དབང་རྣམས་བསྐུར་བར་བྱ། །དེ་ཡི་ཡོན་ཏན་དཔག་མེད་བསམ་མི་ལང་། །མགུལ་ལམ་སྤྱི་བོར་རབ་བཏགས་ན། །དེ་བཞིན་ཡོན་ཏན་ཆེ་བར་ངེས། །བུ་ཕོ་ཁྱེའུ་འོང་ཞེས་ཚེ་ཡི་རིག་འཛིན་འགྲུབ། །མཁྱེན་རབ་ཀུན་ལ་མཆོད་ཅིང་ཚངས་པའི་དངོས་གྲུབ་བླངས། །དྲིན་ལན་ལན་གྱིས་བླན་ཕྱིར་ཞི་ཁྲོའི་ལྷ་ཚོགས་དང་། །དེ་ཡི་བཀའ་སྡོད་བྱེད་པའི་མཁའ་འགྲོ་སྨན་གྱི་སྲུང་མ་ལ། །ཕོ་བྲང་ཁ་ཕྱེ་བདུད་རྩི་ཨ་མྲྀ་ཏས། །བསྒྲུབ་པའི་འཛབ་རྫོགས་རྟིང་ལ་དེ་བཞིན་བྱ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལས། ས་ལམ་དང་འབྲས་བུ་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་སློབ་དཔོན་དང་སློབ་མ་དང་མཆེད་ཀྱི་མཚན་ཉིད་བསྟན་པ། ཡང་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དེ་བཞིན་


DNG019_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རིགས་གདོལ་པའི་རིགས། །མཚན་དང་ལྡན་པའི་སློབ་དཔོན་ནི། །གྲངས་སུ་དུ་ཙམ་གཞུག་པ་ལགས། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་དོན་དུ་རྡོ་རྗེ་ཆོས། །ཚད་དང་མི་ལྡན་དགག་པའི་ཕྱིར། །སློབ་དཔོན་ཚད་རྣམས་ངས་བཤད་ཀྱི། །ཁྱོད་ཀྱིས་ལེགས་པར་ཉན་པར་བྱོས། །ཤེས་རབ་ལུང་གི་སློབ་དཔོན་དང་། །དམ་ཚིག་དབང་གི་སློབ་དཔོན་དང་། །མན་ངག་བཀའ་ཡི་སློབ་དཔོན་དང་། །ཚེ་སྲོག་འཛིན་པའི་སློབ་དཔོན་དང་། །ཀུན་གྱི་དཔོན་དུ་གྱུར་པ་རྣམས། །མ་མཐོང་བ་ཡང་དེ་བཞིན་ནོ། །དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །ཤེས་རབ་ལུང་གི་སློབ་དཔོན་ནི། །བཀའ་ཡི་སྡེ་སྣོད་དག་ལ་མཁས། །མདོ་སྡེ་ཞེས་ནི་རབ་གྲགས་ཏེ། །དེ་ཉིད་སློབ་དཔོན་འོས་སུ་བཟང་། །དམ་ཚིག་དབང་གི་སློབ་དཔོན་ནི། །གང་དག་དབང་བསྐུར་བྱེད་པའི་ཚེ། །དཀོན་མཆོག་གསུམ་ནི་ལུས་ལ་འཇུག །གསང་བ་དང་ནི་གསང་ཆེན་དང་། །ཡེ་ཤེས་སྙིང་པོ་བཞི་པ་རྣམས། །གང་གིས་ཤེས་པ་སློབ་དཔོན་བཟང་། །མན་ངག་བཀའ་ཡི་སློབ་དཔོན་ནི། །རྒྱུད་རྣམས་ཀུན་གྱི་དོན་ལ་མཁས། །ཕྲ་མ་དབྱེན་གྱིས་མི་ཚུགས་ཤིང་། །སློབ་དཔོན་དག་ལ་བརྙས་མི་འཇུག །དེ་ཉིད་སློབ་དཔོན་འོས་སུ་བཟང་། །ཚེ་སྲོག་འཛིན་པའི་སློབ་དཔོན་ནི། །ཕྱི་ནང་མེད་པའི་ལས་ལ་མཁས། །ནད་པ་སྲིའུ་འདོན་བྱེད་པ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གསུམ། །གང་གིས་ཤེས་པ་སློབ་དཔོན་བཟང་། །ཀུན་གྱི་སློབ་དཔོན་གྱུར་པ་ནི། །བླ་མའི་བླ་མ་བླ་མེད་སྟེ། །བུ་དང་ཚ་བོ་ཡང་ཚ་དང་། །དེ་ལྟར་དེ་བཞིན་བྱེད་པ་ནི། །ཀུན་དཔོན་ཆེན་པོ་ཡིན་པར་བཟང་། །དེ་ནས་སློབ་དཔོན་ཐམས་ཅད་ཀྱིས། །གཅུགས་དང་ཕྲ་མ་སྨྲ་མི་བྱ། །སློབ་དཔོན་དག་ལ་སྨྲ་མི་བྱ། །མ་མཐོང་བ་འམ་རྨོངས་པ་ལ། །གསང་བའི་མན་ངག་བསྟན་མི་བྱ། །དཀོན་མཆོག་གསུམ་


DNG019_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀུར་བར་བྱ། །ཡོན་ཏན་བརྒྱད་དང་ལྡན་པ་ཡིས། །སློབ་དཔོན་ཆེན་པོ་ཡིན་པར་གྲགས། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཡང་གསོལ་པ། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །ཕུན་སུམ་ཚོགས་པའི་གླེང་གཞི་ལྟར། །འདྲེལ་བའི་ཕྱིར་ན་སློབ་མ་རྣམས། །ཅི་ལྟར་ལགས་པ་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེག་པའི་ཡང་རྩེ་དག་ལ་མཁས། །སློབ་དཔོན་སངས་རྒྱས་བཞིན་དུ་བཀུར། །མིག་འབྲས་བཞིན་དུ་གཅེས་པར་འཛིན། །དུས་གསུམ་གྱི་ནི་མགོན་པོ་ལ། །ཤིན་ཏུ་གཅེས་དང་ཡིད་འཐད་འབུལ། །རིག་པའི་གནས་མཆོག་དག་ལ་མཁས། །མང་པོ་མི་སྨྲ་ཞེ་མི་གཅོད། །བློ་ཡངས་ཤེས་རབ་ཐུགས་པ་ནི། །རྒྱལ་པོའི་རིགས་ཀྱི་སློབ་མ་ཡིན། །གསང་སྔགས་མནའ་ལ་དམ་པོར་འཛིན། །ཤེས་རབ་སྙིང་རྗེར་ལྡན་པ་དང་། །རྒྱུད་ཀྱི་དོན་ལ་ངེས་པར་བརྩོན། །སེར་སྣ་མི་བྱེད་གཏང་བར་ཕོད། །རྩ་བས་རྩེ་མོ་མི་གཅོད་པ། །མ་ཉམས་པ་ནི་བདུན་དང་ལྡན། །དེ་ནི་རྗེའུ་རིགས་སློབ་མའོ། །བྲམ་ཟེ་གཙང་མ་ཁྲུས་ལ་དགའ། །གླེན་པའི་བརྟུལ་ཞུགས་འདག་པ་ཡིས། །གར་མཁན་མཆོག་གི་གར་བྱས་པའི། །མི་འགྱུར་འཇམ་པས་གཏན་ལ་འབེབས། །བྲམ་ཟེའི་རིགས་ཀྱི་སློབ་མའོ། །མ་ཧཱ་ཡོ་གའི་ཚུལ་གྱིས་སུ། །གཙང་སྨེ་མེད་པར་ཀུན་ཏུ་སྤྱོད། །བཟང་ངན་མེད་པར་ཐམས་ཅད་ཟ། །བཟང་སྡུག་མེད་པར་ཐམས་ཅད་སྦྱོར། །མི་སྡུག་འཇིགས་པའི་ཆ་བྱད་ཅན། །རང་ལུས་སྲོག་དང་ནོར་དང་དབྱིག །དེ་ལ་མཉེས་ཕྱིར་འབུལ་བར་བྱེད། །གཏིང་དཔག་དཀའ་ཕྱིར་རྫུན་དུ་སྨྲ། །མཆོད་པའི་ཕྱིར་ནི་མ་བྱིན་ལེན། །ཉོན་མོངས་དུག་ལྔ་རང་དགར་སྤྱོད། །གདོལ་པའི་རིགས་ཀྱི་སློབ་མ་ཡིན། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཐེག་པ་ཕྱོགས་རིས་མེད་པའི་ཕྱིར། འདི་


DNG019_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །མཐའ་ཡས་མུ་མེད་སེམས་ཅན་ལ། །ཐུགས་རྗེ་ཆེན་པོས་བསྐྱབ་པའི་ཕྱིར། །མཆེད་ཀྱི་མཚན་ཉིད་བསྟན་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་མཐའ་ཡས་མུ་མེད་ཕྱིར། །ཐུགས་རྗེ་ཆེན་པོ་སྙོམས་ནས་བྱུང་། །འདྲེལ་བའི་མཆེད་དང་མ་འདྲེལ་མཆེད། །ཕྱི་ཡི་མཆེད་དང་ནང་གི་མཆེད། །གསང་བའི་མཆེད་དང་རང་བཞིན་མཆེད། །དེ་བཞིན་ཐུགས་རྗེ་ཆེན་པོའི་མཆེད། །མཆེད་དུ་སྣང་བ་ཐམས་ཅད་ལ། །དབྱེ་བསལ་མི་མཛད་མཚན་ཉིད་དོ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། མཚན་ཉིད་སྡེ་གསུམ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་རང་བཞིན་བདུད་རྩི་རྣམས། །བཤད་ཀྱིས་རྡོ་རྗེ་ཆོས་ལ་བཤད། །ར་སཱ་ཡ་ན་ཕྱི་ཡི་སྨན། །དམ་རྫས་ལྔ་ནི་ནང་གི་སྨན། །རླུང་ལྔ་རྣམ་དག་གསང་བའི་སྨན། །སྐུ་དང་ཡེ་ཤེས་མཐར་ཐུག་སྨན། །བསམ་གྱིས་མི་ཁྱབ་བརྗོད་ལས་འདས། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །ཐམས་ཅད་མ་འདུས་གཅིག་ཀྱང་མེད། །དེ་ཡི་ཕྱིར་ན་བདུད་རྩི་ཞེས། །བསམ་མི་ཁྱབ་ཀྱིས་དེ་སྐད་གསུངས། །ཞེས་གསུངས་སོ། །དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །མན་ངག་རྒྱུད་ལུང་གལ་པོའི་སྙིང་བྲུས་ནས། །ཟག་ཟོག་རྟ་དང་གླང་པོ་ནོར་གྱིས་བསླུས། །ཁེ་དང་གྲགས་པས་རིན་ཆེན་འདམ་དུ་བསྣུབ། །ཚ་གྲང་དམྱལ་བའི་ཡུལ་དུ་ཡུན་རིང་ཞུགས། །དཔེར་ན་རྒྱལ་མཚན་རིན་ཆེན་ནོར་བུ་ལ། །སོ་སོའི་ཡོན་ཏན་རྨད་དུ་འབྱུང་ན་ཡང་། །མཆིང་པུའི་ཕུང་པོ་བཞིན་དུ་ཡ་མཚན་མི་བརྗོད་པ། །ཚ་གྲངས་དམྱལ་བའི་ཡུལ་དུ་ཡུན་རིང་


DNG019_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། །གསེར་ལ་སོགས་པའི་ཡོན་ཏན་དེ་འདྲ་ཡང་། །ངན་པའི་དུག་ཆུས་གསེར་ལ་ཟོང་མ་བྱས། །ཙནྡན་སྡོང་པོ་དྲུངས་པ་རྩད་ནས་ཕྱུང་། །དེ་བཞིན་དམྱལ་བའི་ཡུལ་དུ་ཡུན་རིང་ཞུགས། །ཞིང་རབ་གཤིན་ལ་འབྲུ་རྣམས་སྣ་ཚོགས་བཏབ། །ཏིལ་དང་ཉུང་དཀར་སྣུམ་ལྟར་སྣང་མོད་ཀྱང་། །བྲ་བོའི་སོག་མ་བཞིན་དུ་ཡོན་ཏན་མེད། །ཚ་གྲང་དམྱལ་བའི་གནས་སུ་དེ་བཞིན་སྐྱེ། །དེ་ནས་ཡང་འདི་གསུངས་སོ། །བུ་བཞིན་གཅེས་པས་སེམས་ཀྱིས་ཡོངས་སུ་བཅས། །རྟོག་པའི་སྐྱོན་མེད་རླུང་ཁར་གསེར་ལྟར་ལྕི། །བཟང་ངན་མེད་ཀྱང་སོ་སོར་ཡོངས་སུ་བྱས། །དེ་ཡང་ཡུན་རིང་དེ་བཞིན་གནས་པར་འགྱུར། །རིན་ཆེན་གླིང་ལ་ཕྱིན་ནས་རིན་ཆེན་ཕུང་པོ་བཙལ། །རྙེད་ནས་སོ་སོར་ཕྱེས་ཏེ་གཅེས་པས་མཆོག་ཏུ་བཟུང་། །དུང་དང་མན་ཤེལ་བཞིན་དུ་དང་དུ་བླང་། །ཀཪྴ་པ་ཎི་བཞིན་དུ་སོ་སོར་གཞག །དེ་ཡང་དེ་དང་འདྲ་སྟེ་ཉུང་བར་འགྱུར། །ཡོན་ཏན་བརྒྱ་དང་ལྡན་པའི་སྣོད་ཅན་སློབ་མ་ལ། །དད་པ་བསྙེན་བསྲིང་བྱས་པས་ཅི་ཡང་མེད་པར་འགྱུར། །དེ་ཡང་དེ་དང་འདྲ་སྟེ་ཡུན་རིངས་བསྲེག་དང་བསྒྲིབ། །རྫུན་དང་ཕྲ་མ་དབྱེན་གཅུག་སྤངས་པ་ཡིས། །བུ་ཡི་ནང་ནས་སྙིང་རྗེ་གསེར་དང་འདྲ་བ་ལ། །དབྱེན་གཅུག་སྨོད་ལ་དགའ་བའི་སློབ་མ་དེས། །སློབ་དཔོན་སློབ་མ་མཆེད་དང་དབྱེན་གཅུག་ཕྲལ། །ཉེན་པའི་སྐྱོན་གྱིས་སེམས་ཅན་དམྱལ་བར་སྐྱེ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩིའི་དབྱེ་བ་དང་སློབ་དཔོན་སློབ་མ་ཁྱད་པར་གྱི་དམ་ཚིག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བདུད་རྩི་ངེས་པར་འབྱུང་བའི་ལུང་བསྟན་ཏེ། དེ་ཡང་བདུད་རྩི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །བདུད་རྩི་འབྱུང་བའི་རྒྱུ་ནི་ཡབ་


DNG019_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་མཁའ། །བདུད་རྩི་བསྒྲུབ་པའི་སྣོད་ནི་ཀ་པཱ་ལ། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོངས། །བདུད་རྩིའི་དོན་ནི་སྐྱེ་འཆི་མེད། །ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་དང་། །བདུད་རྩི་ཆེན་པོ་རང་རྟོགས་དྲུག །འདི་དྲུག་རྟོགས་ན་མངོན་སངས་རྒྱས། །ལྟ་བ་ངོ་མཚར་རྨད་ཀྱི་ཆོས། །མངོན་པར་འདུས་བྱས་འདུས་མ་བྱས། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཞེ་སྡང་འཁོར་བ་རྩད་ནས་ཆོད། །མ་སྤངས་འབྲས་བུ་རྡོ་རྗེ་སེམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ཉོན་མོངས་ང་རྒྱལ་གཏན་ནས་འཇོམས། །མ་སྤངས་འབྲས་བུ་རིན་ཆེན་འབྱུང་། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་འཁོར་བ་རྩད་ནས་གཅོད། །མ་སྤངས་འབྲས་བུ་སྣང་མཐའ་ཡས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །ཉོན་མོངས་ཕྲག་དོག་རྩད་ནས་གཅོད། །མ་སྤངས་འབྲས་བུ་དོན་ཡོད་གྲུབ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་འཁོར་བ་རྩད་ནས་གཅོད། །མ་སྤངས་འབྲས་བུ་རྣམ་སྣང་མཛད། །རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས། །རྒྱུན་གྱི་ཉོན་མོངས་རྩད་ནས་གཅོད། །མ་སྤངས་འབྲས་བུ་ཧེ་རུ་ཀ །ཡེ་ཤེས་དབུ་ནི་ཉི་ཤུ་གཅིག །འབར་བའི་ཕྱག་ནི་བཞི་བཅུ་གཉིས། །བརྟན་པའི་ཞབས་ནི་རྣམ་པ་བརྒྱད། །སྦྱོར་བའི་དཀྱིལ་འཁོར་རྣམ་པ་བདུན། །དེ་ཡིས་འགྲོ་བའི་དོན་ལ་སྤྱོད། །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩི་ཇི་ལྟར་ཡིན་པ་དང་དེའི་འབྲས་བུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བདུད་རྩིའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །ཉོན་ཅིག་བདུད་རྩི་རྡོ་རྗེ་ཆོས། །བདུད་རྩིའི་ལུས་ནི་འཆའ་འདོད་ན། །བཏག་བཙག་ལས་ནི་ཟིན་པ་དང་། །ནང་དང་ཕྱི་ཡི་དངོས་པོ་ཀུན། །བདུད་རྩིའི་ལུས་ཀྱི་རང་བཞིན་ཏེ། །ཐམས་ཅད་སྦྱར་བའི་དབུས་ཉིད་དུ། །ཞོ་


DNG019_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་གསུམ་གྱི་ཕྱེ་མ་གཞག །དེ་ཡི་ནང་གི་རྣམ་པ་ལ། །སྐད་དང་མི་མཐུན་རྣམ་པ་སྟེ། །སྤྱི་ཡི་སྤོས་ནི་ཐམས་ཅད་གཞག །དེ་ཡི་ནང་གི་རྣམ་པ་ལ། །ཚ་བ་གསུམ་ཉིད་སྦྱར་བ་གཞག །དེ་ཡི་ནང་གི་རྣམ་པ་ལ། །གུར་གུམ་ལ་སོགས་རྣམ་པ་ལྔ། །དེ་ཡི་ནང་གི་རྣམ་པ་ལ། །ཛཱ་ཏི་ཕ་ལ་བཏབ་པ་གཞག །དེ་ཡི་ནང་དུ་ག་པུར་ཏེ། །དྲི་ཡི་རྒྱལ་པོ་ནང་ནས་དགྱེ། །འོད་དང་དུ་བ་དྲི་དང་སྒྲ། །ཕུན་སུམ་ཚོགས་པ་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །ཞལ་བུ་ཀ་པཱ་ལ་ཡི་མཚན་གསོལ་པ། །ཡེ་ཤེས་ལྔ་ལྡན་ཞལ་བུ་ཀ་པཱ་ལ། །འབར་བའི་སྤུ་ཡི་བུ་ག་གཉིས་དང་ལྡན། །མཐའ་གཉིས་མི་འདོར་ཕྱིར་ན་དབུས་སུ་གཞག །སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ། །འབར་བའི་སྐུད་པ་ཚངས་པའི་དཀྱིལ་ན་ཡོད། །ལྟག་ནས་སྣ་ཚོར་ཡོངས་འདུ་ས་བརྟོལ་འདྲ། །ཞེ་སྡང་མ་སྤངས་ཕྱིར་ན་ཤར་དུ་དགོད་པར་བྱ། །ཡིད་བཞིན་གཏེར་ལྟར་རྡོ་རྗེ་ཀ་པཱ་ལ། །རིན་ཆེན་དབྱིབས་ལ་དགོས་འདོད་འབྱུང་བ་དེ། །དཔག་བསམ་ཤིང་བུ་བུ་ག་གཉིས་དང་ལྡན། །ང་རྒྱལ་མ་སྤངས་ལྷོ་ཡི་ཕྱོགས་སུ་གཞག །ཁམས་གསུམ་ཡོངས་སྒྲོལ་རྡོ་རྗེ་ཀ་པཱ་ལ། །ཐམས་ཅད་དབང་དུ་སྡུད་པས་དུམ་བུ་གཅིག་པ་སྟེ། །དབྱིངས་དང་ཡེ་ཤེས་ཐ་དད་དབྱེར་མེད་ཕྱིར། །འདོད་ཆགས་མ་སྤངས་ནུབ་ཀྱི་ཕྱོགས་སུ་གཞག །ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ། །ལས་བཞི་མཐར་རུ་ཕྱིན་པས་བྷནྡྷ་སུལ་བཞི་པ། །དྲག་པོའི་ལས་ལ་ཤིས་པས་རྒྱ་གྲམ་བཞིན་དུ་འདུག །ཕྲག་དོག་མ་སྤངས་བྱང་གི་ཕྱོགས་སུ་གཞག །ཡེ་ཤེས་ལྔ་དང་ལྡན་པས་ཕྱོགས་བཞི་དབུས་དང་ལྔ། །བདེ་བར་གཤེགས་པ་རིགས་ལྔའི་ཕོ་བྲང་ཡིན་པར་གྲགས། །དེ་རུ་མཱཾ་ས་གཤང་གཅི་ཁུ་བ་ཁྲག །སྐྱོབས་དང་རྩ་བར་སྦྱར་ཏེ་གཞག་པར་བྱ། །དེ་ནས་ཡང་བྷནྡྷའི་སྐྱོབས་འདི་གསུངས་སོ། །


DNG019_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །མཆོད་རྟེན་དབྱིབས་སུ་འདུག་པ་བཀྲ་ཤིས་སྒོ་མང་སྟེ། །མཚན་དང་ལྡན་པས་བྷནྡྷ་ཡེ་ཤེས་སྐྱོབས། །མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་པཱ་ལ། །རྩལ་གསུམ་རྫོགས་པ་སེང་གེའི་ཐོད་པ་སྟེ། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན་པ་སྟེ། །སྟོབས་ལྡན་ཡེ་ཤེས་ཤར་ལྷོ་མཚམས་སུ་གཞག །སྲིད་པ་ཡོངས་སྒྲོལ་རྡོ་རྗེ་ཀ་པཱ་ལ། །སྲིན་པོ་ད་ཤ་གྲཱི་བཏུལ་གླང་པོ་ཆེ། །དམག་དཔུང་ཁར་འགྱེད་ཁྱུ་མཆོག་རིན་པོ་ཆེ། །སྟོབས་ལྡན་ཡེ་ཤེས་ལྷོ་ནུབ་མཚམས་སུ་གཞག །དུག་གསུམ་གཏན་སྤྲུག་རྡོ་རྗེ་ཀ་པཱ་ལ། །ལྷ་ཆེན་མ་ཧཱ་དེ་བ་བསྒྲལ་བའི་ཐོད་པ་སྟེ། །འཇིག་རྟེན་ནང་ན་ཆེ་བཙན་བཀྲ་ཤིས་རྟགས། །ཡེ་ཤེས་ཆེན་པོ་ནུབ་བྱང་མཚམས་སུ་གཞག །མཚན་མ་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །མི་ཆེན་ལང་ཀའི་གཟུགས་ཀྱི་ཕུང་པོ་སྟེ། །ལི་ཙ་ཀུ་རེའི་ཐོད་པ་དངོས་གྲུབ་རྫས། །གཏུམ་ཆེན་ཡེ་ཤེས་བྱང་ཤར་མཚམས་སུ་གཞག །གཞན་ཡང་དེ་བཞིན་གྲུ་ཆད་ལ། །སྒྲུབ་པ་པོ་ཡི་བཀྲ་ཤིས་རྫས། །ཡོངས་སུ་རྫོགས་ལྡན་རྡོ་རྗེ་ཀ་པཱ་ལ། །ལྕུག་ཕྲན་འཕེལ་བྱེད་ཡེ་ཤེས་གསང་བའི་རྫས། །ཤར་གྱི་གྲུ་ལ་དེ་བཞིན་གཞག་པར་བྱ། །བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ག་བུར་གངས་ཞུན་དཀར་པོ་འཇོམས་པ་ཡིས། །དམིགས་སུ་མ་ཕྱེ་རིས་སུ་བཞོན་པ་ཡི། །ཡེ་ཤེས་གསང་བའི་ཐོད་པ་ལྷོ་ཡི་གྲུ། །མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཀ་པཱ་ལ། །མ་དམའ་མ་ཤི་ལྕུག་ཕྲན་སྡོང་པོ་འདྲ། །དེ་ནི་བྷནྡྷ་ཡང་དག་བཀྲ་ཤིས་ཏེ། །ཡེ་ཤེས་གསང་བའི་ཐོད་པ་ནུབ་ཀྱི་གྲུ། །ཨཱ་ཡུཿདཔལ་ལྡན་རྡོ་རྗེ་ཀ་པཱ་ལ། །མཁས་པ་མང་པོའི་གཟུངས་མ་བྱས་པ་ཡི། །དབང་བསྐུར་དབང་དང་ལྡན་པའི་ཐོད་པ་དེ། །ཡེ་ཤེས་གསང་བའི་ཐོད་པ་བྱང་གི་གྲུ། །གཞན་ཡང་ཡེ་ཤེས་ཐོད་པ་བཞི། །སྒོ་བཞི་དག་ཏུ་གཞག་པར་བྱ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་


DNG019_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལས། བདུད་རྩི་འབྱུང་བའི་རྒྱུ་ལ་སོགས་པ་དང་། བྷནྡྷའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཐམས་ཅད་དབང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་བ་བཏབ་པོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །རྣམ་པ་དང་ནི་དད་པ་དང་། །དང་བ་དང་ནི་དམ་ཚིག་གིས། །མ་སྨིན་པ་ལ་སྨིན་པར་མཛོད། །མ་གྲོལ་བ་ལ་གྲོལ་བར་མཛོད། །དབུགས་མ་འབྱིན་པ་དབུགས་འབྱིན་མཛོད། །དབང་དང་ལྡན་ནི་གསང་སྔགས་མཆོག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དུས་ལ་བབ་ན་རྡོ་རྗེ་ཆོས། །དབང་དང་ལྡན་པའི་དམ་ཚིག་གིས། །ནུས་པ་མཐུ་དང་ལྡན་པར་འགྱུར། །འཁོར་ལོ་རྩིབས་བརྒྱད་སྒོ་རིམ་གཉིས། །དབུས་ཀྱི་འཁོར་ལོའི་གདན་སྟེང་དུ། །ཡེ་ཤེས་གསང་བའི་སྟན་བཏིང་ནས། །ནུབ་ཀྱི་དཀྱིལ་འཁོར་ལྔ་པ་ལ། །དབུས་སུ་པདྨ་འདབ་བརྒྱད་བྲི། །སློབ་མ་འབྲུ་དང་གོ་རིམ་གྱིས། །དེ་ཉིད་དག་ཏུ་སྣུམ་པ་གཞག །དེ་ནས་མཎྜལ་དབུས་སུ་ནི། །རྡོ་རྗེ་སློབ་དཔོན་རྣལ་འབྱོར་གྱིས། །ཕོ་བྲང་པང་དུ་ཐོགས་ནས་ཀྱང་། །ནུབ་ཕྱོགས་དག་ཏུ་ཁ་བལྟས་ཏེ། །གཞུག་དང་མེ་ཏོག་དོར་བ་དང་། །བསྟན་པ་དང་ནི་གསོལ་བ་གདབ། །དེ་ལ་ཕན་དང་ནུས་པའི་དབང་། །ཅི་ལྟར་འཚམས་པ་བཞིན་དུ་བསྐུར། །སློབ་མས་ཅི་ལྟར་གསོལ་པ་ནི། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཅི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དབང་དང་བསྟབ་པར་བྱ་བ་ནི། །སྐལ་ལྡན་རྣལ་འབྱོར་རིགས་ཀྱི་བུ། །སེམས་དཔའ་ཆེན་པོ་བསྐྱེད་པའི་ཕྱིར། །ད་ལྟ་ཉིད་ནས་སེམས་བསྐྱེད་ནས། །བུ་ཁྱོད་དགའ་


DNG019_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་ལ་དགའ། །ཞེས་པའོ། །ཡང་རྡོ་རྗེ་སློབ་མས་གསོལ་པ། །བདག་ནི་སྐལ་ལྡན་བདེ་ཆེན་ལ། །རབ་དགྱེས་དག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སྐལ་བ་བཟང་ལ་བདག་དགའོ། །ཞེས་པས་མེ་ཏོག་དོར་བ་ཡང་། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །གསང་མཆོག་རྫས་ཀྱི་མེ་ཏོག་དོར་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །པྲ་ཏི་གྲྀཧྞ་ཧཱུཾ་གིས་དོར་བ་བྱ། །དགེ་སློང་ཁྲིམས་དང་ལྡན་པ་ཡི། །གསང་བར་བསྔགས་པའི་དོག་པ་ལ། །ཁ་ཚར་མ་ཉམས་རས་དག་གི། །ཡོལ་བས་བཅད་པ་དབྱེ་བར་བྱ། །དེ་ཡང་པྲ་བེ་ཤ་ཕཊ། མིག་དབྱེ་བའི་སྔགས་ཡིན་ནོ། །སྙན་པའི་དབྱངས་འདི་བླང་བ་ཡིས། །མེ་ཏོག་ལྷ་རུ་བཅས་པ་རྣམས། །སློབ་མའི་སྤྱི་བོར་གཞག་པར་བྱའོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རྣལ་འབྱོར་ཁྱེད་ལ་སྦྱིན་པར་བྱ། །ཆོས་ཀྱི་ཕྱག་རྒྱ་སྙིང་ལ་གནས་བྱ་ཞིང་། །སྤྱི་ནས་སྙིང་གར་ཆུ་བོའི་རྒྱུན་བཞིན་འབབ། །གསང་བའི་མེ་ཏོག་དམ་པ་གསུམ་དུ་བོར། །དེ་ནས་ཕན་དང་ནུས་པ་དབང་རྣམས་རྣལ་འབྱོར་པ་ལ་གདམས་པ་གཏད། །ཕོ་བྲང་པང་དུ་བླངས་ལ་སློབ་མའི་སྤྱི་བོར་གཞག །གཉིས་སུ་མེད་པ་བུམ་པའི་དབང་ཡང་བསྐུར་བར་བྱ། །སེམས་བསྐྱེད་མང་པོ་སྔོན་དུ་འགྲོ་བར་བྱ། །དབྱངས་ཚིག་དོན་དང་ལྡན་པ་རྣ་བར་བསྒྲག །གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་ངང་ལ་གནས། །དུས་གསུམ་གཅིག་ཏུ་ཕྱི་བཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་བར་མ་ཆད། །སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོང་། །བསྐལ་པར་བསྒྲིབས་དང་


DNG019_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་མུན་པ་ལ། །སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩིའི་རྒྱལ་པོའི་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་པོའི་གཙོ་བོའི་གོ་འཕང་འཐོབ། །ཚེ་དང་བསྐང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པ། །ཡོན་ཏན་རྩ་བརྒྱད་འདིས་འཐོབ་བོ། །དེ་ནས་བདུད་རྩི་བུམ་པའི་དབང་། །སྤྱི་བོ་ལ་སོགས་ཐིག་ལེ་ལྔ། །སྐུ་ལྔ་ཡེ་ཤེས་འཕྲོ་འདུའི་དོན། །ལྕེ་སྟེང་དུ་ཡང་གཞག་པར་བྱ། །འཕྲོས་པས་གཞལ་ཡས་ཁང་དུ་འགྱུར། །ནང་དུ་དཔའ་བོ་འབྲུ་ལྔ་ལས། །ཕྱག་མཚན་ལྔ་དང་སྐུ་ལྔར་འགྱུར། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །མུ་ཏིག་དཀར་པོ་དྲི་མེད་བཞིན། །བུམ་པའི་ནང་དུ་གང་བར་བསམ། །འོད་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ། །ཡེ་ཤེས་ཆུ་རྒྱུན་གཉིས་མེད་བསྡིམ། །དབྱངས་ཚིག་བླང་བ་འདི་ལྟ་སྟེ། །ཧོཿཡི་གེ་ཕྱག་མཚན་འཕྲོ་འདུ་ལས། །ཡབ་ཡུམ་བཅུ་ཡི་སྐུ་རུ་གསལ། །གཉིས་སུ་མེད་པའི་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་ཆར་ཆེན་ཕོབ། །བུམ་པ་མགོ་ཡི་ཐོག་ཏུ་གཞག །ཨོཾ་ཨཱཿཧཱུཾ། བུཌྜྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་སྭཱ། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨཱཾ། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧ། བདུད་རྩི་བུམ་པའི་དབང་བསྐུར་བས། །ཕུང་པོ་ལྔ་ཡི་དྲི་མ་དག །སློབ་དཔོན་གནང་བ་བསྒྲག་པར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བྷུཌྜྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་མི་དྷི་ཝ་ཧྲཱྀཿཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཀྵོ་བྷྱ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། དེ་ལྟར་ཕྱག་རྒྱས་རྒྱས་བཏབ་ནས། །


DNG019_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལ་ནན་ཏན་བྱས་པའོ། །དེ་ནས་སྤྱི་བོ་སྙིང་ག་དང་། །ལྕེ་སྟེང་གསུམ་དུ་ཐིག་ལེ་བྱ། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ཀྱི་གཞལ་ཡས་ཁང་། །སྙིང་གི་དཀྱིལ་དུ་གསལ་བར་བྱ། །དེ་རུ་ཡི་གེ་འབྲུ་གསུམ་ལས། །སོ་སོའི་ཕྱག་མཚན་འཕྲོ་འདུ་ལས། །སོ་སོས་སྐུ་ཡི་སྦྱོར་བ་མཛད། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །སྐུ་གསུང་ཐུགས་སུ་ནན་ཏན་བྱ། །ཧཱུཾ་དཔའ་བོ་འབྲུ་གསུམ་བྱིན་རླབས་ཀྱིས། །རིགས་གསུམ་སངས་རྒྱས་སྐུ་རུ་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ཐིམ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྐུ་གསུང་ཐུགས་ཀྱི་དབང་ཐོབ་ནས། །སློབ་དཔོན་དག་གི་གནང་བ་བསྒྲག །དེ་ནས་ཡེ་ཤེས་ལྔ་དབང་བསྐུར། །གནས་ལྔ་དག་ཏུ་ཐིག་ལེ་བྱ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ཐམས་ཅད་དབང་བསྐུར་རོ། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཏྱ་བེ་ཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཀྲྀཏྱ་ནུ་ཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཡེ་ཤེས་ལྔ་ཡི་གནང་བ་བསྒྲག །དེ་ནས་ཅོད་པན་ཕྱག་རྒྱའི་དབང་། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཙ་ཀ་ལི་ཡི་དབང་ཡིན་ཏེ། །དེ་ཡི་རྒྱལ་མཚན་རྩེ་མོར་གྱུར། །དེ་ལྟར་ཡོངས་སུ་ཤེས་པར་བྱ། །ཐུན་མོང་ཁོ་ནའི་དབང་ཡིན་ནོ། །མཚམས་མེད་ལྔ་ཡང་འདྲེན་པར་འགྱུར། །དེ་ནས་


DNG019_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་ཞིང་ཉན་པའི་དབང་བསྐུར་ཏེ། །ཀཱ་ཡ་སིདྡྷི་ཨཱོཾ། ལྦཱ་ཀ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུཾ། ལྕེ་ཐོག་ཏུ་ཐིག་ལེ་བྱ། དེ་བཞིན་རྣ་བར་ཐིག་ལེ་བྱ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །ཐིག་ལེ་རྒྱུ་ལས་ཏྲཱཾ་དུ་གྱུར། །དེ་ལས་སོ་སོའི་སྐུ་རུ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །རིན་ཆེན་རིགས་མཆོག་སྤྱན་དྲངས་ཏེ། །རྣ་བ་གཉིས་སུ་ཞུགས་པར་བསམ། །རྡོ་རྗེ་སློབ་དཔོན་དཔལ་ལྡན་གྱིས། །དེ་ཡི་གནང་བ་བསྒྲག་པར་བྱ། །དེ་ནས་བསྒྲུབ་པའི་དབང་བསྐུར་ཏེ། །སྙིང་གར་ཐིག་ལེ་གཅིག་བྱས་ཏེ། །དེ་ལས་འོད་འཕྲོས་གཞལ་ཡས་ཁང་། །མེ་ཏོག་ཕོག་པའི་ལྷ་དེ་ཡི། །སྙིང་པོ་ཕྱག་མཚན་སྐུ་རུ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བཞུགས། །དེ་ལ་གནང་བ་བསྒྲག་པར་བྱ། །དེ་ནས་ཕྲིན་ལས་དབང་བསྐུར་ཏེ། །ལག་པའི་མཐིལ་དུ་ཐིག་ལེ་བྱ། །དེ་ལས་འོད་འཕྲོས་གཞལ་ཡས་ཁང་། །དེ་རུ་སྙིང་པོ་ཕྱག་མཚན་ལས། །དོན་ཡོད་གྲུབ་པ་ཡབ་ཡུམ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །ལས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས། །སྤྱན་དྲང་བཞུགས་སུ་གསོལ་པ་ལས། །ལག་པ་གཉིས་ལ་ཐིམ་པར་བསམ། །དེ་ནས་གནང་བ་བསྒྲག་པར་བྱ། །དེ་ནས་འཆད་པའི་དབང་བསྐུར་ཏེ། །ལྕེ་ལ་ཐིག་ལེ་བྱང་ཆུབ་སེམས། །དེ་ལས་འོད་འཕྲོས་གཞལ་ཡས་ཁང་། །དེ་རུ་སྙིང་པོ་ཕྱག་མཚན་ལས། །སྣང་བ་མཐའ་ཡས་ཡབ་ཡུམ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །པདྨའི་རིགས་མཆོག་སྤྱན་དྲངས་ནས། །ལྕེ་ཡི་སྟེང་དུ་གཞག་པར་བྱ། །དེ་ལས་གནང་བ་བསྒྲག་པར་བྱ། །སྤྱི་བོའི་གཙུག་ཏུ་ཐིག་ལེ་བྱ། །འོད་ཟེར་


DNG019_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་གཞལ་ཡས་ཁང་། །དཔའ་བོ་འབྲུ་ལྔའི་སྦྱོར་བ་ལས། །ཕྱག་མཚན་ལས་ནི་སོ་སོའི་སྐུ། །རྒྱལ་བ་རིགས་ལྔའི་ཡེ་ཤེས་ཏེ། །ཆོས་ཉིད་གཉིས་སུ་མེད་པར་སྦྱོར། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །རྒྱལ་བ་ཡབ་ཡུམ་སྤྱན་དྲང་སྤྱི་བོར་བསྡིམ། །དེ་ལ་གནང་བ་བསྒྲག་པར་བྱ། །དེ་ནས་གསང་བའི་དབང་བསྐུར་ཏེ། །བྱང་ཆུབ་སེམས་ཀྱི་དབང་ཡིན་པས། །རིག་མའི་མཚན་ཉིད་བརྟག་པ་དང་། །བརྟུལ་ཞུགས་ཅན་གྱིས་རྡོ་རྗེའི་དབང་། །རྡོ་རྗེ་ལ་ནི་རྡོ་རྗེ་དབང་། །ཤེས་རབ་ཡེ་ཤེས་དབང་མཆོག་ནི། །ཕྱག་རྒྱ་མོ་ལ་གནས་བཅས་ནས། །ཕོ་བྲང་གཟུངས་མར་བྱིན་གྱིས་བརླབ། །ཡང་ན་དངོས་པོ་ཁོ་ན་ལ། །དེ་ལ་གནང་བ་བསྒྲག་པར་བྱ། །དཔའ་བོ་ང་དང་འདྲ་བ་ཡིས། །དབང་གི་རྟགས་དང་བཏགས་པར་བྱ། །དེ་ལ་ཡོན་འབུལ་སློབ་མ་ནི། །ཤེས་རབ་དང་ནི་སྙིང་རྗེ་དང་། །དད་པ་དང་ནི་བརྩོན་འགྲུས་དང་། །སྦྱིན་པ་དང་ནི་བསམ་གཏན་དང་། །གཅེས་པ་དང་ནི་ཡིད་འཐད་དང་། །ཤིན་ཏུ་སྙིང་ཉེ་ཡོན་གྱི་མཆོག །འདི་བརྒྱད་ཡོན་གྱི་མཆོག་ཡིན་ནོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དབང་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བདུད་རྩིའི་ཕྲད་དང་སྐྱོབ་བསྟན་པར་བྱ་སྟེ། རྫོགས་པ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞེངས་སོ། །དེ་ལ་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་ཆོས་ལ་ངོ་མཚར་ཆེ། །རྫོགས་པའི་ཆོས་ལ་ངོ་མཚར་ཆེ། །སྐྱེ་བ་མེད་ལས་ངོ་མཚར་ཆེ། །སྐྱེས་པ་ཉིད་ན་ངོ་མཚར་ཆེ། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །རྫས་ལས་སངས་རྒྱས་ངོ་མཚར་ཆེ། །བཅོམ་ལྡན་འདས་


DNG019_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཱཾ་ས་བཤང་གཅི་ཁུ་བ་ཁྲག །ཡེ་ནས་སངས་རྒྱས་རྣམ་པ་ལྔ། །རིགས་ལྔའི་སངས་རྒྱས་དེ་ལ་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །རྒྱུ་མཆོག་ཆེན་པོ་འབྲས་བུ་ལྔ། །ཡེ་ཤེས་སངས་རྒྱས་ལྔ་ཡི་གདན། །བདུད་རྩི་ལྔ་ཡི་འབྲང་དུ་ཆེ། །བསྒྲལ་བའི་ལྕེ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཨ་རུ་ར་ལ་སོགས་པའི་སྨན། །ག་པུར་ཙནྡན་དྲི་ལ་སོགས། །གླ་རྩི་དུར་བྱིད་རྩི་ཡི་མཆོག །བདུད་རྩི་ལྔ་ཡི་སྐྱོབས་ཡིན་པས། །གསང་བ་མཆོག་གིས་བསག་པར་བྱ། །གཞན་ཡང་སྤོས་ཆེན་ལྔ་ལ་སོགས། །ཅི་རིགས་རྫས་རྣམས་ཐམས་ཅད་བསག །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩིའི་ཕྲད་དང་སྐྱོབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དོན་དམ་པའི་བདུད་རྩི་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་གྱི་བལྟ་བ་འདི་རྡོ་རྗེ་ཆོས་ཀྱིས་ཞུས་པ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །སངས་རྒྱས་ཞེས་ནི་གང་ཡིན་པ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཚངས་དང་དྲང་སྲོང་མུ་སྟེགས་དང་། །ཉན་ཐོས་དགྲ་བཅོམ་རང་རྒྱལ་དང་། །ཀླུ་དང་བྲམ་ཟེས་གཙང་མ་ཟ། །དེ་དག་རྟོག་པ་བཟློག་པའི་ཕྱིར། །བདུད་རྩི་ལྔ་དང་ཤ་ལྔ་དང་། །གཞན་ཡང་མི་བཟད་པ་ཡི་རྫས། །མི་གཙང་བ་ལ་གཙང་བར་བཟློག །དེ་དག་གཙང་མར་བཟློག་པ་ནི། །ཆོས་ཀྱི་སྐུ་ཡི་དོན་རྟོགས་ན། །དེ་དག་ཐམས་ཅད་གཙང་མ་ཟ། །བདུད་རྩི་ཞེས་ནི་དེ་ལ་བྱ། །བདུད་རྩི་ཞེས་ནི་བྱ་བ་ཡང་། །སྣང་བ་མེད་ན་བདུད་རྩི་ཡིན། །


DNG019_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་གིས་རྟོགས་ན་བདུད་རྩི་ཡིན། །མཉམ་པར་མཐོང་ན་བདུད་རྩི་ཡིན། །མཐོང་བ་མེད་ན་བདུད་རྩི་ཡིན། །བསྒོམ་དུ་མེད་ན་བདུད་རྩི་ཡིན། །ཚིག་ལས་འདས་ན་བདུད་རྩི་ཡིན། །དམིགས་པ་ཐམས་ཅད་བདུད་རྩི་ཡིན། །དུག་ལྔ་ཐམས་ཅད་བདུད་རྩི་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །བདུད་རྩིའི་དངོས་པོ་ཡང་དག་གོ། །ཆོས་ཉིད་ལ་ཡང་ཆོས་ཉིད་མེད། །དེ་བས་ཆོས་ཉིད་བདུད་རྩི་ཡིན། །སེམས་ཉིད་ལ་ཡང་སེམས་ཉིད་མེད། །དེ་བས་སེམས་ཉིད་བདུད་རྩི་ཡིན། །ཡེ་ཤེས་ལ་ཡང་ཡེ་ཤེས་མེད། །དེ་བས་ཡེ་ཤེས་བདུད་རྩི་ཡིན། །སྐྱེ་བ་མེད་ལས་སྐྱེ་བ་མེད། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བས་སྐྱེ་མེད་བདུད་རྩི་ཡིན། །འགག་པ་ཉིད་ན་འགག་པ་མེད། །འགག་པ་མེད་ན་བདུད་རྩི་ཡིན། །འོང་བ་མེད་དང་འགྲོ་མེད་པ། །བདུད་རྩི་དེ་ལས་གཞན་མེད་པས། །ཐ་སྙད་འདོགས་ན་བདུད་རྩི་མིན། །དེ་བས་དངོས་པོ་དངོས་མེད་ན། །སྤྲོས་པའི་མཐའ་དང་བྲལ་བ་སྟེ། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་ལ་ཚངས་དང་དྲང་སྲོང་སོགས། །དེ་ལ་ཀླུ་དང་བྲམ་ཟེ་ལྟོས། །དེ་ལ་ཉན་ཐོས་རང་རྒྱལ་ལྟོས། །དེ་ལ་རྟག་ཆད་མུར་ཐུག་ལྟོས། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དོན་དམ་པའི་བདུད་རྩི་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །ཡང་དག་པར་གསུངས་སོ། །རྐྱང་བུ་དང་ནི་རེང་བུ་དང་། །ལྡེ་གུ་དང་ནི་ཁྲོལ་བུ་དང་། །ཕྱེ་མ་དང་ནི་གོ་བུ་དང་། །མིག་སྨན་དང་ནི་ཙི་ལི་དང་། །ཉི་མ་དང་ནི་ཟླ་བ་དང་། །དེ་བཞིན་སྡོང་པོ་ལྕུག་ཕྲན་དང་། །ས་ལ་སྐྱེས་པའི་བདུད་རྩི་ལ། །ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱིས། །འབྱུང་བ་བཞི་ནི་བདུད་རྩི་བཞི། །ཡབ་ཡུམ་མཁའ་ནི་བདུད་རྩིའི་ལམ། །ཀ་པཱ་ལ་ནི་བདུད་རྩིའི་


DNG019_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད། །མཱཾ་ས་བཤང་གཅི་ཁུ་བ་ཁྲག །དག་པའི་རྒྱུ་སྟེ་བདུད་རྩིའི་གཙོ། །ལ་ལ་གཙོ་བོ་གཅིག་ལས་གྲུབ། །ལ་ལ་གཙོ་བོ་གཉིས་ལས་གྲུབ། །ལ་ལ་གཙོ་བོ་གསུམ་ལས་གྲུབ། །ལ་ལ་གཙོ་བོ་བཞི་ལས་གྲུབ། །ལ་ལ་གཙོ་བོ་ལྔ་ལས་གྲུབ། །ལ་ལ་བསྐལ་པ་གཅིག་གིས་འགྲུབ། །ལ་ལ་བསྐལ་པ་གཉིས་ཀྱིས་འགྲུབ། །ལ་ལ་བསྐལ་པ་གསུམ་གྱིས་འགྲུབ། །ལ་ལ་བསྐལ་པ་བཞི་ལ་རྫོགས། །ལ་ལ་ཐང་གཅིག་ཡུད་ཀྱིས་འགྲུབ། །ལ་ལ་ཉིན་ཞག་གཅིག་གིས་འགྲུབ། །ལ་ལ་ཟླ་བ་བདུན་གྱིས་འགྲུབ། །ལ་ལ་ལོ་དགུ་དག་གིས་འགྲུབ། །ལ་ལ་ཚེ་ལོ་གཅིག་གིས་འགྲུབ། །ལ་ལ་ལུས་དང་སྦྱར་བས་འགྲུབ། །ལ་ལ་ངག་དང་སྦྱོར་བས་འགྲུབ། །ལ་ལ་སེམས་དང་སྦྱར་བས་འགྲུབ། །ལ་ལ་ཀུན་ཚོགས་སྒོ་ནས་འགྲུབ། །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བསྒྲུབ་པའི་རིམ་པ་དུས་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་རིམ་པ་བསྟན་པར་བྱ་སྟེ། གསང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་གསང་བའི་སྙིང་པོ་འདི་འཐོན་ཏོ། །ཨོཾ་ཨཱཿཧཱུཾ། ཨ་མོ་གྷ་སིདྡྷི་ཨ་མྲྀ་ཏ་བཛྲ་ར་ཏི་ས་མ་ཡ་སྟྭཾ། བདུད་རྩི་ལས་ཀྱི་སྔགས་སོ། །ཨོཾ་ཨཱཿཧཱུཾ་མ་ཧཱ་པདྨ་རཀྟ་མཱུ་ལ་ཨ་མྲྀ་ཏ་རཱ་ག་པ་ཏི་ས་མ་ཡ་སྟྭཾ། ས་མ་ཡ་ཧཱུཾ། ས་མ་ཡ་སུ་ཁ་ཧྲཱྀཿ། བདུད་རྩི་པདྨའི་ལས་ཀྱི་སྔགས་སོ། །ཨོཾ་ཨཱཿཧཱུཾ། བཛྲ་སཏྭ་ཧཱུཾ་སརྦ་ཨེ་ཧོ་ཤུད་དྷི། ཨ་མྲྀ་ཏ་སུ་ཁ་མ་ཧཱ་ཡོ་ག་ཧཱུཾ། ཙིཏྟ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨཀྵོ་བྷྱ་དྭེ་ཥ་ར་ཏི་ས་མ་ཡ་སྟྭཾ། རྡོ་རྗེ་བདུད་རྩིའི་སྔགས་སོ། །ཨོཾ་ཨཱཿཧཱུཾ། བཻ་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟྭཾ། མ་ཧཱ་ཡོ་ག་ཨ་དྷི་བ་ཏ་ན། བ་ལིཾ་ཧ་ཨ་མྲྀ་ཏ་ཨུཙྪིཏྟ་ཨ་དྷི་ཏིཥྛ་སྟྭཾ། ཨོཾ། བདུད་རྩི་འཁོར་ལོའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་མ་ཧཱ་ས་མ་ཡ་མ་ཧཱ་ཨ་མྲྀ་ཏ། རོ་ཧོ་ཧཾ་རཏྣ་ར་ཏི་ས་མ་ཡ་


DNG019_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ། རིན་ཆེན་བདུད་རྩིའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ། ར་སཱ་ཡ་ན་ཏ་ན་ཛ་ཡ། གུ་ཧྱ་སིདྡྷི་ཧཱུཾ་ཧྲཱྀཿཐ། གསང་བའི་སྔགས་ཐམས་ཅད་དོ། །ཨཱོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། རྒྱལ་བ་ཐམས་ཅད་སྤྱིའི་སྔགས་སོ། །ཨཱོཾ་ཨ་མྲྀ་ཏ་ཛ་ག་ད་པྲ་བེ་ཤ་སྭཱ་ཧཱ། ཛ་ག་ད་ཐམས་ཅད་སྤྱིའི་བྱིན་གྱིས་རློབས་པའི་སྔགས་སོ། །ཨཱོཾ་ཀྲོ་དྷཱི་ཤྭ་རཱི་ཤོ་དྷ་ཡ། འོ་མ་སེམས་ཅན་ཐམས་ཅད་ཀྱི་སྐྱོབས་ཀྱི་སྔགས་སོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཙིཏྟ་ཧཱུཾ་ཧྲཱྀཿཐ། གསེར་ལ་སོགས་པ་སྦྱང་བའི་སྔགས་སོ། །ཨཱོཾ་ཏེ་ན་ཧཱུཾ་ཨཱོཾ་ཏེ་ན་ཧཱུཾ། ཏེ་ཏེ་ཧཱུཾ། བི་དྷྭ་ན་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་ཧཱུཾ། གོན་ནན་ལ་སྦྲེལ་བའི་སྔགས་སོ། །ཨཱོཾ་ཛ་བྷ་སྭཱ་ཧཱ། ཆང་གི་སྔགས་ལྷག་མ་དང་བཅས་པའོ། །ཨཱོཾ་ཀྲོ་དྷཱི་ཤྭ་རཱི་ཤོ་དྷ་ཡ། མཱ་མ་ཀཱིས་སྦྱང་བའི་སྔགས་སོ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་སྙིང་པོའོ། །ཨཱོཾ་ཨ་མྲྀ་ཏ་ཧ་ན་ཧ་ན། མཁའ་དབྱིངས་རྣམ་པར་དག་པའི་སྔགས་སོ། །ཨཱོཾ་ཨ་མྲྀ་ཏ་ཤུདྡྷེ་ཤོ་དྷ་ཡ་ཙ་ཀ་ལན་བྷནྡྷ་བྷནྡྷ། རྟོག་པ་ངན་པ་བཙག་པའི་སྔགས་སོ། །མུ་ས་ལ་མུ་ས་ལ། ཀུན་སྤྱོད་པའི་སྔགས་སོ། །ཨཱོཾ་ཨ་མྲྀ་ཏ་སརྦ་མ་ཧཱ་ཡོ་ག་ཧཱུཾ། ཨཱོཾ་བཛྲ་ས་མ་ཡ་ཧཱུཾ། ཨཱོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧྲཱྀཿ། སརྦ་ཨེ་ཧོ་ཤུདྡྷེ་ཨཱོཾ་ཀྲོ་དྷཱི་ཤྭ་རཱི་སརྦ་ཤོ་དྷ་ཡ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཞི་བ་སྤྱིའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཕྱི་མ་ཁྲོ་བོས་སྦྱང་བའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་ཌ་ལི་ཧཱུཾ་ཧྲཱྀཿཐ། ཡེ་ཤེས་མཁའ་ལ་བསྐྱིལ་བའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུཾ་ཧྲཱྀཿཐ། མུ་ཏིག་དཀར་པོ་དྲི་མ་མེད་པའི་སྔགས་གང་གཱ་ཀླུང་གི་ཆུ་བོ་བཞིན་དུ་འབབས་སོ། །ཞེས་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཡང་གསང་ཐུགས་ལས་ཕྱུང་ངོ་། །བསྙེན་པའི་རྟགས་ནི་བྱུང་བ་དང་། །སྒྲུབ་པ་པོ་ཡིས་དངོས་གྲུབ་བླང་། །ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི།


DNG019_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏེ་སིདྡྷི་ཧཱུཾ་ཧྲཱྀཿཐ། དེ་ནས་དངོས་གྲུབ་བླང་བར་བྱ། །དེ་ཡིས་གཉིས་མེད་དོན་དམ་མཐོང་། །ཚེ་ཡི་རིག་འཛིན་སྨོས་ཅི་དགོས། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །དེ་ཡིས་ཡེ་ཤེས་ཆེན་པོ་མཐོང་། །སེམས་དཔའ་ཡིད་དང་རྣམ་པར་ཤེས། །ཐོས་བསམ་བསྒོམ་ལ་རག་ལས་པས། །གླེགས་བམ་མཐོང་བས་ཤེས་སྙམ་བླུན། །དེ་བས་ནན་ཏན་བྱ་བར་ཤེས། །རི་བོང་ཅན་ཡང་གསལ་བྱའི་ཕྱིར། །ཤེས་པ་ཉི་ལྟར་གསལ་བར་བལྟ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། རིག་པའི་རྒྱལ་པོ་དང་དེ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་གནས་ཀྱི་དབྱིབས་བརྟགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ཡང་དག་པར་གསུངས་སོ། །སྣང་བ་ཡེ་ཤེས་གསུམ་གྱིས་བསྲེག །ཟུང་དུ་འཇུག་པས་ཡེ་ཤེས་མཐོང་། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དུ། །ས་གཞི་ཡོངས་སུ་བརྟག་བྱས་ལ། །དེ་བཞིན་ཆོ་ག་ལེགས་པར་བྱ། །ས་ཡི་རོ་རྣམས་མེད་པ་དང་། །ལས་དང་བྱ་བས་གནས་ཁང་བརྩིག །ལེགས་པར་ཞལ་གྱིས་ཕྱིན་པ་དང་། །རྣམ་པ་སྣ་ཚོགས་དྲི་ཡིས་བྱུག །དེ་ནས་དབང་བསྐུར་གནང་བའི་ཡུལ། །རྣལ་འབྱོར་མི་མང་མི་ཉུང་བསོག །ཡོ་བྱད་རྫས་རྣམས་འཚོགས་པར་བྱ། །དེ་ནས་དམ་སྲིའི་ལས་བྱས་ཏེ། །སྔོན་དུ་སྦྱིན་པ་རྒྱ་ཆེར་བཏང་། །དེ་ནས་འབྱུང་པོ་ཐམས་ཅད་བསྐྲད། །ཕྱོགས་སྐྱོང་དག་ལ་སྦྱིན་གཏོར་གཏང་། །བརྔན་པ་བསྐངས་ནས་ཕྱི་མཚམས་བཅད། །དམ་པ་རྣམས་ཀྱིས་དམ་སྲི་མནན། །དཀྱིལ་འཁོར་གྲུ་བཞི་ལམ་པ་ལ། །ཁྲུ་བཞིའི་ཚད་ལ་ཁྲུ་གང་དཔངས། །སྤོས་དང་ག་པུར་འོ་མ་དང་། །དྲི་སྣ་ལྔ་ཡིས་ཆག་ཆག་གདབ། །རཀྟའི་ཐིག་ལེ་ལྔ་བྱས་ལ། །


DNG019_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བདུད་རྩི་རྣམ་པ་ལྔ། །སོ་སོའི་རིགས་དང་མཐུན་པར་གཞག །དེ་ལ་བཤད་པའི་ཆོ་ག་བྱ། །དེ་ནས་མཎྜལ་སྐྱང་ནུལ་བྱ། །མ་ཏྲང་ཁོག་པ་ཁ་ཕྱེས་ལ། །གཞལ་ཡས་ཁང་དུ་བྱིན་གྱིས་བརླབ། །ཐིག་རྣམས་ལེགས་པར་བཏབ་པ་དང་། །འཁོར་ལོ་རྩིབས་བཞི་ཁྱམས་དང་ལྡན། །དེ་བཞིན་སྒོ་དང་ལྕགས་རི་ལ། །ལྷ་རྣམས་ལེགས་པར་ཚད་དང་ལྡན། །ཤར་དུ་ཚོགས་པའི་དཀྱིལ་འཁོར་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །ལྷོ་རུ་བསྡུ་བའི་དཀྱིལ་འཁོར་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ནུབ་ཏུ་སྦྱོར་བའི་དཀྱིལ་འཁོར་ཏེ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །བྱང་དུ་སྒྲོལ་བའི་དཀྱིལ་འཁོར་ཏེ། །བྱ་བ་ནན་ཏན་ཡེ་ཤེས་ཡིན། །དེ་ལྟར་དབུས་དང་ཡེ་ཤེས་ལྔ། །ཞི་བའི་དཀྱིལ་འཁོར་མངོན་སངས་རྒྱས། །དབུས་ནས་བརྩམ་སྟེ་ལྷ་རྣམས་ཀྱི། །སྙིང་པོ་ཕྱག་རྒྱ་གང་ཡང་རུང་། །དབུས་སུ་རིན་ཆེན་ཁྲི་བཙུག་སྟེ། །སྨན་གྱི་ཕོ་བྲང་སྤུང་སྟེ་བཞག །རྒྱལ་པོ་ལ་སོགས་མདུན་མདུན་དུ། །སྨན་གྱི་རིག་འཛིན་བསྐང་བའི་ཕྱིར། །བཟེད་ཕོར་རེ་དང་ཨརྒྷ་རེ། །དེ་བཞིན་ཕྱོགས་བཞིར་བཀྲམ་པར་བྱ། །མཆོད་པ་དུས་དྲུག་དེ་བཞིན་བྱ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །ཤཱུ་ནྱ་ཏཱ་ཡི་སྔགས་བརྗོད་ལས། །ཡང་དག་ས་ལ་ངེས་ཕྱིན་ཏེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་གསལ། །དེ་ནས་རྒྱས་པར་མི་ཤེས་པས། །ཚད་མེད་བཞི་ཡིས་མངོན་ཕྱུང་སྟེ། །ཀུན་ལ་ཁྱབ་པར་སྣང་བས་ན། །ཀུན་ཏུ་སྣང་བའི་ཏིང་འཛིན་གསལ། །དེ་ལས་རྒྱུ་ཡི་ས་བོན་ཏེ། །ཤིན་ཏུ་དཀར་ཞིང་འོད་འཕྲོས་པས། །དེ་ལས་བསྐྱེད་པའི་ཨ་དཀར་པོ། །དེ་ལས་ཐམས་ཅད་བསྐྱེད་པའི་ཕྱིར། །རྒྱུ་ཡི་ས་བོན་ངེས་པར་འབྱུང་། །འབྱུང་བ་ལྔ་དང་གཞལ་ཡས་ཁང་། །རིམ་པ་བཞིན་དུ་དེ་ལས་འབྱུང་། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྩ་བའི་དཀྱིལ་འཁོར་དེ་བཞིན་ཏེ། །རྒྱལ་བ་ཐམས་ཅད་བསྐྱེད་པའོ། །ཞེས་གསུངས་སོ། །


DNG019_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དབྱིངས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཞི་བ་རྩ་བའི་མཎྜ་ལ། རིག་པའི་རྒྱལ་པོ་འདི་གསུངས་སོ། །ཡང་དག་པར་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧཱུཾ་བཛྲ་དྷྲྀཀ །མུཾ་དྷཱ་ཏྭཱི་ཤྭ་རཱི། ཨཱོཾ་ཛི་ན་ཛིཀ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛཱ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོ། ཧྲིཾ་ཧ་ཧཱུཾ་པདྨ་པཱ་ད་མ། ཧྲཱིཾ་གིརྟི་རཱ་གོ྅ཧཾ། ཛིཾ་ཀུ་རུ་པཱ་ཎ། ཨཾ་ནི་རྟི་རཱ་ག་ཡཱ་མི། མཻ་དྷ་རཱ་ཡ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་ཝེ་ཤ །ཥྲ་ནི་སྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་པུཥ྇་ཨ་བེ་ཤ་ཡ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་བ་སུ་གི་རི། མུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། ཧོ་གྷནྡྷེ་ཙིཏྟ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨཱོཾ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨོཾ། ཨཱོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཏྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་པྲ་སྭཱ་ཧཱ། ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། ཧཱུཾ་ཡ་མཱན་ཏ་ཀྲྀཏ་ཕཊ། ཨཱོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་བིགྷ་ནཱན་ཏ་ཀྲྀཏ་ཕཊ། ཨཱོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་པདྨཱནྟ་ཀྲྀཏ་ཕཊ། ཨཱོཾ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ཨཱོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རིག་པའོ། །དེ་ནས་ཡང་ཕྱག་མཚན་བཀའ་སྩལ་ཏོ། །དེ་དག་རྣམས་ཀྱི་ཕྱག་རྒྱ་ནི། །འདེབས་པའི་ཕྱིར་ན་ཕྱག་རྒྱ་ཆེ། །རྒྱུ་ལ་འབྲས་བུས་རྒྱས་འདེབས་པས། །དེ་ཁོ་ན་ཉིད་ལས་སྐུ་བསྐྱེད་དོ། །ཕྱག་རྒྱ་ལས་ནི་སྐུ་རུ་གསལ། །དེ་ཕྱིར་རྡོ་རྗེ་དྲིལ་བུ་དང་། །འཁོར་ལོ་དང་ནི་དྲིལ་བུ་དང་། །རིན་པོ་ཆེ་དང་དྲིལ་བུ་དང་། །པདྨ་དང་ནི་དྲིལ་བུ་དང་། །རལ་གྲི་དང་ནི་དྲིལ་བུ་དང་། །གཞན་ཡང་རིན་པོ་ཆེ་དང་མྱུ་གུ་དང་། །མེ་ལོང་རལ་གྲི་ཕྲེང་བ་པདྨ་


DNG019_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་དང་། །ཀླུ་ཤིང་སྤོས་མེ་རྡོ་རྗེ་དང་། །གར་གྱི་ལག་པ་ཆོས་ཀྱི་འཁོར་ལོ་མེ་ཏོག་དང་། །རིན་པོ་ཆེ་ཡི་སྙེ་མ་དང་། །མར་མེ་ཨུཏྤལ་དྲི་ཆབ་བོ། །དེ་དང་དེ་དག་ཐམས་ཅད་ནི་བསྐྱེད་པའི་ཕྱག་རྒྱའོ། །གཉིས་པ་མཉམ་པར་གཞག་པའི་ཕྱག་རྒྱ་ནི། པི་ཝང་གོ་ཆ་གསེག་པར་དང་། །པོ་ཏི་སྒྲོམ་བུ་མེ་ཆུ་ནྲྀ་མགོ་གདེངས་པའོ། །ལྕགས་ཀྱུ་རྡོ་རྗེ་ཞགས་པ་དང་། །ཐོད་སྦྲུལ་ལྕགས་སྒྲོག་རྡོ་རྗེ་རྒྱ་གྲམ་དང་། །དྲིལ་བུར་གྱུར་པ་དེ་རྣམས་སོ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། རིག་པ་དང་རིག་མའི་རྒྱུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་རྡོ་རྗེ་དཔུང་རྣམ་པར་བཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཁྲོ་བོའི་དཀྱིལ་འཁོར་འདི་རིག་པ་དང་བཅས་ནས། མངོན་པའི་ཏིང་ངེ་འཛིན་དུ་འདུ་མཛད་པ་འདི་ཆེད་དུ་བརྗོད་དོ། །ཨ་ཡི་ཕྱག་རྒྱ་ཧཱུཾ་དུ་གསལ། །ཧཱུཾ་ལས་ཐུགས་ལས་རྡོ་རྗེ་འབར། །དེ་ལས་ཆེ་མཆོག་ཕྱག་རྒྱར་གསལ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཾ་ཛྭ་ལ་ཧཱུཾ། དེ་ཡང་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་གསལ་བའོ། །དེ་ནས་ཡང་འདི་གསུངས་སོ། །དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་བ། །ཀྲོ་ཏཱི་ཤྭ་རཱི་གནམ་ཞལ་མ། །གསང་བའི་ཡུམ་ཡང་ཡབ་དང་མཐུན། །ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་སྟེ། །དང་པོ་རྡོ་རྗེ་དྲིལ་བུ་བསྣམས། །ལྷག་མ་བརྒྱད་གཉིས་དེ་བཞིན་བསྣམས། །དེ་ནས་ཡང་འདི་གསུངས་སོ། །ཧཱུཾ་ལས་རྡོ་རྗེ་པཾ་ལས་པདྨ། ས་མ་ཡ་ཧོ། ས་མ་ཡ་། ར་ཧོ་ཧཾ། རཱ་ག་ཡཱ་མ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། མཆོད་པའི་སྔགས་སྦྱོར་བའི་ཚིག་གོ། །དེ་ལས་གསལ་བའི་བྱང་ཆུབ་སེམས། །ཡང་དག་པར་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་


DNG019_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གསལ། །དེ་ལས་ཧཱུཾ་ཧཱུཾ་ཧཱུཾ་སེམས་ཀྱིས་ཞུ། །ཨཱོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དནྡྲ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཏ་ཀྲྀཏ་ཆེན་པོ་བརྒྱད་དུ་གསལ་ལོ། །དེ་ནས་ཡང་འདི་དག་ཐུགས་ལས་ཕྱུང་ངོ་། །ཨཱོཾ་བུཌྜྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨཱོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བྱོལ་སོང་གི་གཙོ་བོ་བརྒྱད་མནན་པའོ། །སྐུ་དང་ཡེ་ཤེས་གསལ་བ་ལས། །ཏ་ཀྲྀཏ་བརྒྱད་དང་རིགས་ཀྱི་གཙོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །དེ་སྟེང་རིགས་བཞི་ཧེ་རུ་ཀ །དཔལ་ནི་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་པདྨ་དང་། །ལས་སུ་གྱུར་ཏེ་ཁྲོ་རྒྱལ་བཞི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་མནན། །དེ་སྟེང་བཛྲ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་ཡིས། །རིགས་བཞི་ཁྲག་འཐུང་དབུ་རྣམས་མནན། །དེ་སྟེང་ཁྲོ་མོ་གནམ་ཞལ་མ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་སྟེ། །ཞབས་བརྒྱད་རྡོ་རྗེ་ཁྲག་འཐུང་མནན། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །ཁྲོ་མོའི་སྨིན་མཚམས་ཞབས་ཀྱིས་བརྫིས། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་གསལ། །ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །དེ་ནས་བྱིན་རླབས་དབང་བསྐུར་ཏེ། །ཡེ་ཤེས་ལྔ་རུ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་པའོ། །དེ་ཡིས་གཉིས་མེད་ཡེ་ཤེས་མཐོང་། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། རིགས་དང་སྔགས་དང་དཀྱིལ་འཁོར་གསལ་བར་བསྐྱེད་པའི་


DNG019_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་སྟེ་ལེའུ་བཅུ་དྲུག་པའོ།། །།དེ་ནས་ཡང་དོན་ཐབས་མ་ནོར་བ་འདི་ལྟ་བུ་གསུངས་སོ། །ཡེ་ཤེས་ཀློང་གི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་བཞུགས་ནས། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །སྔོན་གྱི་དམ་ཚིག་ཆེན་པོ་ཡིས། །ཁྲག་འཐུང་འཁོར་བཅས་གཤེགས་སུ་གསོལ། །འཆི་མེད་བདུད་རྩིའི་དཀྱིལ་འཁོར་ནས། །དཔལ་འབར་ཆེ་མཆོག་ཧེ་རུ་ཀ །རྒོད་དང་གཤེ་དང་ཟ་བྱེད་པ། །འཇིགས་པའི་ཚུལ་གྱིས་གཤེགས་སུ་གསོལ། །ཨེ་མ་ཧོ་ཆེ་མཆོག་ཧེ་རུ་ཀ །ཆོས་ཀུན་སྐུ་ལ་རྫོགས་པ་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་མཁའ་ལ་ལོངས་སྤྱོད་རྫོགས་པའི་སྐུ། །དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས། །ཆུ་རླབས་ལྟ་བུར་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བརྡལ་བ་བཞིན། །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་འོད་སྟོང་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་བཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེའི་གསུང་གིས་ལྗགས་སྒྲ་བརྡབ་པས་ཀྱང་། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །ཐེག་ཆེན་དོན་དམ་གསང་སྔགས་སྒྲོགས་པའི་ཚེ། །འབར་བའི་སྨིན་མ་མུན་རུབ་གློག་ལྟར་འཁྱུག །སྤྱན་དམར་བཟློག་པས་སྡང་མིག་ཉི་ལྟར་འབར། །འབར་བའི་ཤངས་ནས་བསྐལ་པའི་འཚུབས་ནག་འཁྱིལ། །རྡོ་རྗེའི་ཐོག་དང་གནམ་ལྕགས་སེར་ཆེན་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ནི། །ཉོན་མོངས་ལོག་ལྟའི་ཚོགས་ལ་རྔམས་ཤིང་འཁྲུགས། །ཐོད་རུས་ཤ་དང་རྐང་རུས་འབུ་དང་རྣག །ཟ་བྱེད་རྔམ་པའི་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་གདུག་པའི་རྒྱན། །རྔམ་པའི་སྐུ་ལ་


DNG019_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བརྗིད་པར་བརྒྱན། །ཟ་བྱེད་རྔམས་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པ་ཕོ་ཉར་མཛད། །འབར་བ་ཀུན་དང་ཐར་པའི་ཆོས་རྣམས་ནི། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། སྤྱན་དྲང་བའི་ཐབས་དང་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དཔའ་བོ་གཅིག་ཚུགས་ཀྱི་སྒྲུབ་པ་ཡང་དག་པར་གསུངས་སོ། །དཔའ་བོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། །ཁམས་གསུམ་སྒྲོལ་བའི་བཅོམ་ལྡན་འདས། །དུག་གསུམ་འཇོམས་པའི་བཅོམ་ལྡན་འདས། །སྐུ་གསུམ་ལྷུན་གྲུབ་བཅོམ་ལྡན་འདས། །མཉམ་ཉིད་གཏེར་ལྡན་བཅོམ་ལྡན་འདས། །མགོན་པོ་ཀུན་ལ་ཕྱག་འཚལ་ལོ། །མགོན་པོ་ཀུན་ལ་སྐྱབས་པའི་ཆོས། །ཀུན་གྱི་སྣང་བའི་དམ་ཆོས་འདི། །ང་དང་ང་ཡིས་བསྟན་པས་བཤད། །སེམས་དཔའ་ཡང་དག་ཐུགས་ལ་སེམས། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་དཀྱིལ་འཁོར་རྫོགས་པའི་ཕྱིར། །སོར་བཞི་པ་ཡི་དཀྱིལ་འཁོར་ལ། །ག་པུར་ཙནྡན་ཆག་ཆག་གདབ། །དྲི་སྣ་ལྔ་ཡི་ཐིག་ལེ་བྱ། །དེ་རུ་དུང་གི་སྣོད་བཞག་སྟེ། །ནང་དུ་བཙོད་ཀྱི་འོ་མ་དང་། །དཔའ་བོ་གཅིག་ཚུགས་གཞག་པར་བྱ། །ཨོཾ་ཨཱ་མྲྀ་ཏ་ར་སཱ་ཡ་ན་ཨཱཿཧཱུཾ་ཧྲཱྀཿཐ། ཞེས་པས་སྦྱང་། བྱེ་བ་ས་ཡ་སོང་བ་དང་། །སྐྱ་རེངས་ཤར་བའི་ཚེ་ན་བཟའ། །དེ་ལྟར་དངོས་གྲུབ་རབ་བླངས་ལ། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུབ། །དེ་ལྟར་ཅི་བདེར་ཟོས་ན་ནི། །ཚེ་ཡི་རིག་འཛིན་ཐོབ་པར་ངེས། །ཤིན་ཏུ་


DNG019_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ལུས་ཐོབ་ནས། །རི་རབ་ཁོང་སེང་ལམ་བྱས་ཏེ། །དགའ་ལྡན་རྣམས་ཀྱི་བུ་མོ་སྤྱོད། །ཆགས་པ་བདེ་བའི་ཉམས་མྱོང་ནས། །རྣམ་པར་མི་རྟོག་ས་ལ་གནས། །ས་གནས་ཡེ་ཤེས་སྐྱེ་འགྱུར་ནས། །རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། །བདུད་རྩིའི་རྒྱལ་པོར་དེ་འགྱུར་རོ། །དེ་ལ་གཤེགས་པ་ཤུལ་མི་མངའ། །རྣམ་པར་མི་རྟོག་ས་ཐོབ་ནས། །འགྲོ་བའི་དོན་ལ་གཤེགས་པར་བྱ། །ས་ཡ་འབུམ་པ་དེས་གསུངས་འགྱུར། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དཔའ་བོ་གཅིག་ཚུགས་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་ཕན་གདགས་པའི་ཐབས་དོན་མ་ནོར་བ་འདི་གསུངས་སོ། །བྱམས་པ་ཆེན་པོའི་ཏིང་ངེ་འཛིན་སྙོམས་པར་ཞུགས་ནས་གནས་པ་ལ། རྡོ་རྗེ་ཆོས་ཀྱིས་འདི་སྐད་ཞུས་པ། ཀྱེ་རྒྱལ་བ་རྒྱལ་བ་ཐུགས་ལ་མངའ། །རྒྱལ་བ་རྒྱལ་བ་དོན་ལ་མངའ། །ཐུགས་རྗེ་མྱ་ངན་འདས་འོག་ཏུ། །མྱ་ངན་མི་འདའ་ཐུགས་རྗེའི་ངང་། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །ན་བ་དང་ནི་ཚ་བ་དང་། །སྐོམ་པ་དང་ནི་བཀྲེས་པ་དང་། །དེ་བཞིན་སྡུག་དང་བསྔལ་བ་དང་། །སྐྱེ་བ་དང་ནི་རྒ་བ་དང་། །བར་མ་དོ་ཡི་སེམས་ཅན་འབྱུང་། །གཟུ་བོ་ཆེན་པོ་གཟུ་མཛོད་ལ། །འཚོ་བྱེད་སྨན་པས་སྨན་གྱིས་གསོས། །ཞེས་གསོལ་པས། དེ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོ་དེ་ཐུགས་ཀྱི་དཀྱིལ་འཁོར་ནས་བཞེངས་ཏེ་ཡོངས་སུ་གསུངས་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ། །གཟུ་བོར་སྐུལ་བ་རྡོ་རྗེ་ཆོས། །སྨན་པར་སྐུལ་བ་རྡོ་རྗེ་ཆོས། །ལེགས་པར་ཞུས་པ་ལན་གྱི་མཆོག །ང་ཡི་ཡིད་ལས་བྱུང་བ་འདི། །ཉོན་ཅིག་ཉོན་ཅིག་རྡོ་རྗེ་ཆོས། །སྡུག་བསྔལ་དག་གི་མཚན་ཉིད་ནི། །ཅི་ལྟར་རྣ་བར་ཆུ་སོང་བ། །ཆུ་གཞན་དག་གིས་འབྱིན་བྱེད་པ། །ཅི་ལྟར་ཆུ་ཡིས་ཚིག་པ་ལ། །ཆུ་གཞན་དག་གིས་བགྲང་བར་བྱ། །ཅི་ལྟར་ཆུ་ཡིས་འཁྱགས་པ་ལ། །ཆུ་གཞན་དག་གིས་བགྲང་བར་བྱ། །ཇི་ལྟར་ཆུ་ཡིས་ཟ་བ་ལ། །ཆུ་གཞན་དག་གིས་


DNG019_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་བར་བྱ། །ཅི་ལྟར་མེ་ཡིས་ཚིག་པ་ལ། །མེ་གཞན་དག་གིས་བགྲོ་བར་བྱ། །ཅི་ལྟར་མེ་ཡིས་གདུངས་པ་ལ། །མེ་གཞན་དག་གིས་དབྱུང་བར་བྱ། །མེ་ཡིས་མེ་བཏང་མེ་ཡིས་བསྐམ། །མེ་ལ་མེ་བཏང་མེ་ཡིས་བསྲེག །ཅེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །ནད་པ་དག་ལ་ན་བ་གཅེས། །ཚ་བ་དག་ལ་ཚ་བ་གཅེས། །སྐོམ་པ་དག་ལ་སྐོམ་པ་གཅེས། །བཀྲེས་པ་དག་ལ་བཀྲེས་པ་གཅེས། །སྡུག་པ་དག་ལ་བསྔལ་བ་གཅེས། །བསྔལ་བ་དག་ལ་སྡུག་པ་གཅེས། །སྐྱེ་བ་དག་ལ་རྒས་པ་གཅེས། །རྒས་པ་དག་ལ་སྐྱེ་བ་གཅེས། །དཔེ་ནི་རྒྱལ་པོ་མེ་བཞིན་ནོ། །དེ་ནས་ཡང་འདི་གསུངས་སོ། །སྟག་མོ་སྡིག་པའི་སྦྱོར་བ་ཡིས། །ཨགྣི་ལས་རྣམས་ཐེ་ཚོམ་མེད། །རྣལ་འབྱོར་མཆེད་པ་གང་དག་གིས། །ཤི་བའི་རོ་ལ་དེ་བྱས་ན། །བ་སྦྲང་དག་གི་རྒྱལ་ཁམས་བསྲེག །དཔེར་ན་སྟག་མོའི་མེ་བཞིན་ནོ། །དེ་ནས་ཡང་འདི་གསུངས་སོ། །མདོར་ན་ཆོས་རྣམས་ཐམས་ཅད་ནི། །བྱིས་པའི་རྩེད་མོ་ཅི་བཞིན་ཏེ། །བྲག་ཆ་དག་ལ་བྱིས་པ་ལྟར། །དེ་བཞིན་སྒྱུ་མའི་ཆོས་རྣམས་ནི། །བརྟག་ན་དངོས་པོ་གང་ཡང་མེད། །གཉིད་ལོག་རང་ལ་དབང་བྱས་ན། །རྒས་པོ་མ་ནིང་བྱིས་པ་དང་། །དེ་བཞིན་དགེ་སློང་ཤེས་རབ་དབང་། །དཔེར་ན་དགེ་སློང་ཀླུ་བཞིན་ནོ། །དེ་ནས་ཡང་འདི་གསུངས་སོ། །རྣལ་འབྱོར་ཐམས་ཅད་སྡོམ་པ་ལས། །ཆོས་སྐུ་གཅིག་ལ་ཐ་དད་པ། །ས་དང་ལམ་གྱི་རིམ་པ་ཡི། །ཉེ་རིང་འཚོ་མཐའི་གྲུ་བཞིན་ནོ། །དཔེར་ན་དངུལ་ཆུའི་གསེར་ཚོལ་འདྲ། །དེ་ནས་ཡང་འདི་གསུངས་སོ། །ལུས་དང་ངག་དང་སེམས་དང་གསུམ། །མདུང་ཁྱིམ་བཞིན་དུ་ཡོངས་སུ་བསྟན། །གཅིག་འགྱེལ་གཉིས་འགྱེལ་གཅིག་མི་སྤོང་། །ལུས་ངག་ཡིད་གསུམ་འདམ་བུ་འདྲ། །དཔེ་ནི་སློབ་དཔོན་སློབ་མ་བཞིན། །གཅིག་གིས་སྡིག་བྱས་མཉམ་པོར་བསྲེག །དེ་ནས་ཡང་འདི་


DNG019_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ལྟ་བ་སྤྱོད་པ་དམ་ཚིག་གསུམ། །གཅིག་ལ་གཅིག་བརྟེན་ཡོངས་ཀྱིས་ཚང་། །གཅིག་མ་ཚང་བར་གཅིག་མི་ཚང་། །གཅིག་གིས་གཅིག་ལ་མ་བརྟེན་ན། །དམངས་དང་རྗེ་དང་རྒྱལ་པོ་འདྲ། །དཔེར་ན་གསེར་གླིང་རྒྱལ་ཁམས་འདྲ། །དེ་ནས་ཡང་འདི་གསུངས་སོ། །སྨན་དང་དྲི་དང་རྩི་དང་གསུམ། །གཅིག་གིས་གཅིག་སྦྱར་བདུད་རྩི་སྟེ། །གཅིག་ལ་གཅིག་བརྟེན་སྨན་གྱི་མཆོག །འདུས་ནས་སྨན་དུ་རབ་སྦྱར་ན། །རྩི་ཡི་མཆོག་ནི་དར་ཡ་ཀན། །དཔེ་ནི་ཁ་ཆེའི་གུར་གུམ་འདྲ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། ཁམས་གསུམ་གྱི་སེམས་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བསལ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བརྟག་པའི་རྒྱལ་པོ་ཕྱི་མ་འདི་ཡོངས་སུ་བཤད་དོ། །དེ་ནས་ཡང་དབང་བསྐུར་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ཡོངས་སུ་ཡང་དག་པར་གསུངས་སོ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །དྲི་ཡི་ལྷ་མོ་དྲི་ཆབ་མ། །རྩི་ཡི་ལྷ་མོ་གྲུབ་པ་མོ། །ཤིང་གི་ལྷ་མོ་འོད་འཆང་མ། །ལྷ་མོ་ཁྱོད་ལ་སྩལ་བ་ནི། །བྱིས་པ་ལོ་བརྒྱད་གཙང་མ་ཡིས། །ཤར་ཕྱོགས་དག་ལ་ཁ་བལྟས་ཏེ། །གོ་ཟུ་དཀར་པོ་གོན་ནས་ནི། །དར་དཀར་དག་གིས་ཤམ་ཐབས་བྱ། །ཆུ་གཙང་དག་གིས་བཀྲུས་ནས་ནི། །ལྷ་ཕྱག་ཕོག་གསུམ་བཙལ་ནས་ནི། །སྨན་དང་རྩི་དང་དྲི་གསུམ་བཙལ། །རྡོ་རྗེ་ཆོས་ཀྱིས་ཡང་ཞུས་པ། །སྟོན་པ་བཅོམ་ལྡན་མགོན་པོ་དང་། །སྨན་དང་རྩི་ཡི་ལྷ་མོ་དང་། །ཤིང་དང་ནགས་ཀྱི་ལྷ་མོ་ལ། །བུཌྜྷ་ཡ་ཡིས་ཕྱག་བཙལ་ནས། །བདུད་རྩི་དངོས་ནི་གང་ལ་བགྱི། །བདུད་རྩིའི་ལས་ནི་གང་ལ་བགྱི། །བདུད་རྩིའི་དབྱེ་བ་གང་ལ་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ལྷ་མོ་རྣམས་ཀྱིས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དང་རྩི་


DNG019_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལྷ་མོ་དང་། །ཤིང་དང་ནགས་ཀྱི་ལྷ་མོ་དང་། །བསྟན་པ་དང་ནི་སྟོན་པ་དང་། །རང་དང་གཞན་གྱི་སྐྱེ་བོ་དང་། །ད་ལྟ་ང་དང་ང་ཡིས་ལ། །ཞུ་བ་དག་ལ་གནང་བར་བྱ། །ཉན་པ་དག་ལ་སྙན་པར་སྨྲ། །སེམས་དཔའ་དག་ལ་བསམ་གཏན་སྦྱིན། །གཏོང་བ་དག་ལ་སྦྱིན་པ་བསླབ། །ལས་རྣམས་ཀུན་གྱི་སྔོན་རོལ་དུ། །སེམས་བསྐྱེད་པ་ནི་བསྟན་པའི་མཆོག །ང་དང་ང་ཡིས་བསྟན་པ་ལ། །ཁྱོད་ཀྱིས་ཞུས་པ་ང་ཡིས་བཤད། །བཤད་པ་ཡང་དག་ཆོས་ཀྱི་མཆོག །བདུད་རྩི་དངོས་ནི་ཆོས་ཉིད་ལགས། །བདུད་རྩིའི་ལས་ནི་ཕྲིན་ལས་ལགས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་དབྱེ་བ་བདེན་པ་གཉིས། །སེམས་བསྐྱེད་སེམས་ཅན་དོན་ལ་སེམས། །གཞན་དོན་བྱེད་དང་རྣམ་གཉིས་སོ། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཞུས་པ། །ཨེ་མ་བདུད་རྩིའི་མགོན་པོ་ཁྱོད། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །མཆོད་པ་གང་ཡིན་དགའ་བ་ཡིན། །བདུད་རྩིའི་ངེས་དོན་བཤད་དུ་གསོལ། །ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཉོན་ཅིག་རྡོ་རྗེ་ཆོས། །གསང་བ་སྔགས་ཀྱི་དམ་པ་སྟེ། །སྒྱུ་མའི་མཚན་ཉིད་ངེས་པའི་དོན། །སྤྲོས་པའི་མཐའ་རྒྱ་ངེས་པའི་དོན། །ལྷངས་ཀྱིས་རྟོགས་པ་ངེས་པའི་དོན། །བསམ་དུ་མེད་པ་ངེས་པའི་དོན། །བསྒོམ་དུ་མེད་པ་ངེས་པའི་དོན། །བརྗོད་ལས་འདས་པ་ངེས་པའི་དོན། །ཚིག་ལས་འདས་པ་ངེས་པའི་དོན། །སྣང་བ་མེད་པ་ངེས་པའི་དོན། །བཅོས་སུ་མེད་པ་ངེས་པའི་དོན། །ཐིག་ལེ་ཆེན་པོ་ངེས་པའི་དོན། །དབྱིངས་ཀྱི་དབྱིངས་ཉིད་ངེས་པའི་དོན། །མཐོང་བ་མེད་པ་ངེས་པའི་དོན། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཞུས་པ། ཨེ་མ་ཧོ་བཅོམ་ལྡན་མགོན་པོ་དཔལ། །རྟེན་གྱི་སངས་རྒྱས་བསྟན་པ་དང་། །ལུང་གི་སངས་རྒྱས་བསྟན་པ་དང་། །སེམས་ཀྱི་སངས་རྒྱས་བསྟན་པ་དང་། །རང་བཞིན་སངས་རྒྱས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟེན་གྱི་སངས་རྒྱས་འབྱུང་བ་ཆེ། །ལུང་གི་སངས་རྒྱས་བདེན་པའི་མཆོག །


DNG019_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སངས་རྒྱས་ནམ་མཁའ་ཆེ། །རང་བཞིན་སངས་རྒྱས་ཡོངས་ལ་ཁྱབ། །ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ཆོས་ཀྱིས་ཡང་ཞུས་པ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །རྟེན་གྱི་སངས་རྒྱས་རྫོགས་པའི་མཆོག །རྒྱུ་བ་རླུང་དང་གནས་པ་རྩ། །དེ་བཞིན་འབབས་པ་བྱང་ཆུབ་སེམས། །དེ་ལ་སོགས་པའི་སངས་རྒྱས་རྣམས། །གང་ལགས་ཅི་ལགས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་སེམས་དཔའ་རྡོ་རྗེ་ཆོས། །འབྱུང་བ་ལྔ་ལ་བརྟེན་པའི་ལུས། །བདུད་རྩི་ལྔ་ཡི་དྭངས་མ་ནི། །རྩ་བ་རླུང་ཉིད་ཡིན་པར་བཤད། །བརྟན་པར་བྱེད་པས་བདུད་རྩིའོ། །དེ་ཉིད་སྣོད་ཀྱི་དྭངས་མ་ཡིན། །དགེ་འཕེལ་མ་དང་རྣམ་རྟེན་དང་། །རྣམ་རྟོག་དང་ནི་ཡོངས་འདུས་སོ། །དེ་ཡི་འབྲས་བུ་བསྟན་པ་ནི། །ག་པུར་མུ་ཏིག་ཤེལ་ལྟ་བུ། །དེ་ལ་མ་ཚང་གཅིག་ཀྱང་མེད། །བདུད་རྩི་ཞེས་ཀྱང་དེ་ལ་བྱ། །གཞན་ཡང་བདུད་རྩི་གང་ཡིན་པ། །སེམས་ཉིད་རྣམ་པར་དག་པ་ལ། །བདུད་རྩི་ཞེས་ནི་དེ་ལ་བྱ། །བདུད་རྩི་རྙེད་ནས་བདུད་རྩི་འཚོལ། །བདུད་རྩི་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩི་ངེས་པའི་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་བདུད་རྩི་ལྡང་ཐང་གི་རིམ་པ་བསྟན་པ་ལ། བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཤིན་ཏུ་མནལ་བ་ལ། ཡང་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བདུད་རྩི་ཞེས་བྱ་བའི་དོན་


DNG019_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ལྡང་བའི་ཐབས་དུ་ཙམ་མཆིས། བཅོམ་ལྡན་འདས་ཀྱིས་བདག་ལ་སོགས་པའི་རྟོག་པ་བསལ་དུ་གསོལ། གཞན་ལ་ཕན་འདོགས་པའི་དོན་བཤད་དུ་གསོལ། ཉིད་ཀྱི་དངོས་པོ་མཁྱེན་པའི་ཡེ་ཤེས་དམ་པ་བསྐྱེད་པའི་ཕྱིར། ལུང་སྩལ་དུ་གསོལ་ཞེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་ལུང་སྩལ་པ། རྡོ་རྗེ་ཆོས་ཡང་དང་ཡང་དག་པར་ན། བདུད་རྩི་ནི་རྣམ་པ་གསུམ་སྟེ། སངས་རྒྱས་བདུད་རྩི་དང་། ཆོས་བདུད་རྩི་དང་། དགེ་འདུན་བདུད་རྩི་དང་རྣམ་པ་གསུམ་མོ། །དེ་གསུམ་གྱི་མཚན་ཉིད་བསྟན་པ་ནི། ལྡང་ཐང་ཞེས་འདས་པའི་སངས་རྒྱས་མར་མེ་མཛད་དང་། ད་ལྟར་དང་བཅས་པའི་བསྟན་པ་དང་། དམ་པའི་སྐྱེ་བ་རྣམས་དང་། མ་བྱོན་པའི་སངས་རྒྱས་ཆེ་གེ་མོ་ལ་སོགས་པས་ཀྱང་བདུད་རྩི་ནི་རྣམ་པ་གསུམ་ལས་མ་གསུངས་སོ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་ཡང་དག་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཅིའི་ཕྱིར་ན་ལྡང་ཐང་ཡིན་གང་ལས་བཏགས་ནས་ལྡང་བ་ཡིན། སུ་ལ་དགོས་ནས་ལྡང་བ་ཡིན། འབྲས་བུ་ཅི་ལྟར་སྨིན་པས་ལྡང་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ཆོས་ཁྱོད་ལེགས་སོ་ལེགས་སོ་ལེགས་པར་ཡིད་ལ་ཟུང་ཞིག །རྒྱུད་དང་འབྲས་བུ་ཐབས་དང་རྣམ་པ་གསུམ་དང་འདྲེལ་བས་ལྡང་བའོ། །གདགས་པའི་ཆ་ནི་རྣམ་པ་དྲུག །ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཉན་ཐོས་དགྲ་བཅོམ་རང་རྒྱལ་དང་། །ཐ་མ་མུ་སྟེགས་མུར་ཐུག་ལ། །དགོངས་པའི་དགོངས་པ་བསྟན་པ་ཡིན། །འབྲས་བུ་སངས་རྒྱས་རིན་པོ་ཆེ། །དགོས་འདོད་རེ་བ་འབྱུང་བའི་རྒྱུ། །ཡང་དག་བར་ན་ཆོས་ཀྱི་སྐུ། །དེ་ལས་སངས་རྒྱས་གཞན་མེད་པས། །གཞན་ལས་སངས་རྒྱས་འདོད་པ་ནི། །ཚིག་ལ་བརྟེན་ནས་དྲང་བའི་དོན། །མིང་དང་མཚན་དུ་གྲགས་


DNG019_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །བརྡ་དང་སྐད་དུ་གྲགས་པ་དང་། །ཚིག་དང་ཡི་གེར་གྲགས་པ་ཀུན། །དཔེར་ན་རྒྱལ་པོ་བརྙན་མ་འདྲ། །ཆོས་ཀྱི་སྐུ་ལས་མ་གཏོགས་པ། །སངས་རྒྱས་འདོགས་པའི་གསང་མཆོག་དེས། །རི་བོ་ཅན་དང་འགྲོགས་འགྲོགས་ཀྱང་། །དེ་ཡི་དེ་ཉིད་མཐོང་མི་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཡང་དག་པར་གསོལ་ཏེ། མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས། །བཅུད་ལེན་བདུད་རྩི་བསྒྲུབ་འདོད་ན། །གནས་ནི་ཇི་ལྟ་བུ་ཞིག་བཙལ། །རྟེན་ནི་གང་ལྟ་བུ་ལ་བགྱི། །བཅོམ་ལྡན་འདས་ཡང་དག་པར་བཀའ་སྩོལ་དང་ཞེས་གསོལ་ཏོ། །དེ་ནས་ཡང་གསང་བའི་མཛོད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཡང་དག་པར་ཉན་པར་བྱོས་ཤིག །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །གདོལ་པ་མོ་ཡང་དང་དུ་བླང་། །བཅུ་གཉིས་བཅོ་ལྔ་ཉི་ཤུ་གཉིས། །སུམ་ཅུ་རྩ་གཅིག་མན་ཆད་དུ། །ལེགས་པར་བརྟག་བྱས་ཁྲུས་བྱོས་ལ། །དྲི་རྩི་ཀུན་གྱིས་བྱུག་པར་བྱ། །དཀྱིལ་འཁོར་ཁྲུ་གང་སོར་བཞི་ལ། །བདུད་རྩི་ལྔ་ཡིས་ལེགས་བྱུག་ལ། །ལེའུ་ཚེ་ལྔ་ཡི་ཐིག་བཏབ་ལ། །ཕོ་བྲང་རིགས་དང་མཐུན་པ་ལྔ། །གོ་རིམ་བཞིན་དུ་ཚོན་གྱིས་དགོད། །སྨན་ལྔ་བུམ་པའི་སྙིང་པོ་སྟེ། །ཕྱག་རྒྱ་འམ་ནི་སྙིང་པོ་དགོད། །གོའུ་རི་བརྒྱད་དང་སྒོ་མར་བཅས། །ལྷ་གྲངས་བཞིན་དུ་བུམ་པ་དགོད། །ལེགས་པར་བདུད་རྩིར་གྱུར་པ་དང་། །བུ་མོའི་མགོ་ལ་གཞག་པར་བྱ། །དཀོན་མཆོག་གསུམ་གྱི་མཚན་བརྗོད་ལ། །དཀྱིལ་འཁོར་ཐམས་ཅད་རྒྱས་པར་བསམ། །རང་ཉིད་རྣལ་འབྱོར་བྱིན་བརླབས་ལ། །ཤ་དང་ཆང་གིས་བུ་མོ་གསོ། །བདག་ཀྱང་རན་པར་བཟའ་བཏུང་བྱ། །དེ་ཡིས་ཁུ་བ་འཕེལ་བར་འགྱུར། །སེང་གེའི་སྦྱོར་བ་རབ་བྱས་ཏེ། །འཁྲིག་པ་རྡོ་རྗེ་གཏུན་གྱིས་བལྟ། །ཁུ་བ་འཕེལ་བ་བཏུང་བར་བྱ། །ཏིལ་གྱི་མར་ཁུས་ལུས་པོ་མཉེ། །དེ་


DNG019_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དང་པོའི་སྦྱོར་བའོ། །དེ་ནས་ཡང་དག་བསམ་གཏན་བྱ། །གང་ཡང་རུང་བའི་ཟས་ཟོས་ལ། །གང་ཡང་རུང་བའི་བསམ་གཏན་བྱ། །དེ་ལྟར་ཡིན་ལ་བྱས་པས་ནི། །ལྷ་དང་མཉམ་པའི་ཚེ་རུ་འགྱུར། །དེ་ནི་བསྐྱེད་པའི་རིམ་པ་སྟེ། །རྫོགས་པའི་རིམ་པ་འདོད་པ་ལ། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །བདུད་རྩིའི་དཀྱིལ་འཁོར་རྣམ་མང་ཡང་། །བྱང་ཆུབ་སེམས་ཀྱི་དུང་ཁང་ན། །ག་པུར་དཀར་པོའི་རྒྱུན་འབབ་པ། །དབང་གི་རིམ་པས་བྱིན་བརླབས་པ། །བུ་མོ་དག་གི་མཁའ་ལ་དབབ། །དེ་ཡང་དང་པོ་དགའ་བའི་གནས། །མུ་ཏིག་དཀར་པོ་ཤེལ་གྱི་རྒྱུན། །བ་ཡི་ཐག་པ་ཙམ་ཞིག་དབབ། །ལོངས་སྤྱོད་རྫོགས་པའི་བདུད་རྩི་ཡིས། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ཆོས་དང་མཐུན་པར་འཁོར་ལོ་སྟེ། །བྱང་ཆུབ་སེམས་ཀྱི་བསྡིམ་གནས་པ། །སྤྲུལ་པའི་འཁོར་ལོ་དགའ་བའི་གནས། །བདུད་རྩིའི་ཁང་པ་ཡང་དག་སྟེ། །དགའ་བ་དང་པོ་དགའ་བ་ཡིན། །དེ་ནས་གཉིས་པ་དགའ་བ་ཡིས། །ངལ་བསོ་བ་ཡི་དགའ་བ་སྟེ། །གསུམ་པ་བུམ་པའི་དགའ་བ་པོ། །བཞི་པ་བྱང་ཆུབ་དགའ་བ་སྟེ། །བྲལ་མ་ཐག་གི་བདུད་རྩིའོ། །བདུད་རྩི་ཞེས་སུ་བཤད་པ་འང་། །ཚུལ་ལམ་ཐབས་ཀྱིས་གཞག་པར་བྱ། །དེ་ལ་བདུད་རྩི་ལྔ་ཚང་བས། །བདུད་ཀྱི་ལན་གྱི་བདུད་རྩིའོ། །ལུས་ཀྱི་བདེ་བ་ཉམས་མྱང་བས། །སེམས་ཀྱི་བདེ་བ་ཐོབ་པར་འགྱུར། །དེ་ལྟར་བདེ་བ་ཉམས་མྱོང་ནས། །རྣམ་པར་དབེན་པ་གསུམ་ལ་གནས། །དབེན་པ་གསུམ་གྱི་ས་ཐོབ་ན། །དབུགས་ནི་ཐིག་ལེ་ཉིད་ལ་གནས། །སེམས་ཀྱིས་སེམས་ལ་བལྟས་པས་ན། །ཐིག་ལེ་འོད་ལས་འགྲོ་དྲུག་གསལ། །ཨ་ནྲྀ་པྲེ་དུ་ལྷག་མར་བཅས། །ཡང་དག་པར་ན་ས་ལེའོ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བསྐྱེད་རྫོགས་གཉིས་ཟུང་དུ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དབུགས་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །སངས་རྒྱས་སེམས་ཅན་མཉམ་པའི་ཕྱིར། །སྐུ་གཅིག་པ་ལ་ཐ་དད་མེད། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །འབྱུང་བ་


DNG019_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཉིད་རིགས་ཀྱི་ཡུམ། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །རྣམ་པར་ཤེས་པ་སེམས་དཔའི་ཚོགས། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །དམ་རྫས་རྣམ་ལྔ་སངས་རྒྱས་ལྔ། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །ཤ་ལྔ་སངས་རྒྱས་ལྔ་ཡི་གདན། །དེ་ཡང་སེམས་ཅན་རང་བཞིན་ཡིན། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཏེ། །སེམས་ཅན་ཐམས་ཅད་སངས་རྒྱས་པས། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །ཞེས་གསུངས་སོ། །དེ་ལ་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཞུས་ཏེ། ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །ཐུགས་རྗེ་ཆེ་ལ་ཐབས་མཁས་པས། །རྫོགས་དང་རྫོགས་པ་ཆེན་པོ་ཡི། །དོན་ཐབས་མ་ནོར་བཀའ་སྩལ་པ། །བདག་ཅག་རྣམས་ནི་ངོ་མཚར་ཆེ། །ཨེ་མའོ་ངོ་མཚར་སྨན་གྱི་ཆོས། །དེ་ནི་རང་བཞིན་རྫོགས་པ་སྟེ། །ཐབས་ཀྱི་རྫོགས་པ་བཀའ་སྩལ་འཚལ། །ཞེས་ཡོངས་སུ་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གནས་ལུང་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐབས་ཀྱི་རྫོགས་པ་འདི་བཀའ་སྩལ་ཏོ། །མཁྱེན་པ་ཐབས་ཀྱི་རྫོགས་པ་ནི། །རྩ་དང་འཁོར་ལོ་བྱང་ཆུབ་སེམས། །པགས་པའི་མཐའ་ན་མི་གནས་ཏེ། །གནས་པ་རྣམས་ཀྱི་དུག་ལྔའི་རྒྱུ། །ཕྱི་རོལ་དེ་ལ་མི་བརྟེན་ཏེ། །བདུད་རྩི་རྣམ་ལྔ་གནས་པ་ལ། །གཡས་དང་གཡོན་དང་དབུས་ཀྱི་རྩ། །དེ་ལ་སོགས་པའི་རྩ་རྣམས་ཀུན། །བདུད་རྩི་ལྔ་ཡིས་གང་བར་གནས། །དེ་ཡི་རྟེན་བྱེད་རླུང་ལྔ་སྟེ། །ཡི་གེ་ཕྱེད་པ་ཉིད་དང་དྲུག །དེ་ཡིས་བདུད་རྩི་འཕེལ་བར་བྱེད། །མཱཾ་ས་བཤང་གཅི་ཁུ་བ་ཁྲག །དག་པར་གྱུར་ཏེ་བདུད་རྩི་ལྔ། །ཡེ་ནས་བདེར་གཤེགས་ལྔ་ཡི་ངང་། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཞེས་གསུངས་སོ། །དེ་ནས་ཡང་བསྒྲུབ་པ་རྣམས་བསྟན་པར་བྱ་སྟེ། དེ་ཡང་གང་དག་ཤ་རྣམས་སྟོན་པ་ལ། །དེས་ཀྱང་ཤ་རྣམས་བསྟན་པར་བྱ། །གང་དག་གསེར་རྣམས་སྟོན་པ་ལ། །དེས་ཀྱང་གསེར་རྣམས་བསྟན་པར་བྱ། །གང་དག་རྫས་རྣམས་སྟོན་པ་ལ། །དེས་ཀྱང་རྫས་རྣམས་བསྟན་པར་བྱ། །རྒྱུ་མཆོག་ལྔ་ཡི་རྣ་བ་དང་། །ལྕེ་


DNG019_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམ་ལྔ་ལ། །རིན་ཆེན་སྣ་ལྔ་ཚང་བྱའི་ཕྱིར། །འབྲས་བུ་ལྔ་ལ་རྩ་བ་ལྔ། །རྩ་བ་ལྔ་ལ་རིན་ཆེན་ལྔ། །དེ་བསྒྲུབ་འགྲུབ་པས་ཅི་བསམ་འགྲུབ། །ཅེས་གསུངས་པས། རྫས་ཀྱི་རྣམ་པ་འབྲས་བུ་ལྔ། །བསྒྲལ་བའི་ལྕེ་ལ་སོགས་པ་ལྔ། །རིན་པོ་ཆེ་རྣམ་པ་ལྔར་སྒྲུབ་པ་གསུངས་སོ། །དེ་ནས་ཡང་རོ་རྗེས་སུ་བསྒྲུབ་པ་གསུངས་ཏེ། མཎྜལ་འདོམ་གང་གྲུ་བཞི་ལ། །བདུད་རྩི་སྨན་གྱིས་ཆག་ཆག་གདབ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་བྱ། །ཕྲིན་ལས་རྣམ་བཞིའི་ཕུར་པ་ལ། །བྱིན་བརླབ་དབང་བསྐུར་བྱས་ལ་གཞག །གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། །གང་ནས་རོ་དེ་འོངས་པ་དང་། །འགྱིངས་པའི་སྟབས་ཀྱི་བྲོ་ཡང་བརྡུང་། །དཀྱིལ་འཁོར་ཁ་རུ་བཞག་ནས་ནི། །ཕྲིན་ལས་རྣམ་བཞིའི་ཕུར་པ་གདབ། །དེ་ཡི་ལས་དང་ཉོན་མོངས་ལ། །དྲག་པོ་ཕུར་པས་བརླག་པར་བྱ། །བདག་གི་ཚེ་དང་བསོད་ནམས་དང་། །རྣལ་འབྱོར་གཞན་གྱི་བསོད་ནམས་ལ། །དེ་ལ་བཏབ་པས་རྒྱས་པར་བྱ། །དགྲ་བགེགས་གང་ཡིན་མི་སྲུན་པ། །གདབ་པས་ཐམས་ཅད་དབང་དུ་འདུ། །རིམས་ནད་ཐམས་ཅད་གཅད་པ་དང་། །བགེགས་རྣམས་ཐམས་ཅད་གཞོམ་པའི་ཕྱིར། །ཞི་བའི་ཕུར་པས་ཞི་བར་བྱ། །ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཏི་མུག་བདེ་གཤེགས་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས། །ཞི་བ་ཆེན་པོའི་ཐུགས་རྗེ་ཡིས། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ང་རྒྱལ་རིན་ཆེན་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །དྲེགས་པའི་སེམས་ཅན་མ་ལུས་ཀུན། །ཚེ་དབང་དངོས་གྲུབ་རྒྱས་མཛད་པའི། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །པུཥྚིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདོད་ཆགས་པདྨ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་ཆགས་པའི་སེམས་ཅན་རྣམས། །ཡུད་ཙམ་གྱིས་ནི་དབང་བསྡུས་ནས། །དབང་དུ་


DNG019_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་ལོ། །བ་ཤང་ཀུ་རུ་སྭཱ་ཧཱ། ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྡང་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་གདུག་པའི་སེམས་ཅན་རྣམས། །ཡུད་ཙམ་གྱིས་ནི་བསྡུས་བཏུབ་ནས། །རྡུལ་དུ་མ་བརླག་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བིདྱཱ་རཱ་ཛ། ནཱ་ཤ་ཡ་སྟྭཾ་བྷ་ཡ། ཡ་མ་དམ་སྲི་སྟྭཾ་བྷ་ཡ་ཧཱུཾ་ཕཊ། ཅེས་རྫས་ཀྱིས་བསྒྲུབ་པའོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དབུགས་དབྱུང་བ་དང་རྫོགས་པའི་རིམ་པ་དང་། རོ་བསྒྲུབ་པར་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་དེས། འཁོར་དང་ཡོངས་ཀྱི་རྣལ་འབྱོར་པ་ལ་གདམས་པ་དང་། གཏད་པ་འདི་ཡོངས་སུ་གསུངས་པ། འཁོར་ཐམས་ཅད་ལ་ཡང་བཞད་པའི་ཚུལ་གྱིས་བལྟས་ནས་འདི་སྐད་ཅེས་གསུངས་སོ། །ངས་བསྟན་པའི་གནང་བའི་བདུད་རྩི་འདི། བཅུད་ཀྱི་གདེང་རྣམ་པ་གསུམ་གྱིས། སེམས་ཅན་ཐམས་ཅད་ལ་ལུས་རྣམ་པར་དབེན་པ་དང་། ངག་རྣམ་པར་དབེན་པ་དང་། སེམས་རྣམ་པར་དབེན་པ་དང་། ཡང་དག་པའི་མཐའ་ལ་སྐུ་དང་ཡེ་ཤེས་འབྱུང་བར་བྱོས་ཤིག །འདི་ལ་མ་མོས་གང་དག་ལ། བྲག་ཕུག་ཁ་བྱང་དུ་བལྟས་པ་བཞིན་དུ། ཐུགས་རྗེ་ཆེན་པོ་འདི་འབྱུང་བར་མི་འགྱུར་རོ། །འདི་ལ་མི་མོས་པ་གང་ལ་ལ་དག་ལ། བདུད་རྩིའི་བུམ་པ་ཡང་མགོ་ལ་རེག་པའི་གནས་མེད་དོ། །འདི་ལ་མི་མོས་པ་གང་དག་ལ། གསང་བའི་དོན་འདི་དག་ཚིག་ཙམ་ཡང་ཐོས་པར་མི་འགྱུར་རོ། །འདི་ལ་མི་མོས་པ་གང་དག་ལ་བསྟན་པ་གང་དག་ལ་གནས་པའི་དོན་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་དོན་གང་ཡང་ཐོས་པར་མི་འགྱུར་རོ། །འདི་ལ་མི་མོས་པ་གང་དག་ལ་ཚེ་རབས་གང་དུ་ཡང་ཐ་ན་མུ་སྟེགས་ཀྱི་ཆོས་ཀྱང་ཐོས་པར་མི་འགྱུར། ཡིད་ལ་ཡང་མི་བྱེད། མཐའ་འཁོབ་རྒྱལ་པོ་ངན་པའི་རྒྱལ་ཁམས་ཀྱི་བློན་པོའི་ཚུལ་ཅན་དུ་སྐྱེའོ། །འདི་ལ་ཉན་པ་དང་། སྟོན་པ་དང་། ཡིད་ལ་བྱེད་པ་དང་། འབྲི་བ་དང་། འཆང་བ་དང་། སྙན་པར་སྨྲ་བ་དང་། ངེས་པའི་དོན་དུ་བྱེད་པ་དང་། བླ་མར་


DNG019_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་། བཀུར་སྡིར་བྱེད་པ། དོན་གཏན་ལ་ཕེབ་པ་རྣམས་ནི། སངས་རྒྱས་མཐོང་བ་ཡང་ཡིན། ཆོས་གསང་བའི་རྣལ་འབྱོར་མཐོང་བ་ཡང་ཡིན། ཐེག་པ་ཆེན་པོའི་དགེ་འདུན་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡིད་ལ་བྱེད་པ་མཐོང་བ་ཡིན་ནོ། །གཞན་ཡང་ས་དང་ལམ་ལ་མཁས་པ་ཡང་། འདི་ཁོ་ནའི་ཡོན་ཏན་ཡིན་ནོ། །འདི་ཡིད་ལ་བྱེད་པ་རྣམས་ནི། སངས་རྒྱས་ཡིད་ལ་བྱེད་པའོ། །ཆོས་ཡིད་ལ་བྱེད་པའོ། །དགེ་འདུན་ཡིད་ལ་བྱེད་པའོ། །དེ་ལྟར་ཡིད་ལ་བྱེད་པ་གསང་བ་དང་། གསང་ཆེན་དང་ཡེ་ཤེས་སྙིང་པོའི་དོན་ཉམས་སུ་བླངས་ནས། ཚེ་འདི་ཉིད་ལ་ས་དང་། བདེན་པའི་ལམ་མཐོང་། གཉིས་སུ་མེད་པའི་ས་ཐོབ། མ་ཕྱིན་པའི་ཡེ་ཤེས་དང་ལྡན་པར་འགྱུར་རོ། །གཞན་ཡང་ངས་བསྟན་པའི་ཆོས་ཕུན་སུམ་ཚོགས་པ་འདི། སེམས་ཅན་ཡོངས་ལ་སྨིན་པར་གྱིས་ཤིག །འདིས་དབང་བསྐུར་བར་གྱིས་ཤིག །འདིས་དབུགས་འབྱིན་པར་གྱིས་ཤིག །འདིས་མ་དད་པ་རྣམས་དད་པར་གྱིས་ཤིག ། འདི་ཁྱེད་རྣམས་ལ་ཡོངས་སུ་གཏད་དོ། །བཅང་བ་དང་། བསྟན་པ་དང་། བསྒྲུབ་པ་དང་། བྲི་བ་དང་། བཀླག་པ་དང་། བལྟ་བ་རྣམས་ལེགས་པར་བྱོས་ཤིག །ང་ནི་མྱ་ངན་འདས་འོག་ཏུ། །ལྷོ་ཕྱོགས་བྷེ་ཏའི་ཡུལ་ཤེད་དུ། །བྱམས་ལྡན་མགོན་པོ་ཀླུ་ཞེས་འབྱུང་། །དེ་ཡིས་བསྟན་པ་དམ་པ་གཟུང་། །བདུད་རྩི་བཅུད་ཀྱི་གདེང་རྣམ་པ་གསུམ་ལས། བམ་པོ་ཁྲི་བའི་ནང་ནས་སྙིང་པོའི་རྒྱུད་རིན་པོ་ཆེ་གསང་བའི་འཁོར་ལོ་ཞེས་བྱ་བ། རྣལ་འབྱོར་མ་ཆེན་མོའི་ཕྱོགས་གསང་ཆེན་ཐིག་ལེའི་རྒྱུད་གཏད་ནས་སྟོན་པ་ཉིད་མི་སྣང་བར་གྱུར་ཏོ། །འཁོར་རྣམས་ཀྱིས་ཀྱང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བདུད་རྩི་རིན་པོ་ཆེ་གསང་བ་འཁོར་ལོའི་རྒྱུད་རྫོགས་སོ།། །།རྒྱ་གར་མཁས་པ་བི་མ་ལ་མུ་དྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་ཞང་ཛྙཱ་ནས་གཏན་ལ་ཕབ་པའོ། །ཕྱིས་སྐ་བ་དཔལ་བརྩེགས་ལ་སོགས་པས་ཡོངས་སུ་གཏན་ལ་ཕབ་པའོ།། །


previousབདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ།no next