Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་དགུ་པ། ཛ༽

1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]


 
དཔལ་ཁྲག་འཐུང་གལ་པོ་ཞེས་བྱ་བ།
  
  
  
  
  
  
  
  
  
  
  
  
  


1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]

 
no previousདཔལ་ཁྲག་འཐུང་གལ་པོ་ཞེས་བྱ་བ།next

དཔལ་ཁྲག་འཐུང་གལ་པོ་ཞེས་བྱ་བ།


DNG019_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་ཧེ་རུ་ཀ་ཏན་དུ་ན་མ། བོད་སྐད་དུ། དཔལ་ཁྲག་འཐུང་གལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ལུང་བསྟན་པའི་དུས་གཅིག་ན། རང་སྣང་བཀོད་པ་མེད་བཀོད་པ། །འོག་མིན་ཉམས་དགའ་གནས་ཀྱི་མཆོག །སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན། །ས་བཅུའི་གནས་ཀྱི་དབང་ཕྱུག་ཆེ། །བྱང་ཆུབ་སེམས་དཔའ་སེམས་ཆེན་འཁོར། །རིགས་བདག་བརྗོད་པ་མེད་པ་ཡིས། །རྨད་བྱུང་ཆོས་ཀྱི་འཁོར་ལོ་བསྐོར། །གསང་སྔགས་ཆེ་བའི་བྱིན་རླབས་ནི། །སོ་སོར་སྣང་བ་འདི་ལྟར་བཞི། །གདུལ་བྱ་ཞེན་ཆགས་ཅན་རྣམས་ལ། །འདུལ་བྱེད་སྟོན་པ་གསང་བའི་སྐུས། །འདོད་པ་རང་རྐྱེན་ཚིག་ཏུ་གསུངས། །གདུལ་བྱ་ལོག་སྲེད་ཅན་རྣམས་ལ། །འདུལ་བྱེད་སྟོན་པ་སྤྲུལ་


DNG019_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུས། །བཀྲི་དྲང་བརྒྱུད་པའི་ཚིག་ཏུ་གསུངས། །གདུལ་བྱ་རིགས་བརྒྱུད་ཅན་རྣམས་ལ། །འདུལ་བྱེད་སྟོན་པ་རིགས་བརྒྱུད་རྫོགས། །ལྡེམ་དགོངས་སྦྱོར་བའི་ཚིག་ཏུ་གསུངས། །གདུལ་བྱ་བློ་གྲོས་ཅན་རྣམས་ལ། །འདུལ་བྱེད་སྟོན་པ་ཚིག་གི་སྐུས། །དོན་དམ་ངེས་པའི་ཚིག་ཏུ་གསུངས། །གདུལ་བྱ་འདུལ་བྱེད་གདུལ་ཐབས་རྣམས། །སྤྱིར་ན་ཐེག་པ་མ་ལུས་སྟོན། །འདིར་ནི་ཀུན་ཀྱང་གསང་སྔགས་ཉིད། །སྣང་སྲིད་ཆོས་ཀྱི་ཕུང་པོར་གྲོལ། །ཨ་ཧོ། ལུང་ཆེན་ཟབ་མོའི་འཁོར་ལོ་འདི། །དགོངས་རྒྱུད་སྦས་པའི་རྒྱུད་ཆེན་པོ། །ལུང་གི་མདོ་མཆོག་སྔ་མ་བདུན། །དེ་བཞིན་ཕྱི་མ་བདུན་ནས་ཕྱུང་། །སྐུ་རྣམས་སྟོན་པའི་སྡུད་པ་པོ། །གསང་བདག་ཕྱག་ན་རྡོ་རྗེ་ཉིད། །བདག་གཞན་ཕྱི་རབས་གྲོལ་བྱེད་པ། །རྡོ་རྗེ་སྙིང་པོ་ཉིད་ཀྱིས་ཕྱུང་། །ཕུང་པོ་རྡོ་རྗེ་རིགས་ལྔ་ཉིད། །ཉོན་མོངས་ཡེ་ཤེས་ཆེན་པོར་གསལ། །བར་ཆད་དངོས་གྲུབ་ཉིད་དུ་གྲོལ། །རྡོ་རྗེའི་སྐུ་ལ་འཆི་བདག་མེད། །ཚེ་འདིར་ཐུན་མོང་ཕྱི་མར་ནི། །ཕྱག་རྒྱ་ཆེན་པོ་མཆོག་ཏུ་འགྲུབ། །དམན་པ་ལུས་ཀྱི་བྱང་ཆུབ་སེམས། །བློ་གྲོས་ཆེན་པོ་རྣམ་པ་ལྔ། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཧེ་རུ་


DNG019_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡི་གལ་པོ་གསུངས། །མ་ལ་ཡ་ཡི་བྲག་ཕུག་ཏུ། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས། །ཐེག་མཆོག་རྨད་བྱུང་ཉམས་སུ་ལེན། །བསྙེན་བསྒྲུབ་རྣམ་པ་བཞིས་མཐར་བསྒྲུབས། །ཡང་དག་གསང་བའི་ཐུགས་མཆོག་ལས། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་སངས་རྒྱ། །ལུས་མ་བོར་བར་ལྷ་སྐུར་འགྱུར། །རབ་འབྱམས་མདོ་རྒྱུད་མ་ལུས་ཀུན། །མཚན་གྱི་རྣམ་གྲངས་དུ་མ་དག །དཔེ་དོན་ཡུལ་དང་གང་ཟག་ལྡང་། །འདི་དག་ལྔར་ནི་འདུས་པར་འགྱུར། །དཔེ་ལས་མཚན་དུ་གསོལ་བ་ནི། །དབང་པོ་གསུམ་ལ་གོ་བར་སླ། །དོན་ལས་མཚན་དུ་གསོལ་བ་ཡང་། །ཚ་བ་རྣམ་གྲངས་ངོ་བོ་དང་། །གཙོ་བོ་ལ་སོགས་དུ་མ་དང་། །རིག་པ་ཅན་ལ་སྣང་བའོ། །ཡུལ་ལས་མཚན་དུ་གསོལ་བ་ཡིས། །གནས་ཀྱི་ངེས་པ་རྙེད་པར་འགྱུར། །གང་ཟག་མཚན་དུ་གསོལ་བ་ནི། །ཞུ་བ་པོ་དང་མཛད་པར་བྱེད། །ལྡང་ཚད་མཚན་དུ་གསོལ་བ་ཡིས། །ཤུ་ལོ་ཀ་རྣམ་པར་གསལ་བའོ། །ཡང་དག་ཐུགས་ཀྱི་སྒྲུབ་པ་ལ། །རྡོ་རྗེ་རིགས་དང་ཐུགས་ཀྱི་ལྷ། །ཐུགས་ཀྱང་སྐུ་གསུང་ཐུགས་སུ་འགྱུར། །མཁའ་འགྲོ་བདེ་མཆོག་ཅེས་བྱ་བ། །སངས་རྒྱས་མཉམ་སྦྱོར་སྐུ་ཡི་རྒྱུད། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཅན། །འཁོར་ལོ་བདེ་མཆོག་གསུང་གི་རྒྱུད། །ཐུགས་ནི་སྒྱུ་མ་བདེ་མཆོག་བདེ། །ཧེ་རུ་ཀ་ཡི་གལ་པོ་ཉིད། །ལུང་འདིར་རྣམ་གྲངས་བསམ་ཡས་ཀུན། །གཟུང་བ་བདེ་ཕྱིར་བསྡུས་བཤད་བྱ། །དམིགས་པའི་ཡུལ་དང་སྒྲུབ་པའི་ཐབས། །འབྲས་བུ་ཡིན་ཏེ་རྣམ་པ་གསུམ། །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཨ་ཧོ། བཅུད་འབྱིན་མན་ངག་སྙིང་པོ་འདི། །རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་རིག་རྣ་བར་བརྒྱུད་པ་ནི། །གང་ལ་ཐུག་པའི་བར་དུ་སྟོན། །མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱེད། །ལས་དང་ཉོན་མོངས་ཟག་པ་ཡིས། །ཕུང་པོ་གང་ནས་འཁོར་བར་ཟག །འཁོར་


DNG019_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱ་མཚོ་ཆེན་པོ་ནི། །སངས་རྒྱས་སར་སྒྲོལ་དགོས་པ་ཡོད། །ཆོས་རྣམས་རྩ་བ་སེམས་ཉིད་ཡིན། །སེམས་དང་སེམས་ལས་བྱུང་བའི་ཆོས། །བསམ་གྱིས་མི་ཁྱབ་བརྗོད་ལས་འདས། །དེ་མཐུན་ཆོས་མཚན་སོ་སོར་གསུངས། །ཇི་ལྟར་གདུང་སེམས་ལྡན་པའི་མས། །བུ་ཉིད་མི་བསླུའི་ཚིག་སྨྲ་ལྟར། །བློ་དམན་པ་ལ་བཤད་པའི་དཔེ་ནི་འཇིག་རྟེན་ན་མ་བུ་ལ་བརྩེ་གདུང་ཆེ་བ་གཅིག་གིས་བུ་ལ་གཏམ་ཅི་སྨྲས་པ་ཐམས་ཅད་མི་བསླུ་ངེས་པའི་བསླབ་བྱ་ལ་དགོད་པས་ན་མའི་ངག་ལྟ་བུ་ཞེས་བྱ་ལ། དེའི་དོན་ནི་རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་གདམས་ངག་གསུངས་པ་ཡང་འགྲོ་བ་མི་བསླུ་བའི་ཕྱིར་སངས་རྒྱས་ཀྱི་ལམ་གསུངས་པའོ། །རྒྱལ་བས་འགྲོ་བ་མི་བསླུའི་ཕྱིར། །བློ་དམན་རྣམས་ལ་མན་ངག་བཤད། །བློ་མཆོག་རང་བཞིན་གྱི་བློ་མཆོག་ཏུ་གྱུར་པ་ནི་སྔོན་གྱི་ལས་དང་འཕྲལ་གྱི་སྐལ་བར་ལྡན་པས་ན་ལྡན་པའི་རིགས་རྣམས་ལ། །བརྡའ་ནི་སེམས་ཆོས་དབྱིངས་སྟོང་པའི་བརྡའ་ནམ་མཁའ། ཡེ་ཤེས་རང་བཞིན་གྱི་འོད་གསལ་བའི་བརྡའ་ཉི་མ། དབྱིངས་ཡེ་ཤེས་མི་འབྲལ་བའི་བརྡའ་ནམ་མཁའ་ཉི་མ་དང་མི་འབྲལ་བ། གདམས་ངག་གིས་དགོས་འདོད་འབྱུང་ཞིང་འགྲུབ་པའི་བརྡའ་ནོར་བུ་རིན་ཆེན་ཡིན་ལ་དེ་དག་སེམས་ཀྱི་ཡུལ་ལམ་མིག་གི་དབང་པོ་ལ་བསྟན་ཏོ། །ཀྱི་ཡུལ་དུ་བསྟན། །ངག་ནི་རྣ་སློབ་དཔོན་གྱིས་ངག་ཏུ་ཚིག་བརྗོད་ནས། སློབ་མའི་རྣ་བའི་དབང་པོར་བླུག་པ་ནི། སྒྲ་སྤྱིའི་གོ་བ་རྣ་བའི་ཡུལ་དུ་གྲགས་པ་ཡིན་ལ། དེ་ལ་ཡིད་གཏད་པས་གོ་བར་འགྱུར་རོ། །བའི་དབང་པོར་བླུགས། །གཏན་ཚིགས། དེ་ཕྱིར་གདམས་ངག་ཅེས་སུ་གསུངས། །ཏེ་དབང་པོ་ལྔ་ལ་སྒོ་ལྔའི་དབང་པོ་རྟོག་མེད་ཀྱི་ཡུལ་དུ་བརྡའ་བསྟན་ལ་ཡིད་དབང་རྟོག་བཅས་ཀྱིས་བརྟགས་ཤིང་དཔྱད་པས་སངས་རྒྱས་ཀྱི་དགོངས་པ་རྟོགས་པར་བྱེད་པས་ན་གདམས་ངག་གོ། །མན་ངག་དག་གི་དོན་རྣམས་ནི། །མཐའ་དྲུག་དང་སྒོ་བཞི་དང་ལུང་དགུ་དང་། །བཅོ་བརྒྱད་སྐབས་དང་དཀྱིལ་འཁོར་དགུ་དང་། །ཡོ་བྱད་གཉིས་དང་རྒྱ་མཚོ་བཞིས། །ལུང་ཆེན་ལུང་བདུན་གཉིས་བཅུ་བཞི་སྣང་གསུམ་བསྡུས་ལུང་གསུམ་རྣམས་ཀྱིས་སྤྱིར་མན་ངག་བདུན་ཅུ་དོན་གཉིས་པོའི་དགོངས་པ་རྟོགས་པར་འགྱུར་རོ། །ལྟ་བས་ཐག་བཅད་གདེང་དུ་བྱ། །དཔེ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་ཐེག་པ་འོག་མ་ཟིལ་གནོན། དམ་ཚིག་དམ་པས་གཞི་བཟུང་ནས། །ཞིང་ས་བཟང་པོ་ས་བོན་གང་བཏབ་པ་སྐྱེ་བ་ལྟར་དངོས་གྲུབ་ཀྱི་ལོ་ཏོག་སྨིན། རིམ་པ་དབང་གིས་བགྲོད་པ་དང་། །རྒྱལ་བུ་རྒྱལ་སར་བཏོན་པ་ལྟར་གསང་སྔགས་ཀྱི་དབང་


DNG019_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་ལས་བྱེད་པ། སྤྱོད་པས་ལ་ཡང་དོར་བར་བྱ། །གླང་ཆེན་ཆུར་ཞུགས་པ་ལྟར་གསང་སྔགས་ཐེག་དམན་དུ་མི་ལྡོག་པ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། །ནོར་བུ་ཆུ་དྭངས་ལྟར་རྙོག་མ་རང་སར་དྭངས་པའམ་བུམ་ནང་མར་མེ་ལྟར་ཡེ་ཤེས་ནང་ནས་འཆར་བའི་དགོས་པའོ། །མན་ངག་དག་གིས་དོན་རྣམས་བསྒྲུབ། །ཕར་བྱ་སྟེ་གསེར་འགྱུར་གྱི་རྩི་ལྟར་ཚེགས་ཆུང་ལ་དོན་ཆེ་བའོ། །འདྲེན་པར་བྱེད་པ་ཚིག་གི་སྒོ། །ཕྱི་ནས་ལུང་གི་སྒྲུབ་པ་པོ་རྟེན་གྱི་གང་ཟག་གི་ལུས་སེམས་སངས་རྒྱས་སུ་གཏན་ལ་དབབ། དམ་ཚིག་དབང་གི་སྒོ་ཕྱེ་ལ་གདུལ་བྱ་མ་སྨིན་པའམ་མ་ཐུལ་བ་རྣམས་སྨིན་པ་དང་ཐུལ་བ་དང་ནི། །སྐུལ་ཚིག་དབྱངས་སུ་བླང་བའི་སྒོ། །མ་མོ་མཁའ་འགྲོ་སྤྱན་དྲངས་ཤིང་ཡེ་ཤེས་ལྷའི་སྐུ་དངོས་སུ་སྟོན་པར་ཞུ། གདུལ་བྱ་ཕྲིན་ལས་སྒོ་ཕྱེ་ནས་ཕྲིན་ལས་བཞི་སྒྲུབ་བམ་སྒྲུབ་ཕུང་པོ་སྦྱོང་ཚ་ཚ་གདབ་རབ་གནས་བྱ་རང་གཞན་གྱི་དོན་ཐམས་ཅད་བསྒྲུབ་དང་བཞི། །ལྟ་བའི་མ་ནོར་བར་གཏན་ལ་དབབ་པའོ། །ལུང་དང་སྒྲུབ་པ་རྫས་ཀྱི་ལུང་དང་། །དམ་ཚིག་དབང་གི་ལུང་དང་དུར་ཁྲོད་བདག་པོས་མ་ཏྲང་རཱུ་ཏྲ་གནན་པའི་ལུང་དང་། །དམ་རྫས་དང་མཆོད་རྫས་བྱིན་གྱིས་བརླབ་པའི་ལུང་དང་། ཡི་གེ་འཁོར་ལོ་བཟླས་བརྗོད་བསྙེན་པའི་ལུང་དང་། །ཐུགས་རྗེས་ཁམས་གསུམ་སྒྲོལ་བའི་ལུང་དང་མཛད་པ་ཕྲིན་ལས་ལུང་དང་། །བར་ཆོད་བགེགས་ཆེན་གནན་པར་བྱ་བའི་ལུང་དང་དགུ་ནི་ལུང་ཡིན་པས་ན་ལུང་ཆེན་དགུས་གཏན་ལ་ཕབ་པ་ཉམས་སུ་བླང་བའོ། །བདག་གཞན་གཉིས་མེད་དཔལ་ཆེན་པོའི་རང་བཞིན་བསྙེན་པའི་སྐབས་དང་ལས་སོགས་པ་རྩ་བཤད་ཀྱི་སྐབས་བགྲང་ངོ་། །རང་བཞིན་དང་སྣོད་དང་དམ་ཚིག་དང་། །སྣོད་མིན་རྫས་དང་ས་གཞི་དང་། །བསོད་ནམས་ཀྱི་ཚོགས་བསགས་པ་དང་དཀྱིལ་འཁོར་བྲི་ཞིང་རྫས་ཕྱི་ནང་མཆོད་པའི་བྱེ་བྲག་དགོད་མ་ཏྲཾ་གནན་པ་དང་། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས་པ་དང་ཡོན་དབུལ་ཞིང་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་བ་དང་དམ་ཚིག་ཕོག་སྟེ་བསྲུང་བྱ་བ་དང་། །སྒྲུབ་པ་པོ་ལ་བསྒོམ་བསྒྲུབ་ཀྱི་མན་ངག་བསྟན་ལ་རྟགས་ཀྱི་མཚན་ནས་སྒྲུབ་རྫས་བྱིན་གྱིས་བརླབ་པ་དང་ཞི་ཁྲོ་བསྐྱེད་ལ་སྤྱན་དྲང་མཆོད་བསྟོད་བྱ་བ་དང་། དུས་ངེས་པ་ལ་མཚན་མ་བྱུང་བ་དང་། །དངོས་གྲུབ་བླང་ཞིང་བར་ཆད་ཀྱི་ཉུལ་མ་བཟློག་ཅིང་འབྱུང་པོ་གནན་པ་དང་། །བསྒྲུབ་པའི་འབྲས་བུ་བདག་གཞན་དོན་དུ་དགེ་བ་བསྔོ་བའི་སྐབས་དང་བཅོ་བརྒྱད་ཀྱིས་ཤེས་པར་བྱའོ། །རང་བཞིན་དཀྱིལ་འཁོར་དང་གཟུགས་བརྙན་གྱི་


DNG019_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་མཚམས་ཀྱི། །མཆོད་པ་རྫས་ལ་བསྟེན་པའི་དང་དབང་བསྐུར་བའི་དང་ཏིང་ངེ་འཛིན་ཀྱི་དང་། །ལྷུན་གྱིས་གྲུབ་པའི་དང་ཐུགས་རྗེ་ཕྲིན་ལས་ཀྱི་དང་དངོས་གྲུབ་བླང་བའི་དཀྱིལ་འཁོར་དང་དགུའོ། །ཤེས་རབ་དང་ནི་ཏིང་ངེ་འཛིན། །ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བ་ལྟ་བའི་མན་ངག་དང་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པའི་མན་ངག་གཉིས་ནི་བསྒྲུབ་པ་བྱེད་པའི་རྣལ་འབྱོར་ཀུན་གྱི་ཡོ་བྱད་ཆེན་པོ་ཡིན་ནོ། ༈ །ལྟ་བ་རྒྱ་མཚོས་ཐག་བཅད་དགོས་པ་དང་དེ། །སྤྱོད་པ་རྒྱ་མཚོས་ལ་དོར་ནས། །ཕྱིར་མི་ལྡོག་པར་བྱ་བ་དང་དམ་ཚིག་དང་སྦྱོར་སྒྲོལ་གྱིས་མི་ལྡོག་པར་ལ་དོར། བསྒྲུབ་པ་རྒྱ་མཚོས་བསྙེན་སྒྲུབ་བཞི་ཉམས་སུ་བླང་བས་མཆོག་ཐུན་མོང་གཉིས་སྒྲུབ་པ་དང་། །འབྲས་བུ་རྒྱ་མཚོས་མངོན་སངས་རྒྱས་པས་འབྲས་བུའི་མཐའ་ཆུད་མ་ཟོས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་གྱུར་ཏོ། །རྡོ་རྗེ་ཆེན་པོ་བ་ཀུན་ལ་སྤྱིར་གསང་སྔགས་མཐའ་དག་གི་དོན་སྒྲུབ་པ་རྣམས་མན་ངག་འདི་ལྟར་གནང་བཅད་ནས་ཉམས་སུ་བླངས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་པར་གཅེས་པར་རབ་ཏུ་གསུངས་ཤིང་གདམས་སོ། །ལུང་ཆེན་དགོངས་པ་རྣམ་པ་བཞི། །ཞེས་པའི་ལུང་ནི་སངས་རྒྱས་ཀྱི་དགོངས་པ་ཕྱི་རབས་ཀྱིས་གཟུང་བདེ་བས་ལུང་ངོ་། །ལུང་བཞིན་ཧེ་རུ་ཀ་བསྒྲུབ་པར་བྱ་བའི་རིམ་པ་ནི། །ཡི་དམ་ནར་མ་ནུབ་གཅིག་ཆོ་གའི་ལུང་བདུན་གྱིས་རང་དོན་ཉམས་སུ་ལེན་པ་དང་བསྒྲུབ་པ་ཆེན་པོའི་ལུང་བདུན་གྱིས་གཞན་དོན་བྱ་བ་ཉིད་དང་། །སྣང་བ་གསུམ་ལུང་བསྡུས་ལུང་དང་གསུམ་གྱིས་རྒྱུ་ལ་འབྲས་བུས་གཏན་ལ་ཕེབ་པ་ནི་རང་བཞིན་ཐབས་འབྲས་བུར་ཀུན་བསྡུས་སོ། །དང་པོ་འབར་བ་ཆེན་པོ་མཚམས་ཀྱི་ལུང་དུ་མཚམས་གཅད་པའི་ལུང་དང་། །མཆོད་རྫས་བྱིན་རླབས་ཀྱི་ལུང་དུ་བདུད་རྩིར་རཀྟ་གཏོར་མ་གསུམ་བྱིན་གྱིས་བརླབ་པ་ནང་། །བསོད་ནམས་ཚོགས་བསགས་ཀྱི་ལུང་དུ་ལུས་ངག་དང་ཡིད་ཀྱི་སྒྲིབ་པ་བཤགས་བྱས་ནས། །རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་བདག་ཉིད་རྩ་བའི་ལུང་དུ་སངས་རྒྱས་ཐམས་ཅད་ཞི་ཁྲོར་འདུས་པ་ཡི་དམ་ཞི་ཁྲོ་བསྒོམ་པ་དང་། །བཟའ་བ་ཚོགས་ཀྱི་ལུང་དུ་འདོད་ཡོན་ལ་ལོངས་སྤྱོད་པས་བསོད་ནམས་ཐོབ་པའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། །བཟླས་བརྗོད་བསྙེན་པའི་ལུང་དུ་རང་གཞན་གྱི་སྒྲིབ་གཉིས་སྦྱང་ཞིང་དངོས་གྲུབ་གཉིས་བླང་བའི་དོན་དུ་འཕྲོ་འདུ་བྱ། །


DNG019_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་མཇུག་སྡུད་ལུང་དུ་ལྷག་མ་བསྐྱང་ཞིང་དཀྱིལ་འཁོར་བསྡུ་བས་མཁའ་འགྲོ་མ་མཉེས་ཤིང་རྟག་ཆད་ཀྱི་མཐའ་བསལ་བའོ། །ལུང་བདུན་པ་དེས་རྣལ་འབྱོར་པ་ཡི་དམ་ནང་ནུབ་གཅིག་གིས་ཆོ་གའི་ཕྲིན་ལས་ཚང་ཞིང་ཆོ་ག་རྫོགས། ༈ །རང་གཞན་སངས་རྒྱས་ཀྱི་ས་ལ་དགོད་པའི་དོན་དུ་མཛད་པ་སྟེ་འགྲོ་བ་རི་ལ་ཕན་གདགས་པའི་ཕྱིར་བསྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །ཕྱི་མ་དག་པ་མི་སྐལ་བ་དང་མི་ལྡན་པ་ན་མ་དག་པ་དཀྱིལ་འཁོར་འདིར་མི་དབང་བའི་བགེགས་ལ་མཚམས་བཅད་ནས། །ཐམས་ཅད་བྱིན་གྱིས་བརླབ་པར་བྱ། །གནས་ཁང་ནས་བཟུང་ནས་སྒྲུབ་པ་པོ་རྫས་ཕྱི་ནང་སྣོད་བཅུད་ཀུན་སྣོད་དུ་རུང་བར་བྱ་བའོ། །བདག་ཉིད་ཆེན་པོ་རྩ་བའི་ལུང་གི་ཞི་བ་ཁྲོ་བོ་བསྐྱེད་རྫོགས་གང་རུང་བསྒོམ་མོ། །ཞི་བའི་བཟླས་པས་རང་གི་རྒྱུད་སྦྱངས་པ་ཤས་ཆེ་ལ་བརྗོད་ཁྲོ་བོའི་བསྙེན་པ་ས་གཞན་གྱི་རྒྱུད་སྦྱངས་པ་ཤས་ཆེ་བས་བསྙེན་པ་འབུལ་བ་དང་། །གདུག་བྱེད་ཕོ་རྣམས་ཏ་ན་སྒྲོལ་བའི་ལུང་ནི་རཱུ་ཏྲ་ལ་སོགས་གདུག་པ་ཅན་དང་ཞིང་བཅུ་རྣམས་འཁོར་བའི་རྒྱུན་ལས་ཐུགས་རྗེས་བསྒྲལ། །ཆགས་བཅས་མོ་རྣམས་ཀྱང་འདོད་ཆགས་བདེ་བ་ལ་བརྟེན་ནས་ཆོས་ཉིད་བདེ་བ་ཆེན་པོར་སྦྱར། །བདུན་པ་སྒྲུབ་པ་ཆེན་པོའི་ལུང་ནི་རྟགས་དང་མཚན་མ་བྱུང་ན་སློབ་མ་རྣམས་སྨིན་པར་བྱ་བའི་དོན་དུ་དབང་བསྐུར་བ་དང་རང་ཉིད་བསྒྲུབ་པའི་འབྲས་བུ་འཐོབ་པར་བྱ་བའི་དོན་དུ་དངོས་གྲུབ་བླང་བ་ནི་རྟོགས་ཤེས་བྱ་ལ་བསྒྲུབ་པ་ཆེན་པོའི་ལུང་བདུན་པོ་འདི་ལྟར་ཤེས་པར་གྱུར་ནས་འདི་ལྟར་གང་གིས་ཤེས་འགྱུར་བ། །དེས་ནི་ལུང་ཆེན་དགོངས་པ་རྟོགས། །ཕྱི་རབས་ཀྱི་སྒྲུབ་པ་པོ་ཤེས་རབ་ཀྱི་རྩལ་ཅན་ཚིག་ཙམ་མ་ཡིན་པར་བློ་ཡི་གཏིང་དུ་གོ་བར་བྱོས། །ཞེས་སོ། །དང་པོ་རྒྱུ་ནི་ཁམས་གསུམ་སེམས་ཅན་ལ། །ཉོན་མོངས་པ་ཡི་སྣང་བ་ནི་ལྷ་འདོད་ཡོན་ལ་སྲེད་པའི་ལེ་ལོ་དང་ལྷ་མིན་ཁོང་ཁྲོ་འཐབ་རྩད་དང་མི་འདོད་ཆགས་ཡི་དྭགས་སེར་སྣ་བྱོལ་སོང་གཏི་མུག་དམྱལ་བ་ཞེ་སྡང་དུ་སྣང་ཡང་སངས་རྒྱས་སོ། །དང་། །ལམ་དུ་རྣལ་འབྱོར་པ་རྣམས་ལ་གསང་སྔགས་མཆོག་གི་ལམ་ལ་ཞུགས་པས་ཉོན་མོངས་པ་སངས་རྒྱས་སུ་ཤེས་ནས་ལམ་དུ་བྱེད་པ་སྟེ། ཐབས་ལམ་དབང་གིས་སྒོ་ནས་གྲོལ་ལམ་ལྟ་བའི་སྒོ་ནས་ཏེ་ཤེས་རབ་སྟོང་པ་ཐབས་སྙིང་རྗེའོ། །ཉམས་ཀྱི་སྣང་བ་འཆར་བ་དང་། །འབྲས་བུ་བདེ་བར་གཤེགས་པ་ནི་སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པ་དང་སྐུ་ཐམས་ཅད་པ་དང་གསུང་གི་སྣང་བ་བསམ་གྱིས་མི་ཁྱབ་པ་དང་གསུང་ཐམས་ཅད་པ་དང་། ཐུགས་


DNG019_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ངོ་། །སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་སྣང་། །སྣང་བ་གསུམ་གྱི་བདག་ཉིད་དུ། །འདི་གསུམ་སྡེ་སྣོད་ཀྱི་ཆོས་རྣམས་མ་ལུས་འདུས་པ་ཡིན། །དཔལ་ལྡན་ཁྲག་འཐུང་ཆེན་པོའི་ལུང་། །ཧེ་རུ་ཀའི་རང་བཞིན་བསྟན་པ་ལྟ་བའི་ལུང་དང་སྒྲུབ་ཐབས་བསྟན་པ་མན་ངག་དང་འབྲས་བུར་བསྟན་པ་གྲུབ་པའི་ལུང་དུ་འདུས་སོ། །དེས་ན་ཧེ་རུ་ཀའི་རང་བཞིན་ཨ་ཧོ་ཧེ་རུ་ཀའི་སྒྲུབ་ཐབས། ཧེ་རུ་ཀའི་གྲུབ་པ་གསུམ་མོ། །ལུང་གི་ཆོས་རྣམས་སྐྱེ་བ་མེད་པར་གནས་པས་ཨ། འགག་པ་མེད་པར་ཤར་བས་ཧོ། གཉིས་མེད་དུ་གྲོལ་བས་ཨ་ཧོ། ངོ་བོ་ཧེ་རུ་ཀ་ལི་གལ་པོ་འདིར་ཉིད་དོ། །དབྱེ་བ་རྒྱུད་དང་ལུང་དང་མན་ངག་དང་གསུམ་དབྱེར་མེད་ཕྱིར། །རང་བཞིན་གྱི་ཆེ་བ་ནི་རྒྱུད་ལུང་མན་ངག་ཀུན་གྱི་རྩ་བ་འམ་གཞི་འམ་ཕུགས་འདིར་བཅད་དགོས་པ་ནི་རྒྱུད་མ་ཧཱ་ཡོ་གའམ་མཁའ་འགྲོ་བདེ་མཆོག་གམ་སངས་རྒྱས་མཉམ་སྦྱོར་རམ་འཁོར་ལོ་བདེ་མཆོག་དང་། ལུང་སྒྱུ་མ་བདེ་མཆོག་གལ་པོ་འདི་ཉིད་དང་། མན་ངག་གལ་ཆུང་རྣམས་ཀྱི་དོན་འདིས་རྟོགས་སོ། །པས། །མདོ་དོན་ཆོས་ཀྱི་མཚན་ཉིད་རྟོགས། །རྒྱུད་ཅེས་བྱ་བ་རྒྱལ་བའི་བཀའ། །རྒྱུད་ལ་བཞི་སྟེ་རང་བཞིན་དང་ངོ་བོ་དང་ངེས་ཚིག་དང་དབྱེ་བའོ། །དང་པོ་ནི་རྒྱལ་བའི་བཀའོ། །འདུག་ཚུལ་གྱི་རང་བཞིན་འཁོར་གྱིས་ཞུས་པ་དང་སྟོན་པས་གསུངས་པ་གཉིས་ཞིབ་ཚོགས་སུ་ཞུས་ལན་ཕྲ་མོས་འཕེལ་ཅིང་རྒྱས་པའོ། །རྒྱལ་བའི་དགོངས་པ་ངོ་བོ་གནས་ཚུལ་གྱི་ངོ་བོ་སྟོན་པའི་དགོངས་པ་མ་བཅོས་པར་གནས་ལ་གསུང་ཚུལ་གྱི་ངོ་བོ་མ་ལ་འདྲེལ་པ་དང་བཅས་པར་གསུང་། །གསལ་ཚུལ་གྱི་ངོ་བོ་ཐུགས་ཐམས་ཅད་མཁྱེན་པའི་ངོ་བོར་རམ་ཡེ་ཤེས་སུ་གསལ་ཏེ་ཤེས་བྱ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་འདྲེལ་བར་བཞུགས་པས་ན་རྒྱུད་ཅེས་བྱ་བ་མདོར་ན་བུཌྜྷའི་དགོངས་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས། །ངེས་ཚིག་ནི་གོང་འོག་འདྲེལ་པ་དང་དོན་མ་ཚང་པ་མེད་པ་དང་། །ཕུན་སུམ་ཚོགས་ནས་བཤད་པས་རྒྱུད་ཅེས་བྱ་སྟེ་དོན་ནི་ལྟ་སྤྱོད་དབང་དམ་ཚིག་ཕྲིན་ལས་སྒྲུབ་མཆོད་སྔགས་ཏིང་ངེ་འཛིན་ནོ། །དབྱེ་བ་ལ་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་དོ། །དེ་ལ་དབྱེ་ན་རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མར་གྱུར་པ་དང་། །མ་ཚང་བ་ཁ་སྐོང་བའི་རྒྱུད་དང་དཀའ་བ་ཡོངས་སུ་གཅོད་པའི་རྒྱུད་དང་། །སྐལ་བ་དང་རྟོགས་དང་པ་དུམ་བུའི་རྒྱུད་རྣམས་སོ། །དཔེའི་


DNG019_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་དབྱེ་ན་ཆུ་བོ་ལྟ་བུའི་རྒྱུད་དེ་ཆུ་ནི་དང་པོ་ཕྱིའི་རྒྱ་མཚོ་ལས་བྱུང་བ་ལྟར་རྒྱུད་དང་པོ་ཆོས་ཉིད་ལས་བྱུང་། དཔེར་དུ་ཆུའི་རིགས་འཛིན་པ་ལྟར་རྒྱུད་ཀྱི་རིགས་འཛིན་ཆུས་དོན་བྱེད་པ་ལྟར་འགྲོ་དོན་མཛད། ཆུར་ཐིམ་པ་ལྟར་ཆོས་ཉིད་དུ་ཐིམ་མོ། །སྨན་ལྟ་བུ་ནི་སྨན་སྦྱོར་མཁན་ལྟར་སྟོན་པས་གསུངས། ནང་གསོས་ལྟར་དོན་མཛད། སོས་པ་ལྟར་དུཿཁ་ལས་གྲོལ་ལོ། །ཆུ་བོའི་རྒྱུན་ནམ་སྨན་སྦྱོར་རམ། །ཐགས་ཐགས་མཁན་གྱི་དཔེ་ནི། སངས་རྒྱས་དོན་ཐགས་གོང་འོག་འཁྲུགས་པ་ལྟར་གོང་འོག་འཁྲུགས། གོས་བྱེད་པ་ལྟར་འཁོར་བ་ལས་སྐྱོབས་དང་འདྲ་བར་གནས་པས་ན། །དམངས་ལྟ་བུ་ནི་དམངས་བྱ་བ་མང་བ་ལྟར་རྒྱུད་ཕྲིན་ལས་བྱ་བ་མང་ངོ་། །དམངས་ལྟར་བྱ་བ་མ་ལུས་བྱེད། །ལུང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངེས་པའི་དོན་དུ་བཤད་ན་བློ་ཐ་མས་ཀྱང་གཟུང་བདེ་བ་དང་དོན་རྟོགས་པར་འགྱུར་བ་དང་། །སྟོན་པའི་དགོངས་པ་རྟོགས་དཀའ་བས་གསུང་གི་འགྱུར་བས་དགོངས་པ་དེ་མཚོན་ནས་བཟུང་བདེར་རྟོགས་པར་ནུས་པས་མཚོན་པའོ། །ལུང་གི་ངོ་བོ་ནི་བདེ་གཤེགས་གསུང་གི་དགོངས་པ་འི་དོན་ལ་ཇི་ལྟ་བ་རྟོགས་པར་དཀའ་བ་ལ་ཡང་། །ངོ་བོ་ཤེས་བྱ་ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་པ་མཁྱེན་པ་དང་ཀུན་རྫོབ་འཁོར་བ་དང་དོན་དམ་མྱང་འདས་སུ་ཕྱེ་བ་སྟེ་དགོངས་པ་གཉིས་སུ་ཕྱེ་བ་ངོ་བོ། །ངེས་ཚིག་སངས་རྒྱས་ཀྱི་གསུང་ལ་རྫུན་དང་བྲལ་ལ་གང་ཟག་གི་བློ་ལ་བྱིན་རློབ་ནས་གནང་བས་བཟུང་བར་བདེ་བ་དང་། །ཉེས་པ་ཟད་པ་ལུང་གི་ཚིག །དབྱེ་བ་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན་དྲང་དོན་ཤས་ཆེ་བར་སྟོན་པ་ན་ངེས་པ་མཚན་ཉིད་ཀྱི་ལུང་དང་། །ངེས་དོན་ཤས་ཆེ་སྟོན་པ་ན་ངེས་པ་སྔགས་ཀྱི་ཕྱིའི་ལུང་། །དང་། དྲང་དོན་ངེས་དོན་འདྲེས་པར་སྟོན་པ་མདོ་སྡེ་འི་ལུང་སྟེ་སྔགས་མཚན་ཉིད་གཉིས་ཀའི་ལུང་དང་། །མངོན་དུ་ཕྱུང་བ་གབ་པ་ནས་བཏོན་པ་སྔགས་ནང་པ་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལུང་དང་། །རྣ་བ་ནས་རྣ་བར་བརྒྱུད་པ་མན་ངག་གི་ལུང་། །ཨ་ཏི་དང་། རྒྱུད་ནས་བཟུང་བདེ་བར་ཕྱུང་བའི་ལུང་ཉིད་འཆུས་པ་བསྲང་བའོ། །དཔེའི་སྒོ་ནས་དབྱེ་ན་དཔེར་ན་ལུང་ཅན་སྣོད་ལྟ་བུར། །རྒྱལ་བའི་བཀའ་གཟུང་བར་བདེ་བར་བྱ་བ་ནི། །བློན་པོ་ལྟ་བུར་གནས་པ་ཡང་། །དཔེར་ན་ལུང་བློན་པོ་དང་འདྲ་སྟེ་བློན་པོའི་ངག་རྒྱལ་བློན་དམངས་ཐམས་ཅད་ཀྱིས་བཟུང་བར་བདེ་བས་ན་རྒྱལ་པོ་དང་དམངས་གཉིས་ཀྱིས་གཟུང་བར་སླ་ཕྱིར་རོ། ༈ །མན་ངག་ཅེས་པ་ལ་


DNG019_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བའི། །རང་བཞིན་ནི་སྐྱེལ་སའི་དབང་དུ་བྱས་ན། དགོངས་པ་གང་དུ་སྐྱེལ་བ་ཡིན་ལ་གནས་པའི་དབང་དུ་བྱས་ན་སྔོན་འབྱུང་བ་དང་རྗེས་འཇུག་གི་སྟོན་པའི་སྐྱེས་བུའི་ཐུགས་ལ་བརྣག་པ་སྟེ་ཤིན་ཏུ་གཅེས་པའམ་ཟབ་མོའི་དོན་ཡོད་པ འོ། །ངོ་བོ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་འམ་བཅུད་དུ་གྱུར་པ་སྟེ་ཡང་དག་པའི་དོན་ཀྱི་མཆོག་ཉིད་ནི། །སྟོན་པར་བྱེད་པ་ཡིན་ལ། དེ་སྔོན་རྗེས་ཀྱི་བླ་མའི་ཐུགས་ལ་རབ་ཏུ་སྦས་ནས་གསང་སྟེ་བཞུགས་པའོ། །དེ་ཡང་མན་ངག་གི་ངོ་བོ་ཐུགས་ལ་གནས་པ་གང་ཡིན་གཅེས་པར་གཟུང་བའི་ཆོས་ཚེགས་ཆུང་བ་དང་དུས་མྱུར་དུ་འགྲུབ་པར་བྱེད་པའི་སྔགས་དང་རྫས་དང་ཏིང་ངེ་འཛིན་དེ་ཡིན་ཞིང་། །བྱ་བ་སླ་བས་འགྲུབ་པར་བྱེད་པ་ངེས་པའི་ཚིག་གོ། །མན་ངག་གི་དབྱེ་བ་ནི་འཁོར་འདས་ནས་ཕྱེ་ན་འདས་པ་སངས་རྒྱས་བསྒྲུབ་པ་དང་འཁོར་བ་འཇིག་རྟེན་གྱི་བྱ་བ་སྒྲུབ་པའོ། །དེ་གཉིས་ལ་དབྱེ་བ་བསམ་ཡས་སོ། །གཙོ་བོ་ཡེ་ཤེས་མན་ངག་དང་། །འཇིག་རྟེན་འཁོར་གྱི་མན་ངག་ཡིན། །དཔེའི་སྒོ་ནས་དབྱེ་གསེར་འགྱུར་གྱི་རྩིས་ཟངས་ལ་སོགས་གསེར་དུ་འགྱུར་བ་དང་དུག་སྨན་གྱིས་དུག་སྨན་དུ་འགྱུར་བའམ། །མུན་བལ་སྒྲོན་མེས་སྣང་བ་དང་རས་ཀྱི་ཚོན་རྩིས་ཁ་དོག་བསྒྱུར་བ་ལྟ་བུ་དང་། །རྒྱལ་པོ་ལྟ་བུར་རང་ས་བཟུང་ནས་གནས་ལ་བློན་པོས་གྲོས་ཞུས་ཏེ་དམངས་རྣམས་འཁོལ་བ་ལྟར་ལུང་གིས་རྒྱུད་མན་ངག་འཁོལ་ཏེ་ཀུན་ལ་ཆེ། །རང་ས་ཟིན་པར་གནས་པ་ཉིད། །རྒྱུད་ལུང་མན་ངག་དབྱེར་མེད་པ། །གནས་ལུགས་རང་བཞིན་གནས་ལུགས་དང་སྣང་ལུགས་གཉིས་ཏེ་དང་པོ་ནི་ངོ་བོ་ཉིད་གཞིར་གནས་ལ་སྣང་ལུགས་འཁོར་འདས་གཉིས་སུ་སྣང་བ་དེ་ཆོས་ཉིད་ངང་གིས་སྣང་བའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཞི་ཁྲོར་གནས་ཏེ་ཕུང་པོ་རིགས་ལྔ་ཡབ་ཡུམ་ཉོན་མོངས་ལྔ་ཁྲོ་བོར་གནས་ཏེ་ཡེ་ནས་སངས་རྒྱས་ཡིན་པ་ལ་རྒྱུ་རྐྱེན་ལས་ཉོན་གྱིས་བྱས་ནས་འབྲས་བུར་ཁམས་གསུམ་དུ་འཁོར་ཡང་དང་པོའི་སངས་རྒྱས་ཉིད་དུ་གནས་སོ། །ཞི་ཁྲོར་བཤད། །རང་རྒྱུད་ཕུང་པོ་ཞི་ཁྲོར་བཤད། །གདུལ་བྱ་སྤྲུལ་པའི་ཞི་ཁྲོ་ནི་རྣམ་པ་གཉིས་ཏེ་ཆ་ཕྲ་བ་དང་རགས་པའོ། །དང་པོ་ནི་གཏི་མུག་གམ་ང་རྒྱལ་ཅན་རྣམས་ལ་ནི་ཞི་བའི་དཀྱིལ་འཁོར་དུ་སྣང་ལ། གདུལ་བྱ་རགས་པ་འདོད་ཆགས་དང་ཞེ་སྡང་ཅན་ལ་ནི་ཁྲོ་དཀྱིལ་དུ་སྣང་སྟེ་མདོར་ན་ཞི་ཁྲོ་རྣམ་པ་གཉིས་ཁོ་ནར་སྣང་ངོ་། །དང་། །མཐར་ཕྱིན་འབྲས་བུའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་


DNG019_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པ་ཞི་ཁྲོ་རྣམས་ཞི་བའི་འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་སམ་སྐུ་བཞི་དབྱེར་མེད་ཡིན་ལ་དེ་ཡང་མ་ཧཱ་སྐུ་ལྔ་ལྷུན་གྲུབ་ཏུ་འདོད་ཨ་ནུ་སྐུ་བཞི་དབྱེར་མེད་དུ་འདོད་དེ་ཆོས་ལོངས་སྤྲུལ་གསང་ལྔ་ནི་མ་ཧཱ་དང་མི་མཐུན་ཏེ་ངོ་བོའི་སྐུའོ། །ཆོས་རྣམས་འཁོར་བའི་ཆོས་ནི་ཀུན་ཉོན་ཡིན་ལ་དེ་ཡང་རང་རྒྱུད་ཕུང་པོའི་ཞི་ཁྲོ་དང་། མྱང་འདས་ཀྱི་ཆོས་ནི་རྣམ་བྱང་ཡིན་པ་དེ་ལ་ཡང་གདུལ་བྱ་སྤྲུལ་དང་འབྲས་བུ་ཡོངས་ལ་ཁྱབ་པར་གནས། །དེ་ཡང་གནས་ལུགས་རང་བཞིན་གྱི་ཞི་ཁྲོར་དབྱེར་མེད། མཐར་ཕྱིན་འབྲས་བུར་གཡེར་མེད་པར་རྟོགས་པའོ། །དེ་ལ་མདོར་བསྟན་སྐུ་དང་གསུང་ཐུགས་ཡོན་ཏན་ལས། །འདི་ལྔ་རབ་ཏུ་བསྡུས་པ་ལས། །སྐུ་ནི་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པ་ནི། །འཇམ་དཔལ་ཏེ་དེ་ཁྲོས་པ་གཤིན་རྗེ་གཤེད་དོ། ༈ །གསུང་ནི་སྣང་བ་མཐའ་ཡས་ཁྲོས་པས་རྟ་མགྲིན་ཉིད། །པདྨ་དབང་ཆེན་ནི་གསུང་གི་རིགས་སྣང་མཐའ་དང་། ཐུགས་རྡོ་རྗེ་སེམས་དཔའ་གཉིས་ལས་བརྒྱུད་པས་ན་རིགས་གཉིས་ལུང་གི་བརྒྱུད་པ་དང་། །སྤྱན་རས་གཟིགས་དབང་རྔམ་ཆེན་སྐུ། །སྣང་མཐའི་སྤྲུལ་པ་སྤྱན་རས་གཟིགས་དེ་ཁྲོས་པས་རྟ་མགྲིན་ནོ། །གསུང་སྟེ་པདྨ་དབང་གི་རིགས། །མི་བསྐྱོད་རྡོ་རྗེའི་ཐུགས་མཆོག་ཀྱང་། །རྡོ་རྗེ་སེམས་དཔའ་ཉིད་སྐུ་ཁྲོས་པས་རྡོ་རྗེ་ཁྲག་འཐུང་ཉིད་དོ། །དེ་ཡང་རིགས་གཞན་ལས་མ་བརྒྱུད་པས་ནང་སྒྲུབ་པ་ཟབ་མོ་ཡིན་ནོ། །དེ་ནི་བཛྲ་ཧེ་རུ་ཐུགས་ཀྱི་སྒྲུབ་པའོ། །རྡོ་རྗེ་ཁྲག་འཐུང་ཐུགས་ཉིད་དོ། ༈ །ཡོན་ཏན་ཀུན་ཏུ་བཟང་པོ་ཉིད་གནས་འགྱུར་བ་ཆེ་བ་ཆེ་མཆོག་དབུ་ཉེར་གཅིག་ཕྱག་ཞེ་གཉིས་ཞབས་བརྒྱད་པར་སྣང་བ་ཀུན་བཟང་ཉིད་ལས་གྲུབ། །ཡང་ན་རིན་འབྱུང་གནས་འགྱུར་བས་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ་ཉིད་དོ། ༈ །ཕྲིན་ལས་དོན་ཡོད་གྲུབ་པ་ལས། །ཀརྨ་ཧེ་རུ་ཀར་གྱུར་ཏེ། དཔལ་རྡོ་རྗེ་སྲིན་པོ་རྡོ་རྗེ་ཕུར་པར་གྱུར་པ་དབུ་དགུ་ཕྱག་བཅོ་བརྒྱད་པའོ། །ཀརྨ་ཧེ་རུ་ཀ་ཉིད་དུ་རྡོ་རྗེ་སེམས་དཔའ་ཉིད་དཔལ་རྡོ་རྗེ་གཞོན་ནུར་ཞལ་གསུམ་ཕྱག་དྲུག་པར་རབ་སྣང་བ། །དེ་ཉིད་འདིས་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད་པས་ཧེ་རུ་ཀ་རྣམས་ཀྱི་སྲས་སུ་བལྟམས་ནས་རཱུ་ཏྲ་སྒྲོལ་ལ་བརྩོན། །སྤྱིར་དེ་དག་ཀུན་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་ཚད་གྱུར་ཀྱང་། །ཁྲག་འཐུང་གལ་པོ་ཡང་དག་ཐུགས་ཀྱི་སྒྲུབ་པ་འདི་བྱང་ཆུབ་སེམས་


DNG019_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྤྲུལ་པར་གནས་བསྒྱུར་བ་མ་ཡིན་ཏེ་རྡོ་རྗེ་སེམས་དཔའ་ཁྲོས་པས་ཟབ་པ་དང་ཐུགས་སྒྲུབ་ཡིན་པས་ཟབ་པས་གལ་པོ་འདི་བཤད་ཀྱིས་ཉོན། ༈ །དམན་པ་ལུས་ཀྱི་སེམས་པ་ཡིས། །ལུས་དམན་པའི་ཆ་ལུགས་གནས་པར་སེམས་ཡ་རབས་ཀྱི་དགོངས་པ་ཅན་རྣམས་ཀྱིས་སྟོན་པ་གསང་བདག་རྡོ་རྗེ་འཛིན་པ་ལ། །རབ་ཏུ་དགའ་བས་ཞུ་བ་འདི་སྐད་གསོལ་ཏོ། ༈ །རྡོ་རྗེའི་སྙིང་པོ་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་རྣམས་ཀྱི་དགོངས་པ་མཁྱེན་པས་སྙིང་པོའམ་ཐུགས་ཀྱི་སྲས་ཆེན་པོ་ཁྱོད། །དུས་གསུམ་སངས་རྒྱས་ཀུན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྡུད་པ་པོ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། །སྲིད་པ་གསུམ་གྱི་འགྲོ་བ་ཀུན་ལ་སངས་རྒྱས་ཀྱི་གསུང་སྟོན་པར་མཛད། །དེ་ཐམས་ཅད་གསང་བདག་གིས་མཛད་པའི་དཔེ་ཁྱོད་ནི་ནམ་མཁའི་རང་བཞིན་ཅན་ཏེ་ནམ་མཁའ་དངོས་མེད་ངོ་བོ་སྟོང་པ་འདིས་འབྱུང་བ་ལྔའི་བདག་པོ་བྱེད་པ་ལྟར་ཕྱག་རྡོར་ཡང་དེ་ལྟར་རོ། །གར་མཁན་ལ་ལུས་གཅིག་ལས་མེད་པར་ལྟད་མོ་བ་ལ་བཞིན་སྣ་ཚོགས་སྟོན་པ་ལྟ་བུར་སངས་རྒྱས་པ། །འགྲོ་བ་ལ་སྐུ་དེ་ལྟར་སྟོན་པས་གར་གྱི་དབང་ཕྱུག་ཁྱོད་ཕྱག་འཚལ། ༈ །དཔེར་ན་ལྷ་ཚངས་པ་འཁོར་བའི་ཉོས་གྱོད་ཁྲིན་ལྟ་བུ་ལས་ཚངས་པའི་གསུང་ཡང་ཁྲོ་བ་མེད་པའམ་ཉོན་མོངས་མེད་པས་ཤིན་ཏུ་བསྟན་པ་དེ། ཆོས་འཁོར་གྱི་གསོལ་བ་འདེབས་པ་ལྟར་བསྟན་པས་ཚངས་པའི་གསུང་གིས་ཀུན་ལ་ཁྱབ། །འབྲུག་སྒྲའི་ལྟ་བུ དབྱངས་ལྟར་ཁྱོད་ཕྱག་འཚལ་ལོ། ༈ །ནམ་མཁའི་གཏོས་ཀྱིས་ཀུན་ལ་ཁྱབ་པ་ལྟར་སེམས་ཅན་ཀུན་ལ་ཁྱབ་པ། །མི་རྟོག་པའི་ཐུགས་ལ་ཆོས་ཉིད་མཐའ་དབུས་དང་བྲལ་བ་དེ་ལ་བདག་ཅག་འཁོར་རྣམས་ལུས་ངག་ཡིད་གསུམ་དང་བས་ཁྱོད་ཕྱག་འཚལ་ལོ། ༈ །དེ་བཞིན་རིན་ཆེན་ཤིན་ཏུ་རིན་ཆེ་བ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ཞིག་ལྷའམ་ཀླུའི་རྒྱལ་པོའི་གཙུག་ན་གནས་པ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ལྟར་སྟོན་པའི་ཡོན་ཏན་ལ་དགོས་འདོད་འབྱུང་བ་འོད་སྟོང་འབར། །དགོས་འདོད་བསྐང་བ་ཁྱོད་ལ་ཕྱག་འཚལ། ༈ །བདག་དང་གཞན་དོན་བདག་ཅག་དམ་པའི་རིགས་ཅན་ལྔ་ནས། གཞན་ཡང་རིགས་དྲུག་གི་སེམས་ཅན་རྣམས་


DNG019_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཕུན་སུམ་ཚོགས། །གློག་ལྟར་མྱུར་མཛད་སེམས་ཅན་གྱི་དོན་མྱུར་དུ་མཛད་པའི་དཔེ་ནམ་མཁའི་གློག་ལྟར་སྣང་བའི་དཔེ་དོན་མཛད་པའི་ཕྲིན་ལས་ཁྱོད་ལ་བདག་ཅག་ཕྱག་འཚལ་ལོ། ༈ །འཁོར་བ་རྒྱ་མཚོ་ལྷའི་ལས་ཟད་ནས་མིར་ལྟུང་མིའི་ལས་ཟད་ནས་དམྱལ་བར་དེ་ཟད་ནས་སླར་སྐྱེ་བ་ལྟ་བུ་རྒྱ་མཚོའི་གཏིང་ལྟར་བློས་དཔག་པར་དཀའ་ཞིང་བསམ་ཡས་ཀུན། །སངས་རྒྱས་ཞིང་དེ་གནས་བྱའི་ཕྱིར། །འདོད་ཁམས་གནས་རིགས་ཉི་ཤུ། གཟུགས་ཁམས་བཅུ་བདུན་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་བྱེད་ལས་རང་གི་མཚན་ཉིད་འཛིན་པས་ཁམས་གསུམ་སེམས་ཅན་ཀུན་གྱི་དོན་དུ། །བདག་ཅག་ནི་མགྲིན་གཅིག་ཏུ་བོས་པའོ། །དམ་པའི་ནི་སངས་རྒྱས་ཤཱཀྱ་ཐུབ་དེའི་རིགས་ཅན་གྱི་སློབ་མ་རྣམས་ཡིན་ལ་དེ་ཡང་ཀྲི་ཡོག་པ་བསྒོམ་གྱིན་ཡོད་པ་རྣམས་སོ། །ནི། །ལྷ་མཆོག་ལྷའི་རིགས་ཀྱི་སྔགས་ཕྱི་བ་ལ་བསྒོམ་བྱེད་པ་ནི་ལྷ་གྲགས་ལྡན་མཆོག་སྐྱོབ་གསང་མཚན་བློ་གྲོས་མཐའ་ཡས་དང་། །ཀླུ་མཆོག་ཀླུའི་རིགས་ཀྱི་གསང་སྔགས་ཕྱི་བ་ལ་བསྒོམ་བྱེད་པ་ནི་ཀླུ་རྒྱལ་འཇོག་པོ་གསང་མཚན་བློ་གྲོས་རྒྱ་མཚོ་དང་། །གནོད་སྦྱིན་སྐར་མདའ་གདོང་གསང་མཚན་བློ་གྲོས་དད་སེལ་དང་། །སྲིན་པོ་ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན་དང་། །མི་ཡི་དགེ་སློང་ཆེན་པོ་ལིཙྪ་བྱི་དྲི་མ་མེད་པར་གྲགས་པ་གསང་མཚན་བློ་གྲོས་རབ་ཞི་རྣམས། །ཐུབ་པའི་དབང་པོས་ལུང་བསྟན་ལྟར། །དེ་ལྟར་དུས་འདིར་གསང་སྔགས་ནང་གི་རྒྱུད་རྣམས་གསུངས། །ལུང་གི་མདོ་བཅུ་བཞི་དང་མན་ངག་གི་རྒྱུད་བཅུ་དྲུག་ལ་སོགས་པ་མ་ལུས་པ། །སྟོན་པ་ཐུབ་པ་ལ་རིགས་ཅན་ལྔས་ཀྲི་ཡོག་གི་བསྒོམ་ཞུས་ནས་བསྒོམ་གྱིན་ཡོད་པ་ལ་སྟོན་པ་མྱ་ངན་ལས་འདས་ནས་གསང་སྔགས་ནང་བ་མ་གསུངས་པས་ནམ་འབྱུང་ཞེས་ཞུས་པས་ང་འདས་ནས་ལོ་ཉེར་བརྒྱད་ན་རི་མ་ལ་ཡར་གསང་བདག་གིས་འཆད་པར་འགྱུར་གསུང་བ་ན་དུས་དེར་གསང་བདག་དང་ཞལ་མཇལ་ནས་གསང་སྔགས་ཀྱི་རྒྱུད་རྣམས་དང་ལུང་གི་མདོ་བཅུ་བཞི་མན་ངག་གི་རྒྱུད་བཅུ་དྲུག་ལ་སོགས་པ་རྣམས་གསང་བདག་ཁྱེད་ཀྱིས་རབ་ཏུ་གསལ་བར་བྱོས། །སྤྱིར་རིགས་ལྔ་ལས་ཐུགས་རྡོ་རྗེའི་སྒྲུབ་པ་ཟབ་ལ་ཅིའི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱི་རྩ་བ་སེམས་ལ་དང་སངས་རྒྱས་ཐམས་ཅད་ཐུགས་ལ་ཐུག་པས་མི་


DNG019_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེ་སེམས་དཔའ་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་མཆོག་ཉིད་དོ། །སྟོན་པས་གསང་སྔགས་ཀྱི་རྒྱུད་དང་སྒྲུབ་པ་ནམ་མཁའི་མཐའ་ཡས་རྡུལ་སྙེད་གསུངས་ཤིང་དེ་རེ་རེ་ལ་ཡང་སྒྲུབ་ཐབས་ལྔ་ལྔ་ལ་སོགས་ཡོད་པ་ལས། །ཐུགས་ཀྱི་སྒྲུབ་ཐབས་ཀྱི་མན་ངག་ཟབ་མོར་གྱུར་པ། །ཧེ་རུ་ཀ་ཡི་གལ་པོ་རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་སྟོན་པ་ཀུན་འདུས་རིག་པའི་མདོ་ལྟ་བུ་མ་ཡིན་པ་བཛྲ་ཧེ་རུ་ཀ་ཐུགས་ཀྱི་སྒྲུབ་ལུགས་སྟོན་པས་ན་ཟབ་མོ་འདི། །བདག་ཅག་དམ་པའི་རིགས་ཅན་ལྔ་ལ་སོགས་པ་རྣམས་ལ་བཤད་པར་འཚལ། །ལུས་བརྩོན་པས་ལེ་ལོ་སྤང་ངག་བརྩོན་པས་འཁྱལ་བ་སྤང་ཡིད་བརྩོན་པས་སེམས་མ་ཡེངས་པས་གསུམ་བརྩོན་འགྲུས་ཕུན་སུམ་ཚོགས་པས་ཉན། །སྟོན་པ་རྡོ་རྗེ་འཆང་ཆེན་པོས་རྒྱུད་ལུང་མན་ངག་སོ་སོར་ཕྱེ་ནས་གསུངས་ཤིང་འདིར་དབྱེར་མེད་ཉམས་སུ་ལེན་པར་གསུངས་པས་ཀྱང་རྒྱུད་འཇིག་རྟེན་འདས་མདོ་དང་ལུང་གལ་པོ་འདི་བཤད་དང་གནང་སྟེ་སྟོན་པས་མདོངས་གསོལ་དུ་བཤད་ཅིང་འཁོར་གུས་པས་ཉན་པ་ལས་གླེང་གཞིའི་བྱུང་ཁུངས་རྒྱུད་ལུང་མན་ངག་གསུམ་དུ་སྟོན་གླེང་བསླང་གིས་བྱུང་ཁུངས་སྟོན་པས་ཉོན་ཅིག་པར་གདམས་འཁོར་གྱིས་ཉན་པར་ཁས་བླངས་པའོ། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། དམ་པའི་ཆོས་བྱུང་ཁུངས་ཀྱི་བརྟག་པ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཀུན་གྱི་རྗེ་བཙན་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་ཡིན་པ་དེའི་སྡུད་པ་པོ་གསང་བདག་ལ་ཡང་དེ་སྐད་ཅེས་བྱ་སྟེ་དཔེར་ན་རྒྱལ་པོའི་བུ་ལ་རྒྱལ་བུ་ཟེར་བ་ལྟར་རོ། །དམ་པ་དེས་འཁོར་འདས་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔར་ཡེ་ནས་དབྱེར་མེད་པའི་དོན་རྟོགས་ན ། མྱང་འདས་ཆོས་སྐུ་དང་ཡེ་ཤེས་འབྱུང་ལ་མ་རྟོགས་ན་འཁོར་བ་རིགས་དྲུག་སེམས་ཅན་ནམ་ཁམས་གསུམ་འཁོར་བར་འབྱུང་བས་ན་རང་གཞན་ཐམས་ཅད་ལ་སངས་རྒྱས་པར་སྟོན་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསྟ་བ་འདི་གསུངས་སོ། །ཡང་དག་གྲུབ་པ་ནི་ཆོས་སྐུ་གཅིག་པུ་ཉིད། །དེ་ནི་ཡང་དག་པ་ཆོས་ཀྱི་དབྱིངས་སུ་རིག་པའི་ཡེ་ཤེས་སུ་གྲུབ་པ་ཆོས་སྐུ་གཅིག་པུ་ཉིད་ལ་འཁོར་འདས་ཀྱི་ཆོས་མ་ལུས་པ་རྣམས་རྫོགས་ཏེ་འཁོར་འདས་ཇི་ལྟར་སྣང་ཡང་སེམས་ལས་


DNG019_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་བ་མེད་པའོ། །ལོངས་སྐུ་སངས་རྒྱས་རིགས་ལྔ་ལ་འཁོར་བའི་བདེ་བ་འདོད་ཡོན་ལྔ་དང་ལུས་ཀྱི་བདེ་བ་ཡང་འདུས་ལ་མྱང་འདས་ཀྱི་བདེ་བ་སྟོབས་དང་མི་འཇིགས་པ་ཡང་འདུས་པས་ན་བདེ་ཆེན་ཀུན་འདུས་པ་ནི་འཁོར་འདས་གཉིས་ལ་ལོངས་སྤྱོད་བདེ་བ་ཆེན་པོར་རོལ་པའི་ལོངས་སྐུའོ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ནི་སྤྲུལ་སྐུ་ཞི་ཁྲོ་གཉིས་སམ་དཔལ་ཆེན་ཧེ་རུ་ཀ་ནི་མཁའ་འགྲོ་རྣམས་ཀྱི་གཙོ་བོས་མ་ཆགས་ཐབས་ཀྱི་སྦྱོར་བ་སྒྱུ་མ་ལྟ་བུ་བདེ་བ་ཆེན་པོ་མཆོག་གི་ཉམས་མྱོང་ཅན་ནོ། །རྣལ་འབྱོར་ཟབ་མོའི་སྐུ་གསུམ་རྫོགས། །སྐུ་གསུམ་པོ་དེ་ཡང་གསང་སྔགས་ཀྱི་རྣལ་འབྱོར་པས་རྟོགས་པ་ནི། སྐུ་གསུམ་གཞན་ནས་མ་བཙལ་བར་རང་གི་ལུས་ངག་ཡིད་གསུམ་ལ་རྫོགས་པ་སྟེ། ལུས་ལོངས། ངག་སྤྲུལ། སེམས་ཆོས་སྐུར་གནས་སོ། །ཕྱི་ལྟར་རྒྱུད་ཀྱི་བདག་ཉིད་ཆེ། །བདག་མེད་རིག་པ་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་ཡི་ངོ་བོར་གནས། །སྟོང་ཞིང་གསལ་ལ་མ་འདྲེས་མཉམ། །ཡང་དག་གྲུབ་པ་གཅིག་པུ་ཉིད་རྒྱས་པར་བཤད་པ་སྟེ། སྟོན་པ་ཆོས་སྐུ་གདུལ་བྱ་བློ་གྲོས་ཅན་རྣམས་ལ་དོན་དམ་ངེས་པའི་ཚིག་ཏུ་གསུངས་པ་ནི་གཟུང་འཛིན་གཉིས་ཀྱི་བདག་མེད་པ་རང་སེམས་རིག་པ་ཆོས་སྐུ་འདི། ཡེ་ཤེས་ལྔའི་ངོ་བོར་གནས་ཏེ། ཆོས་ཐམས་ཅད་དང་པོར་སྟོང་པ་རྟོགས་པའི་ཆ་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་སྟོང་པ་རྐྱང་པ་མ་ཡིན་ཏེ་རྣམ་པ་ཀུན་ལྡན་གྱི་སྟོང་པར་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས། སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པས་སོ་སོར་རྟོག་པའི་ཡེ་ཤེས། དེ་དབྱེར་མེད་པར་གནས་པའི་ཆ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ལྟར་རྟོགས་པས་འཁོར་འདས་ཀྱི་བྱ་བ་མ་ལུས་པར་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་མྱང་འདས་ཀྱི་ཆོས་རྣམས་ཀྱི་རྟེན་བྱེད་པ་ཁོ་ན་ཆོས་སྐུའོ། །དོན་རྣམས་གྲུབ་པ་ཆོས་རྣམས་རྟེན། །དུག་ལྔ་ཡེ་ཤེས་ཆེན་པོར་གྲོལ། །གཏི་མུག་སྟོང་པ་ཆོས་ཀྱི་དབྱིངས། ཞེ་སྡང་གསལ་བ་མེ་ལོང་ལྟ་བུ། ང་རྒྱལ་མངོན་པ་མཉམ་པ་ཉིད། འདོད་ཆགས་བདེ་བ་སོ་སོར་རྟོག་པ་ཕྲག་དོག་ནི་ཤེས་པ་རང་གི་བྱ་བ་གྲུབ་པ་དེ་དག་བྱེད་པ་པོ་མེད་པར་རང་གྲོལ་བས་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་གྲུབ་ནས་གནས་པ་ན་ཡང་དག་གྲུབ་པ་གཅིག་པུ་ཉིད་དོ། །རང་བྱུང་ཡེ་ཤེས་གཅིག་ཏུ་གནས། །དེ་ནི་ཆོས་སྐུར་གདུལ་བྱ་བློ་གྲོས་དོན་དམ་ངེས་པའི་ཚིག་ཏུ་གསུངས་པའོ། །སརྦ་ཐམས་ཅད་དྷརྨ་ཆོས་ཨ་ཨ། དབྱིངས་སྐྱེ་མེད་ཀྱི་ངང་ནས་


DNG019_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པར་གནས་པས་ཨ་གཉིས་དངོས་ཆོས་སྐུའོ། །སངས་རྒྱས་བདེ་གཤེགས་ཀུན་འདུས་པ་སྐུ་ནི་བདེ་གཤེགས་རྣམ་སྣང་གིས་གཏི་མུག་ཅན་གྱི་རིགས་ཚངས་དང་ཀླུ་རྣམས་འདུལ་བར་སྣང་བ་དང་། །རྡོ་རྗེ་ཞེ་སྡང་ཅན་གྱི་རིགས་པིཥྞུ་དང་གནོད་སྦྱིན་མོ། །དང་པོ་རྣམས་འདུལ་བར་སྣང་བར་སྟོན་པ་དང་རིན་ཆེན་འབྱུང་ལྡན་གྱིས་ང་རྒྱལ་ཅན་གྱི་རིགས་དང་འབྱུང་པོ་གཏོགས་འདོད་ཅན་རྣམས་ཡིད་བཞིན་གྱི་ནོར་བུས་འདུལ་བའི་སྐུ་ར་སྟོན་པ་དང་། །པདྨ་སྣང་མཐས་གུ་ལང་དང་མཁའ་འགྲོ་མ་འི་ཚོགས་རྣམས་མ་ལུས་པར་འདུལ་བར་སྟོན་པར་སྣང་བ་དང་། །ལས་ནི་དོན་ཡོད་གྲུབ་པས་གདུལ་བྱ་སྣ་ཚོགས་རྟ་མཆོག་ཉིད། །འདུལ་བའི་ལས་བྱེད་དེ་དཔེར་ན་གྱི་ལིང་རྟ་ནི་དུད་འགྲོའི་ནང་ནས་ལས་མཆོག་ཏུ་སྟོན་པ་ལྟར་རོ། ༈ །འདུལ་བཞི་ཐེག་པ་བཞི་པོ་རྣམས། །གདུལ་བྱ་དམ་རྫས་སོ་སོའི་སྣང་བ་ལ་ཞེན་པ་རྣམས་ལ་གདུལ་བྱ་བཞི་ལ་ཐེག་པ་བཞིར་བསྟན་ཏེ་རྒྱུ་འབྲས་སུ་ཞེན་པའོ། །སངས་རྒྱས་སེམས་ཅན་བཟང་ངན་དུ་འཛིན་པའམ་མོས་པའི་དབང་གིས་སངས་རྒྱས་ལ་ཡང་བཟང་ངན་དུ་འཛིན་པ་རྣམས་དེའི་ཞེན་པ་དགྲོལ་བའི་ཕྱིར་མཉམ་པ་བཞི་དང་ལྔར་བསྟན་པ་སྟེ། དོན་མི་མཉམ་ཡང་ཚིག་མཉམ་པ་སྐད་དུ་སྟོན་པའི་ཐེག་པ་རྣམས་སོ། །དེ་ཡང་ལྷ་མིའི་ཐེག་པ་དང་ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་འདུལ་བའི་ཕྱིར་རོ། །བཟང་ངན་གསང་སྒོ་དྲང་བའི་ཕྱིར། །ཐམས་ཅད་བསམ་དོན་རབ་དགོངས་ཏེ། །ཐམས་ཅད་བླང་དོར་མེད་པར་བསྟན། ༈ །དུས་ཀྱིས་དུས་ཡུན་རིང་པོའམ། དཀའ་སྤྱད་དཔག་མེད་དང་། དེ་དག་གིས་འགྲུབ་པ་ཤིན་ཏུ་དཀའ་འོ་ཞེས་སྒྱིད་ལུག་པ་རྣམས་ལ་དུས་བསྐལ་པ་གྲངས་མེད་དུ་ཚོགས་བསག་མི་དགོས། དཀའ་ཐུབ་དམ་པ་མི་དགོས་ཞེས་རྒྱུད་ལ་བསྡུས་པའི་དོན་ལ་དགོངས་ཏེ་འདིར་མོས་པ་ཙམ་བྱས་པས་ཀྱང་འགྲུབ་པར་སྟོན་པའོ། །སྒྱིད་ལུག་གདུལ་བྱ་རྣམས། །སྤྲོས་སྐྱེད་འབྲས་བུར་དྲང་བའི་ཕྱིར། །རྒྱུད་ནས་འགྲུབ་པའི་དོན་དགོངས་ཏེ། །གསང་བར་མོས་པ་ཙམ་གྱིས་འགྲུབ། ༈ །ཤེས་བྱ་རློམ་སེམས་བྱེད་པ་དག །ཞེན་བསལ་ཐེག་ཆེན་སྒོར་དྲང་ཕྱིར། །བདེན་པ་མ་མཐོང་འདྲེལ་མ་ཐོབ། །དུས་ཡུན་རིང་པོ་ལ་མ་སྦྱངས་པར་ཚིག་ལྟར་སྣང་བ་དང་ཤེས་བྱ་ལྟར་སྣང་འགའ་


DNG019_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁོང་དུ་ཆུད་པ་ལ་རློམས་པ་དང་ང་རྒྱལ་བྱེད་པ་དག །བདེན་པ་མ་མཐོང་གི་བར་ལའམ། འབྲས་བུ་མ་ཐོབ་བར་ལ་སྦྱང་དགོས་པ་ལ་དགོངས་ནས་གསང་སྔགས་འདི་བསྐལ་པ་དཔག་ཏུ་མེད་པ་ནས་སྦྱངས་སྦྱངས་པའི་སྐབས་སུ་འགའ་ཞིག་སྤྱོད་ཡུལ་ཡིན་པ་སྐད་དུ་བསྟན་པ་སྟེ། བསྐལ་པ་ཞིང་གི་རྡུལ་སྙེད་ནས། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན་པའོ། ༈ །དགོངས་ནས་བསྐལ་པར་སྦྱང་རྩལ་འགྲུབ། །ཕྱོགས་འགས་ཆོག་འཛིན་གང་ཟག་གང་ཟག་ཐ་དད་དེ་ཁ་ཅིག་ཡི་དམ་སྣ་རེས་འབྲས་བུ་ཐོབ་པར་འདོད་པའི་གདུལ་བྱ་བློ་ཆུང་བ་རྣམས། །ཐེག་སྤྱོད་རྒྱ་ཆེར་བློ་ཆེར་བསྐྱེད་པར་བྱ་བའི་དོན་དུ་སྔགས་ཀྱི་སྤྱོད་པ་དགེ་བ་དེ་གཅིག་པུས་མི་འགྲུབ་པར་བརྗོད་པ་སྟེ། གསང་སྔགས་རྨད་དུ་བྱུང་བའི་སྤྱོད་པ་རྒྱ་ཆེན་པོ་ལ་བསྐུལ་བའི་ཕྱིར། །བསྒྲུབ་པའི་ཡན་ལག་བསྒྲུབ་དགོངས་ཏེ། །མང་པོ་ཚང་བར་བཤད་ནས་བསྒྲུབས་ན་འབྲས་བུ་འགྲུབ་པ་ལ་དགོངས་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ལ་བྱ་བ་མང་པོ་ཚང་དགོས་པ་ནི་བྱ་བ་རྒྱ་ཆེར་གསང་སྔགས་ཀྱི་བསླབ་པ་དང་ལྟ་བ་དང་དམ་ཚིག་དང་ཏིང་ངེ་འཛིན་ལ་སོགས་པ་རྣམས་ཚང་བར་གང་ལ་སྤྱོད་པར་སྟོན་མོས་པ་དང་འཚམས་པར་སྟོན་པའོ། ༈ །གདུལ་བྱ་གསང་སྔགས་ཀྱི་ལྟ་སྤྱོད་ལ་སྐྲག་ཅིང་སྔངས་དང་འོག་མའི་ལམ་ལ་ཚི་ཆད་པས་ལུས་ངག་ཡིད་རྩོལ་བ་དང་བཙོད། །རང་གི་ལྟ་བ་ལ་མངོན་པར་ཞེན་ཅིང་ཅི་ལའང་ཡིད་མི་འཇུག་པ་རྣམས། །འདིར་དྲང་བའི་ཕྱིར་རམ་ངེས་པའི་དོན་འདི་ལ་གཞུག་པའི་ཕྱིར། །ལྟ་སྤྱོད་མཐུན་པར་བསྟན་ནས་འདིར་གཞུག་གོ། ༈ །གང་ལ་མོས་པའི་གདུལ་བྱ་དག་ལ་གང་མོས་སུ་བསྟན་ཏེ། །མཚན་ཉིད་གསུམ་གྱི་ཚུལ་གྱིས་ཐམས་ཅད་སེམས་གཞན་དབང་རང་སྣང་བ་སྐྱེ་བ་མེད་པ་ནི་མཚན་ཉིད་གསུམ་གྱིས་མཐུན་དྲང་ཕྱིར། །མཚན་ཉིད་གསུམ་གྱིས་ཆོས་ཐམས་ཅད་ཀྱི་དོན་བསྡུས་པའི་རང་བཞིན་ཡིན་ཏེ། ཀུན་བརྟགས་ནི། གཟུགས་ལ་སོགས་པ་ཡུལ་དྲུག་དང་། དབང་པོ་དྲུག་པོ་དག །ཆོས་དང་གང་ཟག་གི་དངོས་པོར་ཡོད་དོ་སྙམ་དུ་འཁྲུལ་པའི་རྣམ་ཤེས་ཀྱི་ནན་གྱིས་བཏགས་པའི་གཟུང་འཛིན་ཆ་གཉིས་ཀྱི་རྟོག་པ་དེའོ། །གཞན་དབང་གང་ཞེ་ན། ཀུན་གཞིའི་རྣམ་ཤེས་འཁོར་དང་བཅས་པ་ཉིད། རྒྱུ་འབྲས་


DNG019_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་དུ་སྐད་ཅིག་མ་ལ་སེམས་དང་སེམས་བྱུང་རྟེན་འདྲེལ་དུ་འབྱུང་བ་དེའོ། །དེ་ལ་ཅིའི་ཕྱིར་གཞན་དབང་ཞེས་བྱ་ཞེ་ན། ཁམས་གསུམ་སེམས་ཅན་གྱི་ཤེས་པ་རྒྱུ་རྐྱེན་གཞན་ལ་རག་མ་ལུས་པར་རང་སྐྱེ་མི་ནུས་པ་གཞན་དབང་ཞེས་བྱ་བ་སྟེ། རྒྱུ་རྐྱེན་བཞིས་བསྐྱེད་དེ། ཀུན་གཞི་ལ་བག་ཆགས་ཡོད་པ་ནི་རྒྱུའི་རྐྱེན་ནོ། །མིག་དབང་པོ་ལ་སོགས་པ་འཇུག་པའི་ཚོགས་དྲུག་ནི་བདག་པོའི་རྐྱེན་ནོ། །ཡུལ་གཟུགས་སྒྲ་ལ་སོགས་པ་ནི་དམིགས་པའི་རྐྱེན་ནོ། །ཤེས་པ་སྐད་ཅིག་མ་མ་འགགས་པས་གོ་དབྱེ་ནས། སྐད་ཅིག་མ་ཕྱི་མ་འབྱུང་བ་ནི་དེ་མ་ཐག་པའི་རྐྱེན་ནོ། །དེའི་ཕྱིར་གཞན་དབང་ཞེས་སོ། །ཡོངས་གྲུབ་ནི། གཞན་དབང་གི་ཆོས་ཅན་དེ་ཀུན་ལ་གཟུང་འཛིན་ཆ་གཉིས་དང་བྲལ་བ་དེའོ། །དེ་ལ་ཅིའི་ཕྱིར་ཡོངས་གྲུབ་ཅེས་བྱ་ཞེ་ན། དཔེར་ན་ཆུ་དང་། ནམ་མཁའ་དང་གསེར་དང་འདྲའོ། །ཆུ་རྙོག་རུང་དང་རུང་ཆུའི་རང་བཞིན་སིང་ངེ་བ་དེ་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་། གསེར་ཡང་མགར་བས་བྱས་རུང་མ་བྱས་རུང་། དེའི་རང་བཞིན་སེར་པོ་དེ་གར་ཡང་མ་སོང་། གང་ནས་ཀྱང་མ་འོངས་སོ། །ནམ་མཁའ་ཡང་གསལ་རུང་མི་གསལ་རུང་ནམ་མཁའ་དང་བའི་རང་བཞིན་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་ངོ་། །དེ་བཞིན་དུ་ཆོས་ཉིད་ཆོས་ཀྱི་དབྱིངས་དེ་སངས་རྒྱས་ཀྱིས་འཇིག་རྟེན་དུ་བསྟན་ཀྱང་གང་ནས་ཀྱང་མ་འོངས། མ་བསྟན་ཀྱང་གང་དུ་ཡང་མ་སོང་བ་ལ་བྱའོ། །མེད་ལ་ཀུན་བརྟགས་མཚན་ཉིད་གསུམ་ལ། པ་རི་ཀ་ཝི་ཏ་ལཀྵ་ཎ་ཞེས་པ། ཀུན་བརྟགས་པའི་མཚན་ཉིད་ཡིན་ཏེ། པ་རི་ས་མ་ཏཱད་ཅེས་བྱ་སྟེ། ཡོངས་སུའམ་ཀུན་དུ། ཀ་ལ་པི་ཏ་ནི་མེད་པ་ལ་བརྟགས་པའམ་སྒྲོ་བཏགས་པ་ལྟ་བུའོ། །སྤྱིར་གཟུང་འཛིན་དང་བཅས་པའི་ཆོས་ནན་གྱིས་བརྟགས་པ་དེ་ཀུན་བརྟགས་ཀྱི་མཚན་ཉིད་དོ། །མེད་པར་ཀུན་བརྟགས་ལ་གཉིས་ཏེ་སྣང་བའི་ཀུན་བརྟགས་ནི་ཡུལ་དང་དབང་པོའི་གཟུང་འཛིན་ཆ་གཉིས་སོ། །མི་སྣང་བའི་ཀུན་བརྟགས་ནི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་མུ་སྟེགས་པའི་བདག་ཏུ་བལྟ་བ་དང་། ཉན་ཐོས་ཀྱི་རྡུལ་ཕྲན་ནོ། །དེ་ལ་བརྒལ་ཏེ། དེ་གཉིས་ཀྱང་གཞི་མེད་པར་འདྲ་བ་ལ་སྣང་བའི་ཀུན་བརྟགས་ཅིའི་ཕྱིར་སྣང་། མི་སྣང་བའི་ཀུན་བརྟགས་ཅིའི་ཕྱིར་མི་སྣང་ཞེ་ན་དང་པོ་ནི་གཞན་པའི་གཞི་པོ། རྒྱུ་འབྲས་ཀྱི་ཆོས་ཅན་ལ་ལྟོས་ནས་སྣང་། དེ་ལ་བསྐྱེད་པའི་རྒྱུ་དང་ཐོབ་པའི་རྒྱུ་ཡོད་དོ། །གོང་གི་ཆོས་ཅན་ལ་རང་བཞིན་མེད་པར་ཆོས་ཉིད་དུ་རྟོགས་ནས་འཕགས་


DNG019_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་དུ་བསྐྱེད་ལ། དེ་ཉིད་རྟོགས་པ་མཐར་ཕྱིན་ན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་ཡང་འཐོབ་པར་བསྟན་ཏོ། །ཡོད་འདོད་གཞན་དབང་པ་ར་ཏནྟྲ་ལཀྵ་ཎ་ཞེས་པ་གཞན་དབང་གི་མཚན་ཉིད་ཡིན་ཏེ། པ་ར་ཏནྟྲ་ནི། དན་ཕྥུ ་ཏེ་ཛན་ནྱ་ཏེ། ཞེས་པ་ནི་གཞན་གྱི་རྐྱེན་ལ་རག་ལས་ཤིང་རང་མི་འབྱུང་བས་རྟེན་འདྲེལ་བར་འབྱུང་བའི་མིང་ཡིན་ཏེ། གཞན་དབང་གི་མཚན་ཉིད་ཅེས་བྱའོ། །མི་འགོག་ཅིང་། །གཞན་དབང་ལ་ཡང་གཉིས་ཏེ། བསྐྱེད་པའི་གཞན་དབང་དང་ལྟོས་པའི་གཞན་དབང་ངོ་། །དང་པོ་ནི་སེམས་ཅན་གྱི་སེམས་ལས་འབྱུང་བ་ནི་ཀུན་འབྱུང་དང་རྐྱེན་གྱིས་བསྐྱེད་པའི་འདུས་བྱས་སོ། །ལྟོས་པའི་གཞན་དབང་ནི། དེ་ལ་ལྟོས་ནས་རྒྱུ་རྐྱེན་ལས་བསྐྱེད་པའི་འདུས་མ་བྱས་གཞིའོ། །སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པ་དང་། ནམ་མཁའ་དང་དེ་བཞིན་ཉིད་དོ། །རྟག་ལ་ཡོངས་སུ་གྲུབ་པ་བསྟན། །པ་རི་ནིཥྤནྣ་ལཀྵ་ཎ་ཞེས་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་ཏེ་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་མི་འགྱུར་བ་དང་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་གྲུབ་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །ཡོངས་གྲུབ་གཉིས་ཏེ། མི་འགྱུར་བའི་ཡོངས་གྲུབ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རིག་པའི་ཡེ་ཤེས་དེའོ། །ཀུན་བརྟགས་སྐྱེ་བོའི་སྤྱོད་ཡུལ་ཏེ། །གཞན་དབང་བྱང་ཆུབ་སེམས་དཔའ་ཡི། །ཡོངས་སུ་གྲུབ་པར་སངས་རྒྱས་སོ། །འོ་ན་མཚན་ཉིད་གསུམ་པོ་འདི་སུའི་སྤྱོད་ཡུལ་དུ་གྱུར། ཡོད་པར་ཅིས་མངོན་ཞེ་ན། ཀུན་བརྟགས་སོ་སོ་སྐྱེ་བོའི་ཤེས་པ་འཁྲུལ་པར་མིག་ནད་ཅན་ལྟ་བུའི་སྤྱོད་ཡུལ་དུ་གྱུར་ཏེ། གཞུང་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །སྔར་མ་སྐྱེས་པའི་ཕྱིར་མི་འགག་པའི་ཆོས་ཅན་ལ་རྟག་ཏུ་སྐྱེ་མེད་ཅེས་བྱ། སྐྱེ་འགག་མེད་པའི་ཆོས་ཉིད་ལ་དེ་བཞིན་གཤེགས་དང་འདྲ་བྱ། འཕགས་པ་ལ་བློ་ཤེད་མ་བྱེ་བ་དོན་མ་རྟོགས་པའི་བློ་ཅན་ལ་བྱིས་པ་ཞེས་སོ། །གཟུང་འཛིན་གཉིས་མེད་བཞིན་དུ་ཡོད་པར་བརྟགས་ནས་འཇིག་རྟེན་དག་ན་མེད་པའོ། །དེས་ན་ཀུན་བརྟགས་ཤེས་པ་འཁྲུལ་པའི་སྤྱོད་ཡུལ་དུ་གྱུར་པའོ། །གཞན་དབང་ནི། བྱང་ཆུབ་


DNG019_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དག་ལ་འཇིག་རྟེན་པའི་སྤྱོད་ཡུལ་དུ་གྱུར་ཏེ། མིག་ནད་མེད་པ་དང་འདྲ་བ་ཡིན་ཏེ། དེ་ཡང་། དེ་མ་མཐོང་བར་དེ་མི་མཐོང་། །ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་ཆོས་ཉིད་མ་རྟོགས་ན་གཞན་དབང་ལ་གཟུང་འཛིན་གཉིས་དང་བྲལ་བར་མཐོང་དུ་མི་བཏུབ་ན། ཡོངས་སུ་གྲུབ་པའི་ཆོས་ཉིད་རྟོགས་ཀྱི་རྗེས་ལས་ཐོབ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས། གཞན་དབང་གཟུང་འཛིན་གཉིས་ལ་སྒྱུ་མ་ལྟར་རྟོགས་ཏེ། སྒྱུ་མ་སྣ་ཚོགས་སུ་སྣང་ཡང་དངོས་པོ་མེད་པས་ཡང་དག ། གཞན་དབང་རྒྱུ་རྐྱེན་ལས་སྐྱེས་པ་ལ། གཟུང་འཛིན་གཉིས་སུ་འཛིན་ཀྱང་ཡང་དག་པར་མེད། ཡང་དག་ཡོངས་སུ་གྲུབ་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །སྤྱིར་ན་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་ཏེ། མེད་པའི་ཆོས་ལ་ཡོད་པར་བརྟགས་པ་ཐམས་ཅད་ཀུན་བརྟགས། རྒྱུ་རྐྱེན་གྱི་སྐྱེ་བ་ཐམས་ཅད་གཞན་དབང་། ཕྱིན་ཅི་ལོག་བློས་བཏགས་པ་ཡང་མིན། རྒྱུ་རྐྱེན་གྱིས་ཀྱང་མ་བསྐྱེད་པ་ཐམས་ཅད་ཡོངས་གྲུབ་ཏུ་འདུས་སོ། །རང་གི་རྣམ་པར་རིག་པ་ལ། མཚན་ཉིད་གསུམ་ཡང་དེར་འདུས་ཏེ། རང་གི་རིག་པ་ཙམ་ལ་འཁྲུལ་པས། གཟུང་འཛིན་གཉིས་སུ་སྣང་བ་མ་ཡིན་པའི་ཡུལ་ལོགས་ན་མེད་པ། ཀུན་བརྟགས་ཀྱང་དེར་འདུས། རང་གི་ཤེས་པ་ལ་དངོས་པོར་འཛིན་ཀྱང་། ཤེས་པ་དེ་ཉིད་རྒྱུ་རྐྱེན་གཞན་གྱིས་མ་བསྐྱེད་པར་རང་སྐྱེ་མི་ནུས་པས། གཞན་དབང་ཡང་རྣམ་པར་རིག་པ་ཙམ་ལ་འདུས་སོ། །རང་གི་རྣམ་པར་རིག་པ་ཙམ་དེ་ཉིད། ཆོས་ཐམས་ཅད་དུ་སྣང་བ་ཡིན་ལ། ཆོས་ཐམས་ཅད་རང་གི་ངོ་བོ་མ་སྐྱེས་ཏེ། ཆོས་ཉིད་ཡིན་པས། ཆོས་ཅན་དང་ཆོས་ཉིད་དབྱེར་མེད་པས། ཡོངས་གྲུབ་ཀྱི་ཆོས་ཉིད་ཀྱང་རྣམ་པར་རིག་པ་ཙམ་ལ་འདུས་སོ། །དེ་ལ་མཚན་ཉིད་གསུམ་ནི་མཚོན་པའི་ཚིག་ཙམ་མོ། །ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་སྟོང་པས་མཚོན། གཞན་དབང་རྒྱུ་རྐྱེན་གཞན་ལ་རག་ལས་ཤིང་རང་སྐྱེ་མི་ནུས་པས་མཚོན། ཡོངས་གྲུབ་སྟོང་ཞིང་བདག་མེད་པས་མཚོན། མཚོན་པའི་ཚིག་དེ་ཉིད་ཀྱང་མ་གྲུབ་པས་ཀུན་བརྟགས་འཁོར་བའི་སེམས་ཅན་རྣམས། གཞན་དབང་དེ་བཞིན་གཤེགས་པའི་ངོ་བོར་གྲོལ་ནས། ཡོངས་གྲུབ་ཆོས་ཉིད་བྱང་ཆུབ་སེམས་སུ་གནས་པར་བྱ་བའི་ཕྱིར། མེད་པ་ལ་མོས་པ་རྣམས་ཀུན་བརྟགས་མེད་པར་བསྟན། ཡོད་པ་ལ་མོས་པ་ལ་གཞན་དབང་རང་གི་སེམས་སུ་སྣང་


DNG019_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་སྤོང་བར་སྟོན། རྟག་པ་ལ་མོས་པ་ལ་ཡོངས་གྲུབ་ཏུ་བསྟན་པའོ། །ཀུན་བརྟགས་ལོག་པར་བརྟགས་པ་ཙམ། གཞན་དབང་སྣང་སྤྱོད་རྣམ་པར་དག་པ། ཡོངས་གྲུབ་ཆོས་ཉིད་མི་འགྱུར་བར་གསུམ་གྱིས་མཚན་ཉིད་ལ་ལྡེམ་པའོ། །ཡོན་ཏན་ཕྱོགས་རེས་གཟུགས་དང་ཆོས་དང་ལོངས་སྤྱོད་དང་རིགས་ཀྱིས་དྲེགས་པ་དག །མིའི་གཉེན་པོར་ལྷའི་ཡོན་ཏན་ཆོས་དྲེགས་པ་ལས་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་ལ་སོགས་པ་བཤད་དེ། ཟིལ་གྱིས་མནན་པས་དྲང་བའི་ཕྱིར། །གཉེན་པོར་དེ་དག་གི་དྲེགས་པ་ཞི་བར་བྱས་ལ་གསང་སྔགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཁྱད་པར་དུ་གྱུར་པའི་ཡོན་ཏན་རྣམས། །བརྗོད་དེ་མོས་པ་བསྐྱེད་པ་མཐའ་དག་བཤད་དེ་དྲེགས་པ་ཞི་བར་བྱས་ནས་གསང་བ་སྔགས་ཀྱི་ཆོས་ཀྱི་སྒོར་གཞུག་པར་བྱའོ། ༈ །འདུ་ཤེས་ལོག་པའི་ལོག་སྲེད་ཅན། །གསང་སྔགས་ལ་མོས་པ་ཡོད་པའི་རིགས་རྒྱུད་ཅན། བརྟུལ་ཞུགས་ལ་དགའ་བ་དག་སྦས་པའི་ཐབས་ཀྱི་བཅུས་ཚིག་གིས་འདུལ་བའི་ཕྱིར། །བརྡ་དང་གཅུས་ཚིག་གིས་སྟོན་ཏེ་སྒྲོལ་སྦྱོར་ལ་སོགས་པ་གཉིས་ཀ་སྤྱད་པས་ཀྱང་གྲོལ་བའི་སྐད་ལ་སོགས་པ་སྣ་ཚོགས་ཀྱིས། །ཟབ་མོའི་དོན་ལ་གཞུག་ཞིང་ཐར་པ་འཐོབ་པའི་ཐབས་ཀྱིས་འདུ་ཤེས་བསྒྱུར་བར་བྱས་ནས་གསང་སྔགས་ཀྱི་དོན་ཉམས་སུ་མྱང་པར་བྱ། ༈ །ཤུ་ཀྲ་དང་ནི་གླ་རྩི་བྱང་སེམས་ཉིད་ནི་དྲི་ཆེན་དང་། །བཞི་མཉམ་ནི་ཤ་ཆེན་ཏེ་མི་ཤ་འབྱུང་བ་བཞི་མཉམ་པ་ལས་སྐྱེས་པའོ། །དེས་མཚོན་ནས་མི་ཤ་དང་གླང་པོ་རྟ་དང་བ་ལང་གི་ཤ་ཡང་དོན་གྱིས་ཤེས་སོ། །དང་ནི་རུ་ཏི་ར་ནི་བུད་མེད་མཚན་ལྡན་གྱི་པདྨ་རཀྟ་ཉིད་དོ། །སི་ཏ་པཀྵུ་ནི་ཆུ་བོ་བཞི་ལས་གཉིས་ཀྱིས་སྨོས་ཏེ་དྲི་ཆུ་མཚོན་ནོ། །ཁྱིའམ་བྱའི་ཤ་ཡང་ཤུགས་ལས་མཚོན་ནོ། །རྣམ་པ་ལྔ། །འདི་དག་ནི་ཚངས་པ་དང་མ་ཧཱ་དེ་བ་ལྟར། མུ་སྟེགས་ཀྱི་དམ་རྫས་ལོག་པར་ཡང་མི་སྤྱད། ཁྱི་ཕག་ལྟར་རང་དགར་ཡང་མ་ཡིན་ཏེ། འོ་ན་ཇི་ལྟར་ཡིན་ཞེ་ན། རྒྱལ་བ་རིགས་ལྔ་འགྲུབ་པས་ན། །དམ་རྫས་བདུད་རྩིར་སྤྱོད་དམ། དམ་རྫས་ལྔ་ཉིད་རིགས་ལྔར་སངས་རྒྱས་པས་ན་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་སོ། །གདུལ་བྱ་རིགས་རྒྱུད་ཅན་ལ་གཉིས་ཏེ་ལྷ་སྲིན་རིགས་རྒྱུད་ཅན་དང་མཚན་ཉིད་ཀྱི་ཐེག་པ་ལ་ཞུགས་པའོ། །མི་རིགས་རྒྱུད་ཅན་ལ་ལྡེམ་དགོངས་དང་། ལྷ་སྲིན་ལ་དམ་རྫས་ལྡེམ་དགོངས་སོ། །སྟོན་པ་ལ་སྐུས་བསྟན་པ་ལྡེམ་


DNG019_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ལ་སྦྱོར་བར་བཤད་དོ། །ལོངས་སྤྱོད་ལྡེམ་དགོངས་ཀྱིས། །ལྷ་སྲིན་ཐེག་ཞུགས་ལ་གཏི་མུག་ཚངས་པ་དང་ཀླུ། ཞེ་སྡང་བིཥྞུ། འདོད་ཆགས་མ་མོའོ། །དགེ་བཅུ་ལ་ཞུགས་པ་ལྷ་མི་རྣམ་པ་གཉིས། །ཐེག་པ་རྒྱུ་ལ་ཞུགས་པ་ཉན་རང་བྱང་སེམས། འབྲས་བུ་ལ་ཞུགས་པ་ཀྲི་ཡོག་དེ་དག་བཏུལ་ནས་གསང་སྔགས་ཟབ་མོ་ཉིད། །བདེ་ཆེན་ཀུན་ཏུ་གཅིག་པའི་ལྟ་དགོངས་ཟབ་མོ་ལ་ཞུགས་པས་ལོངས་སྐུ་རིགས་ལྔ་ལ་འཁོར་འདས་ཀྱི་བདེ་བ་ཀུན་འདུས་ཏེ་འཁོར་བའི་བདེ་བས་མཆོད་པ་འབུལ། འདུས་པའི་བདེ་བས་རིགས་ལྔ་གྲུབ་པར་འདུས་པའོ། ༈ །ཡུལ་མེད་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཞེས་པ་ལ། རྡོས་བཅས་འབྱུང་བ་ལྔའི་ཡུལ་གླིང་བཞི་རི་རབ་དང་བཅས་པ་མེད་ཀྱང་ཆོས་ཉིད་ནམ་མཁའ་ལ། །ནམ་མཁའི་ཡུལ་གྱི་ངང་དུ་རྒྱུ་རྐྱེན་གྱི་རྟེན་དང་འབྲལ་བའི་རིག་པ་འགྲོ་བ་ནམ་མཁའ། དོན་ཆོས་ཉིད་ནམ་མཁའ་ལ་རིག་པ་རྟེན་མེད་དུ་འགྲོ་བས་ནམ་མཁར་འགྲོ་ཞེས་སོ། །རྟེན་མེད་རིག་པ་རྣམ་པར་འགྲོ། །མཁའ་འགྲོ་རྣམ་བཞི་ནི་རྡོ་རྗེ་མཁའ་འགྲོ་ཞི་བ། རཏྣ་རྒྱས་པ། པདྨ་དབང་། ལས་ཀྱི་མཁའ་འགྲོ་དྲག་པོ་དེ་བཞིའོ། །ཚོགས་ཀྱི་རྗེ་བོ་ནི། །སྤྲུལ་པ་འི་སྐུ་དཔལ་ལྡན་ཁྲག་འཐུང་ཉིད་ཡིན་ནོ། །འཁོར་བའི་ཉོན་མོངས་ལས་གྲོལ་བའི་ཚངས་པ་དང་གཏི་མུག་ཅན་ཚངས་པ་གཉིས་ལས་རྟ་ཡི་མགོ་ཅན་སྐུ་འི་ལྷ་དང་། །གུ་ལང་ནི་འདོད་ཆགས་ཀྱི་ལྷ་ཡིན་ཏེ་གསུང་གི་ལྷ་གུ་ལང་ནག་པོ་གླང་གི་མགོ་ཅན་དུ་སྣང་སྟེ་སྦྱོར་བའི་ལས་ལ་བརྩོན་པ་གསུང་གི་ལྷ་དང་། །ཐུགས་ཀྱི་ལྷ་ནི་ཁྱབ་འཇུག་སེང་གེའི་མགོ་ཅན་དུ་སྣང་བ་དེ་ཞེ་སྡང་ཅན་གསོད་པའི་ལས་ལ་བརྩོན་པའོ། །ཐུགས། །ཡོན་ཏན་གྱི་ལྷ་ང་རྒྱལ་ཅན་དབང་ཕྱུག་ཆེན་པོ་དང་ཕྲིན་ལས་ཀྱི་ལྷ་ཆེན་མ་ཧཱ་དེ་བ་དང་ལྔ་ལ་སོགས་པ་རྣམས་ནི་གདུལ་བྱ་ལོག་སྲེད་ཅན་ཡིན་ཏེ་བལྟ་བ་ལོག་པ་རྟག་ཆད་དུ་བལྟ། སྤྱོད་ལོག་མ་བྱིན་ལེན་མི་ཚངས་སྤྱོད་སྲོག་གཅོད་དེ་རྣམས་འདུལ་བ་ལ་བཀྲི་དྲང་དུ་རྒྱུད་ནས་སྟོན་པའོ། །དབང་ཕྱུག་དེ་ལ་སོགས། ༈ །ལུང་བསྟན་གྱི་རྣམ་གྲངས་ལ། ཨེ་ཀཱཾ་ཤ་བྱཱ་ཀ་ར་ཎ་ཞེས་བྱ་བ་སེམས་ཅན་ཐམས་ཅད་འཆི་འམ་མི་འཆི་ཞེས་འདྲི་ན་གཅིག་ཏུ་འཆད་པར་ཐམས་ཅད་འཆིའོ། །ཞེས་པ་ལྟ་བུ་ཡིན་ཏེ། དེ་ནི་མགོ་གཅིག་ཏུ་ནི་ལུང་བསྟན་པ་ཞེས་བྱའོ། །རྣམ་པར་ཕྱེ་སྟེ་བི་བྷ་ཛྱ་བྱཱ་ཀ་ར་ཎ་ཞེས་པ། སེམས་ཅན་ཐམས་ཅད་སྐྱེའམ་ཞེ་ན་ཉོན་མོངས་དང་བཅས་པར་སྐྱེའོ། །དེ་མེད་པར་མི་སྐྱེ་ཞེས་སོ་སོར་ཕྱེ་


DNG019_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟན་པར་བྱ་བའི་མིང་སྟེ་ལུང་ཡང་བསྟན་པ་ཞེས་བྱའོ། །པ་རི་པྲཙྪ་བྱཱ་ཀ་ར་ཎ་ཞེས་པ། མི་འདི་བཟང་ངམ་ངན་ཞེས་པ་འདྲི་ན། གང་དང་བསྒྲུན་ཞེས་སླར་འདྲི་སྟེ། ལྷ་དང་བསྒྲུན་ཟེར་ན་ངན་དམྱལ་བ་དང་ཟེར་ན་བཟང་ཟེར་བ་ལྟ་བུ་སྟེ། སླར་དྲིས་ནས་ལན་བླན་པའི་མིང་སྟེ་དྲིས་ནས་ལུང་ནི་བསྟན་པར་བྱ་ཞེས་བྱའོ། །སྠ་ན་བྱཱ་ཀ་ར་ཎ་ཞེས་པ་སེམས་ཅན་དང་ཕུང་པོ་གཉིས་གཅིག་གམ་ཐ་དད་ཅེས་འདྲི་ན། སེམས་ཅན་ཉིད་དངོས་པོ་མེད་པས་མོ་གཤམ་གྱི་བུ་དཀར་རམ་སྔོ་ཞེས་བརྗོད་དུ་མེད་པ་དང་འདྲ་སྟེ་ལུང་མི་བསྟན་པས་ན། བཞག་པའི་ལུང་ཡང་བསྟན་པ་ཞེས་བྱ་འོ། ༈ །སྐུ་ཁྲོ་གཏུམ་དུ་བསྟན་པ་ནི་ཚད་མེད་བྱམས་པར་སྣང་སྟེ། །ལྟ་བ་ལོག་པར་བལྟ་བ་བཅོམ་པ་བུ་གཅིག་པོའི་མ་ལྟར་བྱམས་པའོ། །དེ་ནི་བྱམས་པའི་བློ་ཞེས་བྱའོ། །གསོད་བྱེད་སྙིང་རྗེའི་རང་བཞིན་ཏེ། །ལྟ་བ་ལོག་པར་བལྟ་བ་འཁོར་བའི་རྒྱ་མཚོ་ལས་མི་གྲོལ་བ་བསྒྲལ་ནས་མྱང་འདས་ལ་བཀོད་པ་སྙིང་རྗེ་ཚད་མེད་དེ་དེ་ནི་སྙིང་རྗེའི་རོ་ཞེས་བྱའོ། །བསྒྲལ་ཞིང་བསྟབ་པ་དགའ་བའི་མཆོག །ལྟ་བ་ངན་པ་ལས་གྲོལ་ནས་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བ་ནི་དགའ་བ་ཚད་མེད་དེ་དེ་ནི་དགའ་བའི་ཐབས་དང་ལྡན་པ་ཞེས་བྱའོ། །གདུལ་བྱ་རྣམས་ཡལ་བར་མི་དོར་བཏང་སྙོམས་སོ། །ཚད་མེད་པ་སྟེ་དེ་ནི་བཏང་སྙོམས་ཀྱི་མདོ་ཞེས་བྱ་སྟེ། བློ་གྲོས་ཐབས་ཀྱི་མདོས་གདུལ་བྱ་དྲང་བའོ། ༈ །མ་ལྟར་བྱམས་པ་དང་སྲིང་ལྟར་གདུང་བའི་ཡུམ་ཀུན་ལ་བྱམས་པས་སྦྱར་ཞིང་སྤྱད་དོ། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སྙིང་རྗེས་གསད་པར་བྱ། །མཚན་དང་ལྡན་པ་སྐྱེ་བ་བདུན་པའི་ཤ་མ་བྱིན་པར་བླང་ངོ་། །རྫས་མཆོག་དགའ་བས་མ་བྱིན་བླང་། །རྫུན་སྨྲ་བཏང་སྙོམས་ཆེན་པོ་ཉིད། །བཀྲིས་ནས་དྲངས་ཏེ། བརྒྱུད་པའི་ཚིག་བརྫུན་དང་འདྲ་བས་ཀུན་བཏང་སྙོམས་ཆེན་པོར་སྦྱོད། གདུལ་བྱ་ལོག་སྲེད་ཅན་འདུལ་བྱེད་སྤྲུལ་སྐུས་བཀྲི་དྲང་རྒྱུད། །གདུལ་བྱ་ལོག་སྲེད་ཅན་ལ་བཀྲི་དྲང་བརྒྱུད་པའི་ཚིག་ཏུ་གསུངས་པ་ནི་མི་ཚངས་པར་སྤྱོད་པ་བྱམས་པ་ལ་བཀྲིས་ནས་དྲང་། གསོད་པ་ལ་བཀྲིས་ནས་སྒྲོལ་བ་ལ་དྲང་། མ་བྱིན་ལེན་ལ་བཀྲིས་ནས་རྫས་མཚན་ལྡན་ལ་དྲང་། རྫུན་ལ་བཀྲིས་ནས་བཏང་སྙོམས་ལ་དྲངས་ཏེ། དེས་འཁོར་འདས་ཀུན་ལ་ཁྱབ་པར་གནས་པས་ན་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའོ། །ཀུན་ཁྱབ་བདེ་མཆོག་ཆེན་པོ་ཡིན། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས་ཞེས་པ་སྟེ། སངས་རྒྱས་རྣམས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་ནི་གསང་བའི་སྐུ་སྟེ་འདིར་རྣལ་


DNG019_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཡུམ་ལ་ཐིག་ལེ་ཟིན་པའི་དུས་ན་ཐིག་ལེ་གསང་བ་ནས་དབུའི་གཙུག་ཏོར་དུ་བཟློག་པའི་རླུང་གིས་འདྲོངས་པའི་དུས་ན་དབུའི་གཙུག་ཏོར་གྲུབ་སྟེ། ཐིག་ལེ་དེ་ཕྱི་དུང་གཡས་སུ་འཁྱིལ་པའི་གཟུགས་སུ་གྲུབ། ནང་དུང་ཟླུམ་བརྩེགས་པའི་གཞལ་ཡས་ཁང་སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོར་རེད་དེ། རང་ལུས་ལ་རང་གིས་དབང་ཐོབ་པའི་དུས་སོ། །ཡུམ་གྱི་ལྷུམས་ནས་གསང་བའི་སྐུ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ནི། ༈ །འདོད་པའི་ཡོན་ཏན་ལྔ་རྣམས་ལ། ༈ །ཇི་ལྟར་འདོད་པར་སྤྱད་ཅིང་རོལ་པ་ནི་ཚོགས་ཀྱི་འཁོར་ལོར་རོལ་པ་སྟེ། མིག་གི་ཡུལ་གཟུགས་འདོད་ཡོན་རྣམས་དཔལ་རྣམ་སྣང་ལ་མཆོད་པར་འབུལ། སྣའི་ཡུལ་དྲི་འདོད་ཡོན་རྣམས་དཀོན་མཆོག་དཔལ་ཡིད་བཞིན་རིན་འབྱུང་ལ་འབུལ་བ་དང་། ལྕེའི་ཡུལ་རོ་འདོད་ཡོན་རྣམས་ཚེ་དཔག་མེད་ལ་འབུལ་བ་དང་། རྣ་བའི་ཡུལ་སྒྲ་འདོད་ཡོན་རྣམས་དོན་གྲུབ་རྟ་མཆོག་ལ་འབུལ་བ་དང་། ལུས་ཀྱི་ཡུལ་རེག་བྱ་འདོད་ཡོན་མི་བསྐྱོད་པ་ལ་འབུལ་བ་དང་། དངོས་གྲུབ་གཉིས་ཇི་ལྟར་འདོད་པར་གསོལ་བ་གདབ་ཅིང་མཆོད་པས་བདག་དང་ལྷ་གཉིས་སུ་མེད་པར་རོལ་པའོ། །འཇིག་རྟེན་ཁམས་འདིར་བུད་མེད་ཀྱི། །སྦྱོར་བ་ནི་བཞི་སྟེ་སྦྱོར་བ་ཡན་ལག་བཞིས་འཁྱུད་པ་དང་། ནང་གི་སྦྱོར་བ་རླུང་ས་ཆུ་མེ་རླུང་བཞིས་དྲང་བ་དང་། གསང་བའི་སྦྱོར་བ་རྩ་འཁོར་ལོ་བཞི་ནས་དྲང་བ་དང་། དེ་ཁོ་ནའི་སྦྱོར་བ་བདུད་རྩི་དཀར་དམར་རྡོ་རྗེ་པདྨའི་ནང་དུ་ངོས་གཟུང་བར་བྱ་སྟེ་དེ་ནི་སྐུའི་སྦྱོར་བའོ། །བདེ་བས་ཚིམས་ཀྱང་ཉི་ཟླ་འདྲ། །ཐུགས་ཀྱི་སྦྱོར་བ་ནི་ཟླ་ཉི་བྱང་སེམས་བཟའ་བ་སྟེ། བླ་མས་བྱིན་ནས་བཟའ་བ་གསང་བའི་དབང་བསྐུར། རང་གིས་ཡུམ་ལ་རོལ་ནས་བཟའ་བ་ཤེས་རབ་ཡེ་ཤེས་དབང་ཡིད་ཀྱིས་བཟའ་བ་བདེ་བ་ཆེན་པོའི་དབང་སྟེ། ཐུན་མོང་གི་འབྲས་བུ་ཚེའི་རིག་འཛིན་ཐོབ། མཆོག་གི་འབྲས་བུ་རྡོ་རྗེ་ལྟ་བུའི་སྐུར་འགྱུར་རོ། །རྡོ་རྗེའི་སྐུ་ནི་གཟི་མདངས་འབར། །སེང་གེའི་གསུང་དང་འདྲ་བར་སྒྲོགས། །གསུང་གི་སྦྱོར་བ་ནི་ཐིག་ལེ་རྡོ་རྗེའི་རྩེ་ནས་བཟློག་པས་མདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་ལྟེ་བར་བཟློག་པས་ལྟེ་བ་རྒྱ་ཕོར་ལྟར་འཁྲང་། སྙིང་གར་བཟློག་པས་སྟོད་སེང་གེའི་འདྲ། མགྲིན་པར་བཟློག་པས་ལྕེས་ཞལ་གྱི་གདོང་ཁེབས་སེང་གེའི་གསུང་ལྟར་ཚངས་པའི་དབྱངས་དང་ལྡན་པའོ། ༈ །གདུལ་བྱ་ཞེན་ཆགས་ཅན་ལ་འདུལ་བྱེད་སྟོན་པ་གསང་བའི་སྐུས་འདུལ་ཐབས་འདོད་པ་རང་རྐྱེན་གྱིས་ཚིག་ཏུ་གསུངས་པས་རང་ལུས། །སྐུ་གསུམ་དུ་རྟོགས་


DNG019_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ཟབ་མོར་གནས་པ་ཡིན། །ལུས་ངག་ཡིད་ལ་གང་གནས་པ། །རྟོགས་པ་དེ་ལུས་ལོངས་སྐུ་སྟེ། ལོངས་སྐུ་རྒྱན་ཆ་ལུགས་ཀྱིས་བརྗིད་པ་ལྟར། ལུས་རང་གི་ངང་གིས་བརྗིད་པའོ། །ངག་སྤྲུལ་སྐུ་སྟེ། སྤྲུལ་སྐུ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ལྟར་གསུང་གི་ཡི་གེའི་ཚོགས་ལ་དབང་བསྒྱུར་བར་ནུས་པའོ། །ཡིད་ཆོས་སྐུ་ཡིན་ཏེ། ཆོས་སྐུ་དྲི་མེད་སྤྲོས་བྲལ་ལྟར། ཡིད་མཚན་མའི་སྤྲོས་པ་དབེན་པས་ན་ལུས་ངག་ཡིད་གསུམ་དུ་སྐུ་གསུམ་གནས་པའོ། །སྐུ་གསུམ་ཟབ་མོར་གནས་པ་ཡིན། ༈ །ལུང་ཆེན་ནང་གི་མཚན་ཉིད་ནི། །ཀུན་གཞིའི་རྣམ་པར་ཤེས་པ་ནི། །ཀུན་གཞི་ཆོས་སྐུར་གཏན་ལ་དབབ་པ་ལ་དོན་དྲུག་སྟེ། ཀུན་གཞིའི་རང་བཞིན་བསྟན་པ་དང་། ཀུན་གཞིའི་དམིགས་པ་བསྟན་པ་དང་། ཡུལ་དང་འཁོར་དང་རྩལ་དང་། ངེས་ཚིག་དང་དྲུག་གོ། །རང་བཞིན་ནི་ཀུན་ཉོན་འཁོར་བའི་གཞི་ཡིན་ལ། རྣམ་བྱང་མྱང་འདས་ཀྱི་རྟེན་ཡིན་ནོ། །དམིགས་པ་ནི་རྒྱ་ཡོངས་སུ་མ་ཆད་པའོ། །ཡུལ་ནི་ཆོས་ཉིད་ལ་ལྟ་བའོ། །འཁོར་ནི་སྒོ་ལྔའི་རྣམ་ཤེས་སོ། །ཀུན་གཞིའི་ངེས་ཚིག་ལས་དཀར་ནག་གི་བག་ཆགས་ཀུན་སོགས་པའི་གཞིའོ། །བག་ཆགས་ཡོད་པའི་ཕྱིར་ན་ཀུན་གཞི་ཡོད་པར་ངེས་སོ། །རྩལ་ནི་ཡིད་ཀྱི་རྣམ་ཤེས་ལ་སོགས་པའི་རྣམ་ཤེས་རྣམས་ལྡང་བའོ། །དེ་ལྟ་བུའི་ཀུན་གཞི་གནས་འགྱུར་བ་ནི་ཆོས་སྐུ་ཆེན་པོར་གནས་སོ། །རང་བཞིན་དམིགས་ཡུལ་འཁོར་རྩལ་ཚིག ། ཆོས་སྐུ་ཆེན་པོར་ཡེ་ནས་གནས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀྱི་སྐུ་ཡང་འགྲུབ་པ་ན། །ཡང་དག་ཆོས་སྐུ་དྲི་མ་མེད། །དེ་ཡང་ཆོས་སྐུ་ཡེ་ཤེས་གང་གིས་བསྡུས་ན་གསུམ་སྟེ། ངོ་བོ་དང་ལས་དང་གནས་འགྱུར་རོ། །ངོ་བོ་ནི་མཉམ་གཞག་གི་དུས་ན་སེམས་ཇི་ལྟར་སྣང་ན་ནམ་མཁའ་ལྟར་སྣང་། ཀུན་གཞིའི་ངོ་བོ་ཡུལ་སྣ་ཚོགས་སུ་སྣང་བའི་བག་ཆགས་སོགས་པའོ། །དངོས་སུ་སེམས་ཀྱི་ཆོས་ཉིད་ཡིན་ནོ། །དེ་ཙམ་ཉིད་ན་ཀུན་གཞིའི་ལས་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡངས་པར་འབྱེད་པ་ཡིན་ལ། དེ་གནས་སུ་འགྱུར་བའི་ཐབས་ནི། ཀུན་གཞི་ནི་མཐའ་དང་ཡོན་ཏན་དང་སྐྱོན་གཉིས་སུ་མི་སྟེར། ཕྱི་དང་ནང་མེད། དབུས་མེད་པར་ནམ་མཁའ་ལྟ་བུར་སྣང་བའི་དུས་ན། མ་བསླད་པའི་ཡེ་ཤེས་རང་སྣང་བ་ཡིན་ལ། ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་འགྱུར་ཞེས་བྱའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ནི། ཡུལ་


DNG019_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པ་ཅིར་སྣང་། སེམས་ཀྱི་རྟོག་པ་ཅིར་བྱུང་ཡང་དེ་གང་ལ་ཡང་ཉམ་མི་ང་ཞིང་། ཡངས་དོག་མེད་པར་ཅི་ལ་ཡང་མ་ཆགས་པ་ནི། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་གསལ་བའོ། །མེ་ལོང་ཡེ་ཤེས་ཀྱི་ལས་ནི། ཀུན་གཞི་མ་བསླད་པའི་ཡེ་ཤེས་མཐོང་བའི་དུས་ན། ཕྱི་ནང་གི་ཆོས་ཀུན་ཀྱང་ཀུན་གཞི་ལྟར་སྣང་བས། ཀུན་གཞི་ཉིད་སྣང་བ་རང་འགྱུར་བའི་དུས་ན། ཆོས་ཀུན་སྣང་ཞེས་བྱའོ། །ཆོས་ཀུན་སྣང་བར་གསལ་བའོ། །གནས་འགྱུར་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་འགྱུར་བའི་དུས་ན། ཆོས་ཀྱི་དབྱིངས་མ་བཅོས་པ་ན། མེ་ལོང་ལྟ་བུའི་ཡེ་ཤེས་མ་འགགས་པར་གསལ་བས། ཆོས་ཀྱི་དབྱིངས་གསལ་ལ་མི་གཡོ་བར་གནས་འགྱུར་བ་ལ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་པ་ལ་ནི། ཆོས་སྐུར་ཡང་གྲུབ་པས་ན། ཡང་དག་ཆོས་སྐུ་དྲི་མ་མེད་ཅེས་སོ། །དེས་ནི་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུའི་ཡེ་ཤེས་གཉིས་ཀྱི་ཆོས་སྐུ་བཤད་པའོ། །ཡང་སྒྲས་བཤད་ན། སྔགས་མཚན་ཉིད་ཐུན་མོང་གི་འདོད་པ་སྟེ། དྷརྨ་ཀཱ་ཡ་ཞེས་པ། ཆོས་སྐུ་སྟེ། སངས་རྒྱས་ཀྱི་ས་དང་སྦྱར་ན་ཆོས་དབྱིངས་རྣམ་དག་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ནི། དེ་བཞིན་ཉིད་ཀྱི་རང་བཞིན་སྟེ། ཆོས་སྐུ་ཞེས་བྱ། དྷརྨ་དྷཱ་ཏུ་བི་ཤུདྡྷེ་ཞེས་པ། ཆོས་དབྱིངས་རྣམ་དག་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཕགས་པའི་ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུ་དང་དབྱིངས་སུ་གྱུར་པ་ན་ཆོས་དབྱིངས། དེ་བཞིན་ཉིད་ལ་གློ་བུར་གྱི་ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤྲིན་དང་འདྲ་བ་དང་ཞིང་བྱང་སྟེ་ནམ་མཁའི་དབྱིངས་དག་པ་དང་འདྲ་བས་ན། ཆོས་དབྱིངས་རྣམ་དག་ཅེས་བྱའོ། །ཨཱ་དཪྴ་ཛྙཱ་ན་ཞེས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། ཆོས་དབྱིངས་རྣམ་དག་ལ་དམིགས་པས། གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། ཀུན་གཞིའི་རྣམ་ཤེས་གནས་འགྱུར་བས། མེ་ལོང་ཕྱིས་པའི་ནང་དུ་ཅི་ཡང་སྣང་བ་བཞིན་དུ། ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ལ་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་སྐུ་ནི་ཕུང་པོར་གྲོལ། །འཁོར་འདས་ལོངས་སྤྱོད་རྒྱལ་སྲིད་ཆེ། །སོ་སོར་ཀུན་རྟོག་མཉམ་པ་ཉིད། །ཡེ་ཤེས་གཉིས་འདུས་ལོངས་སྐུ་སངས་རྒྱས། བདེ་ཆེན་ཀུན་འདུས་ནི། ལོངས་སྐུ་གང་ཡིན་པ་དང་ཡེ་ཤེས་གང་གིས་བསྡུས་པའོ། །དང་པོ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་སྣང་དང་། ཏིང་ངེ་འཛིན་གྱི་ཕུང་པོ་རིན་འབྱུང་དང་། ཡེ་


DNG019_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ངོ་བོ་དང་ལས་དང་གནས་འགྱུར་རོ། །ངོ་བོ་ནི་ཡུལ་ཀུན་ལ་འཇུག་ཅིང་གཅོད་པ་ནི་ཡིད། བདག་དང་བདག་གིར་གཞན་དུ་འཛིན་པ་ནི་ཉོན་མོངས་པ་ཅན་ནོ། །ཡིད་ཀྱི་ལས་ནི་ཤེས་རབ་ཀྱི་མི་བསྐྱོད་པ་དང་། རྣམ་པར་གྲོལ་བའི་འོད་དཔག་མེད། རྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོ་དངོས་གྲུབ་དང་ལྔ་ནི་འཁོར་བའི་བདེ་བ་འདོད་ཡོན་ལྔ་དང་བུད་མེད་ལ་ལོངས་སྤྱོད་མྱང་འདས་ཀྱི། བག་ཆགས་སོ་སོར་གཅོད་ཅིང་དངོས་པོ་སྣ་ཚོགས་སུ་རིག་པའོ། །ཉོན་མོངས་ཅན་གྱི་ཡིད་ཀྱི་ལས་ནི། ཀུན་གཞི་མཐོང་དུ་མི་སྟེར་བར་བསྒྲིབ་པའོ། །གནས་འགྱུར་ནི། ཀུན་གཞི་བདེ་བ་སྟོབས་དང་མི་འཇིགས་པ་ལས་སྤྱོད། རྒྱལ་སྲིད་བཙུན་མོའི་འཁོར་དང་བཅས་པའོ། །ཀུན་གཞི་ནམ་མཁའ་ལྟར་སྣང་བའི་དུས་ན། མཚན་མ་སྣ་ཚོགས་མ་སྐྱེས་པར་རིགས་ནས། ཆོས་ཐམས་ཅད་གང་ཡིན་བྱ་བའི་རེ་དོགས་མེད་པར་རྟོགས་ནས། ཡིད་སོ་སོར་རྟོགས་པའི་ཡེ་ཤེས་སུ་གནས་འགྱུར་ཞེས་བྱ། ཀུན་གཞི་ནམ་མཁའ་ལྟར་སྣང་བའི་དུས་ན། རང་གཞན་དུ་འཛིན་པ་མེད་པས། དོན་སོ་སོ་ཐ་མི་དད་པས་ཉོན་མོངས་པ་ཅན་གྱི་ཡིད་མཉམ་ཉིད་ཡེ་ཤེས་སུ་གནས་འགྱུར་ཞེས་བྱའོ། །ཡེ་ཤེས་དེ་གཉིས་འདུས་ལ་ལོངས་སྐུའོ། །ལོངས་སྐུར་བཞུགས། །འདིར་ལོངས་སྐུ་སྔགས་མཚན་ཉིད་མཐུན་པར་སྒྲས་བཤད་ན། མི་མཉམ་པ་དང་མཉམ་པའི་ཕུང་པོ་ལོངས་སྐུ་ནི། ཨ་ས་མ་ས་མ་པཉྩ་སྐན་དྷ་ཞེས་པ། ཨ་ས་མ་ནི་མི་མཉམ་པ་སྟེ། སྔོན་གྱི་སངས་རྒྱས་རྣམས་སོ། །ས་མ་ནི་མཉམ་པ་སྟེ། སྔོན་གྱི་སངས་རྒྱས་དེ་དག་དང་མཚུངས་པར་འགྱུར་རོ། །པཉྩ་ཀན་དྷ་ནི་ཕུང་པོ་ལྔ་སྟེ། ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བའི་རྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། སངས་རྒྱས་མཐོང་བའི་ཕུང་པོ་འདི་དག་ཕལ་ལ་མེད་པས་ན། མི་མཉམ་པ་དང་མཉམ་པའི་ཕུང་པོ་ལྔ་ཞེས་སོ། །སཾ་བྷོ་ག་ཀཱ་ཡ་ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མཉམ་ཉིད་ཡེ་ཤེས་དང་། སོར་རྟོག་ཡེ་ཤེས་གཉིས་ཀྱིས། ཆོས་ཀྱི་ལོངས་སྤྱོད་དང་། སྒྱིད་པ་ཆེན་པོ་མ་ལུས་པར་མྱང་བར་མཛད་པ། རྣམ་སྣང་གི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ས་མ་ཏཱ་ཛྙཱ་ན་ཞེས་པ། ཐོག་མས་དང་པོ་ལ་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཚེ། རང་གཞན་དུ་མི་འབྱེད་ཅིང་མཉམ་ཉིད་དུ་རྟོགས་པས། ས་གོང་ནས་གོང་དུ་སྦྱངས་པས། སངས་རྒྱས་ཀྱི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པར་


DNG019_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཚེ། ཉོན་མོངས་ཅན་གྱི་ཡིད་གནས་འཕོས་ཏེ། ཡེ་ཤེས་སུ་གྱུར་པ་ལ་མཉམ་ཉིད་ཡེ་ཤེས་ཞེས་སོ། །པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཞེས་པ། སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཡིད་ཀྱི་རྣམ་ཤེས་གནས་འགྱུར་བས། གཟུངས་དང་། ཏིང་ངེ་འཛིན་དང་བསམ་གཏན་སྙོམ་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་ལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པས། ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་། ཐེ་ཚོམ་སྣ་ཚོགས་གཅོད་པ་དང་། སྐུ་བཻ་ཌཱུརྱ་ལ་སོགས་པ་རཏྣའི་མདོག་ཏུ་སྟོན་པའི་རྒྱུར་གྱུར་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཆོས་དབྱིངས་མཁའ་དབྱིངས་དག་པ་ན། །གདུལ་བྱ་སེམས་ཅན་དོན་འགྲོ་བ། །སྤྲུལ་པའི་འཁོར་ལོ་ཆེན་པོ་ཡང་། །ཞི་དང་ཁྲོ་བོར་རང་སྣང་བ། །སྤྲུལ་སྐུ་བྱ་བ་གྲུབ་པ་ཡི། །སྤྲུལ་སྐུ་མཁའ་འགྲོ་སྒྱུ་མ་བདེ་མཆོག་ནི། སྤྲུལ་སྐུ་གང་ཡིན་ན་ཆོས་དབྱིངས་ནམ་མཁའ་དང་བའི་ཕོ་བྲང་ན་བཞུགས་པའི་ལོངས་སྐུ་རྒྱལ་བ་རིགས་ལྔའི་སྤྲུལ་པ་སྟེ། གདུལ་བྱ་རིགས་དྲུག་གི་སེམས་ཅན་རྣམས་ལ་འདུལ་བྱེད་སྤྲུལ་པའི་འཁོར་ལོ་སྣང་བ་ཡང་ཞི་བ་ཐུབ་དྲུག་གིས་འགྲོ་དྲུག་གི་དོན་མཛད་པ་དང་། ཁྲོ་བོའི་སྐུ་རཱུ་ཏྲ་ལ་སོགས་པའི་གདུག་པ་ཅན་རྣམས་འདུལ་བར་སྤྲུལ་པ་ནི། སྤྲུལ་སྐུ་ཞི་ཁྲོ་གཉིས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པར་སྣང་བའོ། །སྔགས་མཚན་ཉིད་མཐུན་པར་སྒྲས་བཤད་ན། ནིརྨྨཱ་ཎ་ཀཱ་ཡ་ཞེས་པ། སྤྲུལ་སྐུ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། སེམས་ཅན་གང་ལ་གང་འདུལ་དུ་ཐབས་སྣ་ཚོགས་སུ་སྐུ་གསུང་ཐུགས་སུ་སྤྲུལ་ཏེ། སྣ་ཚོགས་སུ་སྟོན་པ་ལ་བྱ་བས་ན། སྤྲུལ་སྐུ་ཞེས་སོ། །ཀྲི་ཏྱཱ་ནུཥྛཱ་ན་ཛྙཱ་ན་ཞེས་པ། བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ། མིག་སོགས་དབང་པོ་ལྔའི་རྣམ་ཤེས་གནས་འགྱུར་བས། འཇིག་རྟེན་ཁམས་ཐམས་ཅད་དུ་ཐབས་སྣ་ཚོགས་དཔག་མེད་ཀྱིས། སེམས་ཅན་མང་པོའི་དོན་མཛད་པའི་གཞིར་གྱུར་པ་ཡིན་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །དེས་སྤྲུལ་པའི་སྐུའི་བྱ་བ་ཐམས་ཅད་བསྒྲུབ་པའོ། །ཡེ་ཤེས་ངོ་བོ་ལས་ནི་འགྱུར། །ཡེ་ཤེས་གང་གིས་བསྡུས་ན་ནི། །བྱ་བ་གྲུབ་པའི་ཡེ་ཤེས་སྟེ། །ངོ་བོ་ནི་དབང་པོ་ལྔ་ཡུལ་སོ་སོ་ལ་འཛིན་པའོ། །སྒོ་ལྔའི་ལས་ནི། གཟུགས་ལ་སོགས་པ་སོ་སོར་མཐོང་བའོ། །གནས་འགྱུར་ནི། ཀུན་གཞི་ནམ་མཁའ་ལྟར་སྣང་བའི་དུས་ན། ཡུལ་གྱི་སྣང་བ་ཅིར་སྣང་། སེམས་ཀྱི་རྟོག་པ་ཅི་བྱུང་ཡང་། རང་བྱུང་རང་ཞི་སེམས་ཀྱི་མཚན་ཉིད་དུ་རིག་ན་སྒོ་ལྔའི་རྣམ་ཤེས་ནན་ཏན་ཡེ་ཤེས་སུ་གནས་འགྱུར་ཞེས་


DNG019_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྤྱིར་ནི་འདུལ་བ་རྣམ་པ་བཞི། །མཛད་པ་ནི་གཉིས་ཏེ། སྤྱི་དང་ཁྱད་པར་རོ། །སྤྱིར་འདུལ་བ་བཞི་ནི། མངོན་གསུམ་གྱིས་འདུལ་བ་ལ་མཛད་པ་བཅུ་གཉིས་ལ་སོགས་པ་དང་། ཐུགས་ཀྱིས་འདུལ་བ་དང་། རྫུ་འཕྲུལ་གྱིས་འདུལ་བ་མངོན་ཤེས་ལྔ་དང་། རིག་པས་འདུལ་བ་ལ་ཐེག་པའི་ཆོས་དང་། སྣ་ཚོགས་དང་བསོད་ནམས་ཀྱིས་འདུལ་བ་ལ། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པར་སྣང་བའོ། །མཛད་པ་བསྡུས་པའི་མཛད་པ་བརྒྱད་ནི། མཆོད་རྟེན་བདེ་བྱེད་རྟེན་ནམ་རྡོ་རྗེ་བརྩེགས་པར་སྐུ་བལྟམས། མཆོད་རྟེན་རི་བོ་ཏ་ལའམ་སྙིང་རྗེ་རིན་ཆེན་བརྩེགས་པར་རབ་ཏུ་བྱུང་། མཆོད་རྟེན་བྱ་ཁྲི་ཁ་ཤོར་རམ་རྣམ་དག་པདྨ་བརྩེགས་པར་དཀའ་ཐུབ་མཛད། མཆོད་རྟེན་ཀ་ནི་ཀ་འམ་མཐར་ལེགས་གཡུང་དྲུང་བརྩེགས་པར་སངས་རྒྱས། མཆོད་རྟེན་མགོ་མངས་སམ་གཟི་བརྗིད་མཐའ་ཡས་སུ་བདུད་བཏུལ། མཆོད་རྟེན་དྷརྨ་ཙཀྲའམ་བཏང་སྙོམས་དོན་གྲུབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཆོད་རྟེན་གོའུ་དེའུ་ཤན་ནམ་དཔེ་མེད་བསམ་འདས་སུ་ཆོ་འཕྲུལ་བསྟན། མཆོད་རྟེན་བདེ་བྱེད་གཞོན་ནུའམ་ཁམས་གསུམ་བདེ་རྒྱས་སུ་མྱ་ངན་འདས་སོ། །ཁྱད་པར་རྣམ་པ་གསུམ། །ཁྱད་པར་ལ་གསུམ། བསྡུས་པར་མཛད་པ་བརྒྱད་དང་། རྒྱས་པར་བཅུ་གཉིས། ཤིན་ཏུ་རྒྱས་པར་ཉི་ཤུའོ། །སྐུ་བལྟམས་རབ་བྱུང་དཀའ་ཐུབ་མཛད། །སངས་རྒྱས་བདུད་བཏུལ་འཁོར་ལོ་བསྐོར། །ཆོ་འཕྲུལ་བསྟན་ནས་མྱ་ངན་འདས། །མཛད་པ་མཆོད་རྟེན་བརྒྱད་པར་སྣང་བ་ནི་དུར་ཁྲོད་ཆེན་པོ་བརྒྱད་དུ་བྱུང་བ་དེ་ན་གསང་སྔགས་ཀྱི་ལུགས་སུ་བྱུང་བར་སྣང་ངོ་། །འཇིག་རྟེན་པ་དང་མཐུན་བྱེད་ཕྱིར། །འཇིག་རྟེན་མཛད་པ་རྣམ་པ་དྲུག །རྒྱས་པར་བཅུ་གཉིས་ནི། འཇིག་རྟེན་པའི་དྲུག་ལ། དགའ་ལྡན་ནས་ལྷུམས་སུ་ཞུགས་པ་དང་། ལུམ་བིའི་ཚལ་དུ་བལྟམས་པ་དང་། ན་མཉམ་གཞོན་ནུ་རོལ་རྩེད་མཛད་པ་དང་། འཇིག་རྟེན་གྱི་སློབ་དཔོན་མཛད་པ་དང་། རྒྱལ་སྲིད་བཟུང་བ་དང་། རབ་ཏུ་བྱུང་བ་དང་དྲུག་གོ། །འཁོར་བ་ལས་ནི་རྣམ་པར་གྲོལ། །དེ་ཕྱིར་འདས་པའི་མཛད་པ་དྲུག་ནི། །ཆུ་བོ་ནཻ་རཉྫ་ནར་དཀའ་ཐུབ་མཛད། མ་ག་དྷཱར་བདུད་བཏུལ། ཡུལ་མ་ཧཱ་བྷོ་དྷིར་སངས་རྒྱས། བ་ར་ཎཱ་སཱི་དང་བྱ་རྒོད་ཕུང་པོར་ཆོས་ཀྱི་འཁོར་ལོ་བསྐོར། གྲོང་ཁྱེར་མཉན་ཡོད་དུ་ཆོ་འཕྲུལ་བསྟན། སེར་སྐྱར་མྱ་ངན་འདས་པའོ། ༈ །ཤིན་ཏུ་རྒྱས་པར་ཉི་ཤུ་ནི། རྒྱ་ཆེར་རོལ་པར། དང་པོར་དགའ་ལྡན་གནས་ནས་གཤེགས། །དེ་ནས་འཆི་འཕོའི་ཚུལ་བསྟན་པ། །ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། །


DNG019_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ལྷུམས་ན་གནས་པ་དང་། །ལྷུམས་ནས་བལྟམས་པར་གྱུར་པ་དང་། །ཚངས་དང་བརྒྱ་བྱིན་གྱིས་བླངས་དང་། །ཀ་ཤིའི་རས་ཀྱིས་དཀྲིས་པ་དང་། །ཀླུ་ཡིས་སྐུ་ཁྲུས་གསོལ་བ་དང་། །མཚན་མཁན་རྣམས་ཀྱིས་མཚན་བརྟགས་དང་། །ཕྱོགས་བཞིར་གོམ་པ་བདུན་བོར་དང་། །གྱད་བླ་རྣམས་དང་གྱད་བཀྱེ་དང་། །ཡི་གེ་འཕོང་དང་བཟོ་བསླབས་དང་། །ཁབ་དང་རྒྱལ་སྲིད་བཞེས་པ་དང་། །རབ་བྱུང་འཁོར་རྣམས་མི་དགའ་དང་། །འཁོར་རྣམས་ཀུན་གྱིས་བསྲུངས་པ་དང་། །བ་ར་ཎཱ་སིར་དཀའ་ཐུབ་དང་། །སྤྲེའུས་སྦྲང་རྩི་ཕུལ་པ་དང་། །ཤིང་དྲུང་རྡོ་རྗེའི་གདན་སྟེངས་སུ། །མངོན་པར་བྱང་ནི་ཆུབ་པ་སྟེ། །ཆོས་འཁོར་བསྐོར་དང་མྱང་འདས་སོ། །རྣམ་པ་ཉི་ཤུ་ཐམ་པར་འདོད། །ཅེས་བྱ་སྟེ། ཞིབ་ཏུ་གཞན་དང་མཐུན་པར་བཤད་དོ། །སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལ། །མི་ཡི་ཡུལ་དུ་འདུལ་མཛད་པ། །བཅོམ་ལྡན་ཤཱཀྱ་སེང་གེ་ཡིས། །མཛད་པ་ཉི་ཤུས་བྱང་ཆུབ་པོ། །རྣལ་འབྱོར་ཡེ་ཤེས་ཡུལ་དང་ནི། །ཡེ་ཤེས་ལས་དང་ནུས་མཐུར་བཅས། །སྐུ་ལྔ་ཡུལ་དུ་བལྟ་བ་ཡི། །རྣལ་འབྱོར་ཟབ་མོ་རང་སྣང་བས། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས་ནི་བཞི་སྟེ། སྐུ་དང་ཡེ་ཤེས་སྣང་བ་དང་། ཡེ་ཤེས་ལྔ་ཡུལ་གཅིག་ཏུ་བསྡུ་བ་དང་། ཡོན་ཏན་ཅི་ལྟ་བུ་དང་། ཡེ་ཤེས་ཀྱི་རྣམ་གྲངས་སོ། །དང་པོ་ནི། ཡེ་ཤེས་ལྔ་ལ་དོན་གསུམ་གྱིས་བསྟན་ཏེ། ཡེ་ཤེས་ཀྱི་ཡུལ་དང་། ལས་དང་། ནུས་མཐུའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཡུལ་ནི་ཆོས་སྐུ་ལ་བལྟ་བའོ། །ནུས་མཐུ་ནི་གཟུགས་སྐུ་འབྱུང་བ་ལ་རག་གཞན་མ་ལུས་སོ། །མཉམ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་ནི་ལོངས་སྐུ་ལ་བལྟ་བའོ། །ལས་ནི་སྤྲོས་པ་མེད་པར་འདུས་སོ། །ནུས་མཐུ་ནི་ཆོས་ཀྱི་བདེན་པ་ཉམས་སུ་བསྟར་བའོ། །སོ་སོར་རྟོགས་པའི་ཡུལ་ནི། མངོན་པར་བྱང་ཆུབ་པའི་སྐུ་ལ་བལྟ་བའོ། །ལས་ནི་ཡོན་ཏན་གྱི་སྒོ་མང་པོ་མ་འགགས་པའོ། །ནུས་མཐུ་ནི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའོ། །བྱ་བ་གྲུབ་པའི་ཡུལ་ནི་སྤྲུལ་སྐུ་ལ་བལྟའོ། །ལས་ནི་སྤྲུལ་སྐུ་མི་འགག་པར་བྱེད་པའོ། །ནུས་པ་ནི་རིགས་ཐམས་ཅད་ཐ་དད་པར་འབྱུང་བའོ། །ཆོས་དབྱིངས་ཡེ་ཤེས་ཀྱི་ཡུལ་ནི། རྡོ་རྗེའི་སྐུ་ལ་བལྟ་བའོ། །དེ་ཡང་དམིགས་པ་མེད་པའོ། །ལས་ནི་ཡེ་ཤེས་ཐམས་ཅད་ཀྱི་སྒོ་མི་འགག་པར་བྱེད་པའོ། །ནུས་པ་ནི་ཡོན་ཏན་གྱི་སྒོ་མ་འགགས་བཞིན་དུ་དགོངས་པ་སྤྲོས་པ་མེད་པར་བསྡུས་པའོ། །སྟོང་པ་ཆེན་པོའི་ཡེ་ཤེས་


DNG019_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུལ་ནི་འགག་མེད་ལ་བལྟའོ། །ལས་ནི་བྱ་བ་མེད་པའོ། །ནུས་མཐུ་ནི་ཆོས་ཐམས་ཅད་མཁྱེན་པའོ། །དེ་ལ་ཡེ་ཤེས་ལྔ་ཡུལ་གཅིག་ཏུ་བསྡུ་ན། མེ་ལོང་ཡེ་ཤེས་སུ་འདུས་ཏེ། ཇི་ལྟར་ན། དཔེ་མེ་ལོང་གི་ནང་ན་གཟུགས་བརྙན་སྣང་བ་དང་འདྲ་སྟེ། མེ་ལོང་ནི་ཡེ་ཤེས་ཡིན་ལ་གཟུགས་བརྙན་སྣང་བ་ནི་ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་སོ། །ཡོན་ཏན་ཇི་ལྟ་བུ་ནི། ཆོས་ཀྱི་དབྱིངས་མེ་ལོང་དང་འདྲ་བ་དེ་ལས། དབྱིངས་ཀྱི་ཡོན་ཏན་ཅི་འབྱུང་ཞེ་ན། མིག་ལ་སོགས་པའི་དབང་པོ་ལྔ་དུས་གཅིག་ཏུ་སལ་གྱིས་འབྱུང་བ་དང་འདྲ་བར། ཆོས་ཀྱི་དབྱིངས་ལས་ཀྱང་། དབྱིངས་ཀྱི་ཡོན་ཏན་སྤྲུལ་སྐུ་རྣམ་པ་སྣ་ཚོགས་སྣང་བ་ཡིན་ནོ། །ཡེ་ཤེས་ཀྱི་རྣམ་གྲངས་ནི། སྣ་ཚོགས་སུ་སྣང་བ་ཙམ་ཉིད་ན་སོ་སོར་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །དེ་ལྟར་སྤྲུལ་སྐུ་སྣ་ཚོགས་སུ་སྣང་བ་ཉིད་ན། ཆོས་ཀྱི་དབྱིངས་དེ་ཉིད་ལས་མ་གཡོས་པའི་ཕྱིར། དེ་ཉིད་ཡེ་ཤེས་ཞེས་བྱའོ། །མ་གཡོས་ཙམ་ཉིད་ན་གདུལ་བྱ་མཐའ་དག་གི་དོན་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བས་ན། དེ་ལ་ནན་ཏན་ཡེ་ཤེས་ཞེས་བྱའོ། །དེའི་ཕྱིར་ན་སྤྲོས་པ་མེད་པ་ལ་མི་བསྒྲིབ་པས་ན་མཉམ་པ་ཉིད། ཆོ་འཕྲུལ་གྱི་བྱེ་བྲག་སྣ་ཚོགས་སུ་སྣང་བ་ལ་མི་བསྒྲིབ་པས་ནི་སོ་སོར་རྟོག་པ། གདུལ་བྱ་ལ་མངོན་གསུམ་དུ་ཕན་འདོགས་ནུས་པས་ནི་ནན་ཏན་ཞེས་བྱ་སྟེ། དེའི་ཕྱིར་འདི་ཀུན་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་མ་བཅོས་པའི་མཚན་མ་མེད་པས་ནི་འཇོམས་པའི་ཡེ་ཤེས་ཞེས་སོ། །མ་གཟིགས་པའི་ཡུལ་མེད་པས་གཟིགས་པའི་ཡེ་ཤེས་སོ། །མ་རིག་པའི་ཆོས་མེད་པས་ན་རིག་པའི་ཡེ་ཤེས་སོ། །མ་བྱུང་བའི་ཆོས་མེད་པ་ན་རང་བྱུང་གི་ཡེ་ཤེས་སོ། །ཡེ་ཤེས་ཆེན་པོ་དགུའི་དགོངས་པ་ཉམས་སུ་མྱོང་བའི་དུས་ན། རྣལ་འབྱོར་པའི་ཐུགས་ཟབ་མོ་རང་ལ་སྣང་བས་ན། རྣལ་འབྱོར་ཟབ་མོའི་སྐུ་གསུམ་རྫོགས་པའོ། །དེ་ཡང་རྡོ་རྗེའི་སྐུ་ནི་ཆོས་སྐུར་འདུས་པ་ལ། མངོན་བྱང་སྐུ་ནི་ལོངས་སྐུར་འདུས་སོ། །གསང་བའི་མན་ངག་རྒྱལ་པོ་འདི། །གསང་བ་མན་ངག་ཏུ་བསྟན་པ་བཞི་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད་ཀྱི་དོན་ཏེ། བསྒྲུབ་པ་རང་གི་རིག་པ་བྱང་ཆུབ་སེམས་དཔའ་དང་། རིགས་དྲུག་འཁོར་བའི་སྣང་བའི་རིགས་པ་བྱང་ཆུབ་སེམས་ཀྱང་། མྱང་འདས་ཆོས་སྐུ་འཁོར་འདས་དབྱེར་མེད་པར་ཐིམ་པས་ན། སེམས་ཉིད་ཡེ་ནས་སངས་རྒྱས་པ་ཡིན་ནོ། །བདག་གཞན་འཁོར་བར་སྣང་བ་ཀུན། །མྱ་ངན་འདས་པ་ཆོས་སྐུར་ཐིམ། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན། །རང་བཞིན་འབྲས་བུ་ཡུལ་


DNG019_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་རྩལ། །ཡོན་ཏན་སྐྱོན་དང་གོལ་ས་དང་། །གཞག་ཐབས་སེམས་ཀྱི་དེ་ཁོ་ན། །མཐའ་ཡས་ཆོས་ཀྱི་རང་བཞིན་རྣམས། །ཆོས་ཀྱི་སྐུ་ལས་གཞན་མ་ཡིན། །དེ་ལྟར་འཁོར་འདས་སེམས་སུ་འདུས་ན། གཏན་ལ་དབབ་སྟེ། སེམས་ཀྱི་རང་བཞིན་དང་། འབྲས་བུ། ཡུལ། རྣམ་གྲངས། རྩལ། ཡོན་ཏན། སྐྱོན། གོལ་ས། གཞག་ཐབས། དེ་ཁོ་ན་ཉིད་དོ། །དེ་ལ་དང་པོ་ནི་ཀུན་གཞིའོ། །འབྲས་བུ་ནི་སངས་རྒྱས་སོ། །ཡུལ་ནི་ནམ་མཁའ་འོ། །རྣམ་གྲངས་ནི་རྣམ་ཤེས་ཚོགས་བརྒྱད་དོ། །རྩལ་ནི་མངོན་ཤེས་དྲུག་གོ། །ཡོན་ཏན་ནི་ཡེ་ཤེས་ལྔའོ། །སྐྱོན་ནི་གཟུང་འཛིན་གཉིས་དང་མ་བྲལ་བའོ། །གོལ་ས་ནི་རྟག་ཆད་གཉིས་སོ། །གཞག་ཐབས་ནི་འདུ་ཤེས་གཞན་དུ་མི་འཇུག་པའོ། །དེ་ཁོ་ན་ཉིད་ནི་མ་བཅོས་པའོ། །དེ་ལྟར་འཁོར་འདས་ཀྱི་ཆོས་མཐའ་ཡས་པ་རྣམས་ཀྱི་ཆོས་ཀྱི་སྐུས་གཞན་མ་ཡིན་པར་ཤེས་པར་བྱའོ། །སེམས་ཉིད་ཆོས་ཉིད་སངས་རྒྱས་ཤེས། །དེ་ལ་སེམས་ཆོས་ཉིད་དུ་ཤེས་པ་དང་སེམས་སངས་རྒྱས་སུ་ཤེས་པ་གཉིས་སོ། །དང་པོ་ནི་སྣང་བ་མེད་པ་དང་། བྱ་བ་མེད་པ་དང་། གཉིས་སུ་མེད་པར་རྟོགས་པའོ། །སེམས་སངས་རྒྱས་སུ་ཤེས་པ་ནི་ཆོས་ཉིད་མ་བཅོས་པར་ཤེས་པའི་དོན་གཅིག་པུས་ཀྱང་མི་ཆོག་སྟེ། སངས་རྒྱས་ཀྱི་དགོངས་པ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་དོན་མཐའ་ཀླས་ཐུགས་སུ་ཆུད་པ་དེའོ། །རྣམ་ཤེས་ཕུང་པོར་སྣང་བ་ཀུན། །རིགས་ལྔ་རྫོགས་པའི་སངས་རྒྱས་ཉིད། །དེ་ཉིད་ལས་ནི་གཞན་མིན་པས། །སངས་རྒྱས་བདེ་ཆེན་རང་ལ་གནས། །སངས་རྒྱས་བདེ་ཆེན་ཀུན་འདུས་པའི་དོན་ཏེ། ཀུན་གཞིའི་རྣམ་ཤེས་བག་ཆགས་དཀར་ནག་སོགས་པ་དང་། གཟུགས་ཀྱི་ཕུང་པོ་དང་། ཉོན་མོངས་གཏི་མུག་གསུམ་ཡང་སྐུ་རྣམས་སྣང་ངོ་། །ཡིད་ཀྱི་རྣམ་ཤེས། འདུ་ཤེས་ཕུང་པོ། འདོད་ཆགས་གསུམ། གསུང་སྣང་མཐའ་འོ། །ཡིད་ཀྱི་འདུ་ཤེས། རྣམ་པར་ཤེས་པའི་ཕུང་པོ། ཞེ་སྡང་གསུམ་ལས་ཐུགས་རྡོ་རྗེ་སེམས་དཔའ་འོ། །ཉོན་མོངས་ཅན་གྱི་ཡིད་དང་། ཚོར་བའི་ཕུང་པོ། ང་རྒྱལ་གསུམ་ཡང་། ཡོན་ཏན་རིན་འབྱུང་ངོ་། །སྒོ་ལྔའི་རྣམ་ཤེས། འདུ་བྱེད་ཕུང་པོ། ཕྲག་དོག་གསུམ་ཡང་ཕྲིན་ལས་དོན་ཡོད་གྲུབ་པའོ། །དེ་ཡང་རྒྱུད་ལས་ཀྱང་། ལུས་ཀྱི་རྣམ་ཤེས་གཟུགས་ཕུང་རྣམ་སྣང་མཛད། །གཏི་མུག་རང་བྱུང་ཡང་དག་བཅོམ་ལྡན་འདས། །ཀུན་གཞིའི་རྣམ་ཤེས་མི་བསྐྱོད་རྡོ་རྗེ་སེམས། །ཞེ་སྡང་རང་བྱུང་གྲུབ་པ་བཅོམ་ལྡན་འདས། །ཉོན་མོངས་རྣམ་ཤེས་ཚོར་བ་རིན་ཆེན་འབྱུང་། །


DNG019_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་རང་བྱུང་གཅིག་པུ་བཅོམ་ལྡན་འདས། །ཀུན་གཞིའི་རྣམ་ཤེས་རང་བྱུང་དཔལ་ཆེན་ཉིད། །དུག་ལྔ་རང་བྱུང་ཀུན་འདུས་བཅོམ་ལྡན་འདས། །སྒོ་ལྔའི་རྣམ་པར་ཤེས་པ་དོན་ཡོད་གྲུབ། །ཕྲག་དོག་རང་བྱུང་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་སོ། །མི་རྟོག་དབྱིངས་ལས་ཐུགས་རྗེས་ཆགས་པ། །མཚན་ཉིད་པ་ནི། ཀུན་རྫོབ་མཚན་ཉིད་བཞི་ལྡན་ཡང་། མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཞེས་པ། རྒྱུ་རྐྱེན་ལས་བསྐྱེད་པ་ནི། རྒྱུ་ཁམས་ལྟ་བུ་ལ་རྐྱེན་རྫ་མཁན་མཁས་པས་བྱས་པའི་སྣོད་ལྟ་བུའོ། །གསང་སྔགས་པ་ནི། རྒྱུ་མི་རྟོག་པ་ཆོས་ཀྱི་དབྱིངས་ལས། རྐྱེན་སེམས་ཅན་ལ་ཐུགས་རྗེས་ཆགས་ནས་ཧེ་རུ་ཀར་བཞེངས་པའོ། །ཅིས་འདུལ་དེར་སྣང་ཡིད་བཞིན་སྐུ། །མཚན་ཉིད་པ་ནི། མཐུན་པར་སྣང་བ་ནི། བླུན་པོ་བ་གླང་རྫི་ནས། མཁས་པ་པཎྜི་ཏ་མན་ཆད་རྫའི་སྣོད་དུ་མཐུན་པར་སྣང་བའོ། །གསང་སྔགས་པ་ནི། ཐབས་ཀྱི་སྤྱོད་པས་གདུལ་བྱ་གང་ལ་གང་འདུལ་ལ་ཅིར་ཡང་སྣང་སྟེ་ཡིད་བཞིན་ནོར་བུས་དགོད་འདོད་སྐོང་བ་ལྟ་བུའོ། །ཐབས་ཀྱི་སྤྱོད་པས་ཀུན་འདུལ་ཡང་། །མཚན་ཉིད་པའི་དོན་བྱེད་ནུས་པ་ནི། ཆུ་བླུགས་ན་ཆུ་སྣོད། ཞོ་བླུགས་ན་ཞོ་སྣོད་ཅེས་པའོ། །གསང་སྔགས་པ་ནི། ཐབས་ཀྱི་སྤྱོད་པས་གདུལ་བྱ་གང་ལ་གང་འདུལ་ལ་དེ་དང་དེར་མཐུན་པར་སྣང་བའི་སྐུའོ། །བརྟག་པ་ཙམ་སྣང་ཆོས་ཀྱི་དབྱིངས། །མཚན་ཉིད་ནི་བརྟགས་ན་དབེན་པ་སྟེ། ཅིའི་ཕྱིར་ངོ་བོར་ཡང་མ་གྲུབ་པར་འདོད་ལ། གསང་སྔགས་པ་ནི་ཧེ་རུ་ཀའི་སྐུར་གདུལ་བྱ་རྣམས་ལ་བཏགས་པ་ཙམ་དུ་སྣང་ཡང་། དོན་བརྗོད་མེད་ཆོས་ཀྱི་དབྱིངས་ན་ཆོས་སྐུ་སྨྲ་བརྗོད་ལས་འདས་པར་བཞུགས་པའོ། ༈ །ངོ་བོ་རང་བཞིན་རྣམ་གྲངས་ཅན། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས་ཞེས་པ་བཤད་དེ། དཔལ་ཆེན་པོ་ཞེས་གང་ལ་བྱ་ན། དེའི་རང་བཞིན་ཇི་ལྟ་བུ་ཡིན། མཚན་གྱི་རྣམ་གྲངས་དུ་དད་ལྡན་ཞེ་ན། དང་པོ་ནི་རང་གི་སེམས་ལ་བྱ་སྟེ། གཏན་ཚིགས་ཐུན་མོང་མ་ཡིན་པ་སྒྲ་བཞི་བསྐོར་དུ་གཏན་ལ་དབབ་པ་ནི། དང་པོ་ཅིར་ཡང་མ་ཡིན་པའི་ཆོས་ཉིད་ནི། ད་ལྟར་གྱི་གྲོང་དང་ཀུན་དགའ་ར་བ་ལ་སོགས་པ་ཡང་རྨི་ལམ་ལྟར་མི་བདེན་ཏེ། ཆོས་ཉིད་དངོས་པོ་དང་མཚན་མ་བྲལ་བའོ། །གཉིས་པ་ཅིར་ཡང་སྣང་བ་ནི། ཁམས་གསུམ་རིགས་དྲུག་ཏུ་སྣང་བའོ། །གསུམ་པ་ཅིར་ཡང་བསྒྱུར་དུ་བཏུབ་པ་ནི། ལྷའི་སྣང་བ་ནུབ་ནས་དམྱལ་བར་སྐྱེ་བ་ལ་སོགས་པའོ། །ཅིར་ཡང་བསྒྲུབ་ཏུ་བཏུབ་པ་ནི། ཐེག་པ་རིམ་དགུ་པོ་སོ་སོའི་འབྲས་བུ་ཐ་དད་པར་ཐོབ་པའོ། །ཅིར་ཡང་མ་ཡིན་ཆོས་ཉིད་ནི། །ཅིར་ཡང་སྣང་བར་ཤར་བ་ལས། །ཅིར་ཡང་བསྒྱུར་དུ་བཏུབ་པའི་ཕྱིར། །ཅིར་ཡང་བསྒྲུབ་ཏུ་


DNG019_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཏུབ་པས་འགྲུབ། །སྐུ་གསུམ་ཡེ་ཤེས་ལྔ་རང་བཞིན། །དཔལ་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན། ཆོས་སྐུ་དྲི་མ་མེད་པ་དང་། ཆོས་དབྱིངས་ཡེ་ཤེས་དང་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་གྲངས་ནི་ཀུན་གཞི་གནས་འགྱུར་བའོ། །ལོངས་སྐུ་དང་མཉམ་ཉིད་ཡེ་ཤེས་དང་། ཀུན་རྟོག་ཡེ་ཤེས་ནི་ཡིད་ཀྱི་རྣམ་ཤེས་དང་། ཉོན་མོངས་ཅན་གྱི་ཡིད་གནས་འགྱུར་བའོ། །སྤྲུལ་སྐུ་དང་བྱ་གྲུབ་ཡེ་ཤེས་ནི་སྒོ་ལྔའི་རྣམ་ཤེས་གནས་འགྱུར་བའོ། །མཚན་གྱི་རྣམ་གྲངས་དུ་དད་ལྡན་ཞེ་ན། ཁམས་གསུམ་དབྱིག་གི་སྒྲོན་མ་ཞེས་བྱ་ཁམས་གསུམ་གྱི་བྱ་མ་རྟ་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཞེས་བྱ་སྟེ། མདོར་ན་སེམས་ལྷར་སྣང་བ་ན་ཟབ་མོར་བསྟན་པའི་དེ་ཁོ་ན་ཉིད་དོ། །ཁམས་གསུམ་དབྱིག་སྒྲོན་བྱ་མ་རྟ། །བཅོམ་ལྡན་འདས་ཉིད་ཁྲག་འཐུང་ཉིད། །རང་སེམས་དེ་ཉིད་རང་སྣང་བ། །ཟབ་མོར་བསྟན་པ་དེ་ཁོ་ན། །ཡང་གསང་དབྱེར་མེད་ཆེན་པོ་ལ་གཉིས་ལས། །ཡེ་ཤེས་གསུམ་ན་ཆོས་སྐུའི་གཞི། །དང་པོ་ཆོས་སྐུ་བཞི་བསྟན་པ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྟག་པ་ཆེན་པོའི་རང་བཞིན་ཅན། །རང་བཞིན་ཆོས་སྐུ། སྐྱེ་བ་མེད་པ་སྟེ་ཅིའི་ཕྱིར་ན་རྐྱེན་གྱིས་མི་འཇིགས་པའི་ཕྱིར་རོ། །མཚན་ཉིད་འགྱུར་མེད་སྐྱེ་མེད། ཀུན་ཏུ་རྟོག་པ་སྣ་ཚོགས་སྤངས་པའོ། །ནམ་མཁའ་ལྟ་བུར་སྟོང་། །བཞི་པ་ཆོས་སྐུའི་བཞུགས་གནས་ཆོས་ཀྱི་དབྱིངས་རྒྱ་ཡོངས་སུ་མ་ཆད་པ་ཉིད་ན། །འཁོར་ཡེ་ཤེས་ཆེན་པོ་བཞི་དང་གཟུགས་སྐུ་གཉིས་འཁོར། །གདུལ་ཞིང་ཆོས་དབྱིངས་ནམ་མཁས་ཁྱབ་ཚད་ཞིང་ཁམས་ལ་མངའ་མཛད་སྟེ་འདུལ་བའོ། །ཀུན་ཏུ་བཟང་པོ་ཆོས་སྐུའི་ཆོས། །ཆོས་སྐུ་ཡང་དག་གྲུབ་པ་གཅིག་པུ་ཉིད་ལ་ཉི་ཤུ་རྩ་ལྔ་སྟེ། བདུན་པ་ཆོས་སྐུའི་ཆོས་སྐུ་ནི་ཀུན་ཏུ་བཟང་པོ་སངས་རྒྱས་ཀུན་དང་མི་གཉིས་པར་བཞུགས་པའོ། །ཆོས་སྐུའི་ལོངས་སྐུ་ནི་རྒྱལ་བ་དྲུག་པ་རྡོ་རྗེ་འཆང་ཆེན་ལོངས་སྤྱོད་ཆོས། །ཆོས་སྐུའི་སྤྲུལ་སྐུ་སངས་རྒྱས་རིགས་ལྔར་སྣང་། །སྐུ་དང་གསུང་ཐུགས་དགུ་རུ་སྣང་། །ཆོས་སྐུའི་སྐུ་གསུང་ཐུགས་ནི། ཆོས་སྐུའི་སྐུ་དཔལ་བདེ་བ་ཆེན་པོ། གསུང་ཨ་ཏི་རྫོགས་ཆེན། འདའ་དཀའ་ཆེན་པོ་ཐུགས་ཀྱི་ཡེ་ཤེས་སོ། །ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་། །གསུང་ཨ་ནུ། ཐུགས་ཀློང་དུ་གྱུར་པའི་ཡེ་ཤེས་སོ། །ཆོས་སྐུའི་སྤྲུལ་སྐུ་རིགས་ལྔ། གསུང་མ་ཧཱ་ཡོ་ག །ཐུགས་དབྱིངས་སུ་སྒྲོལ་བའི་ཡེ་ཤེས་སོ། །དེ་གང་ལ་སྣང་ན། ཆོས་


DNG019_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་སྐུ་གཉིས་ཀྱི་ལས་སྣང་ངོ་། །མཚན་ཉིད་གསུམ་ལས་ཆོས་སྐུ་ནི། ཡོངས་སུ་གྲུབ་པ་འི་མཚན་ཉིད་དུ་སྦྱར་ཏེ། ཡོངས་གྲུབ་ལ་གཉིས་མི་འགྱུར་བའི་ཡོངས་གྲུབ་ནི་ཆོས་དབྱིངས་ལ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་དེ་རྟོགས་པའི་ཡེ་ཤེས་སོ། །ཆོས་ཀྱི་སྐུ། །དབྱིངས་དང་ཡེ་ཤེས་གཉིས་མེད་དུ་གྲུབ་པ་ནི་ཆོས་སྐུའོ། །བཅུ་གསུམ་བདེན་གཉིས་ལས། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཆོས་ཀྱི་སྐུ། །ཕུང་པོ་ལྷག་མེད་ཆོས་ཀྱི་སྐུ། །བཅུ་བཞི་པ་ཕུང་པོ་ལྷག་ཡོད་མེད་ནི་ཡོད་མེད་གཉིས་དང་བྲལ། མཐའ་ནི་ནམ་མཁས་ཁྱབ་པ་ཆོས་སྐུའི་མཐའ། །ཚད་མི་འགྱུར་བ་དཔེ་མགོ་དང་ཡན་ལག་ཐམས་ཅད་བརྟེན་པ་ལ་ལུས་ཟེར་བ་བཞིན་མྱང་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པས་ཆོས་སྐུའོ། །མྱ་ངན་ལས་འདས་པའི་ཆོས་རྟེན་པའི་ཚད། །བཅུ་བདུན་པ་སྐུ་གསུམ་གྱི་གོ་རིམ་ནི། ཆོས་སྐུ་ལས་ལོངས་སྐུ། དེ་ལས་སྤྲུལ་སྐུའོ། །ཤེས་རྒྱུད་མ་གྲོལ་བའི་གོ་རིམ་ནི་སྤྲུལ་སྐུ་ལས་ལོངས་སྐུར་གྲོལ། དེ་ལ་ཆོས་ཀུན་གནས་པས་ཆོས་སྐུ་གཞི་ཡིན་པས་དང་པོར་དང་ཐ་མར་རོ། །ཆོས་སྐུ་གཞི་ཡིན་དང་པོར་གནས། །ཆོས་སྐུ་སྔ་མ་སྔ་མ་རྒྱུ་ཡིན་ལ་ཕྱི་མ་ཕྱི་མ་འབྲས་བུ་སྟེ། །སྐུ་གསུམ་ལས་ཀྱང་གསུམ་གསུམ་དུ་ཕྱེ་བས་སོ། །ཚུལ་ཇི་ལྟར་འཇུག །ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱིས་འཇུག་པར་བྱའོ། །སྐུ་གསུང་ཐུགས་ལས་གང་ཡིན་ན་སེམས་ཅན་ཀུན་གྱི་སེམས་ཉིད་ཆོས་སྐུ་ཐུགས་ཡིན་ལ། །ཆོས་སྐུའི་བསྟན་པ་གང་ཡིན་བསྐྱེད་པ་མ་ཧཱ་དང་རྫོགས་པ་ལུང་ཨ་ནུ་དང་རྫོགས་པ་ཆེ། །མན་ངག་ཨ་ཏི་འགྱུར་མེད་ཆོས་སྐུ་རྟག་པ་སྟེ་ཆོས་སྐུའི་ངོ་བོ་རྣམ་རྟོག་གི་འགྱུར་བ་མེད་པའི་ཆོས་ཉིད་དོ། །མི་རྟག་པར་བཤད་པ་ཡེ་ཤེས་སྐད་ཅིག་ཆ་ལས་མི་རྟག་པར་བཤད་དོ། །རྟག་པ་མ་ཡིན་པ་ནི་ཆོས་སྐུ་དོན་གྱིས་སྟོང་པས་ན་རྟག་པ་ཡང་མ་ཡིན་ལ། །ཆོས་སྐུ་དེ་འཁོར་འདས་ཀུན་ལ་རང་བཞིན་གྱིས་ཁྱབ་པར་སྣང་བས་མི་རྟག་མིན། །དེ་ཡན་ཆད་ཡང་དག་གྲུབ་པ་གཅིག་པུ་ཉིད་ཆོས་སྐུ་བཤད་པའོ། །ཡེ་ཤེས་གཉིས་ནི་ལོངས་སྐུའི་གཞི། །ལོངས་སྐུ་སངས་རྒྱས་བདེ་ཆེན་ཀུན་འདུས་པ་ལ་ཉེར་ལྔ་སྟེ། དང་པོ་ལོངས་སྐུའི་གཞི་སོ་སོར་རྟོགས་པའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཉིས་པ་ལོངས་སྐུའི་རང་བཞིན་ནི་མཉམ་པ་ཆེན་པོ་མི་འགྱུར་བའི་རང་བཞིན་མི་དམིགས་པའོ། །མི་འགྱུར་ནམ་མཁའི་རང་བཞིན་ཅན། །མཚན་ཉིད་ནི་མེ་ལོང་ལྟ་བུར་གསལ་ཏེ། །ཆོས་ཀྱི་དབྱིངས་ལ་


DNG019_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནས་པའི་རིམ་པ་ལ་ཡང་གནས་སོ། །འོག་མིན་གནས་ན་གནས་ཏེ་སྔགས་ཕྱི་ལས་ལྷ་གནས་ཀྱི་འོག་མིན་ན་བཞུགས་པར་མཐོང་། མ་ཧཱ་དང་ཨ་ནུས་ཡུམ་གྱི་མཁའ་ལ་མཐོང་། ཨ་ཏིས་འོག་མིན་རིག་པ་ལ་བཞུགས་པར་མཐོང་བཞུགས་པར་མཛད། །འཁོར་ནི་གཉིས་ཏེ། གཞི་དང་། དབྱེ་བའོ། །དང་པོ་ལྷག་བསམ་རྣམ་པར་དག་པ་དང་ལྡན་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་འོ། །དབྱེ་བ་བཞི་སྟེ། རྩོལ་བ་དང་བཅས་པས་མཚན་མ་མེད་པའི་བྱང་ཆུབ་སེམས་དཔའ་དང་། མཚན་མེད་ལྷུན་གྲུབ་བྱང་ཆུབ་སེམས་དཔའ་དང་། སྤྱོད་པ་ངེས་པས་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དང་བཞིའོ། །ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར། །དྲུག་པ་ལོངས་སྐུའི་གདུལ་ཞིང་ནི་གཞི་དང་སྙིང་པོ་མེ་ཏོག་འདུལ་ཞིང་ཡོངས་སུ་དག་པ་ལ་མངའ་མཛད་པ། སྟོང་གསུམ་ལ་སྤྲུལ་སྐུས་མངའ་མཛད། དེ་སྟོང་གིས་ནི་འཇམ་དཔལ་གྱི་ཞིང་གྲུབ་དེ། དེ་སྟོང་གིས་མི་བསྐྱོད་པའི་ཞིང་གྲུབ། དེ་སྟོང་གིས་རྣམ་སྣང་གི་ཞིང་གྲུབ་པའོ། །ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་ཆེན་པོའོ། །ལོངས་སྐུའི་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ། །ལོངས་སྐུའི་སྤྲུལ་སྐུ་ཁྱབ་སྣང་མཛད་ཡིན་ནོ། །སྐུ་གསུང་ཐུགས་ནི་སྐུ་དང་གསུང་དང་ཐུགས་གསུམ་གསུམ། །ལོངས་སྐུའི་ཆོས་སྐུ་རྣམ་སྣང་ཆེན་པོ། གསུང་ཡོ་ག་སྟེ་བཞི། ཐུགས་རྣམ་པར་མི་རྟོག་པའམ། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ལོངས་སྐུའི་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ། གསུང་ཨུ་པ་ཡ་སྟེ་བདུན། ཐུགས་ཆོས་དབྱིངས་ཡེ་ཤེས་སོ། །ལོངས་སྐུའི་སྤྲུལ་སྐུ་ཁྱབ་སྣང་མཛད། །གསུང་ཀྲི་ཡ། ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ལོངས་སྐུ་ས་བཅུའི་ངོ་ལ་སྣང་སྟེ། །ས་དང་པོ་རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། མངོན་དུ་གྱུར་པ། རིང་དུ་སོང་བ། ལེགས་པའི་བློ་གྲོས། ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །གཞན་དབང་ལོངས་སྤྱོད་རྫོགས་སྐུར་སྦྱར་ཏེ། །གཞན་དབང་ཁམས་གསུམ་གྱི་སེམས་ཅན་གྱི་སྣང་བ་སྟེ། དེ་ལ་རྒྱུ་རྐྱེན་གྱིས་བསྐྱེད་པ་ནི། ལོངས་སྐུ་ཡང་ཆོས་སྐུའི་འབྲས་བུ་ཡིན་ལ། སྤྲུལ་སྐུའི་རྒྱུ་ཡང་ཡིན་ནོ། །དེས་ན་གཞན་དབང་སྦྱར་རོ། །བདེན་གཉིས་ཀུན་གང་དང་སྦྱར་ན་ཡང་དག་རྫོབ་བདེན་པ་ཡིན། །ལྷག་བཅས་ལྷག་མེད་གང་ཡིན་ཕུང་པོ་ལྷག་མ་དང་བཅས་ཏེ་ལུས་འོད་གསལ་ཆོས་སྐུར་དེང་བས་ལྷག་མེད་དོ། །དང་། །མཐའ་གང་ཡིན་ནི་ཞིང་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པར་མི་འགྱུར་བར་གནས་སོ་ལ་རྣམ་པར་སྤྱོད། །


DNG019_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནི་ཏིང་ངེ་འཛིན་ལ་གནས་པ་སྟེ་དགོངས་པ་ལ་མཉམ་པར་བཀོད་པའོ། །བཅུ་བདུན་པ་ལོངས་སྐུའི་གོ་རིམ་ནི་གདུལ་བྱ་ལ་སྣང་བའི་དབང་དུ་བྱས་ལ་ཆོས་སྐུ་ལས་ལོངས་སྐུར་བཞེངས་ནས་ས་བཅུ་ལ་སྣང་གང་ཟག་གྲོལ་བའི་དབང་དུ་བྱས་ན་སྤྲུལ་སྐུ་ལས་ལོངས་སྐུར་གྲོལ་བའོ། །གོ་རིམ་བར་དུ་གནས་པ་ལ། །ལོངས་སྐུའི་སྐུ་གསུམ་དུ་ཕྱེ་བ་ལས་སྔ་མ་སྔ་མ་རྒྱུ་ཡིན་ལ་ཕྱི་མ་ཕྱི་མ་འབྲས་བུར་སྔ་ཕྱིར་སྣང་བ་དང་། །ལོངས་སྐུའི་ཏིང་ངེ་འཛིན་ལ་འཇུག །ཚུལ་ནི་ལོངས་སྐུ་ལ་ཏིང་འཛིན་གྱིས་འཇུག་པས་བྱའོ། །སྐུ་གསུང་ཐུགས་ལས་གང་ཡིན་ན་སྐུ་སྟེ། སེམས་ཅན་གྱི་ལུས་ཤ་ཁྲག་དང་འོད་གསལ་འདྲེས་ནས་སྣང་བའོ། །སྐུ་ཡི་གཟི་བརྗིད་རྣམ་པར་མཛད། །བསྟན་པ་ཀྲི་ཡ་དང་ཡོ་ག་དང་ཨུ་པ་ཡ་འོ། །ལོངས་སྐུ་རྟག་པ་ནི་ཏིང་ངེ་འཛིན་གྱི་ཆེན་པོའི་སྐུ་གསལ་བའི་ངོ་བོ་ཉིད་དོ། །ཏིང་འཛིན་ཆ་ལ་མི་རྟག་པ་མ་ཡིན་པ་དང་། །རང་བཞིན་འོད་གསལ་རྟག་པ་ཡང་མ་ཡིན་པ་ནི་ལོངས་སྐུ་རང་བཞིན་གྱི་འོད་གསལ་ཞིང་སྟོང་པས་རྟག་པ་མིན། །ལོངས་སྐུ་དེ་ངོ་བོས་སྣང་བས་མི་རྟག་པ་ཡང་མིན་ནོ། །ལོངས་སྐུ་ཡེ་ཤེས་སྒྱུ་མར་བདེ། །དེ་ལྟར་ན་ཆོས་ཉེར་ལྔས་ལོངས་སྐུ་བཤད་པའོ། །ལུས་ཀྱི་ཆ་ནས་ཡེ་ཤེས་སྒྱུ་མ་ཙམ་གྱི་སྐུར་གྲུབ་ནས་གནས་པ་ཏིང་འཛིན་གྱི་ཆ་ནས་ཏིང་འཛིན་བདེ་ཆེན་གྱི་ལུས་སོ། ༈ །གསུམ་པ་སྤྲུལ་སྐུ་ནི་མཁའ་འགྲོ་སྒྱུ་མ་བདེ་ལ་ཆོས་ཉེར་ལྔ་ལས་དང་པོ་སྤྲུལ་སྐུའི་གཞི་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ནན་ཏན་ཡེ་ཤེས་སྤྲུལ་སྐུའི་གཞི། །རང་བཞིན་རྒྱུན་མི་འཆད་པར་འབྱུང་། །ཆུ་བོ་ཆེན་པོ་ལྟ་བུ་ལ་མ་འགགས་པར་འབྱུང་བའོ་ཞེས་པའོ། །མཚན་ཉིད་གསུམ་དང་སྦྱར་ན། ཀུན་བརྟགས་ནི་གཟུང་འཛིན་གཉིས་དང་མ་བྲལ་བ་ཡིན་ལ་སྤྲུལ་སྐུ་གཟུང་འཛིན་གྱིས་ཇི་ལྟར་བརྟགས་པ་ལྟར་སྣང་བས་ཀུན་བརྟགས་མཚན་ཉིད་དག་དང་སྦྱར། །སྤྲུལ་སྐུའི་བཞུགས་གནས་གླིང་བཞི་བྱེ་བ་ཕྲག་བརྒྱའི་གླིང་ལ་གང་ལ་གང་འདུལ་དུ་འཇུག །ལྔ་པ་འཁོར་རྣམ་པ་བཞི་ཡི་འཁོར་དང་ལྡན། །བྱང་ཆུབ་སེམས་དཔའི་འཁོར་དང་། འཕགས་པ་དགྲ་བཅོམ་པ་དང་། དབང་པོའི་རྣོན་པོ་དང་། སྐྱབས་གསོལ་དགེ་བསྙེན་གྱིའོ། །བྱང་ཆུབ་སེམས་དཔའ་ནི་ས་གསུམ་པ་ནས་དང་པོའི་བར་རོ། །དགྲ་བཅོམ་པ་ནི་རྒྱུན་ཞུགས་དང་འབྲས་བུ་ཐོབ་པའོ། །དབང་པོ་རྣོན་པོ་ནི་རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་བའོ། །སྐྱབས་གསོལ་དགེ་བསྙེན་ནི་འཕགས་པའི་ཞལ་མཐོང་བ་ལྷ་


DNG019_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་དོ། །ཡང་ན་དགེ་སློང་ཕོ་མོ་གཉིས་དགེ་བསྙེན་ཕོ་མོ་གཉིས་ཀྱང་ཟེར། །སྟོང་གསུམ་འདུལ་བའི་ཞིང་གླིང་བཞི་ལ་འཁོར་ལོས་སྒྱུར་བའི་རཱ་ཛས་མངའ་མཛད། སྟོང་གསུམ་ལ་བརྒྱ་བྱིན་གྱིས་མངའ་མཛད། སྟོང་གསུམ་ཆེན་པོ་ལ་ཤཱཀ་ཐུབ་བོ་དུ་སྣང་། །སྤྲུལ་སྐུའི་ཆོས་སྐུ་རྡོ་རྗེ་དབྱིངས་ཏེ་ཀུན་རིག་གོ། །སྤྲུལ་པའི་ལོངས་སྐུ་ཤཱཀྱ་ཐུབ། །སྤྲུལ་པའི་སྤྲུལ་སྐུ་ཐུབ་པ་དྲུག །སྐུ་དང་གསུང་ཐུགས་རྣམ་པ་དགུ་ནི། །སྤྲུལ་སྐུའི་ཆོས་སྐུ་ནི་ཀུན་རིག །གསུང་མདོ་སྡེ། ཐུགས་མཉམ་ཉིད་ཀྱི་ཡེ་ཤེས་སོ། །སྤྲུལ་སྐུའི་ལོངས་སྐུ་ཤཱཀ་ཐུབ། གསུང་མངོན་པ། ཐུགས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་པ་དྲུག །གསུང་ནི་འདུལ་བ། ཐུགས་བྱ་བ་ནན་ཏན་ཡེ་ཤེས་སོ། །གང་གི་ངོ་ལ་སྣང་ན་འགྲོ་བ་དྲུག་གི་ངོ་ལ་སྣང་། །མཚན་ཉིད་ནི་སྒྱུ་མར་ལྟར་སྣང་བའི་མཚན་ཉིད་ཅན། །བདེན་གཉིས་ལས་ཀུན་རྫོབ་བདེན་པའི་བདག་ཉིད་ཆེ། །ལྷག་མེད་མ་ཡིན་ཕུང་པོ་ལྷག་མ་ཅན་ཡིན་ནོ། །སྤྲུལ་སྐུའི་མཐའ་ཇི་ཙམ་ཡིན་ན་སྟོང་གསུམ་འཇིག་རྟེན་མཐའ་ལ་ཐུག །སྤྲུལ་པའི་གྲངས་ཚད་ནི་གྲངས་མེད་པའམ་འགྱེད། །གོ་རིམ་ནི་གདུལ་བྱ་ལས་གཟིགས་ནས་ཆོས་སྐུ་ལོངས་སྐུ་ཐ་མ་སྤྲུལ་སྐུའོ། །ཐ་མ་ཡིན་ཏེ་དང་པོར་འབྱུང་། །གང་ཟག་ལས་གྲོལ་ན་དང་པོར་སྤྲུལ་སྐུར་གྲོལ་ལོ། །རྒྱུ་འབྲས་ནི་སྤྲུལ་སྐུའི་སྐུ་གསུམ་པོ་སྔ་མ་རྒྱུ་ལ་ཕྱི་མ་འབྲས། །ཚུལ་ཇི་ལྟར་འཇུག་ན་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཚུལ་གྱིས་འཇུག །སྐུ་གསུང་ཐུགས་ལས་གསུང་ཡིན་ཏེ། གསུང་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་ཆོས་སྟོན་པ་དང་ལྡན། །བསྟན་པའི་ཆོས་ནི་འདུལ་བ་ཉན་ཐོས་རང་རྒྱལ་དང་མདོ་སྡེ་མངོན་པ་བྱང་ཆུབ་སེམས་དཔའ་སྡེ་སྣོད་གསུམ། །རྒྱུན་སྤྲུལ་སྐུ་མི་འཆད་པར་འབྱུང་པས་རྟག་པ་ཡིན་པར་ཡང་བཤད། །སྐྱེ་འགག་བྱེད་པས་མི་རྟག་པ་ཡང་ཡིན་ལ། །སྤྲུལ་སྐུ་དེ་ངོ་བོ་སྟོང་པས་རྟག་པ་བ་ཡང་མིན། །སྤྲུལ་སྐུའི་ལས་ཀྱི་སྣང་བས་མི་རྟག་པ་ཡང་མིན་ནོ། །མཁའ་འགྲོ་སྒྱུ་མ་ཞེས་བྱ་བ་སྤྲུལ་པའི་སྐུ་ཡིན་ཏེ་ཆོས་སྐུ་ནམ་མཁའ་ལྟ་བུ་ལ་ལོངས་སྐུ་སྤྲིན་འདྲ་ལ་སྤྲུལ་སྐུ་ཆར་བཞིན་འབབ་པས། །འགྲོ་བ་འདུལ་བའི་ཐབས་ལ་ཇི་


DNG019_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བར་མཛད་པ་ནི། །དཔེར་ན། སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ལ་སོགས་གང་ལ་མོས་པ་དང་འདྲ་བར་སྤྲུལ་པ་ལྟར་རོ། །དང་པོ་ངོ་བོ་ནི་ཆོས་སྐུའི་ངོ་བོ་ནི་འགྱུར་བ་མེད་པའི་ལོངས་སྐུའི་ནི་གསལ་བའི་ངོ་བོ་ཉིད། སྤྲུལ་སྐུའི་ནི་སྣ་ཚོགས་གྲངས་མེད་པའོ། །ཆོས་དབྱིངས་ངོ་བོ་སྟོང་། མེ་ལོང་ངོ་བོ་གསལ། མཉམ་ཉིད་མི་ཕྱེད། སོ་སོར་རྟོག་པ་མ་འདྲེས། བྱ་བ་གྲུབ་པ་མ་འཆོལ་བ་སྟེ། ངོ་བོའི་སྒོ་ནས་ཕྱེ་བའོ། །དང་པོ་རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས་བཤད་པའོ། །གནས་པའི་སྐུ་གསུམ་ཡེ་ཤེས་ལྔ། །རྣལ་འབྱོར་ཟབ་མོ་སྙིང་ག་ཆོས། །ངོ་བོ་དག་སྙིང་ག་ཆོས་འཁོར་ན་རྩ་དྭངས་མ་བརྒྱད་ཡོད་པ་ནི་སྙིང་ཁོང་སྟོང་གི་དཀྱིལ་ན་རྩའི་དྭངས་མ་རྩ་བྲན་རྒྱུས་པའི་ལྡང་པ་འདྲ་བ་བརྒྱད་ཡོད་པས་གསུམ་ཆོས་ཉིད་ཀྱི་རྩ་གཅིག་ཡེ་ཤེས་ཀྱི་རྩ་གསུམ་རང་རྒྱུད་ཀྱི་རྩ་གཅིག་ཡོན་ཏན་གྱི་རྩའོ། །ཆོས་ཉིད་ཀྱི་རྩ་ལ་འོད་སེར་པོ་གཅིག་གནས། དབྱིབས་ཟླུམ་པོ། དཔེའམ་ཚུལ་དངུལ་ཆུ་ཞུན་མ་ལ་གཞོན་མར་གྱི་ཟོལ་སོང་བ་ལྟར་གནས་སོ། །ཆོས་ཉིད་གསེར་འདྲ་ཟླུམ་པོ་དངུལ། །སྙིང་པོ་ནི་སྟེ་སྐུ་དེ་ཡང་བདེ་གཤེགས་ཀྱི་སྙིང་པོ་ཨཱོཾ་ནི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ་སྐུ་དང་ས་བོན་ནི་སུ་ཏྲི་ལྷ་མིན་གྱི་སུ་སེར་པོ་དམྱལ་བའི་ཏྲི་ནག་པོ་དེ་གསུམ་ཁ་དོག་ཟ་འོག་གུར་འདྲ། །ཡེ་ཤེས་ཀྱི ་རྩ་ལ་ནི་འོད་མཐིང་ག་གཅིག་གནས་ལ། །དབྱིབས་གྲུ་བཞི་ཞགས་པ་བསྡོགས་པའམ་སྦྲུལ་འཁྱིལ་པ་འདྲ། །ཚུལ་དང་ལེའུ་བརྒན་དུ་ཤེལ་སྒོང་བརྒྱུས་པ་འདྲའོ་སྙིང་པོ་ཧཱུྃ་ནི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། །ལྷའི་ས་བོན་ཨ་དཀར་པོ་དང་ནྲྀ་མིའི་ས་བོན་ནྲྀ་སྔོན་པོའམ་ལྗང་གུར་གནས་པ་ཡིན། །རང་རྒྱུད་ཀྱི་རྩ་ལ་ནི་འོད་དམར་པོ་གཅིག་གནས་ཞིང་། །དབྱིབས་ཟླ་གམ་དཔེའམ་ཚུལ་སོས་ཀའི་སྨིག་རྒྱུ་འམ་རྩི་སྐྱའི་ཁ་ལ་ཟིལ་པ་ཆགས་པ་འདྲ། །ཁ་དོག་ཟངས་ཞུན་མ་ལ་ར་གན་གྱི་རྩི་སོང་བ་ལྟར་རོ། །ས་བོན་ནི་ཡི་དྭགས་ཀྱི་པྲེ་དམར་པོ་དང་དུད་འགྲོའི་དུ་དུད་ཁ་གཉིས་གནས་སོ། །བདེ་གཤེགས་ཀྱི་སྙིང་པོ་ཨ་ནི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ། །ཡོན་ཏན་གྱི་རྩ་ལ་ནི་འོད་དམར་ནག་གཅིག་གནས་ལ། །དབྱིབས་གྲུ་གསུམ་ཁ་དོག་ལྗང་ནག་གམ་ཡང་ན་ཕུག་རོན་སྐེ། །འདྲ་སྟེ་དཔེར་ན་བྱ་ཕུག་རོན་གྱི་སྐེ་ལ་ཁ་དོག་སྣ་ཚོགས་ཡོད་ཀྱང་ལྗང་གུར་གསལ་ལོ། །དབྱིབས་ནི་བྱ་གག་ཅེས་ཁྱིམ་བྱ་དེ་ཕོའི་ཨོག་ཤལ་ལྟ་བུ་སྟེ། །བློ་རྨུགས་ཆེན་པོའི་སྣོད་ཅེས་པ་གཉིས་གནས་


DNG019_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཡིན་པས་ན་ཤེས་རབ་གསུང་ལ་སྙོམས་པར་འགེབ་པར་བྱེད་པའི་དུས་ན་ཡིན་ནོ། །དེ་ཡན་རྩའི་གནས་ལུགས་ཡི་གེ་དང་བཅས་པ་བཤད་དོ། ༈ །མ་རྟོགས་འཁོར་བའི་རྒྱུ་ཡིག་ལ། །ཨ་ནྲྀ་ལ་སོགས་པར་གནས་རྟོགས་ན་ཨོཾ་ལ་སོགས་པའི་འབྲུ་གསུམ་མྱ་ངན་འདས་སུ་སྣང་སྟེ་བྱང་ཆུབ་སེམས་ལ་གཉིས་མེད་དུ་གནས་སོ། །འོད་སེར་པོ་ལ་ཀུན་གཞི་མཐིང་ག་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང་ཉོན་དམར་པོ་ལ་མོངས་ཅན་གྱི་ཡིད་སྒོ། །དམར་ནག་ལ་ལྔའི་རྣམ་ཤེས་གནས་སོ། །རྣམ་ཤེས་བརྒྱད་རྩ་བཞིའི་འོད་ལ་གནས་སོ། །སེར་མཐིང་དམར་དང་ནག་ལ་གནས། །འོད་སེར་པོ་ལ་རྩ་འི་དྭངས་མ་རྒྱུའོ་དེ་བཞིན་དུ་ལ་འོ། །མཐིང་ག་ལ་སྦུབས་ཀྱི་དྭངས་མ་རྒྱུའོ། །འོད་དམར་པོ་ལ་ཁྲག་གི་དྭངས་མ་ལ་དམར་ནག་སྒོ་ལྔའི་དྭངས་མ་རྒྱུའོ། །རྩ་དང་དབུགས་དང་ཁྲག་དང་། སྒོ་ལྔའི་རྩའི་དྭངས་མ་འོད་ཡིན་པས་དེ་ལ་རྒྱུའོ། །དེ་དག་དྭངས་མ་གང་ཡིན་ལ། །རབ་ཏུ་རྒྱུ་བར་བྱེད་པའོ། །འོད་སེར་པོའི་སྒབ་ན་ཡིག་སུ་ཏྲི་གནས་སོ། །དེ་བཞིན་དུ། མཐིང་ག་ཡི་ཨ་ནྲྀ་གཉིས་དམར་པོའི་པྲེ་དུ་གཉིས་དམར་ནག་ལ་ནི་དེ་རྣམས་ཀྱི་སྐྱོན་ཡོན་ཏན་གནས་སོ། །ཞེས་བསྟན་ནོ། །འོད་བཞིའི་དགབ་ན་ཡི་གེ་དྲུག །སྐྱོན་དང་ཡོན་ཏན་གནས་པ་ལ། །ཡི་གེ་གཉིས་གཉིས་གནས་པ་ཡང་། །ཨ་དང་ནྲྀ་གཉིས་དབུགས་ཀྱི་སྙིགས་མ་ལ་རྒྱུའོ། །སུ་ཏྲི་གཉིས་རྩའི་པྲེ་དུ་གཉིས་ཁྲག་གི་སྙིགས་མ་གསུམ་ལ་རྒྱུ་བར་བྱེད། ༈ །སྒོ་ལྔའི་རྣམ་ཤེས་དང་ཉོན་མོངས་པ་ཅན་གྱི་ཡིད། ས་བོན་ཏྲི་དང་དུ། འདི་ལྟར་གནས་པ་ནི། རིགས་དྲུག་ཐམས་ཅད་ལ་རབ་རྒྱང་དུ་གནས་སོ། །དེ་འཕགས་པའི་སྤྱན་གྱིས་གཟིགས་སོ། །འགྲོ་བ་དྲུག་ཏུ་སྐྱེ་བ་ཡི། །ཁ་ཟིན་རྣམ་ཤེས་ས་བོན་ལས། །དེ་ཡང་ལྷ་མི་གཉིས་སུ་སྐྱེ་བའི་ཁ་ཟིན་ཡིད་ཀྱི་རྣམ་ཤེས་ཀྱིས་བྱས་ནས་ས་བོན་ཨ་དང་ནྲྀ་ལ་སོགས་སོ། །ཡི་དྭགས་ལྷ་མི་ནི་ཀུན་གཞིའི་རྣམ་ཤེས། བྱོལ་སོང་དམྱལ་བ་ནི་ས་བོན་པྲེ་དང་ཏྲི། ལས་རྣམས་སོགས་པར་བྱེད་པའོ། །རིགས་དྲུག་ཀུན་ལ་རང་རྒྱུད་གནས། །བརྒྱད་དབུ་དེ་ལྟར་རྩའི་དྭངས་མ་རྩ་བྲན་རྒྱུས་པའི་དྭངས་མ་འདྲ་བ་བརྒྱད་ཡོད་པ་ཞེས་བྱའོ། །དེའི་དབྱིབས་པ་ཐག་ལུག་པ་བཞིན་འདུག་པ་ལ་བརྒྱད་ཅེས་བྱའོ། །དེ་ལྟར་བརྒྱད་ནི་མདོའི་དྭངས་མ་ཡང་། རྩ་དར་དཀར་གྱི་སྐུད་པ་འདྲ་བ་ལ། དབྱིབས་པ་ཐག་འཁྱུག་པ་འདྲ་བ་གཅིག་ཡོད་ལ། དེའི་སྦོམ་ཕྲ་ནི་རྟ་རྔ་བཅུ་ཚལ་ཙམ་གྱིས་བཟུང་ལ་དར་དཀར་གྱི་སྐུད་པ་དེ་ལ་ཁྲག་གི་དྭངས་མ་མཚལ་ལྕོག་ལའི་དྭངས་མ་འདྲ་བ་རྒྱུའོ། །དེ་ལ་དབུགས་ཀྱི་


DNG019_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་པ་ཙམ་རྒྱུའོ། །རྩ་དང་ཁྲག་དབུས་ཀྱི། །དྭངས་མ་ཆེན་པོ་གསུམ་དུ་གནས། ༈ །དེ་ཡི་དཀྱིལ་ན་དབུགས་ཀྱི་དྭངས་མ་དེ་ལ་འོད་ཁ་དོག་སྣ་ཚོགས་པ་གཅིག་གནས་སོ། །དེ་ཡང་སའི་དྭངས་མ་དར་དཀར་གྱི་སྐུད་པ། ཆུའི་དྭངས་མ་མཚལ་ལྕོག་ལའི་ཁུ་བ་ཙམ། མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངར་ཙམ། དབུགས་ཀྱི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་ཙམ། ནམ་མཁའི་དྭངས་མ་ངང་གིས་སྟོང་པ་དང་ལྔ་འོད་དུ་འཁྱིལ་ནས་གནས་སོ། །དྭངས་མ་ལྔ། །འོད་དུ་འཁྱིལ་པར་གནས་པ་ཡིན། །འོད་དེ་ཡི་དཀྱིལ་ན་བཞུགས་པ་ནི། །ཐིག་ལེ་ཆེན་པོ་བྱང་ཆུབ་སེམས། །གསེར་ཞུན་འོད་དེའི་དཀྱིལ་ན་ཐིག་ལེ་བྱང་ཆུབ་སེམས་བཞུགས་པ་ནི་དཔེ་གསེར་ཞུན་མའི་སྦུ་གུའི་ནང་དུ་ནོར་བུ་རཏྣ་ཟེའུ་ཀ་བཅུག་པའམ། རཏྣ་ཀེ་ཀེ་རུ་གདང་ལ་བཏགས་པ་འདྲ་བ་ཁ་དོག་ཉི་མ་ཤར་བའི་དཀྱིལ་འཁོར་དང་འདྲ་བར་བཞུགས་པའོ། །དེ་ནི་ཆོས་ཉིད་ཆོས་ཀྱི་དབྱིངས་སྙིང་པོ་དོན་དམ་པའི་དོན་གྱི་རྒྱུ་ཡིན་པས་ན་ཐིག་ལེ་ཆེན་པོ་བྱང་ཆུབ་སེམས་ཞེས་བྱའོ། །ཐིག་ལེ་ཆོས་སྐུར་གནས། དྭངས་མ་རིགས་ལྔར་གནས། དྭངས་མ་གསུམ་སྐུ་གསུང་ཐུགས་སུ་གནས་འགྲོ་དྲུག་ཡི་གེ་དང་། སྐུ་གསུམ་སྤྲུལ་སྐུར་གནས་ཏེ། རང་ལ་བཞུགས་པའོ། །ཟེ་ཀ་ཀེ་ཀེ་རུ། །ཉི་མ་ཆོས་དབྱིངས་སྙིང་པོར་བཞུགས། །གནས་ལུགས་ནི་ངོ་བོ་ཉིད་ཀྱི་གཞི་གཉིས་གནས་ཏེ། །འཁོར་འདས་གཉིས་མེད་ངོ་བོ་ཉིད་ཀྱི་གཞི་ཞེས་བྱའོ། །ལྷག་པའི་ཆོས་སྐུ་ཆེན་པོར་གནས་པ་ལ་འཁོར་བ་ལྟར་རང་རྒྱུད་པར་བཅིངས་པ་ཡང་མེད། མྱང་འདས་ལྟར་སྐུ་དང་ཡེ་ཤེས་སུ་གྲོལ་བ་ཡང་མེད། །གཞིའི་གནས་ལུགས་ངོ་བོ་ཉིད་ཀྱང་སྐུ་གནས་པ་དེར་ཡང་འཕྲལ་དུས་ལམ་གྱིས་བཅས་པ་ལྟ་བུ་མ་ཡིན་ཏེ། ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །གཞི་ལྷུན་གྲུབ་ཅེས་བྱ། མ་བཅོས་འཕྲལ་དུ་ས་ལམ་གྱིས་མ་བཅོས་ཏེ་ཡེ་ནས་སྒྲིབ་པར་གྱུར་པ་མི་གནས་པ་ན་གཞི་ཀ་དག་ཆེན་པོར་གནས་ཏེ། །ཉི་མའི་སྙིང་པོ་ལ་མུན་པ་མི་གནས་པ་ལྟ་བུའོ། །དེ་ལ་ནི་ཡང་དག་གྲུབ་པ་གཅིག་པུ་ཉིད་ཅེས་བྱའོ། ༈ །སྣང་ལུགས་འཁོར་འདས་གཉིས་སུ་སྣང་སྟེ། །གཞི་ལ་རྟོགས་ན་འཁོར་བར་སྣང་ལ་རྟོགས་ན་མྱང་འདས་སུ་སྣང་ངོ་། །འདས་པ་མྱང་འདས་སུ་སྣང་བ་ལ་གཉིས་ཏེ་ས་བཅུ་པའི་དོན་དུ་ལོངས་སྐུ་དང་འགྲོ་དྲུག་ལ་སྤྲུལ་སྐུར་སྣང་བའོ། །དང་པོ་ན། འཁོར་འདས་ལོངས་སྤྱོད་ཆེན་པོར་སྣང་བའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་


DNG019_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཤེས་བྱའི་སྒྲིབ་པ་སྦྱང་བར་མཛད་པར་སྣང་སྟེ། །ས་བཅུ་པའི་བྱང་སེམས་རྣམས་ལ་ཡང་ཤེས་སྒྲིབ་དར་དཀར་གྱིས་དྲེས་པ་ཙམ་ཡོད་པའོ། །དཔེར་ན། མེ་ལོང་དུ་བལྟས་པས་བྱད་ཀྱི་དཀྱིལ་འཁོར་ཅན། །དྲི་མ་ཡོད་པ་ངོས་ཟིན་ལྟར་འཁོར་ས་བཅུ་པས་སྟོན་པའི་སྐུ་ལ་བལྟས་པས་རང་གི་སྒྲིབ་པ་ངོས་ཟིན་པར་སྣང་བ་སྟེ་དེ་ལ་ནི་སངས་རྒྱས་བདེ་ཆེན་ཀུན་འདུས་པ་ཞེས་བྱའོ། །སྤྱི་དང་བྱེ་བྲག་ཏུ་སྣང་བ་སྟེ་སྤྱིར་སྤྲུལ་པའི་སྐུ་བྱེ་བ་འམ་ཟློས་བསམ་ཡས་པ། །ཡང་གདུལ་བྱ་རིགས་དྲུག་རྣམས ་འདུལ་བའི་སྐུ་ཅན་རྣམས་སྣང་བ་སྟེ། །རྩ་བ་ཉོན་མོངས་དྲུག་ལས་སེམས་ཅན་རིགས་དྲུག་རྣམས་དེ་དང་མཐུན་པའི་སྐུ་ཅན་ནོ། །འཇིག་རྟེན་ཁམས་ནི་བྱེ་བྲག་སྤྲུལ་སྐུར་སྣང་བ་ལ་གཉིས་ཏེ། འཇིག་རྟེན་ཁམས་འདི་ཉིད་ཀྱི་སྤྲུལ་སྐུ་དང་། གཞན་དག་གི་སྤྲུལ་སྐུའོ། །འདི་ཉིད་དུ་ཤཱཀ་ཐུབ་ཏུ་སྣང་ཡང་རིགས་དྲུག་ཀ་འདུལ་བར་བྱེད་དོ། །འདི་ཉིད་དང་། །གཞན་དག་སྤྲུལ་པར་སྣང་བའོ། །ཡང་གླིང་བཞི་རི་རབ་དང་བཅས་རེ་རེ་ན་སྟོན་པ་རེ་རེར་སྣང་ནས་དོན་མཛད་པའོ། །དེ་ལ་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཞེས་སོ། ༈ །འཁོར་བའི་སེམས་ཅན་དུ་སྣང་ཡང་རྣལ་འབྱོར་པ་ནང་གི་སེམས་ཉིད་ཆོས་ཀྱི་སྐུ་ཉིད་དུ་ཤེས་པར་བྱའོ། །ཕུང་པོ་རིགས་ལྔ་ལོངས་སྤྱོད་རྫོགས། །སྐུ་ནི་གཟུགས་ཕུང་རྣམ་སྣང་། རྣམ་ཤེས་མི་བསྐྱོད། ཚོར་བ་རིན་འབྱུང་། འདུ་ཤེས་མཐའ་ཡས། འདུ་བྱེད་དོན་གྲུབ་ཏུ་གནས་སོ། །ཉོན་མོངས་དྲུག་པོ་ནི་ཞེ་སྡང་དམྱལ་བ་སེར་སྣ་ཡི་དྭགས། གཏི་མུག་བྱོལ་སོང་འདོད་ཆགས་མི་ཁོང་ཁྲོ་ལྷ་མིན་ལེ་ལོ་ལྷའི་གྲུབ་པ་སྟེ་དེ་ལྟར་ཐུབ་དྲུག་སྐུ། །ཟབ་པ་ཐ་དག་ཡིན་ཏེ་སྙིང་རྗེར་སྣང་ལ་རྒྱ་ཆེ་བ་ཤེས་རབ་ཡིན་ཏེ་སྟོང་ཉིད་དུ་སྣང་བའི་ཆོས་རྣམས་ཀུན་ནོ། །སེམས་ཉིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀྱང་རྩ་བ་གཅིག་ཏུ་ཀུན་འདུས་པ་ན་སེམས་ཉིད་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པའོ། །དེའི་ཕྱིར་འཁོར་བའི་སེམས་ཅན་རྣམས་ཀྱང་མྱང་འདས་ཆོས་ཀྱི་ཕུང་པོར་ཆོས་སྐུར་གྲོལ་ལོ། །མྱང་འདས་གྲོལ་བ་དང་མ་གྲོལ་བ་འཁོར་བར་སྣང་བ་ཡང་ཐ་སྙད་ཙམ་དུ་སྣང་སྟེ། །དོན་ལ་གཉིས་ཀ་མ་གྲུབ་བོ། །འཁོར་འདས་གཉིས་སུ་བྱ་བ་ག་ལ་ཡོད། །དེ་འཁོར་འདས་སེམས་ཅན་ཉིད་མྱང་འདས་ལ་མྱང་འདས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་དབྱེར་མེད་པར་གནས་པའོ། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། དངོས་པོའི་གནས་ལུགས་ཞེས་ཀྱང་


DNG019_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དམིགས་པར་བྱ་བའི་ཡུལ་དང་ཞེས་ཀྱང་བྱ །ཧེ་རུ་ཀའི་རང་བཞིན་ཞེས་ཀྱང་བྱ། བྱ་བ་བཞིའི་རྣལ་འབྱོར་ཞེས་ཀྱང་བྱ། འཁོར་འདས་དབྱེར་མེད་སངས་རྒྱས་པ་ཞེས་ཀྱང་བྱ། ཆོས་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔར་སངས་རྒྱས་པ་ཞེས་ཀྱང་བྱ་རྒྱུད་ལུང་མན་ངག་གསུམ་དབྱེར་མེད་གཏན་ལ་འབེབས་པའི་ལུང་ཞེས་ཀྱང་བྱ། རང་བཞིན་འཁོར་འདས་ཀུན་སངས་རྒྱས་པར་བསྟན་པ་སྟེ་བརྟག་པ་གཉིས་པའོ།། །།ཞེས་པ་བརྟག་པ་གཉིས་པས་དམིགས་པར་བྱ་བའི་ཡུལ་དཔལ་ཆེན་པོའི་རང་བཞིན་བསྟན་པའི་རྗེས་ལ་དེ་ནི་བསྒྲུབ་པར་བྱེད་པའི་ཐབས་སྟོན་པའོ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར་བརྗིད་པ་དང་། གསུང་སྨྲ་བརྗོད་འབྱུང་བ་དང་། ཐུགས་མི་རྟོག་པ་མཁྱེན་པ་དང་། ཡོན་ཏན་འདོད་དགུ་འབྱུང་བ་དང་། ཕྲིན་ལས་བྱ་བ་བྱེད་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་མངའ་བདག་གིས་སྒྲུབ་པ་འདི་དག་གསུངས་སོ། །ཐོས་བསམ་བསྒོམ་པ་གསང་བའི་ཤེས་རབ་ཀྱིས་ནི་ཐེག་པའི་ཆོས་མ་ལུས་པ་ལ་མཉན་ནས་སྐྱེ་བོ་ཐ་མལ་གྱི་བློ་ལ་རིག་པའི་མུན་ནག་ལྟ་བུ་དེ་རང་རིག་མར་མེ་ལྟ་བུའི་སྒྲོན་མས་བློ་ཕྱེ་ནས། །རུས་དང་རིགས་རྒྱུད་སྐུ་དང་ཡོན་ཏན་ངེས་པར་བརྟགས་པའི་ས་སློབ་མའི་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་དུ་རུང་བའི་གཞི་ཅན་ཏེ་ལ། །སློབ་མའི་བློ་ལ་བླ་མ་འདྲ་བའི་ལུང་ལྟ་བུ་མ་ཡིན་ཏེ་ངེས་པའི་ལུང་གལ་པོ་འདི་མ་ནོར་ཞིང་མི་བསླུ་བར་བསྟན་པའི། །སློབ་མ་དེས་ནི་ལུང་ཆེན་གལ་པོ་འདི་ནས་བཤད་པ་ཁོ་ན་ལྟར་ཡང་དག་ཞི་ཁྲོ་རྣམ་གཉིས་ཀྱི་སྒོ་ནས་དངོས་གྲུབ་ཆེན་པོ་གཉིས་འགྲུབ་པར་འགྱུར་རོ། །ལྷ་མིའི་ཐེག་པས་མི་དགེ་སྤངས། །སེམས་ཅན་སྲོག་ནི་གཅད་མི་བྱ། །ལུས་ཀྱི་སྒོ་ནས་གསུམ་སྤང་སྟེ། དང་པོ་སྲོག་གཅོད་སྤང་བ་ལ་བཞི་སྟེ། གཞི་ནི་སེམས་ཅན་སྲོག་དང་ལྡན་པའོ། །རྫོགས་ཚད་ནི་ཉོན་མོངས་པའི་སེམས་ཀྱིས་ཀུན་ནས་བསླང་བ་དང་། ལུས་ཀྱི་སྦྱོར་བ་བཀོད་པ་དང་། མཚོན་སོགས་བསྣུན་པ། སྲོག་དང་བྲལ་བའོ། །དེའི་ལྕི་ཡང་ནི། ཐ་མལ་པ་ལ་ལུས་ཆེ་བ་དང་། ཕ་མ་བསད་པ་ལྕི། མཚན་ཉིད་ལྟར་མཚམས་མེད་པ་ལྔ་ལྕི། སྔགས་ལྟར་རྡོ་རྗེ་སློབ་དཔོན་ལྕི། འབྲས་བུ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུས་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ནི་བྱེད་པ་རྒྱུ་མཐུན་སྲོག་གཅོད་བྱེད་དབང་བའི་རྒྱུ་མཐུན་ཤན་པ་ལ་སོགས་དབང་མྱོང་བའི་རྒྱུ་མཐུན་རང་ཡང་གཞན་གྱིས་གསོད་པ་མྱོང་བའོ། །རྫས་སོགས་རྣམ་པ་གང་ལ་ཡང་། །མ་བྱིན་པར་ནི་བླང་མི་


DNG019_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གཞི་རྫོགས་ཚད། ལྕི་ཡང་། འབྲས་བུའོ། །གཞི་ནི་འབྲུ་ཕུལ་གང་ཡན་ཆད་རེ་བའམ་བདག་པོ་དེའི་སེམས་མི་དགའ་ནུས་པའོ། །རྫོགས་ཚད་ནི་སེམས་ཀྱིས་བརྐུ་བར་བསམས་པ། ལུས་ཀྱི་སྦྱོར་བས་བླངས་པ། ལག་ཏུ་ལོན་པ། ཚོར་དོགས་ནས་གསང་བའོ། །ལྕི་ཡང་ནི། ཆོས་བརྐུས་པ་ལྕི། རྫས་རིན་ཆེ་བ་ལྕི། དཀོར་རྫས་ལྕི། རྣམ་སྨིན་གྱི་འབྲས་བུས་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ནི་གསུམ་སྟེ། དབང་བ་རྒྱུ་མཐུན་ནི། རྐུན་པོའི་རིགས་སུ་དབང་། བྱེད་པ་རྒྱུ་མཐུན་ནི་རྐུན་མོ་འབའ་ཞིག་བྱེད། མྱོང་བ་རྒྱུ་མཐུན་ནི་རང་གི་ནོར་རྫས་ཀྱང་རྐུན་མས་འཁྱེར། དགྲ་རྐུན་ལྡང་བར་མཐོང་ངོ་། །སྲོག་ཆགས་མོ་རུ་གང་གྱུར་པ། །མི་ཚངས་པར་ནི་སྤྱད་མི་བྱ། །གཞི་སྲོག་ཆགས་མོར་གྱུར་པའི་མཚན་མའོ། །རྫོགས་ཚད་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའོ། །ལུས་ཀྱི་སྦྱོར་བ་བཀོད་པ་དང་། ཆགས་པ་སྤྱད་པ་དང་། ས་བོན་ཤོར་བའོ། །ལྕི་ཡང་ནི། སྡོམ་པ་ཅན་གྱི་སྡོམ་པ་ཕྲོག་པ་ལྕི། རྣམ་སྨིན་གྱི་འབྲས་བུས་མངལ་གྱི་སྲིན་བུར་སྐྱེ། རྒྱུ་མཐུན་ནི། དབང་བ་སེམས་ཅན་མོར་དབང་། བྱེད་པ་སྨད་འཚོང་མ་བྱེད། མྱོང་བ་རྒྱུ་མཐུན་འདོད་ཆགས་ཀྱིས་སྦྲུམ་ནས་འཆིའོ། ༈ །ངག་གིས་སྤང་བར་བྱ་བ་ཡང་། །རྫུན་གྱི་ཚིག་ནི་སྨྲ་བ་སྤང་། །གཉིས་པ་ངག་གི་སྒོ་ནས་ལ་བཞི། རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ་པོ། །རྫུན་ལ་བཞི་སྟེ། གཞི་ནི་རྫུན་སྨྲ་བར་བསམ་པའོ། །རྫོགས་ཚད་ནི། སེམས་ཀྱིས་བསམས། ངག་གིས་སྨྲས། ཡུལ་དེ་མགོ་འཁོར་བའོ། །གང་ཟག་ཆོས་པ་བསླུས་པ་ལྕི། རྣམ་སྨིན་གྱི་འབྲས་བུས་ཡི་དྭགས་རླུང་ལྷའི་རིགས་སུ་སྐྱེ། དབང་བ་རྒྱུ་མཐུན་ཚོང་ཁེ་བྱེད། བྱེད་པ་རྒྱུ་མཐུན་རྫུན་འབའ་ཞིག་བྱེད། མྱོང་བ་རྒྱུ་མཐུན་རྫུན་སྨྲས་པས་རང་ཕུང་བ་མྱོང་ངོ་། །དེ་བཞིན་ངག་ནི་འཁྱལ་པ་དང་། །འདི་ལ་ཡང་བཞི། གཞི་བསམ་ཤེས་ལ་སྨྲ་བའོ། །ཚད་སེམས་ཀྱིས་སྨྲ་བར་བསམས། ངག་གིས་སྨྲས། གཞན་སེམས་འགྱུར་བའོ། །སྡོམ་ཅན་ལ་ངག་འཁྱལ་སྨྲས་པ་ལྕི། འབྲས་བུ་ནི། རྣམ་སྨིན་གྱིས་སྲིན་པོར་སྐྱེ། རྒྱུ་མཐུན་ནི། དབང་བ་གླུ་མཁན་དུ་དབང་། བྱེད་པ་གླུ་མཁན་བྱེད། མྱོང་བ་རྒྱུ་ཆ་མཐུན་ངག་འཁྱལ་གྱི་ལེ་ལན་གྱིས་འཆི་བར་འགྱུར་རོ། །ཚིག་ནི་རྩུབ་མོ་སྨྲ་བ་དང་། །ཚིག་རྩུབ་ལ་ཡང་བཞི། གཞི་མི་གང་ཡིན་ལ་སྨྲ་བའོ། །རྫོགས་ཚད། སེམས་ཀྱིས་སྨྲ་བར་བསམས། ངག་གིས་སྨྲས། མི་དེ་ཞེ་གཅད་པའོ། །དགེ་སྦྱོང་དང་བྲམ་ཟེ་ལ་ལྕི། འབྲས་བུས་རྣམ་སྨིན་གནོད་སྦྱིན་དུ་སྐྱེ། རྒྱུ་མཐུན་དབང་བ་རྒྱུ་མཐུན་གནོད་སྦྱིན་གྱི་རིགས་ལ་དབང་། བྱེད་པ་ཚིག་རྩུབ་བྱེད་པ་དམོད་སྔགས་


DNG019_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་གྱི་ལྷ་སྲིན་བྱེད། མྱོང་བ་རང་ཡང་དེས་འཆི་བར་བྱེད་དོ། །ཕྲ་མ་བྱེད་པ་དེ་བཞིན་སྤང་། །བཞི་ལས་གཞི་ནི་མི་གཉིས་སོ། །ཚད་ནི། བསམས་སྨྲས། ཕྱེད་པའོ། །ལྕི་ཡང་ནི། ཆོས་པ་ཕྱེ་བ་ལྕི། གནས་གཞིའམ་སྡེ་དགོན་ལྕི། འབྲས་བུ། རྣམ་སྨིན་གྱི་འབྲས་བུས་ཀླུར་སྐྱེ། རྒྱུ་མཐུན་དབང་བ་ཕྲ་མ་ཤ་སྟག་བྱེད་པ་དབང་བྱེད་པ་དེ་བྱེད། མྱོང་བ་རང་ཡང་དེའི་ལེ་ལན་གྱིས་འཆི་བ་མྱོང་ངོ་། ༈ །ཡིད་ཀྱིས་བརྣབ་སེམས་སྤང་བ་དང་། །གཞི་ནི་རྫས་རིན་ཅན་གཅིག །ཚད་བསམས། རྫས་ལ་བརྣབ་སེམས་བྱས་ནས་གཞན་ལ་ཕན་མ་ཐོགས། དཀོར་རྫས་ལ་བརྣབ་སེམས་ལྕི། འབྲས་བུ། རྣམ་སྨིན་གྱི་འབྲས་བུས་བརྣབ་སེམས་ཅན་གྱི་བདག་ཏུ་སྐྱེ། དབང་བ་རྒྱུ་མཐུན་བརྣབ་སེམས་ཅན་གྱི་རིགས་སུ་དབང་། བྱེད་པ་སེར་སྣ་བྱེད་པར་འགྱུར་རོ། །མྱོང་བ་ཡི་དྭགས་ཀྱི་རིགས་མྱོང་ངོ་། །དེ་བཞིན་གཞན་ལ་གནོད་སེམས་དང་། །གཞི་སེམས་ཅན་ལ་གནོད་པ་བྱེད་པའོ། །ཚད། སེམས་ཀྱིས་བསམས། ངག་ལུས་ཀྱིས་དེ་ལ་གནོད་པ་བསྐྱལ་བའོ། །ཆོས་པ་ལ་ལྕི། སེམས་ཅན་དགའ་མི་དགའ་ཞེས་པ་ལ་གནོད་པ་བསྐྱལ་བའོ། །འབྲས་བུ་ནི། རྣམ་སྨིན་གྱི་འབྲས་བུས་གནོད་སྦྱིན་ཏུ་སྐྱེ། རྒྱུ་མཐུན་ནི། དབང་བ་གནོད་སེམས་ཅན་གནོད་སྦྱིན་གྱི་རིགས་ལ་དབང་། བྱེད་པ་གནོད་སེམས་བྱེད། མྱོང་བ་རང་ལ་ཡང་མྱོང་བའོ། །ལོག་པར་བལྟ་བར་མི་བྱའོ། །ལོག་བལྟ་ལ་ཡང་བཞི་སྟེ། གཞི་སེམས་ཅན། རྫོགས་ཚད་ནི་དང་པོ་དྲན། དེ་ནས་བསམས། ཐ་མ་ལོག་པར་བལྟས་པ་ལ། །ལྕི་ཡང་ནི། གང་ཟག་ཆོས་པ་ལ་ལོག་པར་བལྟས་པ་ལྕི། ལྟ་བ་ཡང་དག་པ་ལ་ལོག་པར་བལྟས་པས་ལྕི། འབྲས་བུ་ནི་རྣམ་པར་སྨིན་པའི་འབྲས་བུས་མུ་སྟེགས་སུ་སྐྱེ། རྒྱུ་མཐུན་པའི་འབྲས་བུ་ནི། དབང་བ་རྒྱུ་མཐུན་མུ་སྟེགས་ལ་དབང་། བྱེད་པ་རྒྱུ་མཐུན་བལྟ་ལོག་བྱེད་མྱོང་བ་རྒྱུ་མཐུན་རྟག་ཆད་གོལ་ས་མྱོང་བའོ། ༈ །ཡི་གེ་ལེགས་པ་ལྷག་ཆད་མེད། །ཆོས་སྤྱོད་བཅུ་སྟེ། དང་པོ་ཡི་གེ་འབྲི་བ་ནི། འབྲུ་ལེགས། ཁོད་སྙོམས། ལྷག་ཆད་མེད་པ་དང་། བཀླག་བདེ། ཚེག་བར་དག །ཤད་འགལ་མེད། ཡན་ལག་ཚིག་ཏུ་དག་པ། ས་ཆོད་པའོ། །མཆོད་པ་བྱ་བ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས་ཕྱི་ནང་གསང་བ་དེ་ཁོ་ནའི་མཆོད་པ་འབུལ་བའོ། །མཆོད་པ་དཀྱིལ་འཁོར་གསུམ་ལ་འབུལ། །སྦྱིན་སྐྱབས་སྦྱིན་པ་ནི་སེམས་དང་བས་ཆོས་དང་ཟང་ཟིང་དང་སྐྱབས་ཀྱི་སྦྱིན་པས་སེམས་ཅན་གྱི་དོན་བྱེད་པ་དང་། རྣམ་སྨིན་གྱི་


DNG019_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུས་རློམ་སེམས་མེད་པའོ། །འབྲས་བུ་རློམ་སེམས་མེད། །ལུས་ངག་ཡིད་གསུམ་དང་སྐྱོ་དུབ་མེད་པར་བསྟན་པས་གུས་པར་ཐོས་པ་རྒྱ་མཚོས་མི་ངོམས་པར་ཉན་པའོ། །ཀློག་མཁན་ནི་ཡན་ལག་ཚིག་ཏུ་གསལ་བ་དག་པ་དང་འདྲེས་འབྱིན་ཅིང་སོང་འོག་འཁྲུགས་སྡེབས་ཤེས་པ་དང་དོན་ཤེས་པར་ཀློག་པའོ། །དོན་ཚིག་ཡོན་ཏན་གཟུངས་སུ་འཛིན། །འཛིན་མཁན་ནི་ཆོག་ཤེས་ཤིང་དོན་རྟོགས་པ་དོན་གྱི་གཟུངས་དང་ཡུན་དུ་མི་བརྗེད་པས་དོན་གྱི་གཟུངས་དང་ལེགས་ལ་མང་བས་ཡོན་ཏན་གྱི་གཟུངས་སུ་འཛིན་ནུས་པའོ། །ཡོན་ཏན་ལྔ་ལྡན་དོན་རྣམས་འཆད། །འཆད་མཁན་ནི་དོན་གྱི་ཁོག་དབུབ། དཀྱུས་ཀྱི་ས་བཅད། གོང་འོག་མཚམས་སྦྱར། ཡི་གེའི་འབྲུ་མནན། དོན་གྱི་བཅུད་འབྱིན་རྒོལ་བ་ལན་དང་བཅས་ནས་ཕུན་སུམ་ཚོགས་པ་ལྔའི་ཡོན་ཏན་དང་ལྡན་པར་ཤེས་པའོ། །དེ་བཞིན་ཁ་ཏོན་མཛད་པ་དང་། །ཁ་ཏོན་བྱེད་པ་ནི། སྒྲ་ཧ་ཅང་ཆེ་ཆུང་མ་ཡིན་མིང་ཚིག་ཏུ་སྨྲ་བཞིན་མ་ཡིན་སེམས་གཡེང་བ་མ་ཡིན། གུག་སྐྱེད། ཀླད་སྐོར་ཚེག་བར་ཉམས་པར་མི་བྱའོ། །ལུང་དང་མན་ངག་རིག་དཔྱོད་སེམས། །སེམས་པ་ནི་ཞལ་ནས་གསུངས་པ་ལུང་གི་ཚད་མ་དང་བླ་མའི་བཀས་བཤད་པ་མན་ངག་གི་ཚད་མ་དང་། རང་གི་ཤེས་རབ་རིག་པའི་ཚད་མ་དང་གསུམ་ལྡན་པས་དོན་དཔྱོད་པར་བྱེད་པའོ། །མཚན་བཅས་མཚན་མེད་བསྒོམ་པ་ནི་མཚན་བཅས་ཀྱི་ཏིང་ངེ་འཛིན་ཇི་ལྟར་དམིགས་པ་ལྟར་འགྲུབ་པ་དང་། མཚན་མེད་ཀྱི་ཏིང་ངེ་འཛིན་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་བསྒོམ་པའོ། །རྩེ་གཅིག་བསྡུས། །སེམས་རྩེ་གཅིག་ཏུ་བསྡུས་ཤིང་མ་ཡེངས་པ་ཏིང་འཛིན་གྱི། ༈ །སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལ་ཞུགས་པ་རྣམས་ཀྱིས་ཆོས་བཅུ་པོ་འདི་ལ་ནན་ཏན་བྱ་བ་ཡིན་ཏེ་འདི་བཅུ་ཤེས་ན་ནང་པ་སངས་རྒྱས་པའི་ཆོས་རྣམས་མ་ནོར་བར་རྟོགས་པ་འགྱུར་བའོ། །སངས་རྒྱས་ཆོས་ལ་སྤྱོད་པ་རྣམས། །འདི་བཅུ་ཤེས་པར་རབ་ཏུ་བྱ། །འདིར་རྒོལ་བ་ནི། ལྷ་མིའི་ཐེག་པ་ལ་ཆོས་སྤྱོད་བཅུ་ལ་དགེ་བར་བཤད་པ་ནི། ལྷ་མིའི་ཐེག་པས་དཀྱིལ་འཁོར་གསུམ་བསྒོམ་པ་དང་། ཆོས་འཆད་པར་ནུས་ན། ཐེག་པ་རིམ་དགུ་ཤེས་པ་དང་ཁྱད་ཅི་ཡིན་ཅེ་ན། ལན་ནི། མི་དགེ་བ་བཅུ་སྤྱད་ན་མི་དགེ་ལ། སྤངས་ནས་མཐུན་ཕྱོགས་བསྒྲུབ་པ་དགེ་བ་བཅུ་ཡིན། དེས་ལྷ་མིར་སྐྱེ་བས་ལྷ་མིའི་ཐེག་པ་དངོས་ཡིན་ལ། དེ་དག་ཐེག་པ་སངས་རྒྱས་ཀྱི་ལམ་དུ་འཇུག་པས་ཆོས་སྤྱོད་བཅུ་ཡང་ཞར་ལས་གསུངས་པ་ལས་འགལ་བ་མེད་དོ། །མུ་སྟེགས་


DNG019_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་རབ་འདིར་བཤད་པའི་དགོས་པ་ནི་བལྟ་བ་ཤེས་ནས་མི་སྤྱད་པར་སྤང་བའི་དགོས་པ་ཡོད་དེ་སངས་རྒྱས་མི་ནུས་པའོ། །ཤེས་ན། །མི་སྤྱད་སྤང་ཕྱིར་ཁྱོད་ལ་བཤད། །ལྟ་བ་དྲུག་ཅུ་རྩ་གཉིས་ལ། །སྔོན་མཐར་རྟོག་པ་བཅོ་བརྒྱད་དང་། །ཕྱི་མའི་མཐར་རྟོག་པ་བཞི་བཅུ་རྩ་བཞི་ཡིན། ༈ །སྔོན་མཐའ་རྟག་པར་ལྟ་བ་བཞི་ནི། །བདག་དང་འཇིག་རྟེན་པར་བསྐལ་པ་ཉི་ཤུར་རྟག་ཟེར་བ་དང་། བཞི་བཅུར་རྟག་ཟེར་བ་དང་། ལྷའི་བརྒྱ་རུ་རྟག་ཟེར་བ་དང་། མིའི་མངོན་ཤེས་ཀྱིས་སེམས་ཅན་གྱི་ཁ་དོག་དང་དབྱིབས་བར་བསྐལ་དྲུག་ཅུར་མཐོང་ནས་རྟག་ཟེར་བའོ། །ཁ་ཅིག་རྟག་པར་ལྟ་བཞི་དང་ནི། །ཚངས་པ་ཆེན་པོ་རྟག་གཞན་མི་རྟག་ཟེར་བ་དང་། འབྱུང་བ་བཞི་མི་རྟག་སེམས་རྟག་ཟེར་བ་དང་། ལྷ་ཡིད་སུན་འབྱིན་པ་མི་རྟག་གཞན་རྟག་ཟེར་བ་དང་། ལྷ་རྩེད་མོས་བསླུས་པ་མི་རྟག་གཞན་རྟག་ཟེར་བའོ། །ལྷ་ནི་མི་སྤོང་ལྟ་བཞི་དང་ནི། །ཤེས་པ་ཞན་ལ་རྨོངས་པ་ནི་རྫུན་ཏུ་སྨྲ་བས་འཇིགས་པས་གཏམ་རླུང་ལ་བསྐུར་བའོ། །བློ་རྣམ་པར་མ་བྱས་པ་ནི། རྫུན་སྨྲ་བ་ལས་བྱུང་བའི་ལོག་ལྟ་ལ་འཇིགས་ནས་གཏམ་རླུང་ལ་བསྐུར་བའོ། །བྱས་པ་རྣམ་པར་ངེས་པ་ནི། རྫུན་དང་ཤེས་བཞིན་མ་ཡིན་པས་འཇིགས་ནས་གཏམ་རླུང་ལ་བསྐུར་བའོ། །རྟོགས་པས་མངོན་པའི་ང་རྒྱལ་ཅན། བདག་གམ་དུས་གཞན་འདིར་འོངས་ན། གཞན་ཇི་ལྟར་འདོད་པ་དེ་ལྟར་ལན་གདབ་བོ་སྙམ་པའོ། །ཡོད་མེད་མཐའ་ལ་བལྟ་བ་བཞི་ནི། །ལར་གྱི་བསམ་གཏན་བཞི་པའི་བར་ལ་ཐུག །མར་ནི་མནར་མེད་དཔལ་ཐུག་པས། ཡར་དང་མར་ནི་མཐའ་ཡོད་པ་དང་། ཐད་ཀར་མཐའ་མ་མཐོང་བས་ཐད་དང་མཐའ་མེད་པ་དང་། ཡན་མན་མཐའ་ཡོད་པས་མེད་པ་མ་ཡིན་པ་དང་། ཐད་ཀར་མཐའ་མེད་པས་ཡོད་པ་མ་ཡིན་པའོ། །རྒྱུ་མེད་པར་ནི་བལྟ་བ་གཉིས་ནི། །བསམ་གཏན་བཞི་པ་ནི་གཟུགས་ཁམས་ནས་འདུ་ཤེས་མེད་པ་ལས། ཤི་འཕོས་ནས་འདིར་སྐྱེས་པ་ལ། འདུ་ཤེས་ཡོད་པར་རྒྱུ་མེད་པ་ལས་བྱུང་བ་ཟེར་བ་དང་། རྟོག་གེ་ལ་བརྟེན་པ་ནི། རླུང་གློ་བུར་དུ་ལྡང་བ་དང་། ཆུ་གློ་བུར་དུ་འབབས་པ་ལ་བརྟེན་ནས། རྒྱུ་མེད་པ་ལས་བྱུང་ཟེར་བའོ། །ཕྱི་མའི་མཐའ་ལ་ལྟ་བ་ནི། །བཞི་བཅུ་རྩ་བཞི་ལས། འདུ་ཤེས་ཡོད་སྨྲ་བཅུ་དྲུག་དང་། །དང་པོ་འདུ་ཤེས་ཡོད་པར་སྨྲ་བ་བཅུ་དྲུག་ནི། བདག་དང་གཟུགས་ཅན་ཏུ་འདུ་ཤེས་ཅན་དང་། བདག་གཟུགས་ཅན་མེད་པའི་འདུ་ཤེས་ཅན་དང་། བདག་གཟུགས་ཅན་མ་ཡིན་བདག་གཟུགས་ཅན་མ་ཡིན་པ་མ་ཡིན་པར་འདུ་ཤེས་


DNG019_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་། བདག་གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན་དང་། མཐའ་མེད་པའི་འདུ་ཤེས་ཅན་དང་། མཐའ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། བདག་གཅིག་པུའི་འདུ་ཤེས་ཅན་དང་། ཐ་དད་པའི་འདུ་ཤེས་ཅན་དང་། ཚད་མེད་པའི་འདུ་ཤེས་ཅན་དང་། གཅིག་པུ་བདེ་བ་ཅན་དང་། སྡུག་བསྔལ་བ་དང་། བདེ་བ་དང་། སྡུག་བསྔལ་གྱི་འདུ་ཤེས་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་འདུ་ཤེས་ཅན་ནོ། །འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི། །བདག་གཟུགས་ཅན་ཏུ་འདུ་ཤེས་པ་མེད་པ་དང་། བདག་གཟུགས་ཅན་མེད་པའི་འདུ་ཤེས་མེད་པ་དང་། བདག་གཟུགས་ཅན་མ་ཡིན། བདག་གཟུགས་ཅན་མེད་པ་ཡང་མ་ཡིན་པའི་འདུ་ཤེས་མེད་པ་དང་། བདག་གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པའི་འདུ་ཤེས་མེད་པ་དང་། བདག་མཐའ་དང་ལྡན་པའི་འདུ་ཤེས་མེད་པ་དང་། མཐའ་མེད་པར་འདུ་ཤེས་མེད་པ་དང་། བདག་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པའི་འདུ་ཤེས་མེད་པ་དང་། བདག་མཐའ་དང་ལྡན་པའི་ཡོད་པ་ཡང་མ་ཡིན་པའི་འདུ་ཤེས་མེད་པའོ། །འདུ་ཤེས་ཅན་ཡང་མ་ཡིན་ལ། །མ་ཡིན་པར་ཡང་མ་ཡིན་བརྒྱད་ནི། །འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་ནི། བདག་གཟུགས་ཅན་ཏུ་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། བདག་གཟུགས་མེད་པ་འདུ་ཤེས་ཅན་ཡང་མ་ཡིན་པ་ཡང་མ་ཡིན་པ་དང་། བདག་གཟུགས་མེད་པ་ཅན་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། བདག་གཟུགས་ཅན་ཡང་མ་ཡིན། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། བདག་མཐའ་དང་མི་ལྡན་པའི་འདུ་ཤེས་ཅན་མ་ཡིན་པའི་ཡང་མ་ཡིན་པ་དང་། བདག་མཐའ་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པའོ། །ཆད་པར་སྨྲ་བ་བདུན་དང་ནི། །བདག་གཟུགས་ཅན་འབྱུང་བ་ཆེན་པོར་གསལ། ཇི་སྲིད་དུ་འཚོ་ཞིང་གནས་པ་ན། བརྟན་ཅིང་འདུག་པ་དེ་སྲིད་དུ། ནད་འབྲས་ཤུ་བ་དང་ཟུག་རྔུ་དང་། ཡོངས་སུ་གདུང་བ་དང་བཅས་ལ་བདག་ཤི་ནས་ཡོངས་སུ་ཆད་པར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་གྱི་ལྷ་རྣམས། ཇི་སྲིད་འཚོ་ཞིང་གནས་པ་ན། ཞེས་པ་ལ་སོགས་པར་སྦྱར་རོ། །ཚེ་འདི་མྱ་ངན་འདས་ལྟ་ལྔ་ནི། །གང་གི་ཚེ་འདོད་ཡོན་ལྔ་


DNG019_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བར་གྱུར་ཅིང་། ཚེ་གང་ལོངས་སུ་སྤྱོད་པ་དེ་ཙམ་གྱིས་ན། བདག་འདིར་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པ་མ་ཡིན་ནོ། །གང་གི་ཚེ་བདག་འདོད་པ་དག་ལས་དབེན་ཞིང་། བསམ་གཏན་བཞི་པའི་བར་ལ་རྫོགས་པར་བྱས་ཏེ། རྣམ་པ་དེ་ཙམ་གྱིས་ན། བདག་གིས་མཐོང་བའི་ཆོས་ལ་མྱང་འདས་ཐོབ་པ་ཡིན་ནོ། །ཞེས་བྱ་བ་ན་ལྔ་པའོ། །ཉན་ཐོས་བདེན་བཞི་བསྒྲུབ་པ་ནི། །དལ་འབྱོར་འདི་ནི་ཐོབ་དཀའ་བས། །དལ་འབྱོར་གྱི་ཆོས་བཅོ་བརྒྱད་ནི། དལ་བ་ནི་མི་ཁོམ་པའི་གནས་སྤངས་པ། འབྱོར་བ་ནི་རང་གཞན་གྱི་དོན་འབྱོར་པའོ། །དེ་ལ་མི་ཁོམ་པ་ནི། ཕྱིའི་གནས་བཞི་ལ། དམྱལ་བ་ཡི་དྭགས་བྱོལ་སོང་ལྷ་ཚེ་རིང་པོ་རྣམས་སོ། །ནང་གི་བཞི་ནི། དབང་པོ་མ་ཚང་བ། ལྟ་བ་ལོག་པ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བྱེད་པ། ཡུལ་མཐའ་འཁོབ་ཀླ་ཀློར་སྐྱེས་པའོ། །འབྱོར་པའི་ཆོས་བཅུ་པོ་ནི། རང་འབྱོར་ལྔ་ལ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། གནས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པ། འགྲོ་བ་གཞན་གྱི་ལས་དབང་དུ་མ་གྱུར་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུང་བ། དེའི་བསྟན་པ་ཡུན་རིང་དུ་གནས་པ། འགྲོ་བ་གཞན་ལ་ཐུགས་བརྩེ་བར་གཟིགས་པ། གྲོགས་ཚངས་མཚུངས་སྤྱོད་པ་དང་ལྡན་པའོ། །དལ་འབྱོར་དེ་ཐོབ་ནས། བདེན་བཞིའི་ཆོས་ལ་བློ་སྦྱང་བར་བྱའོ། །དེ་ཡང་ཙ་ཏུ་རཱ་རྱས་རྱ་ཞེས་པ་ཙ་ཏུར་བཞི། ཨཱརྱ་ནི་འཕགས་པ། ས་ཏྱཾ་ནི་བདེན་པ་སྟེ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བཞི། ཇི་ལྟར་འཕགས་པ་རྣམས་ཀྱིས་བདེན་པར་གཟིགས་པ་དེ་བཞིན་དུ། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་བཅས་པས་བདེན་པར་མི་མཐོང་བས། འཕགས་པའི་བདེན་པ་ཞེས་བྱའོ། །མི་ལུས་གཙང་མ་ཐོབ་དུས་འདིར། །བདེན་བཞི་བསྒྲུབ་པའི་གང་ཟག་བྱ། །རང་གི་ངོ་བོ་སྡུག་བསྔལ་གྱི་བདེན་པ་ནི་ལུས་ངག་ཡིད་གསུམ་གྱི་སྡུག་བསྔལ་ཡིན་པ་དང་། །ཀུན་འབྱུང་ནི་འདོད་ཡོན་ལྔའོ། །འགོག་པ་ནི་རྣམ་རྟོག་མེད་པ་ཡིན་ལམ་གྱི་བདེན་པ་ནི་སངས་རྒྱས་ཀྱི་ལམ་ལ་ཞུགས་པས་འབྲས་བུ་ཐོབ་པའོ། །དུ་སྣང་། །གཅིག་ལ་བརྟེན་ནས་གཅིག་དགོས་པ། །འགྲོ་བར་མ་སྐྱེས་ན་མ་སྐྱེས། སྐྱེས་ན་དེའི་ལུས་ལ་སྡུག་བསྔལ་ཡོད་པས་དང་པོར་འབྱུང་དེ་ནས་ཉོན་མོངས་སྐྱེ་བས་ཀུན་འབྱུང་བྱུང་། འཁོར་བའི་རྒྱུ་འབྲས་དེ་གཉིས་འགག་པར་བྱེད་པས་འགོག་པ་བྱུང་། འགགས་ནས་མྱང་འདས་ཀྱི་འབྲས་བུ་ཐོབ་པར་བྱེད་པས་ལམ་འབྱུང་ངོ་། །གོ་རིམ་ངེས་པར་བྱ་བས་བབ་ཅོལ་གྱི་སྐྱོན་


DNG019_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ངོ་། །བའོ། ༈ །ཀུན་འབྱུང་འཁོར་བའི་རྒྱུ་ཡིན་ལ་སྡུག་བསྔལ་འཁོར་བའི་འབྲས་བུའོ་རྣམ་གཉིས་དང་། །སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་ཏུ་བྱ། ལམ་རྒྱུད་ལ་བརྟེན་པར་བྱའོ། །དེ་བཞིན་དུ་ལམ་མྱ་ངན་འདས་པའི་རྒྱུ་ཡིན་ལ་པར་འགོག་པ་འབྲས་བུར་ངེས་སོ། །ཐེག་པ་ཆེ་ཆུང་ཐུན་མོང་གི་དབང་དུ་བྱས་ན། བདེན་པ་བཅུ་དྲུག་ཏུ་དབྱེ་བ་དང་དང་། །ཆེན་པོའི་དབང་དུ་བྱས་ནས་དབྱེ། །ཐེག་ཆེན་ལྟར་ན། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ལས། འདིར་ཉན་ཐོས་ཀྱི་དབང་དུ་བྱས་ནས་བདེན་པ་བཅུ་དྲུག་བཤད་དོ། །དེ་ཉན་ཐོས་ཉམས་སུ་ལེན་པའི་ལམ་ཡིན་ནོ། །སྡུག་བསྔལ་དུཿཁ་མ་ཏྱཾ་ས་པ་སྡུག་བསྔལ་གྱི་བདེན་པ་སྟེ། ཟག་བཅས་ཀྱི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར། དེ་མ་གཏོགས་པ་ཆོས་གཞན་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་ལྔ་སྡུག་བསྔལ་གསུམ་དང་ལྡན་པས་ན། སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །བདེན་པ་མི་རྟག་པ། །ལ་ཕྱི་དང་ནང་ངོ་། །ཕྱི་ལ་གཉིས། རིང་བ་དང་ཉེ་བའོ། །རིང་བ་ནི་དུར་ཁྲོད་ན་ཤི་བའི་རོ་ལ་བརྟགས་པས་སྟོང་པར་དྲན་ནས་བསྒོམ་པའོ། །ཉེ་བ་ནི་སེམས་ཅན་ཤི་བ་ལ་མི་རྟག་པར་བསྒོམ་པའོ། །ཕྱི་ནི་དུར་ཁྲོད་སེམས་ཅན་ཤི། ༈ །ནང་གི་མི་རྟག་རྒྱུད་སྐྱེ་བ། །ནང་མི་རྟག་བསྒོམ་པ་ནི། འཆི་ངེས་པ་གསུམ་སྟེ། སྔར་སྐྱེས་པའི་མི་ཐམས་ཅད་ཤི་བས་ཀྱང་ངེས། འདུས་བྱས་ཐམས་ཅད་མི་རྟག་པས་ཀྱང་། ཚེ་སྐད་ཅིག་ཀྱང་མི་སྡོད་པས་ཀྱང་ངོ་། །ནམ་འཆི་ཆ་མེད་པ་གསུམ་ནི། འཆི་བའི་རྐྱེན་མང་བས། ལུས་ལ་སྙིང་པོ་མེད་པས། ཚེ་ལ་ལོངས་མེད་པས་སོ། །འཆི་བ་ཅིས་ཀྱང་མི་སྟོང་པ་གསུམ་ནི། གཉེན་དང་བཤེས་ཀྱིས། ཟས་ནོར་གྱིས། རང་གི་ལུས་ཀྱིས་ཀྱང་མིས་སྟོངས་སོ། །འཆི་བའི་གདམ་ངག་བསྒོམ་པ་ཉིད། ༈ །སྤྱིར་ནི་སྡུག་བསྔལ་སྡུག་བསྔལ་དང་། །འགྱུར་བ་དང་ནི་འདུ་བྱེད་ཡིན། །སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དང་པོ་ནི་བྱོལ་སོང་ལ་སོགས་པ་མཛེ་ཐོག་ཕོལ་མིག་འདྲ་སྟེ། བྱོལ་སོང་དུ་སྐྱེས་ཀྱི་སྟེང་དུ་མིས་བཀོལ་སྤྱད་བྱེད་དོ། །གཉིས་པ་མི་ལ་ཡོད་དེ་ཚེ་སྟོད་སྨད་ལ་སོགས་ལ་འགྱུར་བའོ། །གསུམ་པ་ཀུན་ལ་ཡོད་དེ་ཟས་གོས་ལ་སོགས་ཀྱིས་མནར་བའོ། ༈ །སྐྱེ་རྒས་ན་སྡུག་བསྔལ་བརྒྱད་ནི་སྐྱེ་བའི་འཇུར་མིག་ལ་དྲངས་ནས་ཚེར་ཁུར་ལྷུང་བ་


DNG019_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། རྒས་པའི་ཤིང་སྡོང་སྐམ་པོ་འདྲ། ན་བའི་དུག་འཐུངས་པ་འདྲ། འཆི་བའི་མུན་ནག་ནང་དུ་འགྲོ་བ་འདྲ། དགྲ་སྡང་བ་དང་ཕྲག་དོག་པ་བྱེའུ་ཕྲུག་ཁྲས་ཉེན་པ་འདྲ། གཉེན་བྱམས་པ་དང་བྲལ་གྱིས་དོགས་པ་བུ་གཅིག་པོ་ཤི་དོགས་པ་འདྲ། མེད་པ་བཙལ་དུ་མི་རྙེད་པ་ཡི་དྭགས་སྐོམ་ཐག་ཆད་པ་འདྲ། ཡོད་པ་བསྐྱང་གིས་མ་འཁྱོངས་པ་རྒན་མོས་ལུག་སྐྱོང་བ་འདྲ་བའོ། །དང་འཆི་བ་དང་། །དགྲ་གཉེན་ཡོད་དང་མེད་པ་ཡིན། ༈ །ལྷ་ལ་ལྟུང་བའི་དང་ལྷ་ཚེ་རིང་པོའི་དང་ལྷ་མིན་འཐབ་རྩོད་དོ། །ལྷ་ལྟུང་ལྷ་མིན་འཐབ་རྩོད་བྱེད། །མི་འགྱུར་མི་ལ་ཚེ་སྟོད་སྐྱིད་ཀྱང་ཚེ་སྨད་སྡུག་བསྔལ་བའི་འགྱུར་བའི་དང་། དུད་འགྲོ་ལ་མཛེ་ཐོག་ཕོལ་བྱུང་བ་དང་འདྲ་སྟེ་ཁམ་འགེལ་སྤུ་འཐོག །ཞོ་འཇོ། ཤ་ཁྲག་ཆེད་དུ་གསོད་པའི་སྡུག་བསྔལ་ལོ། །བྱོལ་སོང་མཛེ་ཐོག་ཕོལ། །བཀྲེས་སྐོམ་ཡི་དྭགས་སྣང་བ་དང་། །ཡི་དྭགས་ལ་ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་ལ་རྣག་ཁྲག་ཏུ་མཐོང་།  ནངགིསྒྲིབཅན ་ནང་དུ་འགྲོ། སྒོས་ཁུར་སྒྲིབ་པ་ཅན་གྲེ་བ་ཁབ་མིག་ཙམ་ལ་ལྟོ་བ་ཡུལ་ལྗོངས་ཙམ་ལ་སོགས་པའོ། །ཚ་གྲང་དམྱལ་བར་སྣང་བའོ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཡོངས་སུ་རྟོགས་པའི་རང་བཞིན་ནོ། །ཆོས་དང་གང་ཟག་བདག་ཏུ་ནི། །འཛིན་པ་རྒྱུ་ལ་ཡོད་མ་ཡིན། །ཚ་བའི་དམྱལ་བ་བརྒྱད་ནི། ཐིག་ནག །བསྡུས་འཇོམས། ཡང་སོས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པའོ། །གྲང་བའི་བརྒྱད་ནི། ཨ་ཆུ་ཟེར་བ། སོ་ཐམ་ཐམ། ཆུ་བུར་ཅན། ཆུ་བུར་རྡོལ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ། ཨུཏྤལ་ལྟར་གས་པ། ཨུཏྤལ་ལྟར་ཆེར་གས་པ། ཉི་ཚེ་བ་ཉེ་འཁོར་བའོ། །ཀུན་འབྱུང་རྒྱུ་ལ་གཉིས་ཏེ། འདོད་ཡོན་ལྔའི་རྒྱུ་དང་དེ་ལ་ཆགས་པའི་ཉེས་དམིགས་སོ། །རྒྱུ་ནི་འདོད་ཡོན་ལ་འདུན་པ་དང་། ཆགས་པ་དང་། རབ་ཏུ་བརྐམ་པ་དང་། དེ་ཡང་འདོད་པ་ཐོབ་པ་ལ་འདུན། ཐོབ་པ་ལ་ཞེན་ཅིང་ཆགས། དེ་ལ་རབ་ཏུ་བརྐམ་མོ། །མ་ཐོབ་པ་ཐོབ་འདོད་པས་ཞེ་སྡང་དེ་ཉིད་ཀྱི་རྒྱུའོ། །ཐོབ་པ་ལ་ཆགས། རབ་ཏུ་བརྐམ་པས་འདོད་མ་ཤེས་པས་གཏི་མུག་གོ། །དེ་ལ་ཆགས་པའི་ཉེས་པ་ནི། ཕྱེ་མ་ལེབ་མར་མེ་ལ་ཆགས་པས་ཤི། ཁྲི་སྙན་ས་ལེ་སྒྲ་ལ་ཆགས་པས་ཤི། སྦྲང་མ་མི་གཙང་བའི་དྲི་ལ་ཆགས་པས་ཤི། ཧ་ཟས་ཀྱི་རོ་ལ་ཆགས་པས་ཤི། གླང་པོ་ཆེ་གོས་འཇམ་པའམ་རེག་བྱ་ལ་ཆགས་པས་ཤི་བས་ན། འདོད་ཡོན་ལྔ་སྤོང་བའོ། །རྒྱུ་ནི་འདོད་ཡོན་དང་། །


DNG019_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཆགས་པའི་ཉེས་དམིགས་བཅས། ༈ །ཀུན་འབྱུང་ལ་གཉིས་ཏེ། རྒྱུ་དུག་གསུམ་ལ་བརྟེན་ནས་འབྲས་བུ་རིགས་དྲུག་གི་དུཿཁ་འབྱུང་བས་ན་ཀུན་འབྱུང་། ཡང་ན་རྒྱུ་དུག་གསུམ་ལ་བརྟེན་ནས། ལས་རྣམས་བསགས་པས་དེ་ལས་རིགས་དྲུག་གི་དུཿཁ་འབྱུང་བས་ཀུན་འབྱུང་ས་མུ་ད་ཡ། ཞེས་པ། ས་མུ་ད་ཡ་ཀྱ་སྨཱད་ཀརྨ་ཀླེ་ཥ་ཡཀྵ་རྣཱད་ཅེས་འབྱུང་བས། ལས་ཉོན་མོངས་པའི་མཚན་ཉིད་དེ་དག་ལས་སྡུག་བསྔལ་བ་འབྱུང་བ་ལ་བྱ་སྟེ་དེ་ལ་ཉོན་མོངས་པ་ནི་སྲིད་པ་གསུམ་དུ་སླར་སྐྱེ་ཞིང་འབྱུང་བར་འདོད་པའི་འདོད་ཆགས་ལ་སོགས་པ་ལ་བྱའོ། །ལས་ནི་མི་དགེ་བ་དང་། དགེ་བ་ཟག་བཅས་ལ་བྱ་སྟེ། ཀུན་འབྱུང་བ་ཞེས་བྱའོ། །དུག་གསུམ་ལ་བརྟེན་ནས། །འབྲས་བུ་འགྲོ་དྲུག་ངན་སོང་ངོ་། ༈ །རབ་ཏུ་སྐྱེད་ནི་གཉིས་ཏེ་རྒྱུ་རྣམ་རྟོག་སྐྱེ་བ་དང་། འབྲས་བུ་འདི་ཕྱིའི་དུཿཁ་སྐྱེ་བའོ། །རྒྱུའི་རྣམ་རྟོག་དང་། །འབྲས་བུ་འདི་ཕྱིའི་སྡུག་བསྔལ་སྐྱེ། །རྒྱུ་རྣམ་རྟོག་གི་རྗེས་སུ་འབྲངས་ནས། འབྲས་བུ་ཚེ་འདིའི་ལྟོ་གོས་ཀྱི་དུཿཁ་དང་། ཕྱི་མ་འཆི་ཞིང་ལུས་ལེན་པའི་དུཿཁ་ཀུན་རབ་ཏུ་སྐྱེ་བའོ། །ཡང་ན་རྣམ་རྟོག་ལས་དུཿཁ་རབ་ཏུ་སྐྱེ་བའོ། ༈ །རྐྱེན་གྱི་རྣམ་པ་འདི་ལྟ་སྟེ། །རྐྱེན་གྱི་རྣམ་པ་ནི་གསུམ་སྟེ། ད་ལྟར། འདས་པ། མ་འོངས་པའི་རྐྱེན་ནོ། །ད་ལྟར་གྱི་དུཿཁ་འདི་ཉིད་ནི་ཚེ་སྔ་མའི་ལས་ལས་བྱུང་སྟེ་དེ་ལྟ་བུའི་དུཿཁ་དེ་ཉིད་འདས་པ་ཕྱི་མའི་རྒྱུར་འགྱུར་རོ། །ཕྱི་མའི་དེ་ཉིད་ཀྱང་མ་འོངས་པ་ཕྱི་མའི་རྒྱུར་འགྱུར་རོ། །དེ་ནས་དུཿཁ་གཅིག་ནས་གཅིག་ཏུ་བརྒྱུད་ནས་སྐྱེ་བའི་རྐྱེན་ཏུ་སྐྱེ་བའི་ཕྱིར་རོ། །ད་ལྟར་འདས་དང་མ་འོངས་རྐྱེན། ༈ །འགོག་པ་ནི་རོ་དྷི་ཅེས་པ་ནི། ནི་རོ་དྷྱནྟེ་ཨ་སྨིན་སརྦ་ཀླེ་ཤ་ཨི་ཏི། ཞེས་འབྱུང་བས། འགོག་པ་ཐོབ་པས་ཉོན་མོངས་ཐམས་ཅད་འགག་པའི་ཕྱིར་འགོག་པ་ཞེས་བྱའོ། །འགོག་པར་རང་སྣང་བ། །རྒྱུ་དང་རྐྱེན་དང་འབྲས་བུའོ། །སྡུག་བསྔལ་དང་བཅས་པ་འགོག་པས་འགོག་པ་སྟེ། རྒྱུ་ཉོན་མོངས་འགོགས་པས་ན་འགོག་པ། རྐྱེན་རྣམ་རྟོག་འབྲང་བ་དེ་འགོགས་པས་ན་འགོག་པ། འབྲས་བུ་སྡུག་བསྔལ་འགོག་པས་ན་འགོག་པ་སྟེ། དཔེར་ན་ཏྲི་ག་ཏིག་གི་གཙུག་ལག་ཁང་ན། དགེ་སློང་འགོག་པ་ལ་སྙོམ་པར་འཇུག་པ་བཞིན་དུ། རྣམ་རྟོག་གི་རྒྱུན་ཐམས་ཅད་འགོགས་པས་ན་འགོག་པ། ཉན་ཐོས་ཀྱི་བདེན་བཞིའི་དོན་རྟོགས་ཤིང་ཉམས་སུ་ལོན་པས་ན། ཉན་ཐོས་རྣམས་འགོག་པ་ལ་སྙོམ་པར་ཞུགས་ནས་བྱམས་པའི་བསྟན་པ་ལ་ལྡང་བར་འདོད་པའོ། །ཞི་ཞི་བ་ནི་


DNG019_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྟེ། ཉོན་མོངས་པའི་མེ་ཞི། ཉེས་དམིགས་ཀྱི་མེ་ཞི། ལོངས་སྤྱད་ཀྱི་མེ་ཞི། སྤྱོད་ལམ་གྱི་མེ་ཞི། ཚོར་བའི་མེ་ཞི་བའོ། །ཉོན་མོངས་ཀྱི་མེ་ཞི་བ་ནི། མྱང་འདས་ཀྱི་ས་ན་ཉོན་མོངས་དུག་གསུམ་མེད་པའོ། །དེས་དུག་གསུམ་རྩད་ནས་སྤངས་པའི་ཕྱིར་རོ། །ཉེས་དམིགས་ཀྱི་མེ་ཞི་བ་ནི། མྱང་འདས་པ་ན་འཁོར་བའི་དུཿཁ་ཐམས་ཅད་ཞི། འཁོར་བར་གནས་པའི་ཉེས་པ་ཐམས་ཅད་ཞི་བའོ། །ལོངས་སྤྱོད་ཀྱི་མེ་ཞི་བ་ནི། མྱང་འདས་ཀྱི་ས་ན་འདུ་བྱེད་ཀྱི་དུཿཁ་མེད་དོ། །ཟས་སྐོམ་གྱི་དུཿཁ་མེད་པས་སོ། །སྤྱོད་ལམ་གྱི་ནི། འགྲོ་ཉལ་འདུག་པ་ཐམས་ཅད་ལ་མི་བདེ་བ་མེད་པའོ། །ཚོར་བ་ནི་ཁམས་གསུམ་མཐའ་དག་ཚོར་བ་གསུམ་ལས་མ་འདས་པས། ཚོར་བ་བདེ་བ་ཐམས་ཅད་འགྱུར་བའི་དུཿཁ། དུ་ཿཁ་མྱོང་བ་ཐམས་ཅད་དུཿཁའི་དུཿཁ་ཚོར་བ་བཏང་སྙོམས་མྱོང་བ་ཐམས་ཅད་འདུ་བྱེད་ཀྱི་དུཿཁའོ། །མྱང་འདས་ལ་ཚོར་བ་གསུམ་མེད་པའོ། །ཉན་ཐོས་འགོག་པ་ལ་ཞུགས་པ་ལ་དུཿཁ་མེད་པས་ན་ཞི་བ། མེ་ལྔ་ཞི་བས་ཞི་བའོ། །བ་ཉོན་མོངས་ཉེས་དམིགས་མེད། །ལོངས་སྤྱོད་སྤྱོད་ལམ་ཚོར་བ་ཞི། །གྱ་ནོམ་ཉོན་མོངས་ཐ་བ་དང་། །གྱ་ནོམ་པ་ནི་གསུམ་སྟེ། ཉོན་མོངས་ཀྱི་ཐ་བ། ངན་སོང་གི་ཐ་བ། དུཿཁའི་ཐ་བའོ། །ཉོན་མོངས་ཐ་བ་གྱ་ནོམ་པ་ནི། ཉོན་མོངས་པའི་ཐ་བ་ཞི་གནས་ཀྱིས་མ་བརླན། ཤེས་རབ་ཀྱི་ཐོང་གཤོལ་གྱིས་མ་རློགས་པ་དེ་ལ། འཇིག་རྟེན་ལས་འདས་པའི་མྱུ་གུ་ཐམས་ཅད་མི་སྐྱེ་བའོ། །ངན་སོང་གི་གྱ་ནོམ་པ་ནི། ངན་སོང་གི་ཐ་བ་ལ་འཕགས་པའི་ལམ་གྱིས་མ་བརླན་ན། མཐོ་རིས་ཐར་བའི་གོ་འཕང་མི་འབྱུང་ངོ་། །སྡུག་བསྔལ་གྱི་ཐ་བ་གྱ་ནོམ་པ་ནི། དུཿཁའི་ཐ་བ་ལ་བདེ་བས་མ་བརླན་ན། འཕགས་པའི་ལམ་མི་འབྱུང་བས། བདེ་བས་བརླན་དགོས། སྐྱོན་ཐམས་ཅད་དང་བྲལ་བས་གྱ་ནོམ་པ་ཞེས་བྱའོ། །ཐ་བའི་སྐྱོན་གསུམ་དང་བྲལ་བས་ན་གྱ་ནོམ་པ་ཞེས་བྱའོ། །ངན་སོང་སྡུག་བསྔལ་ཐ་བ་གསུམ། །ངེས་པར་འབྱིན་པ་རྒྱུ་དང་རྐྱེན་ལ་བཞི་སྟེ། །རྒྱུ་ངེས་པ། རྐྱེན་དང་། ལམ་དང་། འབྲས་བུ་ངེས་པའོ། །དང་པོ་ནི་ཉོན་མོངས་ཐམས་ཅད་རྩ་བ་མ་རིག་པ་དང་། བག་ཆགས་མཐུག་པོ་ས་བོན་དང་བཅས་པ་སྤང་བ་དང་། སྒྲིབ་པ་གཉིས་ཀྱིས་བག་ཆགས་སྤང་བའོ། །རྐྱེན་ངེས་པ་ནི། མ་རིག་པའི་གཉེན་པོར་རིག་པའི་ཤེས་རབ་དང་། བག་ཆགས་ཀྱི་གཉེན་པོར་བསོད་ནམས་ཀྱི་ཚོགས་དང་། སྒྲིབ་གཉིས་སྦྱོང་བའི་གཉེན་པོར་བདེན་བཞིའོ། །ལམ་ངེས་པ་ནི། བདེན་བཞི་ཉིད་ལམ་དུ་བྱས་ནས་ཉམས་སུ་ལེན་ནོ། །འབྲས་བུ་ངེས་པ་ནི། དུཿཁ་ལས་ངེས་པར་


DNG019_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའོ། །འཁོར་བའི་དུཿཁ་འགོག་པ་ལ་ངེས་པར་འབྱུང་དགོས་ངེས་པར་འབྱུང་བ་ལ། རྒྱུ་བག་ཆགས་མཐུག་པོ་ཐམས་ཅད་སྤང་དགོས། རྐྱེན་བསོད་ནམས་དཔག་མེད་གསོག་དགོས། ལམ་སྡོམ་པ་བསྲུང་དགོས། འབྲས་བུ་སྡུག་བསྔལ་འགོག་དགོས། དེས་བག་ཆགས་ལ་ངེས་པར་འབྱུང་བས་ན་ངེས་འབྱིན་ནོ། །ལམ་དང་འབྲས་བུ་ངེས་པའོ། ༈ །ལམ་གྱི་བདེན་པ་སྤྱི་ཡི་ལམ། །ཁྱད་པར་ལམ་དུ་སྣང་བ་ཡིན། །ལམ་གྱི་བདེན་པ་ནི་འཇིག་རྟེན་པའི་ལམ་ཐམས་ཅད་སྤང་མྱང་འདས་ཀྱི་ལམ་ཐམས་ཅད་བླང་ངོ་། །ལམ་ནི་གཉིས་ཏེ་སྤྱི་དང་ཁྱད་པར་རོ། །དང་པོ་ནི་ཉན་ཐོས་བདེན་བཞིར་སྣང་། རང་རྒྱལ་རྟེན་འདྲེལ་བཅུ་གཉིས་སུ་སྣང་། བྱང་སེམས་ལམ་ལྔ་ཕར་ཕྱིན་བཅུར་སྣང་ཡང་། སོ་སོར་དེ་ལྟར་ཕྱེ་ཡང་། ཉན་རང་བྱང་སེམས་སྤྱིའི་ལམ་དུ་དེ་དག་སྣང་བ་དང་། ཞི་གནས་དང་ལྷག་མཐོང་དུ་སྣང་བའི། ཁྱད་པར་གྱི་ལམ་ནི། འདིར་ནི་བདེན་བཞི་ཁོ་ན་ཡིན་ལ། མདོར་ན་འབྲས་བུ་རྣམ་མཁྱེན་གྱི་ཡེ་ཤེས་འཐོབ་པར་བྱེད་པའི་རྒྱུར་མ་ཚང་བ་མེད་པ་གཅིག་ལ་ལམ་ཞེས་བྱའོ། །དེ་ཡང་འཇིག་རྟེན་པའི་ལམ་སྤང་། འདས་པའི་ལམ་བླང་ངོ་། །ལམ་དེ་ལ་ཞུགས་ནས་ཉམས་སུ་ལེན་པའོ། །རིགས་པ་ལ་བཞི་སྟེ་ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པའོ། །ལྟོས་པའི་རིགས་པ་ནི་རྒྱུ་ངན་པ་ལ་ལྟོས་ནས་འབྲས་བུ་ངན་པར་ཤེས། རྒྱུ་བཟང་བ་ལ་འབྲས་བུ་བཟང་བར་ཤེས་པའོ། །བྱ་བྱེད་ཀྱི་རིགས་པ་ནི་ཉོན་མོངས་པ་མི་དགེ་བའི་གཉེན་པོར་འགྱུར་བའི་བྱ་བ་བྱེད། དགེ་བ་དཀར་ཆོས་མཐའ་དག་གི་གྲོགས་སུ་འགྱུར་བའི་བྱ་བ་བྱེད་དོ། །འཐད་པ་བསྒྲུབ་འཐད་བསྒྲུབ་ཀྱི་ནི། ཆོས་ཅན་ལ་འཐད་པ་ལ་ལྟ་བུ་དང་། དམ་བཅའ་ལ་འཐད་པ་མེ་ལྟ་བུ་དང་། གཏན་ཚིགས་ལ་འཐད་པ་དུ་བ་ལྟ་བུ་དང་། མཐུན་དཔེ་ལ་འཐད་པ་ཚད་མེད་མེ་ལྡན་ལྟ་བུ་དང་། མདོར་ན་ཆོས་ཐམས་ཅད་ཚད་མའི་ལམ་གྱིས་ཡང་དག་པའི་ཤེས་པར་གཏན་ལ་འབེབས་པའོ། །པ་ཆོས་ཉིད་ཀྱི་རིགས་པའོ། །ཆོས་ཉིད་ཀྱི་ནི། གང་ཟག་བདག་མེད་དང་། ཆོས་ཀྱི་བདག་མེད་རྟོགས་པའམ། བདེན་བཞིའི་དོན་མ་ནོར་བར་རྟོགས་པའོ། །ལམ་དེ་རིགས་པས་གཏན་ལ་ཕེབས་པ་དེ་ལ་རིགས་པ་ཞེས་བྱ་བ། ཚད་མ་ཞེས་དང་། བརྟུལ་ཞུགས་ཞེས་བྱའོ། །འཆི་བ་དང་ནི་མི་རྟག་པར་རིགས། ལས་དང་ལས་ཀྱི་འབྲས་བུ་འབྱུང་བར་རིགས་སོ། །ཡིན། ༈ །བསྒྲུབ་པ་བསྒྲུབ་པ་ལ་གཉིས་ཏེ། ཐུན་མོང་གི་བསྒྲུབ་པ་དང་། ཐུན་མོང་མ་ཡིན་པའི་


DNG019_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའོ། །དང་པོ་ནི་འཆི་བ་དང་མི་རྟག་པ་བསྒོམ། རྒྱུ་ལས་འབྲས་བུ་འབྱུང་བར་བསྒོམ། དེས་འཁོར་བའི་ཉེས་དམིགས་ཤེས་ནས་ཐར་བར་འདོད་པའི་བློ་བསྐྱེད། དེས་སྐྱབས་འགྲོ་ཐུན་མོང་བ་ལ་བསླབ། དེས་ཁས་བླངས་པའི་སྡོམ་པ་མིག་བཞིན་བསྲུང་། དེ་ནས་གང་ཟག་གི་བདག་མེད་པ་བསྒོམ་མོ། །ཐུན་མོང་མ་ཡིན་པའི་བསྒྲུབ་པ་ནི། གོང་མའི་ཁར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེས་འཕངས་ནས་སྐྱབས་འགྲོ་ཁྱད་པར་ཅན་སྐྱེད་དོ། །དེ་ནས་སྨོན་པའི་དང་། དེ་ནས་འཇུག་པའི་སེམས་བསྐྱེད། དེ་ནས་ཕར་ཕྱིན་གྱི་སྒོར་ཞུགས། དེ་ནས་ཆོས་ཀྱི་བདག་མེད་པ་བསྒོམ་པའོ། །དེས་བློ་ཕྱིན་ཅི་མ་ལོག་པའི་དོན་ལ་བསྒྲུབས་པ་ན། བསྒྲུབ་པ་ཞེས་བྱ། དེ་ཉིད་གོང་གི་ལམ་དུ་གྱུར་པའི་ཆོས་ཐམས་ཅད་བློ་ཕྱིན་ཅི་མ་ལོག་པའོ། །གནས་དགོན་པར། ཆོས་བདེན་བཞི། འབྲས་བུ་མྱང་འདས་ལ་དམིགས་ནས་བསྒྲུབ་བོ། །ཐུན་མོང་བསྒྲུབ་པ་དང་། །ཐུན་མོང་མ་ཡིན་བསྒྲུབ་པའོ། ༈ །ངེས་འབྱིན་ནི་གཉིས་ཏེ་རྒྱུ་འཁོར་བ་ལས་ངེས་པར་འབྱིན་པ་དང་འབྲས་བུ་མྱ་ངན་ལས་འདས་པ་ངེས་པར་འབྱིན་པའོ། །དང་པོ་ནི། དཔེར་གཙུབ་གཏན་རློན་པ་ལས་མེ་མི་འབྱུང་བ་ལྟར་ཞེན་པ་ཉོན་མོངས་ཀྱི་རླན་གྱིས་གོས་ནས་འབྲས་བུ་མྱང་འདས་མི་འཐོབ་པས་ན། འཁོར་བའི་ཉོན་མོངས་ཞེན་པ་དེ་དང་བྲལ་བར་བྱའོ། །འབྲས་བུ་མྱང་འདས་ལ་ངེས་པར་འབྱིན་པ་ནི། དཔེར་ན་ཤིང་སྐམ་པོ་ལ་མེ་འབྱུང་བ་ལྟར། མཁྱེན་པ་དཀོན་མཆོག་གསུམ་ཡུལ་དུ་བྱས་ནས། ལམ་བདེན་བཞི་སྦྱོར་བ་བཞི་ཉམས་སུ་ལེན་ཅིང་། འབྲས་བུ་ཆོས་སྐུ་གྲུབ་པའམ། དགྲ་བཅོམ་གྲུབ་པར་བྱའོ། །འདི་ལྟར་ཉན་ཐོས་ཀྱི་ལམ་བདེན་བཞི་ལ་ཡང་། ཤེས་རབ་ཀྱི་བློའི་ཁ་དབྱེ་བར་བྱའོ། །རྒྱུ་ནི་འཁོར་བ་ལས། །འབྲས་བུ་མྱ་ངན་འདས་པར་འབྱིན། ༈ །རང་རྒྱལ་ཆོས་ལ་བློ་སྦྱང་ནི་གཉིས་ཏེ། ཕྱིའི་དང་ནང་གིའོ། །དང་པོ་ལ་གཉིས་ཏེ། རྒྱུ་དང་འདྲེལ་པ་དྲུག །རྐྱེན་དང་འདྲེལ་པ་དྲུག་གོ། །དང་པོ་ནི། མྱུ་གུ་དང་སྡོང་བུ། ཡལ་ག །ལོ་འདབ། མེ་ཏོག །འབྲས་བུའོ། །རྐྱེན་དང་འདྲེལ་བ་དྲུག་ནི། ས་ཆུ། མེ་རླུང་། དུས་ཀྱི་འགྱུར་བ། ས་བོན་ནོ། །ས་བོན་ལས་མྱུ་གུ་ལ་སོགས་པར་འགྱུར་རོ། །ནང་གི་རྟེན་འདྲེལ་ལུགས་ལ་དོན་བརྒྱད་དོ། །མཚན་ཉིད་ལས་སོགས་པའོ། །ཕྱིར། །ཕྱི་དང་ནང་གི་རྟེན་འདྲེལ་ཆོས། །ཕྱི་ནི་རྒྱུ་དང་འདྲེལ་པ་དྲུག །དེ་བཞིན་རྐྱེན་དང་འདྲེལ་པ་དྲུག ༈ །འདི་མཚན་


DNG019_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་གཉིས་ཏེ། སྤྱིའི་དང་། རང་གི་མཚན་ཉིད། དང་པོ་ལ་གསུམ་སྟེ། དང་པོ་ནི་འདི་ཡོད་པའི་ཕྱིར་ན་འདི་འབྱུང་ངོ་། །དེའི་གོ་བ་ནི། རྒྱུ་དེ་ཡང་ཡོད་པ་ལས་སྐྱེ་ལ་མེད་པ་ལས་མི་སྐྱེ་བ་དང་ཞེས་བྱའོ། །ཡོད་ཕྱིར་ན་འདི་འབྱུང་ལ། །འདི་སྐྱེད་ཕྱིར་ན་འདི་སྐྱེ་བས་ནི་རྒྱུ་མི་རྟག་པ་ལས་སྐྱེ་བ་ལས། རྟག་པ་ལས་མི་སྐྱེ་བ་དང་ཞེས་བྱའོ། །གསུམ་པ་སྔ་མའི་རྐྱེན་གྱིས་ཕྱི་མ་འབྱུང་བ་ནི་ནུས་པ་ལས་སྐྱེ་ལ། མི་ནུས་པ་ལས་མི་སྐྱེ་ཞེས་སོ། །རང་གི་མཚན་ཉིད་ལ་རག་ལས་པ། མ་རིག་པ་ནི་ལས་རྒྱུ་འབྲས་ལ་རྨོངས་པའོ། །འདུ་བྱེད་ནི་དམིགས་པ་ལ་སེམས་གཡོ་བའོ། །རྣམ་ཤེས་དང་པོ་མངལ་དུ་ཞུགས་པའོ། །མིང་ནི་མིང་བཞིའི་ཕུང་པོ་སྟེ། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་སོ། །གཟུགས་ནི་མེར་མེར་པོ་ལ་སོགས་པའོ། །སྐྱེ་མཆེད་དྲུག་ནི། མིག་ལ་སོགས་པའི་དབང་པོའོ། །རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཚོར་བ་ནི་ཉམས་སུ་མྱོང་བའོ། །སྲེད་པ་ནི་ཚོར་བ་ལ་ཆགས་པའོ། །ལེན་པ་ནི་རྒྱུ་ལ་ཆགས་པའོ། །སྲིད་པ་ནི་ལས་ཀྱི་བག་ཆགས་ནུས་མཐུ་ཅན་ནོ། །སྐྱེ་བ་ནི་དང་པོ་མ་བྱུང་བ་ལས་བྱུང་བའོ། །རྒས་པ་ནི་རྒྱུན་འགྱུར་བའོ། །ཤི་བ་ནི་སྲོག་གི་དབང་པོ་རྒྱུན་ཆད་པའོ། །ཉིད་བཅུ་གཉིས་ལྡན། ༈ །དབྱེ་བ་ནི་མ་རིག་པ་ལ་གཉིས་ཏེ། དེ་ཁོ་ན་ཉིད་དང་ལས་རྒྱུ་འབྲས་ལ་མ་རིག་རྨོངས་པ་དང་། །བསོད་ནམས་ཀྱི་འདུ་བྱེད་སེམས་པ་དང་མི་གཡོའི་འདུ་བྱེད་དང་། །འདུ་བྱེད་སེམས་པ་དེ་གཉིས་སོ། །རྣམ་ཤེས་ལ་གཉིས་ཏེ་རྒྱུ་དང་འབྲས་བུ་རྣམ་ཤེས་མིང་བཞི་ཕུང་པོ་རང་ངོ་། །གཟུགས་ནི་གཉིས་ཏེ་འབྱུང་བའི་གཟུགས་དང་འབྱུང་བར་འགྱུར་བའི་གཟུགས་སོ། །དང་། །སྐྱེ་མཆེད་དྲུག་ན་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །དང་དེ་རྟེན་རེག་པ་ཡང་སྐྱེ་མཆེད་དྲུག་ལ་བརྟེན་པ་དྲུག་གོ། །ཚོར་བ་ནི་གསུམ་སྟེ་བདེ་སྡུག་བཏང་སྙོམས་ར་རོ་ཆང་འཐུངས་བདེ་བ་ནད་བྱུང་བ་སྡུག་པ་གཉིད་ལོག་བཏང་སྙོམས་སོ། །ལ། །འདོད་པའི་སྲེད་པ་གཟུགས་ཀྱི་སྲེད་པ། གཟུགས་མེད་པའི་སྲེད་པ་དང་གསུམ་མོ། །ལེན་པ་བཞི་བདག་ཏུ་སྨྲ་བའི་ཉེར་ལེན་བདག་ཏུ་ལྟ་བའི་ཉེར་ལེན་དང་ཉེ་འདོད་པའི་ངང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཉེ་བར་ལེན་པའོ། །སྲིད་པ་ལ་བཞི་སྟེ། སྔོན་གྱི་སྲིད་པ་དང་སྐྱེ་བའི་སྲིད་པ་དང་འཆི་བའི་


DNG019_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་དང་བར་དོའི་སྲིད་པའོ། །སྐྱེ་བ་ནི་རྫུས་སྐྱེས་ལ་སོགས་པ་བཞིའོ། །དང་ནི་གོ་ཤི་ནི་གཅིག་ཏུ་བརྩིས་པ་ཡིན། ༈ །གྲངས་ངེས་ནི་འཕེན་པའི་རྒྱུ་འབྲས་དང་ཐུབ་པའི་རྒྱུ་འབྲས་སོ། །དང་པོ་ལ་བདུན་ཏེ། མ་རིག་པ་འདུ་བྱེད་རྣམ་ཤེས། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བའོ། །བདུན་དུ་འཇོག་པ་ནི་འཕེན་པ་རྒྱུའི་དབང་དུ་བྱས་པ་དང་། འཕངས་པས་འབྲས་བུའི་དབང་དུ་བྱས་པའོ། །དང་པོ་ལྟར་ན་གསུམ་སྟེ། གང་གིས་འཕེན་ན་འདུ་བྱེད་ཀྱིས་སོ། །གང་ལ་བརྟེན་པས་འཕངས་ན་མ་རིག་པ་ལའོ། །ཇི་ལྟར་ན་རྣམ་པར་ཤེས་པའི་ཚུལ་དུའོ། །འཕེན་ནོ། །ངེས་གང་གིས་གང་རྟེན་ལྟར། །མ་ཐོབ་འཕངས་པའི་འབྲས་བུ་ལ་གསུམ་སྟེ། མ་ཐོབ་པ། ཐོབ་པ་ལ་སྤྱོད་པའོ། །མ་ཐོབ་པ་དང་ཐོབ་པའི་དབང་དུ་བྱས་ན། མིང་དང་གཟུགས་སྐྱེ་མཆེད་དྲུག་གོ། །མ་ཐོབ་པ་ལ་གཉིས་སུ་འཇོག་པ་ནི། ལུས་ལ་མ་བཟུང་བ་དང་། གཟུང་བ་དང་གཟུང་བ་རྫོགས་པའི་དབང་དུ་བྱས་པའོ། །ལུས་མ་བཟུང་བ་དང་གཟུང་བའི་དབང་དུ་བྱས་ནས་མིང་དང་གཟུགས་གཟུང་བ་རྫོགས་པའི་དབང་དུ་བྱས་ནས་སྐྱེ་མཆེད་དྲུག་གོ། །ཐོབ་པ་ལོངས་སྤྱོད་པའི་དབང་དུ་བྱས་ནས་རེག་པ་དང་ཚོར་བ་གཞག་གོ། །དེ་ཡང་ཐོབ་པ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས། རྒྱུ་ལ་ལོངས་སྤྱོད་པ་དང་། ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའོ། །རྒྱུ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་རེག་པ། འབྲས་བུ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཚོར་བའོ། །ཐོབ་པ་ཐོབ་ལ་སྤྱོད། །གང་གིས་གང་རྟེན་ཇི་ལྟར་འགྲུབ། །འགྲུབ་པའི་རྒྱུ་འབྲས་ལ་གཉིས་ཏེ། འགྲུབ་རྒྱུའི་དབང་དུ་བྱས་པ་དང་། འགྲུབ་པ་འབྲས་བུའོ། །དང་པོ་ལྟར་ན་གསུམ་སྟེ། གང་གིས་འགྲུབ། གང་ལ་རྟེན་ནས་འགྲུབ། ཇི་ལྟར་འགྲུབ་པའོ། །གང་གིས་ན་ལེན་པས་འགྲུབ། གང་ལ་རྟེན་ནས་ནི་སྲིད་པ་ལ་བརྟེན་ནས་འགྲུབ། ཇི་ལྟར་ན་སྲིད་པ་ལས་ཀྱི་བག་ཆགས་ནུས་མཐུ་ཅན་གྱི་ཚུལ་དུ་འགྲུབ་བོ། །གྲུབ་པའི་འབྲས་བུ་འི་དབང་དུ་བྱས་ན་གྲུབ་པ་དངོས་སུ་དང་དེའི་ཉེས་དམིགས་སོ། །གྲུབ་པ་དངོས་ཀྱི་དབང་དུ་བྱས་ན་སྐྱེ་བའོ། །དེའི་ཉེས་དམིགས་ཀྱི་དབང་དུ་བྱས་ན་རྒས་ཤིང་འཆི་བར་འགྱུར། ༈ །གོ་རིམ་ངེས་པའི་དབང་དུ་བྱས་ན་པར་བྱ་བ་ཡང་། །སྔ་མ་རྒྱུ་ལ་ཕྱི་མ་འབྲས་བུ་སྟེ་རྒྱུ་འབྲས་ཀྱི་གོ་རིམ་མོ། ༈ །ཀུན་ནས་ཉོན་མོངས་ཉོན་མོངས་པ་དུས་བཏུས་པའི་དབང་དུ་བྱས་ནས་གསུམ་སྟེ། མ་རིག་པ། སྲེད་པ། ལེན་པ། རྒ་ཤི་འདུ་བྱེད་རྣམས་ཀུན་ཉོན་གྱིས་བསྡུས་སོ། །མ་རིག་སྲེད། །ལེན་པ་རྒ་ཤི་


DNG019_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཡིན། །ལས་ཀྱི་ཀུན་ནས་ཉོན་མོངས་པས་སྲིད་པ་དང་རྣམ་པར་ཤེས་པ་བསྡུས་སོ། །སྐྱེ་བའི་ཀུན་ནས་ཉོན་དེ་རྣམས་ཀྱིས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་མོངས་པས། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང་སྐྱེ་བ་དང་རྒས་ཤི་དང་ནམ་བསྡུས་སོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་གསུམ་གྱིས་རྟེན་འདྲེལ་བཅུ་གཉིས་བསྡུས་པའོ། ༈ །རིང་རྒྱུ་མ་རིང་བའི་རྒྱུ་འབྲས་དང་ཉེ་བའི་རྒྱུ་འབྲས་སོ། །དང་པོ་ནི་མ་རིག་པ་ལ་སོགས་པ་གོང་མ་བདུན་རིང་བའི་རྒྱུ་འབྲས་སོ། །དེ་ཡང་མ་རིག་པའི་དབང་གི་ལས་བྱས། ལས་དབང་གི་བག་ཆགས་བསགས་པས། བག་ཆགས་ནི་ལྔར་བཞག་སྟེ། འབྲས་བུའི་མིང་རྒྱུ་ལ་བཏགས་ནས་བག་ཆགས་མི་ཟེར་བར། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ་ཚོར་བ་ཟེར་རོ། །ཉེ་བའི་རྒྱུ་འབྲས་ནི། སྲེད་པ་ལ་སོགས་འོག་མ་ཚོའོ། །བར་དེར་རྟེན་འདྲེལ་སྔ་མའི་ཁོངས་སུ་གཏོགས་པ་གཅིག་གིས་སྲེད་པ་བསྐྱེད། སྲེད་པས་ལེན་པ་བསྐྱེད། སྲེད་ལེན་ཆུ་ལུད་དང་འདྲ་བ་དེས་བག་ཆགས་ལྔ་པོ་གསོས་བཏབ་པས། བག་ཆགས་ནུས་པ་མཐུ་ཅན་དུ་སོང་བ་དེ་ལ་སྲེད་པ་ཟེར་བ་ཡིན་ནོ། །རིག་པ་ལ་སོགས། །སྲེད་སོགས་ཉེ་བའི་རྒྱུ་ཡིས་བསྡུས། ༈ །མ་རིག་སོགས་བཅུ་འདི་ཚེ་དུ་ལ་རྫོགས་པ་ལ། ཐེག་པ་ཆེན་པོ་ལ་ཆ་གཉིས་ལ་རྫོགས་པར་འདོད་དེ། མ་རིག་པ་ལ་སོགས་པ་གོང་མ་བཅུ་འདི་ལ་རྫོགས་པར་འདོད། །སྐྱེ་བ་དང་རྒ་ཤི་གཉིས་ཚེ་ཕྱི་མ་ལ་རྫོགས་པར་འདོད་པའོ། །ལ་རྫོགས། །སྐྱེ་བ་རྒ་ཤི་ཕྱི་མར་རྫོགས། །མ་རིག་སྲིད་གསུམ་སྔ་མར་རྫོགས། །ཐེག་ཆུང་ལྟར་ན། མི་ཚེ་གསུམ་ལ་རྫོགས་པར་འདོད་དེ། མ་རིག་པ། འདུ་བྱེད། སྲིད་པ་གསུམ་ཚེ་སྔ་མ་ལ་རྫོགས་པར་འདོད། རྣམ་པར་ཤེས་པ་ལ་སོགས་པ་བདུན་པོ་ཚེ་འདི་ལ་རྫོགས་པར་འདོད། སྐྱེ་བ་དང་རྒ་ཤི་ཚེ་ཕྱི་མ་ལ་རྫོགས་པར་འདོད་པའོ། །བདུན་པོ་འདི་རྫོགས་སྐྱེ་རྒས་ཕྱི། །མ་རིག་པ་ནི་འདོད་ཁམས་སུ་མ་རིག་པ་དང་གཞན་མ་ཚོ་མཚུངས་པ་སྲིད། མ་རིག་པ་འདོད་ཁམས་སུ་གཏོགས། གཟུགས་ཁམས་བསམ་གཏན་དང་པོར་མུ་གསུམ་སྟེ། འདོད་ཁམས་ནས་ཤི་ནས་བསམ་གཏན་དང་པོར་སྐྱེས་ཀྱང་རུང་། བསམ་གཏན་དང་པོ་གཉིས་པ་ཤི་ཡང་མ་རིག་པ་མ་གཏོགས་སོ། །གཟུགས་མེད་ཁམས་ན། གཟུགས་མ་གཏོགས་ཏེ། རྣམ་པར་ཤེས་པ་ཡོད་མེད་ཙམ་དུ་སྤྱོད་པའོ། །འདི་ལྟར་ཤེས་


DNG019_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ན། རང་རྒྱལ་གྱི་ཆོས་རྟེན་འདྲེལ་བཅུ་གཉིས་ལ་ཤེས་རབ་ཀྱི་བློ་ཁ་ཕྱེ་བར་བྱས་ལ་བསླབ་པར་བྱའོ། །དེ་ལ་འདིར་བརྒལ་བ། གལ་པོ་འདིར་ཐེག་པ་སོ་སོའི་ལམ་རྣམས་བཤད་པ་འདི། ཐེག་པ་གཞན་གཞུང་མཉན་ནས་བློ་ཁ་དབྱེ་བར་བྱ་ཞེས་བཞེད་པ་ལ། ཐེག་པ་འདིའི་ནང་དུ་ཚུད་པས། གཞན་དུ་བློ་ཁ་དབྱེ་བའི་ཕྱིར། ཉན་མི་དགོས་ཞེ་ན། དེ་ནི་བདེན་ཏེ། ཐེག་པ་གཞན་ལ་ཉན་མ་ནུས་པ་རྣམས་ལ། འདིར་ཐེག་པ་སོ་སོའི་ཉམས་ལེན་བཤད་ཀྱང་། ཐེག་པ་སོ་སོར་ཉན་ན། འདིར་བཤད་པ་བས་རྒྱས་པ་གཞན་ལ་ཡང་སྦྱང་བར་བཤད་དེ་འདོད་ཁམས་མཚུངས། །གཟུགས་ཁམས་བསམ་གཏན་དང་པོ་ཡང་། །མ་རིག་པ་ནི་མ་གཏོགས་ལ། །གཟུགས་མེད་ཁམས་ཀྱང་དེ་ལྟར་རོ། །ཐེག་ཆེན་ཉན་རང་ལ་ལྟོས་ནས་ཤེས་རབ་དང་སྙིང་རྗེ་ཆེ་བས་ན་ཐེག་པ་ཆེན་པོ། དེ་ལ་གཉིས་ཏེ། ཆོས་ཀྱི་དོན་རྟོགས་པར་བྱ་བ་བདེན་པ་གཉིས་དང་ཆོས་ཉམས་སུ་ལེན་པ་ལམ་ལྔ་ས་བཅུས་སངས་རྒྱས་ཀྱིས་ས་ཐོབ་པར་འདོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི། །བདེན་པ་གཉིས་ཀྱི་དོན་རྟོགས་ནས། །ལམ་ལྔ་ས་བཅུ་མཐར་ཕྱིན་པས། །སངས་རྒྱས་ས་ལ་གནས་པར་འདོད། ༈ །དང་པོ་དབྱེ་བའི་གཞི་ཤེས་བྱ་ཙམ་པོ་ཡིན་ནོ། །གྱི་སྣང་བ་ལ་དབྱེ་བའོ། །ཤེས་བྱ་ཙམ་པོ་འདི་བདེན་པ་གཉིས་ཀྱི་གཞིར་ཡང་གྲུབ། ༈ །ཐ་དད་རྟ་དང་གླང་པོ་འམ། །དངོས་པོ་ཐ་དད་ཀྱི་དབྱེ་བ་ནི། རྟ་དང་གླང་པོ་ལྟ་བུར་སོ་སོར་ཡོད་པ་དང་། བཟློག་པ་བྱ་བའི་དབྱེ་བ་ནི། མི་རྟག་པ་ལྟ་བུའོ། །བཟློག་བྱས་གཅིག་པ་གཅིག་པ་བཀག་པ་ཙམ་གྱི་དབྱེ་བ་ནི། རི་བོང་གི་མགོ་དང་རྭ་ལྟ་བུའོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའོ། །བཀག་པ་ཙམ། །སྣང་བར་འཛིན་པའི་ཤེས་ངོ་ལ་ལྟོས་ནས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྟོང་པར་འཛིན་པའི་ཤེས་ངོ་ལ་ལྟོས་ནས་དོན་དམ་པའི་བདེན་པའོ། །འཛིན་སྟོང་པར་འཛིན་པ་ཡི། །ཤེས་ངོ་བདེན་པའི་རྒྱུ་མཚན་ཉིད། །བདེན་གཉིས་མུ་སྟེགས་རྟག་ཆད་གཉིས་དང་ཉན་ཐོས་སྡེ་བ་གཉིས་དགག་པའི་གཞན་དུ་འདོད་པ་ཡི། །མུ་སྟེགས་གཉིས་དང་ཉན་ཐོས་གཉིས། ༈ །རྒྱུ་ཚོགས་གཉིས་རྫོགས་པར་བསྒྲུབ་པ་དང་། །མུ་སྟེགས་རྟག་ཆད་གཉིས་ཀྱི་མཐའ་ཡང་བསལ་བའོ། །ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་མ་འདུས་པ་མེད་པས་ན་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལས་མང་བ་


DNG019_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པ་ཉུང་བས་མི་ཆོག་པར་གཉིས་ཁོ་ནས་ངེས་ཏེ་ཀུན་རྫོབ་འཁོར་བའི་དང་དོན་དམ་མྱང་འདས་ཀྱི་བདེན་པའོ། །གཉིས་སུ་ཡང་དག་འདུས། ༈ །དང་པོ་ཀུན་རྫོབ་བློ་ཡི་སྤྱོད་ཡུལ་ཡིན་དུ་གྱུར་ཚད་ཡིན་ཡང་ན་བློའི་སྤྱོད་ཡུལ་དུ་ཆགས་ཤིང་གྲུབ་པ་ཐམས་ཅད་ཡིན། །དོན་དམ་པའི་བདེན་པ་ནི་དེ་ལས་བཟློག་པ་བློ་ཡི་སྤྱོད་ཡུལ་བློའི་སྤྱོད་ཡུལ་དུ་མ་ཆགས་ཤིང་མ་གྲུབ་པའོ། །མིན། །དོན་དམ་ཀུན་རྫོབ་གང་ཡིན་པ། །སོ་སོའི་མཚན་ཉིད་ཤེས་པར་བྱ། །འོག་ན་རྒྱས་པར་འཆད་ལ། སྣང་བ་མི་འཚལ་བསླུ་བ་དང་། །བདེན་དང་དུ་མར་ཡོད་པ་ཡིན། །བདེན་གཉིས་ཀྱི་བརྟག་པ་ནི་གཅིག་ན་སྐྱོན་བཞི་ཡོད་དེ། ཀུན་རྫོབ་ཀྱི་སྣང་བ་གཞན་ནས་མི་འཚོལ་བ་བཞིན་དོན་དམ་ཡང་མི་འཚོལ་བར་གྱུར་པ་དང་། ཀུན་རྫོབ་བསླུ་བ་བཞིན་དོན་དམ་ཡང་བསླུ་བ་དང་། དོན་དམ་བདེན་པ་བཞིན་ཀུན་རྫོབ་ཡང་བདེན་ལ། ཀུན་རྫོབ་ལ་དབྱེ་ན་དུ་མ་ཡོད་པ་བཞིན་དོན་དམ་ལ་ཡང་ངོ་། །བཀག་པས་མི་འབྱུང་ཆོས་ཉིད་མིན། །ཐ་དད་ན་ཡང་སྐྱོན་བཞི་སྟེ། ཀུན་རྫོབ་བཀག་པས་དོན་དམ་མི་འབྱུང་བ་དང་། ཀུན་རྫོབ་ཀྱི་ཆོས་ཉིད་དོན་དམ་པ་མ་ཡིན་པ་དང་། དོན་དམ་དེས་ཀུན་རྫོབ་ཀྱི་སྒྲོ་འདོགས་མི་ཆོད་པ་དང་། ཉོན་མོངས་དང་རྣམ་བྱང་གཉིས་ཀྱང་ཀུན་གཞིའི་ངོ་བོ་མི་གཅིག་པར་འགྱུར་བའོ་ཞེས་མཚན་ཉིད་རང་གི་འདོད་པ་དེ་ལྟར་རོ། །སྒྲོ་འདོགས་མི་ཆོད་གཞིར་མི་གཅིག ༈ །ཀུན་བརྟགས་དང་གཞན་དབང་གཉིས་ཀུན་རྫོབ་ཀྱི་བདེན་པ་ལ། །ཡོངས་སུ་གྲུབ་པ་དོན་དམ་པའི་བདེན་པ་ཉིད་དོ། །སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། །འགོག་པ་འི་བདེན་པ་དང་ལམ་གྱི་བདེན་པ་ནི་དོན་དམ་པའི་བདེན་པར་གསུངས་སོ། ༈ །འཁོར་བའི་ཆོས་ཀུན་ལ་བརྟག་དཔྱད་མི་བཟོད་པས་རྫོབ་པ་དེ་བླུན་པོ་རྣམས་ལ་བདེན་པས་ན་ཀུན་རྫོབ་ཀྱི་བདེན་པའོ། །བརྗོད་བྱའི་དོན་ལ་མི་བསླུ་བས་ན་དོན་དམ་པའི་བདེན་པས་བསླུ་བ་མིན་པའོ། ༈ །ཀུན་རྫོབ་ཀྱི་མིང་དོན་ནི་འཁོར་བའི་མིང་དོན་ཡིན་པས་ཀུན་རྫོབ་དྲང་དོན་ཡིན་ནོ། །དོན་དམ་གྱི་མིང་དོན་མྱ་ངན་ལས་འདས་པའི་མིང་དོན་དོན་དམ་ངེས་པའོ། ༈ །སྣང་བའི་ཡུལ་དང་ཡུལ་ཅན་ལ་སོགས་པ་འདི་ཆོས་ཅན་ཡང་དག་མ་ཡིན་ཏེ་སྤྲོས་པ་གཅོད་པའི་དུས་སུ་ལ་རིག་པས་གནོད་པའི་ཕྱིར་རོ། །འདི་ལྟར་སྣང་བ་ཆོས་ཅན་ཡང་དག་མ་ཡིན་ཏེ་སྐྱོན་གྱིས་གོས་པའམ་འཇིག་པའི་ཕྱིར་རོ། །འདི་ལྟར་སྣང་བའི་ཀ་


DNG019_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ལ་སོགས་པ་འདི་ཆོས་ཅན་བརྟགས་ཤིང་གཞིགས་ན་རང་བཞིན་མེད་པའི་ཕྱིར་རོ། །བརྟག་དཔྱད་བཟོད་པ་འདི་ཆོས་ཅན་ཡང་དག་པ་ཡིན་ཏེ་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །ཀུན་རྫོབ་མཚན་ཉིད་དང་ལྡན་ནི་རྒྱུ་རྐྱེན་ལས་སྐྱེས་པ་དང་མཐུན་པར་སྣང་བ་དང་དོན་བྱེད་ནུས་པ་དང་བརྟགས་ན་དབེན་ཞིང་སྣང་བ་ཀུན་ལ་ཁྱབ་པར་གནས་པའོ། །པཎྜི་ཏའི་ལུགས་ཀྱི་སྒྲོ་འདོགས་བཅད་ནས་ཉམས་སུ་བླང་ལོངས་ཤིག། །རྣལ་འབྱོར་པ་ཀུ་སུ་ལུ་པའི་ལུགས་ཀྱིས་གདམས་ངག་རྟོགས་ནས་མྱང་བ་ལ་བརྟེན་ལ་ཉམས་སུ་བླང་ལོངས་ཤིག་ཅེས་ཕྱི་རབས་རྣམས་ལ་གདམས་པའོ། །ལོངས་སྐུ་ལ་སྣང་བ་ཆོས་སྐུ་དང་ས་བཅུ་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ། འགྲོ་ལ་སྣང་བ་སྤྲུལ་པ་འི་སྐུ་ཡིན་ནོ། །དེས་ནི་བདེན་གཉིས་སྤྱིའི་མཚན་ཉིད་བསྟན་ཏོ། །གསུམ། །དེ་ལྟར་སྐུ་གསུམ་པ་ནི་ཀུན་གྱི་འབྲས་བུར་གནས་པའོ། ༈ །བསླུ་བའི་ཕྱིར་རམ་ཞིང་བློའམ་བློ་ཡི་ཡུལ་དུ་གྱུར་པས། །རྣམ་རྟོག་མཚན་མ་དང་བཅས་པའོ། །ཀུན་རྫོབ་སྤྱི་ཡི་མཚན་ཉིད་དོ། །དོན་དམ་ལ་ལྟོས་ནས་སླུ་བར་བྱེད་པའི་ངོ་བོ་ཅན། །ནམ་སླུ་བར་བྱེད་པའི་ཕྱིར་ན་ཀུན་རྫོབ་བོ། །བརྟག་མི་བཟོད་དཔྱད་མི་བཟོད་པའི་ཕྱིར་ན་ཀུན་རྫོབ་བོ། །སྒྲིབ་པས་ན། །ཀུན་རྫོབ་བདེན་པ་གཉིས་ལ། སཾ་བྲྀ་ཏིས་ཏྱཾ་ཞེས་པ། སཾ་བྲྀ་ཏི་ཡ་ཏེ་ཨ་ན་ཡ་ཏཱད་ཏཱ་ཞེས་བྱ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་ཤེས་པས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བར་བྱེད་པ་ལ་བསྒྲིབས་པས་ན་ཡང་དག་སྒྲིབ་ཅེས་ཀྱང་བྱ། ཡང་ན། ལོ་ཀ་སཾ་བྲྀ་ཏྱཾ་པ་ཏྱཾ་ཞེས་པ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས། འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བ་ལ་སོགས་པར་མཐོང་བས། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་གྲགས་པས་བདེན་པ་སྟེ། ཀུན་གྱིས་ཤེས་ཤིང་རྫོགས་པ་ལ་བྱའོ། །ཡང་ཇི་སྙེད་དུ། ཡི་གེ་དང་ཚིག་འབྲུས་བསྟན་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་པ་ངེས་པའི་ཚིག །ཀུན་རྫོབ་དབྱེ་བ་ནི་གཉིས་ཏེ་ཡང་དག་དང་། །ཀུན་རྫོབ་ལོག་པའི་ཀུན་རྫོབ་ཅེས་བྱའོ། །ཡང་ན་ཡང་དག་ཀུན་རྫོབ་དང་ཡང་དག་མ་ཡིན་པའི་ཀུན་རྫོབ་ཅེས་སོ། །དོན་དུ་སྣང་དུ་རུང་ཡང་དོན་བྱེད་ནུས་པའི་ཕྱིར་ཡང་དག་ཀུན་རྫོབ་བོ། །སྣང་དུ་རུང་ཡང་དོན་བྱེད་མི་ནུས་པའི་ཕྱིར་ལོག་པའི་ཀུན་རྫོབ་བོ། །སོ་སོའི་མཚན་ཉིད་རབ་བཤད་བྱ། །སྣང་ལ་དོན་བྱེད་མི་ནུས་པས་ལོག་པའི་ཀུན་རྫོབ་ནི་དེ་ཡང་ཐག་པ་ལ་སྦྲུལ། མཐོ་ཡོར་མིར་འཛིན་གྱི་ཤེས་པ་དེ་ནི་སྣང་ཡང་སྣང་ལ་དོན་ནི་བྱེད་མི་ནུས་སོ། །ཡང་དག་ཀུན་རྫོབ་ནི་སྣང་


DNG019_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་ལ་དོན་བྱེད་མི་ནུས་མིན། །རིག་གནོད་ཡང་དག་མ་ཡིན་ཅིང་། །ཀུན་རྫོབ་སྒྲུབ་པར་བྱེད་པ་ཡིན། །ཀུན་རྫོབ་གཟུགས་ལ་སོགས་པའི་ཡུལ་ཆོས་ཅན། ཀུན་རྫོབ་ཡིན་ཏེ་དམ་བཅའ། རིག་པས་གནོད་པའི་ཕྱིར་རོ། །ཀུན་རྫོབ་མིག་གི་དབང་པོ་ལ་སོགས་པའི་ལེན་པ་འགེགས་པ་ལོངས་སྤྱོད་བྱེད་པའི་ཤེས་པ་འདི་ཆོས་ཅན། ཡང་དག་པ་མིན་ཏེ་དམ་བཅའ། སྤྲོས་པ་གཅོད་པའི་ཤེས་རབ་ལ་རིག་པས་གནོད་པའི་ཕྱིར་རོ། །སྣང་བ་ཝལ་ལེ་ཉུག་གེ་པ་འདི་ཆོས་ཅན། ཀུན་རྫོབ་ཡིན་ཏེ་དམ་བཅའ། བསླུ་བའི་ཕྱིར་རོ་ཞེས་པ་ལ་སོགས་པ་མང་པོ་ཡོད་དོ། །དོན་བྱེད་རྟོགས་ཡུལ་གསལ་བྱེད་དབང་། །ཁྱད་པར་ནི་བརྒྱད་དེ། དང་པོ་དོན་བྱེད་ནུས་མི་ནུས་ནི། རེ་ཞིག་པའི་ཚད་མས་ཀྱང་གྲུབ། རེ་ཞིག་པའི་དོན་བྱེད་ཀྱང་ནུས་པ་ཡང་དག་ཀུན་རྫོབ། རེ་ཞིག་པའི་ཚད་མས་ཀྱང་གྲུབ། དོན་བྱེད་ཀྱང་མི་ནུས་ལོག་པའོ། །གཉིས་པ་རྟོག་པ་ཡོད་མེད་ནི། རྟོག་མེད་ཡུལ་ཅན་དུ་བྱས་པ་ཡང་དག་ཀུན་རྫོབ། རྟོག་པ་དང་བཅས་པ། ཡུལ་ཡུལ་ཅན་དུ་བྱས་པ་ལོག་པའོ། །གསུམ་པ་རིག་པས་དབང་བྱས་ན་རིག་པ་ཡུལ་ཡུལ་ཅན་དུ་བྱས་ན་ཡང་དག་ཀུན་རྫོབ། དེ་མ་ཡིན་པ་སོ་སོ་ལོག་པའོ། །བཞི་པ་གསལ་མི་གསལ་ནི། གསལ་བར་སྣང་ན་ཡང་དག་གོ། །མི་གསལ་བར་སྣང་ན་ལོག་པའོ། །ལྔ་པ་མེད་དོན་ནི། མེད་པ་མ་ཡིན་པའི་དོན་སྣང་བ་ཙམ་ཡང་དག །མེད་པའི་དོན་ལ་ཞེན་པ་ལོག་པའོ། །དྲུག་པ་རྟེན་དབང་པོ་ནི། རྟེན་རང་གི་དབང་པོ་ལ་དངོས་སུ་བརྟེན་པ་དེ་ཡང་དག །དེ་ལས་ལོག་པ་ལོག་པའི་ཀུན་རྫོབ་བོ། །བདུན་པ་ཡུལ་ནི། ཡུལ་འདི་ན་དུས་ད་ལྟར་སྣང་བ་མཐུན་པ་ནི། ཤེས་པ་མ་ཞེན་པ། འགྲེང་བུས་བསྐྱེད་ནུས་ན་ཡང་དག་པའི་ཀུན་རྫོབ། དེ་མ་ཡིན་པ་ལོག་པའོ། །བརྒྱད་པ་ཀུན་རྫོབ་མཚན་ཉིད་བཞི་ལྡན་ནི། མཐུན་པར་སྣང་། དོན་བྱེད་ནུས། རྒྱུ་རྐྱེན་ལས་བསྐྱེད་པ་ཡང་དག་པའི་ཀུན་རྫོབ། བརྟགས་ན་དབེན་པ་ལོག་པའི་ཀུན་རྫོབ་བོ། །ཀུན་རྫོབ་གཉིས་ཀྱི་ཁྱད་པར་དབྱེ། །བུམ་པས་སྣང་ལ་དོན་བྱེད་ནུས། །སྣང་ལ་དོན་བྱེད་ནུས་པའི་དཔེ་བུམ་པ་ལ་སོགས་རྣམས་ཏེ། བུམ་པར་སྣང་། ཆུ་སྣོད་ལ་སོགས་པའི་དོན་བྱེད་ནུས་པའོ། །སྣང་ཡང་མི་ནུས་ཐག་པ་སྦྲུལ། །སྣང་ཡང་དོན་མི་བྱེད་ནུས་པའི་དཔེ་ཐག་པ་ལ་སྦྲུལ་དང་། མཐོ་ཡོར་ལ་མིར་འཛིན་པ་སྟེ། དེས་དེའི་དོན་མི་ནུས་སོ། །སྣང་ཡང་མི་སྣང་དོན་མི་ནུས་པ་ནི། །མི་སྲིད་ཆོས་བཞི་སྟེ་དེ་རྣམས་ནི་རི་བོང་གི་རྭ། མོ་གཤམ་གྱི་བུ། རུས་སྦལ་གྱི་སྤུ། ནམ་མཁའི་མེ་ཏོག་


DNG019_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །ལ་སོགས་པ་བྱེ་མ་ལ་མར། སེང་གེ་ལ་ཁ་ཆུ་ལ་སོགས་དུ་མའོ། །ཡིན། །དོན་དམ་པའི་མཚན་ཉིད་ནི། །སྤྲོས་པ་ཐམས་ཅད་བྲལ་བ་ཡིན། །པ་ར་མཱ་རྠ་པཏྱ་ཅེས་པ། པ་ར་མ་ནི་མཆོག་གམ་དམ་པ། ཨརྠ་ནི་དོན་དམ་དགོས་པ་སྟེ། གཅིག་ཏུ་དོན་བསྒྲུབ་ཅིང་དགོས་པར་བྱ་བའི་མཆོག །སྡུག་བསྔལ་ཐམས་ཅད་དང་བྲལ་བ་མྱང་འདས་ལ་ཡང་ཁྱབ། ཡང་གཅིག་ཏུ་ན། འཇིག་རྟེན་ནས་འདས་པའི་ཡེ་ཤེས་མཆོག་གི་དམིགས་པའི་སྤྱོད་ཡུལ་ལ་དོན་དུ་གྱུར་པ་ཡིན། པཏྱཾ་ནི་བདེན་པ་སྟེ་འཕགས་པ་རྣམས་ལ་མྱ་ངན་ལས་འདས་པ་དང་སྐྱེ་བ་མེད་པར་ཡང་དག་པར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །ཡེ་ཤེས་དམ་པའི་ཡུལ་ཡིན་པས་ན་དོན་དམ་མོ། །ངོ་བོ་ཡིན་པར་དེ་འདོད་ལ། ༈ །ཤེས་བྱའི་རྣམས་ཀྱི་ནང་ནས་དམ་པར་གྱུར་པའི་ཕྱིར་ན་ནི། །དོན་དམ་པ་ཡང་ན་དོན་ནི་སྐྱེས་བུ་རྣམས་ཀྱིས་འདོད་པ་ཡིན་ལ། དམ་པ་རིགས་དམ་པའི་ཡུལ་ཡིན་པའི་ཕྱིར་དམ་པའོ། །གྱུར་ཕྱིར་ངེས་པའི་ཚིག་ཉིད་དོ། ༈ །དབྱེ་བ་ནི་རྣམ་དག་དོན་དམ་དང་། །རྣམ་གྲངས་མ་ཡིན་པ་འི་དོན་དམ་པའི་བདེན་པ་གཉིས་ཡིན་ནོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི་སྤྲོས་པའི་མཐའ་བརྒྱད་བྲལ་བ་སྟེ། །མཐའ་བརྒྱད་ནི་སྐྱེ། འགག །རྟག །ཆད། འོང་། འགྲོ། མཐའ། དབུས་དང་བྲལ་བའོ། །སྤྱིར་ན་རྣམ་གྲངས་མ་ཡིན་པའི་དོན་དམ་པ་ནི་སངས་རྒྱས་ཀྱི་ཐུགས་ཡིན་ལ་རྣམ་གྲངས་ཀྱི་དོན་དམ་པ་ཐུགས་ཀྱིས་མཁྱེན་ནས་གཟིགས་པའི་ཡུལ་རྣམས་ཡིན་ནོ། །སོ་སོ་སྟོང་པ་བཅོ་བརྒྱད་ནི། །འདི་ལྟར་རབ་ཏུ་དབྱེ་བར་བྱའོ། །དབང་པོ་ལྔ་ནི་ཐེར་ཟུག་མིན། །ནང་ནི་སྟོང་པ་སྟོང་པ་བཅོ་བརྒྱད་ལ། ཨ་དྷྱཱདྨ་ཤཱུ་ནྱ་ཏཱ་ཞེས་ཨ་དྷྱཱདྨ་ནི་ནང་། ཤུ་ནྱཱ་ཏ་ནི་སྟོང་པ་ཉིད་ཡིན་ཏེ། ནང་གི་ཆོས། མིག །རྣ་བ། སྣ། ལྕེ། ལུས། ཡིད་རྣམས་ཐེར་ཟུག་ཏུ་གནས་པ་མ་ཡིན་པའི་ཕྱིར་དོན་དམ་པར་ན་མིག་ལས་སོགས་པ་ལ་དངོས་པོ་མེད་པས་ན་ནང་སྟོང་པ་ཉིད་ཅེས་བྱ་བ་ཉིད་ཡིན་ལ། །གཟུགས་སྒྲ་དྲི་སོགས་འཇིག་འགྱུར་ཕྱིར། །བ་ཧི་ཤཱུ་ནྱ་ཏཱ་ཞེས་པ་ཕྱི་སྟོང་པ་ཉིད་ཡིན་ཏེ། ཕྱིའི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཐམས་ཅད་ཐེར་ཟུག་ཏུ་གནས་པའང་མ་ཡིན་འཇིག་པར་འགྱུར་བའང་མ་ཡིན་པའི་ཕྱིར་དོན་དམ་པར་ན་གཟུགས་ལ་སོགས་པས་དངོས་པོ་མེད་པས་ན་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་ཕྱི་སྟོང་ཉིད། །ཕྱི་དང་ནང་གི་སྐྱེ་མཆེད་རྣམས། །ཨ་དྷྱདྨ་ཧིརྔྷ་ཤཱུ་ནྱ་ཏཱ་ཞེས་པ། ཕྱི་ནང་སྟོང་པ་ཉིད་ཡིན་ཏེ། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་


DNG019_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་གཟུང་འཛིན་གཉིས་ཀ་མེད་དེ། ཡུལ་དང་ཡུལ་ཅན་གྱི་ཚུལ་དང་བྲལ་བས་ན་ཕྱི་ནང་སྟོང་པ་ཉིད་ཅེས་སོ། །ཕྱི་ནང་སྟོང་པ་ཉིད་གྱུར་པ། །རང་བཞིན་གྱིས་སྟོང་གཞན་གྱིས་མིན། །ཤཱུ་ནྱ་ཏ་ཤཱུ་ནྱ་ཏཱ་ཞེས་པ། སྟོང་པ་ཉིད་སྟོང་པ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ། རང་བཞིན་གྱིས་སྟོང་སྟེ་གཞན་གྱིས་སྟོང་པར་བྱ་བ་མེད་པས། སྟོང་པ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་སྟོང་པ་ཉིད། །འཇིག་རྟེན་ཆེན་པོ་སྟོང་པ་ཉིད། །མ་ཧཱ་ཤཱུ་ནྱ་ཏཱ་ནི། ཆེན་པོ་སྟོང་པ་ཉིད་སྟེ། སྣོད་ཀྱི་འཇིག་རྟེན་པའི་དཀྱིལ་འཁོར་ཆེན་པོ་ཕྱོགས་བཅུར་སྤོང་བས་ན་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །མྱང་འདས་བར་མཱན་ཤཱུ་ནྱ་ཏཱ་ཞེས་པ་དོན་དམ་སྟོང་པ་ཉིད་ཡིན་ཏེ། །དོན་དམ་པ་ནི་མྱང་འདས་ལ་བྱ་སྟེ་དོན་དམ་པ་ཉིད་ལ་ཡང་དངོས་པོར་གཟུང་དུ་རུང་བ་མེད་པས་ན་མིང་ངོ་། །ཁམས་གསུམ་སཾ་སྐྲི་ཏ་ཤཱུ་ནྱ་ཏཱ་ཞེས་པ་འདུས་བྱས་སྟོང་པ་ཉིད་ཡིན་ཏེ། །འདུས་བྱས་ནི་ཁམས་གསུམ་པ་ཐམས་ཅད་དོ། །ཁམས་གསུམ་པ་རྣམས་ཀྱང་སྒྱུ་མ་དང་འདྲ་སྟེ། སྐྱེ་གནས་འགག་པ་དང་བྲལ་ཞིང་སྟོང་པས་ནའོ། །འགོག་ཉིད་ནམ་མཁའ་འདུས་མ་བྱས། །ཨ་སཾ་སྐྲི་ཏ་ཤཱུ་ནྱ་ཏཱ་ཞེས་པ་འདུས་མ་བྱས་སྟོང་པ་ཉིད་ཡིན་ཏེ། འདུས་མ་བྱས་ནི་ནམ་མཁའ་དང་། དེ་བཞིན་ཉིད་དང་། འགོག་པ་གཉིས་རྒྱུ་རྐྱེན་གྱིས་གྲུབ་པ་མ་ཡིན་པ་འདི་བཞི་རང་བཞིན་གྱིས་སྟོང་པས་ནའོ། །རྟག་ཆད་མཐའ་འདས་སྟོང་པ་ཉིད། །ཨ་ཏྱནྟ་ཤཱུ་ནྱ་ཏཱ་ཞེས་པ་མཐའ་ལས་འདས་པ་སྟོང་པ་ཉིད་སྟེ། རྟག་ཆད་ཡོད་མེད་ལ་སོགས་པའི་མཐའ་དང་བྲལ་བས་ནའོ། །འཁོར་བའི་ཐོག་མཐའ་མེད་པས་སྟོང་། །ཨ་ན་བ་ཏཱ་གྲ་ཤཱུ་ནྱ་ཏཱ་ཞེས་པ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིན་ཏེ། འཁོར་བ་ལ་ཐོག་མཐའ་མེད་ལ་དབུས་ཀྱང་སྟོང་པས་ནའོ། །ཆོས་རྣམས་དོར་བ་མེད་པས་སྟོང་། །ཨ་ན་བ་ཀཱ་ར་ཤཱུ་ནྱ་ཏཱ་ཞེས་པ། ཨ་ན་བ་ཀཱ་ར་ནི། དོར་བ་སྟེ་དོར་བ་མེད་པས་ན། ཨ་ན་བ་ཀཱ་ར་ཞེས་བྱ་སྟེ། བུམ་པའི་ནང་གི་ཆུ་སྔར་ཡོད་པ་ལས་མེད་པར་བྱས་པ་ལྟ་བུ་མ་ཡིན་ཏེ་ཆོས་རྣམས་ཡེ་ནས་རང་བཞིན་གྱིས་སྟོང་པ་སྟེ། དོར་བའམ་བསམ་པ་མེད་པས་ནའོ། །ཀུན་གྱིས་མ་མཛད་རང་བཞིན་སྟོང་། །པྲ་ཀྲྀ་ཏི་ཤཱུ་ནྱ་ཏཱ་ཞེས་པ་རང་བཞིན་གྱིས་སྟོང་པ་ཡིན་ཏེ། ཆོས་ཐམས་ཅད་ཉན་རང་དང་དེ་བཞིན་གཤེགས་པས་ཀྱང་མ་མཛད་སྟེ། རང་བཞིན་གྱིས་འདུས་བྱས་ཀྱང་མ་ཡིན་པས་ནའོ། །ཕུང་པོ་ཁམས་ཀྱིས་ཆོས་རྣམས་སྟོང་། །སརྦ་དྷརྨ་ཤཱུ་ནྱ་ཏཱ་ཞེས་


DNG019_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཏེ་ཆོས་ཐམས་ཅད་ནི་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སྟེ་དེ་རྣམས་ཀྱང་སོ་སོའི་མཚན་ཉིད་ཀྱིས་སྟོང་པས་ནའོ། །རང་མཚན་ཉིད་ཀྱི་སྟོང་པ་དང་། །ས་ལ་ཀྵ་ཎ་ཤཱུ་ནྱ་ཏཱ་ཞེས་པ་རང་གིས་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། རང་གི་མཚན་ཉིད་ནི་གཟུགས་སུ་རུང་བས་ན་གཟུགས་མྱོང་བའི་མཚན་ཉིད་པས་ན་ཚོར་བ། མཚན་མར་འཛིན་པ་ན་འདུག་པ་ཞེས་པ་ལ་སོགས་པའི་ཆོས་སོ་སོར་རང་གི་མཚན་ཉིད་ཀྱང་བཏགས་པ་ཙམ་དུ་ཟད་དེ། ཡོངས་སུ་གྲུབ་པ་མེད་པས་ནའོ། །དུས་གསུམ་མི་དམིགས་སྟོང་པ་ཉིད། །ཨ་ནུ་པ་ལཾ་བྷ་ཤཱུ་ནྱ་ཏཱ་ཞེས་པ་མི་དམིགས་པ་སྟོང་པ་ཉིད་ཡིན་ཏེ། འདས་མ་འོངས་ད་ལྟར་གྱི་ཆོས་དུས་གསུམ་དུ་གཏོགས་པ་རྣམས་དམིགས་སུ་མེད་པ་ལ་ཡང་དངོས་པོ་གུད་ན་མེད་པས་ནའོ། །དངོས་པོ་དངོས་པོར་གཟུང་མེད་སྟོང་། །ཨ་བྷཱ་བ་ཤཱུ་ནྱ་ཏཱ་ཞེས་དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ། དངོས་པོ་མེད་པ་དངོས་པོར་བཟུང་དུ་རུང་བའི་རང་བཞིན་མེད་པས་ནའོ། །རྟེན་འདྲེལ་ངོ་བོ་ཉིད་ཀྱིས་སྟོང་། །སྭ་བྷཱ་བ་ཤཱུ་ནྱ་ཏཱ་ཞེས་པ་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། འདུ་འཕྲོད་ལས་བྱུང་བའི་ཆོས་རྣམས་རང་དབང་དུ་མི་སྐྱེ་སྟེ། རྟེན་ཅིང་འདྲེལ་ཏེ་བྱུང་བ་ན་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །མངོན་མཐོང་རྟོགས་ཤེས་ངོ་བོ་མེད། ༈ །ཨ་བྷཱ་བ་སྭ་བྷཱ་བ་ཤཱུ་ནྱ་ཏཱ་ཞེས་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། དངོས་པོ་མེད་པར་རྟོག་པའི་མཐོང་བ་དང་། ཤེས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་མཐོང་བ་དང་། ཤེས་པ་འདི་གཉིས་ཀ་ཡང་མཐོང་བས་ཀྱང་མ་བྱས་ཤེས་པས་ཀྱང་མ་བྱས་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ། །བཅོ་བརྒྱད་སྤྲོས་པའི་མཐའ་བརྒྱད་བྲལ། །རྣམ་གྲངས་ཀྱི་དོན་དམ་པ་སྟོང་པ་བཅོ་བརྒྱད་དུ་འབྱེད་པ་ཡིན་ལ། རྣམ་གྲངས་མ་ཡིན་པའི་དོན་དམ་པ་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པས་ན་སྟོང་པ་བཅོ་བརྒྱད་རེ་རེ་ལ་ཡང་མཐའ་བརྒྱད་རེ་རེས་ཁྱབ་བོ། །དེ་ནི་ཁྱད་པར་ཤེས་པར་བྱ། ༈ །སྣོད་བཅུད་དུ་སྣང་བ་འདི་ཆོས་ཅན་ཡང་དག་དོན་དམ་པ། །བར་མེད་པར་དམ་བཅའ་སྟོང་པ་བཅོ་བརྒྱད་ཀྱིས་བསྟན་པ་ལ་ཕབ་ནས་སྟོང་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །ནམ་མཁའ་ལྟ་བུར་སྟོང་པའོ་སྟེ། །ནམ་མཁའི་ངང་ནས་ས་ཆུ་མེ་རླུང་སྣང་ཡང་སྟོང་ལ་མི་སྣང་ཡང་སྟོང་པ་དང་། འཁོར་འདས་གང་ཡང་ནམ་མཁའི་ངང་དུ་སྟོང་པར་གནས་པའོ། །


DNG019_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དེས་ཡན་ཆད་དོན་དམ་པ་ཀུན་རྫོབ་གཉིས་བཤད་པའོ། །ངོ་བོ་ནི་གནས་ཤིང་བརྟེན་པར་འོས་པས་ན། །སྐྱེ་བོ་མོས་པ་སྤྱོད་པ་དང་། །སོ་སོའི་སྐྱེ་བོ་པ་ལ་གསུམ་སྟེ། མོས་སྤྱོད་ཀྱིས་ནི་ཨ་དྷི་མུ་ཀྟི་ཙརྱ་བྷཱུ་མི་ཞེས་པ། བསྐལ་པ་གྲངས་མེད་གཅིག་གི་བར་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་མོས་པ་བསྒོམས་ཏེ་ད་དུང་སངས་རྒྱས་མ་མཐོང་བས་ན་མོས་སྤྱོད་ཅེས་བྱ། དེ་ལ་ངེས་ཚིག་ནི་སྨོན་པ་བྱང་ཆུབ་སེམས་མངོན་དུ་བྱས་ཏེ། དམ་ཆོས་ལ་མོས་པ་བྱེད་པས་ནའོ། །ཚོགས་ཀྱི་ལམ་དང་སྦྱོར་ལམ་ཡིན། ༈ །ཚོགས་ལམ་ནི་ལུས་ངག་ཡིད་གསུམ་ལ་སོགས་པའོ། །སྦྱོར་ལམ་ནི་ཆོས་ཅན་མཚན་མ་མེད་པ་ལ་སྦྱོར་བའོ། །བྱང་ཆུབ་སེམས་དཔའི་ས་བཅུ་ནི། །ད་ཤ་བྷཱུ་མི་ཞེས་པ་ས་བཅུ་ཡིན་ཏེ། ས་གོང་མའི་ཡོན་ཏན་ཐོབ་པར་བྱ་བའི་རྟེན་དུ་གྱུར་ཅིང་། ས་དེ་ཉིད་ཀྱི་ཡོན་ཏན་གྱི་གཞི་ཡིན་པས་ན་ས་ཞེས་བྱའོ། །ས་དང་པོ་ནི། པྲ་མུ་དི་ཏ་ཞེས་པ་སྟེ་དོན་ཆེན་པོ་སྔོན་འགྲིས་པ་མ་ཡིན་པ། འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང་། བྱང་ཆུབ་དང་ཉེ་ཞིང་སེམས་ཅན་མང་པོའི་དོན་བསྒྲུབ་པ་གཟིགས་ནས་དགའ་བ་རླབས་པོ་ཆེ་སྐྱེ་བས་རབ་ཏུ་དགའ་བ་ཞེས་བྱ། ཡང་ན་སེམས་ཅན་གྱི་དོན་བསྒྲུབ་པ་མཐོང་བ་ལ་རབ་ཏུ་དགའ་བས་རབ་ཏུ་དགའ་བ་བསྒོམ་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །སེམས་ཅན་དོན་མཐོང་དང་པོ་རབ་ཏུ་དགའ། །ས་གཉིས་པ་ནི། བི་མ་ལ་ཅེས་པ་ཚུལ་ཁྲིམས་འཆལ་བའི་དྲི་མ་མེད། །ལྟུང་བ་ཆ་ཕྲ་མོའི་ཡན་ཆད་ཀྱང་བྱང་བས་ན་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པ་ཞེས་ཀྱང་བྱ། ཡང་ན་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་བྲལ་བའི་ཕྱིར་ན་དྲི་མ་མེད་པའོ། །ཚུལ་ཁྲིམས་ཕར་ཕྱིན་སྦྱར་རོ། །ཆོས་ཀྱི་སྣང་བས་འོད་ཀྱང་བྱེད། །ས་གསུམ་པ་ནི། པྲ་བྷཱ་ཀ་རི་ཞེས་པ་ཉན་རང་གི་ས་ལས་འདས་པའི་ཏིང་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་ཐོབ་པས་ན་འོད་བྱེད་ཅེས་བྱ། ཡང་ན། ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པ་ན་འོད་བྱེད་ཅེས་བྱའོ། །བཟོད་པ་དང་སྦྱོར་སྒྲིབ་གཉིས་སྲེག་པའི་འོད་ཀྱང་འཕྲོ། །ས་བཞི་པ་ནི། ཨརྩི་ཙིཥྨ་ཏི་ཅེས་པ་ཉོན་མོངས་པ་སྲེག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་མེའི་འོད་འཕྲོ་བས་ན་འོད་འཕྲོ་བ་ཅན་ཞེས་བྱ། ཡང་ན་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་བསྲེག་པས་ན་འོད་འཕྲོ་ཅན་ནོ། །བརྩོན་འགྲུས་དང་སྦྱོར་སྦྱང་དཀའ་སྦྱང་བས་སྦྱོང་ཡང་དཀའ། །ས་ལྔ་པ་ནི། སུ་རུ་རྫ་ཡ་ཞེས་པ། ཉན་རང་ལས་འདས་པའི་འཕགས་པའི་བདེན་


DNG019_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བསྒོམ་ཞིང་འཁོར་འདས་གཉིས་ཀ་ལ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་བྱ་བ་སྦྱང་ཞིང་བསྒོམ་པ་ལ་ཤིན་ཏུ་དཀའ་བས་ན། ས་དེ་ནོན་པར་དཀའ་བའམ། བསྒྲུབ་པར་དཀའ་བ་ལ་བྱ་སྟེ། ཤིན་ཏུ་སྦྱང་དཀའ་ཞེས་བྱ། ཡང་ན་བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ་སྦྱང་བ་ན་སྦྱང་དཀའ་ཞེས་བྱའོ། །བསམ་གཏན་དང་སྦྱོར་འཁོར་འདས་མངོན་དུ་གྱུར་པ་དང་། །ས་དྲུག་པ་ནི། ཨ་བྷི་མུ་ཁེ་ཞེས་བྱ་བ་ནི་ཤེས་རབ་ཕར་ཕྱིན་ལ་བརྟེན་ནས་འཁོར་འདས་གཉིས་ཀ་ལ་མི་གནས་ཤིང་། མཚན་མ་མེད་པ་ལ་རང་གི་རང་གིས་འཇུག་པའི་ཡེ་ཤེས་ལ་མང་དུ་གནས་ཤིང་མངོན་དུ་གཟིགས་པས་ན་མངོན་དུ་གྱུར་ཅེས་བྱའོ། །ཡང་ན་འཁོར་འདས་གཉིས་པོ་མངོན་དུ་གྱུར་པའོ། །ཤེར་ཕྱིན་དང་སྦྱོར་ཉོན་མོངས་ལས་ནི་རིང་དུ་གྱུར། །ས་བདུན་པ་ནི། དཱུ་རཾ་ག་མ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་དང་ཉེ་ཞིང་རིང་དུ་ཕྱིན་པས་ན། རིང་དུ་སོང་བ་ཞེས་བྱའོ། །ཡང་ན་ཉོན་མོངས་པ་ལས་རིང་དུ་སོང་བའོ། །ཐབས་སོ། །མཚན་མ་ཡོད་མེད་གཉིས་མི་གཡོ། །ས་བརྒྱད་པ་ནི། ཨ་ཅ་ལ་ཞེས་པ་ནི། མཚན་མ་ཡོད་མེད་ཀྱི་རྩོལ་བའི་འདུ་ཤེས་གཉིས་ཀས་བསྐྱོད་མི་ནུས་པས་མི་གཡོ་བ་ཞེས་བྱ། ཡང་ན་འདུ་ཤེས་གཉིས་ཀྱིས་མི་གཡོ་བའོ། །སྨོན་ལམ་མོ། །ཡང་དག་ལེགས་པའི་བློ་གྲོས་བཟང་། །ས་དགུ་པ་ནི། སཱ་དྷུ་མ་ཏི་ཞེས་པ་ས་དགུ་པས་སོ་སོ་ཡང་དག་པར་རིག་པ་བརྙེས་པས་ན་བློ་གྲོས་གཞན་ལས་འཕགས་པ་ཡིན་ཏེ། ལེགས་པའི་བློ་གྲོས་ཞེས་བྱ། ཡང་ན་སོ་སོ་ཡང་དག་པའི་རིག་པ་ནི་བློ་གྲོས་གཞན་པས་བཟང་བའོ། །སྟོབས་ཀྱིའོ། །ཆོས་ཀྱི་སྤྲིན་གྱིས་ཀུན་ལ་ཁྱབ། །ས་བཅུ་པ་ནི། དྷརྨ་མེ་གྷ་ཞེས་པ་ནི། གཟུངས་དང་ཏིང་ངེ་འཛིན་ཀུན་ལ་ཡང་སྤྲིན་དང་འདྲ་བར་ཁྱབ་ཅིང་། ཐོས་པའི་ཆོས་ནམ་མཁའ་དང་འདྲ་བ་ལ་སྤྲིན་བཞིན་ཁྱབ་པས་ན། ཆོས་ཀྱི་སྤྲིན་ནོ། །ཡང་ན་ཏིང་ངེ་འཛིན་གྱི་སྤྲིན་གྱིས་ཁྱབ་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །ཕ་རོལ་ཕྱིན་པ་བཅུ་དང་ལྡན། ༈ །ས་དང་པོ་ལ་སེར་སྣ་མི་གནས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས། དེ་བཞིན་དུ། གཉིས་པ་ལ་འཆལ་པ། ཚུལ་ཁྲིམས། གསུམ་པ་ལ་ཁོང་ཁྲོ། བཟོད་པ། བཞི་པ་ལ་ལེ་ལོ། །བརྩོན་འགྲུས། ལྔ་པ་རྣམ་གཡེངས། བསམ་གཏན། དྲུག་པ་གཏི་མུག །ཤེས་ཕྱིན། བདུན་པ་ལ། ཐབས་ལ་མི་མཁས་པ། ཐབས་ཀྱིས། བརྒྱད་པ་ལ་གུད་དུ་སྨོན་ལམ་འདེབས་པས། སྨོན་ལམ། དགུ་པ་ཉན་རང་སར་མི་ལྟུང་བས། སྟོབས།


DNG019_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ཡེ་ནས་གནས་པའི་དོན་ཅིག་ཅིར་རྟོག་པས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ། །དང་པོར་རྣམ་བྱང་དཀར་པོ་མཐོང་། །ཤུཀླ་བི་དཪྴན་བྷཱུ་མི་ཞེས་པ། མོས་པ་སྤྱོད་པའི་ས་ནས་དྲོད་ལ་དང་པོར་རྣམ་པར་བྱང་བ་དཀར་པོ་མཐོང་བས་ན་དཀར་པོ་རྣམ་པར་མཐོང་བ་ཞེས་བྱའོ། །རིགས་དང་ལྡན་པས་རིགས་ཀྱི་ས། །གོ་ཏྲ་བྷཱུ་མི་ཞེས་པ། དད་པ་ཤིན་ཏུ་ཆེ་བའི་ས་འཇིག་རྟེན་ཆོས་ཀྱི་མཆོག་ལ། ཆོས་དང་གང་ཟག་ལ་བདག་མེད་པར་བཟོད་པས་ན། བྱང་ཆུབ་གསུམ་ཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །གྲངས་ལས་ཞུགས་པས་བརྒྱད་པའི་ས། །ཨཥྚ་མི་ཀ་བྷཱུ་མི་ཞེས་བྱ་བ་ནི། བརྒྱད་པ་ལ་བྱ་སྟེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས། ཡས་བགྲངས་ན་རྒྱུན་ཏུ་ཞུགས་པ་ལ་འཇུག་པ་གྲངས་བརྒྱད་ལ་བབ་པས་ནའོ། །བརྒྱད་པོའི་དེ་ཉིད་རྟགས་མཐོང་མཐོང་བའི་ས། །དཪྴན་བྷཱུ་མི་ཞེས་པ། དྲྀ་ཤྱཱ་ཏེ་དྲེ་ཀྵ་ཎ་ཅེས་པ་ནི། དྲྀ་ཤ་ནི་མཐོང་བ་བྷཱུ་མི་ནི་ས་སྟེ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པས་དེ་ཁོ་ན་ཉིད་རྟག་པར་མཐོང་བས་ན་མཐོང་བའི་ས་ཞེས་བྱའོ། །འདོད་ཁམས་འདོད་ཆགས་བསྲབས་པའི་ས། །ཏ་ནཱུ་བྷཱུ་མི་ཞེས་པ། ལན་ཅིག་ཕྱིར་འོང་བས་ན་འདོད་ཁམས་ཀྱི་འདོད་ཆགས་སྲབ་མོར་བྱས་པས་ན་སྲབ་པའི་སའོ། །འདོད་པའི་འདོད་ཆགས་བྲལ་བའི་ས། །བི་ག་ཏ་རཱ་ག་བྷཱུ་མི་ཞེས་པ་ཕྱིར་མི་འོང་བའི་ས་སྟེ། ས་འདི་ལ་གནས་པས་འདོད་པ་ལ་འདུན་པ་དང་། གནོད་སེམས་སྤངས་པས་ན། འདོད་ཆགས་དང་བྲལ་བ་ཡིན་ཏེ། དེའི་སའོ། །བསྲུང་བྱ་མི་ཉམས་བསྲུང་བའི་ས། །ཀྲྀ་ཏཱ་བི་བྷཱུ་མི་ཞེས་པ་དགྲ་བཅོམ་པའི་ས་ལ་བྱ་སྟེ། ཀྲྀ་ཏ་ནི་བྱས་པ། ཨ་བི་ནི་ཨ་བི་དུན་ཤཱི་ལ་ཞེས་པ་སྟེ། བསྲུང་བའི་རང་བཞིན་ཅན་ཡིན་པས། སྔར་བྱས་ཏེ་གྲུབ་པའི་དོན་མི་ཉམས་པའི་བསྲུང་བའི་ཕྱིར་བྱས་པ་བསྲུང་བའི་ས་ཞེས་བྱ་སྟེ། དངོས་སུ་ན་དགྲ་བཅོམ་པའི་སའོ། །ཉན་ཐོས་ས་བདུན་རྣམ་པར་གནས། །སྲོ་ཏཱ་བནྣ་ཞེས་པ། སྲོ་ཏ་ནི་ཆུའི་རྒྱུན་ལྟ་བུའོ། །ཨ་བནྣ་ནི་ནང་དུ་ཞུགས་པ་སྟེ། སྤྱི་ན་མྱ་ངན་འདས་ཀྱི་མཚོར་འབབ་པའི་ཆུ་བོའི་རྒྱུན་ཏུ་ཞུགས་པ་སྟེ། ས་ཀྲྀ་རཱ་གཱ་མཱི་ཞེས་པ་སྟེ། ས་ཀྲི་ད་ནི་ལན་ཅིག །ཨཱ་གཱ་མཱི་ནི་འོང་བ་སྟེ། ཚེ་དེ་ཉིད་ལ་མྱ་ངན་ལས་མི་འདའི། ལན་ཅིག་སླར་འཇིག་རྟེན་འདིར་སྐྱེ་བས་ན་ལན་ཅིག་ཕྱིར་འོང་བ་ཞེས་བྱ།


DNG019_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནཱ་ག་མཱི་ཞེས་པ། ཐ་མའི་སྐལ་བ་ཅན་གྱི་ཆོས་རྣམ་ལྔ་སྤངས་པས། སླར་འདོད་ཁམས་སུ་མི་སྐྱེ་བར་ཕྱིར་མི་འོང་བ་ཞེས་བྱའོ། །ལས་ཉོན་གྱི་དགྲས་མྱ་ངན་འདས་ཀྱི་བར་གཅོད་རྣམས་བཅོམ་པ་ལ་དགྲ་བཅོམ་ཞེས་བྱའོ། །དེ་ལྟར་ན་ཉན་ཐོས་ཀྱི་ས་བདུན་གྱི་ཁོག་སྡེབ་པར་བྱའོ། །དབྱིངས་ལས་ཡེ་ཤེས་ཤར་བ་ཀུན་ཏུ་འོད། །ས་མནྟ་བྲ་བྷཱ་བུཌྜྷ་བྷཱུ་མི་ཞེས་པ། འོད་ཟེར་མང་པོ་བཀྱེ་བས་འདུལ་བའི་སེམས་ཅན་སྨིན་པར་མཛད་པའི་ཆོས་ཀྱི་སྣང་བའི་འོད་དང་འདྲ་བས་ཐམས་ཅད་ལ་གསལ་བར་བྱས་པས་ན། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་བྱ། འོག་མ་བས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་གཅིག་པུ་ལས་མི་འདོད་ལ། ཐེག་པ་ཆེན་པོ་བས་གསུམ་དུ་འདོད་པ་ནི་ཀུན་ཏུ་འོད་པདྨ་ཅན། ཡི་གེ་འཁོར་ལོ་ཚོགས་ཆེན་པོ། དེ་ལ་ཀུན་ཏུ་འོད་ནི་དབྱིངས་ཡེ་ཤེས་གཉིས་མེད་ཀྱི་འབྲས་བུ་ཆོས་སྐུའོ། །པདྨ་ཅན་ནི་ཆོས་སྐུའི་ས་ལས་གཟུགས་སྐུ་མི་འགག་པས་ལོངས་སྐུའོ། །ཡི་གེ་འཁོར་ལོ་ནི། དཔའ་བོ་འབྲུ་ལྔ་ལྟ་བུས་མཚོན་ནས་གདུལ་བྱ་གང་མོས་ཀྱི་སྤྲུལ་སྐུ་འབྱུང་ངོ་། །པདྨའི་སྤྱན་འདྲ་མི་འགག་ལོངས་སྤྱོད་སྐུ། །ཡི་གེ་འཁོར་ལོས་གདུལ་བྱར་སྤྲུལ་པ་འགྱེད། །དེ་བཞིན་གཤེགས་པའི་ས་ཞེས་བྱ་བའོ། ༈ །བྱང་ཆུབ་སུམ་ཅུ་རྩ་བདུན་ཕྱོགས། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ། སཔྟ་ཏྲི་ཤདྦོ་དྷི་པཀྵ་ཅེས་པ་སྟེ། བོ་དྷི་ར་ནུ་གུ་རུ་ཎ་ཏྭཱ ་དྷི་པཀྵ་ཞེས་པ་སྟེ། བོ་དྷི་ནི་བྱང་ཆུབ། པཀྵ་ནི་དེའི་རྗེས་སུ་མཐུན་པའམ། ཕྱོགས་སུ་གྱུར་པ་སྟེ། དྲན་པ་ཉེར་གཞག་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་སུམ་ཅུ་རྩ་བདུན་ཡོད་པ་འདི་བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་པ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱའོ། །དེ་ལ་ལམ་ལྔའི་ངོ་བོ་ནི། བགྲོད་པར་བྱེད་པས་ན་ལམ་དབྱེ་བ་ལམ་ལྔའོ། །རྣམ་པ་ལྔར་ནི་རབ་ཏུ་གསུངས། ༈ །དྲན་པ་ཉེ་བར་གཞག་ལ་སོགས། །དྲན་པ་ཉེ་བར་གཞག་པ་བཞི་ལ། ཙ་ཏྭཱ་རི་སྨྲྀ་ཏྱུ་པ་ན་ཞེས་པས། པྲཛྙཱ་ཡ་སྨྲྀ་ཏི་རཱུ་པ་ཏིཥྛ་ཏེ་ཞེས་ཏེ། སྨྲྀ་ཏི་ནི་དྲན་པ། ཨུ་པ་སྠཱ་ནི་ཉེ་བ་ན། སྠ་ན་ནི་གཞག་པ་སྟེ། སྤྱིར་ན་ལུས་དང་། སེམས་དང་། ཚོར་བ་དང་། ཆོས་དང་བཞིའོ། །རང་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་བརྟགས་ཏེ་མཐོང་བའི་དོན་རྣམས་དྲན་པས་གསལ་བར་འཛིན་ཏེ། དྲན་པ་ཤས་ཆེ་བས་དྲན་པ་ཉེར་གཞག་བཞིའོ། །ཚོགས་ཀྱི་ལམ་དུ་བྱ་བ་ཡང་། །ལུས་དྲན་ཚོར་བ་དྲན་པ་དང་། །ལུས་དྲན་པ་ཉེ་བར་གཞག་པ་ནི། ལུས་


DNG019_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའོ། །ཚོར་བ་དྲན་པ་ཉེར་གཞག་ནི། ཚོར་བ་བདེ་སྡུག་བཏང་སྙོམས། བཏང་སྙོམས་ཀྱི་བར་ལ་ཉེ་བར་གཞག་པའོ། །སེམས་དྲན་ཆོས་པ་ཉེར་གཞག་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་དོན་ཚོལ་བའོ། །ཆོས་དྲན་པ་ཉེར་གཞག་ནི་ཀུན་ཉོན་དང་རྣམ་བྱང་གི་དོན་ཚོལ་བའོ། །ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི་བསྒོམ་མོ་ནི་དྲན་པའོ། །ཡང་དག་པར་ནི་སྤོང་བྱེད་པ། །ཙ་ཏྭཱ་རཾ་སཾ་མྱ་ཝྲུ ་ཧ་ཎ་ཞེས་པ། ཙ་ཏྭཱ་རི་ནི་བཞི་སཾ་མྱཀ་ནེ་ཡང་དག་པ་པྲ་ཧ་ན་ནི་སྤོང་བ་སྟེ། བརྩོན་འགྲུས་ཀྱིས་དགེ་བ་བསྐྱེད་ཅིང་མི་དགེ་བ་སྤོང་བས་ན་ཡང་དག་པར་སྤོང་བ་བཞི་ཞེས་བྱའོ། །མི་དགེ་བ་བྱས་པ་སྤོང་། མ་བྱས་པ་མི་བྱེད། དགེ་བ་མ་བྱས་པ་བྱེད་བྱས་པ་གོང་དུ་སྤེལ་བས་སོ། །ཚོགས་ལམ་འབྲིང་པོར་བཤད་པ་ཡང་། །སྡིག་པ་མི་དགེ་བའི་ཆོས་སྔར་ལུས་ངག་ཡིད་ལ་མ་སྐྱེས་པ་རྣམས་ཀྱི་ཕྱིས་ཀྱང་མི་བསྐྱེད་ལ། ༈ །མི་དགེ་བ་ལུས་ངག་ཡིད་ལ་སྔར་སྐྱེས་པ་རྣམས་རྩ་བའམ་ཞེ་ཐག་པ་ནས་སྤང་བ་དང་། །དགེ་བ་འི་ཆོས་སྔར་ལུས་ངག་ཡིད་གསུམ་ལ་མ་སྐྱེས་པ་རྣམས་ནི་ཕྱིས་ཡང་དང་ཡང་དུ་བསམས་ཤིང་བསྐྱེད་པར་བྱས། །སྐྱེས་པ་རྣམས་ཕྱིར་ཞིང་ཡང་ནས་ཡང་ངམ་གོང་ནས་གོང་དུ་སྤེལ་ཞིང་བསྒོམ་པར་བྱའོ། །ཚོགས་ལམ་འབྲིང་པོའི་ལམ་འདི་ནི་དགེ་སྡིག་སྤེལ་སྤྱོད་ཁོ་ན་ལམ་དུ་བྱའོ། །རྫུ་འཕྲུལ་རྐང་པ་འདུན་པ་དང་། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཙ་ཏྭཱ་རཾ་རྀ་དྷི་པཱ་ད་ཞེས་སོ། །རྀ་ད་དྷི་ནི་རྫུ་འཕྲུལ། པཱ་ད་ནི་རྐང་པ་སྟེ། འདུན་པ་སེམས་པ་དང་། བརྩོན་འགྲུས་དང་། སྤྱོད་པ་དང་། ཏིང་ངེ་འཛིན་དང་བཞིས། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་རྟེན་དང་། རྒྱུར་གྱུར་པས་ན་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱའོ། །དེ་ལ་ནི། འདུན་པའི་རྫུ་འཕྲུལ་རྐང་པས་ནི་འདུན་པ་དྲག་པོ་བསྐྱེད། བརྩོན་འགྲུས་ཀྱིས་ནི་རྫུ་འཕྲུལ་གྱི་རྐང་པས་མྱུར་དུ་བསྒྲུབ། སེམས་ཀྱི་རྐང་པས་ནི་གང་འདོད་བསྒྲུབ། སྤྱོད་པའི་རྐང་པས་འབྲས་བུ་གང་ཡིན་ལ་སྤྱོད་དོ། །དེ་ལ་ཚོགས་ལམ་ནི་ཅིའི་ཕྱིར་ན། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཚོགས་མང་དུ་བྱེད་ཅིང་སོགས་པའི་ཕྱིར་རོ། །བརྩོན་འགྲུས་དང་ནི་སེམས་དང་ནི། །སྤྱོད་པའི་རྫུ་འཕྲུལ་བཅས་པ་ཡང་། །ལུས་ངག་ཡིད་ལ་ཚོགས་སོགས་པའོ། །སྦྱོར་ལམ་དད་བརྩོན་དྲན་པ་དང་། །སྦྱོར་ལམ་དུ་ལྔ་གཉིས་བཅུ་སྟེ། དབང་པོ་ལྔ་དང་། སྟོབས་ལྔའོ། །དང་པོ་ནི། པཉྩནྡྲི་ཡ་


DNG019_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞེས་པ། པཉྩ་ན་ལྔ་ཨིནྟྲི་ཡ་ནི། ཨི་དི་པ་ར་མེ་ཤྭ་ཏྱ་ཞེས་པ། དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་འདི་ལྔའི་དབང་གིས། སེམས་ལས་སུ་རུང་བར་གྱུར་པའི་རྒྱུད་ལ་ཐར་པའི་ཆ་མཐུན་གྱི་དགེ་བ་བསྐྱེད་པས་ན། དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བའི་ཕྱིར་དབང་པོ་ལྔ་ཞེས་བྱའོ། །དད་པའི་དབང་པོས་དད་པ་ལ་དབང་ཐོབ། དྲན་པས་དྲན་པ་ལ། ཏིང་ངེ་འཛིན་གྱིས་ཏིང་འཛིན་ལ། ཤེས་རབ་ཀྱིས་ཤེས་རབ་ལ་དབང་ཐོབ་པའོ། །ཏིང་འཛིན་ཤེས་རབ་དབང་པོ་དང་། །དད་བརྩོན་དྲན་ཤིང་ཤེས་རབ་སྟོབས། །པཉྩ་བ་ལ་ཞེས་པ། པཉྩ་ནི་ལྔ། བ་ལ་ནི་སྟོབས་སོ། །དད་པ་ལ་སོགས་དབང་པོ་ལྔ་འདི་ཉིད་རྒྱུན་རིང་དུ་བསྒོམས་པས། མ་དད་པ། ལེ་ལོ། དྲན་པ་ཉམས་པ། གཡེང་བ། ཤེས་བཞིན་མ་ཡིན་པ་སྟེ་མི་མཐུན་ཕྱོགས་ལྔ་པོས་བར་ཆད་མི་ནུས་པས་དད་པ་ལས་སོགས་པའི་མཐུ་བསྐྱེད་པའི་སྟོབས་ལྔའོ། །སྟོབས་ལྔ་ནི། དད་པའི་དང་། དྲན་པ། བརྩོན་འགྲུས། ཏིང་ངེ་འཛིན། ཤེས་རབ་ཀྱི་སྟོབས་དང་ལྔ་ལས། མ་དད་པ་དང་། བརྗེད་ངས་བས། ལེ་ལོ། གཡེང་བ། ཤེས་བཞིན་མ་ཡིན་པ་རྣམས་ཀྱི་གཉེན་པོ་རིམ་པ་བཞིན་ནོ། །དེ་ལ་ཅིའི་ཕྱིར་སྦྱོར་ལམ་ཞེ་ན། དྲོད་རྩེ་མོ་བཟོད་པ་འཇིག་རྟེན་ཆོས་མཆོག་ནས། མཐོང་ལམ་ལ་སྦྱོར་བས་ནའོ། །གཟུང་བ་རང་བཞིན་མེད་པས་ན་དྲོད། འཕགས་ལམ་གྱིས་ཉོན་མོངས་པའི་བུད་ཤིང་བསྲེག་པར་འདོད། དེ་ལ་ཡིད་ཆེས་ཤིང་དགེ་རྩའི་རྩེ་མོ་ཡིན་པས་རྩེ་མོའོ། །འཛིན་པ་རང་བཞིན་མེད་པས་བཟོད་པ། ཟག་བཅས་སྐྱེ་འཇིག་ལ་བཟོད་པའོ། །དེ་ལ་ཡིད་ཆེས་པས་འཇིག་རྟེན་ཆོས་མཆོག་སྟེ། འཇིག་རྟེན་པའི་ཆོས་གཞན་པས་དམ་པར་གྱུར་པ་ནའོ། །དེ་ལ་ལམ་དང་ས་རུ་ཆོས་མཐུན་རྩི་ན། ཚོགས་ལམ་སྦྱོར་ལམ་གཉིས་ནི། ས་ལས་སོ་སོའི་སྐྱེ་བོའི་ས་ཞེས་བྱའོ། །དྲོད་རྩེ་བཟོད་མཆོག་བཅུ་ལ་སྦྱོར། །ཨུཥྨ་ག་ཏ་ཞེས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཚེ། འཕགས་ལམ་གྱིས་ཉོན་མོངས་པའི་ཤིང་ཐམས་ཅད་བསྲེགས་པས་མེ་དང་འདྲ་བའི་དྲོད་སྔར་འབྱུང་བས་ན་དྲོ་བར་འགྱུར་བ་ཞེས་བྱ། མཱུརྔྷ་ན་ཞེས་པ་ནི། དགེ་བ་སྔ་མ་མི་བརྟན་པ་གཡོ་བའི་རྩེ་མོར་གྱུར་པས་ན། རྩེ་མོ་ཞེས་བྱ། ཀྵཱནྟི་ཞེས་པ་ནི། བདེན་པ་ལ་བཟོད་པ་རབ་འབྲིང་དུ་མར་ཕྱེ་བའི་ནང་ནས། རབ་དང་ལྡན་པ་སྟེ། དེ་ལ་ཉམས་པར་མི་འགྱུར་ཞིང་། ངན་སོང་དུ་མི་ལྟུང་བས་ན་བཟོད་པའོ། །ལཽ་ཀི་ཀཱ་གྲ་དྷརྨ་ཞེས་པ། ས་འདི་འཇིག་རྟེན་པའི་ཆོས་ཀྱང་ཡིན་ལ། སྔོན་ཆད་མ་མཐོང་བ་འཕགས་པའི་ལམ་ལྟ་བུ།


DNG019_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཆོས་དང་མི་མཐུན་པ་ཡང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་འདིས་ཆ་མཉམ་པའི་རྒྱུ་མེད་པར་འཐོབ་པར་ནུས་ཏེ། འཇིག་རྟེན་གྱི་ཆོས་ཀྱི་ཕུལ་དུ་གྱུར་པས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །བསྒོམ་པར་བྱ་བའི་ལམ་འདི་རུ། །བྱང་ཆུབ་ཡན་ལག་རྣམ་པ་བདུན། །སཔྟ་བོ་དྷྱཾ་ག་ཞེས་པ། སཔྟ་ནི་བདུན། བོ་དྷི་ནི་བྱང་ཆུབ། ཨངྒ་ནི་ཡན་ལག་གོ། །དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་འཛིན་དང་། བཏང་སྙོམས་དང་། འདི་བདུན་མཐོང་ལམ་ལ་དེ་ཁོ་ན་ཉིད་བྱང་ཆུབ་པའི་རྒྱུར་གྱུར་པས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཡང་ན། མིང་དུ་བགྲངས་པའི་གྲངས་ཀྱིས་རིམ་པ་བཞིན་བཤད་པ་ཙམ་དུ་ཟད་དེ། འདི་བདུན་བྱང་ཆུབ་གསུམ་བསྒྲུབ་པའི་ཉེ་བའི་རྒྱུ་ཡིན་པས་བསྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དྲན་དང་ཆོས་དང་བརྩོན་དང་དགའ། །ཤིན་ཏུ་ཏིང་འཛིན་བཏང་སྙོམས་བདུན། །དྲན་པ་ཡང་དག་ཡན་ལག་ནི། དམིགས་པ་མི་བརྗོད་པའོ། །ཆོས་རྣམ་པར་འབྱེད་པ་ནི། ཇི་ལྟ་བ་དང་ཇི་སྙེད་པར་འབྱེད་པའོ། །བརྩོན་འགྲུས་ཡན་ལག་ནི་འཁོར་བ་ལས་འདའ་བར་བྱེད་པའོ། །དགའ་བ་ཡན་ལག་ནི། ལུས་ངག་ཡིད་གསུམ་ལ་ཕན་འདོགས་པའོ། །ཤིན་ཏུ་སྦྱང་བ་ནི་སེམས་ལས་སུ་རུང་བའོ། །ཏིང་འཛིན་ཡན་ལག་ནི་སེམས་རྩེ་གཅིག་པའོ། །བཏང་སྙོམས་ཡན་ལག་ནི་བསེན་པར་འདུ་བྱེད་པའི་གཉེན་པོར། ཅིའི་ཕྱིར་སྒོམ་ལམ་ཞེ་ན། ཆོས་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་འདྲིས་པར་བྱེད་པས་ན་སྒོམ་ལམ་མོ། །སྒོམ་ལམ་ནི་ས་དང་པོར་རབ་ཏུ་དགའ་བའོ། ༈ །མཐོང་བའི་ལམ་དུ་འཕགས་པ་ཡི། །ལམ་ནི་ཡན་ལག་བརྒྱད་ཉིད་དེ། །ཨཱརྱཱཁཱཾ་ག་མཱ་རྒ་ཞེས་པ། ཨཱརྱ་ནི་འཕགས་པ། ཡཥྚཱ་ག་ནི་ཡན་ལག་བརྒྱད། མ་རྒ་ནི་ལམ་སྟེ། ཡང་དག་པའི་བལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། འཕགས་པའི་བསྒོམ་ལམ་བརྒྱད་པོ་འདི་དག་གིས། དགྲ་བཅོམ་པའི་འབྲས་བུ་འཐོང་བས་ན། འཕགས་ལམ་བརྒྱད་ཅེས་སོ། །ཡང་ན་འཕགས་པའི་འབྲས་བུ་དང་། དེ་ཁོ་ན་ཉིད་སྔོན་མ་མཐོང་བ་མཐོང་བར་བྱེད་པའི་ལམ་ཡིན་པས་ན་མཐོང་ལམ་དུ་བཤད་དོ། །ལྟ་རྟོག་ངག་དང་ལས་ཀྱི་མཐའ། །ཡང་དག་པའི་ལྟ་བས་མཐོང་ལམ་མངོན་དུ་བྱེད། རྟོག་པས། མི་རྟོག་པར་མི་སྨྲ། ངག་གིས་ཅི་ལ་ཅིས་འདུལ་བའི་ཆོས་སྟོན། ལུས་ཀྱི་མཐས་བྱ་བ་མ་ཡིན་པ་གཞན་མི་བྱེད། འཚོ་བས་ཡོ་བྱད་ལའང་རུང་བར་འགྱུར། རྩོལ་བས་ལྟ་བས་ཟིན་པའི་རྩོལ་


DNG019_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགྱུར། དྲན་པས་ཞི་གནས་བྱིང་རྒོད་མེད། ཡང་དག་པའི་ཏིང་ངེ་འཛིན་གྱིས་བསམ་གཏན་ལ་གནས་པས་མངོན་པར་འབྱུང་ངོ་། །དེ་ལ་ཅིའི་ཕྱིར་མཐོང་ལམ་ན། སྔར་མ་མཐོང་བའི་དོན་མཐོང་བས་མཐོང་བའི་ལམ་མོ། །ས་ནི་གཉིས་པ་ནས་བརྒྱད་པའི་བར་དུ་གནས་པའོ། །རང་གཞན་གཉིས་ཀའི་དོན་དུ་ས་ལམ་ལ་སྦྱར་བ་ནི་གསུམ་སྟེ། མོས་སྤྱོད་ནས། དང་པོའི་བར་དུ་རང་དོན་བསྒྲུབ་པོ། །ཅིའི་ཕྱིར་ན་ཉོན་མོངས་འཁོར་བའི་འདམ་ན་གནས་པས། གདུལ་བྱ་ཡང་དེ་ན་གནས་པའི་དོན་བྱེད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནས་བརྒྱད་པའི་བར་དུ་རང་གཞན་གཉིས་ཀའི་དོན་བྱེད་དེ། ཅིའི་ཕྱིར་ན། ཉོན་མོངས་མངོན་དུ་རྒྱུ་དང་བྲལ་བས་གཞན་དོན་ཡང་མཛད་དོ། །ཉོན་མོངས་བག་ལ་ཉལ་དང་ད་དུང་མ་བྲལ་བས་རང་དོན་ཡང་མཛད་དོ། །དགུ་པ་ནས་བཅུ་པའི་བར་དུ་གཞན་དོན་འབའ་ཞིག་མཛད་དོ། །ཅིའི་ཕྱིར། ཉོན་མོངས་ས་བོན་དང་བཅས་པ་སྤངས་ཏེ། རང་དོན་བྱ་མི་དགོས་པའི་ཕྱིར་རོ། །འཚོ་བ་རྩོལ་དྲན་ཏིང་ངེ་འཛིན། །འཕགས་པའི་འབྲས་བུ་དེ་ཁོ་ན། །སྔོན་མ་མཐོང་བ་མཐོང་བའི་ལམ། ༈ །མཐར་ཕྱིན་པ་ཡི་ལམ་ཉིད་ལ། །མཐར་ཕྱིན་པའི་ལམ་ནི། ས་དགུ་པ་དང་བཅུ་པ་སྟེ། རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པས་ནའོ། །དེའི་མཚན་གྱི་རྣམ་གྲངས་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས་པའི་ངང་ལ་གནས་ཏེ། རྟོག་པས་བར་མི་ཆོད་པས་བར་ཆད་མེད་པའི་ལམ་མོ། །དེའི་དུས་སུ་ཉོན་མོངས་དུག་ལྔ་དུག་གསུམ་ལས་གྲོལ་བས་གྲོལ་ལམ་མོ། །དེའི་དུས་སུ་ཉན་ཐོས་ཀྱི་བདེན་བཞི་ལ་མི་སློབ། རང་རྒྱལ་གྱི་རྟེན་འདྲེལ་བཅུ་གཉིས་ལ་མི་སློབ། བྱང་ཆུབ་སེམས་དཔའི་ལམ་ལྔ་ལ་ཡང་མི་སློབ་སྟེ། སློབ་པའི་ལམ་ཐམས་ཅད་བསྡམས་པས་མི་སློབ་པའི་ལམ་ཞེས་ཀྱང་བྱ། དེའི་ཚེ་དེ་ལྟ་བུའི་ཏིང་འཛིན་གྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས་པས། འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པ་ལ་ནུས་པ་ཐོགས་མེད་དུ་གནས་པས་ཁྱད་པར་གྱི་ལམ་ཞེས་ཀྱང་བྱའོ། །དེ་ཡན་ཆད་དུ་མཚན་ཉིད་རྒྱུའི་ཐེག་པ་གསུམ་ལ་ཤེས་རབ་ཀྱི་བློ་ཁ་དབྱེ་བར་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྣམ་གྲོལ་མི་སློབ་ཁྱད་པར་ལམ། །འབྲས་བུ་ཆོས་སྐུ་ཐོབ་པའོ། ༈ །ཀྲི་ཡ་དག་པ་ཆོས་ཉིད་དང་། །ཡེ་ཤེས་མུ་བཞི་བྲལ་བའོ། །བལྟ་བ་ལ་གཉིས་ཏེ། དག་པ་ཆོས་ཉིད་ཀྱི་བལྟ་བ་དང་། ཡེ་ཤེས་མུ་བཞི་དང་བྲལ་བའོ། །དང་པོ་ནི། ཡོད་པའི་དངོས་པོ་ཐམས་ཅད་སྐུ་སྟེ་འཇམ་དཔལ། སྒྲ་སྐད་ཐམས་ཅད་རྐྱེན་ལས་བྱུང་ནས་དོན་མཚོན་པ་སྤྱན་རས་


DNG019_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། མེད་པ་ཐམས་ཅད་ཐུགས་ཏེ། ཕྱག་རྡོར་དུ་འདོད་དོ། །གཉིས་པ་ནི། ཡེ་ཤེས་ཡོད་པའི་མུར་མ་གྲུབ་ས་གཞི་སྟོང་། མེད་པའི་མུར་མ་གྲུབ་སྟེ། དྲན་རིག་ཏུ་སྣང་། གཉིས་ཀའི་མུར་མ་གྲུབ་སྟེ་དབྱིངས་ཐ་སྙད་དང་བྲལ། གཉིས་མེད་མ་གྲུབ་སྟེ་སྣང་བ་མི་འགོག་པའོ། །གཞན་དོན་ས་བོན་སྙིང་རྗེ་ཉིད། །བསྒོམ་གྱི་སྔོན་འགྲོ་ལ་ཆོས་གསུམ་སྟེ། གཞན་དོན་གྱིས་ས་བོན་སྙིང་རྗེ་ཆེན་པོས་བསྒོམ་པ་ནི། སྙིང་རྗེ་ཆེན་པོ་རྒྱུད་ལ་བསྐྱེད་དེ་ཁམས་གསུམ་སེམས་ཅན་འཁོར་བར་གནས་པའི་སྡུག་བསྔལ་ལ་སྙིང་རྗེ་བསྒོམ་པའོ། །བསོད་ནམས་ཚོགས་བསགས་པའི་ཡན་ལག་བདུན་ཏུ་རྣམ་དག་ནི་མདུན་དུ་ཚོགས་རྟེན་སྤྱན་དྲངས་པ། ཕྱག །མཆོད། བཤགས་རྗེས་སུ་ཡིད་རང་སེམས་བསྐྱེད། སྐྱབས་འགྲོ། བསྔོ་བ་བྱའོ། །ཚད་མེད་པ་ནི་རྣམ་པ་བཞིས། །ཙ་ཏུར་བྲ་ཧྨ་བི་ཧཱ་ར་ཞེས་པ་ཚད་མེད་བཞི་ཡིན་ཏེ། སེམས་ཅན་གྲངས་མེད་པ་ས་ལ་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཁྱབ་པར་བསྒོམས་པས་ན་ཚད་མེད་བཞིའོ། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །ཨོཾ་ཤཱུ་ནྱ་ཏཱ་ཞེས་པ་སྔགས་བརྗོད་པས་སེམས་ཅན་ལ་ཚད་མེད་བཞི་བསྒོམས་པས་དཔེར་ན་མར་ཉི་མས་དྲོས་པ་ལྟར་རང་ཉིད་སྟོང་ཉིད་དུ་ཞུ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བ་སྙམ་དུ་བསམ་མོ། །ཆོས་ཉིད་སྒྲ་དང་ཡིག་འབྲུ་ཐུགས། །དང་པོར་སྟོང་པར་བསྒོམ་པ་ཆོས་ཉིད་ཀྱི་ལྷ། དེ་ལས་སྒྲ་གྲག་པ་སྒྲའི་ལྷ་དེ་ལས་ཡིག་འབྲུ་མཱུ་མ་མ་ཧྲཱྀཿའམ་ཧཱུྃ་བསྒོམ་པ་ཡིག་འབྲུའི་ལྷ། དེ་ལས་ཨུཏྤལ་ལམ། པདྨའམ་རྡོ་རྗེར་བསྒོམ་པ་ཕྱག་མཚན་གྱི་ལྷ། དེ་ལས་འཇམ་དཔལ་ལམ་སྤྱན་རས་གཟིགས་སམ་ཕྱག་རྡོར་བསྒོམ་པ་ཡེ་ཤེས་ཀྱི་ལྷ་དེ་ལས་དབུ་གཙུག་ཏོར་དང་ཡེ་ཤེས་སྤྱན་དང་ལྡན་པ་ཡོངས་སུ་རྫོགས་པའི་ལྷའོ། །ཡེ་ཤེས་ཡོངས་རྫོགས་སྐུར་གྲུབ་བསྒོམ། ༈ །བཀའ་ནན་གོ་ཁྲབ་དར་དཔྱངས་ནི། །སྲུང་བའི་ཆོ་ག་ནི། ལག་པ་གཡས་སུ་ཉི་མའི་སྟེང་དུ་ཁྲོ་བོ་རྡོ་རྗེ། གནོད་སྦྱིན་དམར་པོ་བསྒོམ། གཡོན་པར་ཟླ་བ་ལ་ཁྲོ་བོ་གཤིན་རྗེ་གཤེད་ནག་པོ་བསྒོམ། དེ་གཉིས་ཞལ་སྦྱར་བའི་ཁ་ནས། དབུ་ལ་རྡོ་རྗེའི་རྨོག་ཞུ་དང་། སྐུ་ལ་རྡོ་རྗེའི་ཁྲབ་དང་། རྡོ་རྗེའི་རྒྱུན་ཐག་དང་། རྡོ་རྗེའི་དར་དཔྱངས་སྟེང་དུ་ཁྲོ་བོ་གཉིས་ཞལ་ཕྱིར་བསྟན་ནས་བསྲུང་བར་བསམ་མོ། །ལྷ་ཡེ་ཤེས་སེམས་དཔའ་རྗེ་ལྟ་བུ་ལ། བདག་དམ་ཚིག་སེམས་དཔའ་བྲན་ལྟ་བུས། ཇོ་བོ་ལ་སྤྱན་དྲངས་འབུལ་བ་ལྟར་མཆོད་པའོ། །ཁྲོ་བོ་གཉིས་ཀྱིས་བཅིང་བར་བྱ། ༈ །གཟའ་སྐར་


DNG019_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚིགས་ཟས་གོས་གཙང་། །བརྟུལ་ཞུགས་དཀའ་ཐུབ་སྤྱོད་པ་སྤྱད། །སྤྱོད་པ་ནི་གཟའ་པ་བ་སངས་དང་སྐར་མ་རྒྱལ་ལ་ཞུགས་ལ་བསྒྲུབ། སྨེ་བའི་གང་ཟག་བཞི་དང་མི་འགྲོགས་ཏེ། མཛེ་ཕོ། ཡུག་ས་སྐྲ། དམེ་ཅན། བྱི་མོ་རྣམས་སྤངས། གོས་གཙང་མ་གྱོན། ཟས་དཀར་གསུམ་མངར་གསུམ་བཟའ། སྨེ་བའི་ཟས་དྲི་ང་བ། སྒོག་བཙོང་ཉ་ཤ་མཛེ་ཕོ་ལ་སོགས་ཀྱི་ཟས་སྤངས། རྨྱུང་བར་གནས་ལ་དཀའ་ཐུབ་དྲག་པོས་རིགས་གསུམ་མགོན་པོ་བསྒྲུབ་པར་བྱ་བ་ཡིན་ནོ། །མི་ཚེ་བདུན་ན་སངས་རྒྱས་ས། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། ༈ །འབྲས་བུའི་དུས་ནི་མི་ཚེ་བདུན་ན་འགྲུབ་ལ། འབྲས་བུ་ནི་རིགས་གསུམ་འཐོབ་སྟེ། འཇམ་དཔལ་རི་བོ་རྩེ་ལྔ་ལ་བཞུགས་ཏེ་སེམས་ཅན་རྣམས་བྱིན་གྱིས་རློབས་དེས་རྒྱ་ནག་ཤེས་རབ་ཆེ། སྤྱན་རས་གཟིགས་རི་བོ་ཏ་ལ་ན་བཞུགས་ཏེ་བོད་ཡུལ་གྱི་སེམས་ཅན་རྣམས་ལ་བྱིན་གྱིས་རློབས་ཏེ་བོད་སྙིང་རྗེ་ཆེ། ཕྱག་རྡོར་ཨུ་རྒྱན་ན་བཞུགས་ཏེ་གྱད་ཡུལ་དུ་དབང་བསྒྱུར་དེས་རྒྱ་གར་མཐུ་དང་དྲག་སྔགས་ལ་རྩལ་ཐོན་པའོ། །ཨུ་པ་ཡ་ནི་མཐུག་པོ་བཀོད། ༈ །ལྟ་བ་ཡོ་ག་དང་མཐུན་ཏེ་སྟུག་པོ་བཀོད་པ་ཆོས་ཉིད་རྣམ་དག་གི་དོན་ལ་བལྟ་སྟེ་སངས་རྒྱས་ཀྱི་དགོངས་པ་མཐུག་པོ་སྤྲིན་བཀོད་པ་ལྟ་བུ་ལ་བལྟའོ། །རིགས་བཞི་རྒྱལ་བའི་སྐུ་རུ་གནས། ༈ །བསྒོམ་པ་ནི་རྡོ་རྗེའི་སྡེ་དང་། གདུང་དང་། ནོར་བུའི་སྡེ་དང་གདུང་། གཞོན་ནུའི་གདུང་། དེ་རྣམས་གླང་པོའི་གདུང་ལས་རིགས་བཞི་བྱུང་བར་བསམ། རང་དང་ལྷར་གྲོགས་ལྟར་བསྒོམ། མཆོད་པ་གྲོགས་གཅིག་གིས་གཅིག་ལ་སྐྱེས་ལན་ལྟ་བུར་མཆོད་དོ། །བརྟུལ་ཞུགས་སྤྱོད་པ་དང་དུ་བླང་། ༈ །སྤྱོད་པ་ནི་བརྟུལ་ཞུགས་གཙོར་བླངས་ཏེ། ཟས་ཀྱི་དཀའ་ཐུབ་དྲག་པར་བྱ། གཡེང་བ་བརྟུལ་ལ་བསྒོམ་ལ་ཞུགས་པའོ། །རིགས་བཞི་རྡོ་རྗེ་འཆང་སར་གནས། ༈ །ས་ནི་མཐུག་པོ་བཀོད་པའི་སར་སྙོགས་ཏེ། རྣམ་སྣང་གི་ཐུགས་ལས་རིགས་བཞི་བྱུང་བར་གྲུབ་པའོ། །ཡོ་གའི་ཐེག་པ་གནས་འདོད་པ། །འོག་མིན་རྡོ་རྗེ་དབྱིངས་སུ་བལྟ། ༈ །ལྟ་བ་ནི་མཐུག་པོ་བཀོད་པའི་ཞིང་ན་རྣམ་སྣང་ས་བཅུའི་བྱང་ཆུབ་སེམས་དཔས་བསྐོར་ནས་བཞུགས་པ་དེའི་དྲུང་དུ་སྐྱེ་བར་བྱ་སྙམ་དུ་བལྟ་བ་དང་། ཡང་གཟུགས་ཁམས་ཀྱི་གནས་ན་ཀུན་རིག་རྣམ་སྣང་ཞེས་བྱ་བ། གཟུགས་ཁམས་ཀྱི་འོག་མིན་ན་བཞུགས་པའི་ཞབས་དྲུང་དུ་སྐྱེ་བར་བལྟ་བ་སྟེ། རྡོ་རྗེ་དབྱིངས་སུ་བལྟ་བའོ། །མི་རྟོག་ཟླ་བ་རྡོ་རྗེའི་གཟུགས། །བསྒོམ་པ་ནི་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི་བསྒོམ་པའོ། །དང་པོ་


DNG019_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པར་མི་རྟོག་པ་བསྒོམ་པ་གཟུགས་སྐུ་མངོན་པར་བྱང་ཆུབ་པའོ། །ཟླ་བ་ཚེས་གཅིག་པ་ལྟ་བུ་རང་སེམས་རིགས་མངོན་པར་བྱང་ཆུབ་པ་དང་། ཟླ་བ་ཉ་བ་ལྟ་བུར་སེམས་བསྐྱེད་མངོན་བྱང་གཉིས་ནི། ཟླ་བ་མངོན་པར་བྱང་ཆུབ་པའོ། །ཟླ་བ་སྟེང་དུ་རྡོ་རྗེ་རྩེ་ལྔ་བསྒོམ་པ་ནི། ཆོས་སྐུ་མངོན་བྱང་ངོ་། །རྡོ་རྗེས་སྤྲོ་བསྡུས་སྒྲིབ་སྦྱོང་དངོས་གྲུབ་བསྐུལ་བ་ནི་བརྟན་པར་བྱ་བ་ཡང་མངོན་བྱང་ངོ་། །དེ་ལ་ལྷ་སྐུར་གྱུར་པ་ནི། ཕྱག་རྒྱ་ལ་མངོན་པར་བྱང་ཆུབ་པའོ། །ཆོ་འཕྲུལ་བཞི་ནི། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི། དབུས་རྣམ་སྣང་ལ་ཡུམ་བཞིས་བསྐོར་བ། ཤར་མི་བསྐྱོད་པ་ལ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པས་བསྐོར་བ། ལྷོ་རིན་འབྱུང་ལ། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་རྣོན་པོས་བསྐོར་བ། ནུབ་སྣང་བ་མཐའ་ཡས་ལ་རྡོ་རྗེ་ཆོས། རྡོ་རྗེ་སྨྲ་བ། རྡོ་རྗེ་རྣོན་པོ། རྡོ་རྗེ་བཞད་པ་བཞིས་བསྐོར་བ། བྱང་དོན་ཡོད་གྲུབ་པ་ལ། རྡོ་རྗེ་ལས། རྡོ་རྗེ་བསྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་གྱིས་བསྐོར་བའོ། །བྱིན་གྱིས་བརླབ་པའི་ཆོ་འཕྲུལ་ནི། དེ་དག་བྱིན་ཅན་དུ་བྱིན་བརླབ་པའོ། །དབང་བསྐུར་བའི་ཆོ་འཕྲུལ་ནི། དེ་དག །སྐུ་དང་ཡེ་ཤེས་གཟུངས་དང་ཏིང་ངེ་འཛིན་ལྡན་པའོ། །མཆོད་པའི་ཆོ་འཕྲུལ་ནི། ཕྱག་མཆོད་བསྟོད་པ་བྱའོ། །བདག་དང་ལྷ་གཉིས་སྤུན་དང་གྲོགས་པོར་བལྟ་བའོ། །སྤྲོ་བསྡུས་བསྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་རླབས་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། ༈ །ལྷ་རྣམས་བསྒོམ་ཞིང་མཆོད་པར་བྱ་བ་ཡིས། །བསོད་ནམས་འཐོབ་ལ་མ་མཆོད་ན་མི་ཐོབ་པས་བསོད་ནམས་ལྡན་ཕྱིར་རྫས་ཀྱིས་མཆོད་པར་བྱ་བ་ཡིན། ༈ །འབྲས་བུ་མཐུག་པོ་བཀོད་པར་རྣམ་སྣང་ཞབས་དྲུང་དུ་གནས་པ་ནི། །འགྲུབ་པའི་དུས་ནི་མི་ཚེ་དྲུག་གིས་སངས་རྒྱས་པའོ་སྟེ། ༈ །དེ་ཡང་ཚེ་ལོ་བརྒྱ་པའི་དུས་སུ་བརྩི། རྒྱུད་ལ་གྲངས་པའི་མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །དེ་ཡང་རྒྱུད་བཤད་དགོས་པའོ། །རྒྱན་དང་པོ་གླེང་བསླང་བ་ལ་གྲངས་ལྔ་དང་གཉིས་པ་སངས་རྒྱ་པའི་ཚུལ། །གསུམ་པ་རྒྱས་བཤད་མཐའ་དྲུག་དང་ནི་བཞི་པ་ཚུལ་བཞིས་བཤད་པའི་ཚུལ། །ལྔ་པ་བཤད་པའི་ཐབས་ཀྱིས་དབྱེ་བའི་རྣམ་པ་གཉིས་དང་དྲུག་པ་གང་ཟག་སྣོད་ཀྱི་དབྱེ་བ། །བདུན་པ་བདེན་པའི་དགོངས་པར་ཤེས་པར་བྱ། །དོན་གཉིས་ངེས་པར་བྱས་པའོ། །སྤྱིར་ཆོས་ཉི་ཤུ་རྩ་བརྒྱད་ཀྱི་


DNG019_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་གའི་རྒྱུད་རྣམས་རྐྱེན་བདུན་གྱིས་བཤད་ལ་བློ་ཁ་དབྱེ་བའོ། ༈ །གླེང་བསླང་བ་ཡི་གྲངས་ལྔ་ནི། །དྲི་བ་ལྔ་དྲིས་པའི་དང་པོ་རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །གཉིས་པ་རྟེན་གྱི་གང་ཟག་རྒྱུད་འདི་སུ་ཞིག་དོན་དུ་མཛད། །སྐྱེ་བོ་འདོད་ཆགས་ཅན་ལ་སོགས་པ་དུག་ལྔ་འདུལ་བའི་དོན་དུ་མཛད། གསུམ་པ་བྱེད་པ་པོའི་སྟོན་པ་སུ་ཞིག་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཀུན་ཏུ་བཟང་པོ་ལ་སོགས་པ་ཡིན། །བཞི་པ་རྒྱུད་འདིའི་ལྡང་ཚད་ཇི་ལྟ་བུ། །ལྔ་པ་དགོས་པ་ཅི་ཞིག་ཡོད་པར་ཤེས། །དངོས་གྲུབ་གཉིས་སྒྲུབ་པའི་ཕྱིར་དགོས། སངས་རྒྱས་ཀུན་གྱི་དགོངས་པའི་རྒྱུད། །མ་ཧཱ་ཡོ་ག་ཡིན། རིགས་ལྔའི་སྟོན་པ་གང་གིས་གསུངས་པའི་དགོངས་པའོ། །ཞེ་སྡང་ཅན་ལ་སོགས་པའི་དུག་ལྔའི་སྐྱེ་བོ་འདུལ་སླད་དུ། །སྟོན་པ་སུ་ཞིག་གིས་གསུངས་པ་ཀུན་བཟང་རིགས་ལྔ་རྒྱལ་བས་གསུངས། །ཆོ་ག་རྒྱུད་ཀྱི་ལྡང་ཚད་ནི་དབང་དང་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་དང་། ལེའུ་གྲངས་དུ་ཡོད་པ་དང་། ཕྲིན་ལས་རྣམ་བཞིའི་སྡེ་དང་དུམ་བུ་རིམ་པ་ལ་སོགས་པ་གང་ཡིན་སྦྱར་རོ། །འདིར་ནི་སྤྱིར་བཤད་པའོ། །དེ་བཞིན་ལེའུ་སྡེ་དང་། །རིམ་པར་ཕྱེ་དང་དུམ་བུའོ། །དགོས་པ་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་ཉིད་བསྒྲུབ་ཕྱིར་དགོས། ༈ །སངས་རྒྱས་པའི་ཚུལ་བཞི་ལ་གཉིས་ཏེ། ཆགས་པ་ཅན་དང་། ཆགས་པ་དང་བྲལ་བའོ། །ཆགས་པ་དང་བྲལ་བ་སངས་རྒྱས་པའི་ཚུལ་བཞི་ནི། རྒྱུད་མིའི་ལས་ཀྱིས་སངས་རྒྱས་སོ། །གཉིས་པ་གླེང་གཞི་ལོ་རྒྱུས་ནི་རབ་ཏུ་བྱུང་བས་སངས་རྒྱས་སོ། །གསུམ་པ་ངེས་ཚིག་ནི་འདུལ་བའི་སྡོམ་པ་བླངས་པའོ། །བཞི་པ་རྒྱུ་ནི་འབྲས་བུ་སངས་རྒྱས་འདོད་པའོ། །འོ་ན་གསང་སྔགས་འདི་དག་ཅིའི་ཕྱིར་བཤད་དགོས་ན། སངས་རྒྱས་ཚུལ་གཉིས་བཀོད་ནས་སྔགས་མཚན་ཉིད་གཉིས་འབྱེད་པའོ། །ཆགས་པ་དང་བཅས་པའི་སངས་རྒྱས་ཚུལ་བཞི་ནི་རྒྱུད་ལྷའི་ལུས་རིགས་ལྔ་སངས་རྒྱས། གླེང་གཞི་ནི་རིགས་ལྔ་གཅིག་ཏུ་གྱུར་པ། ངེས་ཚིག་རྡོ་རྗེ་ལ་སོགས་པ་བཟུང་བའོ། །རྒྱུ་ནི་སྒེག་པ་ལ་སོགས་པའི་སྤྱོད་པའོ། །འདི་སྔགས་ཀྱི་སངས་རྒྱས་སོ། །སངས་རྒྱ་པ་ཡི་ཚུལ་བཞི་སྟེ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །མི་ལྷ་རབ་བྱུང་རིགས་ལྔ་དང་། །འདུལ་སྡོམ་ཐེག་པ་སྤངས་མ་སྤངས། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དོན་གྱི་མཐའ་ལ་བརྟེན་པ་དྲང་དོན་གཉིས། ཚིག་གི་མཐའ་ལ་བརྟེན་པ་དགོངས་བཤད་དགོངས་


DNG019_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གཉིས། ཚིག་དོན་གཉིས་ཀའི་མཐའ་ལ་བརྟེན་པ་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་མ་ཡིན་པའོ། །དྲང་སྐལ་ངན་ལ་སྦས་ཏེ་བཤད་པ་དྲང་དོན། ཐུན་མོང་གི་དངོས་གྲུབ་འདོད་ཅིང་མཚན་མ་ལ་དགའ་བ་ལ་བསྐྱེད་རིམ། ཡང་དག་པའི་དོན་སྟོན་པ་ངེས་དོན་ཏེ། དགོས་པ་དངོས་གྲུབ་མཆོག་འགྲུབ་ཅིང་ལམ་ཉེ་བ་འདོད་པ་ལ་རྫོགས་རིམ་དུ་སྟོན་ནོ། །འདི་གཉིས་དོན་གྱི་མཐའ་ལ་བརྟེན་པའོ། །བསྟོན་ཆོས་དང་སྒྲ་ཚད་ལ་མཁས་པ་ནི་ཚིག་དོན་ནོ། །སྤྱི་དོན་ནི། མདོ་ལ་ཞུགས་ན་ཐེ་ཚོམ་ཟློག་པ་དང་། སྔགས་ལ་ཞུགས་པ་བསྐྱེད་རིམ་བསྒོམ་པའོ། །སྦས་བཤད་ནི་གསུམ་སྟེ། འདོད་ཆགས་ཀྱི་ཆོས་གསང་དབང་གི་སྙིང་པོ་དང་། ཀུན་རྫོབ་ཤེས་བྱ་ནང་དུ་གྱུར་པའི་སྙིང་པོ་དང་། ཡེ་ཤེས་གསུམ་གྱི་སྙིང་པོ་ཡོད་པ་ཀུན་བརྟགས་མ་ཡིན་པས་རྣམ་པར་བཏགས་པའི་སྙིང་པོ་ཡོད་པས་སྦས་པའོ། །མཐར་ཐུག་འོད་གསལ་ཟུང་འཇུག་གཉིས་སོ། །དོན་ངེས་དོན་དགོངས་པས་བཤད། །འགལ་བའི་ཚིག་གིས་དབང་པོ་རྣོན་པོ་པ་རྣམས་ལ་དགོངས་ཏེ་སྟོན་ཏེ། རིག་པ་རློམས་པ་རྣམས་ཀྱི་ང་རྒྱལ་བཅག་པའི་ཕྱིར་རོ། །དབང་པོ་སྨན་པ་ལ་གསལ་བར་གསུངས་པ་དགོངས་མིན་ཏེ། ཆོས་ཀྱི་དེ་ཁོ་ན་ཉིད་སེམས་རང་བཞིན་གྱིས་འོད་གསལ་བ་དེ་འཁོར་འདས་དབྱེར་མེད་དུ་འཇུག་པར་སྟོན། འདི་གཉིས་ཚིག་གི་མཐའ་ལ་བརྟེན་ནོ། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །རང་གི་སྒྲས་སྟོན་པ་སྟེ། དཀྱིལ་འཁོར་དང་མཆོད་པ་དང་གཏོར་མ་དང་། སྤྱོད་པ་ལ་སོགས་རྒྱས་པར་སྒྲ་ཇི་ལྟ་བ་བཞིན་དུ་བསྟན་པའོ། །སྒྲ་གཞན་གྱིས་སྟོན་པ་ཇི་བཞིན་མ་ཡིན་ཉིད་དུ་བཤད། །དེ་འཇིག་རྟེན་བསྟན་ཆོས་ལ་མེད་པའི་སྒྲ་དེ་བཞིན་གཤེགས་པའི་དགོངས་པས་བསྟན་པའོ། །འདི་གཉིས་ཚིག་དོན་གཉིས་ཀའི་མཐའོ། ༈ །བཤད་པའི་ཚུལ་བཞི་ཁྱེད་ལ་བསྟན། །ཚིག་སྤྱིར་སྦས་དང་མཐར་ཐུག་ཡིན། ༈ །ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་ཚོགས་པ་ལ་བཤད་པ་དང་སློབ་མ་ལ་བཤད་པའོ། །དང་པོ་ལ་ལྔ་སྟེ། སྒྲ་ཇི་བཞིན་པ། དགོས་མིན། དྲང་དོན། ཡི་གེའི་དོན། སྤྱི་དོན་དུ་བཤད་པའོ། །གཉིས་པ་ལ་ཡང་ལྔ། སྒྲ་ཇི་བཞིན་མ་ཡིན་པ་ངེས་དོན། དགོངས་ཏེ་བཤད་པ། སྦས་པར་དང་། མཐར་ཐུག་བཤད་པའོ། །རྒྱ་གར་ན་གང་ན་གང་ལ་རང་གིས་དབང་མ་བསྐུར་བ་ལ་ཚོགས་པ་ཟེར། རང་གིས་དབང་བསྐུར་བ་ལ་སློབ་མ་ཟེར་གསུང་དང་སློབ་མ་དག་ཏུ་འདོད། ༈ །སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། ༈ །ཨུཏྤལ་


DNG019_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཆོས་གསུམ་སྟེ། སྦྲང་རྩི་མང་བ་ལྟར་ཆོས་མང་དུ་ཐོས་པ་དང་། སྦྲང་རྩི་འཛིན་པ་ལྟར་ཆོས་འཛིན་པ་ལ་མཁས་པ་དང་། སྦྲང་རྩི་ཡལ་སྐྱེན་པ་ལྟར་སྐད་ཅིག་གིས་བརྗེད་པའོ། །པད་དཀར་ལྟ་བུ་ལ་ཆོས་གཉིས། པདྨ་དཀར་པོ་དེ་སྦྲང་རྩི་མང་བ་འཛིན་པ་ལྟར་ཆོས་མང་དུ་ཐོས་ཀྱང་སྟོན་མི་ནུས་པ་དང་། སྦྲང་མས་བླང་དཀའ་བ་བུམ་པ་ནང་གི་རས་བལ་ལྟ་བུའོ། །པདྨ་དཀར་པོ་ལྟ་བུ་ལ་ཆོས་བཞི། པདྨ་ཡིད་དུ་འོང་བ་ལྟར་དང་བ་ཆེ། ཁ་དོག་དམར་བ་ལྟར་ཤེས་རབ་དང་སྙིང་རྗེ་ཆེ། ཉིན་མོ་བྱེ་བ་ལྟར་ཐོས་ནས་བློ་ཁ་འབྱེ། སྦྲང་རྩི་འཛག་པ་ལྟར་ཚིག་དོན་སྐད་ཅིག་གིས་བརྗེད་པའོ། །ཙནྡན་ལྟ་བུའི་གང་ཟག་ལ་ཆོས་གསུམ། སྡོང་པོ་ཆུང་ལ་དྲི་ཆེ་བ་ལྟར་ཐོས་པ་ཉུང་ལ་ང་རྒྱལ་ཆེ་རྩ་བ་ཕྲ་ལ་ལོ་འདབ་མང་བ་ལྟར། རྩ་བ་མེད་པར་མང་དུ་སྨྲ། དུག་སྦྲུལ་ཡོད་པས་བླང་མི་ནུས་པ་ལྟར། རྗེས་སུ་གཟུང་བར་མི་ནུས་སོ། །རཏྣ་ལྟ་བུ་ལ་ཆོས་བཞི། རང་བཞིན་དག་པ་ལྟར་དམ་ཚིག་དག །གཞན་དོན་བྱེད་པ་ལྟར་འཛིན་ལ་མཁས། ཅི་འདོད་འབྱུང་བ་ལྟར་ཤེས་རབ་ལྡན། ནོར་བུ་དོན་བྱེད་པ་ལྟར། ཆོས་ཐོས་ནས་ལེགས་པར་སྟོན་པའོ། །བདེན་པའི་དགོངས་པ་རྣམ་པ་གཉིས་ནི་བསྐྱེད་རིམ་རྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་རྫོགས་རིམ་འོད་གསལ་དོན་དམ་མོ། །ཀུན་རྫོབ་དོན་དམ་བཤད་པར་བགྱི་ལ་རྒྱུད་མ་ཧཱ་ཡོ་གས་བློ་ཁ་དབྱེའོ། ༈ །ལུང་ཨ་ནུ་ཡོ་གའི་ཆེ་བ་ནི་ལུང་རྣམས་ཀུན་གྱི་བཅུད་འབྱིན་པ་ཡིན་པས་ཆེ། །ཐེག་ཆེན་ཆོས་ཀྱི་སྡོང་པོ་ཉིད་ཡིན་པས་ན་ཆེ། །བསྒྲུབ་པའི་ཐམས་ཅད་ཀྱི་ཡང་སྙིང་ཡིན་པས་ན་ཆེ། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་ཡིན་པས་ཆེ། བསྒྲུབ་པ་ཆེན་པོ་ལུང་བདུན་ཡོད་པས་ཆེ། ནུབ་གཅིག་གི་ཆེ། །ལུང་ཆེན་བདུན་གཉིས་གཅིག་ཏུ་དྲིལ་ནས་སྟོན་པའོ། ༈ །སྣང་སྲིད་ཡེ་སངས་རྒྱས་པ་བལྟ་བའི་ལུང་ནི་ཕྱི་ནང་གི་ཆོས་ཐམས་ཅད་ལུས་ངག་ཡིད་གསུམ་དུ་འདུས། དེ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་འདུས། དེ་ཡེ་ཤེས་ལྔ་ཡིན་ནོ། །ལྷ་སྐུ་ཕྱག་རྒྱར་གསལ་བ་བསྐྱེད་རིམ་ལུང་ནི་གདུལ་བྱ་ཞི་ཁྲོ་གང་མོས་སུ་བསྐྱེད་པ་སྟེ། གདུལ་བྱ་ཆ་ཕྲ་བ་དང་། གདུལ་དཀའ་བའི་ཕྱིར་རོ། །བཟླས་བརྗོད་བསྙེན་པ་འབུལ་བ་སྔགས་ཀྱི་ལུང་ནི་ཞི་བའི་བསྙེན་པ་ཞི་རྒྱས་གཉིས་ལ་དགོངས་པ་དང་ཁྲོ་བོའི་དབང་དྲག་གཉིས་ལ་དགོངས་པའི་སྔགས་སུ་ཡང་དབྱེ་བར་བྱའོ། །ཆོས་ཉིད་ཡུལ་ལ་རོལ་པ་སྦྱོར་བའི་ལུང་། །གྷ་ནའི་ལུང་ནི་ཆོས་ཉིད་དོན་གྱི་ཡུམ་དང་བུད་མེད་རྟགས་ཀྱི་ཡུམ་ལ་བརྟེན་ནས་གསང་བའི་དབང་བསྐུར་དང་བདེ་སྟོང་


DNG019_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་ཉམས་སུ་བླང་བར་བྱའོ། །ཞིང་བཅུ་རྩད་ནས་གཅོད་པ་སྒྲོལ་བའི་ལུང་། །ཏ་ནའི་ལུང་ནི་སངས་རྒྱས་ཀྱི་བསྟན་པ་གཉན་པོར་བྱ་བ་དང་དཔལ་ཐུགས་དམ་བསྐང་བ་དང་། གདུལ་བྱས་ཡལ་བར་མི་འདོར་བ་དང་། གསང་སྔགས་ཀྱི་ལམ་ཟབ་མོར་བསྟན་པའི་ཕྱིར་ཞིང་བཅུ་བསྒྲལ་ལོ། །ཚོགས་ཀྱི་འཁོར་ལོ་ཞལ་ཟས་མཆོད་པའི་ལུང་ནི་རྒྱུད་ལ་ཚོགས་བསགས་པ། ཡི་དམ་གྱི་ལྷ་མཉེས། འདོད་ཡོན་ངང་རྒྱུད་སྤང་བའི་ཕྱིར་བྱའོ། །སློབ་མ་ལ་དབང་བསྐུར་བ་དང་རང་སྒྲུབ་རྫས་ནུས་པ་ཅན་ལ་དངོས་གྲུབ་ལེན་པ་ནི་བསྒྲུབ་པ་ཆེན་པོའི་ལུང་ངོ་། །རྒོལ་བ། བརྟག་པ་དང་པོ་དང་འདི་གཉིས་ཀར་བཤད་པས་ཟློས་པའི་སྐྱོན་མེད་དེ། དང་པོའི་དེ་ལུང་གི་བཤད་ལུགས་སྤྱི་མདོ་ཙམ་དུ་དང་འདིར་ཡང་འདིར་སློབ་མའི་བློ་ཁ་དབྱེ་བའོ། ༈ །བགེགས་ཆེན་བར་ཆད་བསྲུང་དང་པོ་འབར་བ་མཚམས་ཀྱི་ལུང་དུ་མཚམས་བཅད་དེ། དངོས་གྲུབ་ལ་བར་གཅོད་འབྱུང་བ་བསྲུང་བའོ། །དེས་ན་བསྲུང་བའི་འཁོར་ལོ་བསྒོམ་པའོ། །བ་མཚམས་ཀྱི་ལུང་། །ལུས་ངག་ཡིད་སྒྲིབ་སྦྱོང་བ་ཚོགས་སོགས་ལུང་། །གཉིས་པ་བསོད་ནམས་ཚོགས་བསག་གི་ལུང་དུ་ཚོགས་བསགས་ཏེ། ལུས་ངག་ཡིད་གསུམ་སྒོ་ནས་བཤགས་པ་བྱ། དེ་མ་བྱས་ན་སྣོད་མ་དག་པར་བཅུད་བླུག་ཏུ་མི་བཏུབ་པ་བཞིན་ནོ། །སྨན་རག་གཏོར་མ་འབུལ་བ་བྱིན་རླབས་ལུང་། །གསུམ་པ་མཆོད་རྫས་བྱིན་རླབས་ཀྱི་ལུང་མཆོད་པ་བྱིན་གྱིས་བརླབ་པ་ནི་སྐུའི་མཆོད་པ་གཏོར་མ། གསུང་གི་རཀྟ། ཐུགས་ཀྱི་བདུད་རྩིའོ། །འདི་མ་བྱས་ན་སྐུ་གསུང་ཐུགས་མཉེས་པར་མ་བྱས་སོ། །བཞི་པ་བདག་ཉིད་རྩ་བའི་ལུང་དུ་ཞི་ཁྲོའི་ལྷ་བསྒོམ་པ་ནི། སྤྱིར་སངས་རྒྱས་ཐམས་ཅད་རྒྱུད་ཞི་བ་ལས། གདུལ་བྱ་ལ་དགོངས་ནས་སྐུ་ཁྲོ་བོར་བསྒྱུར་བའོ། །ཞི་ཁྲོ་བསྐྱེད་རྫོགས་བསྒོམ་པ་རྩ་བའི་ལུང་། །བསྒོམ་དབྱངས་ཉམས་སུ་ལེན་པ་བསྙེན་པའི་ལུང་། །ལྔ་པ་བཟླས་བརྗོད་བསྙེན་པའི་ལུང་དུ་བཟླས་པ་བྱ་བ་ནི་ཐུགས་ཕྲ་མོའི་ཏིང་ངེ་འཛིན་ནང་དུ་བསྒོམས་པས་ཕྱིར་བསྒོམ་རྒོད་པ་སེལ་ལ། དབྱངས་བླངས་པས་ནང་དུ་བྱིང་བ་གསེང་བར་བྱེད་པའོ། །འདོད་ཡོན་ཚོགས་སུ་འབུལ་བ་བཟའ་བའི་ལུང་། །དྲུག་པ་བཟའ་བ་ཚོགས་ཀྱི་ལུང་དུ་ཚོགས་གཏང་བ་ནི། སྤྱིར་འཁོར་བ་དཔག་མེད་དུ་ཟས་སྐོམ་ཟོས་འཐུངས་བྱས་ཀྱང་བསོད་ནམས་མ་ཐོབ། དོན་ལྡན་དུ་མ་ཤེས། འདིར་འདོད་ཡོན་ཚོགས་སུ་རོལ་པས་བསོད་ནམས་དཔལ་ཏུ་མེད་པའོ། །ལྷག་བདུན་པ་ལྷག་མ་


DNG019_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་སྡུད་ཀྱི་ལུང་དུ་ལྷག་མ་བསྐྱངས་ཤིང་དཀྱིལ་འཁོར་བསྡུ་བ་ནི་བཀའ་སྲུང་གི་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་ན་ལྷག་མ་སྐྱོང་བ་དང་ཆོས་སྐུའི་འབྲས་བུར་གནས་པར་བྱ་བའི་ཕྱིར་དཀྱིལ་འཁོར་བསྡུས་ལ་རྫོགས་རིམ་བསྒོམ་པའོ། །མཆོད་དཀྱིལ་འཁོར་བསྡུ་བ་རྫོགས་རིམ་ལུང་། །རྒྱས་པ་རིམ་བཤད་ཟུར་ཙམ་བློ་ཁ་དབྱེ། །ཡང་རྒོལ་བ། འདིར་ཡང་ཟློས་པ་དང་། སློབ་མ་ཐེག་པ་འོག་མ་པ་ཡིན་པ་འདིར་བློ་ཁ་ཕྱེ་ནས་ཟབ་མོ་བསྟན་པ་དེར་ང་ཡིན་ཞེ་ན། འདིར་རྐང་གྲངས་ཙམ་ལས་དོན་དངོས་སུ་མ་བཤད་པས་འགལ་བ་མེད་དོ། ༈ །རྫོགས་པ་འགྱུར་མེད་ཡེ་ནས་གནས་པ་ཡིན། །ཆོས་ཉིད་འགྱུར་མེད་ནམ་མཁའ་ལྟ་བུར་ཆེ། ༈ །འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གིས་སེམས་ཉིད་ལ་རྫོགས་ལ། དེ་ཉིད་ངོ་བོ་སངས་རྒྱས་ལ་འགྱུར་མེད་དུ་གནས་དེ་ཆོས་ཉིད་མི་འགྱུར་བའི་ངང་ན་གནས་པའོ། །དེའི་དཔེ་ནམ་མཁའ་ལྟ་བུ་དེ། ནམ་མཁའ་རང་གི་ངོ་བོ་ཉིད་ཀྱིས་སྟོང་ཞིང་མི་འགྱུར་བར་གནས་པ་ལྟ་བུའོ། །སྣང་བ་ནི་ཕྱི་སྣོད་སྲིད་པ་ནི་ནང་བཅུད་རྣམ་པར་དག་པ་ནི་སྣོད་ཆོས་ཉིད་དུ་རྣམ་པར་དག་པ་བཅུད་སེམས་ཉིད་དུ་རྣམ་པར་དག་ལྟ་བའི་དཀྱིལ་འཁོར་ནི། །ཁྱུང་ཆེན་ཆོས་ཉིད་དང་སེམས་ཉིད་ནི། རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་དག་སྟེ། ནམ་མཁའ་ལ་འབྱུང་བཞིས་གནོད་མ་བསྐྱལ་བ་ལྟར་ལས་ཉོན་གྱིས་སེམས་ཉིད་ངོ་བོ་ཉིད་ལ་གནོད་མ་བསྐྱལ་བ་སྟེ། ལྟ་བ་རྩོལ་བསྒྲུབ་ཐམས་ཅད་དང་ཕལ་བ་ནི་ཁྱུང་དང་ནམ་མཁའ་ལ་ལྡིང་བ་དང་འདྲ་བར་གནས་སོ། །གཤོག་རྫོགས་མཁའ་ལ་ལྡིང་བ་འདྲ། ༈ །སེམས་ཉིད་བསྒོམ་པ་ནང་ན་རང་གསལ་བ། །རྒྱ་མཚོ་གཟིངས་ཀྱིས་མ་བསྐྱོད་གནས་པ་ཡིན། །དཔེར་ན་ཆུ་མ་རྙོགས་ན་དྭངས་པ་ནི་རྒྱ་མཚོ་གཟིངས་ཀྱིས་མ་བསྐྱོད་པ་འདྲ་ལ། དེ་བཞིན་སེམས་མ་བཅོས་ན་གསལ་བ་ལྟ་གྲུབ་མཐའ་ངན་པའི་རྗེས་སུ་མི་འབད་པར་བུམ་པ་ནང་གི་མར་མེ་ལྟར་སེམས་ཉིད་མ་བཅོས་རང་གསལ་ཆེན་པོར་བཞག་ལ་རྣམ་རྟོག་གི་རྗེས་སུ་མི་འབྲང་བར་བསྒོམ་སྟེ། རྣམ་རྟོག་སྐྱེ་དུས་སུ་རྟོག་པ་དེ་ཉིད་ཆོས་ཉིད་སྟོང་པ་ཉིད་དུ་ཤེས་པར་བྱས་ལ་བསྒོམ་པར་བྱ་བ་ཡིན་ནོ། །ལུས་ངག་ཡིད་སྤྱོད་རྣམ་རྟོག་ཟིལ་གནོན་པ། །ལུས་ཀྱི་རྣམ་རྟོག་བདེ་བ། ངག་གི་རྣམ་རྟོག་དབྱངས། སེམས་ཀྱི་རྣམ་རྟོག་བསྒོམ་དུ་ཤེས་པར་བྱས་ནས་འཁོར་བ་རང་ག་མའི་སྤྱོད་པ་མི་སྤྱོད་པ་ནི་དཔེར་ན། སེང་གེ་གངས་ལ་སྐད་གྲགས་པས་ནགས་ཀྱི་གཅན་གཟན་རྣམས་སྐྲག་པ་དང་མཚུངས་པར་ཐེག་དམན་ཟིལ་གྱིས་གནོན་པའི་སྤྱོད་པའོ། །སེང་གེའི་སྐད་ཀྱིས་གཅན་གཟན་སྐྲག་པ་


DNG019_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། ༈ །སེམས་ནམ་རྟོག་པའི་དུས་སུ་འབྲས་བུ་རང་གཞན་གྱིས་དགོས་པ་འབྱུང་བ་ནི། །དཔེ་ཡིད་བཞིན་རིན་ཆེན་ལྟ་བུར་འབྱུང་ལ་མ་རྟོགས་ན་མི་འབྱུང་བ་ཁུ་བྱུག་ལྟ་བུའོ། །རྫོགས་ཆེན་ནི་མདོར་ན་རྩེ་ལ་ཁུ་བྱུག་ལྡིང་། ༈ །སྣང་སྲིད་ཐམས་ཅད་ཡེ་ནས་སངས་རྒྱས་པ་འབྲས་བུ་ཆོས་ཀྱི་སྐུ་ཁོ་ནར་འདོད་པའོ། །མདོ་ཙམ་བཤད་ནས་བློ་ཁ་དབྱེ་བར་བྱ་སྟེ་རྒྱས་བཤད་ཀྱི་སྣོད་དུ་རུང་མི་རུང་བརྟག་གོ། །རྒོལ་བ་ཀྲི་ཡོག་མན་ཆད་ལ་བློ་ཁ་ཕྱེ་ནས་ནང་པ་ལ་འཇུག་པ་ཡིན་པ་ལ། ནང་པ་ལ་བློ་ཁ་ཕྱེ་བ་འགལ་ལོ་ཞེ་ན། མན་ངག་དངོས་སུ་བཤད་པ་མེད་པས་མི་འགལ་ལོ། །ཐེག་ཆེན་རྒྱལ་པོ་ས་དང་འདྲ་སྟེ་རྒྱལ་པོ་རང་ས་ཟིན་ནོ། །རྒྱལ་རིགས་ཀྱི་བླ་ཚེ་རྟ་རུ་རྒྱུའོ། །རང་གི་རྒྱལ་སྲིད་སྐྱོང་བར་བྱེད། །རྗེའུ་ནི་བླ་ཚེ་ལུག་ཏུ་འབྱུང་རིགས་ཆུ་བོའི་རྒྱུན་ལྟ་བུ་ངང་རྒྱུད་རིང་ལུས་ངག་ཡིད་ཀྱི་སྤྱོད་པ་ངལ་ཏེ་ཆུ་དང་འདྲའོ། །རང་གི་ངང་རྒྱུད་དལ་འབབ་རིང་། །བྲམ་ཟེ་འི་རིགས་ནི་བླ་ཚེ་རང་འབྱུང་ཚ་བ་མེ་དང་འདྲ་སྟེ་རིག་པ། །རྣོ་སྲེག་རབ་ཡོན་ཏན་རབ་ཏུ་ཆེ་ཤེས་རབ་མེ་ཏུ་འབར་བ་འདྲ ་འོ། །དམངས་རིགས་རླུང་དང་འདྲ་བ་སྟེ། །མི་དམངས་རིགས་ནི་བླ་ཚེ་ཤ་བར་འབྱུང་སྤྱོད་པ་རླུང་དང་འདྲ་སྟེ་མི་སྡོད་པར་འགྲོ་བ་དང་ཀུན་ལ་ཁྱབ་ཅིང་ཡང་བ་ཉིད་སྟེ་དཔེ་ལུག་ལྟུགས་པའི་ནང་དུ་ཚུད་པ་ལྟར་རྒྱུག། །གཏུམ་པོ་དྲག་པོ་གདོལ་པའི་རིགས། །མི་གདོལ་པའི་རིགས་ནི་བླ་ཚེ་ཕག་ཏུ་རྒྱུ། ལུས་ངག་ཡིད་གསུམ་ཁྲོ་གཏུམ་ཆེ་བ་བདག་གཞན་དྲག་པོར་བསྒྱུར་བར་བྱེད་དེ། །དཔེར་ན་སོལ་འཚོང་གི་གོས་ཀྱང་འགྱུར་བ་ལྟ་བུའོ། །མི་རིགས་དེ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་ཀྱི་སྐལ་བར་གང་ལྡན་བརྟག ༈ ། ཁྱད་པར་དུ་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས་ལས་ངེས་པར་སྐྱེས་པའོ། །མི་རང་བཞིན་ངང་གི་ཚུལ་གཤིས་ཀྱིས་བཟང་། །ངན་པའི་ལས་དང་སྤྱོད་པ་ཀུན་ཏུ་སྤངས། །རས་སྣམ་དཀར་པོ་ལྟ་བུ་ལ། །སེར་ཚུར་རྫས་ལྟར་ལེན་པ་ཡིན། །དེ་ཡང་གཤིས་ཀྱིས་བཟང་ངན་གཉིས་ཡོད་པ་ལས་བཟང་བ་རས་སྣམ་དཀར་པོ་ལྟ་བུ། ངན་པ་ནག་པོ་ལྟ་བུའོ། །དཀར་པོས་ཚོས་རྩི་ལེན་པ་ལྟར། ཡོན་ཏན་ལེན་པར་ནུས་ལ། ནག་པོ་བསྒྱུར་མི་ནུས་པ་ལྟར་རོ། །དེ་ཡང་སློབ་མ་བཟང་བ་རས་དཀར་ལྟ་བུ་ལ་སེར་ཚུར་ལྟ་བུའི་བློ་སྐྱེས་ནས་མན་ངག་ལེན་ཅིང་འཛིན་པར་ནུས་པ་ནི། སངས་


DNG019_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྤུ་བརྟག་པ་གསུངས་སོ། །དད་པས་མི་འཕངས་སྲོག་ལུས་ལོངས་སྤྱོད་གཏང་། །དད་པ་བརྟག་པ་ནི་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། ལུས་སྲོག་ལོངས་སྤྱོད་ལ་མི་ཆགས་པར་ཆོས་ཕྱིར་གཏང་བའོ། །བྱེ་བྲག་ལ་ལྔ་སྟེ། ངོ་བོ་ནི་སྤྲོ་བ་སྐྱེ་བའོ། །ངེས་ཚིག་ནི་དད་ཅིང་གུས་པའོ། །དབྱེ་བ་གསུམ་ལས། དང་བའི་དད་པ་བླ་མ་ལ་སྒོ་གསུམ་གུས་པ། ཡིད་ཆེས་པའི་དད་པ་མི་འགྱུར་བར་བརྟན་པ། འདོད་པའི་དད་པ་མན་ངག་འདོད་པའོ། །ཡོན་ཏན་ནི་དཀར་པོའི་ཆོས་དང་ཕྲད་ནས་ནག་པོ་ལས་བློ་བཟློག །གསང་སྔགས་ལ་ཞུགས་ནས་ཕྱིར་མི་ལྡོག་པ་དད་པ་བརྟན་པ་ལ་སྦྱིན་ནོ། །བླ་མའི་སྐུ་ལ་དང་སྤྲོ་སྒོ་གསུམ་གུས། །ཡི་དམ་ཡིད་ཆེས་དམ་ཆོས་འདོད་པ་དང་། །མི་ལྡོག་བརྟན་པོ་ཅན་ནི་འདི་ཡི་རིགས། ༈ །ཉན་པ་སྒྲ་ཙམ་ཁ་བུབ་མེད་པ་དང་། །བརྟན་པའི་དོན་ཤེས་ཤིང་ལེགས་པར་རྟོགས་པ་སྟེ། ཤེས་རབ་བཞིས་སྣོད་ཀྱི་སྐྱོན་བཞི་བསལ་ཏེ། ཉན་པའི་ཤེས་རབ་ལ་བརྩོན་པས་སྣོད་ཁ་སྦུབས་ཀྱི་སྐྱོན་མེད་པ་ནི། ཉན་པ་སྒྲ་ཤ་སྟག་ལ་སློབ་པའི་དུས་སོ། །སྣོད་ཁ་སྦུབས་ནི་བཅུད་མི་འཛིན་ནོ། །བསམ་པ་སྒྲ་དོན་དྲི་མ་མེད་པར་བྱེད། །བསམ་པའི་ཤེས་རབ་ལ་ནན་ཏན་དུ་གྱུར་པས་སྣོད་དྲི་མ་ཅན་གྱི་སྐྱོན་མེད་པ་ནི། བསམ་པ་སྒྲ་དོན་གཉིས་སེམས་ཏེ། དཔེར་ན་སྣོད་དྲི་མ་ཅན་དུ་བཅུད་བླུག་ཏུ་མི་བཏུབ་པ་དང་འདྲའོ། །ངན་སེམས་སྤངས་ལ་ཉན་ནོ། །བསྒོམ་པ་ནན་ཏན་སྒྲ་དོན་དུག་ཀྱང་འབྱིན། །བསྒོམ་པའི་ཤེས་རབ་ལ་ནན་ཏན་དུ་གྱུར་པས་སྣོད་དུག་ཅན་ལྟ་བུའི་སྐྱོན་སྤང་སྟེ། དུག་ཅན་དུ་བཅུད་བླུགས་ཀྱང་དགོས་པ་མེད་པའོ། །བསྒོམ་པ་ནི་དོན་འབའ་ཞིག་ཡུལ་དུ་བྱས་ནས་བསྒོམ་པའོ། །གསང་ཐུབ་ཞབས་རྡོལ་ལྐུགས་པ་ལྟ་བུ་ཉིད། ༈ །གསང་བའི་ཤེས་རབ་གསང་ཐུབ་པས་སྣོད་ཞབས་རྡོལ་གྱི་སྐྱོན་སྤང་སྟེ། སྣོད་ཞབས་རྡོལ་གྱི་བཅུད་ཟག་འགྲོ་བ་བཞིན། གསང་སྔགས་ཀྱི་མན་ངག་ཟབ་མོ་གསང་ཐུབ་པར་བྱའོ། །ཚིག་དང་སྤྱོད་པ་དམ་ཚིག་ནི། །ངེས་པ་བཞི་ཚིག་ལ་གྲོན་འཐེབས་མེད་པར་ངེས། དད་པ་སྐྱོ་ངལ་མེད་པར་ངེས། སྤྱོད་པ་ཐང་ལྷོད་མེད་པར་ངེས། དམ་ཚིག་འཁུ་ལོག་མེད་པར་ངེས་ཏེ། རིགས་ལྔ་གང་ལ་འདི་རྣམས་ཚང་བ་དེ་ལ་གདམས་ངག་བསྟན་ནོ། །དང་ལྡན་པ་སྟེ། ༈ །ཇི་ལྟར་ས་གཞི་གཤིན་པོ་ལས། །དངོས་གྲུབ་ལོ་ཏོག་སྨིན་པའི་གཞི། ༈ །དེ་ལྟ་བུ་དེ་ནི་དཔེར་ན་ས་གཞི་གཤིན་པ་ལ་ས་བོན་གང་བཏབ་སྨིན་པ་དང་འདྲ་བར་སློབ་མ་གཞི་ལེགས་པ་དེ་ལ་མན་ངག་ཟབ་


DNG019_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ས་བོན་དང་འདྲ་བ་བསྟན་པས་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་སྨིན་པར་བྱེད་པའོ། །དེ་ཡང་སེམས་ཉིད་ཤེས་རབ་དང་ལྡན་པའི་ས་གཞི་ལ་གདམས་ངག་འབྲུ་བཟང་གི་ས་བོན་བཏབ་པས་དངོས་གྲུབ་རྣམ་གཉིས་ཀྱི་ལོ་ཏོག་སྨིན་པའོ། །སློབ་མའི་བློ་ཡང་རྣམ་པ་བརྒྱད། །སློབ་མའི་བློ་ལ་མཚན་ཉིད་བརྒྱད་སྟེ། དང་པོ་སློབ་མ་དད་པ་ཅན་ནི་ཞིང་ས་དང་འདྲ་སྟེ་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་དང་འབྲས་བུ་སྨིན་པར་བྱེད་པ་དང་། གཉིས་པ་བརྩོན་འགྲུས་དང་ལྡན་པ་ནི་བརྩོན་འགྲུས་ལྕག་དང་འདྲ་སྟེ་དགེ་བའི་ཆོས་ཟད་མེད་ལ་བསྐུལ་བ་དང་རྟོགས་པའི་ཉམས་ཁྱད་པར་ཅན་བསྐྱེད་པའི་གྲོགས་སུ་འགྱུར་བའོ། །གསུམ་པ་མོས་གུས་དང་ལྡན་པ་ནི་མོས་གུས་འོག་གཞུང་དུ་རྡོར་རྡོར་འདུག །བྱེ་རྡོ་དང་འདྲ་སྟེ་ལུས་ངག་ཡིད་གསུམ་གང་གིས་མོས་གུས་བྱས་པ་དེ་ལ་བྱིན་རླབས་ཆུ་བོའི་རྒྱུན་ལྟ་བུར་འབྱུང་བའི་ཡོན་ཏན་གྱིས་བར་ཆོད་མི་འབྱུང་བ་དང་། བཞི་པ་གཏོང་ཕོད་ལྡན་པས་གཏོང་ཕོད་གཉེར་གཏད་དང་འདྲ་སྟེ། བླ་མའི་དྲིན་ལན་ཁྱད་དུ་མི་གསོད་ཅིང་རང་གི་ལོངས་སྤྱོད་དོན་ཅན་དུ་སོང་བ་དང་། ལྔ་པ་ངང་རྒྱུད་དང་ལྡན་པ་ངང་རྒྱུད་ཆུ་བོ་དང་འདྲ་སྟེ་ཕས་ཀྱི་རྒོལ་བ་ལ་ལན་མི་ལྡོན་ཅིང་བླ་མའི་བྱ་བ་ལ་ཡིད་གུས་པར་གནས་པ་དང་། དྲུག་པ་རིགས་རྒྱུད་དང་ལྡན་པས་རིགས་རྒྱུད་རྒྱལ་པོ་ལྟ་བུ་དེ། བྱ་བ་དམན་པའི་ཆ་ལ་མི་འཇུག་ཅིང་ཆ་བ་དང་ལྡན་པའི་སྤྱོད་པས་གཞན་ཟིལ་གྱིས་གནོན་པ་དང་། བདུན་པ་བརྟུལ་ཕོད་དང་ལྡན་པས་བརྟུལ་ཕོད་སེང་གེ་དང་འདྲ་སྟེ་ལྟ་བ་ངན་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཟབ་མོའི་ཆོས་ལ་སྐྲག་པ་མེད་པ་སྟེ། དེ་དག་ལ་ཡང་ཉམ་ང་བག་ཚ་མེད་པ་དང་། བརྒྱད་པ་ཕྱིར་མི་ལྡོག་པ་ནི། ཕྱིར་མི་ལྡོག་པ་རྒྱ་མཚོར་རྡོ་བསྒྱུར་བ་ལྟ་བུ་སྟེ་མན་ངག་གི་དོན་ལ་ངེས་ཤེས་སྐྱེས་ནས་ཐེ་ཚོམ་ཡིད་གཉིས་མེད་པར་སྐུ་གསུམ་གྱིས་དགོངས་པ་མཐར་ཕྱིན་པར་བྱེད་པའོ། །དད་པའི་ཞིང་ས་བརྩོན་འགྲུས་ལྕག །མོས་གུས་རྗེད་རྡོར་གཏོང་ཕོད་གཉེར། །ངང་རྒྱུད་རིགས་རྒྱུད་བརྟུལ་ཕོད་ལྡན། །ཕྱིར་མི་ལྡོག་པར་གནས་པའོ། ༈ །བརྒྱུད་ལྡན་དེ་ལ་གདམས་ངག་སྦྱིན། །སློབ་མའི་བློ་ཤེས་རབ་ཕྱེ་བ་དེ་ལ་བླ་མས་ངེས་པའི་ལུང་དཔལ་ཡང་དག་བསྒྲུབ་པའི་ལུང་བདུན་པོ་གོང་ལྟར་བསྟན་པར་བྱའོ། ༈ །བརྒྱུད་གང་གིས་སྦྱིན་པའི་མཚན་ཉིད་དྲུག་ལྡན་ཏེ། དང་པོ་བླ་མ་དམ་པ་བརྒྱུད་པ་དང་ལྡན་པ་བཀྲ་ཤིས་བྱིན་རླབས་ཉེ་བ་དང་། གཉིས་པ་གདམས་ངག་ཟབ་པ་དང་ལྡན་པས་རྒྱུད་གྲོལ་བར་སླ་ལ་འབྲས་བུ་མྱུར་བ། གསུམ་པ་ཤེས་རབ་དང་ལྡན་པས། ཟབ་མོའི་དོན་ལ་ཐོགས་པ་མེད་ཅིང་གདུལ་བྱའི་བློའི་ཆོད་ལ་མཁས་པ་དང་། བཞི་པ་དབང་བསྐུར་དང་ལྡན་པས་ལུས་ངག་ཡིད་གསུམ་གྱི་རྟོག་པ་ལས་


DNG019_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནས་སྐུ་གསུམ་གྱི་འབྲས་བུ་སྨིན་པའི་གཞིར་གྱུར་པ་དང་། ལྔ་པ་བྱིན་རླབས་དང་ལྡན་པས་སློབ་མ་བྱིན་གྱིས་རློབ་པར་ནུས་ཤིང་ངེས་ཤེས་རྒྱུད་ལ་འཆར་བ་དང་། དྲུག་པ་སྙིང་རྗེ་དང་ལྡན་པས་ཡང་དག་པའི་དོན་སྟོན་ཅིང་སེམས་ཅན་གྱི་དོན་ལ་སྐྱོ་བ་མེད་ལ་ལམ་ལ་འདུག་པའི་གང་ཟག་གི་འབྲས་བུ་མཐར་ཕྱིན་པར་བྱེད་པའོ། །མི་ལྡན་པའི་སྐྱོན་ནི། བརྒྱུད་པ་མེད་ན་རས་ཆོད་ཡིན། གདམས་ངག་མེད་ན་སྡུག་པ་བརྐྱང་བ་ཡིན། ཤེས་རབ་མེད་ན་དམུས་ལོང་ཡིན། དབང་བསྐུར་མེད་ན་བྱིན་རླབས་མི་འབྱུང་། བྱིན་རླབས་མེད་ན་ནུས་པ་མེད། སྙིང་རྗེ་མེད་ན་སྲིན་པོ་ཡིན་ནོ། །དེ་ཡན་ཆད་ལུང་གི་སྣོད་ཀྱི་ཁྱད་པར་བསྟན་པའི་སྐབས་ཞེས་བྱའོ། །ལྡན་གདམས་ངག་ཤེས་རབ་ལྡན། །དབང་བསྐུར་བྱིན་རླབས་སྙིང་རྗེར་ལྡན། །བློ་ཞེན་པས་གསང་སྔགས་རྨད་དུ་བྱུང་བའི་སྤྱོད་པ་ལ་འཇུག་མི་ནུས་ཤེས་རབ་ཆུང་བ་ཡིས། །ཡང་དག་པའི་ཆོས་ཉིད་སྐྱེ་བ་མེད་པའི་དོན་མི་རྟོག་པས། དེས་ནི་ཇི་ལྟར་འབད་ནས་བསྒྲུབས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ་པར་མི་འགྱུར་ཏེ། །འཕུང་བར་བྱེད་ཅིང་དེ་ལ་ཆོས་དེ་སྟོན་པའི་སློབ་དཔོན་དང་གཉིས་ཀ་རྡོ་རྗེ་དམྱལ་བར་བསྲེག་པས་ན། །དེ་བས་གཞན་དུ་བསྟན་པ་མིན་ཏེ། ༈ །དེའི་ཕྱིར་ན་བླ་མ་བཀུར་མི་ནུས། གདམས་ངག་བསྒྲུབ་མི་ནུས། ལྟ་བ་རྟོགས་མི་ནུས་སྤྱོད་པ་སྤྱད་མི་ནུས་པའི་ཕྱིར་ན་དེ་ལྟ་བུ་ལ་གལ་པོ་འདི་བསྟན་པར་མི་བྱའོ། །མི་རྟོག་པར་ཤེས་པར་གྱིས་ལ་གཏི་མུག་ཅན་ཁྱོད་གཉིད་ལོག་ལ་ཅིག་པའོ། །འདོད་ཆགས་འདོད་ན་བུད་མེད་བསྟེན། །འདོད་ཆགས་བདེ་བར་ཤེས་པར་གྱིས་ལ་བུད་མེད་ལ་སྙོམས་པར་ཞུགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་སྒོམས་ཤིག་པའོ། །ཞེ་སྡང་གིས་ནི་མ་ལུས་གསད། །ཞེ་སྡང་གསང་བར་ཤེས་པར་གྱིས་ལ་ཞིང་བཅུའི་སེམས་རང་རིག་འོད་གསལ་བ་རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས་སྤོར་ཅིག་གོ། །ང་རྒྱལ་རི་བོས་ཀུན་མནན་ཅིང་། །ང་རྒྱལ་ལམ་དུ་བསླང་བ་ལ་ལྟ་བ་མངོན་པར་མཐོ་བ་དང་ཏིང་ངེ་འཛིན་ལ་སྲན་ཚུགས་པར་སྒོམས་ཤིག་པའོ། །ཕྲག་དོག་གཞན་མི་ཤོང་བར་བྱ། །ཕྲག་དོག་ལྟ་ངན་འཇོམས་པ་ཡིན་པས་ན་མུ་སྟེགས་བྱེད་ལས་སོགས་པའི་བལྟ་བ་ངན་པ་རྣམས་ལ་ཕྲག་དོག་པས་གོལ་སར་གྱུར་པ་རྣམས་མ་ལུས་པར་སྤང་བར་བྱའོ། །དུག་ལྔའི་སྤྱོད་པ་རྨད་བྱུང་ཆོས། ༈ །དུག་ལྔ་ལམ་དུ་ཤེས་ན་གསང་སྔགས་ཀྱི་སྤྱོད་པ་ཡིན་གཞན་གྱིས་སྨད་ཀྱང་རང་ལ་དངོས་གྲུབ་འབྱུང་བའོ། །ཆོས་ཉིད་བཅོས་སླད་བྲལ་བ་ལ། །ཆོས་ཉིད་རྣམ་


DNG019_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གིས་བཅོས་པ་དང་། མི་རྟོག་པས་བསླད་དུ་མེད་པ་ཡིན་ན་ཁྱོད་ཀྱིས་སེམས་ཀྱི་རྣམ་རྟོག་བསལ་ནས་མི་རྟོག་པ་བླང་ཞིང་བཅོས་སུ་ག་ལ་ཡོད་ཅེས་པའོ། །ཁྱོད་ཀྱི་སེམས་ཀྱིས་གང་ལ་བཅོས། །སེམས་ཅན་ཀུན་གྱི་སེམས་ཉིད་ཡེའམ་གདོད་མ་ནས་སངས་རྒྱས་ཡིན་པ་ལ། །ད་གདོད་གཞན་ནས་སངས་རྒྱས་གང་ནས་ཚོལ། ༈ །གཞན་ནས་རྙེད་ན་སངས་རྒྱས་མིན། སེམས་ཉིད་ཡེ་གདོད་མ་ནས་སངས་རྒྱས་ན་ལམ་གྱིས་བཅོས་ན་སངས་རྒྱས་བཅོས་མར་སོང་བའོ། །ལྟ་སྤྱོད་རྣམ་གཉིས་མ་རྟོགས་པར་རྩོལ་བས་འབད་ནས་བསྒྲུབས་ཀྱང་། །འབྲས་བུ་སྐུ་གསུམ་ཐུགས་ཀྱི་དངོས་གྲུབ་རྣམ་གསུམ་ཐོབ་པར་མི་འགྱུར་རོ། ༈ །བླ་མ་ཚོགས་གཉིས་གཙོ་བོ་ལ། །བླ་མ་སྤྱི་བོར་བསྒོམས་ཤིང་གུས་པ་བྱས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས། བླ་མས་གསུངས་པའི་གདམས་ངག་དྲན་ཞིང་རྟོགས་པ་མངོན་དུ་ཤར་བས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་ན་བླ་མ་རྟག་ཏུ་སྤྱི་བོར་བསྒོམས་ལ་མཆོད་པར་བྱའོ། །ཚོགས་ནི་རབ་ཏུ་བསག་པར་བྱ། ༈ །ཕྱི་ལ་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མས་ནི་རང་ལུས་རྩའི་འཁོར་ལོ་ལ་བརྟེན་ནས་བུམ་དབང་བསྐུར་ནུས། །ནང་དུ་རང་བྱུང་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་ནི་སྔགས་ཡི་གེ་ལ་བརྟེན་ནས་གསང་དབང་བསྐུར་ནུས། །གསང་བ་ལྷན་ཅིག་སྐྱེས་པ་འི་ཡེ་ཤེས་སྟོན་པའི་བླ་མ་དམ་པ་ནི་ཁམས་གསུམ་བདུད་རྩི་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནུས་སྟེ། །ཆོས་རྣམས་ཤིན་ཏུ་རྣམ་གྲོལ་སྟོན། ༈ །དེ་ཁོ་ན་ཉིད་དུ་ཤིན་ཏུ་རྣམ་པར་དག་པར་སྟོན་པའི་བླ་མ་དམ་པ་ནི་སྙིང་པོ་རླུང་ལ་བརྟེན་ནས་བདེ་བ་ཆེན་པོའི་དབང་བསྐུར་བར་ནུས་པའོ། །བླ་མའི་དབྱེ་བ་བཞིའོ། །བླ་མ་ཡོན་ཏན་བདུན་བླ་མ་ཡོན་ཏན་བདུན་ལྡན་དུ་བསྟེན་པར་བྱ་བ་ནི། དང་པོར་བླ་མ་རྗེས་སུ་དྲན་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཏེ། བླ་མའི་གདམས་ངག་དང་བྱིན་རླབས་ཀྱིས། ལྐོག་གྱུར་གྱི་དོན་མངོན་དུ་གསལ་བས། ཡེ་ཤེས་ཀྱི་སྤྱན་ཡང་བྱེ་སྟེ་དུས་མཉམ་དུ་ཐུག་ཕྲད་དུ་གྲོལ་ནས། དུས་གཞན་དུ་མི་ལྟོས་པའི་ཡོན་ཏན་ཡོད། གཉིས་པ་བླ་མའི་ཐུགས་སངས་རྒྱས་ཡིན་པས་སངས་རྒྱས་རྗེས་སུ་དྲན་པ་རང་དོན་ཆོས་སྐུ་ཐོབ་ནས། གཟུགས་སྐུ་རྣམ་གཉིས་གཞན་དོན་བྱེད་པའི་ཡོན་ཏན་ཡོད། གསུམ་པ་བླ་མའི་གསུང་ཆོས་ཀྱི་ཕུང་པོར་བཞུགས་པས། ཆོས་རྗེས་སུ་དྲན་པས། བསྟན་པའི་སྙིང་པོ་ནུབ་པ་མེད་པར་སླང་ལ་རང་བཞིན་རྒྱས་ཏེ། འཁོར་འདས་རྒྱུ་འབྲས་ལས་དགེ་སྡིག་ཤན་འབྱེད་པའི་དགོས་པ་ཡོད། བཞི་པ་བླ་མའི་སྐུ་ཉམས་སུ་


DNG019_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་དགེ་འདུན་ཡིན་པས་དགེ་འདུན་རྗེས་སུ་དྲན་པས་རང་དོན་མཐར་ཕྱིན་ཏེ། ཆེ་བའི་ཡོན་ཏན་མཐོང་བས་རྗེས་སུ་སྤྲོས་ཏེ་གཞན་འཇུག་པའི་ཡན་ལག་ཏུ་འགྱུར་བའི་ཡོན་ཏན་ཡོད། ལྔ་པ་བླ་མའི་སྐུ་གསུང་ཐུགས་དང་ཡི་དམ་དབྱེར་མེད་པས། ཡི་དམ་རྗེས་སུ་དྲན་པས། ལྟ་བ་མཐར་ཐུག་མ་རྟོགས་ཀྱང་ཡི་དམ་ལྷའི་བྱིན་རླབས་ཀྱིས་ལམ་ལོག་པར་མི་འགྲོ་ཞིང་འཁོར་བར་མི་འཁྱམས་པའི་ཡོན་ཏན་ཡོད། བདུན་པ་ཡི་དམ་གང་ན་གནས་པ་ན་མཁའ་འགྲོ་གནས་པས། མཁའ་འགྲོ་རྗེས་སུ་དྲན་པས། ཡེ་ཤེས་མཁའ་འགྲོ་དང་རྡོ་རྗེ་མཁའ་འགྲོ་ནི་མཆོག་གི་དོན་ཡིན་ལ། ལས་ཀྱི་མཁའ་འགྲོ་དང་འཇིག་རྟེན་མཁའ་འགྲོ་ནི། འབྲས་བུ་ཉེ་བར་སྒྲུབ་པར་བྱེད་པའི་གྲོགས་སུ་འགྲོ་བ་དང་། ཐུན་མོང་གི་དངོས་གྲུབ་སྟེར་བས་དངོས་གྲུབ་རྣམ་གཉིས་འགྲུབ་པར་བྱེད་པའི་ཡོན་ཏན་ཡོད། བདུན་པ་མཁའ་འགྲོ་མ་གང་ན་གནས་པ་ན་ཆོས་སྐྱོང་གནས་པས། ཕྱི་ནང་གི་བར་གཅོད་མི་འབྱུང་ཞིང་ཆོས་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་དེས་འདུལ་བས་བསྟན་པ་རྒྱུན་ཏུ་གནས་པའི་ཡོན་ཏན་ཡོད་དོ། ༈ །མ་དྲན་པའི་སྐྱོན་བདུན་ལ། བླ་མ་མ་དྲན་ན་ལོང་ཁྲིད་མེད་པའི་ལོང་བ་གཡང་ཁར་ལུས་པ་དང་འདྲ། རིགས་དྲུག་གི་གྲོང་ཁྱེར་རམ་གཡང་ལ་ལྟུང་། སངས་རྒྱས་མ་དྲན་ན། དབུལ་མོའི་གཏེར་དང་འདྲ་སྟེ། སངས་རྒྱས་རང་ལ་ཡོད་པ་མི་ཤེས། ཆོས་མ་དྲན་ན། དཔའ་བོ་གོ་མཚོན་མེད་པ་དང་འདྲ། གཡུལ་ངོར་འཇུག་མི་ནུས་པ་ལྟར་གདམས་ངག་ཉམས་སུ་བླང་རྒྱུ་མེད། དགེ་འདུན་མ་དྲན་ན་རྒྱལ་པོ་རྒྱལ་སྲིད་མེད་པ་དང་འདྲ་སྟེ། ཆོས་བྱེད་མཁན་མེད། ཡི་དམ་མ་དྲན་ན་ཇོ་བོ་ཤི་བའི་བྲན་དང་འདྲ་སྟེ། མཁའ་འགྲོ་ཆོས་སྐྱོང་དབང་དུ་མི་འདུས། མཁའ་འགྲོ་མ་དྲན་ན་ཕ་ཤི་བའི་དྭ་ཕྲུག་དང་འདྲ་སྟེ། ཆོས་ལ་རང་དགར་འཇུག །ཆོས་སྐྱོང་མ་དྲན་ན་དབང་ཆུང་བའི་ནོར་དང་འདྲ། དངོས་གྲུབ་དགྲ་བགེགས་ལ་འཆོར། མ་དྲན་པའི་སྐྱོན་བདུན་ནོ། །དེའི་ཕྱིར་བླ་མའི་སྐུ་ཉམས་སུ་ལེན་པ་དགེ་འདུན་ཡིན། གསུང་ཆོས་ཀྱི་འཁོར་ལོ་ཡིན། ཐུགས་སངས་རྒྱས་ཡིན། སྐུ་གསུང་ཐུགས་ཡི་དམ་ལྷ་ཡིན། ཡི་དམ་ནང་ན་གནས་པའི་འཁོར་མཁའ་འགྲོ་ཡིན། མཁའ་འགྲོའི་འཁོར་ཆོས་སྐྱོང་ཡིན་ནོ། །དེ་ལྟར་མ་ཤེས་ན་འཕུང་བྱེད་དོ། །ཅིའི་ཕྱིར་ན། བློ་ཞན་ལ་ཤེས་རབ་ཆུང་བའོ། །ལྡན་པ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས། ༈ །སྐྱོན་དང་ཡོན་ཏན་ཤེས་པར་བྱ། ༈ །མ་ཤེས་པས་ན་འཕུང་བར་འགྱུར། ༈ །ཉི་མ་འཁར་གཞོང་སྤྲ་བ་དང་། །དཔེར་ན་ཉི་མ་སྤྲིན་མེད་པ། འཁར་གཞོང་གཡའ་མེད་པ། སྤྲ་བ་རླན་མེད་གསུམ་འཛོམ་ན་མེ་འབྱུང་ལ།


DNG019_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཛོམ་ན་མི་འབྱུང་ངོ་། །བླ་མ་མན་ངག་ཅན། སློབ་མ་སྣོད་ལྡན། ཡི་དམ་བསྒྲུབ་ཐག་ཉེ་བ་གསུམ་འཛོམ་ན་འབྲས་བུ་འབྱུང་ངོ་། །ཟླ་བ་ཆུ་ཤེལ་ཆུ་སྣོད་དང་། ༈ །ཟླ་བ་སྤྲིན་མེད། ཆུ་ཤེལ་དང་བ། སྣོད་གཙང་བ་གསུམ་འཛོམ་ན་ཆུ་འབྱུང་། མ་འཛོམ་ན་མི་འབྱུང་བ་ལྟར། བླ་མ་མན་ངག་ཅན་སློབ་མ་སྣོད་ལྡན། ཡི་དམ་བསྒྲུབ་ཐག་ཉེ་བ་གསུམ་འཛོམ་ན་དངོས་གྲུབ་འབྱུང་མ་འཛོམ་ན་མི་འབྱུང་ངོ་། །པདྨ་བུང་བ་སྦལ་པ་དང་། །པདྨ་ལ་སྦྲང་རྩི་ཡོད་ཀྱང་སྦལ་པས་སྤུ་ཟུག་གིས་དོགས་པ་གྲིབ་མ་ལ་སྣོད་པ་དང་འདྲ་བ་སྣོད་ངན་ཡིན། བུང་བ་གཞན་ནས་འོངས་ཀྱང་སྦྲང་རྩི་ལོན་པ་སློབ་མ་ཐག་རིངས་ནས་གདམས་ངག་དོན་དུ་གཉེར་བས་ཐོབ་པ་ཡིན་ནོ། །གཡག་བེའུ་ཐག་པས་སྦྲེལ་འདྲ་བ། ༈ །གཡག་གི་བེའུ་ཤེད་ཆེ་བ་དང་བ་བེའུ་ཤེད་ཆུང་བ་གཉིས་ཐག་པ་གཅིག་ལ་སྦྲེལ་བས་གཡག་བེའུའི་ཞ་རལ་པའི་བེའུ་ཡང་གཡང་ལ་ལྷུང་བ་ལྟར། སློབ་མ་དམ་ཉམས་ན་སློབ་དཔོན་མ་ཉམས་པ་ལ་ཡང་གནོད་དོ། །བུམ་ནང་མར་མེ་ཕྱིར་མི་དབྱུང་། ༈ །གསེར་གྱི་བུམ་པའི་ནང་ན་ཏིལ་གྱི་མར་མེ་གང་ལ་མ་རྟོགས་པ་མེད་པར་གནས་པ་ལྟར། དེ་ལ་མར་མེ་ཕྱིར་བྱུང་ན་རླུང་གིས་འཆི་བཞིན། བླ་མའི་ཐུགས་ཀྱི་མན་ངག་མར་མེ་དང་འདྲ་བ་དེ་ཕྱིར་ལ་ཕྱུང་ནས་སྣོད་ངན་ལ་བྱིན་ན་རྣམ་རྟོག་གི་རླུང་གིས་འཆི་བར་ངེས་སོ། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། སྒྲུབ་པ་པོ་སྣོད་ལྡན་མི་ལྡན་གྱི་སྐྱོན་ཡོན་བསྟན་པ་སྟེ་བརྟག་པ་གསུམ་པའོ།། །།དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་གཞི་དམ་ཚིག་གིས་གཟུང་བར་བྱ་བའི་ཕྱིར་དམ་ཚིག་གསང་བ་མཆོག་འདི་དག་སྔགས་འཆང་བའི་དོན་དུ་གསུངས་སོ། །རྣལ་འབྱོར་ཡོ་ག་རྣམ་པ་ལྔ་དང་སྦྱར་ཏེ། མཚན་ཉིད་ཀྱི་གཞུང་གིས་ནི། ཞི་གནས་ལྷག་མཐོང་ཟུང་དུ་འདྲེལ་བ་ལ་རྣལ་འབྱོར་ཞེས་བྱ་སྟེ། དེ་ཡང་གཞུང་ལས། ཡེ་ཤེས་ཙམ་ལས་སྙོམས་འཇུག་པའི། །རྣལ་འབྱོར་ཞེས་ནི་དེ་ལ་བྱ། །ཞེས་པ་ནས། ཆོས་རྣམས་ཀྱི་དེ་བཞིན་ཉིད་སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་དེ་ནི། སུས་ཀྱང་མ་བཅོས་པའི་དོན་གྱི་རྣལ་མ་ཡིན་ལ། དེ་ལ་ལྷག་མཐོང་རང་རིག་ཡེ་ཤེས་ཀྱི་འབྱོར་ཏེ། གནས་པས་རྣལ་འབྱོར་ཞེས་སོ། །ཡོ་གའི་གཞུང་གིས་ནི། དེ་ཡང་གཞུང་ལས། རྣལ་འབྱོར་ཞེས་པ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་འབྱོར་པ་ནི། །ཁམས་གསུམ་མ་ལུས་ཐམས་ཅད་དོ། །ཞེས་འབྱུང་སྟེ། རང་སེམས་ཆོས་ཉིད་དབྱིངས་ཡེ་ཤེས་གཉིས་མེད་ངང་ལས་མ་གཡོས་པ་བཞིན་དུ། གང་བསྒྲུབ་བྱའི་


DNG019_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་སྐུ་གསུང་ཐུགས་ཕྱག་རྒྱ་མཚན་མའི་རྣམ་པར་ཡང་གསལ་ལ། གསལ་ཙམ་ན་མཚན་མ་མེད་པའི་དབྱིངས་ལས་ཀྱང་མ་གཡོས་ཏེ། མཚན་མ་ཡོད་མེད་གཉིས་སུ་མེད་པ་དེ་ནི། སུས་ཀྱང་མ་བཅོས་པའི་དོན་གྱིས་རྣལ་མ་ཡིན་ལ། དེ་སངས་རྒྱས་དང་ཆོས་ཐམས་ཅད་ལ་འབྱོར་པའམ། སངས་རྒྱས་དང་ཆོས་ཐམས་ཅད་དེའི་ངོ་བོའམ། རང་བཞིན་དུ་འབྱོར་ཏེ་གནས་པས་ན་རྣལ་འབྱོར་ཞེས་བྱའོ། །མ་ཧཱ་ཡོ་གའི་གཞུང་གིས་ནི། །རྣལ་འབྱོར་ཞེས་པ་ཤེས་རབ་ཐབས། །ཞེས་འབྱུང་སྟེ། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་དོན་གྱིས་རྣལ་མ་ལ། སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་འབྱོར་པ་མཆོག །ཕུན་སུམ་ཚོགས་པར་འབྱུང་བས་རྣལ་འབྱོར་ཞེས་བྱའོ། །ཨ་ནུ་ཡོ་ག་ནི། དབྱིངས་རྣལ་མ་ལ་ཡེ་ཤེས་འབྱོར་པས་ན་རྣལ་འབྱོར་ཞེས་བྱའོ། །ཨ་ཏིའི་གཞུང་གིས་ནི། རྩ་བ་སེམས་དང་སེམས་ལ་སྣང་བའི་ཆོས་ཐམས་ཅད། ད་གཟོད་ལམ་གྱིས་མ་བསྒྲུབས། གཉེན་པོས་མ་བཅོས། ཡེ་ནས་མཉམ་ཉིད་རྫོགས་པ་ཆེན་པོ། སྐུ་གསུང་ཐུགས་སུ་སངས་རྒྱས་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པ་དེ་ནི། སུས་ཀྱང་མ་བཅོས་དོན་གྱི་རྣལ་མ་ཡིན་ལ། དེ་ནི་སངས་རྒྱས་དང་སེམས་ཅན་ལ་སོགས་ཆོས་ཐམས་ཅད་ལ་འབྱོར་པའམ། སངས་རྒྱས་དང་སེམས་ཅན། ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་འབྱོར་ཏེ་གནས་པས་རྣལ་འབྱོར་རོ། །དབང་ཕྱུག་ནི། འཇིག་རྟེན་པའི་འདོད་ཡོན་དུ་བྱ་བ་རྣམས་ཡོད་ཅིང་བདོག་པ་ལ་ནི་དབང་ཞེས་བྱ་ལ། ཕྱུག་པ་ནི་ཕྱུག་པོ་སེར་སྣ་ཅན་མ་ཡིན། སེར་སྣ་མེད་པ་ལྟ་བུ་སྟེ། འདོད་པའི་ཡོན་ཏན་དུ་བྱ་བ་རྣམས་སྤྱོད་ཤེས་པ་ནི་ཕྱུག་ཅེས་བྱ། འདོད་ཡོན་ལ་སྤྱོད་ཙམ་ཉིད་ན་སེམས་ཅན་ལྟར་དངོས་པོ་དང་མཚན་མར་འཛིན་པ་མེད་དེ། ཆོས་ཉིད་དབྱེར་མེད་པར་རྟོགས་པས་ཆེན་པོ། དམ་པ་རྣམ་པ་གསུམ་གྱིས་ཆེ་བས་ཀྱང་ཆེའོ། །སྣུམ་པ་ཡི་ནི་དམ་ཚིག་དང་། །དམ་ཚིག་གིས་རང་ལུས་སྣུམ་པར་བྱེད་པའི་དཔེ་ནི། ཀོ་ཁེངས་མར་གྱིས་འདུལ་བ་ལྟ་བུ་སྟེ། རང་རྒྱུད་ཁེངས་པ་འདུལ་བའོ། །རྩ་བའི་དམ་ཚིག་ནི་སྐུ་གསུང་ཐུགས་སོ། །ཡན་ལག་གི་ནི། དང་དུ་བླང་བ་ལྔ་དང་། སྤྱད་བྱ་ལྔ་ཤེས་བྱ་ལྔ། བསྒྲུབ་བྱ་ལྔ། མི་སྤང་བ་ལྔའོ། །གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན། །གཙང་བ་ནི་དམ་ཚིག་རྣམས་བསྲུངས་ན་ལུས་ངག་ཡིད་གསུམ་ལ་ཉེས་པས་མི་གོས་པའོ། །འཇིགས་པ་ནི་དམ་ཚིག་མ་བསྲུངས་ན་ཉམས་པའི་རྒྱུ་དང་། ཉམས་པའི་སྔ་ལྟས་དང་། ཉམས་པའི་སྐྱོན་དང་། ཉེས་པ་ལའོ། །བརྟུལ་བ་ནི་ཉམས་པ་བཀང་ཞིང་གསོ་བ་སྟེ། །གོམས་པའི་ཡོན་ཏན་ལ་དམིགས་ནས་ཞུགས་པའོ། །དེ་དག་གོམས་ནས་ཉམས་སུ་བླང་། །དེ་དག་ལ་གོམས་ནས་ཐབས་ལམ་གྱི་དམ་


DNG019_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉམས་སུ་བླང་བ་དང་། བསྒྲུབ་པ་རྒྱུན་གྱི་དམ་ཚིག་ཉམས་སུ་བླང་བའོ། །དང་པོ་ལ་ལྔ་སྟེ། རྣམ་གྲངས། མི་ཉམས་པར་བསྲུང་ཚུལ། བསྲུང་དགོས་པའི་འཐད་པ། ཉམས་ཚུལ་ལ་སོགས་པ་ས་བཅད་ན་གསལ་ལ་ཐབས་དང་ཤེས་རབ་ལམ་ཡིན་ནོ། །ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་གཉིས་ནི། ཐབས་ལམ་ཡེ་ཤེས་ལྔའི་དགོངས་པ་དང་ཤེས་རབ་ལུས་ལ་བདེ་བ་གནས་ཐབས་གཏན་ལ་དབབ་པར་བྱའོ། །དེ་ཡང་ཐབས་སྙིང་རྗེ་ཁོ་ན་ཡེ་ཤེས་ཡིན། ཤེས་རབ་སྟོང་པ་ཁོ་ན་ལིའི་སྔགས་ཡིན་པར་འདོད་པའོ། །འདི་གཉིས་ཉམས་ལེན་གྱི་བསྙེན་བསྒྲུབ་བཞིར་བསྟན་པའོ། །འདྲེན་པ་སྐོང་སྨིན་བླ་མ་ལྷ། །སློབ་དཔོན་གསུམ་སྟེ། འདྲེན་པའི་སློབ་དཔོན་ནི། དང་པོར་རང་མི་ནག་པར་ཡོད་པ་ལས་དང་པོ་སྐྱེ་དཀར་པོའི་ཆོས་ལ་ཁ་ལྟར་བཅུག །གསང་བའི་དམ་དུ་བཅུག །དམ་ཚིག་དང་ལྷ་ཕོག་པ་དེའོ། །ཉམས་པ་སྐོང་བའི་ནི། ཚོགས་ཀྱི་སློབ་དཔོན་གྱིས་ཚོགས་མཆོག་གཞུང་བཞིན་དུ་ཕུལ་བ་ལས། རྩ་ལག་གི་དམ་ཚིག་ཉམས་པ་སྐོངས་ཤིང་སོར་ཆུད་པར་བྱས་པའོ། །ཤེས་རྒྱུད་སྨིན་པར་བྱེད་པའི་སློབ་དཔོན་ནི། གསང་བའི་རྒྱུད་བཤད། ཆོས་རང་སྤྱིའི་མཚན་ཉིད་ཀྱིས་རྒྱུད་སྨིན་པར་བྱེད་པའོ། །དེ་གསུམ་གྱིས་ལུས་ངག་ཡིད་གསུམ་སྣུམ་པར་བྱས་པ་སྟེ། ལྗོན་ཤིང་རྩ་བ་ལས་ཡལ་ག་སྐྱེ་བ་ལྟ་བུ་སྟེ། བླ་མའི་སྐུ་ལ་བྱའོ། །ལུས་ངག་ཡིད་སྣུམ་རྩ་བའི་སྐུ། །ཉེ་རིང་དགེ་བའི་མཆེད་རྣམས་ནི། །སྣུམ་པར་བྱེད་པ་ལུས་ལ་ཕན། །སྐུའི་དམ་ཚིག་མཆེད་གསུམ་ནི། ཉེ་བའི་མཆེད། རིང་བའི་མཆེད། དགེ་བའི་མཆེད་དོ། །དང་པོ་ལ་གཉིས་ཏེ། འདྲེས་པའི་མཆེད་ནི་བརྡའ་བསྲེས། རྫས་བསྲེས། ཆོས་བསྲེས་ཏེ་ལྷན་ཅིག་ཏུ་མཉན་ནས་ཚོགས་མཆོད་ལྷན་ཅིག་ཏུ་བྱས་པའོ། །མ་འདྲེས་པའི་ནི། ཐེག་པའི་སྒོར་ཞུགས་པར་འདྲེས་ཀྱང་། ཉན་པ་དང་ཚོགས་ལྷན་ཅིག་ཏུ་མ་བྱས་པའོ། །རིང་བའི་མཆེད་ནི། ཕྱི་རྒྱུད་རྣམ་གསུམ་གྱི་ཆོས་སྒོར་ཞུགས་པ་རྣམས་སོ། །དགེ་བའི་མཆེད་ནི། དགེ་བསྙེན་གྱི་ཁྲིམས་ལྔ་བསྲུང་བ་ཡན་ཆད་དོ། །ཆོས་ཕྱོགས་སུ་ཁ་བལྟས་ཚོད། དཔེ་ལུས་ལ་སྣུམ་བྱུགས་ན་ལེགས་པ་ལྟར་དམ་ཚིག་དེ་འདྲའོ། །རྒྱུ་མ་ནོར་བ་རྩ་བ་འི་སྔགས་དང་བསྐྱེད་པ་རྐྱེན་གྱི་སྔགས་དང་བཟླས་པ་འི་སྔགས་སོ། །གསུང་། །སྔགས་ནི་གསུམ་སྟེ། རྩ་བའི་སྔགས། ཨོཾ་ཨཱཿཧཱུྃ་ལ་སོགས་པའི་ཡི་གེ་འབྲུ་རེ་ལས་བསྐྱེད་པའི་སྔགས་ཧཱུྃ་བཛྲ་དྷྲྀཀ་ལ་སོགས་པའོ། །བཟླས་པའི་སྔགས་ཨོཾ་མ་ཧཱ་སུ་ཁ་ལ་སོགས་པའོ། །ཕྱག་རྒྱ་བཞིའོ། །


DNG019_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཉིས་ཕྱག་རྒྱ་ཆེན་པོ་ལ། །སྐུ་ཕྱག་རྒྱ་ཆེན་པོ་ནི། སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་ཆགས་པ་དབུ་དང་ཕྱག་ཞབས་ལྡན་པ་བསྒོམ་པ་སྟེ། དེས་ལྷ་དྲན་པའི་རྒྱུར་ཆེ་བའོ། །ལྷ་རྡོ་རྗེ་དྲིལ་བུ་ཡིན་ཡང་། སྐྱེ་བོས་ལྷར་མི་མཐོང་ལ་བྲིས་པའམ་ལྕགས་མ་ལྷར་མཐོང་ནས་ཕྱག་འཚལ་བས་ན་ལྷ་དྲན་པའི་རྒྱུར་ཆེ་བས་ན་སྐུ་ཕྱག་རྒྱ་ཆེན་པོའོ། །བདེན་ཕན་ཆོས་ཀྱི་ཕྱག་རྒྱ་གསུང་། །གསུང་ཆོས་ཀྱི་ཕྱག་རྒྱ་ནི། སྐུ་དེའི་ལྕེ་ལ་ཟླ་བའི་སྟེང་དུ་རྡོ་རྗེའི་ལྟེ་བ་ལ་ཡིག་འབྲུ་ལ་སྔགས་ཀྱིས་བསྐོར་བར་བསྒོམ། བདེན་པ་སྟོན་པའི་གསུང་ནི། དོན་གྱི་གསུང་སྤྲོས་བྲལ་ལ་དེའི་རྟགས་ལྕེ་རྡོ་རྗེ་རྩེ་ལྔ་པར་གྱུར། ཕན་འདོགས་པའི་གསུང་ནི། དོན་གྱི་གསུང་དེ་ཉིད་ལས། ཚིག་གི་གསུང་བསམ་གྱིས་མི་ཁྱབ་པ་འབྱུང་བས་ན་རྡོ་རྗེའི་ཐ་མ་སྔགས་ཀྱིས་བསྐོར་བའོ། །ཐུགས་ནི་དོན་རྟགས་དམ་ཚིག་རྒྱ། །ཐུགས་དམ་ཚིག་གི་ཕྱག་རྒྱ་ནི། དོན་རྟགས་ལས་མི་འདའ་བ་ནི། ལ་རྒྱབ་ཏུ་དུ་བ་འབྱུང་བ་ལྟ་བུ། དོན་ཤུགས་ཀྱང་དག་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཛད་པའི་རྟགས་ཕྱག་མཚན་དུ་བསྣམས་པའོ། །རྟགས་ཀྱི་དོན་མཚོན་པར་བྱེད་པ་ལས་མི་འདའ་བ་ནི། དུད་པ་དེས་ཀྱང་ལ་རྒྱབ་ཏུ་མེ་ཡོད་པར་སྟོན་པ་ལྟར་རྟགས་ཀྱིས་དོན་མཚན་པར་བྱེད་པས་ན། རྡོ་རྗེ། འཁོར་ལོ། རཏྣ། པདྨ། རལ་གྲི། དྲིལ་བུ་བསྣམས་པའོ། །བདག་གཞན་དོན་གྲུབ་ཕྲིན་ལས་རྒྱ། ༈ །ཕྲིན་ལས་ཀྱི་ཕྱག་རྒྱ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལྗང་གུ་དེའི་སྟེང་ན། རང་དོན་ལྷུན་གྱིས་གྲུབ་པའི་རྟགས་སུ། རྡོ་རྗེ་རྒྱ་གྲམ་གྱི་གཞི་གཅིག་ཏུ་གྱུར་པ་དང་། གཞན་དོན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཀུན་ཏུ་རྩེར་འབྱུང་བ་ཡིན་ནོ། །ལྷ་དང་སྔགས་རྒྱ་སློབ་དཔོན་དང་། །ལྟ་ཟབ་སྤྱོད་པ་རླབས་པོ་ཆེ། །སྤྱིར་གསང་རྣམ་པ་བཞི་ཞེས་བྱ། །ཡི་དམ་གྱི་ལྷ་གསང་བ་ནི་བགེགས་ཡི་དམ་ལྷར་སྤྲུལ་ནས་འོང་བས་ན་གསང་བ་དང་གཅིག །སྔགས་དང་ཕྱག་རྒྱ་མ་གསང་ན་སྔགས་དང་ཕྱག་རྒྱའི་སྒོ་ནས་ཡི་དམ་ངོ་ཤེས་པར་འགྱུར་བས་གསང་བ་དང་གཉིས། རྡོ་རྗེ་སློབ་དཔོན་མ་གསང་ན་རང་དང་མི་མཐུན་ཕྱོགས་ཀྱིས་དེའི་དབྱེན་བྱེད་པར་འགྱུར་བས་གསང་བ་དང་གསུམ། ལྟ་སྤྱོད་གསང་བ་ནི་རྣལ་འབྱོར་པས་བལྟ་བ་ཆོས་ཉིད་དུ་གཉིས་སུ་མེད་པའི་དོན་རྟོགས་པར་བྱས་ནས། སྤྱོད་པ་བཟང་ངན་གཙང་སྨེ་མེད་པར་སྤྱོད་དགོས་པས། མ་གསང་ན་མི་ཤ་ཁྱི་ཤ་ཅན་ཞེས་སྐྱེ་བོའི་ཡ་གར་འགྱུར་བས་གསང་བ་དང་བཞི་ནི། སྤྱིར་གསང་དགོས་པས་སྤྱིར་གསང་ངོ་། ༈ །བསྒྲུབ་གནས་དུས་དང་རྫས་དང་ནི། །མཆེད་ལྕམ་གསང་བ་བར་གསང་བཞི། །ཆོམ་རྐུན་དང་མུ་སྟེགས་པའི་གནོད་པ་འོང་བས་གནས་གསང་བ་དང་། དུས་དེ་ཙ་ན་ཆོམ་རྐུན་འོང་བས་དུས་གསང་བ་དང་། བསྒྲུབ་


DNG019_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་མ་གསང་ན་སྐྱེ་བོའི་ཡ་གར་གྱུར་པས་གསང་བ་དང་། མཆེད་ལྕམ་མ་གསང་བ་དེ་ཀུན་གྱིས་གྲགས་ཡིན་ཞེས་འཕྲ་མ་འོང་བས་གསང་བ་དང་བཞི་ནི་བར་གསང་ངོ་། ༈ །དཔོན་སློབ་ཕྲ་མ་གསང་བར་འོས། ༈ །སློབ་དཔོན་དང་མཆེད་ལྕམ་ལ་སོགས་གཅིག་ལ་གཅིག་སྒྲོ་སྐུར་བྱེད་པ་ནི། རང་གི་རོ་ཚོད་ཀྱིས་གསང་བར་འོས་པའོ། །གདམས་ངག་གསང་བར་གཉེར་ཡང་གཏད། ༈ །བླ་མས་མཆེད་རྣམས་ལ་ཐུགས་ཀྱི་མན་ངག་ཟབ་མོ་སྦྱིན་པ་དེ་དག་ཐུགས་ལ་གཞག་པར་བྱ་བ་དེ་དག་གསང་བར་གཉེར་གཏད་པས་ཐུགས་ཀྱི་དམ་ཚིག་གོ། །ཡན་ལག་དྲི་ཆེན་དྲི་ཆུ་དང་། །དམར་ཆེན་ཟིལ་པ་མདངས་རྣམས་བླང་། །དང་དུ་བླང་བ་ནི་རྡོ་རྗེ་དྲི་ཆེན་རྣམ་སྣང་། དྲི་ཆུ་དོན་གྲུབ། དམར་ཆེན་ཤ་སྟེ་རིན་འབྱུང་། ཟིལ་པ་པདྨ་རཀྟ་སྣང་བ་མཐའ་ཡས། མདངས་ཆེན་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའ། རྫས་ལྔ་པོ་དེ་ཉིད་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་རྟོགས་པར་བྱས་ནས་དང་དུ་བླང་། རིགས་ལྔ་རེ་རེ་ཞིང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་རྟགས་པར་བྱས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེན་པོ་བླང་ལ་དང་དུ་བླངས་ཏེ་བཟའོ། ༈ །ཞིང་བཅུར་གྱུར་པ་གསད་བྱར་སྤྱད། །ཞིང་བཅུ་ནི། དཀོན་མཆོག་གི་སྤྱི་དགྲ་དང་། བླ་མའི་སྐུ་དགྲ། དམ་ཚིག་ཅན་གྱི་དགྲ། དམ་ལོག །དམ་ཉམས། འདུས་པར་འོངས། མ་གུས་པ། ངན་པའི་ངང་ཚུལ་ཅན། ངན་སོང་གསུམ་རྣམས་བསྐྱེད་པའི་གཞིའི་ཞིང་ཡིན། རྟེན་ཅིང་གནས་པས་ཞིང་ཡིན། དངོས་གྲུབ་སྨིན་པའི་ཞིང་ཡིན་པས་བསྒྲལ་བར་བྱའོ། །བུད་མེད་ཀུན་ལ་སྦྱར་བར་བྱ། །ཕྱིའི་སྦྱོར་བ་ཡན་ལག་བཞིས་འཁྱུད་པ་དང་། ནང་གི་སྦྱོར་བ་ཞལ་སྦྱར་བ་དང་། གསང་བའི་སྦྱོར་བ་དབང་པོ་སྒོ་སྤྲད་པ་དང་། དེ་ཁོ་ནའི་སྦྱོར་བ་འཁོར་ལོ་བཞི་ནས་བདེ་བ་འབྱུང་བ་སྟེ་བདེ་སྟོང་དུ་སྦྱར་བར་བྱའོ། །རྫས་ཀྱི་མཆོག་ནི་མ་བྱིན་བླང་། །མ་བྱིན་པར་བླང་བ་ནི། མུ་སྟེགས་པའི་ཐེམ་པའི་འོག་ནས་ཕར་ཕྱིན་ལ་སོགས་པ་ཡོད་པའམ་སྦས་པ་བརྐུ། བམ་མཚན་ལྡན་བརྐུས་ལ་སྒྲུབ་རྫས་བྱ། རྫུན་གྱིས་ཐམས་ཅད་སླུ་བར་བྱེད། །སེམས་ཅན་གསོད་པ་ལ་རྫུན་བྱ། ལྟ་བ་ཟབ་མོ་སྐུར་པ་འདེབས་འདོད་པ་འདྲི་བ་འམ་སྤྱོད་པ་ཟབ་མོ་འདྲི་ན་རྫུན་བྱ། བརླང་པོའི་ཚིག་གིས་ཞེ་ཡང་བཅད། །དེ་དག་སློབ་མ་སྣོད་ངན་ན་བློ་བཅོས་པའི་ཕྱིར་རམ་མུ་སྟེགས་ཅན་སུན་འབྱིན་པའམ་གསང་སྔགས་ཟབ་མོ་ལ་སྒྲོ་སྐུར་བྱེད་པ་ལ་ཚིག་རྩུབ་སྨྲ། བགེགས་ལ་སྔགས་ཚིག་རྩུབ་མོ་དྲང་ཞིང་དེ་དག་ཀུན་ཏུ་སྤྱད་པར་བྱ་འོ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་


DNG019_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །རང་ལུས་འབྱུང་བ་ལྔའི་གཞལ་ཡས་ཁང་དུ་ཤེས་པར་བྱས་ལ་རྣམ་ཤེས་ཡེ་ཤེས་ལྔ་ལས་རིགས་ལྔར་ཤེས་པར་བྱ། སེམས་ཉིད་སངས་རྒྱས་སུ་ཤེས་པར་བྱ་བ་ནི་དམ་ཚིག་གི་ཉོན་མོངས་པ་ལྔ་པ་ཡེ་ཤེས་ལྔར་ཤེས་པར་བྱའོ། །ཤེས་པར་བྱ་བ་རབ་ཏུ་གཅེས། ༈ །ཐེག་པའི་སངས་རྒྱས་མང་པོ་ཡང་། །རིགས་ལྔར་ཤེས་ནས་བསྒྲུབ་པར་བྱའོ། །གསང་སྔགས་ཕྱི་ནང་གི་ཆོས་མ་ལུས་པ་ནི། སངས་རྒྱས་རྒྱལ་བ་རིགས་ལྔའི་རང་བཞིན་ལས་མ་གཡོས་པར་གནས་པས། རིགས་བདག་གང་གིས་སངས་རྒྱས་གང་གི་དབུལ་མཚན་པ་ཤེས་པར་བྱས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་ཤེས་པར་བྱས་ནས་མི་སྤང་ངོ་། །ཉོན་མོངས་སྤངས་ནས་བྱར་བསྒྲུབ་མེད། །དེ་ཕྱིར་སྤང་བར་བྱ་བ་མིན། ༈ །གཙང་བར་བསྲུང་བ་དུས་ཀྱི་རྒྱུན། །དུས་ཀྱི་རྒྱུན་ནི་དུས་རྟག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་མཚན་བཅས་མཚན་མེད་གཉིས་སུ་མེད་པར་བསྒོམ་པ་ནས་སྔགས་བར་མ་ཆད་པར་རྟག་ཏུ་བཟླས་པར་བྱའོ། །ཉིན་ཞག་རྒྱུན་ནི་དེ་ལྟར་མ་གྲུབ་ན་ཡང་ཉིན་གསུམ་མཚན་གསུམ་ཙམ་བཟླས་སོ། །ཉིན་ཞག་རྒྱུན་ལ་བསྒོམ་པར་བྱ། ༈ །ལུས་དང་ངག་ཡིད་དག་གིས་ནི། །བསྒྲུབ་ཅིང་དང་དུ་བླངས་ཏེ་བསྲུང། ༈ །ལུས་ཀྱི་སྒོ་ནས་བླ་མ་དང་མཆེད་ལྕམ་ལ་ཞབས་ཏོག་བྱ་བ་དང་། ངག་གི་སྒོ་ནས་བཟླས་པ་དང་མཆོད་པ་བྱ་བ་དང་། ཡིད་ཀྱི་སྒོ་ནས་ཡི་དམ་གྱི་ལྷ་བསྒོམ་པ་རྣམས་གཙོ་ཆེ་ཡང་། ལུས་ངག་ཡིད་གསུམ་གྱིས་རྩ་བའི་གསུམ་དང་ཡན་ལག་གི་ཉི་ཤུ་རྩ་ལྔ་དང་དུ་བླངས་ལ་བསྲུང་ངོ་། །མི་བསྲུང་འཇིགས་པའི་ལས་བྱེད་པ། །ཉམས་པའི་རྒྱུ་ནི་དམ་ཚིག་མི་བསྲུང་ན་རྡོ་རྗེ་དམྱལ་བར་སྐྱེ་བས་འཇིགས་པའི་ལས་སོ། །སེམས་ཀྱིས་མཆེད་ལྕམ་ནང་དུ་ངན་སེམས་ཀྱིས་གནོད་པ་སྐྱེལ་བ་དང་། དཔྱའ་སེམས་ཀྱིས་ཚོགས་ཀྱི་ཞལ་ཟས་ལ་ཆེ་ཆུང་བྱས་པར་བལྟ་བ། གནོད་སེམས་ཀྱིས་གྲལ་ལ་ཕྲག་དོག་པའོ། །ངན་སེམས་དཔྱའ་སེམས་གནོད་སེམས་དང་། །ངག་གིས་ངན་དུ་སྨྲ་དང་བ་ཁྱོད་ཤིང་གི་ཟེར་བ་འཁུ་བ་དང་། །ལྕེ་གཉིས་སྨྲ་ཞིང་གསང་ཉན་བྱེད་པ། ལུས་ཀྱིས་སྐུ་ལ་བརྡེག་པ་དང་ནོར་རྫས་རྐུ་བ་དང་ཡིད་དུ་འོང་བ་འཕྲོག་པའི་ལས་བྱེད་ན་དམ་ཉམས་པའི་རྒྱུ་ཡིན་ནོ། །བྱ་བ་མ་ཡིན་པ་བྱེད་པ་དེ་ནི་དམ་ཉམས་པར་འགྱུར་བའི་རྒྱུ་ཡིན་པས་སྔགས་པས་སྤང་བར་བྱའོ། །རྒྱལ་པོ་བློན་དམངས་དགྲར་ལྡང་ཞིང་། །ལྷ་སྲིན་ནོར་ཡལ་ཚེ་ཡང་ཐུང་། །རང་གིས་མཉེས་པར་རྒྱལ་བློན་དམངས་ལ་སོགས་པའི་ཆད་པ་དྲག་པོ་འབྱུང་བ་ཕྱིའི་འཇིགས་


DNG019_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འཕགས་པའི་ཆད་པས་ལྷ་སྲིན་བདུད་ལ་སོགས་པའི་གནོད་པས་ནོར་ཡལ་བ་ལ་སོགས་པ་ནང་གི་འཇིགས་པ་འབྱུང་ངོ་། །དུག་འཐུང་ལྟ་བུར་ངན་སོང་འགྲོ། །དཔེར་ན་དུག་འཐུང་བའི་མི་དེ་དང་པོ་བདེ་ཡང་ཐ་མར་དུག་སྣོད་དུ་ལངས་ནས་མི་ཐུབ་པར་འཆི་བ་ལྟར་དམ་ཉམས་ཚེ་འདིར་བདེ་ཡང་ཕྱི་མ་ངན་སོང་དུ་འགྲོའོ། །སྐུ་ཡི་དམ་ཉམས་བསྐལ་ཆེན་གཅིག །སྐུའི་དམ་ཚིག་ཉམས་ན་བསྐལ་པ་གཅིག་ཏུ་ངན་སོང་དུ་སྐྱེ་བ་ནི། བསྐལ་པ་གཅིག་ནི་མཚན་ཉིད་ཀྱི་གཞུང་གིས། ཚེ་ལོ་བཅུ་པ་ནས་བསོད་ནམས་ཡར་འཕེལ་བས་ཚེ་ལོ་བརྒྱད་ཁྲི་ལ་ཐུག་པ་ལ་བསྐལ་ཆུང་གཅིག །དེ་ནས་ཡང་མར་འགྲིབ་པས་ཚེ་ལོ་བཅུ་པ་ལ་ཐུག་པ་དེ་ལ་བསྐལ་ཆུང་གཅིག་སྟེ། དེ་འདྲ་ཉི་ཤུ་ལ་བར་བསྐལ་གཅིག །བར་བསྐལ་ཉི་ཤུར་སྣོད་བཅུད་ཆགས། ཉི་ཤུར་འཇིག །ཉི་ཤུར་སྟོངས། ཉི་ཤུར་གནས་ཏེ། དེ་ལྟ་བུ་ཟུང་བཞི་བཅུ་ལས་བརྒྱད་ཅུ་ཡོད་དེ། དེ་དག་ལ་བསྐལ་ཆེན་གཅིག་གོ། །ཡང་ན། དོང་དཔག་ཚད་གཅིག་གི་འཁོར་བའི་ནང་དུ། ཉུང་འབྲུའམ་ཏིལ་གྱིས་བཀང་ལ། ཉི་མ་རེ་ལ་ཏིལ་རེ་ཕྱུང་བས་ཟད་པ་ན་བསྐལ་པ་གཅིག་ཅེས་པའོ། །རྡོ་རྗེའི་དམྱལ་བ་ནི། ཤིན་ཏུ་ཡང་ཡུན་རིང་སྟེ། རྡོ་རྗེ་ལྟར་སྲ་བའི་བྲག་དཔག་ཚད་ཙམ་གྱིས་འཁོར་བ་ལ། དེ་ལ་ཕུག་རོན་གྱི་སྒྲོ་ཡིས་བར་མ་ཆད་པར་བྱུགས་པས་སྐེད་བར་ཆད་པ་ལ་བསྐལ་ཆེན་གཅིག་གོ། །སྐུའི་དམ་ཚིག་བླ་མ་དང་མཆེད་ལྕམ་ལ་ཉམས་ན་འབྲས་བུ་ངན་སོང་གསུམ་དུ་བསྐལ་ཆེན་གཅིག་གནས་སོ། །གསུང་གི་དམ་ཚིག་སྔགས་ཕྱག་རྒྱ་ཉམས་ན་བསྐལ་པ་ཆེན་པོ་གཉིས་སུ་ངན་སོང་དུ་ལྟུང་ངོ་། །ཐུགས་ཀྱི་དམ་ཚིག་ཉམས་པ་ནི་བསྐལ་པ་ཆེན་པོ་གསུམ་དུ་འདོད། ༈ །ངན་འགྲོར་འཁྱམ་པར་ཉམས་ན་བཏུལ་ཏེ་བསྐང་བ་ནི། །བསྐང་བ་ནི་དམ་ལས་ལོག་ན་བྱར་མེད་ལ། དམ་ལས་མ་ལོག་ན་ཉམས་པ་གསོར་རུང་སྟེ་རྩ་བ་ཉམས་པ་ལན་གསུམ་བསྐང་སྟེ་ལན་ཅིག་སྙམས་པ་བསྐང་། ལན་གཉིས་ཉམས་པ་བསྐང་། ལན་གསུམ་ཉམས་པ་བསྐང་ངོ་། །རྩ་བ་ཉམས་ན་ལན་གསུམ་བསྐང་། །ཡན་ལག་གི་དམ་ཚིག་ནི་སེམས་ཅན་ཡིན་པས་ཆག་ཉམས་རྒྱུན་ཏུ་འབྱུང་བས་ན་རྒྱུན་ཏུ་བསྐང་བ་དང་ར་བྱའོ། །ཚོགས་ཀྱིས་བསྐང་བར་བྱ་བ་དང་། །ཉམས་པ་བསྐང་བ་གཉིས་ལས། ཚོགས་ཀྱིས་བསྐང་བ་ནི། ཚོགས་མཆོད་བརྒྱ་ལ་སོགས་པ་གཞུང་བཞིན་དུ་བཤམས་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་སོར་ཆུད་ཅིང་བསྐང་བར་བྱའོ། ༈ །ཉམས་པ་དེ་ཉིད་སོར་ཆུད་པར་བྱ་བ་ནི། སྐུའི་ཉམས་ན་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་ལ་ངན་སེམས་དཔྱའ་སེམས་ཤོར་ན་འགྱོད་པ་བསྐྱེད་ལ་བཟོད་གསོལ་བྱས་ལ་ཕྱིས་བསྡམ་པར་བྱའོ། །སྐུ་


DNG019_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྐུ་ལ་བསྐང་བ་དང་། །གསུང་གི་དམ་ཚིག་ཉམས་ནས་སྔགས་དང་ཕྱག་རྒྱ་རྒྱུན་བཅད་ན་ཡང་སྔ་མ་ལ་འགྱོད་པ་ཕྱི་མ་ཡི་དམ་ལྷ་བསྒོམ་ཕྱག་རྒྱ་བཅའ། སྙིང་པོ་བཟླས་ལ་མི་ཉམས་པར་བྱ་ཞིང་། གསུང་གི་དམ་ཚིག་ཉི་མ་གཅིག་བཞིན་བྱ་བ་དེ་ལས་འདར་མི་རུང་། སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་། དང་དུ་བླང་བའི་ངང་མཆོད་པ་ལོ་ཟླ་མི་འདའ་བ་འདི་རྣམས་ནི། ནུས་ན་ཉིན་རེ་བཞིན་བྱ། དེ་ཡང་མ་ནུས་ན་ཟླ་བ་རེ་ལ་བྱ། དེ་ཡང་མ་ནུས་ན་ལོ་རེ་ལ་བྱ། ལོ་ལས་འདར་མི་རུང་སྟེ། ལོ་གཅིག་འདས་ན་བསྐང་། གཉིས་འདས་ན་བསྐང་། ལོ་གསུམ་འདས་ན་བསྐང་སྟེ། སྤྱིར་ཇི་ལྟར་ཤེས་ཤིང་རིགས་པའམ་རྟོགས་པར་བྱས་ནས། ཁྱད་པར་དུ་དུས་མཆོད་དམ་བསྙེན་བསྒྲུབ་ཟབ་མོའི་དུས་སུ་རྟག་ཏུ་བསམ་པ་ལ་སོགས་དེའི་ངང་དུ་གྱུར་ཅིང་ཉམས་སུ་ཆེར་ལོན་པར་བྱའོ། །དེས་སིདྡྷི་རྣམ་གཉིས་འགྲུབ་པར་འགྱུར་རོ། །གསུང་ཉིད་དག་གིས་བསྐང་། །གསང་སྤེལ་མི་སྤེལ་ཐུགས་ལ་བརྣག །ཐུགས་ཀྱི་དམ་ཚིག་གསང་བའི་མན་ངག་གཞན་ལ་སྤེལ་ན་ཕྱི་མ་མི་སྤེལ་བར་གསང་སྟེ། མདོར་ན་གང་འདས་པ་དེ་ཉིད་སོར་ཆུད་པར་བྱའོ། །ཉིན་གཅིག་བཞིན་ནམ་ཟླ་བ་འམ། །ལོ་རེ་དག་ལས་མི་འདའ་བ། །དངོས་གྲུབ་འགྲུབ་པར་འགྱུར་བ་ཡིན། ༈ །ནོར་རྫས་འཕེལ་ཞིང་དར་བ་དང་། །སྡང་དགྲ་གནོད་བགེགས་ཞི་བར་བྱེད། །དམ་ཚིག་འདི་རྣམས་མ་ཉམས་ན་རང་གིས་ཕར་ཆེན་མོ་བྱས་ཀྱང་། ཚུར་མཆོད་གནས་དང་བླ་མར་འཛིན་པ་ལ་སོགས་པའི་ལེགས་པ་འབྱུང་ངོ་། །ནོར་རྫས་འཕེལ་བ་དང་། རིགས་རྒྱུད་དར་བ་དང་། ཕྱི་ནང་གི་ནོར་རྫས་དང་། དངོས་གྲུབ་ལ་དགྲ་བགེགས་དང་བར་ཆད་མི་འབྱུང་ཞིང་བསམ་པ་ཐམས་ཅད་འགྲུབ་པའོ། །རིག་འཛིན་གནས་སུ་གདོན་མི་ཟ། །ཚེ་འདི་ལ་བསྒྲུབ་པའི་འབྲས་བུ། ཚེ་ཕྱི་མ་འགྲུབ་པ་ནི་ཡི་དམ་ལྷའི་དངོས་གྲུབ་ཀྱང་ཐོབ། དེ་མ་ཐོབ་ཀྱང་ཡི་དམ་ལྷའི་རིག་འཛིན་གྱི་གནས་སུ་གདོན་མི་ཟ་བར་སྐྱེའོ། །དཔེར་ན་སྡིག་ཅན་གྱི་རིགས་འཛིན་པ་ཞིག་ལུས་ཞིག་པ་ཡང་སྡིག་ཅན་དུ་སྐྱེ་བ་ལྟར། སངས་རྒྱས་བསྒོམས་པས་སངས་རྒྱས་ཉིད་འགྲུབ་པའོ། །སངས་རྒྱས་ས་ལེ་ཡང་དག་གནས། ༈ །དེ་དག་གོམས་ནས་ཉམས་སུ་བླང་། །བསྐྱེད་རིམ་མཉམ་པར་གཞག་བྱས་ནས། །བུམ་དབང་གི་དམ་ཚིག་ལ་ལྔ་སྟེ། དང་པོ་མཉམ་གཞག་གི་དམ་ཚིག་ནི། ཡི་དམ་ལྷའི་བསྐྱེད་རིམ་བསྒོམ་མོ། །འདི་ཏིང་ངེ་འཛིན་སྐྱེ་བར་བྱེད་པའི་རྒྱུ་ཡིན་པས་མི་ཉམས་པར་བསྲུང་ངོ་། །དེ་ཡང་ཕྱི་རྩའི་དབྱིབས་ལས་ལྷའི་སྐུར་གསལ་བར་མཉམ་པར་གཞག་པའོ། །རྗེས་སྤྱོད་ངོ་བོ་ཉིད་གསུམ་བལྟ། །རྗེས་


DNG019_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱི་དམ་ཚིག་ནི། ལྟ་བ་ངོ་བོ་ཉིད་རྣམ་པ་གསུམ་སྟེ། སྣང་ཕྱོགས་ཀྱི་ངོ་བོ་ཉིད་ཡུལ། སྟོང་ཕྱོགས་ཀྱི་ངོ་བོ་སེམས། སྣང་སྟོང་ཟུང་འཇུག་གི་ངོ་བོ་ཉིད་ཡུལ་སེམས་གཉིས་མེད་དུ་གྲོལ་བའོ། །ཏིང་ངེ་འཛིན་དངོས་ཡིན་ནོ། །བཟའ་བའི་དམ་ཚིག་བདུད་རྩི་ལྔ་ཡི་རིལ་བུ་བཟའ་བ་སྟེ། །དྲི་ཆེན་དྲི་ཆུ་ཤ་ཆེན་པདྨ་རཀྟ་བྱང་སེམས། བུ་རམ། སྦྲང་རྩི་ལ་རི་ལུ་བྱས་པ་བཟའ་འོ། །ཏིང་ངེ་འཛིན་གྱི་གྲོགས་ཡིན་ནོ། །བསྲུང་བའི་དམ་ཚིག་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་། །ཡིན་ཏེ་རྩ་བ་སྐུ་གསུང་ཐུགས་གསུམ། སྤྱད་བྱ་ལྔ། བླང་བ་ལྔ། མི་སྤང་བ་ལྔ། ཤེས་པར་བྱ་བ་ལྔ། བསྒྲུབ་པར་བྱ་བ་ལྔ། ཏིང་ངེ་འཛིན་གྱི་འགལ་བ་སྤང་བའོ། །མི་འབྲལ་བའི་དམ་ཚིག་ནི་རྡོ་རྗེ་དྲིལ་བུ་འབྲལ་མི་བྱ་སྟེ། ༈ །རྡོ་རྗེ་སྙིང་རྗེ་ལ་དྲིལ་བུ་སྟོང་པའོ། །འདི་ཏིང་ངེ་འཛིན་གྱི་མཐུན་པའི་གྲོགས་ཡིན་ནོ། །མཉམ་གཞག་རྩ་རླུང་ཙན་དྷ་ལཱི། །ཡང་ལྔ་ལས། མཉམ་གཞག་གི་དམ་ཚིག །གཏུམ་མོའི་རླུང་ཞི་དྲག་གཉིས་སོ། །འདི་ནི་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ཡིན་པས་བསྲུང་ངོ་། །རྗེས་སྤྱོད་རང་བྱུང་ཡེ་ཤེས་རྗེས་ལ་སྤྱད་ཡིན་ཏེ། །ཉོན་མོངས་རང་བྱུང་ཡེ་ཤེས་སོ། །རྣམ་རྟོག་རང་བྱུང་ཡེ་ཤེས། སྣྲེལ་ཞི་རང་བྱུང་ཡེ་ཤེས། གསལ་ཞིང་ཡངས་པ་རང་བྱུང་ཡེ་ཤེས་སོ། །འདི་ཏིང་ངེ་འཛིན་གྱི་དངོས་གཞི་ཡིན་པས་བསྲུང་དགོས་སོ། །བཟའ་བའི་སྟོང་གསལ་བཟའ་བར་བྱ་བ་ཉིད་དེ། །འདི་ལ་བཟའ་བར་འདོགས་པ་ནི། ལུས་བརྟས་པར་བྱེད་ཅིང་ཕན་འདོགས་སོ། །ཏིང་ངེ་འཛིན་གྱི་གྲོགས་ཡིན་ནོ། །བསྲུང་བའི་རང་བྱུང་དང་འགལ་བ་དང་རླུང་དང་འགལ་བ་མཐའ་དག་བསྲུང་སྟེ། །ཏིང་ངེ་འཛིན་གྱི་གེགས་རྣམས་བསྲུང་བའོ། །མི་འབྲལ་བའི་དམ་ཚིག་ནི་ཞི་དྲག་རླུང་དང་འབྲལ་མི་བྱ། །རླུང་ཞི་དྲག་གང་རུང་དང་མི་འབྲལ་བ་སྟེ། ཏིང་ངེ་འཛིན་གྱི་མཐུན་རྐྱེན་ཡིན་པས་མི་འབྲལ་བར་བསྲུང་དགོས་སོ། །དཀྱིལ་འཁོར་འཁོར་ལོ་མཉམ་པར་གཞག །འདི་ལ་ཡང་ལྔ་ལས། མཉམ་གཞག་གི་དམ་ཚིག །དཀྱིལ་འཁོར་འཁོར་ལོ་སྟེ་འཁོར་ལོ་བཞི་བསྒོམ་པར་བྱའོ། །དེ་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པས་བསྲུང་དགོས་སོ། །རྗེས་སྤྱོད་ཀྱི་དམ་ཚིག་ལྷན་ཅིག་སྐྱེས་པ་བལྟ། །སྟེ་དགའ་བ། མཆོག་དགའ། དགའ་བ་ལ་དང་ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་སོ། །ཏིང་ངེ་འཛིན་དངོས་ཡིན་པས་བསྲུང་ངོ་། །བཟའ་བ་འི་དམ་ཚིག་བདེ་བ་དང་སྟོང་པ་ཆེན་པོ་ཉིད་ཡིན་ཏེ། །ཏིང་ངེ་འཛིན་གྱི་གྲོགས་ཡིན་པ་དང་། ལུས་བརྟས་པར་བྱེད་


DNG019_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཕན་འདོགས་པར་འགྱུར་བའོ། །བསྲུང་བའི་ཐིག་ལེ་འཛག་པ་དྲུག་ཡང་བསྲུང་། །བདེ་བ་སྐྱེས་ཏེ་གང་བས་འཛག །གདོན་དང་བག་ཆགས་ཀྱིས་རྨི་ལམ་དུ། ནད་གཞི་གྲངས་པས་ཆུ་དང་བསྡོངས་ནས། རིག་མའི་རྐྱེན་གྱིས་ཆགས་པ་སྐྱེས་ཏེ། ཁ་ཟས་མི་མཐུན་པས་རང་ཉམས་ཏེ། སྤྱོད་ལམ་གྱིས་རྡུལ་དང་བསྡོངས་ཏེ་འཛག་གོ། །དེས་ཏིང་ངེ་འཛིན་གྱིས་གེགས་སྤང་ངོ་། །མི་འབྲལ་བའི་དམ་ཚིག་ཡེ་ཤེས་ཕྱག་རྒྱ་འམ་དངོས་ཀྱི་ཕྱག་རྒྱ་དང་མི་འབྲལ་ཏེ། ༈ །དངོས་ཀྱིས་པདྨ་ཅན་དུང་ཅན་མ་ལ་སོགས་པའོ། །ཏིང་ངེ་འཛིན་གྱི་མཐུན་རྐྱེན་ཡིན་ནོ། །བདེ་ཆེན་ལ་ཡང་ལྔ་སྟེ་མཉམ་གཞག་གི་དམ་ཚིག་ནི་རྦ་རླབས་རྣམ་པ་གསུམ་སྟེ། །འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས། ངག་འདྲེན་པ་ཞི་དྲག་གི་རྦ་རླབས། ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་སོ། །རྗེས་སྤྱོད་ཀྱི་ཤིན་ཏུ་རྣམ་པར་དག་པ་ཡི། །དེ་ཁོ་ན་ཉིད་ལ་སྤྱད་པར་བྱ་བ་ནི། །རྒྱུ་མཐུན་གྱི་འབྲས་བུ་སྐྲ་དཀར་འཇོམས། རྣམ་སྨིན་གྱི་འབྲས་བུ་ལུས་སྟོབས་ཆེ། སྐྱེས་བུ་བྱེད་པའི་འབྲས་བུ་ལྕེ་དང་སྤུང་པ་འཕེལ། དྲི་མ་མེད་པའི་འབྲས་བུ་ཚེ་ཉི་ཟླ་དང་མཉམ་སྟེ། འཆི་བ་མེད་པར་འགྱུར་བའོ། །དེ་ནི་ཏིང་ངེ་འཛིན་དངོས་སོ། །བཟའ་བ་འི་དམ་ཚིག་བདེ་ཆེན་བདེ་སྟོང་ཡིན་ཏེ། བདེ་སྟོང་དབྱེར་མི་ཕྱེད་པ་སྟེ་ཏིང་ངེ་འཛིན་གྱི་གྲོགས་ཡིན་ཏེ། ལུས་བརྟས་པར་བྱེད་ཅིང་ཕན་འདོགས་པར་ཕྱེད་པའོ། །ལ། །བསྲུང་བའི་སྒྲིབ་གཉིས་ལས་ཤེས་སྒྲིབ་པ་བསྲུང་བ་ནི། །ཉོན་མོངས་པའི་སྒྲིབ་པ་རྣམ་རྟོག་རྒྱུན་ཆགས་སོ། །ཤེས་བྱའི་སྒྲིབ་པ་ཉམས་སྐྱོན་ཅན་བརྒྱད་ཡིན་པས་བསྲུང་ངོ་། །དེས་ཏིང་ངེ་འཛིན་གྱིས་གེགས་སྤོང་བའོ། །མི་འབྲལ་བའི་དམ་ཚིག་ནི་པད་ཅན་ཡེ་ཤེས་དངོས་མི་འབྲལ། ༈ །པདྨ་ཅན་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ནི་ཏིང་ངེ་འཛིན་གྱི་མཐུན་རྐྱེན་ནོ། །དེ་ཡན་ཆད་དམ་ཚིག་གི་རྣམ་གྲངས་བསྟན་པའོ། །སྲུང་ཐབས་ནི་དེ་དག་མི་ཉམས་བསྲུང་བའི་ཚུལ་ལ་བཞི་ལས། །ཇི་ལྟ་བ་བཞིན་རྒྱུད་ལ་བསྐྱེད་པས་ཐོས་པས་མི་ཉམས་པར་བསྲུང་བ་ནི། གོང་ལྟར་བླ་མའི་གདམས་ངག་མཉམ་པར་གཞག་ཅིང་བསྒོམ་པ་ལ་སོགས་པ་མ་ཉམས་པར་ཉམས་སུ་བླང་ངོ་། །རྣམ་གྲངས་རྗེས་སུ་དྲན་པས་མི་ཉམས་པར། །བསྲུང་བ་ནི་དབང་རེ་རེ་ལ་ལྔ་ལྔ་སྟེ་རྣམ་གྲངས་ཀྱི་ཆོས་ཉི་ཤུ་ཡོད་པ་བསྲུང་བ་དང་ཉམས་མྱོང་གང་སྐྱེས་མི་ཉམས་ཤིང་། །ཉམས་སུ་མྱོང་བ་གཅིག་སྐྱེས་པས་མི་ཉམས་པར་བསྲུང་བ་ནི། བསྒོམས་པའི་ཉམས་ཤར་བ་དེ་མ་ཤོར་བར་བྱའོ། །བླ་མ་ལ་གུས་ཁྱད་པར་ཅན་གྱིས་བསྲུང་བ་ནི་


DNG019_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་གྱིས་བླ་མ་ལ་མོས་གུས་དྲག་པོ་བྱས་ནས་ཆོས་ཀྱི་དོན་ལས་མ་ཉམས་པར་བསྲུང་བའོ། །དེ་བཞིན་མི་ཉམས་པར་བསྲུང་བའི་ཚུལ་ལོ། ༈ །སྲིད་པའི་སྡུག་བསྔལ་འདྲེན་ཉམས་པ། །བུམ་དབང་ཉི་ཤུ་རྩ་བརྒྱད་ཉིད། ༈ །ཉམས་པ་བསྐང་བ་ལ་གཉིས་ལས། དམ་བཅའ་བ་བུམ་དབང་གི་དམ་ཚིག་ཉི་ཤུ་རྩ་བརྒྱད་དོ། །དམ་ཚིག་ལྷག་མ་ཉམས་ན་ལམ་བགྲོད་པ་ལས་གོལ་རིང་དུ་འགོར་ཞིང་ཉམས་པ། །དངོས་གྲུབ་དང་ལས་སྦྱོར་འགོར་བའོ། །དེས་ན་དམ་ཚིག་ཅེས་བྱའོ། །གསང་དབང་ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོའི་དབང་གསུམ་མོ། །དེ་བསྲུང་དགོས་པའི་འཐད་པའོ། །ཟབ་མོ་དབང་གསུམ་ཉིད་དུ་གནས། །ཉམས་ན་བསྐང་བའི་ཐབས་རྣམས་ནི། །དམ་ཚིག་ཐམས་ཅད་ཉམས་པ་ན། །རྡོ་རྗེ་མཁའ་འགྲོ་དང་བླ་མ་འི་ཐུགས་བསྐང་དགོས། འདོད་ཡོན་ལྔ་ནི་རྫས་དང་ལོངས་སྤྱོད་ལ་སོགས་པ་དབུལ་ལ། །ཕྱི་ནང་འདོད་ཡོན་ལྔ་ཡིས་མཆོད་ནི། ༈ །རིགས་མ་ཁྱད་པར་ཅན་རྒྱན་གྱིས་བརྒྱན་པ་དབུལ་ལོ། །དེ་ཡང་གདམས་ངག་རྣམས་ཞུས་ལ་མ་ཉམས་པར་བསྒོམ་བསྒྲུབ་བྱའོ། །མཉམ་གཞག་དམ་ཚིག་ཉམས་པར་གྱུར་ན། །ཡེ་ཤེས་མཁའ་འགྲོ་ལོངས་སྐུ་ལ། །མཉེས་དགོས། དེའི་ཐབས་ནི་ལྟ་བ་ཚད་དུ་བསྐྱལ་བས་བསྐང་། །འོག་མིན་ནས་ལོངས་སྐུ་སྤྱན་དྲངས་ལ་དོན་ལ་རིགས་ལྔ་ཡབ་ཡུམ་ཡང་རླུང་སེམས་བཅུ་ཡིན་པས་དེར་ཤེས་པར་བྱས་ནས་སེམས་གནས་པར་བྱས་ལ་ལྟ་བ་ལ་བལྟའོ། །ཟུང་འཇུག་གི་ངོ་བོ་ཉིད་དང་། གསལ་ཞིང་ཡངས་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། ཤིན་ཏུ་རྣམ་པར་དག་པ་དང་། བདེ་སྟོང་རྣམས་ལ་ཡང་ཡང་བལྟའོ། །རྗེས་སྤྱོད་དམ་ཚིག་ཉམས་པ་ན། །མ་མོ་མཁའ་འགྲོ་སྤྲུལ་སྐུ་ལ། །གོའུ་རི་ལ་སོགས་པ་རྣམས་མཉེས་དགོས་པས་དེའི་ཐབས་ནི་བསྒོམ་པ་ཚད་དུ་བསྐྱལ་བར་བྱ་སྟེ་ཉམས་སྐྱོན་མེད་དུ་བསྐྱལ་ལོ། །བསམ་གཏན་གྱི་དུག་ཤེས་བྱའི་སྒྲིབ་པ་ཉམས་སྐྱོན་ཅན་བརྒྱད་བྱུང་ན་སྐྱོན་མེད་གསུམ་གྱིས་དུག་ཐོན་པར་བྱའོ། །ངོ་བོ་ཉིད་ལ་སྣང་ཕྱོགས་སྟོང་ཕྱོགས་གཉིས་སྐྱོན་ཅན་ཏེ། སྒྲོ་སྐུར་གྱིས་བསྡུས་པའོ། །རང་བྱུང་ལ་ཉོན་མོངས། རྣམ་རྟོག །སྣྲེལ་ཞི་གསུམ་སྐྱོན་ཅན། བྱིང་རྒོད་ཀྱིས་བསྡུས་སོ། །ལྷན་ཅིག་སྐྱེས་དང་ཤིན་ཏུ་རྣམ་དག་ལ། དགའ་བ་དང་པོ་གསུམ་གྱིས་སྐྱོན་ཅན། སྲིད་པས་བསྡུས་སོ། །དུག་བརྒྱད་དོ། །སྐྱོན་མེད་གསུམ་གྱིས་འབྱིན་པ་ནི། ངོ་བོ་ཉིད་ལ་ཟུང་འཇུག་འགལ་འདུས་སྐྱོན་མེད།


DNG019_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་ལ། རང་བྱུང་ཡེ་ཤེས་ཆེན་པོ་གསལ་སྟོང་འགལ་འདུས་སྐྱོན་མེད། ལྷན་སྐྱེས་དང་ཤིན་ཏུ་རྣམ་དག་ལ་ལྷན་ཅིག་སྐྱེས་པ་དང་བདེ་སྟོང་འགལ་འདུས་སྐྱོན་མེད་ཡིན་ནོ། ༈ །བཟའ་བ། བསྲུང་བ། མི་སྤང་བའི་ལམ་མི་འབྲལ་བའི་བཞི་བཞི་སྟེ། དམ་ཚིག་བཅུ་གཉིས་ཉམས་པར་གྱུར་ན། །བསླང་བ་ནི་ཤ་ཟ་མཁའ་འགྲོ་དང་དུར་ཁྲོད་ཀྱི་ཞིང་སྐྱོང་ལ། །དབང་ཕྱུག་མ་ཁྲོ་བགེགས་དང་བཅས་པ་ལ་སོགས་པ་ལ་དམ་རྫས་ཀྱིས་མཉེས་པར་བྱ་སྟེ། དེ་ལ་ཤ་ཁྲག་གི་གཏོར་མ་དབུལ་ལྷག་མའི་གཏོར་མ་ཆེན་པོ་བ་དང་ར་ཏེ་ཚོགས་དང་བསྡེབ་པ་དང་མི་བསྡེབ་པར་ཤེས་པར་བྱའོ། ༈ །དམ་ཚིག་མཁའ་འགྲོ་རྡོ་རྗེ་སྤུན། །དམ་ཚིག་གཅིག་པའི་མཆེད་ལྕམ་ཡིན་ཏེ། སྔགས་སྐྱེས་ཞེས་བྱ་སྟེ་དེ་རྣམས་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཀྱིས་མཉེས་པར་བྱའོ། །དེ་རྣམས་ཀྱི་ས་ནི་ཐབས་ལམ་དབང་ཤས་ཆེ་བའི་སྒོ་ནས་དམ་ཚིག་ཉི་ཤུའི་ཉམས་ཆག་བསྐང་ཞིང་ཉམས་སུ་ལེན་པའི་མན་ངག་ཏུ་བཤད་པ་སྟེ་ཐབས་ལམ་དབང་གི་དམ་ཚིག་གོ། །བསྒྲུབ་པ་ཁྱད་པར་གྱི་དམ་ཚིག་བདུན་ནི་ལེ་ལོ་གཉིད་དང་ཆང་གི་དབང་དུ་མི་གཏང་བ་དང་། །རྡོ་རྗེ་སློབ་དཔོན་གྱི་བཀའ་དང་དམ་ཚིག་བདེན་པར་བྱ་བ་དང་། །མཆེད་དང་ལྕམ་དྲལ་གྱི་ནང་དུ་རྐྱེན་ཅི་བྱུང་ཡང་ཚིག་ངན་གྱི་མཚོན་མདའ་མ་ཤོར་བར་སྤང་བ་དང་། །དམ་རྫས་ལ་བློའི་འཁུ་འཕྲིག་མེད་པར་བྱ་ཞིང་དང་དུ་བླང་པ་དང་། །ཡི་དམ་གྱི་ལྷ་མ་ཡེངས་པར་བསྒོམ་ཞིང་རྒྱུན་ཏུ་འཛབ་བསྙེན་བྱ་བ་དང་། །ཁམས་གསུམ་ཡོངས་སུ་བསྒྲལ་ཞིང་སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར་གླུ་བྲོ་མང་པོ་བརྡུང་བ་དང་། །ཡང་དག་པའི་ཆོས་ཉིད་བྱང་ཆུབ་སེམས་ལས་མ་གཡོས་པར་བྱ་བའོ། །བསྒྲུབ་པའི་དུས་སུ་ཁྱད་པར་གྱི་དམ་ཚིག་དེ་བདུན་པོ་བསྲུང་བར་བྱའོ། ༈ །གཞི་ལ་སྤོང་བར་བྱེད་པ་ནི། ༈ །དཔེར་ན་ཡུལ་ཕྱོགས་གཅིག་གི་ལྡུམ་རའི་ནང་དུ་དུག་གི་སྡོང་པོ་གཅིག་སྐྱེས་ཏེ། དེ་དུག་ཏུ་ངོ་མ་ཤེས་པས། དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བླངས་ཀྱིན་ཟོས་པས། ཟོས་ཚད་ཤི། དེ་གང་གིས་ལན་བརྟགས་པས་དུག་གིས་ལེན་པར་ཤེས། དེ་ཡང་སྔར་ཤི་བ་ཐམས་ཅད་དུག་གིས་ཤི་འདུག་ཟེར་ཏེ། དུག་དེ་ལོ་དང་ཟླ་བའི་ལམ་དུ་སྤྱུགས་སོ། །དེ་བཞིན་དུ་ལྷ་མིའི་ཐེག་པ་དང་། ཉན་རང་རྣམས་ནི། ཁམས་གསུམ་འཁོར་བར་བྱེད་པའི་རྩ་བ་ནི་ཉོན་མོངས་དུག་གསུམ་ཡིན་ཟེར་ཏེ། དེ་ལ་དགྲ་དང་ཚེར་མར་བལྟས་ཏེ་སྤོང་བར་འདོད་པའོ། །སྐྱེ་བོ་ལྡུམ་རའི་དུག་སྡོང་འདྲ། །སྦྱོང་བར་བྱེད་པའི་


DNG019_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པ་ནི། །འཚོ་བྱེད་མཁས་པ་མཐོང་བ་འདྲ་སྟེ། །དུག་དེ་ལ་སྨན་པ་ན་རེ། དེ་ཡང་མི་དགོས་ཏེ། འདི་ཐོར་བླང་གི་ནང་དུ་བཙོ་བླག་བྱས་ནས། ནུས་པ་ཨ་རུ་ནས་བཏུལ་བས་ཆོག་ཟེར་ནས་བཏུལ་བ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ནི། ཉོན་མོངས་པ་སྤོང་མི་དགོས་གཉེན་པོས་ཆོས་ཉིད་དུ་སྦྱང་བས་ཆོག་ཟེར་ནས། གཏན་ཚིགས་ཀྱིས་གཞིག་ནས་སྦྱོར་བའོ། །བསྒྱུར་བའི་ལམ་ནི་གསང་སྔགས་པ། །བྲམ་ཟེ་རིག་སྔགས་གྲུབ་པ་འདྲ་སྟེ། །དེ་བྲམ་ཟེ་རིགས་སྔགས་གྲུབ་པས་མཐོང་ནས། དུག་དེ་སྤང་། སྦྱོང་བའི་རྩོལ་བ་ཆེན་པོ་མི་དགོས་ཏེ། དེ་ལ་སྔགས་བཏབ་ནས་ཟོས་པ་ན་སྙིང་རླུང་ལ་སོགས་པ་ལ་ཕན་ཟེར་ལྟར། ཕྱི་རྒྱུད་ཀྲི་ཡོག་རྣམས་ནི། དུག་གསུམ། དུག་ལྔ་སྤང་། སྦྱང་མི་དགོས། མཚན་མའི་རྣམ་རྟོག་ཐམས་ཅད། ཀྲི་ཡ་བ་རིགས་གསུམ་མགོན་པོ། ཨུ་པ་བ་རིགས་བཞིའི་སངས་རྒྱས། ཡོ་ག་བ་རིགས་ལྔའི་སངས་རྒྱས་སུ་བསྒྱུར་བར་བྱེད་དོ། །དབང་དུ་བྱེད་པའི་ལམ་པ་ནི་མ་ཧཱ་ཨ་ནུ། །རྨ་བྱས་ཟས་སུ་མཐོང་བ་འདྲ་སྟེ། །དེ་རྨ་བྱས་མཐོང་བས། སྤང་། སྦྱང་། བསྒྱུར་གང་ཡང་མི་བྱེད་པར་ཟོས་པས། མི་གནོད་པར་སླར་གྲོགས་སུ་འགྱུར་ཏེ། སྤུ་དང་མདོངས་ལེགས་མགྲིན་པ་ཕྲ་སྐད་སྙན་པ་བཞིན་དུ། མ་ཧཱ་དང་ཨ་ནུས་གང་ཡང་མི་བྱེད་པར། ཉོན་མོངས་ཉིད་ལམ་དུ་བྱས་ནས་སྦྱོར་སྒྲོལ་གྱི་སྤྱོད་པ་ཁོ་ན་ཉམས་སུ་ལེན་པའོ། །གཞི་རང་སར་འཇོག་པའི་རྫོགས་ཆེན་པ། །འབྱུང་ཆེན་གཏོས་ཀྱི་ས་གཞི་འདྲ་སྟེ། ༈ །སའི་གཞི་དེ་ལ་དུག་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་སྟེ་རང་སར་འཇོག་པ་བཞིན་དུ། ཨ་ཏི་བས་ཉོན་མོངས་པ་དེ། སྦང་། སྦྱང་། བསྒྱུར། དབང་དུ་ཡང་བྱེད་མི་དགོས་པ་སྟེ། ཉོན་མོངས་སྐྱེས་པས་ངན་རྒྱུ་ཡང་མེད་མ་སྐྱེས་པས་བཟང་རྒྱུ་ཡང་མེད། གཞི་གཞག་རང་གྲོལ་ཆེན་པོའི་ལྟ་བ་ལ་གནས་པའོ། །སེམས་ཉིད་གཅིག་གི་རང་བཞིན་ལ། །ཐེག་པའི་མཐོང་ལྟས་བསམ་ཡས་སྣང་། །མདོ་དོན་ཆོས་ཀྱི་རྩ་བ་ནི། །ཡེ་ཤེས་ཆེན་པོ་རྣམ་ལྔར་གསལ། །ཁམས་གསུམ་སེམས་ཅན་དངོས་སྣང་འདི་རང་ཁར་བཟུང་། ཉོན་མོངས་ལྔ་ལ་འབྱོལ་ཉོག་ཏུ་སྤྱད། དེས་འཁོར་བའི་རྒྱ་མཚོར་བྱིང་ཞིང་གཡེང་། དེ་ལ་རྒྱུའི་ཐེག་པ་པས་བསྐལ་པ་གྲངས་མེད་གསུམ་དུ་དཀའ་བ་དཔག་མེད་སྤྱད་ནས་རང་གི་འབྲས་བུ་ཀུན་ཏུ་འོད་ཀྱིས་ཐོབ་པའི་ཚེ། དམ་པ་སྟོན་པའི་བླ་མ་ལ་ངེས་དོན་ཐོབ་ནས། ཤེས་སྒྲིབ་སྤངས་ནས། གདོད་ཆོས་སྐུ་འཐོབ་ལ། རྡོ་རྗེ་ཐེག་པའི་ངེས་དོན་འདི། རྟོགས་པས་ཚེ་གཅིག་གིས་སངས་རྒྱ། རྟོགས་ཐོབ་དུས་མཉམ་པ་ཡང་ཡོད། འོག་མ་ལྟར་རྩོལ་བ་གྲངས་མེད་གསུམ་མི་དགོས་


DNG019_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐབས་ནི། ཉོན་མོངས་ལྔ་སེམས་ཡིན་དེ་ཉིད་ཡེ་ཤེས་ལྔ་ཡིན་པར་རྟོགས་ནས་འཁོར་བའི་རང་བཞིན་མེད་དོ། །དེ་ལྟར་རྟོགས་ནས་བྱ་བའི་ཐབས་སུ། སེམས་གཅིག་ལ་ཡེ་ཤེས་ལྔར་དབྱེ། དེ་ལ་སྤྱིར་ཡེ་ཤེས་ལ་ཆོས་ཅན་བཅུ་གསུམ་དུ་དབྱེ། དེ་རེ་རེ་ལ་ནང་སེས་བདུན་བདུན་དབྱེ། སྤྱིར་གྲངས་དགུ་བཅུ་རྩ་གཅིག་གིས་ཡེ་ཤེས་ལྔ་གཏན་ལ་དབབ་བོ། །དང་པོ་དབྱེ་བ་ནི་བྱེ་བྲག་ཕྱེ་བ་འི་མེད་ཡིན་ཏེ། །ཆོས་ཀྱི་དབྱིངས་དང་། གསལ་བ་ཆེན་པོ་དང་། མཉམ་ཉིད་དང་། སོ་སོར་རྟོག་པ། བྱ་བ་གྲུབ་པ་དང་བདུན་ནོ། །གཉིས་པ་སྤྱི་ཡི་ངོ་བོ་ནི་ཤེས་རབ་བོ། །ཅིར་ཡང་ཆོས་དབྱིངས་མི་དམིགས་པ། མ་འགགས་པར་མེ་ལོང་གསལ་བ། མི་དམིགས་པར་མཉམ་ཉིད་ཁྱབ་པ། སོར་རྟོག་མ་འདྲེས་པར་རྫོགས་པ། བྱ་གྲུབ་མ་རྩོལ་བར་གྲུབ་པ་དང་བདུན་ནོ། །ངེས་པའི་ཚིག་ནི་ཡེ་ཤེས་ཉིད་ཡིན་ཏེ། །ཅིར་ཡང་འབྱུང་བས་ཆོས་དབྱིངས། རང་གསལ་བས་མེ་ལོང་། འབྱེད་པ་མེད་པས་མཉམ་ཉིད། གཞན་མ་ཡིན་པས་སོ་སོར། ལྷུན་གྱིས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་བདུན་ནོ། །མཚན་ཉིད་གསལ་སྟོང་དབྱེར་མེད་དེ། །ངོས་བཟུང་ཆོས་མེད་པ་དང་། སྒྲིབ་བྱེད་མེ་ལོང་མེད་པ། ཕྱོགས་རིས་མཉམ་མེད་པ། སོ་སོར་འཛིན་པ་སོ་སོར་མེད་པ། རྒྱུ་རྐྱེན་ལ་རག་ལུས་ཀྱི་གྲུབ་མེད་པ་དང་བདུན་ནོ། །དམིགས་པའི་ཡུལ་ནི་འཁྲུལ་ཆོས་ལ། །མཚན་མ་ལ་ཆོས་དམིགས། སྟོང་པ་མེ་ལོང་ལ་དམིགས། ཆེད་མཉམ་འཛིན་ལ་དམིགས། བྱེ་བྲག་སོ་སོར་མི་ཤེས་པ་ལ་དམིགས། རྩོལ་བ་ལ་གྲུབ་དམིགས་པ་དང་བདུན་ནོ། །དཔེ་ནི་མ་གོ་བ་ལ་མཚོན། །ནམ་མཁའ་མཚན་ཉིད་ཆོས་མེད་པ་བཞིན། མེ་ལོང་མེ་ལོང་གསལ་བ་བཞིན། ནམ་མཁས་མཉམ་ཁྱབ་པ་བཞིན། འཇའ་ཚོན་སོ་སོར་མ་འདྲེས་པ་བཞིན། སྐྱེས་བུ་བྱ་བ་གྲུབ་ཚར་བ་བཞིན་སྒོམ་ཐབས་སེམས་ནི་གསལ་ལ་དགོངས། །སེམས་མི་གནས་པ་ལ་དགོངས་ཏེ། སྟོང་ཉིད་དུ་ཆོས་གཞག །རང་གསལ་མེ་ལོང་དུ་གཞག །ཕྱོགས་རིས་མཉམ་མེད་པར་གཞག །གསལ་ལ་གང་དུ་ཡང་སོ་སོར་མི་རྟོག་པར། འབད་རྩོལ་མེད་པར་གཞག་གྲུབ་པ་དང་བདུན་ནོ། །གཉེན་པོ་ལོག་པར་འཛིན་པ་ལའོ་ལ་དགོངས་ཏེ། །དངོས་འཛིན་ཆོས་ཀྱི་གཉེན་པོ། སྟོང་ལྟ། མེ་ལོང་། ཐ་དད་དུ་མཉམ ། བྱེ་བྲག་སོ་སོར་མི་ཤེས་པར། རྩོལ་བསྒྲུབ་མེད་པའི་གཉེན་པོར་བྱ་བ་གྲུབ་པ་དང་བདུན་ནོ། །གནས་འགྱུར་ནི་ཉོན་མོངས་རང་དགར་འཛིན་པ་ལ་དགོངས་ཏེ། །གཏི་མུག་དང་ཀུན་གཞི་ཆོས་གནས་འགྱུར་བ། མེ་ལོང་ཞེ་སྡང་། ཡིད་ཀྱི་རྣམ་ཤེས་ང་རྒྱལ་སེམས་དང་ཉོན་མོངས་པ་ཅན་གྱི་ཡིད། འདོད་ཆགས་སོ་སོར་དང་སྒོ་ལྔའི་རྣམ་ཤེས། ཕྲག་དོག་དང་ས་བོན་གྲུབ་ཐམས་ཅད་པ་དང་བདུན་ནོ། །མ་རྟོགས་ཕན་ཡོན་མི་ཤེས་པའི་སྐྱོན་ལ་དགོངས་པ་སྟེ། །བྱོལ་སོང་དུ་ཆོས་འཁོར། དམྱལ་མེ་ལོང་། ལྷ་མཉམ ། མི་སོ་སོར་ཡི་དྭགས། ལྷ་མ་ཡིན་གྲུབ་དང་


DNG019_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནོ། །སེམས་ལྔ་སྦྱོར་བ་ནི་དྲན་པས་གཡོ། །འདོད་པས་ལྡང་། རྩོལ་བས་འཇུག །ཐོབ་པས་གནས། བརྟན་པས་མཐར་ཕྱིན་པའོ། །གནས་སྐབས་ལ། །བསྐྱེད་རྫོགས་གཉིས་པ་དགོས་ཏེ། གཡོ་ཆོས་ལྡང་བྱང་སེམས་དྲན། སྨོན་པ་མེ་ལོང་བྱང་སེམས་འདོད། འཇུག་པ་མཉམ་བྱང་སེམས་རྩོལ། སོ་སོར་གནས་པ་བྱང་སེམས་ཐོབ། མཐར་ཕྱིན་གྲུབ་པ་བྱང་སེམས་བརྟན་ནོ། །ལམ་ལྔ་ལ་འཇུག་པའི་རིམ་པ་ཉིད། །བསྐྱེད་རྫོགས་གཉིས་ལ་དགོངས་ཏེ། ཆོས་ཚོགས་ལམ་སོགས། མེ་ལོང་སྦྱོར་ལམ་སྦྱོར། མཐོང་ལམ་མཉམ་མཐོང་། སྒོམ་ལམ་སོ་སོར་སྒོམ། མཐར་ཕྱིན་གྲུབ་པའི་ལམ་ཐོབ་པའི་འབྲས་བུ་ཕན་ཡོན་ཤེས་པ་ལ་དགོས་སོ། །ཆོས་སྐུ་དེ་བཞིན་རིགས། རྣམ་སྣང་ཆོས ། ངོ་བོ་ཉིད་ཀྱི་སྐུ། རྡོ་རྗེའི་མེ་ལོང་རིགས། མི་བསྐྱོད་པ། ལོངས་སྐུ་མཉམ་ཉིད་རིན་ཆེན་རིགས། རིན་འབྱུང་། མངོན་བྱང་སྐུ་སོ་སོར་པདྨའི་རིགས་འོད་དཔག་མེད། སྤྲུལ་སྐུ་གྲུབ་ལས་རིགས། དོན་གྲུབ། སྤྱི་མིང་དགོས་པ་རྣམ་གཉིས་སྤྱི། །སྤྱི་མིང་བཅུ་གསུམ་ནི། བྱེ་བྲག་མི་ཤེས་པ་ལས་དབྱེ་བ། ཤེས་རབ་མཚོན་པ་ལ་ངོ་བོ། ཡེ་ཤེས་ངོས་འཛིན་ལ་ངེས་ཚིག །གསལ་སྟོང་དབྱེར་མེད་སྟོན་པ་ལ་མཚན་ཉིད། འཁྲུལ་ཆོས་ལ་དམིགས་ཡུལ། དོན་མ་གོ་བ་ལ་དཔེ། སེམས་མི་གནས་པ་ལ་སྒོམ་ཐབས། ལོག་པར་འཛིན་པ་ལ་གཉེན་པོ། ཉོན་མོངས་རང་དགར་འཛིན་པ་ལ་གནས་འགྱུར། ཕན་ཡོན་མི་ཤེས་པ་ལ་མ་རྟོགས་པའི་སྐྱོན། གནས་སྐབས་བསྐྱེད་རྫོགས་གཉིས་ལ་སེམས་ལྔ་དང་སྦྱར་བ། བསྐྱེད་རྫོགས་གཉིས་ལ་འཇུག་པའི་རིམ་པ་ལམ་ལྔ། ཕན་ཡོན་ཤེས་ཤིང་རྟོགས་པ་ལ་ཐོབ་པའི་འབྲས་བུའོ། །དེ་ལ་སྤྱི་མིང་དབྱེ་བ་ལ་སོགས་པ་ལ་རྣམ་གྲངས་བཅུ་གསུམ། བྱེ་བྲག་གི་མིང་ལ་སོགས་པ་དགོས་པ་བཅུ་གསུམ་མོ། །བྱེ་བྲག་དྲུག་ཅུ་དབྱེ་བ་ལ་ལྔ། ངོ་བོ་ལ་ལྔ། དེ་བཞིན་དུ་ངེས་ཚིག །མཚན་ཉིད་ལ་སོགས་བཅུ་གསུམ་པོ་ལ། ཡེ་ཤེས་ལྔ་ལྔར་དབྱེ་བས་རྩ་ལྔ་ཉིད་དང་། །བྱེ་བྲག་རྣམས་སྤྱིར་དྲིལ་བས་གྲངས་དགུ་བཅུ་གཅིག་ཏུ་ཤེས་པར་བྱ་སྟེ་གནས་སོ། ༈ །དང་པོ་རྩའི་གཙོ་བོ་ལ་གསུམ་གནས་པ་ནི་མིའི་ལུས་ལ་ཁུ་བ་བྱང་ཆུབ་སེམས་བདེ་བ་རྒྱུ་བའི་གནས། །རྩ་ནི་སུམ་ཅུ་རྩ་གཉིས་ཀྱིས་ལུས་ཕྱི་ནང་ཀུན་ཁྱབ་པར་གནས་ཏེ། །དེ་དག་ཀུན་རྫོབ་གཟུགས་དང་ནི། །ཐིག་ལེར་རྒྱུ་བ་ནི། རྐང་པའི་མཐེ་བོང་ནས་སྤྱི་གཙུག་ཏུ་རྒྱུ། སྤྱི་གཙུག་ནས་མཐེ་བོང་དུ་ཡལ་ཞིང་ནུབ་པའོ། །དོན་དམ་གཟུགས་ནི་ཨཱ་ལི་བཅུ་དྲུག་གིས་སྟོང་པའོ། །ཀྱི་བདག་ཉིད་དོ། །དེ་ཡི་གཙོ་བོ་རྣམ་པ་གསུམ་ནི། །ལ་ལ་ནཱ་ནི་སྒྲས་བཤད་པ་ཤེས་རབ་ལ། །གཡོན་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ་


DNG019_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཀྱི་ལུས་ཐམས་ཅད་གཡོན་ཤས་ཆེ་སྟེ་བུད་མེད་ཤེས་རབ་མར་གནས་སོ། །ཤེས་རབ་ཡུམ་དུ་གནས་སོ། །ར་ས་ནཱ་ནི་གཡས་ཐབས་ཀྱི་རང་བཞིན་ཡིན་ཏེ། །སྐྱེས་པའི་ལུས་ཐམས་ཅད་གཡས་ཤས་ཆེ་བས་གཡས་ཐབས་ཡབ་དུ་གནས། ཨ་བ་དྷཱུ་ཏཱི་ནི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་གཟུགས། །ཐབས་ཤེས་རབ་དབྱེར་མེད་པར་དབུས་ན་གནས་པའི་བདག་ཉིད་རྩ་གསུམ་སྒྲས་བཤད་པའོ། །བདུད་རྩི་རྒྱུ་བས་བཤད་པ་དྲི་ཆུ་རྒྱུ་བ་ནི་ལ་ལ་ནཱ་སྟེ་དོན་ཡོད་གྲུབ་པའི་བདག་ཉིད་ཅན་ནམ་བུམ་དབང་གཙོ་བོར་བྱས་ན་མི་བསྐྱོད་པ་ཆུའི་རང་བཞིན་དུ་ཡང་འདོད་དོ། །འཕྱང་ལྡན་མ། །རཀྟ་རྒྱུ་བ་རོ་མཆོག་མ། །ར་ས་ནཱ་སྟེ། བུད་མེད་ལ་དངོས་སུ་རྒྱུ་ལ་སྐྱེས་པ་ལ་རྩ་སྣ་ཡར་ལོག་ནས་སྣ་བུག་ཏུ་ཟུག་པས་སྣ་ཁྲག་མང་བར་འདོད། དངོས་འོད་དཔག་མེད་གཙོར་བཤད་པའོ། །བྱང་སེམས་རྒྱུ་བ་སྤྱི་ཁྱེར་མ་ནི། །ཨ་བ་དྷཱུ་ཏཱི་སྟེ། དབུས་ན་གནས་པས་ཐིག་ལེ་སྤྱི་བོ་ནས་ལུས་ཀུན་ཁྱབ་པའོ། །རང་བཞིན་གྱིས་བཤད་པ་ཆོས་རྣམས་ཕྲ་མོའི་རང་བཞིན་ལ་དུ་གནས་པར་སྟོན་པས་ན། །ལ་ལ་ནཱ་ལ་དགའ་བྱེད་མ་ནི་ཤིན་ཏུ་ཕྲ། །ཞེས་བྱ་སྟེ། ཤེས་རབ་སྟོང་ཉིད་ཀྱི་དོན་ལ་དགའ་བ་སྟེ། སྟོང་ཉིད་ཀྱི་དོན་ཀུན་གྱིས་རྟོགས་པར་དཀའ་བ་རྟོགས་ན་དགའ་བར་བྱེད་པས་སོ། །ཆོས་རྣམས་བརྗོད་དུ་མེད་པའི་རང་བཞིན་དུ་སྟོན་པ་ནི། །ར་ས་ནཱ་སྟེ་རོ་བཅུད་མ་ནི་སྤྲོས་པ་མེད། །ཅེས་བྱ་སྟེ། ཁྲག་རྒྱུ་བས་རོ་དང་ལྡན་པའམ། ལུས་ཅན་ཀུན་གྱི་ལུས་ཀྱི་བཅུད་ཁྲག་ཡིན་པས་ན་རོ་བཅུད་མ་སྟེ། ཁྲག་གིས་ལུས་འཚོ་ཞིང་བཅུད་དང་ལྡན་པར་བྱེད་པ་སྟེ། དཔེར་ན་སེང་ལྡེང་གི་ཤིང་ལྟ་བུའོ། །དབྱེར་མེད་པ་ཡི་བདག་ཉིད་ནི། །ཨ་བ་དྷཱུ་ཏཱི་སྟེ། གཟུང་བ་ཡུལ་གྱི་རང་བཞིན་དང་འཛིན་པ་སེམས་ཀྱི་རང་བཞིན་གཉིས་ཨ་བ་དྷཱུ་ཏཱིར་རང་བཞིན་དབྱེར་མེད་པས་ན། གཟུང་འཛིན་ཀུན་སྤངས་པས་ན་ཀུན་སྤངས་པ་ཡི་རང་བཞིན་ཡིན། ༈ །ཞེས་བྱའོ། །དེས་རྩའི་གཙོ་བོ་གསུམ་བཤད་དོ། །གནས་རྐང་པ་གཡོན་པའི་མཐེ་བོང་ན། །གནས་པ་ལ་རང་བཞིན་མེད་པར་གནས་པའི་ཕྱིར། །ཨ་བྷེ་དྱ་ཞེས་བྱ་བ་གནས། །མི་ཕྱེད་པ་ཡིན་ཏེ། དཔེར་ན་ཚེས་གཅིག་ཟླ་བ་ཤར་ཙམ་དུ་སྣང་ཡང་། སྣང་བ་མ་ཡིན་ཏེ། མུན་པ་དང་མི་ཕྱེད་མ་ཞེས་བྱ་བ་དང་། དེ་ཡང་མིའི་ལུས་ཀྱི་ཕྱི་རོལ་ན། བདེ་བ་རྒྱུ་བ་ལ་མིའི་བླ་ཚེ་ཡང་དེ་ལ་འཁོར་བས་ན་བླ་གནས་སོ། །གནས་བྱིན་པ་ན་གནས་ལ་རང་བཞིན་ནམ་མཁའི་རང་བཞིན་ཡིན་པའི་ཕྱིར། །སཱུ་ཀྵྨྭ་རཱུ་པ་ནི་ཕྲ་མོའི་གཟུགས་ཏེ། ནམ་མཁའ་སྟོང་པ་རྟོགས་པར་དཀའ་བས་ན་ཕྲ་མོའི་ཚུལ་ཞེས་བྱ་བར་སྦྱར་བའོ། །


DNG019_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་སྟོང་པར་ཤེས་ནས་ཕྲ་མོའོ། །ཡིན་ལ། །གནས་བརླ་གཡོན་པ་ན་གནས་ལ་རང་བཞིན་འདོད་ལྔ་ཡི། །བདག་ཉིད་ཡིན་པའི་ཕྱིར་མིང་ནི་གསལ་བ་མ་ཞེས་པའམ་ཡང་ན་འདོད་པ་མ་ཞེས་བྱའོ། །དཱི་བྱའོ། །གནས་གསང་བའི་གཡོན་ན་བྷ་གའི་ཆོས་འབྱུང་ལ་གནས་ལ་རང་བཞིན་དེ་ཁོ་ན། །ཉིད་ལ་དམིགས་པའི་ཤེས་རབ་འབྱེད་པའི་ཕྱིར་ནའོ་གཡོན་ནི་མིང་ངོ་། །ལྷ་མོའོ། །གནས་ལྟེ་བར་རང་བཞིན་ཕྱག་རྒྱ་ཆེན་པོ་དང་། །རྒྱུ་མཐུན་བདག་ཉིད་པཱ་མི་ནི། །ཡིན་པས་ན་གཡོན་ལྡན་མ་ཞེས་ཀྱང་བྱ་སྟེ་ལྷའི་སྐུར་འདྲིལ་བར་གནས་པར་བྱེད་པའོ། །གནས་སྙིང་གའི་ལྟེ་བ་གཡོན་པ་ན། །གནས་རང་བཞིན་འཁོར་འདས་ཁ་སྦྱར་བས་འཁོར་འདས་དབྱེར་མེད་པའི་གཟུགས་ཡིན་པའི་ཕྱིར་ན་སྣང་བ་སྲིད་པ་ཐབས་མྱང་འདས་སྟོང་པ་ཤེས་རབ་དེ་གཉིས་མཉམ་པར་སྦྱོར་བས་རུས་སྦལ་མའོ། །ཀུར་མ་ཛ། །གནས་ནུ་མ་གཡོན་ན་རང་བཞིན་བདེ་ཆེན་བསྒོམ་པ་ནི་ཐབས་ཤེས་དབྱེར་མེད་དུ་གནས་པ་དེ་ཁོ་ན་བདེ་བ་ཆེན་པོ་སྟེ་དངོས་ལྡན་མ་ཞེས་བྱའོ། །བྷཱ་བ་ཀཱི་ནི་གནས་མའོ། །གནས་མགྲིན་པའི་གཡོན་ན་གནས་པ་ནི། །རང་བཞིན་ལུས་ངག་ཡིད་ཀྱི་དྲི་མ་མེད་བྱེད་ཤེ་ཀཱ་འོ། །གནས་ལག་མཐིལ་གཡོན་ན་གནས་ལ་དང་པོ་ལ་སོགས་པའི། །དུས་ངེས་པར་བྱེད་པ་དོ་ཥཱ་འོ་པ་ངེས་པ་མ་ཞེས་བྱ་སྟེ། དོ་ཥ་ནི་ངེས་པའོ། །ཡང་ན་ཉེས་པ་མ་ཞེས་བྱའོ། །གནས་མ་མཆུ་གཡོན་ན་གནས་པ་ཡང་། །རང་བཞིན་བདེ་བ་ཆེན་པོ་འབེབས་པའི་བིཥྚཱ་འོ། །བདེ་བ་ཆེན་པོའི་དོན་ལ་འཇུག་པས་ན་འཇུག་མ་སྟེ། འོ་དང་འཁྱུད་པ་ཙམ་གྱིས་ཀྱང་ལུས་ལ་བདེ་བ་ཆེན་པོ་སྐྱེ་བའི་ཐབས་ལ་འཇུག་པའོ། །གནས་ནི་མཁུར་ཚོས་གཡོན་ན་གནས་པ་ནི། །རང་བཞིན་རྣམ་པར་ལྟ་བ་མཱ་ཏ་རཱ་འཕེལ་མ་སྟེ། ཀུན་གཞིའི་རྣམ་ཤེས་ལ་ཐབས་སྣང་བ་ཉམས་སུ་མྱོང་བར་བྱེད་པས་ན་དེ་ཡང་སྒྲ་སྤྱིའི་གོ་བ་རྣ་བའི་ཡུལ་དུ་གྲགས་པ་ཡིན་ལ་རྣ་བར་རླུང་འཕེལ་བས་ན་འཕེལ་མའམ་མ་མོ་ཞེས་བྱའོ། །གནས་མིག་ནི་གཡོན་ན་རང་བཞིན་བདེ་བ་ཆེན་པོའི། །ཡི་གེ་གཉིས་ཆད་བདག་ཉིད་སརྦ་རཱི་སྟེ། །ཐམས་ཅད་འཁྲུ་ཞེས་ཀྱང་བྱ་ལ། མཚན་མ་ཞེས་ཀྱང་བྱ་སྟེ། རྣམ་རྟོག་ཐམས་ཅད་བདེ་བ་ཆེན་པོར་འཁྲུ་བས་ན་རྣམ་རྟོག་མི་གསལ་བས་མཚན་མོ་འདྲའོ། །གནས་རྣ་བ་གཡོན་པའི་རྩ་ན་གནས་ལ་རང་བཞིན་རླུང་། །རབ་ཏུ་བསྐྱེད་ཕྱིར་ན་བསིལ་མ་ཞེས་བྱ་ཤཱི་ཏ་དཱ། །


DNG019_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདུན་པ་འམ་མགོ་བོའི་གཡོན་གྱི་ཆ་ན་གནས་པ་རང་བཞིན་ནི་མེ་སྐྱེད་པ་ན། །དེ་ཡི་ཕྱིར་ན་ཨུཥྞ་འོ། །མེའི་གཟི་མདངས་དང་ལྡན་པས་གཟི་བརྗིད་མའོ། །གནས་སྤྱི་གཙུག་ན་གཡོན་ན་རང་བཞིན་རྡོ་རྗེ་འཛིན་ཆེན་པོ། །དགའ་བར་བྱེད་པའི་ཕྱིར་ལ་ལ་ནཱ། །སྤྱི་གཙུག་ཐུགས་དམ་ལྷ་ལ་དགའ་བར་བྱེད་པས་དགའ་བའི་ངང་ཚུལ་ཅན་ནམ་རྐྱང་མའོ། །གནས་སྤྱི་བོ་དག་ནས་རང་བཞིན་སྤྲོས་པ་དང་། །བྲལ་བའི་ཕྱིར་ཨ་བ་དྷཱུ་ཏཱི་འོ། །ཞེས་ཀྱང་བྱ། བདེ་བ་ཆེན་པོ་ཞེས་ཀྱང་བྱ། སྤྱི་གཙུག་ཚངས་བུག་ཅེས་ཀྱང་བྱ། ཀུན་འདར་མ་ཞེས་ཀྱང་བྱ་སྟེ། བདེ་བ་ཆེན་པོས་ཡོངས་ལ་ཁྱབ་པས་ཚེས་བཅོ་ལྔའི་ཟླ་བ་ནམ་དང་མཉམ་པ་ལྟར་གནས་སོ། །གནས་སྤྱི་དེ་ནི་གཡས་ལ་རྩི་བའོ། །གཙུག་དག་གི་གཡས་པ་ན། །མྱང་བས་རང་བཞིན་མྱང་འདས་ལས་དགའ་ཕྱིར་ར་ས་ནཱ། །རོ་ཞིམ་པོ་ལ་སོགས་པ་ལ་གནས་པས་ན་རོ་བཅུད་མ་ཞེས་བྱའོ། །གནས་ལྟག་པ་དག་ལ་གནས་པ་ནི། །རང་བཞིན་སྐུ་ལ་སོགས་པའི་བདག་ཉིད་པྲ་མཱ་ཎཱ། །ཡིན་པས་ན་རུས་པའི་ཕྲེང་བ་ཚད་དང་ལྡན་པར་བྱེད་པས་ན་ཀུན་སྤངས་མ་ཞེས་བྱ་སྟེ། ལུས་ཀྱི་རུས་པ་ཚད་དུ་སློང་བས་ན་ཚད་མ་སྟེ་ཡང་ན་པྲ་ཝ་ཎཱ་སྟེ་འབབ་མ་ཞེས་ཀྱང་བྱའོ། །གནས་འདུན་པ་གཡས་ན་ཆུ་ཡི་ནི། །རང་བཞིན་དོན་ཡོད་གྲུབ་པའི་བདག་ཉིད། ༈ །འབབ་པ་ཡིན་པའི་ཕྱིར་ན་མིང་བདག་ཉིད་ཀྲྀཥྞ་ཝརྞྞཱ་འོ། །ཞེས་བྱ་སྟེ། ཆུ་ལྟར་ཁ་དོག་སྔོ་བས་མདོག་སྔོན་པོ་མ་ཞེས་བྱ། ཤིན་ཏུ་གཟུགས་མ་ཞེས་ཀྱང་བྱའོ། །ཐབས་སུ་སྣང་བ་རང་རིག་པའི་བདག་ཉིད་ཡིན་ནོ། །གནས་རྣ་བ་གཡས་པའི་རྩ་བ་ན། །རང་བཞིན་ཐམས་ཅད་རྗེས་འགྲོ་སཱ་མཱ་ནྱ་བས་ན། །སྤྱི་ཁྱེར་མ་སྟེ། སྤྱི་མ་ཞེས་ཀྱང་བྱ་ལ། ཀུན་ཏུ་འགྲོ་མ་ཞེས་ཀྱང་བྱ་སྟེ། དབྱེར་མེད་པའི་བདག་ཉིད་ཀྱིས་ཀུན་ལ་ཁྱབ་པས་ན་སྤྱི་ཁྱེར་ནས་ཀུན་ཏུ་འགྲོ་མ་ཞེས་སོ། །གནས་མིག་གཡས་རང་བཞིན་བྱེད་པའི་བདག་ཉིད་དུ། །གྱུར་པའི་ཕྱིར་ན་རྒྱུ་སྦྱིན་མ་སྟེ་ལུས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྒྱུར་ཡོད་པས་ན་རྒྱུའི་བྱེད་པ་ལས་སེམས་བདེ་བའི་ངོ་བོ་ལས་བྱུང་བས་ན་རྒྱུ་སྦྱིན་མ་ཞེས་སོ། །ཧེ་ཏུ་དཱ་ཡི་ཀཱ། །གནས་མཁུར་ཚོས་གཡས་ན་རང་བཞིན་དཔའ་བོ་ཡི། །དགའ་བ་དང་བྲལ་བའི་ཡོ་གཱ་འོ་ཕྱིར་ན། །སྦྱོར་བྲལ་མ་སྟེ། ཐབས་དགའ་བ་དང་བྲལ་ཞིང་ཤེས་རབ་སྟོང་པ་ཉིད་ཡིན་པས་ན་དགའ་བ་དང་བྲལ་ཞིང་རྣམ་པར་སྤངས་པ་ཞེས་བྱའོ། །གནས་ཡ་མཆུ་དག་ལ་གནས་པ་ནི། །རང་བཞིན་ཐམས་ཅད་འགྲོ་བས་ན་པྲེ་མ་ཎཱི། །ཞེས་པ་སྟེ། དགའ་བ་དང་སྟོང་ཉིད་ཀྱི་གནས་ཐམས་ཅད་དུ་


DNG019_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཕྱོང་བའོ། །དེ་ལ་མཚན་མ་ཐམས་ཅད་མཚན་མ་མེད་པའི་སྟོང་པར་གྲོལ་བས་ན་འབྱུང་གནས་ཞེས་ཀྱང་བྱའོ། །གནས་མགྲིན་པ་གཡས་ན་རང་བཞིན་ཐོག་མ་ཡི། །རང་བཞིན་མེད་པ་ས་དྷཱ་འོ་འི་ཕྱིར་ན། །གྲུབ་མ་སྟེ། ཐོག་མ་མེད་པ་ནས་རང་བཞིན་མེད་པར་གྲུབ་པར་བྱེད་པ་སྟེ། ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྲུབ་པར་བྱེད་པས་ན་གྲུབ་མ་ཞེས་བྱ་བ་ཡིན་ནོ། །གནས་ལག་མཐིལ་གཡས་ན་ལས་སྒེག་ལ་སོགས་པའི། །རོ་བྱེད་པའི་ཕྱིར་ན་པཱ་ཙ་ཀཱི། །འཚེད་མ་སྟེ། མཚན་མ་ཐམས་ཅད་སྣང་སྟོང་ཉམས་མྱོང་བདེ་བར་འཆར་ཞིང་ལེན་པ་སྟེ་གཏོང་བ་དང་ལེན་པའི་རང་བཞིན་དབྱེར་མེད་པར་འཚེད་པས་ན་འཚེད་མའོ། །གནས་ནུ་མ་གཡས་ན་རང་བཞིན་ལུས་ཀྱི་འབྲས་བུ་སྟེར་ཞིང་། །འཐོབ་པར་བྱེད་སུ་མ་བས་ན་མིང་ཤིན་ཏུ་ཡིད་དགའ་མ་སྟེ། ལུས་ཀྱི་འབྲས་བུ་སྙིང་ལ་ཕན་འདོགས་པས་ཡིད་དགའ་བར་བྱེད་པས་ན་ཡིད་དགའ་མ་ཞེས་ཀྱང་བྱ། ཡིད་གཞུངས་པར་བྱེད་པས་ན་ཡིད་བཟངས་མ་ཞེས་ཀྱང་བྱའོ། །ན་སཱི་འོ། །གནས་སྙིང་གའི་གཡས་ན་རང་བཞིན་སྐུ་གསུང་ཐུགས་ཀྱི། །བདག་ཉིད་ཡིན་པའི་ཕྱིར་ཤེས་རབ་སྐུ་དང་སྟོང་པ་གསུང་དང་། ཐབས་བདེ་བ་ཐུགས་ཏེ། རང་བཞིན་གྱིས་དབང་དུ་བྱས་པའི་བདག་ཉིད་ཡིན་པས་ན་གསུམ་བསྐོར་མ་ཞེས་བྱ་སྟེ། སྐུ་གསུང་ཐུགས་གསུམ་བསྐོར་བའོ། །ཏྲི་བྲྀཏྟཱ། །གནས་ལྟེ་བ་འི་དག་ན་གནས་པ་ནི། །རང་བཞིན་འདོད་པས་དགའ་ཕྱིར་འདོད་པ་ཐབས་བདེ་བའི་ངོར་བྱེད་པས་ན། འདོད་པ་གཅེས་སུ་བྱེད་པས་ན་མིང་འདོད་མ་ཞེས་བྱ་བ་སྟེ། འདོད་ཡོན་ལྔ་ལ་དགའ་བའི་ཕྱིར་འདོད་པ་མའོ། །ཀཱ་མི་ནཱི། །གནས་ཆོས་ཀྱི་འབྱུང་གནས་ཀྱི་གཡས་པ་ན། །རང་བཞིན་སངས་རྒྱས་ཀུན་གནས་ཡིན་པའི་ཕྱིར་གསང་བའི་གནས་བྷ་ག་ནི་འཁོར་འདས་ཀུན་གྱི་འབྱུང་གནས་ཡིན་ཏེ། བྷ་ག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གནས་ཡིན་པས་ཁང་པ་མ་ཞེས་བྱའོ། །གེ་ཧཱ་འོ། །གནས་བརླ་གཡས་རང་བཞིན་ཐམས་ཅད་བདེ་བ་ཆེན་པོས། །ཁྱབ་པར་བྱེད་པའི་ཕྱིར་མིང་གཏུམ་བདག་མ་སྟེ་ལུས་ཀྱི་རྣམ་རྟོག་ལ་ཁྲོ་ཞིང་གཏུམ་པའི་ཚུལ་གྱིས་བཅོམ་ནས་བདེ་བ་ཆེན་པོས་ཁྱབ་པར་བྱེད་པའི་བདག་ཡིན་པས་གཏུམ་བདག་མའོ། །ཙཎྜཱ་ཨཱདྨ་འོ། །གནས་བྱིན་པ་གཡས་ན་རང་བཞིན་བགེགས་ཐམས་ཅད་བགེགས། །མེད་པར་བྱེད་པ་སྟེ་མཚན་མའི་བགེགས་ཐམས་ཅད་སྟོང་པར་འཇོམས་པས་ན་མིང་ནི་འཇིགས་མ་སྟེ། མཚན་བཅས་ཀྱི་བགེགས་རྣམས་མཚན་མ་མེད་པར་འཇིགས་མའོ་ཀ་ཏྱ་ཡ་ན་འོ། །


DNG019_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཐེ་བོ་གཡས་ན་རང་བཞིན་སྡུག་བསྔལ་རྣམས། །མི་འཇུག་བྱེད་པ་སྟེ་བདག་དང་རང་བཞིན་སྟོང་པས་ན་དུཿཁ་ཐམས་ཅད་ཀྱི་སྐབས་མི་འབྱེད་པས་ན་མིང་བདུད་འཇོམས་མ་སྟེ། བདུད་ཐམས་ཅད་ཀྱི་བར་དུ་གཅོད་དུ་མེད་པས་ན་བདུད་འདྲལ་མ་ཞེས་བྱའོ། །མཱ་ར་རཱ་ཊི་ཡ་འདུག་དཱ་རི་ཀ ༈ །དེ་ལྟར་སུམ་ཅུ་རྩ་གཉིས་གནས། ༈ །འཁོར་ལོ་བཞི་བསྡོམ་པའི་དུས་ན་ཕྱོགས་བཞིའི་རྩ་རྣམས་ནི་ལུགས་ལས་བཟློག་པར་གནས་ཏེ། ཤར་ནས་བྱང་། ནུབ་ལྷོར་རོ། །མཚམས་བཞི་ནི་ལུགས་ལས་འབྱུང་སྟེ། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར་རྣམས་སུ་གནས་པའོ། །ལུགས་ཟློག་ཐབས་ཡིན། ལུགས་འབྱུང་ཤེས་རབ་ཡིན། ཐབས་ཤེས་ཁ་སྦྱར་དུ་གནས་པའོ། །ལུས་ལ་ལུགས་དང་ལུགས་ལས་བཟློག །མི་ཕྱེད་མ་མགོན་གནས་ཏེ་སྤྱི་ནས་སོ་དང་སེན་མོ་འབབ་ཅིང་འབྱུང་བའོ། །སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པར་བྱེད་པས་ན་མི་ཕྱེད་མའོ། །འདི་དག་བྱང་སེམས་འབབ་པས་འགྲོ་བའི་ལུས་བསྐྱེད་ཅིང་ལས་བྱེད་པ་བསྟན་པའོ། །ཕྲ་མོ་སྤྱི་གཙུག་ཕྲ་གཟུགས་མ་སྤྱི་བོར་གནས་ཏེ་སྐྲ་དང་བ་སྤུ་འབྱུང་བའོ། །སྐྲ་རྩེ་དང་བ་སྤུ་ཕྲ་བ་བསྐྱེད་པས་ན་ཕྲ་གཟུགས་མའོ། །བེམས་པོས་བསྡུས་པ་ན་གཟུགས་ཅན་མ་ཞེས་བྱའོ། །སྐྲ་སྤུ་རྒྱ། །བཟང་མོ་ནི་རྣ་བ་གཡས་དྲི་མ་རྒྱུ་ན་གནས་ཏེ། །རྣ་སྤབས་དང་དྲི་མ་འབྱུང་བའོ། །རྣ་བའི་སྒྲ་བཟང་བར་སྟོན་པས་ན་བཟང་མའོ། །གཡོན་མ་རྒྱབ་ན་གནས་ཏེ་བཤུལ་ཤ་འབྱུང་ལུས་ཀྱི་གཡོན་ན་བརྟེན་ནས་ཚང་རར་རྒྱུ་ཞིང་ཤ་རྣམས་འབྱུང་བས་ན་གཡོན་པ་མོའོ། །ཚང་ར་ཤ་རྣམས་རྒྱུ། །གཡོན་ཐུང་རྣ་གཡོན་རྒྱུས་པ་རྒྱུ། །མི་ཐུང་རྣ་བ་གཡོན་ན་གནས་ཏེ་རྩ་རྒྱུས་འབྱུང་ངོ་། །ལས་རྩ་རྒྱུས་ཀྱི་ཉྭ་བཞི་ཟླུམ་རིལ་གྱིས་གཏོང་བས་ན་མི་ཐུང་མའོ། །རུས་སྦལ་མིག་གཉིས་མཁལ་མ་རྒྱུ། །རུས་སྦལ་སྐྱེས་ནི་སྨིན་ཕྲག་ན་གནས་ཏེ་སྒལ་རུས་འབྱུང་ངོ་། །རུས་སྦལ་གྱི་རྒྱུ་བ་འདྲ་བས་རུས་སྦལ་སྐྱེས་སོ། །མིག་གཉིས་ལ་གནས་ནས་མཁལ་མའི་ནང་དུ་རྒྱུའོ། །མཆི་མ་བསྐྱེད་དོ། །བསྒོམ་པ་མོ་ནི་མིག་གཉིས་ལ་གནས་ཏེ་མཁལ་མར་འབྱུང་རུས་སྦལ་སྐྱེས་དཔྲལ་བར་གནས་ཏེ་སྒལ་ཚིགས་རུས་ཕྲེང་བསྐྱེད་ཅེས་གོང་འོག་བསྣོར་ལ་བཤད་དོ། །གཡོན་རང་གསལ་དུ་སྲིད་པས་བསྒོམ་སྨིན་མ་རུས་པའི་ཕྲེང་། །དབང་མ་དཔུང་རྩ་སྙིང་དུ་རྒྱུ། །དབང་བསྐུར་མ་ནི་དཔུང་འགོ་ལ་གནས་ཏེ། སྙིང་འབྱུང་ངོ་། །སྙིང་ལ་སེམས་ཉིད་གསལ་བར་དབང་བསྐུར་བ་སྦྱིན་པར་བྱེད་པས། དབང་བསྐུར་མ་སྟེ་སེམས་གསལ་བར་བྱེད་པའོ། །


DNG019_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ལྡན་མ་ནི་མཆན་ཁུང་གཉིས་ན་གནས་ཏེ། མིག་འབྱུང་བའོ། །དྲང་ལ་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་སུན་འབྱིན་པར་བྱེད་པས་ན་སྐྱོན་མ་ཞེས་བྱའོ། །མཚན་མོ་མཚན་འོག་མིག་གཉིས་རྒྱུ། །ཆེར་སྔོན་རྣམ་པར་གནས་མ་ནི་ནུ་མ་གཉིས་ལ་གནས་ཏེ་ལོང་ཀ་རྒྱུ་མཁྲིས་པར་རྒྱུ། །ཉོན་མོངས་མི་གསལ་བར་བྱེད་པས་ན་སྐྱོན་ཆེན་མོ་ཞེས་བྱའོ། །མ་མོ་ནི་ལྟེ་བ་ན་གནས་ཏེ་གློ་བ་དང་ལོང་ཀར་རྒྱུ་འབྱུང་བའོ། །གློ་བ་ནས་ལོང་ཀར་རླུང་རྒྱུ་བ་རྣམས་བསྐྱེད་པར་བྱེད་པས་ན་མ་མོའོ། །ཀུན་མཚན་མ་རི་ཁྲོད་མ་ནི་སྣ་རྩེ་ལ་གནས་ཏེ་རྒྱུ་མའི་ཕྲེང་བ་འབྱུང་བའོ། །ལུས་བསྐྱོད་པར་བྱེད་པས་འདི་ལ་རྣམ་པར་གནས་མ་ཞེས་བྱའོ། །རྒྱུ་མའི་ནང་དུ་འགྲོ་བས་རི་ཁྲོད་མ་རྒྱུ་མ་ཟས་ཀུན་གྱིས་མཚན་མ་ཡིན་པས། ཀུན་མཚན་མའོ། །གྲང་མ་ཁ་འགྲམ་རྩིབ་ལོགས་གཉིས། །བསིལ་སྦྱོར་མ་ནི་ཁ་ལ་གནས་ཏེ་རྩིབ་མའི་ཤུན་པ་འབྱུང་བའོ། །རྩིབ་མས་ལུས་ཚུར་ཁང་པ་འདྲ་བས་ན་བསིལ་བྱེད་མའོ། །ཚ་བ་ཞི་བས་ན་བསིལ་སྦྱིན་མའོ། །དགའ་བྱེད་སྤྱི་གཙུག་དྲི་ཆུ་འབབ། །དྲོ་མ་ནི་སྐེ་དང་སྤྱི་གཙུག་ལ་གནས་ཏེ། ལྟོ་བར་དྲི་ཆུ་འབབ་པར་འབྱུང་བའོ། །དྲི་ཆུ་སྐོམ་ཚིམས་པར་བྱེད་པ་ཉིད་ཀྱིས་ན་དགའ་བྱེད་མ་ཞེས་བྱའོ། །ལ་ལ་ནཱ་ཞེས་ཀྱང་བྱའོ། །ཀུན་སྤངས་མ་མདུན་དྲང་པོ་ན་གནས་ཏེ། ཤུ་ཀྲ་ཞེས་བྱ་བ་བྱང་ཆུབ་སེམས་འབབ་པར་བྱེད་པའོ། །གཟུགས་མེད་པར་བདེ་བས་འགེངས་པས་ན། ཨ་བ་དྷཱུ་ཏི་ཞེས་བྱ་རྣམ་རྟོག་ཀུན་སྤངས་པས་ན་ཀུན་སྤངས་པའོ། །རོ་བཅུད་མ་གཡས་ན་གནས་ཏེ་རཀྟ་ཁྲག་གི་རྒྱུ་འབབ་རོ་མྱང་བས་ལུས་ལ་བཅུད་གནས་པར་བྱེད་པས་ཁྲག་ཏུ་འབབ་པར་འབྱུང་ངོ་། །རོ་སྟེར་བར་བྱེད་པས་ར་ས་ནའོ། །དྲོད་འཕྱང་རབ་ཀྱི་ཚིལ་མ་ནི་མགྲིན་པ་དང་སྙིང་ལ་གནས་ཏེ་ལྟོ་བར་རྒྱུ་ཞིང་བཤད་པ་འབྱུང་བར་བྱེད་པའོ། །ཟླ་བ་ལྟ་བུར་སྙོམས་པས་ནི། ཚད་མ་ཞེས་བྱ། དྲོད་སྙོམས་པས་དྲོད་འཕྱང་མའོ། །སྤྱི་གཙུག་སྐྱེས་ནས་ལོང་བ་འབབ། །དགའ་མ་ནི་སྤྱི་གཙུག་ནས་སྐེ་ན་ས་འགྲིམ་སྟེ་ལྟོ་བར་འབབ། །རོ་རྟོག་སྙིང་ན་བདེ་བ་ཆེན་པོའི་རོ་རྟོག་སྙིང་ནས་བདེ་བ་ཚོར་ནས་བཤང་ལམ་རྡོ་རྗེ་ལ་རྒྱུ་བར་བྱེད་དེ་མ་རྟོགས་ན་མུན་པ་ཆེན་པོ་ལྟ་བུ་ཡིན་པས་ན། ནག་མོ་ཞེས་ཀྱང་བྱ་རོ་རྟོག་ཅེས་བྱ་བཤང་ལམ་དུ། །དགའ་ལྡན་མཚོགས་མ་ནས་མཚན་མ་ལ་གནས་པས་མཚོགས་མའི་སྲུབ་འབྱུང་མཚན་མ་ཉིད། །གཟུགས་མཛེས་མཚན་མ་བད་ཀན་དུ། །གཟུགས་བཟང་མོ་ནི་མཚོགས་མ་ན་གནས་ནས་


DNG019_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཆུ་སོར་རྒྱུ་བས། ཆུ་སོ་ན་ཡང་གནས་ཏེ། བད་ཀན་འབྱུང་བས་ན་སྤྱི་ཁྱེར་མ་ཞེས་བྱ་སྟེ། བད་ཀན་གྱིས་ལུས་བྱིངས་ལ་མཉམ་པའི་དངོས་པོའོ། །ཐུན་མོང་མ་ནི་བཤང་ཁ་གནད་རྣམས་སུ་འི་ལམ་ལ་གནས་ཏེ། རྣག་འབྱུང་བའོ། །བཤང་བ་ནི་བཅུད་ཀྱི་ཁ་ཟས་ལས་བྱུང་སྟེ་ཁ་ཟས་ཀྱི་བཅུད་ལ་ཐུན་མོང་དུ་ཁྱབ་པར་གནས་པས་ན། ཐུན་མོང་མ་ཞེས་བྱའོ། །དེ་ལ་ཞུ་བ་ནི་སྙིགས་མ་བཤང་བ་རྣག་དང་འདྲ་བར་སྐྱུགས་བྲོ་བར་འབྱུང་བས་སོ། །རྒྱུ་སྦྱིན་མ་ནི་བརླ་ལ་གནས་ཏེ་ཁྲག་འབྱུང་བའོ། །བཤང་ལམ་ཁྲག་རྣམས་རྒྱུ། །ཅིའི་ཕྱིར་ན་ཁྲག་གིས་ལུས་ཀྱི་རྒྱུ་ཐམས་ཅད་སྦྱིན་པར་བྱེད་པས་ན་རྒྱུ་སྦྱིན་མའོ། །བྲལ་མ་བྱིན་པར་རྔུལ་རྣམས་ལ། །སྐྱོན་བྲལ་མ་ནི་རྗེ་ངར་གཉིས་ལ་སྟེ་རྔུལ་འབྱུང་ངོ་། །སྦྱོར་བ་ཐམས་ཅད་མེད་པས་ན་སྦྱོར་བྲལ་མའོ། །གྲུབ་མོ་རྐང་རྒྱབ་མཆིན་པར་རྒྱུ་གྲུབ་མ་ནི། རྐང་པའི་བོལ་ཏེ། མཆི་མ་འབྱུང་ངོ་། །དངོས་གྲུབ་མ་ནི་སྒྲུབ་པ་པོ་ལ་མཆིན་པ་ཤིང་ལོ་ལྟར་རྒྱས་པའི་དངོས་གྲུབ་སྟེར་བར་བྱེད་པས་ན་གྲུབ་མོ་ཞེས་བྱའོ། ༈ །མེ་ལོང་ནི་རྐང་པའི་སོར་མོ་སྟེ་གནས་མ་རྐང་སོར་ཚིགས་རྣམས་ལ། །དེ་རྣམས་ལ་ཚིལ་འབྱུང་ངོ་། །མེ་མོ་ནི་ཉོན་མོངས་ཐམས་ཅད་སྐྲག་པར་བྱེད་པས་ན་མེ་མོ་ཞེས་བྱའོ། །དགའ་བྱེད་མ་ནི་མཐེ་བོང་ལྡན། །མཛའ་མོ་ནི་རྐང་མཐིལ་ན་གནས་ཏེ་མཐེ་བོང་དང་ལུད་པ་འབྱུང་། དགའ་བྱེད་མ་ནི་དགའ་བས་བསྡུས་པས་ན་དགའ་བྱེད་མའོ། །ཡིད་མཛེས་མ་ནི་པུས་མོ་སྣབས། །ཡིད་བཟང་བ་མ་ནི་པུས་མོ་གཉིས་ལ་སྟེ་ཁ་ཆུ་དང་སྣབས་འབྱུང་། ཤེས་རབ་བསྐྱེད་པར་བྱེད་པའི་ལས་ཅན་ཡིན་པས་ན་ཡིད་བཟང་མོ་ཞེས་བྱའོ། །སུམ་བསྒྲིལ་མ་ནི་སྙིང་ག་གཡས་ན་སུམ་འཇུག་མ་སྟེ་སུམ་འཇུག་མ་ནི་རྣམ་པ་གསུམ་གྱིས་འཇུག་པར་བྱེད་དོ། །འདོད་ལྡན་མ་ནི་ལྟེ་བ་གཡོན་ན་གནས་འདོད་ཡོན་ཐམས་ཅད་དང་ལྡན་པས་ན་འདོད་བྱེད་མ་ཞེས་བྱའོ། །ཁྱིམ་གནས་གསང་བ་མཆེར་པའི་ནང་། །ཁྱིམ་མ་གང་དང་གནས་ན་གནས་ཏེ་མཆེར་པའི་ནང་དུ་རྒྱུ། གསང་བའི་ཁྱིམ་གྱི་བདག་མོ་ཡིན་པས་ཁྱིམ་བདག་མོའོ། །གཏུམ་མོ་གཏུམ་བྱེད་མ་བརླ་ལ་གནས་ནས་ལྟེ་བར་རྒྱུ་ཁྲོ་གཏུམ་གྱི་ལས་བྱེད་པས་ན་གཏུམ་མོ་བརླ་ནས་ལྟེ་བ་ན། ༈ །བདུད་འཇོམས་པར་བྱེད་པ་བྱིན་པ་ལ་གནས་ནས་ཡོངས་ལ་ཁྱབ་པའོ། །བདུད་འཇོམས་པའམ། བདུད་ཀྱི་བར་ཆད་མི་ནུས་པས་བདུད་འདྲལ་མོའོ། །བདུད་འདྲལ་བྱིན་པ་ཡོངས་སུ་ཁྱབ། །རྩ་ནི་དེ་དག་རྣལ་འབྱོར་མའི། །ཀུན་སྤངས་མ་ནི་ཀྲོ་དྷཱི་ཤྭ་རཱི་ཡིན། རོ་བཅུད་མ་ནི་མི་ཕམ་མ། ཚད་མ་ནི་ཁྲོ་གཉེར་མའོ། །མདོག་སྔོན་མ་ནི་གཽ་རཱི། སྤྱི་བདུད་མ་ནི་ཙོའུ་ནཱི། རྒྱུ་སྦྱིན་མ་པུཀྐ་སཱི། སྦྱོར་བྲལ་ཙན་དྷ།


DNG019_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་མ་སིང་ཧ། གྲུབ་མ་བྱཱ་གྷྲི། འཚེད་མ་གྲྀ་ཌྷ། ཡིད་བཟང་མ་ཀང་ཀ །སུམ་བསྐོར་མ་རྟ་གདོང་མ། འདོད་པ་མ་ཕག་གདོང་མ། གཏུམ་བདག་མ་མིའི་སྲིན་མོ། ཁང་མ་རྡོ་རྗེ་སེར་མོ། འཇིགས་མ་རྡོ་རྗེ་སྔོ་ནག །བདུད་འཇོམས་མ་རྡོ་རྗེ་སེར་མོ། ར་མགོ་ཞགས་སོ། །དགའ་བྱེད་མ་རལ་གཅིག་མ། གཟི་བརྗིད་མ་རོ་ལངས་མ་གྷསྨ་རི་ཡིན་ནམ། བསིལ་མ་པྲ་མོ་ཧ། མཚན་མོ་བེ་ཏཱ་ལི། མེ་མོ་སྨ་ཤ་ནི། འཇུག་མ་ནི་གྷས་མ་རི། ཉེས་པ་མ་སྲྀ་གཱ་ལ། དབང་མོ་ཤྭ་ན་མ། བསྒོམ་པ་མ་ཁ་ཁ་མ། རུས་སྦལ་སྐྱེས་མ་ཨུ་ལཱུ་ཀ །ཐུང་ངུ་མ་དགའ་བ་དཀར་མོ། གཡོན་པ་མ་ནི་གསོད་བྱེད་ནག་མོ། བརྩེ་བ་མ་ནི་རླུང་ལྷ་སྔོན་མོ། ཕྲ་མོའི་ཚུལ་ནི་རྡོ་རྗེ་དམར་མོ། མི་ཕྱེད་མ་ནི་རྡོ་རྗེ་ལྗང་ནག་སྟེ། རྣལ་འབྱོར་མ་བདེ་བའི་དངོས་པོ་བྱུང་ནས་ལུས་རྣམ་རྟོག་གིས་བཅིངས་པ་བདེ་ཆེན་དུ་གྲོལ་བའོ། །དངོས་པོ་ཡོངས་སུ་གྱུར་པའོ། །ལུས་ལ་སོགས་པ་རང་བཞིན་བཅིངས། །བདེ་བ་ཆེན་པོར་ཡོངས་སུ་འགྱུར། ༈ །ཨ་བྷྱེ་དྱ་མི་ཕྱེད་མ་སཱུ་ཀྵྨྭ་རཱུ་པཱ་ཕྲ་གཟུགས་མ། །དི་བྱཱ་བཟང་མོ་བཱ་མཱ་གཡོན་པ་མ་བཱ་མི་ནཱི་ཐུང་ངུ་མའམ་གཡོན་ལྡན་མ། །ཀཱུརྨ་ཛཱ་རུས་སྦལ་སྐྱེས་དང་བྷཱ་བ་ཀཱི་སྒོམ་པ་མོ། །སེ་ཀ་དབང་སྐུར་མའམ་དབང་མ་ཞེས་ནི་རྣམ་པ་བརྒྱད། །ཐུགས་ཀྱི་འཁོར་ལོར་གནས་པ་ཡིན། །འདིའི་མི་ཕྱེད་མ་ཤར། ཕྲ་གཟུགས་མ་བྱང་། བརྩེ་བ་མ་ནུབ། གཡོན་པ་མ་ལྷོ་སྟེ་ལུགས་ལྡོག་གོ། །ཐུང་ངུ་མ་བྱང་ཤར། རུས་སྦལ་སྐྱེས་ཤར་ལྷོ། སྒོམ་པ་མ་ལྷོ་ནུབ། དབང་མ་ནུབ་བྱང་སྟེ་མཚམས་བཞི་ལུགས་འབྱུང་ངོ་། ༈ །དོ་ཥཱ་སྐྱོན་མ་བིཥྚཱ་འཇུག་མ་མཱ་ཏ་རཱ་མ་མོའམ་འཕེལ་མ། །སརྦ་རཱི་ཉེས་མའམ་མཚན་མོ་དང་སཱི་ཏ་དཱ་གང་བ་མོའམ་བསིལ་སྦྱིན་མ། །ཨཱུཥྨཱ་ཚ་བ་མའམ་གཟི་བརྗིད་མ་དང་ནི་ལ་ལ་ནཱ་དགའ་བྱེད་དམ་འཕྱང་ལྡན་ནམ་རྐྱང་མ། །ཨ་བ་དྷཱུ་ཏཱི་ཀུན་སྤངས་སམ་ཀུན་འདར་མ་འཁོར་ལོ་གསུང་། །འདིའི་སྐྱོན་མ་ཤར། འཇུག་མ་བྱང་། འཕེལ་མ་ནུབ། མཚན་མོ་ལྷོ་སྟེ་ལུགས་ལྡོག་དང་། བསིལ་སྦྱིན་ཤར་ལྷོ། གཟི་བརྗིད་ལྷོ་ནུབ། དགའ་བྱེད་ནུབ་བྱང་། ཀུན་སྤངས་བྱང་ཤར་ཏེ་ལུགས་འབྱུང་ངོ་། ༈ །ར་ས་ནཱ་རོ་བཅུད་མ་དང་པྲ་བ་ཎ་འབབ་མའམ་ཚད་མ། །ཀྲྀཥྞ་ཝརྞྞཱ་མདོག་སྔོན་མོ་ས་མཱ་ནྱ་སྤྱི་མའམ་ཐུན་མོང་མ། །ཧེ་རུ་དཱ་ཡི་ཀཱ་རྒྱུ་སྦྱིན་མ་དང་བི་ཡོ་གཱ་སྦྱོར་བྲལ་མ། །པྲེ་མ་ཎཱི་སྡུག་གུ་མ་སིདྡྷི་བརྒྱད་གྲུབ་པ་མོ། །སྐུ་ཡི་འཁོར་ལོར་དེ་དག་གནས། །དེ་ལས་རོ་བཅུད་མ་ཤར། ཚད་མ་བྱང་། མདོག་སྔོན་མ་ནུབ། སྤྱི་མ་ལྷོ་སྟེ་ལུགས་ལྡོག་དང་། རྒྱུ་སྦྱིན་མ་ཤར་ལྷོ། སྦྱོར་བྲལ་


DNG019_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྷོ་ནུབ། སྡུག་གུ་ནུབ་བྱང་། གྲུབ་མ་བྱང་ཤར་ཏེ་ལུགས་འབྱུང་ངོ་། །པཱ་ཙ་ཀཱི་མངགས་པ་མོའམ་འཚེད་མ་དང་སུ་མ་ནཱ་ཡིད་བཟང་མ། །ཏྲི་བྲྀཏྟ་སུམ་སྐོར་མ་དང་ཀཱ་མི་ནཱི་འདོད་པ་མ། །གེ་ཧཱ་ཁྱིམ་མའམ་ཁང་པ་མོ་བནྡྷ་ཀ་འཇིག་མ་དང་ནི། །ཙཎྜཱི་ཀཱ་གཏུམ་མོ་དང་མཱ་ར་དཱ་རི་ཀ་བདུད་འདྲལ་མའམ་བདུད་འཇོམས་མ། །འདི་བརྒྱད་ཡོན་ཏན་འཁོར་ལོ་གནས། །འདི་དག་གི་ཡང་འཚེད་མ་ཤར། ཡིད་བཟང་མ་བྱང་། སུམ་སྐོར་མ་ནུབ། འདོད་པ་མ་བྱང་སྟེ་ལུགས་ལྡོག་དང་ཁང་པ་མོ་ཤར་ལྷོ། འཇིག་མ་ལྷོ་ནུབ། གཏུམ་མོ་ནུབ་བྱང་། བདུད་འདྲལ་བྱང་ཤར་ལུགས་འབྱུང་ངོ་། །རྩ་ནི་སུམ་ཅུ་རྩ་གཉིས་པོ། ༈ །དེ་ལྟར་རྩ་སུམ་ཅུ་རྩ་གཉིས་པོ་དེ་དག་ནི་དཀྱིལ་འཁོར་བཞིར་འདུས་དཀྱིལ་འཁོར་བཞི་སྲོག་ཤིང་གསུམ་དུ་འདུས་སོ། །དེ་ཡང་ལ་ལ་ནཱ་ཤེས་རབ་ཀྱི་རང་བཞིན་གཡོན་ན་གནས་པས་དྲི་ཆུ་རྒྱུ་བ་དང་། ར་ས་ནཱ་ཐབས་ཀྱི་རང་བཞིན་གཡས་ན་གནས་པ་དང་། ཨ་བ་དྷཱུ་ཏཱི་དེ་ཁོ་ན་ཉིད་གཉིས་མེད་ཀྱི་གཟུགས་ཏེ་བྱང་སེམས་རྒྱུའོ། །ཆོས་ཐམས་ཅད་ཕྲ་མོའི་རང་བཞིན་པར་ནཱའོ། །ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ར་ས་ནཱའོ། །དབྱེར་མེད་པའི་བདག་ཉིད་ཨ་བ་དྷཱུ་ཏཱིའོ། །ཟླ་བ་ནི་སྣ་བུག་གཡོན་ནས་རྒྱུ་བའི་ཆུ་རླུང་སྟེ། ཐམས་ཅད་གསོ་བར་བྱེད་པས་ཟླ་བ་ནུབ་མོ་གསོ་བ་དང་འདྲ། ཉི་མ་ནི་སྣ་བུག་གཡས་པ་མེའི་རླུང་སྟེ། ཉི་མས་ཉིན་མོ་བསྲེགས་པ་དང་འདྲ། རླུང་དེ་གཉིས་དབུས་ཨ་བ་དྷཱུ་ཏཱིར་ཚུད་པ་ནི་ཟླ་བ་རཱ་ཧུ་ལས་ཟོས་ནས་མིད་པ་དང་འདྲའོ། །རྩ་སུམ་ཅུ་རྩ་གཉིས་པོ་ནང་ལྟར་འཁོར་ལོ་བཞི་དང་སྲོག་ཤིང་གསུམ་ལ་བསྡམས་པའམ་བཅིངས་པའམ་འགྱུ་བའམ་གྱེས་པ་ཡིན་ནོ། །དཀྱིལ་འཁོར་བཞི་ལ་གནས་པས་ན། །སྲོག་ཤིང་གསུམ་དང་ཡང་དག་ལྡན། །ཉི་མ་ཟླ་བ་རཱ་ཧུ་ལ། ༈ །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ན། །འདབ་མ་དྲུག་ཅུ་རྩ་བཞི་ལ། ༈ །དང་པོ་ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནི་མ་ལྟེ་དང་བུ་ལྟེར་འདྲེལ་ནས་མའི་ཟས་ཀྱི་བཅུད་ཀྱིས་བུ་གསོ་བའི་ཕྱིའི་མདངས་ཉམས་ནས་གནས་པའོ། །རྩའི་གྲངས་དྲུག་ཅུ་རྩ་བཞི་ཡོད་པ་ནི། རྩ་བ་འབྱུང་པ་ས་ལས་གྱེས་པ་བཞི་སྟེ། སའི་ས་སའི་ཆུ་སའི་མེ་སའི་རླུང་རྣམས་སོ། །གནས་པ་རྩའི་གྲངས་ཞེས་པའོ། །ཀཱ་ལི་སུམ་ཅུ་རྩ་གྲུབ་པ་སྔགས་གནས་པ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ས་ཧ་གཉིས་ནི། །མདུན་ངོས་གཡས་བསྐོར་དུ་གནས་པ་དང་། ལུགས་འབྱུང་ལུགས་ལས་བཟློག་པས་ན། །མདུན་ངོས་ནས་ཡིག་ལོག་ཏུ་གནས་པ་སྟེ། མགོ་གཉིས་དཔྲལ་བར་འདུས་ནས་ཞབས་གཉིས་ལྟག་པར་གནས་པ་ནི་ཐབས་ཤེས་ཁ་སྦྱོར་དུ་གནས་སོ། །ཡི་གེ་དྲུག་ཅུ་རྩ་བཞིའོ། །


DNG019_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་འདབ་མ་བཞི་པ་སྟེ། །ས་ཡི་ས་སོགས་འབྱུང་བ་བཞི། ༈ །རྩ་བ་ནི་འབྱུང་བ་བཞིར་གནས་ཏེ། ལྟེ་བ་རང་གནས་འབྱུང་བ་ས་ཡིན་པས། སའི་ས། སའི་ཆུ། སའི་མེ། སའི་རླུང་རྣམས་སུ་རང་བཞིན་གྱིས་ཡེ་ནས་གནས་སོ། །དེ་ནི་ཁམས་བདུད་རྩིའི་རྩ་བ་ཡིན་ལ་སྙིང་པོ་རླུང་ཡན་ལག་སྟེ། དངོས་སུ་ཁམས་བདུད་རྩིའོ། །སྟོང་པ་བཅུ་དྲུག་ཡི་གེ་ནི། །རྣམ་པར་དག་པས་སངས་རྒྱས་སྤྱན། །སེམས་སོགས་ངོ་བོ་ཡོངས་གྱུར་པ། །ཆོས་ཀྱི་འབྱུང་གནས་དཀྱིལ་འཁོར་ཡིན། །ནང་སྐོར་འདབ་མ་བཅུ་དྲུག་ཏུ་གནས་ཏེ། ཨཱ་ལི་བཅུ་དྲུག་ཡོད་པ་ནི་སྟོང་པ་ཉིད་ཡིན། ཡུམ་སངས་རྒྱས་སྤྱན་དང་དེའི་འཁོར་སྒེག་མོ་འབྱུང་བ་སའི་ས་ཡིན་ལ། ཕྲེང་བ་མ་སའི་ཆུ། གླུ་མ་སའི་མེ། གར་མ་སའི་རླུང་ཡིན་པས་ནི་འཁོར་སེམས་མ་བཞི་ཡིན་ལ་གཙོ་མོ་སངས་རྒྱས་སྤྱན་ཡིན་པར་འདོད་པའོ། །དེ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་དང་བྷ་ག་ཆོས་འབྱུང་གི་འཁོར་ལོ་འདྲེལ་ནས་གནས་པས་ན་ཆོས་ཀྱི་འབྱུང་གནས་ཞེས་བྱ་སྟེ། འཁོར་བ་དེར་ཁྱམ་འདས་པའི་དཀྱིལ་འཁོར་སྐྱེད་པའོ། །དངོས་སྙིང་པོ་རླུང་དུ་གནས་པའོ། །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ལ་ནི་འཁོར་འདས་ཀྱི་ཆོས་རྣམས་སྙིང་ག་ན་སེམས་ཉིད་ལ་གནས་པ་ཡིན་ཏེ་སེམས་ཉིད་མྱང་འདས་སུ་གནས་ལ་སེམས་ལས་བྱུང་བ་འཁོར་བའི་ཆོས་སུ་གནས་པས་ན་ཆོས་ཀྱི་དཀྱིལ་འཁོར་རོ། །རྩ་ནི་འདབ་མ་བརྒྱད་པར་གནས་པ་ལས་ཏེ་རྩ་བ་འབྱུང་བ་བཞི་ལས་གྱེས་ནས་འདབ་མ་བརྒྱད་པར་གནས་པ་སྙིང་སུ་ལ་བརྒྱད་དོ། །འགྲུབ་པ་སྔགས་ནི་སྡེ་ཚན་ཡི་གེ་དང་པོ་བརྒྱད་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། ཨཱ་ལིའི་དང་པོ་དང་ཀཱ་ལིའི་སྡེ་ཚན་གྱི་དང་པོ་སྟེ་བརྒྱད་དོ། །འབྱུང་དང་འབྱུང་བ་ལས་གྱུར་པ། །སྙིང་པོ་རླུང་ནི་ཆུའི་ཆུ་ཆུའི་ས་དང་ཆུའི་མེ་དང་ཆུའི་རླུང་དང་བཞིར་གྱེས་པས་ན། སྙིང་པོ་རླུང་ལས་འབྱུང་ཆུ་ཉེར་ལྔ་ལས་བྱེ་ནས་གནས་སོ། ༈ །རྩ་དང་རླུང་དང་སྔགས་རྣམས་ཕྲ་བ་ནི། རྩ་བ་ཐག་ཁུག་པ་ལྟ་བུ་སྙིང་སུལ་བརྒྱད་ན་གནས་ལ་གཞན་རྣམས་ཀྱང་ཤིན་ཏུ་ཕྲ་བར་གནས་སོ། །ཕྲ་མོའི་ཕྲ་གཟུགས་བརྒྱད་པ་སྟེ། །འཁོར་འདས་ཆོས་གནས་ཆུ་ལྟར་འབབ། །ཁམས་བདུད་རྩི་ནི་ཆུ་རླུང་རང་གི་སྙིང་ག་ནས་འཁོར་འདས་ཀྱི་ཆོས་རྣམས་ཆུ་བོ་གངྒཱའི་རྒྱུན་ལྟར་ཆད་པ་མེད་པར་འབབ་སྟེ་ཆུའི་རང་བཞིན་ཅན་ནོ། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ལ་ནི་འདོད་ཡོན་ལྔ་ལས་གཙོ་བོ་བཟའ་བཏུང་གཉིས་པོ་མགྲིན་པར་ལོངས་སྤྱོད་པར་གནས་སོ། །གནས་འདབ་མ་ཁམས་བདུད་རྩི་འབྱུང་བ་རང་གནས་མེ་ཡིན་ལ། སྙིང་པོ་རླུང་མེའི་ས། མེའི་ཆུ་མེའི་མེ་མེའི་རླུང་སྟེ། སྣང་གསལ་མེའི་རང་བཞིན་ནོ། །


DNG019_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་རྣམ་པར་སྣང་གསལ་མེ། །གྲུབ་པ་སྔགས་ནི་སྟོང་པ་བཅུ་དྲུག་ཡི་གེར་དག་པར་གནས་ཏེ། སྟོང་ཉིད་གཅིག་ཡིན་ལ་ཡི་གེ་བཅུ་དྲུག་གིས་མཚོན་བྱའི་མིང་མཚོན་བྱེད་ལ་བཏགས་པའོ། །བཅུ་དྲུག་ཤེས་རབ་ལོངས་སྤྱོད་ཅིང་། །བརྡར་བསྟན་ནས་ཡུམ་ཤེས་རབ་མ་ལོ་བཅུ་དྲུག་ལོན་པ་ལ་སྦྱོར་བ་བྱས་ནས་བྱང་སེམས་བདུད་རྩིའི་རིལ་བུ་ཁར་མུར་ཞིང་བསྒོམ་བསྒྲུབ་བྱེད་པས་ན་བདུད་རྩི་ལྔ་ལ་ལོངས་སྤྱོད་པའོ། ༈ །ཀླད་པ་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པས་ན་བདེ་ཆེན་ཏེ་ཁམས་བདུད་རྩི་ལས་བྱང་སེམས་གཙོར་གནས་པ་ལ་སྤྱི་བོ་བདེ་ཆེན་དཀྱིལ་འཁོར་ན། །གནས་པའི་རྩའི་གྲངས་སུམ་ཅུ་རྩ་གཉིས་ལ་གྲུབ་པ་སྔགས་ཀཱ་ལིས་བརྒྱན། ༈ །གཉིས་སྐོར་དུ་གནས་ཏེ་འགོ་འཕྲལ་བར་གཟུང་འཇུག་ལྟག་པར་སྤྲད་ནས་གནས་ཏེ་བདེ་བ་ཤིན་ཏུ་གསལ་བར་བྱེད་པའི་བདག་ཉིད་དུ་གནས་སོ། །རྩ་སོ་གཉིས་རྣམ་པར་དག་པས་སྐྱེས་བུའི་མཚན་རྣམས་རྣམ་པར་དག་པ་སྟེ་མཚན་གཟུགས་གཟི་བརྗིད་ལྡན་པ་ལྟར་བྱང་སེམས་ཀྱི་གཟི་མདངས་དང་ལྡན་པ་ངོ་བོ་ཁམས་བདུད་རྩི་གནས་སོ། །རླུང་གིས་འབེབས་འདྲེན་གཙུག་ཏོར་གྲུབ། །སྙིང་པོ་རླུང་ནི་རླུང་གི་རླུང་གནས་ལ། རླུང་གི་ས། རླུང་གི་ཆུ། རླུང་གི་མེ། རླུང་གི་རླུང་སྟེ། རླུང་ཚངས་བུག་ཏུ་ཚུད་པས་དབུའི་གཙུག་ཏོར་གྲུབ་པའོ། ༈ །དཀྱིལ་འཁོར་བཞིར་གནས་སྐད་ཅིག་བཞི། །སྤྱི་བོར་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ། འཁྱུད་པ་དང་འོ་བྱེད་པའི་བྱ་བ་མང་པོ་ཡོད་ཀྱང་བདེ་བ་ཤས་ཆུང་བས་དགའ་བའི་ཡེ་ཤེས་ཙམ་དུ་གནས་སོ། །མགྲིན་པར་རྣམ་པར་སྨིན་པའི་སྐད་ཅིག་སྟེ། ལུས་ཀྱི་བདེ་བ་ཅུང་ཞིག་ཙམ་གྱིས་རྣམ་པར་སྨིན་པས་བདེ་བ་ལྡང་བས་ན་མཆོག་དགའི་ཡེ་ཤེས་ཙམ་དུ་གནས་པའོ། །སྙིང་ལ་རྣམ་པར་ཉིད་པས་འཇོམས་པས་བདེ་བ་ཆུང་ལ་རྣམ་རྟོག་ཆེ་བས་ན། བདེ་བའི་རྣམ་པར་ཉིད་པས་དགའ་བྲལ་གྱི་ཡེ་ཤེས་སོ། །ལྟེ་བར་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ་བདེ་སྟོང་ཤར་བས་རྟོག་པའི་མཚན་ཉིད་དང་བྲལ་བས་ལྷན་སྐྱེས་ཀྱིས་ཡེ་ཤེས་སོ། །རྣམ་པ་དུ་མ་རྣམ་པར་སྨིན། །རྣམ་པར་འཇོམས་པ་རྣམས་མཚན་ཉིད། ༈ །བདེན་བཞི་སྡུག་བསྔལ་ཀུན་འབྱུང་དང་། །འགོག་པ་ལམ་དུ་གནས་པའོ། །ཉན་ཐོས་དང་སྦྱར་བ་སྟེ། དུཿཁའི་བདེན་པ་ཡོངས་སུ་ཤེས་པར་བྱ་བ་ནི། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནས་འགྲོ་བ་སྐྱེ་བ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བ་ནི་སྙིང་གར་མ་རིག་པ་དང་རྣམ་རྟོག་སྤོང་བའོ། །འགོག་པའི་སྔོན་དུ་བྱ་བ་ནི་སྤྱི་བོར་ཐིག་ལེ་མཐོང་བའོ། །ལམ་བསྒོམ་པར་བྱ་བ་ནི། མགྲིན་པར་ཟས་ཀྱི་རོ་བཏགས་ཤིང་བཏུང་བའོ། ༈ །དེ་ཁོ་ན་ཉིད་རྣམ་པ་བཞི། །སྔགས་ཕྱི་པ་དང་འདོད་པ་བསྟུན་པ་སྟེ། ཀྲི་ཡ་ཡོ་ག་ཨུ་པ་ལ་དེ་ཁོ་ན་ཉིད་བཞིར་འདོད་པ་སྟེ། འདིར་


DNG019_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཞི་ལ་དེ་ཁོ་ན་ཉིད་བཞི་གནས་པར་བཤད་པའོ། །བདག་དང་སྔགས་ཀྱི་དེ་ཁོ་ན། །སྙིང་གར་བདག་གི་དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་དང་། ལྟེ་བར་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་ཧཱུྃ་ལ་སོགས་པ་རྣམས་དང་། མགྲིན་པར་ལྷའི་དེ་ཁོ་ན་ཉིད་ལྷ་མཆོད་པའི་དོན་རྟོགས་པར་བྱའོ། །སྤྱི་བོར་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་མེད་པའོ། །ལྷ་དང་ཡེ་ཤེས་ཁོ་ན་ཉིད། ༈ །དགའ་བཞི་དགའ་བ་མཆོག་ཏུ་དགའ། །དཔའ་བོའི་དགའ་བ་ལྷན་ཅིག་སྐྱེས། ༈ །མ་ཧཱ་ཨ་ནུ་རང་གི་འདོད་པ་སྟེ། སྤྱི་བོར་རྣམ་རྟོག་དང་ཕྲལ་བ་རང་རིག་ཡེ་ཤེས་བདེ་བ་ཆེན་པོར་གནས་པ་དགའ་བའི་ཡེ་ཤེས་སོ། །མགྲིན་པར་བདེ་བ་ཆེན་པོ་གཡོས་ནས་བདེ་བ་ཤར་ཡང་འདོད་ཆགས་ཀྱི་ཞེན་པ་དང་བཅས་ནས་གནས་པས་མཆོག་དགའ་འོ། །སྙིང་གར་བདེ་བ་ཤར་བ་ལ། འདོད་ཆགས་ཀྱི་འཇིགས་པ་དང་བྲལ་བས་དཔའ་འོ། །བདེ་བ་རྐྱང་བར་ཤར་བ་ན་དགའ་བྲལ་གྱི་དགའ་བའོ། །ལྟེ་བར་ཡབ་ཡུམ་གཉིས་ལ་བདེ་སྟོང་ལྷན་ཅིག་ཏུ་སྐྱེས་ཏེ་ཡབ་ཀྱི་བདེ་བ་ལ་ཡུམ་གྱི་སྟོང་པས་རྒྱས་བཏབ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བའོ། ༈ །སྡེ་པ་བཞི་ནི་གནས་བརྟན་པ། །རང་ལ་ཚང་བ་ནི་གནས་བརྟན་པའི་སྡེ་པ་ནི་ལྟེ་བ་ནས་བུས་པ་ཐམས་ཅད་དགེ་སློང་གི་གཟུགས་སུ་གནས་པས་ན་སྤྲུལ་པའི་འཁོར་ལོའོ། །སྙིང་ག་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལ་ཡོད་པས་ན་ཐམས་ཅད་ཡོད་པར་སྨྲ་བ་དང་བའི་ལྔ་པ། །མགྲིན་པར་རོ་དྲུག་གིས་ཀུན་བཀུར་བས་ན་མང་པོས་བཀུར་བ་ལེགས་དཔོན་པའི་སྡེ་པ་སྟེ་ཚིག་ཡང་དག་པར་འབྱུང་བས་ན་ལེགས་ཡང་དག་པའི་དོན་ཚིག་ལ་ཡོད་པས་ནའོ། །དཔོན་དགེ་འདུན་ཕལ་ཆེན་སྡེ་པ་ནི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་དང་སྦྱར་མགོའི་རུས་པ་ལྷག་ཏུ་མཁྲེགས་པས་ན་ཕལ་ཆེན་པའོ། །ཆུང་འབྲིང་ཆེན་པོའི་བྱེ་བྲག་གི། །གནས་བཞིར་རྣམ་པར་གནས་པའོ། ༈ །གཡོན་པ་ཟླ་བ་ཉི་མ་གཡས། །སྣ་བུག་གཡོན་ནས་ཟླ་བ་ཆུའི་རླུང་རྒྱུ་བས་ན་ནུབ་མོའི་ཆ་དང་མཐུན། གཡས་ནས་ཉི་མ་མེ་རླུང་རྒྱུ་བས་སྲེགས་པས་ཉིན་མོའི་ཆ་དང་མཐུན་ནོ། །ཨཱ་ལི་ཕྲ་མོ་ཤིན་ཏུ་ཆ་ཕྲ་བར་སྟོན་པ་ཤེས་རབ་སྟེ། ཨཱ་ལིས་མཚོན་ལ་ཀཱ་ལི་རགས། །ཀཱ་ལིས་མཚོན་པ་ཐབས་ཏེ་རགས་པའོ། །ཐབས་ཤེས་སྟོང་པ་དང་སྙིང་རྗེར་གནས་སོ། །ཨ་ལ་སོགས་པའི་ཨཱ་ལི་དང་། །བཅུ་དྲུག་ནི་ཆ་ཕྲ་བར་སྟོན་པས་ན། ཤེས་རབ་སྟོང་པར་གནས་ཏེ། དངོས་པོ་ཐམས་ཅད་ཕྲལ་བའོ། །ཀ་ལ་སོགས་པའི་ཀཱ་ལི་དང་ནི་རིགས་པ་སྟོན་པས་ན་ཐབས་ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་དུ་གནས་པ་ཤེས་རབ་དང་ནི་པདྨ་དང་། །སྐྱོན་མེད་པ་ཐབས་ཞེས་དོན་ལ་དགོངས་སོ། །གཡོན་ནས་རྒྱུ་བའི་ཆུ་རླུང་སྙིང་རྗེ་ཆེན་པོ་ཐབས་དང་ཤེས་གཡོན་ནས་རྒྱུ་བའི་མེ་རླུང་རབ་རྣམས་


DNG019_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གནས། ༈ །གཡས་པ་ཕྱིར་འབྱུང་མེ་རླུང་སྡུག་བསྔལ་བསྐྱེད་པ་ཉི་མའི་རླུང་ཉིན་མོ་སྟེ་གཡས་ནས་གཡོན་དུ་འཕོ་བ་བརྒྱད་དོ། །འདི་ཕྱིའི་དུས་བཅུ་དྲུག་དེ་ཡང་ཁྱིམ་བཅུ་གཉིས་སོ། །ཀྲནྟི་བཅུ་དྲུག་ནི། །མེ་ཥ་ལུག་དང་ནི་བྲྀ་ཥ་གླང་ཁྱུ་མཆོག་དང་། །མེ་ཐུ་ན་ཁྱོ་ཤུག་འཁྲིག་པ་དང་ཀརྐ་ཊ་རུས་སྦལ་དང་། །སིང་ཧ་སིང་གེ་དང་ནི་ཀ་ནྱཱ་གཞོན་ནུ་མ་དང་། །ཏུ་ལ་སྲང་དང་ནི་བིཙྪ་སྡིག་པ་དང་། །དྷ་ནུ་གཞུ་དང་ནི་མ་ཀ་ར་ཆུ་སྲིན། །ཀུམྦྷ་བུམ་པ་དང་ནི་མཱི་ན་ཉ་དང་། །ཙནྡྲ་དྷ་ར་ཟླ་བ་གཟས་ཟིན་པ་སྟེ་བཅོ་ལྔ་ནས་འཕོ་བ་དང་སཱུརྱ་དྷ་ར་དང་། །དེ་ཉི་མ་གཟས་ཟིན་པ་སྟེ་གནམ་སྟོང་ནས་འཕོ་བ་དང་། འདི་གཉིས་ནི་ཉི་ཟླ་འཕོ་བ་དང་དངོས་ཟླ་བ་འཕོ་བའོ། །ཏི་ལ་ཀ་དྷི་ཐིག་ལེ་འགོག་པ་སྟེ་སྐར་མ་ཉིན་མོ་ནས་འཕོ་བ་དང་ཨཱ་ཀ་ཤ ། ཨཱ་ཀ་ཤ་སྣང་བ་ནམ་མཁའ་འགོག་པ་སྟེ་མཚན་མོ་ནས་འཕོ་བའོ། །ཐིག་ལེ་འགོག་པ་མཚན་མོའི་སྣང་བ་ལ་ཉིན་མོ་ཉི་མ་ཤར་བའོ། །སྣང་བ་འགོག་པ་ཉིན་མོའི་སྣང་བ་ཡལ་ནས་མཚན་མོ་མུན་པས་ནོན་ནོ། །འདི་གཉིས་ནི་དངོས་སྐར་མ་འཕོ་བའོ། །དེ་དག་ཀྲནྟི་བཅུ་དྲུག་རགས། ༈ །དུས་འཕོ་བ་བཅུ་དྲུག་པོ་དེ་ནི་རགས་པ་ཕྱིའི་འཕོ་བའོ། །ཚེས་གཅིག་ནས་བཅོ་ལྔར་འཕོ་བ་དང་གཅིག་ནས་གནམ་སྟོང་དུ་འཕོ་བ་སྟེ། ཐིག་ལེ་གནས་བཅུ་དྲུག་ཡོད་པའོ། །ཡང་ནི་དུས་ནི་གཉིས་ཏེ་ཟླ་བའི་དང་ཉིན་ཞག་དུས་སོ། །ཟླ་བའི་དུས་ནི་ཡར་ངོ་ལ་གཡོན་ནས་འཕེལ་བ་དང་མར་ངོ་ལ་གཡས་ནས་འགྲིབ་པའི་དུས་དེ་དེར་བསྒོམ་པར་ཤེས་སོ། །ཁུ་བ་གཡོན་བསྐོར་དང་། །གཡས་བསྐོར་གྱི་ནི་བྱེ་བྲག་གིས། །གནས་ནི་བཅུ་དྲུག་ལེགས་པ་ཡི། ༈ །ཕྱིའི་དུས་འཕོ་བ་བཅུ་དྲུག་དང་ནང་གི་དེ་ཁོ་ན་ཉིད་དང་གསང་བའི་ལོ་བཅུ་དྲུག་དང་། དེ་ཁོ་ན་ཉིད་སྟོང་པ་བཅུ་དྲུག་རྣམ་པར་དག་པའོ། །ཕྱིའི་འཕོ་བ་བཅུ་དྲུག་ནི་ཟླ་བ་ཡར་ངོ་ལ་གཡོན་ནས་མཐེ་བོང་ནས་མི་ཕྱེད་མ་ནས་འཕེལ། མར་ངོ་ལ་གཡས་ནས་རོ་བཅུད་མ་ནས་འགྲིབ་པོ། །ནང་གི་དེ་ཁོ་ན་ཉིད་བདེ་བ་གཡོན་ནས་འཕེལ་གཡས་ནས་འགྲིབ་པོ། །གསང་བའི་ལོ་དང་སྦྱར་ཏེ་དེ་ཁོ་ན་ཨ་དང་བཅུ་དྲུག་སྟོང་པ་དང་། རིམ་པས་སཾ་ཀྲན་ཏི་ནི་བཤད། །མཐེ་བོ་ཉི་མ་དང་པོ་ལ། ༈ །གཡོན་ནས་བརྩིས་པའི་ལྟེ་བ་སྤྲུལ་པའི་འཁོར་ལོས་རླུང་གི་གནས་ནས་འབྱུང་བའི་དབང་དུ་བྱས་པའི་ཉིན་མོ་སྔ་དྲོ་དང་པོ་སའི་རླུང་དང་འོག་མ་ཆུ་ཕྱི་དྲོ་དང་པོ་མེ། འོག་མ་རླུང་སྟེ་བཞི། ནུབ་མོ་སྲོད་ལ་ས། སྲོད་འཁོར་ཆུ། ཕྱེད་ཡོལ་མེ། ཐོ་རངས་རླུང་སྟེ། ཞག་རེ་ལ་བརྒྱད་བརྒྱད་ཕྱེ་བ་ཀུན་འགྲེ། མི་ཕྱེད་སྟེ་རྡོ་རྗེ་ལྗང་ནག་རྡོ་རྗེ་དྲིལ་འཁྲོལ་མ་སྟེ། བྱང་གི་སྒོ་མ་ཡིན་ནོ། །མ་ནི་ཡི་གེ་ཨ། །བྱིན་པ་ལ་ཕྲ་མོ་ནི་ཉི་མ་གཉིས་པ་སྟེ། །


DNG019_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོའི་ཚུལ་ནི་ཨཱ་རིང་ངོ་། །སའི་ཆུ་སྟེ་རྡོ་རྗེ་དམར་མོ་དབང་མོ་ནུབ་སྒོ་མ། བརྩེ་བ་མ་ནི་བརླ་ན་ཉི་མ་གསུམ་པ་ལ་བརྩེ་བ་མ་ཨི་ནི་སའི་མེ་རླུང་ལྷ་སྔོན་མོ། །གསང་བར་ཉི་མ་བཞི་པ་གཡོན་མ་ཨཱིཾ། །གཡོན་ནས་བརྩིས་པའི་སྙིང་ག་ཆོས་འཁོར་ན། ཆུ་རླུང་རང་གི་གནས་ནས་རྒྱུ་བའི་འབྱུང་ཆུང་ངོ་། །ལྟེ་བར་ཉི་མ་ལྔ་པ་ཐུང་མ་ཨུ། །སྙིང་གར་ཉི་མ་དྲུག་པ་རུས་སྦལ་ཨཱུ་སྐྱེ་ས་ཆུའི་ཆུ་ཧུ་ལཱུ་མུ་ཁ། །ནུ་མར་ཉི་མ་བདུན་པ་མེའི་ས་བསྒོམ་པ་མོ་རི་ཁ་ཁ་མ། །མགྲིན་པར་ཉི་མ་བརྒྱད་པར་དབང་མ་རཱྀ་ཆུའི་རླུང་ཤྭ་ན་མ། །གཡོན་ནས་བརྩིས་པའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་མེ་རླུང་རང་གི་གནས་ནས་བརྩིས་པའི་འབྱུང་ཆུང་ངོ་། །ལག་མཐིལ་ཉི་མ་དགུ་པ་ཉེས་མ་ལྀ་མེའི་ས་སྲྀ་ལ་མ། །མཁུར་ཚོས་ཉི་མ་བཅུ་པ་འཇུག་མ་ལཱྀ་མེའི་ཆུ་གྷས་མ་རཱི། །མིག་ན་ཉི་མ་བཅུ་གཅིག་མ་མོ་ཨེ་མེའི་མེ་སྨ་ཤ་ནཱི། །སྣ་རྩར་ཉི་མ་བཅུ་གཉིས་མཚན་མོ་ཨེ་མེའི་རླུང་བེ་ཏཱ་ལཱི། །དཔྲལ་གཡོན་ནས་བརྩིས་པའི་སྤྱི་བོ་བདེ་བ་ཆེན་པོ་ནས་རླུང་གི་རླུང་རང་གི་གནས་ནས་འབྱུང་བའི་འབྱུང་ཆུང་བཞིའོ། །བར་ཉི་མ་བཅུ་གསུམ་བསིལ་མ་ཨོ་རླུང་གིས་པྲ་མོ་ཧེ། །སྤྱི་བོར་ཉི་མ་བཅུ་བཞི་གཟི་བརྗིད་ཨོ་རླུང་གི་ཆུ་རོ་ལ་ས་མ། ༈ །གཡས་ཉི་མ་བཅོ་ལྔ་པ་ལ་དགའ་བྱེད་མ་རླུང་གི་མེ་རལ་གཅིག་མ། བཅོ་ལྔ་ལ་རྩ་གཉིས་ཀྱི་ལས་བྱེད་པ་ནི་ཟླ་བ་གཅིག་ལ་ཞག་སུམ་ཅུ་ཡོད་པའི་དབང་དུ་བྱས་པ་སྟེ། རྩ་སོ་གཉིས་པོ་ལ། སྔ་མ་སྤྱི་བོ་ན་གནས་པས་གཉིས་གཡས་གཡོན་དུ་བྱའོ། །ཡང་ན་ཨཱ་ཀ་ཤ་ནི་ནམ་མཁའ་འགོག་པ་ཞེས་བྱ་སྟེ། ཚེས་བཅོ་ལྔ་ལ་ཟླ་བ་ནམ་དང་མཉམ་པས། མཚན་མོ་མེད་པར་ཉིན་མོར་སྣང་བ་ལྟ་བུའོ། །དང་གཡོན་གྱི་དབུས་ན་ནི། །ཡོངས་སུ་གང་བའི་ཨྃ་དང་ཨཿ། །དགའ་བྱེད་མ་དང་ཀུན་སྤངས་རླུང་གི་རླུང་ཡུམ་ཀྲོ་ཤྭ་རཱིའོ། །ཡིན། །འདིར་ཞག་བཅོ་ལྔ་ལས་མེད་ལ་རྩ་སུམ་ཅུ་ནི། སྤྱི་བོའི་གཡས་གཡོན་ཆ་ལས་འཕོ་བ་ཚང་བར་གནས་སོ། །དེ་ཡན་ཆད་འཕེལ་བའོ། །གཡས་སུ་དེ་ནི་འགྲིབ་པའི་ཆ་ནས་བརྩིས་ན་ཨཿདང་ཨཾ་གཉིས་ལ། །རོ་བཅུད་མ་ནི་རླུང་གི་རླུང་སྟེ་མི་འཕམ་མའོ་དང་ཚད་མ་དང་ནི་རླུང་གི་ཆུ་སྟེ། ཁྲོ་གཉེར་མའོ། །གཡས་གཡོན་དུ་འཕོ་བ་ཡོད་པའོ། །ཚེས་ནི་བཅུ་དྲུག་དག་ལའོ། །བཅུ་བདུན་མགོ་གཡས་ལ་མདོག་སྔོན་ཨོ་མ་རླུང་གི་མེ་སྟེ་གོའུ་རཱི་མའོ། །བཅོ་བརྒྱད་རྣ་གཡས་སྤྱི་མ་ཨོ་རླུང་གི་རླུང་སྟེ་ཙོའུ་རཱི། །བཅུ་དགུ་མིག་གཡས་རྒྱུ་སྦྱིན་མ་མེའི་ས་སྟེ་བུཀྐ་སཱི་ཨཱེ། །རྩ་གཡས་ནས་བརྩིས་པའི་མགྲིན་པ་མེའི་རླུང་རང་གནས་ནས་རྒྱུ་བའི་


DNG019_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཆུང་བཞིའོ། །ཉི་ཤུ་འགྲམ་གཡས་སྦྱོར་བྲལ་ཨེ་མ་མེའི་ཆུ་སྟེ་ཙན་དྷ་ལི། །ཉེར་གཅིག་གཡས་མཆུ་གཅེས་མ་ལཱྀ་མེའི་མེ་སྟེ་སིང་ཧ་མུ་ཁ། །ཉེར་གཉིས་སྐེ་ལ་གྲུབ་མ་ལྀ་ནི་མེའི་རླུང་སྟེ་བྱཱ་གྷྲ་མུ་ཁ། །ཉེར་གསུམ་ལག་གཡས་འཚེད་མ་ནི་ཆུའི་ས་སྟེ་གྲྀ་ཌྷ་མུ་ཁ་རཱི། །གཡས་ནས་བརྩིས་པའི་མགྲིན་པ་སྙིང་ག་ཆོས་འཁོར་ན་ཆུའི་རླུང་རང་གནས་རྒྱུ་བ་བརྩིས་པའི་འབྱུང་ཆུང་ངོ་། །ཉེར་བཞི་ནུ་གཡས་ཡིད་བཟང་རྀ་མ་ནི་ཆུའི་ཆུ་སྟེ་ཀང་ཀ་མུ་ཁའོ། །ཉེར་ལྔ་སྙིང་གཡས་སུ་མ་སྒོར་ཨཱུ་མ་ནི་ཆུའི་མེ་སྟེ་སྒོ་མ་སྟག་གདོང་མའོ། །ཉེར་དྲུག་ལྟེ་གཡས་འདོད་མ་ཨུ་ནི་ཆུའི་རླུང་སྟེ་ཕག་གདོང་མའོ། །ཉེར་བདུན་བརླ་གཡས་གཏུམ་བདག་ཨཱིཾ་མ་ནི་སའི་ས་སྟེ་མི་སྲིན་སྨུག་ནག་གོ། །ཉེར་བརྒྱད་ཆོས་འབྱུང་ཁང་མ་ཨི་ནི་སའི་ཆུ་སྟེ་རྡོ་རྗེ་སེར་མོ་ཙནྡ་འཐུང་མའོ། །ཉེར་དགུ་བྱིན་པར་འཇིགས་མ་ཨཱ་ནི་སའི་མེ་སྟེ་རྡོ་རྗེ་སྔོ་ནག་ཆེན་མོར་གནས་སོ། །སུམ་ཅུ་རྐང་གཡས་བདུད་འཇོམས་ཨ་མ་ནི་སའི་རླུང་སྟེ་རྡོ་རྗེར་མགོ་གནས་སོ། ༈ །ཡང་ནི་ཏི་ལ་ག་དྷ་ར་ཞེས་བྱ་བ་ཐིག་ལེའམ་ཐིགས་པ་འགོག་པ་སྟེ། ནམ་མཁའ་ལ་ཉི་མ་ཤར་བའི་ཐིགས་པ་ས་ལ་འགྲོ་བ་མེད་པ་ནི་གནམ་སྟོང་གི་ནུབ་མོ་ཟླ་བ་མེད་པས་ན་ཟླ་བ་གཟས་འཛིན་པའི་བདུད་དང་བྲལ་མའོ། །ཟླ་བ་གཅིག་ལ་ཚེས་གཅིག་ནས་མཐེ་བོང་གཡོན་པ་ནས་སྤྱི་བོར་ཡར་འཕེལ་བ་དང་། བཅུ་དྲུག་ནས་སྤྱི་བོ་ནས་གཡས་སུ་མཐེ་བོང་གཡས་ཀྱི་བར་དུ་མར་འགྲིབ་པའོ། །གཡོན་དང་གཡས་སུ་འགྲིམ། ༈ །མི་ཕྱེད་མ་རྐང་པ་གཡོན་པའི་མཐེ་བོང་ལ་དང་ཕྲ་མོའི་ཚུལ་བྱིན་པ་ལ་གནས་པ་དང་། །བརྩེ་བ་མོ་བྷ་གའི་གཡོན་ལོགས་ལ་དང་གཡོན་པ་མ་རྐང་པ་གཡོན་གྱི་བརླ་ལ་གནས་ཏེ་གཡོན་གྱི་རྩ་བཞི་ལ་དབང་། །བདུད་འཇོམས་མ་རྐང་པ་གཡས་པའི་མཐེ་བོང་ལ་དང་འཇིགས་མ་དང་བྱིན་པ་ལ། །ཁང་མ་བྷ་གའི་གཡས་ལོགས་ལ་དང་ནི་གཏུམ་བདག་མ་བརླ་གཡས་ལ་གཡོན་གྱི་བཞིའོ། །འདི་བརྒྱད་སྤྲུལ་པའི་དཀྱིལ་འཁོར་དབང་། །ལས་ཀྱིས་ཡུལ་དབང་དུ་བྱས་པས་རྩ་བརྒྱད་པོ་འདི་དག་ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་གྱི་ཡུལ་ཡིན་པས་སྤྲུལ་པའི་འཁོར་ལོ་ལ་དབང་སྟེ་ཕྱི་ནང་ས་ཡུལ་བརྩིས་པའོ། །ཐུང་ངུ་མ་ལྟེ་བ་གཡོན་ལོགས་ཀྱི་དང་རུས་སྦལ་སྐྱེས། །སྙིང་གའི་ཟེའུ་འབྲུ་གཡོན་གྱི་ཆ་ལ། ནུ་མ་གཡོན་ལ་སྒོམ་པ་མ་དང་དབང་མོ་དང་། །འོག་མ་གཡོན་གྱི་ཆ་ལ་བཞི་ནི་གཡོན་གྱི་རྩ་བཞིའོ། །ལྟོ་བ་གཡས་ཀྱི་ཆ་ལ་འདོད་པ་མོ་དང་གསུམ་བྱེད་མ། །སྙིང་གའི་གཡས་ཀྱི་ཆ་དང་། ནུ་མ་གཡས་ལ་ཡིད་བཟངས་མ་དང་ལག་པ་གཡས་ལ་འཚེད་མ་དང་། །འདི་བཞི་


DNG019_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་ཆ་ལ་དབང་ངོ་། །འདི་བརྒྱད་ལུས་ཀྱི་ཡུལ་ནི་ལྟེ་བ་ནས་ནུ་མའི་བར་གྱི་རྩ་རྣམས་ནི་སྙིང་ག་ཆོས་ཀྱི་དཀྱིལ་འཁོར་དབང་སྟེ་ནང་ཆོས་ཀྱི་འཁོར་ལོ་ཕྱིའི་ཡུལ་རྩ་བརྒྱུད་དོ། ༈ །ལག་པ་གཡོན་པའི་མཐིལ་ལ་སྐྱོན་མ་འམ་ཉེས་མ་དང་ནི་མཆན་ཁུང་གཡོན་པ་ལ་འཇུག་མ་དང་། །འགྲམ་པ་གཡོན་ལ་མ་མོ་དང་ནི་མིག་གཡོན་ལ་མཚན་མོ་དང་སྟེ་གཡོན་གྱི་རྩ་བཞི། །སྐེ་ལ་གྲུབ་མ་དང་ནི་གཡས་ཀྱི་ཡ་མཆུ་ལ་གཅེས་མ་དང་། །འགྲམ་པ་ལ་སྦྱོར་བྲལ་མ་དང་མིག་གཡས་ལ་རྒྱུ་སྦྱིན་མ་སྟེ་གཡས་ཀྱི་རྩ་བཞིའོ། །ལུས་ཀྱི་གཡས་གཡོན་གྱི་རྩ་འདི་བརྒྱད་ནི་མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་དབང་སྟེ་ཕྱི་ནང་གིས་ཡུལ་གྱི་དབང་དུ་བྱས་སོ། །རྣ་བ་གཡོན་པ་ལ་བསིལ་མ་འམ་གྲང་བ་མོ་ཞེས་ཀྱང་བྱ་བ་དང་ནི་མགོ་གཡོན་པ་ལ་གཟི་བརྗིད་མ་འམ་མདངས་ཅན་ཞེས་ཀྱང་བྱ། །སྤྱི་གཙུག་གཡོན་གྱི་ཆ་ལ་དགའ་ཕྱེད་མ་དང་སྤྱི་བོའི་མདུན་དུ་ཀུན་སྤངས་མ། །དེ་དག་གཡོན་གྱི་རྩ་བཞིའོ། །རྣ་བ་གཡས་ཀྱི་རྩར་སྤྱི་མ་དང་ནི་མགོ་གཡས་ཀྱི་ཆར་མདོག་སྔོན་མ་དང་། །སྤྱི་བོའི་རྒྱབ་ངོས་སུ་ཚང་མ་དང་ནི་སྤྱི་བོའི་གཡས་ངོས་སུ་རོ་བཅུད་མ་སྟེ་གཡས་ཀྱི་རྩར་བཞིར་འདོད་དོ། །ལུས་ཀྱི་ཆ་འདི་བརྒྱད་ལ་དབང་བའི་རྩ་བརྒྱད་ནི་སྤྱི་བོ་བདེ་ཆེན་དཀྱིལ་འཁོར་གྱི་དབང་ཡུལ་ཏེ། །ནང་བདེ་ཆེན་དཀྱིལ་འཁོར་ལ་སྤྱིར་རྩ་འདི་རྣམས་སུ་སྣང་བ་ཡང་འཁོར་ལོ་བཞིའི་ས་ཡུལ་ཡིན་པས་ན་ཕྱི་ལྟར་འཁོར་ལོ་བཞིའི་རྩ་སོ་གཉིས་བསྡམས་པའམ་བཅིངས་པའོ། ༈ །དེ་དང་དེ་ལྟར་ཁུ་བ་ཡི། །རྣམ་པ་ཕྲ་མོ་ལོག་རིམ་རྒྱུ། །གནས་མཐེ་བོང་དང་། ཉི་མ་དང་པོ་དེ་ལྟར་ཁུ་བ་རྒྱུ་བའི་རྣམ་པ་ཡི་གེ་ཨ་ཕྲ་མོར་རྒྱུ་བའོ། །དེ་བས་ན་དེ་དང་དེས། ཁུ་བའི་རྣམ་པ་ཕྲ་མོས་ལོག་པའི་རིམ་གྱིས་རྒྱུ་བའོ། །ལུས་གཡོན་པ་ཤེས་རབ་ལ་འདྲེལ་པས་ཐབས་སུ་འོང་སྟེ་སྟོང་པ་ལས་ཐབས་འབྱུང་བའོ། །དབྱུག་གུ་དྲུག་ཅུ་རྩ་བཞི་དང་། ༈ །རྒྱ་གར་ན་གསེར་སྲང་གཅིག་ལ་གསེར་གྱི་གཞོང་པ་གཅིག་བྱས་ཏེ། དེ་ཡང་ཞེང་དུ་སོར་བརྒྱད་ཡོད་པ་ལ་དཔངས་སུ་སོར་བཞི་པ་གཅིག་བྱས་ཏེ། གསེར་ཞོ་གཅིག་ལ་ཐུར་མ་སོར་དྲུག་པ་གཅིག་བྱས་ལ། དེ་གཞོང་པའི་དབུས་སུ་ཕུག་ལ་ལྷེ་མ་གཟུག །གཞོང་པ་དེ་ཟངས་ཆུས་བཀང་བའི་ནང་དུ་བཅུག་ནས། ཟངས་ཀྱི་ཁ་རྩ་དབྱུག་གུ་གཅིག་རྒྱལ་བས་དེ་གང་བ་དང་། ཕྱུང་ནས་སྣོད་གཅིག་ཏུ་བཞག་ནས། དེར་དབྱུག་གུ་རྒྱལ་བས་ཟད་པ་དང་། དེ་ལྟ་བུ་གྲངས་དྲུག་ཅུ་རྩ་བཞི་ཡིན་ཞེས། བི་ཤྭ་མི་ཏྲ་འཆད་དོ། །དེ་ལ་དབྱུག་གུ་དྲུག་ཅུ་རྩ་བཞི་ལ། རེ་རེ་ལ་རླུང་སུམ་བརྒྱ་སུམ་ཅུ་ཕྱེད་དང་བརྒྱད་རྒྱུའོ། །འདི་རྣམས་རྒྱུ་བའི་གྲངས་ཀྱང་། མི་རྒན་པོ་ལ་རླུང་མི་ཐེམ་ལ། གཞོན་པ་ལ་ལྷག་པས།


DNG019_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ལ་བདབས་པ་གཅིག་ལ། ཉིན་མཚན་གཉིས་ལ་ཞག་གཅིག་བྱས་པས། ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ། །གྲངས་ཤེས་དེ་ཉིད་དུས་ཀྱི་ཆ། །ཉིན་ཞག་ཕྲུགས་གཅིག་ལ་རྒྱུ་བ་གཙོར་བྱས་ནས་བརྩི་བ་ནི། དུས་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་འཕེལ་བ་དང་། བཅུ་དྲུག་ནས་གནམ་སྟོང་བར་དུ་འགྲིབ་པའོ། །དེ་ཡང་ཉིན་ཕྱེད་ལ་དབུགས་ཀྱི་གྲངས་ལྔ་སྟོང་བཞི་བརྒྱ། ཉི་མ་གཅིག་ལ་ཁྲི་བརྒྱད་བརྒྱ་ཆུ་ཚོད་གཅིག་ལ་དབུགས་སུམ་བརྒྱ་དྲུག་ཅུ། དེ་ལྟར་དབུགས་ཀྱི་གྲངས་བརྩིས་ན་ཉིན་མཚན་གཉིས་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །སྐར་མ་ཉི་ཤུ་རྩ་བརྒྱད་དང་། །ནི་སྨིན་དྲུག་ལ་སོགས་ཤར་སྐར་བདུན་རླུང་ཡིན་ཏེ། ཤར་ལུས་འཕགས་བོ་དབྱིབས་ཟླ་ཁམ་རླུང་དུ་ཆགས་ནས་གནས་སོ། །མཆུ་ལ་སོགས་ལྷོ་སྐར་བདུན་མེ་ཡིན་ཏེ་འཛམ་བུ་གླིང་ལོག་ཁ་གྲུ་གསུམ་མེའི་དབྱིབས་སུ་ཆགས་སོ། །ལྷ་མཚམས་ལ་སོགས་ནུབ་སྐར་བདུན་ཆུ་ཡིན་ཏེ་ནུབ་བ་ལང་སྤྱོད་ཟླུམ་པོ་ཆུའི་དབྱིབས་སུ་ཆགས་སོ། །མོན་གྲེ་ལ་སོགས་བྱང་སྐར་བདུན་ནི། སའི་སྐར་མ་སྟེ་བྱང་སྒྲ་མི་སྙན་གྲུ་བཞི་སའི་དབྱིབས་སུ་ཆགས་སོ། །ཞེས་འབྱུང་བ་བཞིའི་རླུང་དང་སྦྱོར། དངོས་ཞག་གསུམ་སུམ་ཅུ་ལ་རྒྱུ་སྐར་གང་རྒྱུ་ཤེས་པར་བྱའོ། །ཉི་མ་བཅོ་ལྔ་གཟའ་དགུ་དང་། ༈ །ཉི་མ་བཅོ་ལྔ་ནི་ཚེས་གཅིག་ནས་ཉའི་བར་རོ། །གཟའ་དགུ་ནི་ཤར་ན་པ་བ་སངས། ཤར་ལྷོར་མིག་དམར། ལྷོར་ཕུར་བུ། ལྷོ་ནུབ་དྲང་སྲོང་། ནུབ་ཟླ་བ། ནུབ་བྱང་ཉི་མ། བྱང་ལྷག་པ། བྱང་ཤར་སྤེན་པ། རཱ་ཧུ་ལ་ཀུན་ལ་རྒྱུའོ། །སཾ་ཀྲནྟི་ནི་བཅུ་གཉིས་ཀྱིས་ནི་དུས་འཕོ་བ་བཅུ་གཉིས་ཏེ་ཁྱིམ་བཅུ་གཉིས་གོང་ལྟར་རོ། །དུས་ཀྱི་ཆ་ཡང་ཟླ་བ་བཅུ་གཉིས་ངོས་གཟུང་བར་བྱ་སྟེ་ལོའི་ཉི་ཁྱིམ་བཅུ་གཉིས་སོ། །དངོས་ཟླ་བ་བཅུ་གཉིས་ལ་རླུང་རྒྱུ་བའི་གྲངས་ཤེས་པར་བྱའོ། །ཉིན་མཚན་དབྱུག་གུ་ནི་ཉིན་མོ་སུམ་ཅུ་མཚན་མོ་སུམ་ཅུ་སྟེ་དྲུག་ཅུ་སྟེ། །བཞི་ནི་འཕེལ་དང་འགྲིབ་པའོ། །ཟླ་བ་འཕེལ་ལ་གཉིས་འགྲིབ་ལ་གཉིས་ཏེ་བཞིའོ། །སྣ་གཡས་ནས་ཕྱིར་རྒྱུ་བ་འཕེལ་ན་གཡོན་ནས་ནང་དུ་རྒྱུ་བ་འགྲིབ་ཅེས་པའོ། ༈ །ཞག་གཅིག་ཐུན་ཕྱེད་ཕྱེད་ལས་འཕོ་བ་བཅུ་དྲུག་གིས་རླུང་ངོ་། །ཞག་གཅིག་གི་དབྱུག་གུ་དྲུག་ཅུ་རྩ་བཞི་ནི། ཆུ་ཚོད་ཀྱི་ཕྱེད་ཀྱི་ཆའོ། །ཆུ་ཚོད་ནི་དབྱུག་གུ་གཉིས་ཞེས་པའི་དོན་ནོ། །ཞག་གཅིག་གིས་ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །ཐུན་གཅིག་གིས་ཆུ་ཚོད་བཞི་པོ་རྣམས་ཀྱིས་སོ། །དཔྱིད་ཟླ་འབྲིང་པོའི་ཉིན་མཚན་ཐུང་བའམ་མཉམ་པའི་ཚེ། ཐུན་བཞི་དབྱུག་གུ་ཆ་མཉམ་པའོ། །དབྱུག་གུ་གཅིག་ལ་དབུགས་དྲུག་ཅུས་ལྷག་པའི་སུམ་བརྒྱའོ། །དེ་ལྟ་བུའི་དབྱུག་གུ་གཉིས་ཀྱིས་ཆུ་ཚོད་དོ། །ཆུ་ཚོད་བཞིས་ནི་ཐུན་གཅིག་གོ། །གཞན་དག་གི་ཉིན་མཚན་སོང་བའི་ཞག་ལ་ནི། འགྲིབ་པ་དང་འཕེལ་བར་འགྱུར་ཏེ། ཇི་ལྟར་དགུན་ཟླ་འབྲིང་པོའི་མཚན་མོ་ལ་སུམ་ཅུ་རྩ་དྲུག་གིས་དབྱུག་གུ་ཡིན་ལ། ཉིན་མོའི་དབྱུག་གུ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་


DNG019_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དགུན་ཐའི་མཚན་མོ་སོ་བཞི། ཉིན་མོ་ཉེར་དྲུག་གོ། །དེ་ལྟར་ཟླ་བ་རེ་ལ་ཉེར་གཉིས་མཚན་མོ་ལ་ཕྲི་ནས་ཉིན་མོ་ལ་བསྣན་པས་དཔྱིད་འབྲིང་ལ་ཉིན་མཚན་མཉམ་པར་སུམ་ཅུའོ། །དཔྱིད་ཐ་ནས་ཉིན་མོ་ལ་གཉིས་གཉིས་བསྣན་ནས་མཚན་ལ་ཕྲི་བས། དབྱར་འབྲིང་ཉིན་མོ་སོ་དྲུག་མཚན་མོ་ཉེར་བཞིའོ། །དེ་བཞིན་སྣོན་འབྲི་དེ་བྱས་པས་སྟོན་འབྲིང་ནམ་ཉི་མ་མཉམ་སྟེ་སུམ་ཅུ་སུམ་ཅུའོ། །དེ་ལྟ་བུའི་འཕོ་བ་བཅུ་དྲུག་གིས་འཕེལ་བ་ལ་སོགས་པ་ནི་རླུང་གི་ཆོས་སོ། །རླུང་ཡང་འབྱུང་བ་དང་འཇུག་པའི་བདག་ཉིད་ཅན་གྱི་ལུས་ཡིན་པས་ན། འཕོ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །ཞེས་བི་ཤྭ་མི་ཏྲ་བཞེད་དོ། །སྤྱིར་ན་ལོ་འཕོ་བ་ནི་ལོ་བཅུ་གཉིས་ཀྱིས་འཕོ་བའོ། །ཟླ་བ་འཕོ་བ་ནི། གནམ་སྟོང་ངོ་། །ཟླ་བ་བཅུ་གཉིས་སུ་འགྱུར་རོ། །ཞག་འཕོ་བ་ནི་ཉིན་མཚན་ནོ། །ཞག་སུམ་བརྒྱ་དྲུག་ཅུའོ། །ཉི་མ་འཕོ་བ་དབྱར་དགུན་བཟློག་མཚམས་སོ། །གཟའ་འཕོ་བ་ཚེས་བཅོ་ལྔ་ནས་འཕོ་བའོ། །ལུས་འཕོ་བ་སྐྱེ་ཤིའོ། །སེམས་འཕོ་བ་སངས་རྒྱས་སོ། །དེ་ལྟར་གཟུང་བར་བྱས་པ་ན། །སྤྱིར་དབུགས་རྒྱུ་བའི་གྲངས་ནི། ས་ཆུ་མེ་རླུང་བཞི་ལ་ཐུན་བཞི་ལས། ཉིན་བཞི་མཚན་བཞི་སྟེ། ཐུན་གཉིས་གཉིས་སུ་ཕྱེ་བས་བརྒྱད། བརྒྱད་པས་ས་གཙོ་བོར་བྱས་ནས། ཆུ་མེ་རླུང་འཁོར་དུ་ཕྱེ་བས། གསུམ་གསུམ་དུ་ཕྱེ་བས་ཉེར་བཞི། དེ་རྣམས་ལ་རླུང་རྒྱུ་བ་ཉིས་སྟོང་དང་བརྒྱ་ཕྲག་བདུན་ཡོང་། ཉེར་བཞི་པོ་རེ་རེ་ལས་ས་ཆུ་མེ་རླུང་བཞི་བཞིར་ཕྱེ་བས་དགུ་བཅུ་རྩ་དྲུག །དེ་ལ་དབུགས་ཀྱི་རྒྱུ་བ་ཉིས་བརྒྱ་རུང་ཉི་ཤུ་རྩ་ལྔ་འོང་། དེ་ལ་ཉིན་ཞག་གང་རུང་གཅིག་ལ་ཐུན་བཞི། ཕྲུགས་གཅིག་ཉིན་བཞི་མཚན་བཞི་བརྒྱད། དེ་རེ་རེ་ལ་འཁོར་གསུམ་གསུམ་མནན་པས་ཉེར་བཞི། དེ་རེ་རེ་ལ་བཞི་བཞི་སྟེ་དགུ་བཅུ་རྩ་དྲུག་གོ། །དུས་དང་དབྱུག་གུ་དྲུག་ཅུ་བཞི། །གོང་མ་དེ་ལྟར་གཟུང་བར་བྱས་པ་ནི། དུས་འཕོ་བ་བཅུ་དྲུག་དང་ཡང་ན་ལོ་ཁྱིམ་བཅུ་གཉིས། དེ་ཡང་འཕོ་བ་བརྒྱད་གཉིས་བཅུ་དྲུག་ཏུ་འགྱུར། དབྱུག་གུ་དྲུག་ཅུ་རྩ་བཞིར་བགྲང་། ཆུ་ཚོད་སུམ་ཅུ་རྩ་གཉིས། ཐུན་ཆེན་པོ་བཞི། ཐུན་ཕྱེད་པ་བརྒྱད་དོ། །འོ་ན་འདི་དག་ལྡབ་བོ་ཞེ་ན། རྟོགས་པ་ཡིན་པས་ལྡབ་པར་འདོད་པའོ། །བདེ་བ་ཁུ་བ་སྟོང་པ་ཨཿམཚོན། ཐབས་དང་ཤེས་རབ་ཀུན་རྫོབ་དང་ལུས་ལ་གནས་པ། དེ་ཡང་འདོད་ཆགས་བདེ་བར་ཤེས་པས་ཐབས། བདེ་སྟོང་དུ་ཤེས་པས་ཤེས་རབ། རང་ལུས་ལ་ངོས་འཛིན་པས་ན་ཀུན་རྫོབ་ཡིན་ཞེས་པའོ། །ཀུན་རྫོབ་མེད་པའི་བྱེ་བྲག་གིས། །ཇི་ལྟར་བསྟན་པའི་གནས་སུ་ནི་ལུས་ཀྱི་བདེ་བ་སྟོང་པར་ཐིམ་པས། བདེ་སྟོང་དབྱེར་མེད་པ་དོན་དམ་ཀུན་རྫོབ་དབྱེར་མེད་པའོ། །དེ་ཡང་ལུས་ཀྱི་ཐིག་ལེ་ཀུན་རྫོབ་ཏུ་འགྲིབ་ཀྱང་ཨཱ་ལི་བཅུ་དྲུག་གིས་སྟོང་པར་ཤེས་པས་ན་ཀུན་རྫོབ་


DNG019_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་ཐེམ་པ་དང་། ལྷར་གནས་པས་ཀུན་རྫོབ་རང་རྒྱུད་པ་མེད་པའོ། །དེ་ཇི་ལྟར་གནས་པས་བསྟན་པར་བྱ་བ་ནི་དྲང་གནས་ཏེ། དུས་འཕོ་བ་ཞེས་བྱ་བ་སཾ་ཀྲནྟནྟ་བཅུ་དྲུག་པོ། །རླུང་གཡོན་ནས་གཡས་སུ་འཕོ་བ་བརྒྱད། གཡས་ནས་གཡོན་དུ་འཕོ་བ་བརྒྱད་དེ་བཅུ་དྲུག་གོ། །འཕོ་བ་བཅུ་དྲུག་གི་རེ་རེ་ལ། རླུང་སྟོང་སུམ་བརྒྱ་ལྔ་བཅུ་ཐུན་ཕྱེད་ཀྱི་རེ་རེ་ལ་ལྔ་སྟོང་བརྒྱད་བརྒྱ་རྒྱུ་བའོ། །དེ་ཡང་གཡས་ནས་ཉི་མ་མེ་རླུང་གིས་དུ་བ་བསྐྱེད། གཡོན་ཟླ་བ་ཆུའི་རླུང་གིས་བཀྲིས་པར་བྱེད། ཉི་མས་བསྲེགས་ལ་ཟླ་བས་གསོ། སྣ་བུག་གཡོན་ནས་ནང་དུ་རྒྱུ། གཡས་ནས་ཕྱིར་རྒྱུའི་དབང་དུ་བྱས་ནས་ཐུན་ཕྱེད་ཕྱེད་དོ། །ཉི་མའི་རླུང་རྒྱུ་བས་ཉིན་མོ་ཟེར་ཏེ། ཟླ་བའི་རླུང་རྒྱུ་བས་མཚན་མོ་ཞེས་བྱ་སྟེ་གསོ་བའོ། །གཡོན་ནས་གཡས་སུ་འཕོ་བ་བརྒྱད། གཡས་ནས་གཡོན་དུ་འཕོ་བ་བརྒྱད་དེ། བརྒྱད་གཉིས་བཅུ་དྲུག་ཏུ་འགྱུར་རོ། །ཨཱ་ལི་བཅུ་དྲུག་རྣམ་པར་དག་པ་བདེ་སྟོང་གི་ཁྲུ་བ་བྱེ་བྲག་ལུས་ལ་རྒྱུ་བ་བཟུང་ངོ་། །དེ་ལ་དབྱུག་གུ་དྲུག་ཅུ་རྩ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །རྣམ་པར་དག་པ་ཁུ་བ་ཡི། །བྱེ་བྲག་རྒྱུ་བ་གཟུང་བྱས་ཏེ། །དབྱུག་གུ་དེ་དང་དེ་དག་ནི། །གནས་ནི་སུམ་ཅུ་རྩ་གཉིས་སོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་ནི། དེ་ཡང་ས་དང་ཆུ་རླུང་རྒྱུ་བའི་དུས་ན། ཕན་པའི་ལས་འགྲུབ་ལ། མེ་དང་རླུང་རྒྱུ་བའི་དུས་ན་གནོད་པའི་ལས་འགྲུབ། དབྱེ་བ་སུམ་ཅུ་རྩ་གཉིས་སོ། །ཆུ་ཚོད་བརྒྱད་ལ་ཐུན་རེ་རེ་བྱས་པས་ཐུན་ཚོད་བཞིའོ། །ཐུན་ཆེན་པོ་བཞི་ཕྱེད་པས་བརྒྱད་དོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱིས་རེ་རེ་ལ་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུའོ། །ཐུན་ཕྱེད་ཀྱི་རེ་རེ་ལ་ལྔ་སྟོང་བརྒྱད་བརྒྱ་རྒྱུའོ། །དེ་དག་ཐམས་ཅད་དཀྱིལ་འཁོར་བཞིར། །ལྟེ་བ་ས་རླུང་ཕྱིར་ལ་སོར་བཞི་རྒྱུ་བས། རླུང་རང་གི་གནས་ལྟེ་བར་བཟུང་། སྙིང་གར་ཆུ་རླུང་ཕྱིར་ལ་སོར་བརྒྱད་རྒྱུ། ཆུ་རླུང་རང་གི་གནས་སྙིང་གར་བཟུང་། མགྲིན་པ་ནས་མེ་རླུང་ཕྱིར་ལ་སོར་བཅུ་གཉིས་རྒྱུ། མེ་རླུང་རང་གི་གནས་མགྲིན་པར་བཟུང་སྤྱི་བོ་ནས་རླུང་གིས་རླུང་ཕྱིར་སོར་བཅུ་དྲུག་རྒྱུ། རླུང་གི་རླུང་རང་གི་གནས་སྤྱི་བོར་བཟུང་། དེ་ལྟར་འཕོ་བ་རེ་རེ་ལ་བཞི་བཞི་སྟེ་དྲུག་ཅུ་རྩ་བཞིར་འགྱུར་རོ། །དབྱུག་གུ་དྲུག་ཅུ་རྩ་བཞིར་བགྲང་བར་བྱའོ། །ལེགས་པར་གཟུང་བར་བྱ་བ་སྟེ། །དཀྱིལ་འཁོར་བཞི་ཡང་ལྟེ་བ་ནས། །ལྟེ་བའི་འོག་ན་སྲིན་པོ་རཱུ་ཏྲའི་ཡི་གེ་ཀྵ་དམར་ནག་ལས་མེ་འབར་བས། ལྟེ་བའི་བདུད་རྩི་ཞུ་ནས་ཡར་སོང་སྙིང་གའི་བདུད་རྩི་ཞུ། ཡར་ལ་སོང་བས་མགྲིན་པའི་བདུད་རྩི་ཞུ། ཡར་སོང་སྤྱི་བོའི་བདུད་རྩི་ཞུ། ལུས་བདུད་རྩིར་འཁྱིལ་པ་ནི། ཙན་དྷ་ལི་ནི་གཏུམ་མོ་སྟེ། ལྟེ་ལྐོག་ནས་མེ་འབར་བས། འཁོར་ལོ་བཞིའི་བདུད་རྩིའི་ལྟེ་བར་འབེབས་པའོ། །ལྟེ་བའི་འོག་སྡུ་ན་གུ་ལས་ཁྲག་གི་ཐིག་ལེ་ལ་རྩ་རོ་རྐྱང་ཀུན་འདར་མ་གསུམ་ཟུག་ནས་གནས་པ་དེར་འཁྱིལ་ནས། བདེ་བ་གསང་


DNG019_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྡོ་རྗེ་པདྨར་འབེབས་པའོ། །ཙན་དྷ་ལི་ནི་འབར་བ་ཡི། །ཕྱག་རྒྱ་ཆེན་པོའི་བདག་དེ་ཡི་འབྲས་བུ་ནི་ལུས་བདེ་སྟོང་དུ་གནས་པས་ན་འབྲས་བུ་ཕྱག་རྒྱ་ཆེན་པོ་ལྷ་སྐུའི་རྣམ་པར་འགྱུར་ཏེ། ལོངས་སྐུ་བདེ་སྟོང་གི་རྣམ་པ་སྒྱུ་མ་ཙམ་དུ་སྣང་བའོ། །ཉིད་འགྱུར། །རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཧེ་རུ་ཀ་བསྒྲུབ་པར་འདོད་པ་ཡི། །ས་བདེ་བ་དང་རླུང་བསྲེས་ནས་གཟུང་བར་བྱའོ། །ལམ་ལ་གནས་པའི་རྣལ་འབྱོར་པ་ཡིས་དབུགས་ཀྱི་གྲངས་དང་བསྟུན་ནས་བདེ་བ་གཟུང་བར་བྱ། །ས་ནས་བདེ་བ་ལ་ཡི་གེ་ཨཿས་སྟོང་པར་རྒྱས་བཏབ་ན་རང་ཉིད་སངས་རྒྱས་སོ། །གཞན་དུ་དམ་ཚིག་ཤིན་ཏུ་གསང་། ༈ །སྣོད་མ་ཡིན་པ་ལ་ཤིན་ཏུ་གསང་བ་སྟེ། ཐུགས་ཀྱི་དམ་ཚིག་ཉམས་ནས་འགྲོ་བའོ། །འདི་དག་ནི་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོ་རྣམས་ཀྱི་མན་ངག་འབྱུང་བའི་གཞི་ཡིན་ནོ། ༈ །ཨེ་ནི་ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ཏེ། བྷ་ག་ཆོས་འབྱུང་དང་འབྲལ་བས་ན། ཆོས་ཀྱི་འབྱུང་གནས་སོ། །རྣམ་པར་ཐར་པ་ལས་སྒོ་སྟོང་ཉིད་དོ། །བདེ་བ་བཞི་ལས་དགའ་བའོ། །ཡུམ་བཞི་ལས་དབྱིངས་ཕྱུག་མ་སངས་རྒྱས་སྤྱན་ནོ། །སའི་རླུང་རང་གི་གནས་ནི་ལྟེ་བར་གནས་པས་ན་སངས་རྒྱས་སྤྱན་ཞེས་བྱའོ། །ཨེ་ནི་ཆོས་ཀྱི་འབྱུང་གནས་ལ། །སྟོང་པ་ཉིད་དང་དགའ་བ་དང་། །དབྱིངས་ཕྱུག་ལྷ་མོ་སངས་རྒྱས་སྤྱན། །བཾ་ནི་ཆུ་དང་མཚན་མ་མེད། །མཆོག་ཏུ་དགའ་དང་མཱ་མ་ཀཱི། །བཾ་ནི་སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ཏེ། འབྱུང་བ་བཞི་ལས་ཆུ། ཆུ་རླུང་རང་གི་གནས་སྙིང་ག །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །བདེ་བ་བཞི་ལས་མཆོག་དགའི་ཡེ་ཤེས་སོ། །ཡུམ་བཞི་ལ་ཆུ་མ་མ་ཀཱིའི་རང་བཞིན་རྣམ་པར་དག་པའོ། །མཱ་ནི་མེ་དང་སྨོན་པ་མེད། །བདེ་བ་དགའ་བ་གོས་དཀར་མོ། ༈ །མཱ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ། འབྱུང་བ་ལས་མེ། མེ་རླུང་རང་གིས་གནས་མགྲིན་པའོ། །རྣམ་ཐར་ལ་སྨོན་པ་མེད་པའོ། །བདེ་བ་བཞི་ལས་དག་འབྲལ་དཔའ་བོའོ། །ཡུམ་བཞི་ལས་མེ་གོས་དཀར་མོའོ། །ཡཱ་ནི་རླུང་དང་འདུས་མ་བྱས། །ལྷན་ཅིག་སྐྱེས་དགའ་སྒྲོལ་མ་ཉིད། ༈ །ཡཱ་ནི་སྤྱི་བོ་བདེ་ཆེན་གྱི་དཀྱིལ་འཁོར་རོ། །འབྱུང་བ་ལས་རླུང་སྟེ། རླུང་གི་གནས་སྤྱི་བོར་རོ། །རྣམ་ཐར་ལས་འདུས་མ་བྱས་རང་བཞིན་གྱིས་འོད་གསལ་བའོ། །བདེ་བ་བཞི་ལས་ལྷན་ཅིག་སྐྱེས་དགའ། ཡུམ་བཞི་ལས་རླུང་དམ་ཚིག་སྒྲོལ་མའོ། །ཨེ་བཾ་མཱ་ཡཱར་ཀུན་འདུས་སོ། ༈ །དེ་ལྟར་ཨེ་བཾ་མཱ་ཡཱའི་ཡི་གེ་བཞིར་ཀུན་འདུས་པར་བསྟན་པའོ། །ཐམས་ཅད་རྩ་བ་ཀུན་གཞི་ཡིན། །རང་གི་ཀུན་གཞིའི་རྣམ་ཤེས་ཉིད་རྩ་རྒྱུད་དེ། ཐབས་ཀྱིས་མ་ཟིན་ན་ཀུན་


DNG019_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་འཁོར་བ། ཟིན་ན་མྱང་འདས་ཡིན་པས་རྒྱུའི་རྒྱུད་ཡིན་ནོ། །དེ་ཉིད་རྒྱུ་ཡི་རྒྱུད་ཡིན་ལ། ༈ །རང་ལུས་ཐབས་ཀྱི་རྒྱུད་འདི་ལ། །ལུས་ལ་གནས་པའི་རྩ་ནི་བུམ་པའི་དབང་དུ་གནས་ཏེ། ལམ་བསྐྱེད་རིམ་བསྒོམས་ནས་ཞི་ཁྲོ་གཉིས་ཀྱི་ལྷ་ལམ་དུ་བླང་བས་ན་བསྐྱེད་རིམ་གྱི་ལམ་མོ། །གནས་པའི་རྩ་ནི་བུམ་པ་ཡིན། །ལུས་ཀྱི་ཁམས་བདུད་རྩི་ལྔ་ནི་གསང་བར་གནས། །གསང་བའི་དབང་དུ་གནས་པས་ན། ལྷ་ལ་བདུད་རྩི་ལྔའི་པཱུ་ཛ་འབུལ་ཞིང་རང་ཡང་སིདྡྷི་ལེན་པས་ན་དབང་ངོ་། །གྲུབ་པའི་སྔགས་ནི་ཤེས་རབ་དབང་། །རང་གི་ལུས་ལ་གྲུབ་པ་སྔགས་སུ་གནས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཉམས་སུ་ལེན་པ་སྟེ། ཞི་ཁྲོའི་སྔགས་བཟླས་པས་རང་གི་ཤེས་རབ་ཀྱིས་རང་ལུས་ཡེ་ཤེས་པ་བསྒྲུབ་པའོ། །སྙིང་པོ་རླུང་ནི་བདེ་ཆེན་ཉིད། ༈ །རྫོགས་རིམ་དངོས་ཡིན་ལ། དེ་ཉིད་བདེ་བ་ཆེན་པོའི་དབང་སྟེ་རང་སེམས་དབུགས་དང་བཅས་པ་ནི། སེམས་ཆོས་སྐུ་ལས་རླུང་གཟུགས་སྐུར་སྤྲོ་བ་སྟེ། རྩ་དང་བདུད་རྩི་ཡི་གེ་རླུང་གིས་རང་སེམས་ཀུན་གཞི་བཤད་པས་ན་བཤད་རྒྱུད་དོ། །སྐུ་གསུང་ཐུགས་ནི་འབྲས་བུའི་རྒྱུད། ༈ །སྐུ་ཕྱག་རྒྱ་ཆེན་པོ་ནི་ཚེ་ལ་དབང་བའི་རིག་འཛིན་ཐོབ་པའོ། །གསུང་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་གང་བསྒྲུབ་པའི་ལྷའི་འཁོར་དུ་གྱུར་པའོ། །ཐུགས་ཕྱག་རྒྱ་ཆེན་པོ་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་མཉམ་པར་གཞག་པའི་དུས་ན་ཆོས་སྐུར་གནས་པའོ། །དངོས་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་ནི། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ཡིན་ནོ། །དང་པོ་བསྙེན་པ་ལ་སྦྱོར་བ་ཡན་ལག་དྲུག་གིས་བསྙེན་པ་སྟེ་བསྙེན་བསྒྲུབ་བཞི་གནས་དམ་ཚིག་ནི། །སོ་སོར་སྤོང་བར་འདོད་པ་ལྔ། །མི་རྟག་རིགས་ལྔ་དོན་དམ་མཆོག །དང་པོ་སོ་སོར་སྤང་བ་ནི་འདོད་པ་ལྔ་སྤང་བའི་ཐབས་ཡིན་ཏེ། དེ་ཡང་འདོད་པ་ལྔ་པོ་དངོས་སུ་མི་རྟག་པ་དོན་དམ་པར་ཆོས་ཉིད། ཀུན་རྫོབ་ཏུ་རིགས་ལྔར་སྣང་བར་བསྒོམ་མོ། །རྒྱུད་གཞན་ལས་ཀྱང་། དབང་པོ་ཉིད་མཐོང་ན་ཡང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བསམ་གཏན་རྟོག་དཔྱོད་སྐུ་གསུང་ཐུགས། །དེ་གོམས་ན་གཉིས་པ་བསམ་གཏན་བསྒོམ་པར་བྱ་སྟེ། དེ་ཡང་རྟོག་དཔྱོད་ལ་སོགས་པ་ཡན་ལག་ལྔ་སྟེ། བདག་གི་སྒོ་གསུམ་སྐུ་གསུང་ཐུགས་སུ་བསྒོམ་པ་ནི། བདག་གི་སྒོ་གསུམ་ཉིད་འཕགས་པའི་སྐུ་གསུང་ཐུགས་སུ་རྟོག་ཅིང་དཔྱོད་དེ། དེ་ལ་དགའ་བ་སྐྱེ་ཞིང་བདེ་བ་འབྱུང་། དེ་ལས་རྩེ་གཅིག་པའོ། །དེའི་ཚེ་རང་གི་སེམས་ཀྱང་ཡེ་ཤེས་སུ་རྟོགས། དེ་ཡང་། བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །ཞེས་པ་ལ་སོགས་པའོ། །དགའ་བ་སྐྱེ་ཞིང་བདེ་བ་འབྱུང་། །དབུགས་དགག་འབྱུང་ལྔའི་ཡེ་ཤེས་ལྔ། །གསུམ་པ་དབུགས་དགག་པ་དང་གཏོང་བ་ནི། རང་གི་དབུགས་ནི་


DNG019_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ཡིན་ལ། དེ་ཉིད་སྣ་རྩེར་ཁ་དོག་ལྔ་དང་ལྡན་པའི་ཕྱག་མཚན་ནམ་ཡིག་འབྲུར་དམིགས་པ་ནི་འགོག་པའོ། །དེ་ཉིད་སྤྲོ་བ་ནི་གཏོང་བའོ། །དེ་ཡང་ལུང་འདི་དང་མཐུན་པ་ཐུགས་ཀྱི་རྒྱུད་ནས། ཐུགས་ནི་ཡེ་ཤེས་ལྔ་ཡི་དངོས། །ཞེས་གསུངས་སོ། །རིན་ཆེན་ཡིག་འབྲུ་སྣ་རྩེར་སྤྲོ། །སེམས་བཟུང་རང་སྔགས་སྙིང་ག་རུ། །ཡིག་འབྲུ་ཕྱག་མཚན་མི་སྤྲོ་གཟུང་། །བཞི་པ་སེམས་གཟུང་བ་ནི། ཡི་དམ་ཐུགས་ཀར་ཡིག་འབྲུའམ། ཕྱག་མཚན་དེ་ཉིད་མི་སྤྲོ་བར་རྩེ་གཅིག་ཏུ་དམིགས་པའོ། །དེ་ཡང་ཐུགས་ཀྱི་རྒྱུད་ཕྱི་མ་ནས། རང་སྔགས་སྙིང་ལ་བསྒོམས་ནས་སུ། །ཞེས་པ་ལ་སོགས་པ་གསུངས་སོ། །ཐུགས་ཀྱི་རྒྱུད་བསྙེན་བསྒྲུབ་བཞི་ཁོ་ནར་གནས་སོ། །རྗེས་དྲན་ལོ་ཟླར་རྩེ་གཅིག་འབད། །སྨིག་རྒྱུ་དུ་སྲིན་མེ་སྲིན་ཁམས། །ལྔ་པ་རྗེས་དྲན་ནི། དེ་ལྟར་ལོ་ཟླ་མང་པོར་རྩེ་གཅིག་འབད་པ་དང་། རྟགས་ལྔ་འབྱུང་སྟེ། དེ་ཡང་ཡིག་འབྲུ་དང་ཕྱག་མཚན་ནམ། སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་དེ་ཉིད། དང་པོར་སྨིག་རྒྱུ་ལྟ་བུ་ལ། །གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་པ་སྤྲིན་མེད་ནམ་མཁའ་བཞིན། །བརྟན་ནས་རྡོ་རྗེའི་གནས་ནས་ནི། །ནམ་མཁའི་ཁམས་ཀུན་སྤྲོ་བར་བྱ། །ཞེས་རྒྱུད་གཞན་ནས་གསུངས་པ་དང་མཐུན་ནོ། །ཏིང་འཛིན་ཕྱི་ནང་གོང་བུར་བྱས། །དྲུག་པ་ཏིང་ངེ་འཛིན་ནི། ཕྱི་ནང་གི་དངོས་པོ་ཀུན་བསྡུས་ནས། གོང་བུར་བྱས་ཏེ། བདག་ཉིད་ལྷར་བསྒོམ་པའི་བ་སྤུའི་བུ་གར་བཅུག་ཅིང་བསྒོམ་པའོ། །བདག་ཉིད་ལྷ་རུ་བསྒོམ་པ་ཡིན། །སྦྱོར་བ་ཡན་ལག་དྲུག་གིས་བསྙེན། །དེ་ལྟར་སྐད་ཅིག་རེ་རེ་ལ་གུས་ན་ནི་བསྙེན་པ་རྫོགས་པའོ། །དེ་ནི་མཆོག་གི་བསྙེན་པ་ལ་སྦྱོར་བའི་ཡན་ལག་དྲུག་གི་སྒོ་ནས་བསྒྲུབ་ཞེས་བྱ་བའི་བསྙེན་པའོ། །ཉེ་བསྙེན་བདག་ཉིད་ལྷར་བསྒོམས་ལ། །ཡེ་ཤེས་བདག་ལ་ལྕགས་ཀྱུས་ཐིམ། ༈ །དེ་ནས་ཉེ་བསྙེན་བྱ་སྟེ། བདག་ལྷར་བསྒོམ་པའི་སྙིང་གར། ཟླ་བ་ལ་རྡོ་རྗེ་རྒྱ་གྲམ་བཞག་པའི་སྟེང་དུ། ཡེ་ཤེས་སེམས་དཔའ་སྐུ་བསམ་མོ། །དེ་ལྕགས་ཀྱུའི་ཕྱག་རྒྱས་དྲངས་ཏེ། རང་དང་གཉིས་སུ་མེད་པར་བསྒོམས་ལ། ང་ནི་སྐལ་ལྡན་ཆེ་གེ་མོ། །ཁྱོད་ནི་བསྒྲུབ་པར་གནས་པ་སྟེ། །རང་གི་དངོས་གྲུབ་བདག་ལ་སྩོལ། །ཞེས་པ་ལ་སོགས་པ་བརྗོད་ཅིང་། རང་ལྷར་མངོན་སུམ་དུ་བྱའོ། །དེ་ཡན་ཆད་བསྙེན་པ་དང་། ཉེ་བསྙེན་ནི་སེམས་སྦྱོང་ཐབས་ཡིན་ནོ། །བསྒྲུབ་པ་ཡུམ་ལས་དཀྱིལ་འཁོར་གདོན། །སྐུ་གསུང་ཐུགས་སུ་ཟླ་དྲུག་བསྒྲུབ། །དེ་ལྟར་སེམས་སྦྱངས་ནས་ནི་བསྒྲུབ་པར་བྱ་སྟེ། དེ་ཡང་ཡུམ་བཙལ་ཏེ། དེའི་བྱང་སེམས་ལས་དཀྱིལ་འཁོར་གདོན་ཞིང་རང་ཉིད་རང་གི་ལྷའི་སྐུ་གསུང་ཐུགས་སུ་བསྒོམ་


DNG019_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེ་བསྒྲུབ་པོ། །དེ་ཡང་རྒྱུད་གཞན་ནས། ཇི་སྲིད་རྣམ་གཉིས་མཐོང་བར་དུ། །དེ་སྲིད་ཟླ་བ་དྲུག་ཏུ་བསྒོམ། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །ཞེས་པ་ལ་སོགས་པ་སྟེ། དེའི་དོན་ཡང་བསྒྲུབ་པ་དེ། དབང་པོ་དང་། ཡིད་ཀྱི་མངོན་སུམ་ལ་སྣང་གི་བར་དུ་ཟླ་དྲུག་ཏུ་བསྒོམ་མོ། །གལ་ཏེ་ཟླ་དྲུག་གི་མ་མཐོང་ན་ནི། ལན་གསུམ་དུ་སྤོགས་སོ། །དེས་ཀྱང་མ་མཐོང་ན་ནི། དྲག་ཤུལ་གྱི་ལས་ཀྱིས་བསྒྲུབ་པོ། །དེ་སྐུལ་བའི་ཐབས་ནི་མན་ངག་སུམ་བརྒྱ་པ་ལས་གསལ་ལོ། །སྒྲུབ་ཆེན་ལྷ་ཡི་སྐུར་གསལ་བས། །བདག་འདྲའི་དཀྱིལ་འཁོར་དབྱུང་ཞིང་བསྒྲུབ། །འདི་ནི་ཤེས་རབ་ཆུང་རྣམས་ལ། །རིམ་གྱིས་བསྒྲུབ་པའི་རིམ་པའོ། ༈ །སྒྲུབ་ཆེན་ནི་རང་ལྷ་སྐུར་གསལ་ཞིང་དཀྱིལ་འཁོར་བྱིན་དབབ་བོ། །དེ་ཡང་རྒྱུད་གཞན་ལས། གོང་དུ་རྫོགས་པའི་རིམ་གྱིས་ནི། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་འདྲའི་དཀྱིལ་འཁོར་འབྱིན་པ་ནི། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་སོ། །མན་ངག་ནི་ཀུན་ཏུ་སྣང་ལས། བསྒྲུབ་ཚད་ནི། སོར་བཞི་འམ་ནི་ཉི་ཟེར་རམ། །སྐར་མ་རྒྱལ་ཤར་མཐོང་ནས་ནི། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །ཞེས་སོ། །རང་ལྷ་སྐུར་གསལ་བར་བྱས་ནས། དེ་ཡབ་ཡུམ་སྦྱོར་བའི་མཁའ་ལས་རང་འདྲ་བའི་དཀྱིལ་འཁོར་དབྱུང་ཞིང་བསྒྲུབ་པར་བྱ་བ་ནི། དང་པོ་དམན་པའམ་བློ་ཆུང་བའམ་ཤེས་རབ་ཞན་པ་རྣམས་ལ་རིམ་གྱིས་བསྒྲུབ་པ་འདི་བསྟན་ནས་བསྒྲུབས་ན་འགྲུབ་པར་གསུངས་པའོ། །རིམ་གྱིས་པའི་སྒྲུབ་པ་རྒྱས་པ་དང་། བསྡུས་པ་འདི་གཉིས་ནི། བློ་དམན་པའི་དོན་དུ་གསུངས་ཏེ། གང་ཟག་དེས་མྱུར་དུ་མི་འགྲུབ་མཉམ་པའི་དོགས་པ་བསལ་བའོ། ༈ །དང་པོར་བསྙེན་པ་ལོ་ཟླར་མང་པོར་བྱང་ཆུབ་སེམས་སྦྱངས་པ་ནི་བསྙེན་པ་བྱ་བའོ། །ནས། །དེ་ནས་ཉེ་བའི་བསྙེན་པ་བྱ་བ་ནི་རང་ལྷར་གསལ་བས་དེའི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོར་གསལ་བར་བྱས་ནས་བསྒོམ་པའོ། །ལྷར་སྦྱངས་ནས། །བསྒྲུབ་པ་ནི་དེ་ནས་བཟོད་ཡུལ་བཟུང་ལ་བྱིན་གྱིས་བརླབས་ཤིང་སྨིན་པར་བྱས་ལ་བྱང་སེམས་བདེ་བ་བཟུང་ཞིང་བསྒྲུབ་པ་ལ། །སྒྲུབ་ཆེན་ནི་བྱང་སེམས་ལྷའི་དཀྱིལ་འཁོར་སྒྲུབ་པར་བྱ་ཞིང་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཤིང་བསྒྲུབས་ལ་སིདྡྷི་བླང་བར་བྱའོ། །ཆེན་པོ། ༈ །དེ་ཡང་དུས་གཅིག་ཏུ་བསྒོམ་པ་ནི་བསྙེན་པ་དོན་དམ་བྱང་ཆུབ་སེམས་སུ་ཤེས་པའོ། །ཉེ་བསྙེན་བདག་ཉིད་ལྷར་ཤེས་པ་ས་ཏེ་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་སྦྱོར་ཞིང་བསྒོམ་པའོ། །བསྒྲུབ་པ་ཡུམ་ནི་བསྐྱེད་པ་ཡིན། །ཡབ་ཀྱི་ཐུགས་ཀ་ནས་ཡུམ་བཏོན་ཏེ་ལུས་ཡོད་ན་གྲིབ་མ་ཡོད་པ་ལྟར་རོ། །བསྒྲུབ་པ་ཆེན་པོ་ནི་བློ་རབ་ཀྱི་བསྒོམ་པའོ། །བྱང་


DNG019_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ལས་དཀྱིལ་འཁོར་གདོན། །ཡབ་ཡུམ་སྦྱོར་བ་བྱས་ནས་ཡུམ་གྱི་བྷ་ག་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པ་བསྐྱེད་ཅིང་ཕྱིར་ལ་གདོན་ཏེ་དཀྱིལ་འཁོར་དུ་དགོད་དོ། ༈ །དང་པོ་སྟོང་དང་བྱང་ཆུབ་སེམས། །ཡུམ་ལ་བརྟེན་མི་དགོས་ཏེ་དེ་ཡང་དང་པོ་སྟོང་པར་བསྒོམས་ལ། དེ་ལས་གཉིས་པ་ས་བོན་ཡིག་འབྲུར་འབྱུང་བ་སྟེ། །དེ་ཡང་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་གང་ཡིན་དེའི་ས་བོན་ནོ། །དེ་ལས་གསུམ་པ་ལ་ནི་གཟུགས་སྐུ་རྫོགས་པ་རང་གང་སྒྲུབ་ཀྱི་སྐུ་རྫོགས་པའམ། ཐུན་མོང་གི་སིདྡྷི་དེ་ལ་གང་དགོས་ཀྱི་ལྷར་བསྒོམ། ༈ །བཞི་པ་ལ་སྐུའི་ཐུགས་ཀར་སེམས་དཔའ་ཚོན་གང་བ་དམིགས་པ་དེ་ལ་བསྙེན་ཅིང་སྒྲུབ་པར་བྱའོ། །ནི་ཡི་གེ་དགོད། །ཐུན་མོང་དངོས་གྲུབ་བསྒྲུབ་པར་གསུངས། །དེ་ནི་མི་སྣང་བ་ལ་སོགས་ཐུན་མོང་གི་སིདྡྷི་རྣམས་བསྒྲུབ་པར་གསུངས་པ་ལས་ཐུན་མོང་གི་བསྙེན་སྒྲུབ་བཞིར་རྒྱུད་རྣམས་དང་། གལ་པོ་འདི་ནས་གསུངས་སོ། ༈ །སྤྱིར་གསང་སྔགས་ཀྱི་ཆོས་ཀུན་ཀྱང་བསྙེན་བསྒྲུབ་རྣམ་བཞིར་འདུས་པར་གསུངས་སོ། །འོ་ན་རྫོགས་ཆེན་མ་འདུས་སོ་ཞེ་ན་འདུས་ཏེ། ལྟ་བ་བསྙེན་པ། སྒོམ་པ་ཉེ་བསྙེན། སྤྱོད་པ་སྒྲུབ་པ། འབྲས་བུ་བསྒྲུབ་ཆེན་ནོ། །ཕྱི་རབས་བསྒྲུབ་པ་བྱེད་པ་ཡང་། །དང་པོའི་ནུབ་ལ་བྱ་བ་ཡང་། །འོད་ཟེར་དཀར་པོ་སྤྲོ་བར་བྱ། །དབུ་མ་དཀར་དམར་བསྣོལ་མར་སྤྲོ། ༈ །ནུབ་དབུ་མའི་བཟླས་བརྗོད་ནི། དཀར་པོ་ཕར་ལ་སྤྲོ་ལ་དམར་པོ་ཚུར་བསྡུ། འོད་ཟེར་བསྣོལ་མར་སྤྲོས་ལ་ཕར་ལ་མཆོད། ཚུར་ལ་དངོས་གྲུབ་ལེན་པར་བསམ་ཞིང་བཟླས་པར་བྱའོ། །རྟགས་དང་མར་མེ་དཀྱིལ་འཁོར་སྨན། །རཀྟ་རྣལ་འབྱོར་ཏིང་འཛིན་གསོ། །གསོ་བ་བདུན་ནི། རྟགས་གསོ་བ་ནི། གཙོ་འཁོར་ཀུན་ལ་རྟགས་གསུམ་བདབ། མར་མེ་ནི་སྡོང་རོ་རྙིང་པ་གསལ་ལ་ཡེ་ཤེས་དགུའི་རང་བཞིན་དུ་བསམ་ལ་དགོད། དཀྱིལ་འཁོར་རེ་ག་ཀུན་གསོས་ལ་གཞལ་ཡས་ཁང་དུ་བསམ། སྨན་ཕུད་ནི་གསོས་ལ་བདུད་རྩིར་བསམ། རཀྟ་ནི་གསོས་ལ་ཁྲག་ཏུ་བསམ། རྣལ་འབྱོར་པ་བཤགས་སྦྱང་བྱ། ཏིང་ངེ་འཛིན་ལྷའི་དཀྱིལ་འཁོར་བསྐྱེད་པ་གསལ་གདབ་པར་བྱའོ། །མཚམས་སྦྱོར་གསུམ་ནི་ཟླ་ཆུང་གཏོར་མ་ཚེ་མཚམས་སྦྱར། །ཟླ་ཆུང་གསར་པ་ལྷ་དགུའི་ཕོ་བྲང་དུ་བྱིན་གྱིས་བརླབ། རྙིང་པ་ཏྲཱཾ་ལས་རཏྣར་བྱིན་གྱིས་བརླབས་ལ། གཏོར་མ་གསར་པ་བཅས་ཏེ་རྙིང་པ་ནས་ཚལ་རེ་གཞུག །རྙིང་པ་གཏང་ཚེ་གསར་པ་བཅས་ལ་རྙིང་པས་དབང་བསྐུར་ཞིང་སིདྡྷི་གསོལ། གསར་པས་དཀྱིལ་འཁོར་བསྐོར་རོ། །ལུས་ངག་སྤྱོད་པ་ཐབས་ཀྱིས་ཟིན་པར་བྱ་བ་ནི་སྟན་མི་སྤྲུག །སྐྲ་མི་བཀྲུ། ཁྲུས་མི་བྱ། ཕྱག་མི་འཚལ་སྨྲ་


DNG019_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅད་འགྲོ་ན་ཕྲེང་བ་ཁྲོ་ཞལ་དུ་བྱས་ལ་སྟན་སྲུང་འདུག་ན་སྟན་བྱིན་བརླབས་ཕྱིར་འགྲོ་ལ། དབང་བསྐུར་ནང་འདི་མཚམས་བཅད། །ཐ་མ་མི་སྤྲོ་བསྡུ་བར་བྱ། །བྱི་རུའི་བུང་བས་སྣོད་རྣམས་འགེངས། །སྦྲང་རྩིས་བདུད་རྩིར་རབ་འགྱུར་བའོ། ༈ །ནུབ་ཐ་མའི་བྱ་བ་ནི། དཀྱིལ་འཁོར་ཞལ་བསྒྱུར་ནས། འོད་ཟེར་དམར་པོ་ཁོ་ན་ཚུར་བསྡུ་སྟེ། དཔེར་ན་བུང་བ་དམར་པོ་མང་པོས་སྦྲང་རྩི་བླངས་ནས་རང་གི་སྣོད་འགེངས་པ་ལྟར། བྱེ་རུ་ལྟར་དམར་པོའི་སྔགས་ཀྱི་འོད་ཟེར་གྱིས་ཚུར་འདུས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མ་མོ་མཁའ་འགྲོ་མང་པོའི་དངོས་གྲུབ་ཚུར་འདུས་པ་ནི། རོ་སྦྲང་རྩི་བྲོ་བའོ། །མདོག་འོ་མ་ལྟར། སྐུ་ལ་ཐིམ་ན་འགྱུར་བ་མེད། གསུང་ལ་འགག་པ་མེད། ཐུགས་ལ་ཐིམ་ནས་སྐྱེ་ཤི་མེད་པར་འགྱུར་ཏེ། ཐུན་མོང་གི་སིདྡྷི་ཚེ་འདིར་ཕན་པ་དང་། མཆོག་གི་སིདྡྷི་ཚེ་ཕྱི་མ་སྐུ་གསུམ་འགྲུབ་པར་འགྱུར་བ་དང་། དངོས་གྲུབ་མ་ལུས་པ་ཀུན་བསྡུས་ནས་ཐིམ་པའོ། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། དམ་ཚིག་བསྲུང་ཞིང་ཉམས་སུ་བླང་བའི་བརྟག་པ་སྟེ་བཞི་པའོ།། །།སྤྱིར་བཀའ་རྒྱུད་དུ་གསུངས་པ་འཇིག་རྟེན་འདས་མོད། བཀའ་ལུང་དུ་གསུངས་པ་གལ་པོ། བཀའ་མན་ངག་ཏུ་གསུངས་པ་དཔེར་ན་རྫོགས་ཆེན་ནམ་མཁའ་ཆེ་ལྟ་བུའོ། །འདིར་ཡང་དག་ལ། རྡོ་རྗེ་རིགས་ཀྱི་བསྒྲུབ་ལུགས་དང་། བཛྲ་ཧེ་རུ་ཀ་ཐུགས་ཀྱི་བསྒྲུབ་ལུགས་གཉིས་ལས། དང་པོ་ནི་ཀུན་འདུས་རིག་པའི་མདོ་ལས་གསུངས་སོ། །གཉིས་པ་ནི། རྒྱུད་འདས་མདོ། ལུང་གལ་པོ་འདི། མན་ངག་ཡང་དག་གྲུབ་པ་གསུམ་གྱིས་ཚང་བར་དགེ་སློང་སཽ་ཁྱ་དེ་བས་མཁྱེན་ནོ། །དེ་ནས་དེ་བཞིན་གཤེགས་པ་གདུལ་དཀའ་འདུལ་བ་ཆེན་པོས། བསྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་བཞི་དང་ལྡན་པར་བྱ་ཞིང་རྫས་དང་ས་གཞི་བརྟག་པ་འདི་གསུངས་སོ། །བསྒྲུབ་པ་ཐམས་ཅད་ཀྱི་གཞི་ཕུན་སུམ་ཚོགས་པ་བཞིས་བཟུང་བ་སྟེ། ཤེས་རབ་ཕུན་སུམ་ཚོགས་པ་ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་བསླབ་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་ལྡན་པར་བྱ་བ་དང་། གནས་ཕུན་སུམ་ཚོགས་པ་དེ་བཙལ་བ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་བསག་པའོ། །དེ་ཡང་རྫས་མ་བརྟགས་དངོས་གྲུབ་ལ་བར་ཆད་འོང་ལ། གནས་མ་བརྟགས་ན་བཀྲ་མི་ཤིས་པས་ན། རྫས་དང་ས་གཞི་བརྟགས་ཤིང་ཕུན་སུམ་ཚོགས་པ་བཞིས་གཟུང་བར་བྱའོ། ༈ །ཤེས་པ། འཁོར། གནས། ཡོ་བྱད་སྟེ་ཕུན་སུམ་ཚོགས་པ་དེ་རེ་རེ་ལ་ཡང་བཞི་བཞིར་ལྡན་པས་ན་བཅུ་དྲུག་ནས། །རྫས་ལ་བཞི་བཀྲ་ཤིས་གཙང་མིའི་དག་པ་ལྷའི། བསྒྲུབ་པ་མཆོག་གི་བསྒྲལ་བ་ཞིང་གི་རྫས་སོ། །དང་ས་གཞི་ལ་ཡང་བཞི། ནམ་མཁའ། བར་སྣང་། ས་གཞི་བྱིན་གྱིས་བརླབ་པའོ། །བརྟགས་ནས་ནི། །


DNG019_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །བྱིན་གྱིས་བརླབ་པ་ནི་ཡི་གེ་བྷཱུྃ་ལས་འོད་ཟེར་སྤྲོ་བསྡུ་བྱ་སྟེ་བྷཱུྃ། མཚམས་ཀྱི་མཚོན་ཆའི་གཞལ་ཡས་ཁང་གི། ཚེ་བསྒྲུབ་པའི་ཡི་གེ་ཡང་ཡིན་ནོ། །འོད་ཟེར་ཚུལ་དུ་སྤྲོས་ནས་ཀྱང་། ༈ །སངས་རྒྱས་མ་ལུས་པ་ལས་མཆོད་པས་ཁྱབ་སེམས་ཅན་མ་ལུས་པ་ལ་སྙིང་རྗེས་ཁྱབ་བྱས་ཏེ་འཁོར་འདས་ལ་ཁྱབ་པའོ། །མཁའ་འགྲོ་མ་རྣམས་འོད་ཟེར་མཐོང་བས་གཙོ་བོ་འབྱུང་དུ་རེ་ཞིང་བྱང་ཆུབ་སེམས་དཔའ་རྣམས་སྤུན་དང་དམ་པའི་ཚུལ་དུ་སངས་རྒྱས་རྣམས་གདུང་སོབ་པའི་སྲས་འབྱུང་བར་དགོངས། །འོད་ཟེར་དེ་དག་འདུས་ནས་ཀྱང་དེར་ཐིམ་པ་ཙམ་གྱིས། །ས་གཞི་དེ་ཡང་དུར་ཁྲོད་ས་རུ་འབར་བའི་གཞལ་ཡས་ཁང་དུ་བརྟག་པར་བྱ་སྟེ་དུར་ཁྲོད་རྫས་ལ་མ་མོ་མཁའ་འགྲོ་འདུའོ། ༈ །ཤེས་པ་ཕུན་སུམ་ཚོགས་པ་ནི། །རྡོ་རྗེ་བླ་མ་སློབ་དཔོན་ནི། །རྒྱུད་ལུང་མན་ངག་རབ་འབྲིང་མཐའ། ༈ །ར་བ་པཎྜི་ཏ་རྒྱུད་སྡེ་བཅོ་བརྒྱད་ལ་མཁས་པ། མངོན་ཤེས་ལྔ་དང་ལྡན་པ། དབང་དང་མན་ངག་གི་བཀའ་བཅས་པ། བལྟ་བ་གདེང་དང་ལྡན་པ། ཏིང་ངེ་འཛིན་ལས་སུ་རུང་བ། བསྐྱེད་རྫོགས་གསུམ་ལ་མཁས་པ། བསྒྲུབ་པའི་དྲོད་ཚད་ཤེས་པ། ལག་ལེན་མན་ངག་བྱང་བའོ། །འབྲིང་རྒྱུད་སྡེ་བཅོ་བརྒྱད་ལ་མཁས་ཤིང་དབང་དང་མན་ངག་རྫོགས་པ། བསྒྲུབ་པའི་རིམ་པ་ལ་མཁས་པའོ། །ཐ་མ་ཡང་རྒྱུད་གཅིག་དང་དེའི་སྒྲུབ་ཐབས་ལ་མཁས་པའོ། །མི་འཁྲུགས་སྦྱོར་བའི་སྒྱུ་རྩལ་ཤེས་པ་ནི། །ཤེས་རབ་ཡངས་ཤིང་ཟབ་པ་གཙོ་བོའི་ཐུགས་འཛིན་པ་སྡེབ་པ་དང་། འབུད་པ་དང་། རྩུབ་ཅིང་སྦྱོར་བ་ལ་སོགས་ཤེས་པ་སྟེ། རང་ལུས་སྐྱེད་པར་བྱེད་པའི་མ་དང་སྲིང་མོ་ཉིད་ལྟར་གདུང་སེམས་ཤིན་ཏུ་ཆེ་བའོ། །ལས་དང་ཕྱག་རྒྱ་ལེན་པའི་འཁོར་ནི། །ཕྲིན་ལས་ཀྱི་རིམ་པ་ལ་མཁས་པ་དང་མཁྱེན་པ་དང་དགོངས་པ་ཀུན་བླ་མ་དང་མཉམ་པ་སྟེ། འབར་བ་མཚམས་ནས་ལྷག་མ་མཇུག་སྡུད་ཡན་ཆད་ཤེས་པའོ། །བསྒོམ་འཆང་ལས་དང་སྒྲོལ་བ་དང་། །རྡོ་རྗེ་རྒྱལ་པོ་བསྒོམ་ཤེས་པ་དང་། རྡོ་རྗེ་རྒྱལ་ཐེབས་བཤད་ཤེས་པ་དང་། རྡོ་རྗེ་ལས་ཀྱི་ཀརྨས་ཕྲིན་ལས་མ་ནོར་བར་ཤེས་པ་དང་། རྡོ་རྗེ་གིང་སྒྲོལ་བའི་ཆོག་ཤེས་པའོ། །གིང་གཡོག་གཙུག་ལག་བརྡའ་ཤེས་པ། །ལུས་ངག་ཡིད་དང་ཡི་གེའི་བརྡའ། ༈ །ཤེས་པའི་འཁོར་ནི་གཙུག་ལག་རྒྱུད་ལུང་མན་ངག་ལས་བྱུང་བའི་བརྡའ་སྟེ། སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ལུས་ཀྱི་བརྡའ་དང་། ངག་གི་བརྡའ་ཟླ་ཕྲོམ་དང་། ཟླ་རྒྱས་ལ་སོགས་པ་དང་། ཡིད་ཀྱི་བརྡའ་དེ་དག་གི་དོན་གོ་བ་དང་། ཡི་གེའི་བརྡའ་ཡི་གེ་བྲིས་པ་གདོན་པའོ། །འཁོར་རྣམས་ཕུན་སུམ་ཚོགས་གྱུར་པ། །དགྱེས་པ་བསྐྱེད་པ་ཡུམ་གྱི་འཁོར་དང་། ཐུགས་དང་འཐད་པ་གདམས་ངག་


DNG019_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་དང་། མཆོད་པ་གནས་སུ་སྟོབས་པ་ཕྱག་ཚང་བའི་དང་། རྡུལ་འཕྱག་སྐྱེས་བུ་ཕྱི་ནང་བཀའ་ལས་ཀྱི་འཁོར་དང་རྣམས་སོ། །ཡུམ་གྱི་འཁོར་ནི་དགྱེས་པ་བསྐྱེད་པའི་གཟུངས་མ་དང་། །བཀའ་དང་མཐུན་པ་གཡོ་སྒྱུ་མེད་པར་སྦྱོར་བ་མཛད་པ་སྟེ་གསང་དབང་འབྱུང་བའི་འཁོར་ཡིན་པས་རབ་ཏུ་གཅེས་སོ། །མཆོད་སྟོབས་པའི་འཁོར་ནི་ཕྱག་ཚང་བ་སྟེ། བག་ཡོད་པ། རྡོ་རྗེའི་བྱན་པོ་དང་། གཡོས་མ་དང་། ཆང་མ་སྟེ། ཁ་ཚར་མེད་པའི་བྱན་པོ། གསོག་འཇོག་མེད་པའི་བྱན་མོ། གཡོ་སྒྱུ་མེད་པའི་ཕྱག་ཚང་པ་རྣམས་སོ། །ཕྱག་ཚང་བྱན་གཡོས་མ། །ཐུགས་དང་འཐད་པའི་སེམས་ཟིན་ཅན། །འཁོར་ནི་བླ་མའི་ཐུགས་ཟིན་པས་ཐུགས་ཀྱིས་བཅུད་མན་ངག་འབྱུང་སྟེ་སློབ་མ་དམ་ཚིག་དང་ལྡན་ཞིང་ཐུགས་དང་འཐད་པའོ། །རྡུལ་འཕྱག་སྐྱེས་བུར་ལྡན་པར་བྱ་བའི་འཁོར་ནི་ན་བརྡུལ་འཕྱག་སྐྱེས་བུ་དང་། བར་མ་མཚམས་མཁན། ནང་གི་བཀའ་ལ་སྡོད་པ་དང་། ཕྱིའི་མཚམས་མཁན་ཆུ་ལེན་དང་། ཕྱིར་སྡོད་པ་རྣམས་ཏེ། མཚམས་གསུམ་དུ་གནས་པའི་འཁོར་རོ། ༈ །གནས་མཆོག་ཕུན་སུམ་ཚོགས་པ་བཙལ། །ཏིང་འཛིན་ཡེ་ཤེས་མཆོག་གི་གནས་ནི། །རང་ཉིད་སེམས་ལས་སུ་རུང་ཞིང་ཏིང་འཛིན་བསྒོམ་པ་སྟེ་རང་ཉམས་དགའ་བའི་གནས་ཡིན། དེ་ཡང་ཤིང་མང་ན་ཤིང་ཕུག །ཆུ་མང་ན་ཆུ་ཕུག །ས་ཕུག་བྲག་ཕུག་གམ། རང་ཁྱིམ་དབེན་པའམ། དགོན་པ་ཉམས་དགའ་བར་སེམས་འཆག་ས་བཀྲ་ཤིས་དག་པ་ཆེན་པོའི་གནས་ནི། །སྔོན་འཕགས་པའི་ཞབས་ཀྱིས་བཅགས་པ། ཕྱི་རྡོ་རྗེ་གདན་ལྟ་བུའམ། ནང་ཨ་སུ་རའི་བྲག་ཕུག་ལྟ་བུའམ། གསང་བ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེའམ། སྔར་གྲུབ་པ་ཐོབ་པའི་གནས་སམ། ཆུ་བོ་ནཻར་ཉྫནའི་དྲུང་དུ་དཀའ་ཐུབ་མཛད་པའམ། གྱད་ཀྱི་ཡུལ་ཕྱག་ན་རྡོ་རྗེར་དབང་བསྐུར་བའམ། རི་མ་ལ་ཡར་སྒྲུབ་པ་ལྟ་བུའོ། །ཡིད་འོང་ཉམས་ནི་རྣམ་པར་དགའ། །དེ་ནི་གནས་ཀྱི་མཆོག་ཡིན་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པ། །དགོས་པར་བྱ་བ་གནས་ཀྱི་གཞི། ༈ །རང་ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་ནི། གནས་ཀྱི་མཆོག་ཡིན་ཏེ། དེའི་ཡོན་ཏན་ནི། མེ་ཏོག་འབྲས་བུ་ལྡན་པའི་རི། །དགའ་ཞིང་ཡིད་འོང་དབེན་པའི་གནས། །ནངས་པར་ཤར་གྱི་མདངས་སྔ་ལ། །དགོངས་མོ་ནུབ་ཀྱི་ཟེར་སྡུད་ཅིང་། །རྩེ་མོ་རི་རྒྱལ་གནམ་ལ་བསྙེགས། །རྩ་བར་བེའུ་ལུག་མཐའ་ལ་སྐྱོང་། །ཤ་དང་རྐྱང་ནི་བྲོ་བརྡུང་ལ། །རྩི་ཤིང་ནགས་ཚལ་གཡུར་ཟ་བ། །ངང་པ་བཞད་ཀྱི་སྒྲ་ཡང་སྒྲོགས། །མེ་ཏོག་སྣ་ཚོགས་གླིང་དུ་ཆགས། །ནུབ་ཕྱོགས་མཐོ་ལ་བྱང་ཕྱོགས་སྐྱོབས། །ཤར་གདལ་ལྷོ་ནི་གཞོལ་པ་དང་། །ཆུ་བོ་གཡས་ནས་འཁོར་ཞིང་འབབ། །ཡིད་འོང་ཉམས་དགའི་


DNG019_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིན་ནོ། །ཞེས་སོ། །བསྒྲུབ་པ་དུས་ཀྱི་གནས་སུ་བྱ་ནི། ༈ །དུས་གང་དུ་གདབ་པ་སྟེ་ཡིན་ཏེ། ཚེས་བརྒྱད་ལ་ཟུག་ནས་ཉའམ་སྟོད་ལ་འདོན་པ་ལྟ་བུའོ ཡོ་བྱད་ཕུན་སུམ་ཚོགས་པ་ནི། །འཚོ་བ་ཟས་ཀྱི་ཡོ་བྱད་ཀྱིས། །བཀྲེས་དང་སྐོམ་པའི་དབུལ་བ་སེལ་ནི། ༈ །བསྒྲུབ་པའི་ལུས་ཀྱི་ཟས་འདབ་ཐང་དུ་བསགས་ཏེ། ནས། འབྲས། གྲོ། སྲན་མ། ཇུ་ཙེ། ཁྲེ། ཏིལ་ལ་སོགས་འབྲུའི་རིགས་རྣམས་ལས་བྱས་པའི་ཟས་སྣ་ཚོགས་ཁ་དོག་མ་བསྒྱུར་བ་དང་། ཁ་དོག་སྒྱུར་ཐབས་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ནས་བཤད་དོ། །བཏུང་བ་ཆང་དང་རྒྱུན་ཆད་ལ་སོགས་ཏེ། མདོར་ན་ཡུལ་གང་ཡིན་གྱི་ཟས་སྐོམ་བསག་གོ། །རྐྱེན་བཟློག་སྨན་གྱི་ཡོ་བྱད་ཀྱིས། །ནད་ཁམས་དགྲ་བགེགས་བར་ཆོད་སེལ། །ནད་རྐྱེན་བྱུང་ན་བཟློག་པའི་ཕྱིར། །སྨན་དང་སྨན་པ་སྟ་གོན་བྱ། །དགྲའི་རྐྱེན་བཟློག་པའི་མདའ་གཞུ་མཚོན་ཆ་བསག་གོ། །བགེགས་བཟློག་པའི་གུ་གུལ་ཉུང་དཀར་ཐོད་པ་དང་ཕུར་པ་རྣམས་བསག་གོ། །བསྒྲུབ་པ་རྫས་ཀྱི་ཡོ་བྱད་ཀྱིས། །རྨད་བྱུང་གསང་བའི་རྫས་རྣམས་ཚང་ནི། །བྷན་དྷ་ཚལ་བུ་ལ་ཡིག་འབྲུ་བྲིས་པ་དང་། མཚན་ལྡན་ལ་ཐོད་སྐུ་བྲིས་པ་དང་། སྒོ་བཞིར་མཆོག་ཕུར་དང་། མཚམས་བཞིར་ལྕགས་ཕུར་དང་། ཞིང་ལྤགས་ཀྱི་བླ་རེ། དཀྱིལ་འཁོར་གྱི་ཡོལ་བ་དང་། མདའ་དང་ཚོན་སྐུད་དང་། རྨད་དུ་བྱུང་བའི་རྫས་ཤ་ཆེན་ལ་སོགས་པའོ། །མཆོད་པ་རྫས་ཀྱི་ཡོ་བྱད་ཀྱིས། ༈ །ལྷ་རྣམས་ཐུགས་དམ་བསྐང་བར་འགྱུར། ༈ །ཕྱི་རག་དུང་ལ་སོགས་རིན་ཆེན་ལས་བྱས་པ། ནང་དུང་དཀར་དང་། གསང་བའི་རྐང་དུང་དང་། ཕྱི་ཆ་ལང་། ནང་ཏིང་ཏིང་ཤག །གསང་བ་ཐོད་པའི་ཌཱ་མ་རུ། ཕྱི་དར་གྱི་ཕྱེ་མ་ཕུར་མ། ནང་དར་གྱི་བ་དན། གསང་བ་མཆོག་ཕུར་ལ་ཞིང་རས་བཏགས་པ་སྟེ། བགེགས་བསྐྲད་པ་དང་། ཁྱད་པར་དུ་གཏོར་མ་རཀྟ་བདུད་རྩི་གསུམ་མེད་དུ་མི་རུང་ངོ་། །བཀྲ་ཤིས་གཙང་མའི་རྫས་མཆོག་ནི། །རིགས་ནི་བཟང་པོ་རབ་ཏུ་བཙལ། །རྫས་བརྟག་པ་བཞི་ལས་བཀྲ་ཤིས་གཙང་མའི་རྫས་ནི། རྒྱལ་རིགས་སམ། རྗེ་རིགས་སམ། བྲམ་ཟེའི་རིགས་སམ། བཀྲ་ཤིས་པ། བྱད་བཟང་བ། མིག་དཀྱུས་རིང་བ། མིག་དཀར་ནག་ཕྱེད་པ། སྐྲ་ནག་པ། སོ་དུང་སོ་འཁོར་བ་ཡོད་པ། དེ་ལྟ་བུའི་བམ་གཙང་མ་ལ་བསྒྲུབ་པར་བྱ་བ་ཡིན་ན་དག་པ་ལྷ་ཡི་རྫས་བཙལ་བ། །སྐྱེ་བདུན་བྱ་རྐང་གྲིབ་མ་བདུན་ནི། ༈ །མི་ལུས་བཟང་བ། ཚིག་གསལ་བ། སྐྲ་ཁམ་པ། མིག་ཤེལ་མིག་ཡོད་པ། ཡས་རྐན་ལ་སོ་ལྷག་ཡོད་པ། སྨིན་མཚམས་ནས་རྩེར་སྨེ་བ་བདུན་ཡོད་པ། སྐྱེ་བ་བདུན་དུ་མི་ལུས་བླངས་པའི་


DNG019_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། གྲིབ་མ་བདུན་འཆར་བའོ། །དེ་ཡང་གནམ་སྟོང་གི་ནུབ་མོ་ཞུན་ཆེན་གྱི་མར་མེ་བཏང་ནས་དེའི་འོད་ལ་མི་དེ་བཞག་དེ། བྱ་རྒོད་ཀྱི་རྐང་གི་ནང་ནས་བལྟས་ན་གྲིབ་མ་བདུན་འཆར་བའོ། །བསྒྲུབ་པ་མཆོག་གི་རྫས་བཙལ་བ། །སྐྱེས་པ་གཞོན་ནུ་གློ་བུར་དུ་ཤི་བའི་རོ་སྟེ། ཤི་བས་ཐག་པས་དཔྱངས་ཏེ་རང་ལྕེབས་ནས་ཤི་བའི་རོ་དང་སྐྱེས་པ་གཞོན་ནུ་གཡུལ་དུ་བསད་པའི་རོའམ་དང་མཚོན་གྱིས་བསྣུན་ནས་གློ་བུར་དུ་ཤི་བའི་རོ། །གདུལ་བྱའི་ཞིང་གི་རྫས་ནི། དཀོན་མཆོག་གི་སྤྱི་དགྲ་དང་། བླ་མའི་སྐུ་དགྲ་དང་། མཆེད་ལྕམ་གྱི་དགོས་དགྲ་དང་། དམ་ཚིག་བླངས་རྒྱད་མི་བསྲུང་བས་དམ་མེད་པ་དང་དམ་ཚིག་བླངས་ནས་དམ་ལས་ལོག་པ་དང་། ཚོགས་འཁོར་འདུས་པར་འོངས་ནས་གཤེ་བ་དང་། སེམས་ཅན་ཡོངས་ལ་གནོད་པ་དང་། ངན་སོང་གསུམ་དང་། ཡེ་ནས་ངང་ཚུལ་ངན་པས་ཆོས་བྱེད་ལ་སྡང་བ་རྣམས་ནི་བསྒྲལ་བའི་ཞིང་དུ་གྱུར་པ་ནི། །བཅུ་ནི་རྣམ་པ་ཡུལ་དུ་བྱ། །ནམ་མཁའ་གསུམ་གཞོང་རལ་གྲི་རྒྱུད། །སྤང་བྱ་ནི་ནམ་མཁའ་གྲུ་གསུམ་འདྲ་བ་ནི། དྲག་པོའི་གནས་ཡིན་པས་སྤང་ངོ་། །གཞོང་རོ་འདྲ་བ། གཞུ་རྒྱུད་འདྲ་བ། ཆུ་ལ་རལ་གྲི་བཏབ་པ་འདྲ་བ། དེ་རྣམས་ནི་བཀྲ་མི་ཤིས་པའི་ནམ་མཁའ་ཡིན་པས་སྤང་བར་བྱའོ། །མཁས་པས་སྤང་བར་བྱ་བའོ། །ནམ་མཁའ་བླང་བར་བྱ་བ་ནི་གྲུ་བཞི་དང་ཟླུམ་པོ་དང་ཟླ་གམ་དང་། །འཁོར་ལོ་རྩིབས་བརྒྱད་འདྲ་བ་ཤིས་པ་སྟེ། ༈ །གྲུ་བཞི་རྒྱས་པ་དང་། ཟླུམ་པོ་ཞི་བ་དང་། ཟླ་ཁམ་གྱིས་དབང་དང་། རྩིབས་བརྒྱད་ཀྱིས་རྨད་བྱུང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པས་བཟང་པོ། བར་སྣང་བྲག་རལ་དམར་ནག་པོ། ༈ །བྲག་ནག་པོ་ངོ་བརྒྱ་ཆགས་པ་ལྟ་བུ། རལ་གྲིས་གཤེགས་པ་འདྲ་བ། དམར་ཧོ་དང་། ནག་པོར་སོང་བ། སྲིན་མོའི་སོ་བཙུགས་པ་འདྲ་བ་དབྱིབས་མ་ལེགས་པ་དང་མདངས་མ་ལེགས་པ། སྤང་ཞིང་འོ་ག་ཆུ་ལྟར་དྭངས་པ་ནི་བར་སྣང་འོག་ཆུ་ལྟར་དང་བར་བྱ་བའོ། ༈ །ས་གཞི་གཅན་གཟན་གྱིས་སྡེར་མོས་ཟད་པ་འདྲ་བ་ཡུགས་ས་མོ་ངུས་པ་འདྲ་བ། སྲིན་པོའི་མདུང་ཤུལ་འདྲ་བ་ཆུ་གསུམ་དང་། །ལུང་གསུམ་གྱི་མདོ། །ས་ཉིལ་པོ་འདྲ་བ་སོག་ལེ་འདྲ་བ་རུས་སྦལ་ཀྱི་རྒྱབ་འདྲ་བ་དང་། །མཐོ་དམན་ཅན་དང་ས་གྱོང་བ་དང་གས་པ་དང་གྲུམས་པ་དང་རྩུབ་པ་དང་བྱེའུ་རི་མེད་པའོ། །རི་གཅིག་གི་ཕག་ནས་གཅིག་གི་མགོ་དུ་མ་ཙམ་མཐོང་བ་ཕྱོགས་མཚམས་ལེགས་པར་རབ་བརྟགས་ཤིང་། ༈ །ལུང་པའི་ཕུ་བྱང་ནུབ་ཏུ་ཟུག་པ་མདའ་ལྷོ་ཤར་དུ་ལྟ་བ། བྱང་རི་བོ་སྐྱོབས་པ་ནུབ་རི་ལ་ཆུ་འབབ་པ། ལྷོ་རི་ལྷུན་ཆགས་པ། གཞོལ་བ། ཤར་ཐག་རིང་ལ་དམའ་བ། ཤིང་ལོ་འདབ་རྒྱས་པ། འབྲས་བུ་ཅན་ཡོད་པའོ། །ཡེ་ནས་སྐྱེས་པའི་ཤིང་ནགས་


DNG019_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ཁམ་བུ་ལ་སོགས་བཟའ་ཤིང་གི་སྐྱེད་མོས་ཚལ་དུ་ནི། །དགོན་པ་གཞུ་འདོམ་ལྔ་བཅུ་ལ་དཔག་ཚད་དེ་བཅུ་ལ་རྒྱང་གྲགས། དེ་བཅུ་དགོན་པ་སྟེ་ཡུལ་ནས་ཐག་བསྲིང་བའོ། །རབ་དགའ་ཀུན་དགའ་རར། །དེར་འཁོར་ཀུན་དགའ་ཞིང་འཚོགས་པས་ཀུན་དགའ་ར་བའོ། །ཡུལ་དང་ལྗོངས་སུ་བརྟག་པར་བྱ། ༈ །སྣང་དང་མི་སྣང་བླང་བར་བྱ། །སྣང་བ་རྒྱལ་པོའམ་ཡུལ་བདག་ལ་སྟོན་མོ་དྲངས་ལ་བསླང་། མི་སྣང་བ་སའི་ལྷ་མོ་འཁོར་བཅས་ལ་མཆོད་གཏོར་ཕུལ་ལ་བསྲང་། མ་བསླངས་ན་སའི་བདག་པོ་ཁྲོས་ནས་བར་ཆད་འབྱུང་ངོ་། །ཡུལ་ནི་རྒྱ་གར་གྱི་ཡུལ་ལྟ་བུ་ཡུལ་ཀུན་ཡིན་ལ། ལྗོངས་ནི་དེའི་ལུང་པ་གཅིག་ཡིན་ཏེ། ལུང་པ་དེར་གནས་བརྟག་པར་བྱའོ། །དེས་ནི་ས་གཞི་བརྟག་པར་བྱའོ། །ཟངས་སམ་སེང་ལྡེང་གི་ཕུར་བུས་གཅིག་ལ་ཧྲཱྀཿལས་རྟ་མགྲིན་དང་ཡུམ་པྲ་མོ་ཧར་བསྒོམས་ནས་བཏབ་ལ་ས་ཕྱོགས་དེ་རང་གི་དབང་དུ་འདུས་པར་བྱ་འོ། །སྦྱང་བ་གཉིས་ལས་ལས་ཀྱིས་སྦྱང་བ་ནི་སའི་རོ་བྱུང་ན་ཞི་བའི་སྦྱིན་བསྲེག་བྱའོ། །དང་བྱ་བས་སྦྱང་བར་བྱ་བ་ནི། །ས་བརྐོས་པས་སའི་རོ་གསེག་མ། རྡོའི་རོ་གྲམ་པ། ཡང་ན་སའི་རོ་གྱོ་མོ། རྡོའི་རོ་གྲམ་པ་དང་གསེག་མ་འབྲུའི་རོ་སྤུན་པ། ཤིང་གི་རོ་མགལ་དུམ་ཆུའི་རོ་བ་ཚ་ཤི་བའི་རོ་རུས་ལ་སོགས་མེད་པར་བསལ་ལོ། ༈ །བྱིན་རླབས་ནི་བདག་ལྷར་བསྒོམ་པའི་ཐུགས་ཀའི་ནས་ཡི་གེ་ནི། །བྷཱུྃ་སྨུག་ནག་གཅིག་བསམས་ཏེ། དེ་འཁོར་ལོས་སྒྱུར་བའི་སྙིང་པོ་ཡང་ཡིན། གཙུག་ཏོར་གཞལ་ཡས་ཁང་བསྐྱེད་པའི་སྙིང་པོར་ཡང་འགྱུར་བ་སྟོང་པ་ཉིད་ཀྱི་སྙིང་པོ་ཡང་ཡིན་མཚོན་ཆའི་སྙིང་པོར་ཡང་འགྱུར་ཚེ་འི་སྙིང་པོར་ཡང་འགྱུར་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་བ་ཡིས་བདག་སངས་རྒྱས་ནས་ལས་མ་ལུས་པ་བྱེད་ཅིང་སངས་རྒྱས་བཞུགས་པའི་གནས་སུ་གྱུར་ཅིག་པར་སྨོན་ལམ་བཏབ་པས་ཅིར་ཡང་འགྱུར་བའི་ཡི་གེ་བྷཱུྃ་ཡིན་ནོ། །འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་བྷཱུྃ་གྱིས་བསྐུལ་འགྲོ་བའི་སྒྲིབ་པ་སྦྱངས་ཚུར་འདུས་ཡང་འཕྲོས་ཀུན་ལ་ཁྱབ་ནས། །མ་མོ་མཁའ་འགྲོ་རྣམས་གཙོར་འབྱུང་དུ་རེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་སྤུན་དྲང་ངམ་སངས་རྒྱས་རྣམས་ཀྱིས་ནི་ཐུགས་ཀྱི་སྲས་སུ་དགོངས། །འདུས་པར་གྱུར་ནས་དགེ་གནས་ནི། །སླར་འོད་འདུས་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་བརྗོད་པས་བྷྲཱུཾ་ལས་རཏྣའི་གཞལ་ཡས་དབུས་ཟླ་ཁམ་དམར་པོ་དབྱིངས་དཀྱིལ་འཁོར་དུ་བསྒོམ། གཞལ་ཡས་ཁང་དེའི་ཕྱི་རིམ་ཡང་ཁྲག་གི་རྒྱ་མཚོ་ཀེང་རུས་རི་རབ་ཤ་ཆེན་ས་གཞི་སྟེ་དུག་གསུམ་གྱི་དཀྱིལ་འཁོར་དུ་བསམ་མོ། །དུར་ཁྲོད་བརྒྱད་དུ་གནས་པ་ཡི་ནི། །ཤར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཤར་ལྷོ་ལྷུན་གྲུབ་


DNG019_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས། ལྷོ་སྐུ་ལ་རྫོགས། ལྷོ་ནུབ་གསང་ཆེན་རོལ་པ། ནུབ་ཁུ་བྱུག་ཀློང་དགུ། ནུབ་བྱང་ཧེ་ཆེན་རོལ་པ། བྱང་པདྨ་བརྩེགས་པ། བྱང་ཤར་འཇིག་རྟེན་མངོན་རྫོགས་རྣམས་སུ་བསམ་ཞིང་བྱིན་གྱིས་བརླབ་བོ། །ས་གཞིར་བརྟགས་ལ་བྱིན་གྱིས་བརླབ། ༈ །རི་གླང་པོ་ཆེ་ཉལ་བ་འདྲ་བ་ན་མཁལ་ཁུང་དུ་དགོན་པ་གདབ་པར་བྱའོ། །དེ་ནི་ཞི་བའི་གནས་སོ། །གླང་པོ་ཆེ་ཡི་མཁལ་ཁུང་དང་། །རི་ཡིད་བཞིན་ནོར་བུ་སྤུངས་པ་འདྲ་ན་དེའི་དཀྱིལ་དུ་སྒྲུབ་ཁང་བརྩིགས་ཏེ་རྒྱས་པའི་གནས་སོ། །ཡིད་བཞིན་ནོར་བུའི་དབུས་ཉིད་དུ། །རི་བཙུན་མོ་གོ་ཟུ་གོན་པ་འདྲ་ན་ཐུ་བའི་གཤམ་དུ་གདབ་དེ་ནི་དབང་གི་གནས་སོ། །བཙུན་མོའི་ན་བཟའི་ཐུ་བ་དང་། །སེང་གེ་མཆོངས་པའི་ནམ་ཚོང་ལ། །རི་སེང་གེ་གནམ་དུ་མཆོངས་པ་འདྲ་ན་ནམ་ཚོད་ལ་སྒྲུབ་ཁང་གདབ་དེ་ནི་དྲག་པོའི་གནས་སོ། །ལས་བཞི་དང་སྦྱར་ནས་གསུངས་སོ། །ལས་བཞི་བསྒྲུབ་པའི་གནས་ཀྱིས་མཇུག་བསྡུ་བར་གསུངས་སོ། །འདི་ནས་ཁ་གཅིག་ལ་མ་ཚང་བའམ། རེ་རེ་ལ་ཡང་ཡོད་པ་འོང་ངོ་། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། ཕུན་སུམ་ཚོགས་པ་བཞི་དང་ལྡན་པས་རྫས་དང་ས་གཞི་བརྟག་པའི་བརྟག་པ་སྟེ་ལྔ་པའོ།། །།དེ་ནས་གསང་བའི་རྡོ་རྗེ་འཆང་ཆེན་པོས་བསྒྲུབ་པའི་སྔོན་དུ་བྱ་བའི་ཕྲིན་ལས་འདི་དག་གསུངས་སོ། །འབྱུང་པོའི་གཏོར་མ་གཏང་ནས་ཀྱང་། ༈ །དཀོན་མཆོག་དང་མགོན་པོ་ཡོན་ཏན་དང་བགེགས་རིགས་དང་། རྒྱལ་ཆེན། ཕྱོགས་སྐྱོང་ལ་གསང་བའི་དོན་གྱི་ལས་རྣམས་བྱ། །ཕུར་པ་གདབ་པ། དམ་སྲི་གནན་པ་སྒོ་བྱང་གདགས། ནང་མཚམས་དང་ནང་བཤགས་ལ་སོགས་པའོ། །ཐུབ་པའི་བཀའ་རྣམས་སྒྲོགས་པར་བྱ། ༈ །ཤར་དུ་གཟུངས་གྲྭ་ལྔ། ལྷོར་ཏོག །ནུབ་སྣང་བརྒྱད། བྱང་གཙུག་ཏོར་བདེ་གཤེགས་སྐུ་གདུང་ཚ་ཚ་ལོའམ་ཕྱེད་ཀྱི་གྲངས་ལ་སོགས་པ་གདབ་པ་དང་། །སྲོག་ཆགས་ཚེ་ཡང་བསྐྱབ་པར་བྱ། །ལམ་འཕྲང་སོགས་བཅོས་སྦྱིན་པ་བཏང་། ༈ །སྲོག་ཆགས་ཚེ་མཐུད་ཀྱི་སྦྱིན་པ་ཉེའུ་གདོན། གདོན་ཚེ་མཐུད་ཀྱི་སྦྱིན་པ་འབྱུང་པོའི་གཏོར་མ། དམ་ཚིག་ཚེ་མཐུད་ཀྱི་སྦྱིན་པ་ཉམས་ཆག་བསྐང་། སྙིང་རྗེ་ཚེ་མཐུད་ཀྱི་སྦྱིན་པ་ལོང་སྦྲང་ལ་སྦྱིན་པ་གཏང་། སངས་རྒྱས་སྐུ་གསུམ་རྣམ་པར་དག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དཀོན་མཆོག་སྲི་ཞུའི་མགྲོན། དོན་དམ་བསྒྲུབ་དང་བསྟན་པའི་ཆོས་ནི་དོན་དམ་པ་ཞི་


DNG019_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བ་མྱ་ངན་ལས་འདས་པའི་ཆོས་དང་བསྒྲུབ་པའི་ཆོས་འཕགས་པའི་ཡན་ལག་བརྒྱད་དང་། བསྟན་པའི་ཆོས་མདོ་སྡེ་བཅུ་གཉིས་སོ། །དགེ་འདུན་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས། །མཆོད་པས་མཉེས་པར་བྱ་བ་དང་། །རྣམ་ལྔ་ལ་སོགས་འབུལ། ལུས་ངག་སྒྲིབ་པ་བཤགས། རིགས་ཀྱི་གཙོ་བོ་རིགས་ཀྱི་བདག་པོ་ཡང་ཟེར། གསུམ་ནི་སྐུ་སྣང་མཛད་གསུང་སྣང་མཐའ་ཐུགས་རྡོ་རྗེ་སེམས་དཔའི་སྐུའི་ཡུམ། །ས་སངས་རྒྱས་སྤྱན་གསུང་གི་ཡུམ་གོས་དཀར་ཐུགས་ཀྱི་མཱ་མ་ཀཱི་རིགས་ཀྱི་ཡུམ་གསུམ། །རིགས་ཀྱི་སེམས་དཔའ་སྐུའི་འཇམ་དཔལ་གསུང་སྤྱན་རས་ཐུགས་ཕྱག་རྡོར་དང་། །རིགས་ཀྱི་ཁྲོ་བོ་སྐུ་གཤིན་རྗེ་གསུང་རྟ་མགྲིན་ཐུགས་བདུད་རྩི་འཁྱིལ། །རིགས་ཀྱི་ཕོ་ཉ་གསུམ་སྐུའི་རྡོ་རྗེ་རྩེ་མོ་གསུང་རྡོ་རྗེ་རྣོན་པོ་ཐུགས་རྡོ་རྗེ་ཀཱི་ལ་ཡ། །ཀྲི་ཡའི་ལྷ་ལྔ་གསུམ་བཅོ་ལྔ་འཕགས་པ་དཀོན་མཆོག་སྲི་ཞུའི་མགྲོན་ནོ། །མཆོད་པས་མཉེས་པར་བྱ་བ་ཡིན། ༈ །གནོད་སྦྱིན་བརྒྱད་ནི། ཤར་ན་གནོད་འཛིན་ཆུ་དབང་དམར་སྐྱ་ཕྱག་ན་བུམ་པ་ཐོགས་པ། ལྷོ་ན་ནོར་བུ་བཟང་པོ་ལྗང་གུ་རཏྣའི་བུམ་གསུམ་མགུལ་བ་ནས་བཟུང་བ་དང་། །ནུབ་ན་གང་བ་ནོར་བཟང་སེར་པོ་གཡས་བུམ་པ་གཡོན་ནེའུ་ལེ། བྱང་དུ་གནོད་སྦྱིན་གནོད་སྦྱིན་ཆེ། །ན་བོ་ལྗང་གུ་རལ་གྲི་ནེའུ་ལེ། བྱང་ཤར་རྒྱལ་བ་འཁྱིལ་པ་དཀར་པོ་གཡས་ཕུབ་དང་རལ་གྲི་གཡོན་ནེའུ་ལེ། ཤར་ལྷོར་རོལ་པའི་ཕྲེང་བ། །མཐིང་ག་གཡས་མདུང་གཡོན་ནེའུ་ལེ། ལྷོ་ནུབ་ཏུ་སྒོ་འི་དབང་པོ་སེར་པོ་གཡས་མཆོད་རྟེན་གཡོན་ནེའུ་ལེ། ནུབ་བྱང་དུ་སྤྱོད་པའི་དབང་པོ་སེར་པོ་གཡས་ནོར་བུ་གཡོན་ནེའུ་ལེ་གནོད་སྦྱིན་བརྒྱད། །ལྷ་ཆེན་བརྒྱད་ནི་དབང་ཕྱུག་ཆེ་དང་དབང་ཕྱུག་ཆེན་པོ་དཀར་པོ་ཕྱག་ན་དབུ་རྒྱན་ནོ། །བིཥྞུ་དང་། །བེཥྞུ་ནི་ལྷ་ཆེན་ཁྱབ་འཇུག་སྟེ་མཐིང་ག་འཁོར་ལོའོ། །བྷྲྀཾ་གི་རི་ཏི་སྐུ་མདོག་ལྗང་སེར་པི་ཝང་བསྣམས་པ་དགའ་བྱེད་དབང་དམར་པོ་མདའ་གཞུ། །གཞོན་ནུ་སྨིན་དྲུག་དཀར་པོ་བུམ་པ་ཚོགས་ཀྱི་བདག་དཀར་པོ་ལ་ཕུག། །སྟོབས་བཟང་སེར་ནག་གཤོལ་ལྷ་ཆེན་ལེགས་ལྡན་ནག་པོ་སྨུག་ནག་སེར་ཆེན་པོ་བརྒྱད། །ཀླུ་ཆེན་བརྒྱད་ནི་མཐའ་ཡས་སེར་པོ་རིན་ཆེན་དང་ནི་འཇོག་པོ་དམར་པོ་ཨུཏྤལ་དང་། །སྟོབས་ཀྱི་རྒྱུ་སྔོན་པོ་སྤྲིན་དང་རིགས་ལྡན་དཀར་པོ་རིན་ཆེན་སྡོང་པོ་དང་། །ནོར་རྒྱས་བུ་སེར་པོ་རིན་པོ་ཆེ་ཕྲེང་བ་དང་དུང་སྐྱོང་ལྗང་གུ་དུང་དང་། །པདྨ་དཀར་པོ་པདྨ་


DNG019_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ཆུ་ལྷ་དཀར་སེར་ཞགས་པ་བསྣམས་པའོ། །ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་ནི་པ་ཝ་སངས་དཀར་པོ་པདྨ་བསྣམས་དང་མིག་དམར་དམར་པོ་མེ་སྒྲོན་དང་། །ཕུར་བུ་སྔོན་པོ་ཨུཏྤལ་དང་ནི་སྒྲ་གཅན་འཛིན་དུད་ཀ་བདུད་རྩི་བུམ་པ་བསྣམས། །ཟླ་བ་དཀར་པོ་ཀུ་མུ་ཏ་དང་ནི་ཉི་མ་དམར་པོ་པདྨ་དང་། །གཟའ་ལྷག་ལྗང་སེར་མཆོད་སྦྱིན་གྱི་སྤེན་པ་ནག་པོ་བེ་ཅོན་འཛིན་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་ལ། ཤར་གྱི་བདུན་དཀར་བའོ། །ཞི་བའི་ལས་མཛད་པ་སྨིན་དྲུག་དཀར་པོ་པདྨ་ཐོགས་དང་ནི་སྣར་མ་དང་། །ཕྱག་མཚན་ཆད་འདུག །མགོ་པདྨ་འཛིན་དང་ལག་ལག་པ་འཛིན་དང་ནབས་སོ་པདྨ་དང་། །རྒྱལ་ནོར་བུ་དང་སྐག་ནི་སྦྲུལ་ཤར་ན་གནས། །ལྷོའི་བདུན་སེར་པོ་རྒྱས་པ་མཆུ་པདྨ་དང་གྲེ་པདྨ་དང་སྦོ་པདྨ་དང་ནི། །མེ་བཞི་པདྨ་ནག་པ་གཉིས་སམ་ས་རི་རྡོ་རྗེ་ཐོགས་པ་དང་། །ས་ག་བགྲང་ཕྲེང་བདུན་ནི་ལྷོ་ན་གནས། །ནུབ་ཀྱི་བདུན་དམར་པོ་དབང་གི་ལས་མཛད་ལྷ་མཚམས་གཟི་བརྗིད་ཆེན་པོ་བུམ་པ་དང་། །དེ་བཞིན་སྣྲོན་རྡོ་རྗེ་དང་སྣྲུབས་དབྱུག་པ་དང་ནི། །ཆུ་སྟོད་བེ་ཅོན་དང་ནི་ཆུ་སྨད་པདྨ་དང་། །གྲོ་བཞིན་བུམ་པ་བྱི་བཞིན་འཁོར་ལོ་ནུབ་ན་གནས། །དྲག་པོ་བྱང་གི་བདུན་ལྗང་གུ་མོན་གྲུ་དུང་དམར་པོ་དང་ནི་མོན་གྲེ་བུམ་པ་དང་། །དེ་བཞིན་ཁྲུམས་སྟོད་རལ་གྲི་ཁྲུམས་སྨད་པདྨ་དང་། །ནམ་གྲུ་པདྨ་དང་ནི་ཐ་སྐར་མེ་ཏོག་ཨ་ཤོ་ཀ་དང་། །བྲ་ཉེ་བེ་ཅོན་བདུན་ནི་བྱང་ན་གནས། །གནོད་སྦྱིན་ཧ་རི་ཀ་སེར་པོ་རིན་པོ་ཆེ་དང་བུམ་པ་འཛིན་དང་པཉྩི་ཀ་སེར་པོ་རིན་པོ་ཆེའི་སྙེ་མ་དང་བུམ་པ་འཛིན། །མཆོད་སྦྱིན་བཟང་པོ་དབུལ་བར་བྱའོ། ༈ །གནོད་སྦྱིན་བརྒྱད་ཀྱི་སྔགས། ཨོཾ་ཡཀྵེ་ཤྭ་རཱ་ཡ་སྭཱ་ཧཱ། ལྷ་ཆེན་བརྒྱད་ཀྱི་སྔགས། ཨོཾ་དེ་བ་སྭཾ་སྭཾ་སྭཱ་ཧཱ། ཀླུ་ཆེན་བརྒྱད་ཀྱི་སྔགས། ཨོཾ་རེ་རེ་ན་ཏི་ན་ནཱ་ག་ལི་རི་ལི་རི་ཕུ་ཏ་ཏ་རི་ཙི་ཧེ་སྭཱ་ཧཱ། གཟའ་ཆེན་བརྒྱད་ཀྱི་སྔགས། ཨཱོཾ་གྲ་ཧེ་ཤྭ་རི་དྱ་པྲ་བ་ད་ཛོ་ཏི་ར་མ་ཡཱ་སྭཱ་ཧཱ། རྒྱུ་སྐར་ཉེར་བརྒྱད་ཀྱི་སྔགས། ཨོཾ་ནཀྵ་ཏྲ་ད་ནིར་ན་ད་ནི་ཡེ་སྭཱ་ཧཱ། གནོད་སྦྱིན་རྣམས་ཀྱི་ཕྱག་རྒྱ་ནི། ལག་པ་གཡོན་པའི་ཐལ་མོ་ལྟེ་བའི་ཕྱོགས་སུ་བཀན་ཏེ་བཞག་ལ་ཐལ་མོ་བཀན་ཏེ་གུང་མོ་བསྒྲེང་། །གཡོན་པའི་མཛུབ་མོ་དགུག་གཡས་པ་དེ་ལ་ཕྱོགས་པར་བྱ་སྟེ། གུང་མོ་བསྒྲེང་ངོ་། །ཨོཾ་པྲ་ཧེ་ཙ་རི་ཡ་པྲ་བ་དཾ་ཛོ་ཏི་མ་ར་ཡེ་སྭཱ་ཧཱ། གཡོན་པ་མཛུབ་བཀུག་ཡང་བྱུང་གནོད་སྦྱིན་རྒྱ། །ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ལག་


DNG019_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། གུང་མོ་གཉིས་གཤིབས་ཏེ་བསྣོལ་ལ་མཛུབ་མོ་གཉིས་བཅུག་སྟེ་མཐེ་བོའི་སྟེང་དུ་བཞག་པའོ། །ཁོང་སྟོང་གུང་མོ་གཤིབས་ལ་བསྣོལ། །མཛུབ་བཀུག་མཐེ་བོང་སྟེང་བཞག་ལྷ། ༈ །ཀླུ་ཐམས་ཅད་ཀྱི་ནི་ལག་པ་གཉིས་ཐལ་མོ་བཀན་ལ་སྦྲུལ་གྱི་གདེངས་ཀ་ལྟ་བུར་བཅའ་བའོ། །ཐལ་མོ་སྦྲུལ་མགོའི་གདེངས་ཀ་ལྟར། །བཟུང་བ་ཀླུ་རྣམས་ཕྱག་རྒྱ་ཡིན། ༈ །གཟའ་སྤྱིའི་ནི་ལག་པ་གཉིས་གཅིག་ཏུ་སྦྱར་ལ་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་ནས་བཟུང་བའོ། །གཟའ་རྣམས་ལག་གཉིས་གཅིག་ཏུ་སྦྱར། །མཐེ་བོང་གཉིས་པོ་གཤིབས་ཏེ་བསྒྲེང་། ༈ །རྒྱུ་སྐར་སྤྱིའི་ནི་གཟའི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཐེ་བོང་གཉིས་བཟློག་སྟེ་སྦྱར་བའོ། །རྒྱུ་སྐར་རྣམས་ཀྱིས་དེ་ཉིད་ལས། །གུང་མོ་མཐེ་བོང་གཉིས་བཟློག་སྦྱར། ༈ །ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བྱས་པའི། རྒྱས་པར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། འབྲིང་བཅོ་བརྒྱད། བསྡུས་པ་ལྷ་སྲིན་སྡེ་བརྒྱད་དོ། ༈ །ལྷ་དང་ཀླུ་དང་དྲི་ཟ་དང་། །མི་འམ་ཅི་དང་ལྟོ་འཕྱེ་དང་། །འདབ་བཟང་གྲུལ་བུམ་སྲིན་པོ་བརྒྱད། །ལྷ་ཆེན་འཁོར་ལོ་ནག་པོའི་སྔགས། ཨོཾ་སྭ་ས་སྭཱ་ཧཱ། ཀླུ་ཆེན་དཀྱིལ་འཁོར་དུ་སྐྱོང་བའི་སྔགས། ཨོཾ་ནཱ་ག་སྭཱ་ཧཱ། དྲི་ཟའི་རྒྱལ་པོ། ཨོཾ་བི་ཟུར་ཕུད་ལྔ་པའི་ཤུད་དྷི་སྭ་ར་ཧི་ནི་སྭཱ་ཧཱ། མིའམ་ཅིའི་རྒྱལ་པོའི་སྔགས་ཡིན་ནོ། །ཨོཾ་མ་ཧཱ་ས་ནན་བི་ཧ་ས་ནན་སྭཱ་ཧཱ། ལྟོ་འཕྱེའི་རྒྱལ་པོས་དམིགས་ཀྱི་སྔགས། ཨོཾ་ག་ར་ལན་བི་ར་ལམ་སྭཱ་ཧཱ། འདབ་བཟངས་ཀྱི་སྔགས། ཨོཾ་ཧྲི་ཧ་སྭཱ་ཧཱ། གྲུལ་བུམ་གྱི་སྔགས། ཨོཾ་བི་ཤུད་དྷི་སྭཱ་ཧཱ། སྲིན་པོའི་ཨོཾ་རག་ཤ་ནི་སྭཱ་ཧཱ། ལྷ་སྲིན་སྡེ་བརྒྱད་ཀྱི་སྤྱིའི་ཕྱག་རྒྱ་མཆོད་སྦྱིན་འདེགས་པ་ལྟར་བྱས་ལ། །ཞལ་དུ་གསོལ་བར་དབུལ་བར་བྱའོ། ༈ །དེ་ལྟར་ན་ཞལ་དུ་གསོལ་བ་དབུལ་བར་བྱ་བའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་གདོན་གྱི་རིགས་བཅོ་བརྒྱད་བསྡུས་པ་ལས། གཙོ་བོ་བཞི་ནི་ལྷའི་གདོན་ཡར་ངོའི་ཚེས་བཅུ་གཅིག་དང་བཅུ་གསུམ་ལ་འཛིན། ལྷ་ཡི་གདོན་དང་འབྱུང་པོའི་གདོན། །གནམ་སྟོང་ལ་འཛིན་ཚངས་པ་མར་ངོའི་ཚེས་བཅོ་ལྔ་དང་བཅོ་བརྒྱད་ལ་སྲིན་པོ་མར་ངོའི་ཚེས་གཅིག་ལ་འདི་མན་ཆད་གདོན་ཕལ་པའོ། །དྲི་ཟའི་གདོན། །བཅུ་གཉིས་དང་བཅུ་བཞི་ལ་སྲིན་པོའི་གདོན་དང་ཡར་ངོའི་གཅིག་ལ་ཀླུ་ཡི་གདོན། །དུག་རྒྱས་པར་བྱེད་པ་སྟེ་


DNG019_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལྔ་ལ་ལོག་འདྲེན་གདོན་ཡར་ངོའི་བཅུ་དང་སྙིང་ནད་གཏོང་བས་བརྗེད་བྱེད་གདོན། །མར་ངོའི་བཅུ་གཅིག །གློ་ནད་གཏོང་བས་སྨྱོ་བྱེད་གདོན་དགུ་དང་ལྷ་མ་ཡིན། །ཡར་ངོའི་བཅུ་གསུམ་དང་མར་ངོའི་བཅུ་གཉིས། ཤ་ཟའི་གདོན་རྣམ་པ་གསུམ་ལས་ཤ་ཟ་གད་མོ་ཅན་རྒོད་ཅིང་རྩེ་བར་བྱེད་པ་ཤ་ཟའི་གདོན་ཡར་ངོའི་བཅུ་དང་ཤ་ཟ་གཟུ་ལུམ་ཅན་མ་སྲིང་ལ་ཡང་རྒོལ་བར་བྱེད་གཟུ་ལུམ་ཅན། །ཚེས་བཅུ་ལ་བེ་ས་ར་ཡི་གདོན་ནི་ཤ་ཟ་སྲུལ་བོའི་གདོན་ཏེ་ཚེས་བརྒྱད་ལ་འཛིན། སྤྱོད་པ་སྣ་ཚོགས་སྟོན་ནོ། །དང་ནི། །ནམ་གྲུའི་གདོན་བྱིས་པའི་གདོན་བཞི་ལས་ནམ་གྲུའི་ནི་མ་མོའི་རིགས་སུ་སྟེ་མར་ངོའི་བཅོ་བརྒྱད་ལ་འཛིན་དང་བྱ་ཡི་གདོན། །མར་སྤྲུལ་པའི་བྱའི་གདོན་ཏེ་མར་ངོའི་བཅུ་གསུམ་སྐེམ་བྱེད་གདོན་ལུས་སྐེམ་པར་བྱེད་པས་ཚེས་བཅུ་གཉིས་ལ་འཛིན་དང་གཞོན་ནུའི་གདོན་བུས་པ་ལ་གནོད་པས་མར་ངོའི་གཉིས། །ཨོཾ་དེ་བ་ག་ཎེ་བྷྱཿསྭཱ་ཧཱ། ལྷའི་གདོན་ཏེ་ལུས་མཛེས་ཤིང་ཕན་པར་བྱེད་པས་ན་ལྷའོ། །ནཱ་ག་ག་ཎེ་བྷྱཿསྭཱ་ཧཱ། ཀླུ་སྟེ་རིགས་ལྔ་དང་ལྡན་ནོ། །ཨ་སུ་ར་ག་ཎེ་བྷྱཿསྭཱ་ཧཱ། ལྷ་དངོས་མ་ཡིན་པས་ལྷ་མ་ཡིན་ནོ། །མཱ་ཏྲྀ་ག་ཎེ་བྷྱཿསྭཱ་ཧཱ། ཁྱུང་གི་རིགས་ཡིན་ཏེ་ནམ་མཁའ་ལ་ལྡིང་བས་ན་ནམ་མཁའ་ལྡིང་། ག་རུ་ཌ་ག་ཎེ་བྷྱཿསྭཱ་ཧཱ། གནྡྷརྦ་ག་ཎེ་བྷྱཿསྭཱ་ཧཱ། ཀིནྣ་ར་ག་ཎེ་བྷྱཿསྭཱ་ཧཱ། མ་ཧོ་ར་ག་ག་ཎེ་བྷྱཿསྭཱ་ཧཱ། རང་གི་གནོད་པ་གཞན་ལ་སྟེར་བས་གནོད་སྦྱིན་ཞེས་བྱ་སྟེ། ལུས་ལ་རེག་པའི་དུག་ཡོད་པའོ། །ཡཀྵ་ག་ཎེ་བྷྱཿསྭཱ་ཧཱ། སྲིན་པོའི་བགེགས། རཀྵཱ་ས་ག་ཎེ་བྷྱཿསྭཱ་ཧཱ། ཡི་དྭགས་ཀྱི་བགེགས། པྲེ་ཏ་ག་ཎེ་བྷྱཿསྭཱ་ཧཱ། པི་ཤཱ་ཙ་ག་ཎེ་བྷྱཿསྭཱ་ཧཱ། ཤ་ཟའི་གདོན་རྣམས་དང་། བྷུ་ཏ་ག་ཎེ་བྷྱཿསྭཱ་ཧཱ། འབྱུང་པོའི་གདོན་རྣམས་དང་། ཀུཥྨཎྜ་ག་ཎེ་བྷྱཿསྭཱ་ཧཱ། པཱུ་ཏ་ག་ཎེ་བྷྱཿསྭཱ་ཧཱ། ཀ་ཊ་པཱུ་ཏ་ག་ཎེ་བྷྱཿསྭཱ་ཧཱ། སྐནྡ་ག་ཎེ་བྷྱཿསྭཱ་ཧཱ། སྨྱོ་བྱེད་ཀྱི་གདོན་རྣམས་དང་། ཨུནྨ་ད་ག་ཎེ་བྷྱཿསྭཱ་ཧཱ། ཙྪ་ཡ་ག་ཎེ་བྷྱཿསྭཱ་ཧཱ། ཨ་པསྨཱ་ར་ག་ཎེ་བྷྱཿསྭཱ་ཧཱ། ཨོསྟ་རཱ་ཀ་ག་ཎེ་བྷྱཿསྭཱ་ཧཱ། ཕྱག་རྒྱའི་རྣམ་པ་མང་པོ་ཡང་། །གཡས་པས་མཆོད་སྦྱིན་འདེགས་པ་ལས། །གཡོན་པ་མཛུབ་མོ་དམིགས་ལ་གཏད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ། །མཆོད་སྦྱིན་དབུལ་བར་བྱ་བའོ། །ལག་པ་གཡོན་པ་ཁུ་ཚུར་བཅང་། །མཛུབ་མོ་བསྒྲེང་ལ་གཏོར་མར་གཏང་། །སྔགས་འདིས་རབ་ཏུ་སྦྱིན་པར་བྱ། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ། རིགས་དྲུག་གི་ས་བོན། བགེགས་རིགས་སྟོང་ཕྲག་


DNG019_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་ལ་ཤར་ཁམས་གསུམ་གྱི་བདག་པོ་དགུག་པ་ཏྲང་ཀ་རི་ཏྲང་ཀ་རི། ལྷོ་ན་སྤྲིན་གྱི་སྒྲོན་མ་དགུག་པ་མི་ཙི་མི་ཙི། ནུབ་ན་རྡོ་རྗེ་མཆུ་དགུག་པ་ར་ར་སྲམ་སྲམ། བྱང་ན་བི་ནཱ་ལ་ཀ་དགུག་པ་ཏྲི་ཏྲི་གྃ་གྃ་གུཾ་གུཾ། ཛཿཧཱུྃ་བཾ་ཧོཿ། ཨོཾ་ཏྲཾ་ཀ་རི་ཏྲཾ་ཀ་རི་སྭཱ་ཧཱ། སྲིན་པོ་རྣམས་ཀྱིའོ། །མི་ཙི་མི་ཙི་སྭཱ་ཧཱ། ཤ་ཟ་རྣམས་ཀྱིའོ། །གུང་ཧིང་གུང་ཧིང་སྭཱ་ཧཱ། འབྱུང་པོ་རྣམས། ཨནྟ་རཱི་ཀྵ་ཙ་ར་ནན་སྭཱ་ཧཱ། བར་སྣང་ལ་འཕྱོ་བ་རྣམས་ཀྱིའོ། །བྷོའུ་ཏ་མ་ནན་སྭཱ་ཧཱ། ས་བླ་བ་རྣམས་ཀྱིའོ། །བ་ཏ་ལ་བ་ས་ནན་སྭཱ་ཧཱ། ས་འོག་རྣམས་ཀྱིའོ། །མ་ཏྲི་ནན་སྭཱ་ཧཱ། མ་མོ་རྣམས་ཀྱིའོ། །གྲ་ཧ་ནན་སྭཱ་ཧཱ། གདོན་རྣམས་ཀྱིའོ། །སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་ལ་སོགས་པ། ༈ །དཔལ་མགོན་ཡོན་ཏན་མགྲོན་ལན་ཆགས་བགེགས་རིགས་རྣམས། །མ་ལུས་ཀུན་ལ་གཏོར་མ་ཡང་། །འབྱུང་པོའི་གཏོར་མའི་སྔགས་འདི་གསུངས། །ཨོཾ་ཨོཾ་ནི་ཁས་ལེན་པ་སྟེ། ཧཾ་ཡིག་ཁས་ལེན་པ་སྟེ། ཧཾ་ཡིག་ཕྱིས་ནས་ཨ་ཡིག་ཏུ་གྱུར་པ་ནི་ཧཾ་ལས་ཨ་ཧཾ་ཀ་ར། ཞེས་པ་བདག་ཏུ་འཛིན་པའི་གནས་ཏེ། བདག་འཛིན་ལ་བརྟེན་ནས་ཉོན་མོངས་ཀྱི་གཞིའོ། །ཕུང་པོ་ལ་སོགས་པ་རྣམས་ལ་ཉོན་མོངས་ཀྱི་གཙོར་བྱས་ནས་བདག་ཏུ་བཟུང་བའོ། །ཨ་ཀཱ་རོ་མུ་ཁཾ་ཨ་ཀཱ་རོ་མུ་ཁཾ་ནི་གཙོར་བྱེད་པ་སྟེ་སརྦ་དྷརྨཱ་ཎཾ། ཆོས་ཐམས་ཅད་ལ་སེམས་ཉིད་ང་རྒྱལ་བ་སྟེ་ཕུང་པོ་ལ་སོགས་པ་རྟོགས་པ་སྙམ་པའོ། །ཐོག་མ་ཉིད་ནས་མ་སྐྱེས་པ་དེ་ལྟ་བུར་རབ་ཏུ་རྟོགས་ཞེས་པའོ། །ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། དེ་རྒྱུ་ལས་བྱུང་ན་ཐོག་མ་ནས་མ་སྐྱེས་པའི་ཚུལ་གྱི་ཨོཾ་སྐུའི་བདག་ཉིད་སྤྲུལ་སྐུ་ཨཱཿ གསུང་གི་བདག་ཉིད་ལོངས་སྐུ་ཧཱུྃ་ཐུགས་ཀྱི་བདག་ཉིད་ཆོས་སྐུ། ཤེས་རབ་ཕཊ་སྭཱ་ཧཱ་སྙིང་རྗེ ། མཐུ་ཆེན་རྒྱལ་པོ་སྡེ་བཞི་ལ། །ཕྱི་མཚམས་སྲུང་བའི་ཕྲིན་ལས་བཅོལ། །སྐུ་བཞི་སྐུ་བཞི་ནི། དགོངས་པ་མྱང་འདས་ཀྱི་སྐུ་ཡིན་པས། ཐུགས་བུཌྜྷ་དང་མཉམ། སྦྱོར་བ་ཁམས་གསུམ་ན་མཛད་པའི་སྐུ་ཡིན་པས་སེམས་ཅན་གྱི་དོན་བྱེད་པ་དང་། ལོངས་སྐུ་ཡིན་པས་རྒྱན་རྣམས་ཀྱིས་བརྒྱན་པ་དང་། སྤྲུལ་སྐུ་ཡིན་པས་རིགས་བཞི་རྒྱལ་བའི་ཕྲིན་ལས་མཛད་པའོ། །དཔལ་བརྒྱད་ལྡན་པས་ན། །དཔལ་བརྒྱད་ནི། ཡུལ་འཁོར་སྲུང་གི་དཔལ་གཉིས་ནི། འཇིག་རྟེན་མཁྱེན་པའི་དཔལ་དང་། རང་བཞིན་འཁོར་གྱི་དཔལ་ལོ། །འཕགས་སྐྱེས་པོའི་ནི། རང་བཞིན་གནས་ཀྱི་དང་། དྲག་པོ་འདུལ་བའི་དཔལ་གཉིས་སོ། །སྤྱན་མི་བཟང་གི་ནི། དུས་ལྔ་སེལ་བའི་དག །ཡེ་ཤེས་སྒྲོལ་བའི་དཔལ་གཉིས་


DNG019_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྣམ་སྲས་ཀྱི་ནི། ཡེ་ཤེས་མཛོད་ཀྱི་དང་། རིན་ཆེན་གཏེར་གྱི་དཔལ་གཉིས་སོ། །གླིང་བཞིའི་སེམས་ཅན་རྒྱལ་ཆེན་བཞིའི་ཆབ་འོག་ན་གནས་པས་འབངས་སོ་ཡིན། ལྕགས་རི་གཅིག་གི་ནང་ན་གནས་པས་ཁྱིམ་མཚེས་ཡིན། རྒྱལ་པོའི་འབངས་ཡིན་པས་ཕུར་ཁྱིམ་དང་འདྲ་བ་ཡིན་ནོ། །ཕྱོགས་བཞིར་མཆོད་རྟེན་གཞལ་ཡས་ཁང་། །ཤར་ན་དྲི་ཟ་ཡུལ་འཁོར་སྐྱོང་། །རང་གི་ཡུལ་དང་འཁོར་ལ་མཚན་དུ་བཏགས་པ་སྟེ། རང་གི་ཡུལ་དང་འཁོར་སྟོང་ཕྲག་བརྒྱད་ཅུ་དང་། རང་གི་གནས་བསྲུང་བས་ན་ཡུལ་འཁོར་སྐྱོང་ངོ་། །ལྷོ་ན་གྲུལ་བུམ་འཕགས་སྐྱེས་པོ། །གནས་དང་གཞལ་ཡས་ཁང་ལས་མཚན་དུ་གསོལ་ཏེ། རཏྣ་བདུན་ལས་གྲུབ་པའི་གཞལ་ཡས་ཁང་ཁྱད་པར་དུ་འཕགས་པའི་ནང་དུ་སྐྱེས་པས་ན་འཕགས་སྐྱེས་པོ། སྐུ་གཟི་བྱིན་གཞན་ལས་ཁྱད་པར་དུ་འཕགས་པའོ། །ནུབ་ན་ཀླུ་རྒྱལ་སྤྱན་མི་བཟང་། །འཁོར་ལས་མིང་བཏགས་པ་དང་། ཀླུ་ལས་མཐོང་བའི་དུག་ཡོད་པས་མིག་མི་བཟང་ཞེས་བྱ། ཡང་ན་རྒྱལ་པོ་འདིས་གནོད་སྦྱིན་ནག་པོ་ལ་སོགས་པའི་སྤྱན་འཛེར་བར་བྱེད་པས་ནའོ། །བྱང་ན་གནོད་སྦྱིན་རྣམ་ཐོས་སྲས། །ཕ་མ་ལས་བཏགས་ཏེ། ཡབ་དྲང་སྲོང་རྣམ་པ་མང་པོ་ཐོས་པའི་སྲས་ཡིན་པས་ན་རྣམ་ཐོས་སྲས་སོ། །མ་ལྷ་མོ་དཔལ་མོའི་སྲས་ཡིན། དཔལ་ལྷ་མོ་སྒེག་མོ་དང་། དྲང་སྲོང་རྣམ་པ་མང་པོ་ཐོས་པ་གཉིས་ཡིད་ཀྱིས་བཤོས་པའོ། །དེ་ཡིན། ཨོཾ་དྷྲྀཥྚ་རཥྚཱ་ཡ་སྭཱ་ཧཱ། ཤར་ན་ཡུལ་འཁོར་སྐྱོང་དཀར་པོ་པི་ཝང་འཛིན་པའོ། །དཔལ་གཉིས་ཏེ། ཐུགས་འཇིག་རྟེན་མཁྱེན་པའི་དཔལ་དང་། ཕྱག་གི་པི་ཝང་རང་བཞིན་འཁོར་གྱི་དཔལ་གཉིས་སོ། །ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ལྷོར་འཕགས་སྐྱེས་པོ་མཐིང་ག་རལ་གྲི་བསྣམས་པའོ། །རང་བཞིན་གྱིས་དཔལ་རཏྣའི་ཁང་པ་དང་། དྲག་པོས་འདུལ་བའི་ཕྱག་གི་རལ་གྲིས་གཤིན་རྗེ་འདུལ་བའོ། །ཨོཾ་བི་རུ་པཀྵཱ་ཡ་སྭཱ་ཧཱ། ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་ཅན། དུག་ལྔ་སེལ་བའི་དཔལ་སྦྲུལ་ཞགས་གིས་ཀླུའི་དུག་སེལ། ཕྱག་གཡས་ན་ཡེ་ཤེས་སྒྲོན་མེ་བསྣམས་པ་ནི། ཡེ་ཤེས་སྒྲོན་མེའི་དཔལ་ལོ། །ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། བྱང་རྣམ་སྲས་ནེའུ་ལེའི་རྒྱལ་མཚན་འཛིན་པ་ནི་གཡོན་པ་སྟེ། རིན་ཆེན་མཛོད་ཀྱི་དཔལ་ལོ། །ཡེ་ཤེས་གཏེར་གྱི་དཔལ་ནི། གཡས་ན་རིན་པོ་ཆེའི་རིང་བསྲེལ་མཆོད་རྟེན་ནོ། །བསྐྱེད་ནས་སྤྱན་དྲངས་བསྡིམ་བྱས་ནས། །མཐོ་གཞལ་ཡས་ཁང་དང་ཤིང་རིང་རྒྱལ་པོར་བསྐྱེད། རང་བཞིན་གནས་ནས་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྡིམ། ཆུ་དང་འོ་མ་


DNG019_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་ལྟར་བསམ་མོ། །མཆོད་ནས་བསྟོད་དེ་ཕྲིན་ལས་བཅོལ། །སྤོས་དང་མེ་ཏོག་ལ་སོགས་གཏོར་མ་དང་མཆོད་པ་གཙང་མས་མཆོད། ཆེ་བའི་ཡོན་ཏན་ལ། བསྟོད་པ་བྱ། ཕྱི་མཚམས་བསྲུང་བར་ཕྲིན་ལས་བཅོལ་ཞིང་གཉེར་གཏད། མཚམས་མ་ཐོན་བར་དུ་བསྲུང་བར་སྨོན་ལམ་བཏབ་ནས་ཕྱི་མཚམས་བཅད། །དེ་སྒྲུབ་ཁང་ནས་ཕྱི་རོལ་དུ་དྲི་ཆུ་འདོར་ས་ནས་ཕྱིར་མི་འགྲོ། ཕྱི་མཚམས་རྒྱལ་པོའི་ཐོ་ལས་ཕྱིར་མི་འདའ་བར་ནང་དུ་ལུས་ངག་དེ་ལས་སྤྱོད་ལམ་བག་ཡང་བྱ། ༈ །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་གིས། །འཇམ་པའི་སྟན་ལ་འདུག་ནས་ནི། ༈ །དེ་བཞིན་ཉིད་སྟོང་པ་དང་། ཀུན་སྣང་སྙིང་རྗེ་བསྒོམ། རྒྱུའི་ཏིང་ངེས་ཧཱུྃ་མཐིང་ནག་འབར་བ་གཅིག་བསྒོམ། དེའི་བྱིན་རླབས་ལས་མ་སཱུརྱ་མཎྜ་ལ་ཞེས་བརྗོད་པས་མ་ལས་ཉི་དཀྱིལ་དུ་གྱུར་པའི་སྟེང་དུ་ཧཱུྃ་མཐིང་ནག་འབར་བ་གཅིག་བསམ། ཧཱུྃ་སྥ་ར་ཎ་ཕཊ་ཅེས་སྤྲོས་པས། ཧཱུྃ་མང་པོས་འཇིག་རྟེན་གང་བས་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་དམ་རྒྱུད་བསྐུལ། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ་བརྗོད་པས་ཧཱུྃ་སྔ་མ་ལ་ཐིམ། ཧཱུྃ་བཛྲ་སྥ་ར་ཎ་ཕཊ་ཅེས་བརྗོད་པས་ཕྱག་མཚན་རྡོ་རྗེར་གྱུར། དེ་འཕྲོས་འདུས་པས་ཧཱུྃ་བཛྲ་དྷྲྀ་ཀ་ཛཿ། ཞེས་བརྗོད་པས་རང་ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་དང་སྐུ་མདོག་མཐིང་ནག་འབར་བ་བསྐལ་མེའི་ཀློང་ན་བཞུགས་པར་བསམས། དེ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ལ་སོགས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཆེ་བའི་ང་རྒྱལ་བསྐྱེད་དོ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་དུ། །གནས་ནས་གནས་བསྲུང་རྣམ་པར་བསམ། །ཤྲཱི་བཛྲ་དྷྲྀཀ་ཧཱུྃ་ཛཿ། ཉི་མའི་དཀྱིལ་འཁོར་དབུས་གནས་པས། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ཉིད། །བསྐལ་པའི་མེ་དཔུང་རབ་ཏུ་འབར། །གཡས་བརྐྱངས་པར་ནི་རབ་ཏུ་གནས། ༈ །ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་མ་སཱུརྱ་མཎྜ་ལ། ཞེས་བརྗོད་པས་མ་ལས་ཉི་དཀྱིལ་བསྐྱེད་པའི་སྟེང་དུ་ཧཱུཾ་གི་འཕྲོ་འདུ་ལས། ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཞེས་བརྗོད་པས། ཁྲོ་བོ་ཧཱུྃ་ཀཱ་ར་བསྐྱེད་ནས་ཧཱུྃ་ཀཱ་ར་ཞེ་སྡང་རྡོ་རྗེའི་མདུན་དུ་བཀའ་ནོད་པའི་ཚུལ་དུ་རྡོ་རྗེ་འཆང་ཆེན་པོའི་ཅི་བཀའ་སྩལ་ཞེས་ཞུས་པ་ལས། ཞེ་སྡང་རྡོ་རྗེས། ཨོཾ་སུ་མ་བྷ་ནི་སུམ་བྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་བཱན། བིདྱཱ་རཱ་ཛཱ་ཧཱུཾ་ཕཊ། ཅེས་པའི་སྔགས་བཟླས་


DNG019_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི། ཧཱུྃ་ཀཱ་རས་ཕྱོགས་མཚམས་སུ་གདན་ཐིང་ཞིག་པར་བཀའ་སྩལ། ཧཱུྃ་ཀཱ་རའི་ཐུགས་ཀ་ནས་ཊཀྐི་རཱ་ཛ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཞེས་བརྗོད། ཁྲོ་བོ་ཊཱཀྐི་རཱ་ཛར་ཁྲོངས་ཀྱིས་བསྐྱེད་ནས། བཀའ་ནོད་པའི་ཚུལ་དུ་རྡོ་རྗེ་འཆང་ཆེན་པོ་ཅི་བཀའ་སྩལ་ཞེས་པ་ལས། ཧཱུཾ་ཀཱ་རས་སུམ་བྷ་ནིའི་སྔགས་ལན་ཅིག་བཟླས་པའི་དོན་ནི། ཕྱོགས་མཚམས་སུ་གདན་ཐིང་ཞིག་པར་བཀའ་སྩལ་ནས། ཉི་མའི་དཀྱིལ་འཁོར་ཞེས་པས་བསྐུལ་ལོ། །སྨིན་མཚམས་ཁྲོ་བོ་དམར་བའི་སྤྱན། །ཞལ་གསུམ་མཆེ་གཙིགས་རྣམ་པར་བསྒྱུར། །ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་ཏེ། །དང་པོ་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཉིས་ལྕགས་ཀྱུ་རལ་གྲི་འཛིན། །གཡོན་གཉིས་དགྲ་སྟྭ་ཞགས་པ་འཛིན། ༈ །འདི་འདྲའི་གཟུགས་ནི་བསམ་བྱས་ནས། །རང་གིས་དེ་ལ་བཀའ་སྩལ་ཏོ། ༈ །ཧཱུྃ་ཀཱ་ར་ས་ཊཱཀྐི་རཱ་ཛ་ལ་ཐོབ་དང་ལྕགས་ཀྱུ་གཏད་ནས། ཊཱཀྐི་རཱ་ཛ་ཨ་བྷི་ཥཱི་ཉྩ་ཞེས་དབང་བསྐུར་དེ་ནས་ཊཱཀྐི་རཱ་ཛས་ཐོ་བ་དང་ལྕགས་ཀྱུ་ཐོགས་ནས། རྡོ་རྗེའི་འགྲོས་དང་ཆས་ནས་སུམ་བྷ་ནིའི་སྔགས་བཟླས་ཤིང་སེམས་ཅན་ཆེན་པོ་རྣམས་ཀྱི་སྟེང་དུ་ཕྱོགས་སྐྱོང་བཅུ་གདན་དུ་བཏིང་བར་བྱས་ཏེ། ཤར་ཕྱོགས་ནས་བརྒྱ་བྱིན་ཕོ་མོ་གཉིས་སྙིང་ག་ནས་ལྕགས་ཀྱུས་བཟུང་ནས། ཐོ་བས་མྱོས་སེ་མྱོས་སེ་ཙམ་དུ་བརྡུངས་ནས་ཕོ་ཁ་བུབ་མོ་གན་རྐྱལ་དུ་བྱི་ཆིངས་སུ་བཅིངས་ནས་གདན་དུ་གདེང་། དེ་བཞིན་དུ་ཤར་ལྷོ་མེ་ལྷ། ལྷོ་གཤིན་རྗེ། ལྷོ་ནུབ་སྲིན་པོ། ནུབ་ཀླུ། ནུབ་བྱང་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དབང་ལྡན། སྟེང་ཉི་ཟླ་ཕོ་མོ། འོག་ས་བདག །ཤར་དུ་དྲི་ཟ་ཕོ་མོ་གདིང་ངོ་། །ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ། འདོད་པའི་རྒྱལ་པོ་ཁྲོ་བོ་ཆེ། །སྨ་པ་ལྟ་བུའི་ཊཱཀྐི་རཱ་ཛའི་ཕྱག་གཡས་གཡོན་སྟོང་པར་གནས་པ་ལས་རྡོ་རྗེ་རྒྱ་གྲམ་གྱི་ཐོ་བ་དང་ལྕགས་ཀྱུ་གཏད་པ་ལས་ཕྱོགས་སྐྱོང་གདན་བཤམས་ལགས་པར་ཞུ་བ་གསོལ་ནས་ཊཱཀྐི་རཱ་ཛ་འོད་དུ་ཞུ་ནས་ཧཱུྃ་ཀཱ་ར་ལ་བསྡུས། ཧཱུྃ་ཀཱ་ར་ཞུ་ནས་ཞེ་སྡང་རྡོ་རྗེ་ལ་བསྡུས་པའོ། །རྡོ་རྗེ་ཐོ་བ་ལྕགས་ཀྱུ་འཛིན། །གདན་བཏིང་ལགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་པོ་ཞེ་སྡང་རྡོ་རྗེ་བློན་པོ་ཧཱུྃ་ཀཱ་ར་དམངས་ཊཱཀྐི་རཱ་ཛ་ཀྱི་ཚུལ་གཅིག་ཡིན། །སཱུརྱ་ཙནྡྲཱ་ཡ། བྱ་ངང་པའི་སྟེང་ན་ཉི་ཟླ་སྟེང་། ཨིནྡྲཱ་ཡ། ཤར་གླང་བོའི་སྟེང་དུ་བརྒྱ་བྱིན། ཨགྣ་ཡེ། ཤར་ལྷོར་ར་སྐྱེས་སྟེང་དུ་མེ་ལྷ། ཡ་མཱ་ཡ། ལྷོར་མ་ཧེའི་སྟེང་དུ་གཤིན་རྗེ། ནཻཪྲྀ་ཏྱ་ཡ། ལྷོ་ནུབ་མོའི་སྟེང་དུ་སྲིན་པོ། བ་རུ་ཎཱ་ཡ། ནུབ་ཆུ་སྲིན་སྟེང་ན་ཀླུ། བ་ཡ་བེ། ནུབ་བྱང་ཤ་བའི་སྟེང་དུ་རླུང་ལྷ། ཀུ་བེ་རཱ་ཡ། བྱང་རྟའི་སྟེང་དུ་གནོད་སྦྱིན། ཨི་


DNG019_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ནཱ་ཡ། བྱང་ཤར་གླང་གི་སྟེང་དུ་དབང་ལྡན། ནཱ་ག་བྷུ་བེ་ཡ། འོག་ཕག་གི་སྟེང་དུ་སའི་ལྷ་མོ། གཟུགས་ཆེན་འབར་བས་འཇིགས་བྱེད་པའི། །ཁྲོ་བོ་བཅུ་དག་ཕྱུང་ནས་ནི། །ཧཱུྃ་ལས་བསྐྱེད་པའི་ཉི་མའི་སྟེང་། །ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་མ་ལས་ཉི་མའི་དཀྱིལ་འཁོར་བཅུ་ཐམ་པ་ཕྱོགས་སྐྱོང་སྟེང་དུ་བསྐྱེད། དེའི་སྟེང་དུ་ཧཱུཾ་བཅུ་ཐམ་པ་བསྐྱེད། ཁྲོ་བོ་ནུབ་ནས་བྱང་དུ་བསྐྱེད་དེ། ཧཱུྃ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་བརྗོད་པས། ནུབ་ཏུ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་པོ། ཞལ་གཡས་དཀར་གཡོན་མཐིང་ཕྱག་གཡས་དང་པོ་རྡོ་རྗེ། བར་མ་རིན་ཆེན། ཐ་མ་རལ་གྲི། གཡོན་དང་པོ་འཁོར་ལོ། བར་མ་པདྨ། ཐ་མ་ཞགས་པ། བིགྷྣཱཾཏ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས་བྱང་དུ་བདུད་རྩི་འཁྱིལ་པ། ཞལ་གསུམ་ཕྱག་དྲུག་སྐུ་མདོག་ལྗང་གུ་གཡས་སེར་གཡོན་དམར། ཕྱག་དང་པོ་རྡོ་རྗེ་དྲིལ་བུ། གཡས་གཉིས་རིན་ཆེན་རལ་གྲི། གཡོན་གཉིས་པདྨ་རྒྱ་གྲམ་མོ། །ཧཱུྃ་པྲཛྙཱནྟ་ཀྲིཏ་ཨ་པ་ར་ཛི་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས། ཤར་དུ་ཤེས་རབ་མཐར་བྱེད་དཀར་པོ། གཡས་དཀར་པོ་གཡོན་དམར་གཡས་པ་གསུམ་ན་རིམ་པ་བཞིན། མདའ་བོ་ཆེ། འཁོར་ལོ་རལ་གྲི། གཡོན་པ་གསུམ་ན་ཞགས་པ་རིན་ཆེན་པདྨའོ། །ཡ་མཱནྟ་ཀྲྀ་ཏ་ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་དྷ། ཞེས་པས་ལྷོར། ཡ་མ་མཐར་བྱེད་སྐུ་མདོག་ནག་པོ། གཡས་ལྗང་གུ། གཡོན་དམར་པོ། གཡས་གསུམ་དབྱུག་པ་རྡོ་རྗེ་རལ་གྲི། གཡོན་གསུམ་རྒྱ་གྲམ་རིན་ཆེན་པདྨའོ། །ནཱི་ལ་དཎྜ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས། ལྷོ་ནུབ་ཏུ་དབྱུག་སྔོན་དཀར་པོ། གཡས་དམར་གཡོན་མཐིང་། གཡས་དང་པོ་བེ་ཅོན། བར་མ་རྡོ་རྗེ། ཐ་མ་གསེར་གྱི་རྡོ་རྗེ་དཔུང་མགོར་འཕྱར། གཡོན་དང་པོ་སྡིགས་མཛུབ། བར་མ་རིན་ཆེན། ཐ་མ་པདྨའོ། །ཧཱུྃ་ཊཱཀྐི་རཱ་ཛ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས་ནུབ་བྱང་དུ་འདོད་པའི་རྒྱལ་པོ་དམར་པོ། གཡས་གཡོན་གཉིས་ཀ་ལྗང་སྐྱ། ཕྱག་དང་པོ་གཉིས་བསྣོལ་ནས་ཐུགས་ཀར་ཕྱག་རྒྱ། གཡས་གཉིས་ལྕགས་ཀྱུ་དང་མདའ། གཡོན་གཉིས་ཞགས་པ་དང་གཞུའོ། །ཧཱུྃ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོ་དྷ། ཞེས་པས་བྱང་ཤར་དུ་སྟོབས་པོ་ཆེ། གཡས་ལྗང་གཡོན་ལྗང་སྐྱ། གཡས་དང་པོ་རྡོ་རྗེ། བར་མ་རལ་གྲི། ཐ་མ་རྡོ་རྗེ་ཕྲག་པར་འཕྱར། གཡོན་དང་པོ་ཞགས་པ་སྡིགས་མཛུབ། བར་མ་གཉིས་པདྨས་གཅོད། ཐ་མ་གཉིས་རྒྱ་གྲམ་མོ། ཧཱུྃ་ཨཱརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས། ཤར་ལྷོར་མི་གཡོ་མགོན་པོ་དམར་ནག །གཡས་ལྗང་གཡོན་དམར། གཡས་གསུམ་རལ་གྲི་རིན་ཆེན་རྡོ་རྗེ།


DNG019_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གསུམ་ཞགས་པ་པདྨ་རིན་ཆེན་ནོ། །ཧཱུྃ་ཀ་མ་ལ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས་འོག་ཏུ་པདྨ་འཁྱིལ་པ་དམར་པོ་གཡས་སྔོ་སྐྱ་གཡོན་དཀར། གཡས་གསུམ་འཁོར་ལོ་བནྡྷ་རྡོ་རྗེ། གཡོན་གསུམ་ནེའུ་ལེ་པདྨ་དྲིལ་བུའོ། །ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཞེས་པས། སྟེང་དུ་ཧཱུྃ་ཀཱ་ར་མཐིང་ནག །གཡས་དཀར་གཡོན་དམར། གཡས་གཡོན་དང་པོ་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། གཡས་གཉིས་ལྕགས་ཀྱུ་རལ་གྲི། གཡོན་གཉིས་དགྲ་སྟྭ་ཞགས་པའོ། །དེ་ཀུན་ཀྱང་ཞབས་གཡས་བརྐྱངས་གཡོན་བསྐུམས་པ། དབུ་ལ་ཐོད་པ་སྐམ་པོས་བརྒྱན་པ། སྦྲུལ་དང་ཐོད་པས་སེ་རལ་ཁར་བརྒྱན་པ། བསྐལ་པའི་མེ་འབར་བའི་ནང་ན་བཞུགས་པའོ། །ཞབས་རྣམས་ཡང་ན་ཕུར་པའོ། །སྨད་ནི་རྩེ་མོར་རྣམ་པར་བསམ། །ཕྱོགས་བཅུའི་དཀྱིལ་འཁོར་རྣམས་སུ་ཡང་། །རིམ་པ་བཞིན་དུ་ཀུན་ཏུ་བསམ། །བགེགས་རྣམས་ཐམས་ཅད་གཞིག་པའི་ཕྱིར། །གདབ་པ་ནི་འཁོར་བའི་འདྲེ་ལྡོག །དུག་གསུམ་རྩད་ནས་གཅོད། ཕྱོགས་སྐྱོང་ལ་གདབ་པ་ནི་དཔེར་ན་རྒྱལ་པོ་བཙོན་དུ་བཟུང་ནས་དམངས་ཆམ་ལ་འབེབས་པ་ལྟར་འཁོར་དབང་དུ་སྡུད་པའོ། །གནོད་མཛེས་བཀའ་སྩལ་ཕུར་པས་གདབ། །ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ། བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ། ཊཀྐི་རཱ་ཛ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། བདག་ཞེ་སྡང་རྡོ་རྗེའི་ཕྱག་གཡས་ནས་སྤྲུལ་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་བསྣམས་ནས། ཁྲོ་བོ་བཅུ་ལ་རེ་རེ་ཞིང་སྐེ་ནས་བཟུང་སྟེ། བགེགས་ལ་ཕུར་པས་བཏབ་ལ་གནོད་མཛེས་ཀྱི་ཕྱག་ན་ཐོ་བ་བསྣམས་པས་ཕུར་པའི་སྤྱི་བོར་བརྡེག་པས་ཕྱོགས་སྐྱོང་ལ་ཐལ་བྱུང་ནས་ཉི་མའི་དཀྱིལ་འཁོར་ཐལ་བྱུང་བར་བསམ་མོ། ༈ །ཧཱུྃ་ཁྲོ་བོའི་རྒྱལ་པོ་འདི་དག་གིས། །བགེགས་ནི་བཀུག་ནས་རྣམ་པར་འཇིག །བློ་ལྡན་རབ་ཏུ་སྦྱོར་བ་ཡི། །ཆོ་ག་བཞིན་དུ་ཕུར་ཀུན་ཐོབ། ༈ །ལྔ་པ་གདབ་པའི་དགོས་པ་ནི། ཕུར་པ་གདབ་པ་ཡང་ཕྱོགས་སྐྱོང་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཕུར་པ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཡིན། ཕུར་པས་བཏབ་སྟེ་རྩེ་མོ་མར་ལ་ལྷག་གིས་འབྱུང་བ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་གཏིང་ནས་རྟོགས་པའི་དོན་ཡིན་ནོ། །དེ་ལྟར་ཕུར་པ་བཏབ་ནས་ཕྱོགས་མཚམས་སྟེང་འོག་ཀུན་ཁྲོ་བོའི་བསྐལ་པའི་མེ་དཔུང་སྒོ་ངའི་དབྱིབས་ལྟ་བུའི་ནང་དུ་ཁྲོ་བོ་བསྒོམ་པའོ། ༈ །ཕུར་པ་འདེབས་མཁན་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་བྱ་སྟེ། བདུད་རྩི་འཁྱིལ་པའི་ཕྱག་གཡོན་དུ་ཁྲོ་བོའི་ཕུར་པ་རྣམས་བླངས་ལ། གཡས་


DNG019_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནོད་མཛེས་ཀྱི་ཐོ་བས་སྤྱི་བོ་ནས་བརྡུངས་ལ་གདབ་པར་བྱའོ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། །རྡོ་རྗེ་ཕུར་བུར་ཉིད་གནས་པས། །ཨུཏྤལ་སྔོན་པོའི་འདབ་འདྲ་བའི། ༈ །མེ་ཏོག་ཨུཏྤལ་འོད་འབར་བའི་ཕྲེང་བས་ལུས་ལ་བརྒྱན་པ་ནི་སྤྲིན་འཁྲིགས་པའི་འོད་འདྲ་འབར་བའི་ཕྲེང་བས་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆས་རྣམས་ནི། །ཕུར་བུར་བསམ་པའོ། །རྩེ་མོ་ལྟ་བུར་རྣམ་པར་བསམ། །རོ་སྟོད་ཁྲོ་བོ་ལྟ་བུ་ཉིད། །ཞལ་གསུམ་ཕྱག་དྲུག་ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །བགེགས་ཀྱི་ཚོགས་ལ་རབ་ཏུ་གཟིར། །ཕྱོགས་སྐྱོང་བཅུ་ནི་མི་དགེ་བ་བཅུ་ཡིན་པས་ན་དགེ་བའི་གེགས་བྱེད་པས་ན་བགེགས་ཡིན་ནོ། །དེ་ཡི་སྔགས་འདི་བརྗོད་བྱས་ནས། །རྡོ་རྗེ་ཕུར་པས་ངེས་བཏབ་ན། ༈ །ལྕགས་སམ་ཤིང་ལ་ཕུར་པ་བཅུ་བྱས་ནས་དར་གྱི་ཅོད་པན་བཏགས་ནས་ཕྱོགས་སྐྱོང་བཅུ་ལ་གདམ་མོ། །བགེགས་ལུས་ཤིན་ཏུ་མི་གཡོ་བའོ། ༈ །རྡོ་རྗེའི་ཐོ་བ་ཕྱག་བསྣམས་མཆོག །གནོད་མཛེས་རྒྱལ་པོ་རྣམ་པར་བསྒོམ། ༈ །ཧཱུྃ་བརྗོད་འབར་བའི་ལྟ་བས་ནི། །བགེགས་རྣམས་ཐམས་ཅད་ཕུར་ཀུན་གདབ། །གནོད་མཛེས་ཀྱི་ཕྱག་ན་རྡོ་རྗེའི་ཐོ་བ་ཐོགས་པས་སྤྱི་བོ་ནས་བརྡུང་ཞིང་གདབ་པར་བྱའོ། །ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ། །རྣམ་པར་འཕྲོ་བ་རྣམ་བསམས་ཏེ། །མ་རུངས་པ་ནི་ཚིག་བསམས་ན། །ཕྱོགས་མཚམས་ཀུན་ཏུ་འབྲོས་པར་འགྱུར། །ཕྱོགས་མཚམས་ཕུར་པ་བཏབ་ནས་ནི། །སྟེང་འོག་ཡང་དག་བྱིན་གྱིས་བརླབ། ༈ །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ། །ཁྲོ་བོའི་རྒྱལ་པོ་བདུད་རྗེ་རྣམས། །ཡ་མཚན་ཆེ་ལ་ཕྱག་འཚལ་ཏེ། །ཤར་ཕྱོགས་དྲི་ཟ་འི་རྒྱལ་པོ་རབ་དགའ་ལ་སོགས་ཐབས་ཀྱིས་འདུལ། །ལྷོ་ཕྱོགས་འཆི་བདག་རྒྱལ་པོ་གྲུལ་བུམ་ལ་སོགས་པ་གཤིན་རྗེ་ཞབས་ཀྱིས་གནོན། །ནུབ་ཕྱོགས་ཀླུ་རྒྱལ་མགྲིན་སྔོན་ཀླུ་གདོན་རྣམ་པར་གཟིར། །བྱང་ཕྱོགས་གདུག་པ་ཅན་གནོད་པ་སྦྱིན་པ་ཀུན་ཀྱང་བརླག ། མཚམས་ཀྱི་ཁྲོ་བོ་ཆེན་པོས་ནི། །མཚམས་ཀྱི་བགེགས་མེ་ལྷ་དྲང་སྲོང་སྲིན་པོ་ལང་ཀ་རླུང་ལྷ་དབང་ལྡན་རྣམས་ཟིལ་གྱིས་གནོན། །ཕྱོགས་བཅུར་ཁྲོ་རྒྱལ་བདུད་རྗེ་རྣམས། །ཡ་མཚན་ཆེ་ལ་ཕྱག་འཚལ་ཏེ། །


DNG019_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དགྲ་ཐམས་ཅད་ཡོངས་བཅོམ་ནས། །བགེགས་རྣམས་མ་ལུས་ཞི་བར་མཛོད། །ཤར་དུ་བཀའ་བསྒོ་བ་བྱ་ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ། ལྷོར་གྲྀཧྞ་གྲྀཧྞ་ཧཱུྃ། ནུབ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། བྱང་དུ་ཨཱ་ན་ཡ་ཧོ། སྤྱིར་བྷ་ག་བཱན། བིདྱཱ་རཱ་ཛ་ཧཱུྃ་ཕཊ། རྣམ་ཐར་གྲུ་གསུམ་ཡུམ་གྱི་མཁར། །ཐོད་པར་སྣོད་དུར་ཁྲོད་ཀྱི་ཐོད་པར་གནན་ཏེ། ཐོད་པའི་ནང་ན་འཆི་བདག་གཤིན་རྗེའི་སྐུ་ཡོད་པས་འཆི་བདག་ནི་ལྟོ་བར་གནན་པའི་དགོས་པའོ། ༈ །བཅུད་དམ་སྲི་གནན་པ་ནི། ལས་ལས་གྱུར་པའི་དམ་སྲི་ལས་ངན་གྱི་རྒྱུས་བསྐྱེད་པ་དང་། རྐྱེན་ལས་གྱུར་པའི་དམ་སྲི་ཆོས་ལ་དམ་ལོག་འདྲར་སོང་བ་དང་། གནོད་པར་སེམས་པའི་དམ་སྲི་འཕྲལ་དུ་གླགས་འཆོལ་བ་རྣམས་གནན་ཏེ། ལིངྒ་ལ་གཟུགས་དང་མིང་རུས་བྲིས་པའོ། །སྣོད་བཅུད་གཅིག་ལ་གཅིག་ཆགས་པར་བྱ་བ་ནི། བལ་ཚོན་སྔོན་དམར་གྱིས་བཅིང་བར་བྱའོ། །གཉེན་པོར་ཤིས་པའི་ལྷས་གནན་པ་ནི། ཕུར་པ་ཁྲོ་བོ་མི་གཡོ་བར་བསྒོམ་པའོ། །རྟེན་འདྲེལ་འཛོམ་པས་གནན་པ་ནི། དོང་གྲུ་ཡུམ་གསུམ་གྱི་མཁར་གནན། ཐོད་པ་སྐྱ་བོ་འཆི་བདག་གི་ལྟོར་གནན། མཚན་མ་དམིགས་རྟེན་ལིང་གར་གནན། བྱད་དུ་གཞུག་པ་ཚོན་སྐུད་ཀྱིས་གནན། རྡོ་རྗེ་རྒྱ་གྲམ་གྱིས་ཁ་གཅད་དོ། །གདུལ་སྤྱོད་དྲག་པོའི་བྲོ་བརྡུང་ངོ་། །ཤིས་པའི་སྨོན་ལམ་གདབ་བོ། །དམ་སྲི་ཕུར་པས་གདབ། ༈ །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །བསྐུལ་བའི་རྦོད་གཏོང་ཆེན་པོ་དང་། །ཡེ་ཤེས་ལྷ་དང་འདྲེལ་བའི་ཕོ་ཉ་ལས་ཀྱི་ལྷ་དང་འདྲེལ་བའི་ཕོ་ཉ་རང་དང་འདྲེལ་བའི་ཕོ་ཉ་ལས་མཁན་གྱི་ཕོ་ཉའོ། །ཟ་བྱེད་ཆེན་པོའི་ཁྲོ་བོ་མི་གཡོ་བ་ནི་དུས་གསུམ་དུ་བགེགས་ཀྱི་ཤ་ཁྲག་ལ་རྔམ་པའོ། །རྔམ་སྟབས་ཀྱིས། ༈ །རྐྱེན་ལས་གྱུར་པའི་དམ་སྲི་དང་གནོད་པར་སེམས་པའི་དམ་སྲི་དང་ལས་ལས་གྱུར་པའི་དམ་སྲི་རྣམས་གནན་པའི་ལས་རྣམས་དུས་ལ་བབ། །ཐུགས་ཧཱུྃ་མཛད་ཧཱུྃ་གིས་ཨཱརྱ་ཨ་ཙ་ལ། །ཐུགས་ལས་སྤྲུལ་པའི་འོད་ཟེར་གསུང་ཧཱུྃ་ཕཊ་ལ་སོགས་པ་རྔམ་པའི་དང་སྐུའི་གཟི་མདངས་དང་ལྡན། །ཧཱུྃ་དང་ཕཊ་ཅེས་ཀྱི་སྒྲ་སྒྲོགས་སྡང་དགྲ་གནོད་བགེགས་འཇོམས། །དུར་ཁྲོད་ཤར་ན་ཁམས་གསུམ་གྱི་བདག་པོ་དང་། ལྷོ་ན་སྤྲིན་གྱི་སྒྲོན་མ། ནུབ་ན་རྡོ་རྗེ་མཆུ། བྱང་ན་བི་ནཱ་ཡ་ཀ་བགེགས་ཀྱི་ཚོགས་འཇོམས་མི་གཡོ་མགོན། །ཧཱུྃ་ཨཱརྱ་ཨ་ཙ་ལ། བན་དྷ་བན་དྷ། ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། རི་རབ་ཆེན་པོའི་རྨད་དུ་སྦ། །སྟེང་དུ་


DNG019_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཀྱིས་གནན་པས་ན་ཡ་མ་རཱ་ཛའི་ཟས་སུ་སྦྱིན། །ཐོད་པ་འཆི་བདག་གི་གྲོང་ཁྱེར་དུ་བཅུག་པས་ན་ཆུ་སྲིན་འབར་བའི་ཁ་རུ་བརྫང་། །གཤིན་རྗེའི་ཁ་ནས་མི་འཆོར་བའི་དཔེ། གཡམ་པ་ལ་ནང་འཁོར་ལོ་འབར་བའི་ཕྱི་རི་རབ་ཀྱི་ཕྱག་རྒྱས་གནན་ཏེ་གཟུགས་བྲིས་པས། །བདུན་རྒྱུད་རིགས་ནི་སྐྱེ་བ་བདུན་དུ་རིགས་ཆད་དེ། མེས་པོ་ཡང་མེས་གསུམ། བུ་ཚ་བོ་ཡང་ཚ་གསུམ་དུ་ལྡང་མི་ནུས་སོ། །བརླག་འགྱུར་ན། །ནམ་ཡང་ལྡང་བར་མི་འགྱུར་ཏེ། །གསང་སྔགས་མཆོག་ལ་དད་པའི་བྱང་ཆུབ་ཀྱི་སེམས་ནི་སྐྱེས་ན་གཏང་བར་བྱའོ། །ཕྲིན་ལས་འདུལ་སྦྱོང་བྲོ་ཡང་བརྡུང་། །ཡི་དམ་ལྷ་ཡི་ཞབས་ཀྱིས་བརྫི། སྨོན་ལམ་ཤིས་པ་གདབ་པར་བྱའོ་ནི། །ཧོ་དུར་ཁྲོད་གསང་བ་མཆོག་གི་གནས། ཞེ་སྡང་འདུལ་བའི་གཙོ་བོ། ཁྲོ་བདག་ཆེན་པོ་ཤྲི་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པ་ན། གནས་འདིར་དེང་ནས་དབུ་བཙུགས་ནས་ནམ་མཚམས་ལས་མ་བྱུང་གི་བར་དུ་ཡམ་དམ་སྲི་ལ་སོགས་པ་རྣམས་འདུལ་བར་མཛད་དུ་གསོལ། ཞེས་སོ། །དུར་ཁྲོད་རས་སམ་སོག་པ་ལ། །གཤིན་རྗེ་གཤིན་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཐོ་གཡོན་སྡིགས་མཛུབ་གདན་མ་ཧེའོ། །བསྐྱེད་བསྡིམ་ཕྲིན་ལས་བཅོལ། །རྟོགས་དཀའ་བས་ན་གསང་རྟོགས་ན་ཟབ་པས་ན་ཆེན་མ་བྱས་པས་ལྷུན་གྲུབ་ཕོ་བྲང་ནས་ནི་འོག་མིན་གནས་སོ། །ལས་ཀྱི་གཤིན་རྗེའི་བགེགས་ཀྱི་བདག་པོ་ལ། །སྔོན་བཅོམ་ལྡན་ཆོས་རྗེས་འདས་རྡོ་རྗེ་འཆང་གིས་བཀའ་བསྒོས་པའམ་སྩལ་པ་ལྟར། །དེ་བཞིན་དུ་རྗེས་སུ་འཇུག་པའི་རིག་འཛིན་སྒྲུབ་པ་པོས། །སངས་རྒྱས་རྡོ་རྗེ་འཆང་གི་བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཅིང་། །དྲང་དོན་མ་ཡིན་པར་ཡང་དག་དོན་ལ་ངེས་པར་འཇུག་ན། །འདི་དག་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་དཔེ་ནོར་བུ་རིན་ཆེན་ལྟ་བུ་སྟེ། །འདི་ལ་གནོད་པ་བྱེད་ཅིང་ཐོབ་ན་བར་དུ་གཅོད་པའི། །ལྷ་སྲིན་སྡེ་བརྒྱད་དབང་པོ་ཀུན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་མིའམ་ཅི་འདབ་བཟང་སྲིན་པོ་ནམ་མཁའ་ལྡིང་། གཤིན་རྗེ་ཁྱེད་ཀྱི་སྡེ་བརྒྱད་འཁོར་དང་བགེགས་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ལས་དགེ་སྡིག་རྒྱུ་འབྲས་ཀྱི་ཆོས་ཤོད་ལ། །ཀྲི་ཡོག་ཀྱང་གསང་སྔགས་ཡིན་ལ་གསང་བ་མཆོག་གི་ནང་པ་སྟེ་རྣལ་འབྱོར་པས། །ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་པས་བླ་མེད་འབྲས་བུ་ཡང་དག་པར་རྫོགས་པའི་དངོས་


DNG019_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མ་ཐོབ་བར་དུ། །སྒོ་བསྲུང་བས་མཚམས་བཅད་པའི་ས་འདི་ཡན་ཆད་མ་བཏང་བར། །དཔལ་ཆེན་མི་ཕམ་ཞེ་སྡང་རྡོ་རྗེའི་བཀའ་ལས་མ་འདའ་ཞིག། །བདག་ཅག་གི་སེམས་དང་གཤིན་རྗེའི་ཐུགས་ཡེ་ནས་གཉིས་སུ་མེད། །དཀྱིལ་འཁོར་གྱི་ཕྱི་འཁོར་སྐྱོང་བའི་མུ་རན་ལ། །ལྷོར་བཞུགས་རྡོ་རྗེའི་སྔགས་ཀྱི་ཡལ་གམ་དམ་ཚིག་ཐུབ་པར་མཛོད། །ཨོཾ་ཡ་མ་གཤིན་རྗེའི་རྒྱལ་པོའི་མཚན་སྔགས་རཱ་ཛ་ས་དོ་མེ་ཡ། ཀྲིང་སྐྲི་ས་སྣ་ཛ་མ་རི་ས་མ་ཡ་སྟྭཾ། ལུག་གི་སོག་པར་བདུད་རྩི་འཁྱིལ་པ་བྲིས་ལ། །དམ་ཚིག་བསྐྱེད་པ་ཡེ་ཤེས་སྤྱན་དྲངས་ལ་བསྡིམ་མཆོད་པ་ཕུལ་ལ་ཕྲིན་ལས་བཅོལ། །སྨོན་ལམ་གདབ། བཀྲ་ཤིས་གསོལ། གནས་གང་ན་བཞུགས་ན་བསྐལ་པའི་མེ་དཔུང་འབར་འདྲའི་ཀློང་། །ལྷ་གང་བཞུགས་ན་འཆི་མེད་ཁྲོ་བོ་ཆེན་པོའི་སྐུ། །ཞལ་གསུམ་གྱི་ཕྲིན་ལས་གང་མཛད་ན་ཞལ་གཡས་ཞལ་སེར་པོ་རབ་ཏུ་བཞད་པ་ནི་དངོས་གྲུབ་རྒྱས་པར་མཛད། །འཛམ་བུ་ན་དཱའི་གསེར་འོད་འདྲ། །དབུས་མ་ཞལ་ཀུན་ཏུ་རྔམས་པས་བར་གཅོད་སེལ་བར་བྱེད་མརྒད་ལྗང་གུའི་མདངས། །གཡོན་པ་པདྨ་རཱ་ག་འདྲ། །དམར་ལ་གཤེ་བས་ལོག་ལྟ་ཚར་གཅོད། དབུ་ཡི་རལ་པའི་ཐོར་ཚུགས་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཛེས་པའི་སྟེང་ན། །རིགས་ཀྱི་བདག་པོ་སངས་རྒྱས་དོན་ཡོད་གྲུབ་པ་བཞུགས། །ཕྱག་དྲུག་གིས་ཕྲིན་ལས་ནི་ཐབས་མཆོག་གཡས་རྡོ་རྗེ་ཐབས་སྙིང་རྗེ་རྡོ་རྗེ་དང་། །གཡོན་ཤེས་རབ་སྟོང་པ་དྲིལ་བུ་གཉིས་ཐབས་ཤེས་ཐུགས་ཀར་བསྣོལ། །གཡས་བར་མ་ན་དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་རིན་པོ་ཆེ། །གཡས་ཐ་མ་ན་མཚོན་ཆའི་རྒྱལ་པོ་རལ་གྲི་གཡས། །ཉོན་མོངས་དུག་གསུམ་འཇོམས། གཡོན་དང་པོ་ན་འཁོར་བའི་འདམ་ལས་ཆགས་མེད་སྐྱོན་བྲལ་པད་མ་དང་། །གཡོན་ཐ་མ་ཕྲིན་ལས་ཀྱི་རྡོ་རྗེ་རྒྱ་གྲམ་གཡོན། །སྐུའི་རྒྱན་དང་ཆ་ལུགས་ནི་གདུག་པ་སྦྲུལ་རིགས་བཞི་རྣམས་གྱིས་ཕྱག་ཞབས་བརྒྱན། །ཚར་གསུམ་ཐོད་ཕྲེང་ཚངས་སྐུད་དོ་ཤལ་མཛད། །དཔའ་བོ་སྟག་ལྤགས་ཤམ་ཐབས་ཅན། །གདན་ནི་གང་ལ་ན་བགེགས་ཆེན་བསྣོལ་བའི་གདན་སྟེངས་ན། །ཕྲིན་ལས་གང་མཛད་ན་ཐོག་སེར་བགེགས་ལ་འབེབས། །དངོས་གྲུབ་གང་བསྐུལ་ན་བར་ཆད་བསྲུང་


DNG019_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། ༈ །ཨོཾ་ཨ་མྲྀ་ཏ་ཀུན་དྷ་ལིཙྪི་ན་དྷ་ས་མ་ཡ་སྟྭཾ། ཕྱི་ནང་བགེགས་རྣམས་བསྐྲད་པ་ཡི། །གཤིན་རྗེ་གཤེད་ཀྱི་སྔགས། གསང་སྔགས་ཕྲེང་བ་བཤད་ཀྱིས་ཉོན། །ཨོཾ་བཀྲ་ཤིས་པ་ཡིན་ཡང་ན་བསོད་ནམས་ལེན་ཟེར་རོ། །ཨོཾ་ན་མཿ ཕྱག་འཚལ་ལོ། །ས་མནྟ་ཀུན་ནས་ཀཱ་ཡ་སྐུ་བཱཀ་གསུང་ཙིཏྟ་ཐུགས་བཛྲ་ཎཱཾ་རྡོ་རྗེ་རྣམས་ཀྱི ། ཁ་ཁ་གསོལ་གསོལ་ཁཱ་ཧི་ཁཱ་ཧཱི་གསོལ་ཅིག་གསོལ་ཅིག །སརྦ་དུཥྚ་སཏྭ་ད་མ་ཀ་གདུག་པར་སེམས་པ་ཐམས་ཅད་འདུལ་བ ། ཨ་སི་མུ་ས་ལ་པཪྴུ་པཱ་ཤ་ཧསྟ་རལ་གྲི་གཏུན་ཤིང་དགྲ་སྟྭ་ཞགས་པའི་ཕྱག་ཅན ། ཙ་ཏུཪྨུ་ཁ་ཞལ་བཞི་པ་ཙ་ཏུརྦྷུ་ཛ་ཕྱག་བཞི་པ་ཥཊྩ་ར་ཎ་ཞབས་དྲུག་པ་ཨཱ་གཙྪ་ཨཱ་གཙྪ་ཚུར་སྤྱོན་ཚུར་སྤྱོན ། སརྦ་དུཥྚ་སྡང་བ་ཐམས་ཅད་པྲཱ་ཎ་ཨ་བ་ཧཱ་རི་ཎེ་སྲོག་འཕྲོག་པ ། མ་ཧཱ་བིགྷྣཱཾ་གྷ་ཏ་ཀ་བགེགས་ཆེན་པོ་གསོད་པ ། བི་ཀྲྀ་ཏ་ཨཱ་ན་ན་རྣམ་པར་འགྱུར་བའི་བཞིན་ཅན ། སརྦ་བྷཱུ་ཏ་གྷ་ཡཾ་ཀ་ར་འབྱུང་པོ་ཐམས་ཅད་འཇིགས་པར་བྱེད་པ ། ཨཊྚཱ་ཊྚ་ཧཱ་ས་ནཱ་དཱི་ནེ་གད་རྒྱངས་དྲག་ཏུ་བཞད་པའི་སྒྲ་འབྱིན་པ ། བྱཱ་གྷྲ་ཙརྨ་ནི་པཱ་ས་ན་སྟག་ལྤགས་ཀྱི་ཤམ་ཐབས་ཅན ། ཀུ་རུ་ཀུ་རུ་མཛོད་མཛོད ། སརྦ་ཀརྨཱ་ཎི་ལས་རྣམས་ཐམས་ཅད ། ཙྪིནྡ་ཙྪིནྡ་ཆོད་ཆོད ། སརྦ་མནྟྲ་ངན་སྔགས་ཐམས་ཅད ། བྷིནྡ་བྷིནྡ་ཕུག་ཅིག་ཕུག་ཅིག །པ་ར་མུ་དྲཱ་ན་གཞན་གྱི་ཕྱག་རྒྱ ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཁུག་ཅིག་ཁུག་ཅིག །སརྦ་བྷཱུ་ཏཾ་འབྱུང་པོ་ཐམས་ཅད ། ནིརྨ་ཐ་ནིརྨ་ཐ་འཇོམས་པར་གྱིས་འཇོམས་པར་གྱིས ། སརྦ་དུཥྚ་གདུག་པ་ཐམས་ཅད ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་དབྱེ་བར་གྱིས་དབྱེ་བར་གྱིས ། མཎྜ་ལ་མ་དྷྱེ་དཀྱིལ་འཁོར་དབུས་ལ ། བཻ་བྷ་སྭ་ཏ་གཤིན་རྗེ ། ཛཱི་བི་ཏཱནྟ་ཀ་ར་སྲོག་མཐར་བྱེད་པ ། ཀུ་རུ་ཀུ་རུ་མཛོད་ཅིག་མཛོད་ཅིག །མ་མ་ཀཱ་བདག་གི་བྱ་བ ། ད་ཧ་ད་ཧ་སྲེགས་ཤིག་སྲེགས་ཤིག །པ་ཙ་པ་ཙ་ཚོས་ཚོས ། མཱ་བི་ལམྦ་མཱ་བི་ལམྦ་དམིགས་པ་མེད་པར་གྱིས་དམིགས་པ་མེད་པར་གྱིས ། ས་མ་ཡ་མ་ནུ་སྨ་ར་དམ་ཚིག་རྗེས་སུ་དྲན་པར་གྱིས ། ཧཱུྃ་ཧཱུྃ་ཕཊ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ་ཚལ་པར་གྱིས་ཚལ་པར་གྱིས ། ཡ་ནཱ་ཤ་ཡ། པ་རི་པཱུ་ར་ཡ་བསམ་པ་ཐམས་ཅད་ཡོངས་སུ་གང་བར་གྱིས ། ཧེ་ཧེ་བྷ་ག་བཱན་ཀྱེ་ཀྱེ་བཅོམ་ལྡན་འདས ། ཀི་མ་ཙི་རཱ་ཡ་སི་ཅི་ཡང་མྱུར་བར ། མ་མ་སརྦ་ཨརྠ་སཱ་དྷ་ཡ་སཱ་ཧཱ་བདག་གི་དོན་ཐམས་ཅད་འགྲུབ་པའི་གཞི་ཚུགས །


DNG019_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ཀྱི་ཕྱི་སྲུང་བའི་སྔགས་སོ། ༈ །ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ་ཕྱག་འཚལ་ལོ་ཀུན་ནས་སྐུ་གསུང་ཐུགས་རྡོ་རྗེ་ལ ། ན་མོ་བཛྲ་ཀྲོ་དྷཱ་ཡ་ཕྱག་འཚལ་ལོ་རྡོ་རྗེ་ཁྲོ་བོ་ཆེན་པོ་ལ ། མ་ཧཱ་དཾཥྚོཏྐ་ཊ་བྷཻ་ར་ཝཱ་ཡ་ཁྲོ་བོ་ཆེན་པོ་མཆེ་བ་གཙིགས་པ་འཇིགས་སུ་རུང་བ་ལ ། ཨ་སེ་མུ་ས་ལ་པཪྴུ་པཱ་ཤ་ཧསྟྭ་ཡ་རལ་གྲི་གཏུན་ཤིང་དགྲ་སྟྭ་ཞགས་པ་ཕུག་ན་བསྣམས་པ་ལ ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བདུད་རྩི་འཁྱིལ་པ ། ཁ་ཁ་ཟོ་ཟོ་ཁཱ་ཧི་ཁཱ་ཧི་ཟོ་ཞིག་ཟོ་ཞིག ། ཧུ་ལུ་ཧུ་ལུ་ཞུགས་ཤིག་ཞུགས་ཤིག །ཏིཥྛ་ཏིཥྛ་གནས་པར་གྱིས་གནས་པར་གྱིས ། བནྡྷ་བནྡྷ་ཆིངས་ཆིངས ། ཧ་ན་ཧ་ན་རྒྱོབ་རྒྱོབ ། ད་ཧ་ད་ཧ་སྲེགས་སྲེགས ། པ་ཙ་པ་ཙ་ཚོས་ཚོས ། གརྫྫ་གརྫྫ་སྒྲོགས་སྒྲོགས ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་རྣམ་པར་ཁོས་རྣམ་པར་ཁོས ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ན་བགེགས་དང་ལོག་འདྲེན་ཐམས་ཅད ། མ་ཧཱ་ག་ཎ་པ་ཏེ་ཚོགས་བདག་ཆེན་པོ ། ཛཱི་བི་ཏཱནྟ་ཀ་རཱ་ཡ་སཱ་ཧཱ་སྲོག་མཐར་བྱེད་པ་ལ་གཞི་ཚུགས ། བདུད་རྩི་འཁྱིལ་པས་ནང་བསྲུང་བའི་སྔགས་སོ། ༈ །གཙང་མར་སྦྱར་བའི་ཕུད་དག་དང་། །ཤ་ཁྲག་ལས་བྱས་གཏོར་མ་ཡིས། །འབྱུང་པོ་ཀུན་ལ་བྱིན་བྱས་ཏེ། །གཤིན་རྗེའི་གནས་སུ་སྔགས་ཀྱིས་བསྐྲད། །ཕྱི་ནང་བསྡུས་པ་ནི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་གཏོར་མ་དང་གསེར་སྐྱེམས་བཏང་ལ་བདེན་པ་བདར་ལ་བསྐྲད་ལ་གཏང་ངོ་། །ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་གཉིས་ཀྱི་སར་མཐོ་བཞི་བཙུགས་ནས་ཀྱང་། ༈ །བགེགས་གཏོར་རྒྱལ་ཆེན་ཕྱོགས་སྐྱོང་དམ་སྲི་སྒོ་བྱང་རྣམས་སྔར་ཡང་བཤད་འདིར་ཡང་བཤད་པས་འགལ་ཟེར་ན་མི་འགལ་ཏེ། མདོར་བསྟན་པ་རྒྱས་པར་བཤད་པ་གོང་དུ་བཤད། འདིར་ནི་བསྡུས་ནས་བཤད་དེ། མདོར་བསྟན། རྒྱས་བཤད། མཇུག་སྡུད་དོ། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །རྒྱལ་ཆེན་སྡེ་བཞི་མཆོད་དེ། དང་པོ་རྫས་བསག །བར་དུ་ལྷ་བསྒོམ། ཐ་མ་ཕྲིན་ལས་གཞུང་བསྲང་ངོ་། །རྫས་བཞི་ལ། མཐོ་བརྩིག །ཤིང་གཟུག །དཀྱིལ་འཁོར་བྲི། མཆོད་པ་བཤམ་མོ། ལྷ་ལ་བཞི། བདག་ལྷར་བསྒོམ། མཐོ་གཞལ་གཡས་ཁང་དུ་བསྒོམ། ཤིང་རྒྱལ་པོར་བསྒོམ། མཆོད་པ་བྱིན་བརླབ། དེ་ནས་ལས་བཅོལ་ལོ། །ཕྱི་མཚམས་བསྲུང་བར་ཞལ་འཆེས་པའི། །མཐུ་ཆེན་ཕྱོགས་སྐྱོང་འཁོར་བཅས་ལ། །གཏོར་མ་ཆ་རེ་བྱིན་ནས་ཀྱང་། །ཕྱི་མཚམས་བསྲུང་བར་ཕྲིན་ལས་བཅོལ། ༈ །དེ་ནས་གོམ་པ་བདུན་ནང་དུ་ཉེ་བར་ཕྱོགས་སྐྱོང་བཅུ་མཆོད་དེ། དང་པོར་རྫས་བསག །


DNG019_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ལྷ་བསྒོམ། ཐ་མར་ལས་བཅོལ་ལོ། །རྫས་ལ་བཞི། ཧོམ་ཁུང་བྲུ། ཤིང་བརྩིག །མཆོད་པ་བཤམ། བདག་ལྷར་བསྒོམ། ཧོམ་ཁུང་ཁང་པ། ཤིང་ཕྱོགས་སྐྱོང་དུ་བསྒོམ། མཆོད་པ་བྱིན་བརླབ་བོ། །ཕྲིན་ལས་ནི་དང་པོར་མཆོད། ཐ་མར་ཕུར་པས་གདབ་པར་བྱའོ། །ཕུར་པ་དར་གྱི་ཅོད་པན་ཅན། །དེ་ནས་ཕུར་པ་གདབ་པ་ནི། ཕྱོགས་སྐྱོང་གི་འཁོར་བཀའ་མི་ཉན་ཅིང་གསུང་མི་སྡོད་པ་ལ་གདབ། ཕུར་པ་ཁྲོ་བཅུར་བསྒོམས་ལ་དང་པོ་དགུགས་པར་དུ་གདབ། ཐ་མར་སྤྲུལ་པ་སྤྲོ་ཞིང་མཚམས་བཅད་དོ། །ཁྲོ་བོ་བཅུ་རུ་བྱིན་བརླབས་ནས། །ཕྱི་མཚམས་བསྲུང་བའི་ཕྲིན་ལས་བཅོལ། །དེ་ནས་ཕྱག་རྒྱ་ཆེན་པོ་ཡི། །མ་དྷལ་ནག་པོ་གྲུ་གསུམ་དུ། །བར་ཆད་དམ་སྲི་གནན་བྱས་ཏེ། །བག་ཡངས་བདེ་བས་ནན་ཏན་བྱ། ༈ །དེ་ནས་དམ་སྲི་གནན་ཏེ། གནས་ཐེམ་པའི་འོག་ཏུ་རྫས་ཐོད་པར། བར་ཆད་རྐྱེན་དང་། གནོད་པར་སེམས་པ། ལས་ལས་གྲུབ་པ་གནན། ཐབས་དང་པོར་དགུག་ཐ་མར་དམ་སྲི་གནན་པར་བྱའོ། །འབུར་ལུགས་རིས་སུ་བྲིས་པ་ཡི། །ཆོས་ཀྱི་རྒྱལ་པོ་བདུད་རྩི་འཁྱིལ། །ཕྱི་ནང་སྒོ་བྱང་གདགས་པར་བྱའོ། །དེ་ནས་སྒོ་བྱང་གདགས་ཏེ། བགེགས་བསྲུང་བ་ལ་གཤིན་རྗེ་གཤེད་གདགས། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བས་དངོས་གྲུབ་བསྲུང་བ་ལ་བདུད་རྩི་འཁྱིལ་པ་གདགས་སོ། །དང་པོ་ཞེ་སྡང་རྡོ་རྗེས་བཀའ་བསྒོ་བ་ནི་ཕོ་བྲང་གི་ས་དང་བསྒྲུབ་པའི་དུས་ཏེ་ས་དང་དུས་ཀྱི་གཞལ་ཡས་ཁང་གི་གནས་འདི་རུ། །ཡང་དག་པའི་དོན་བསྒྲུབ་པ་ལ་མི་བརྩོན་ཞིང་། །བྱང་ཆུབ་དོན་ཆོས་སྐུའི་ལ་མི་གནས་པའི། །མི་དང་དབང་མེད་མི་མིན་གྱི་འབྱུང་ངོ་། །གང་ཡང་རུང་། །དེ་དག་ཐམས་ཅད་དབྱེར་མེད་གཅིག་ཏུ་བསྡུས་ནས་ནི། །རྡུལ་ཕྲན་བཞིན་དུ་བརླག་པ་དང་། །སེམས་ལུས་རྡུལ་དུ་གཤིག་ནས་ཉིད་ཐེག་པ་ཆེན་པོ་ཡི་ར་སེམས་བསྐྱེད་དེ། །འབྲས་བུ་རྣམ་པར་ཐར་པའི་སྒོ་གསུམ་དག་ལ་དགོད་པར་མཛད། །ཞེ་སྡང་རྡོ་རྗེར་ཡེ་ཤེས་ཕྲིན་ལས་བཞིའི་ནུས་ཅན་གྱི་མཛོད། །ལེ་ལོའམ་བཏང་སྙོམས་ས་མ་ཡལ་ཡོལ་ལམ་ཕྱད་ཕྱོད་དུ་བར་མ་བཏང་ཞིག །ཅེས་བཀའ་བསྒོས་ཏེ་སངས་རྒྱས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛ་ཛ། ཞེས་གཡས་གཡོན་དཔུང་པའི་ཁར་སེ་གོལ་གདབ་བོ། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་སྔོན་གྱི་སྨོན་ལམ་གྱི་དབང་གིས་མདུན་གྱི་ནམ་མཁའ་ལ་སྤྲིན་བཞིན་དུ་གཏིབས་ནས་མཚམས་ཀྱི་ཕྲིན་ལས་མཛད་པར་བསམ་མོ། །རྣལ་འབྱོར་


DNG019_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་འདི་ཉིད་ཀྱི་བཀའ་བསྲུངས་མ་གཏོགས་པ་རྣམས་སོ་སོ་ནས། །ཐམས་ཅད་ཐུགས་རྗེས་བཀང་ཟིན་གྱིས། ༈ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་འབྱུང་པོའི་གཏོར་མ་བཏང་ཟིན་གྱིས་དུས་ད་ལྟ་ཉིད་དུ་སོ་སོར་རང་རང་གི་གནས་སུ་དེངས། །གལ་ཏེ་འམ་ཅི་སྟེ་མི་འགྲོ་བར་འདིར་འདུག་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྗང་ནག་གཡས་རྒྱ་གྲམ་གཡོན་སྡིགས་མཛུབ་ཅན་གྱིས་དེ་མ་ཐག་ཏུ་སྙིང་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །བདེན་པ་བདར་ཞིང་བསྐྲད་པར་བྱ། །བདེན་པ་བདར་བ་ནི། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར། བཀའ་གསང་རྨད་དུ་བྱུང་བ། དུར་ཁྲོད་འབར་བ་མཆོག་གི་གནས་འདིར་འདུ་བའི་ལྷ་ལ་མ་གཏོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་རིགས་སུ་གྱུར་པ། མི་མིན་མི་རུ་རྫུ་བ། ལྷ་མིན་ལྷ་རུ་རྫུ་བ། གསང་སྔགས་བླ་ན་མེད་པའི་བཀའ་དང་དམ་ཚིག་མ་མནོས་ཤིང་། སྔགས་ཉན་ལ་མི་དབང་བ་ཕྱག་རྒྱ་བལྟ་བ་ལ་མི་དབང་བ། རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་གྱི་ཚེ་སྲོག་གི་བར་དུ་གཅོད་ཅིང་། དངོས་གྲུབ་ཀྱི་བགེགས་གཅུག་བྱེད་པ་དེ་དག་བསྐལ་པའི་མེ་དཔུང་འབར་ལ་སྲོག་གི་སྦྲང་བུ་ཡི་གནས་པའམ། མར་ཁོལ་མ་ལ་ཆུའི་ཐིགས་པ་མི་གནས་པའམ། ཉི་མའི་དཀྱིལ་འཁོར་ལ་མུན་པའི་གཞི་མི་གནས་པ་བཞིན་དུ་མ་གནས་པར་དེངས་ཤིག །རྡོ་རྗེ་གནོད་སྦྱིན་གཤེད་པོ་ཆེ། །གཡས་བསྐོར་དུ་སྤྲོས་ནས་བགེགས་བསྐྲད་གཡོན་བསྐོར་དུ་འདུས་ནས་མཚམས་གཅད་དོ། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། སྟེང་དུ་ཧཱུྃ་ཀཱ་ར་སྔོ་སྐྱ་མདའ་གཞུ་བསྣམས་པ་སྨད་ལྕགས་ཕུར་རོ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་དུ་རྣམ་པར་རྒྱལ་བ་དཀར་པོ་འཁོར་ལོ་བསྣམས་སྐུ་སྨད་ཐམས་ཅད་འདྲ། གཡས་བསྐོར་གཡོན་བསྐོར་འདྲ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ཤར་ལྷོར་དབྱུག་པ་སྔོན་པོ་དབྱུག་པ་ཐོགས་པ། སྨད་ལྕགས་ཕུར། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོར་གཤིན་རྗེ་གཤེད་མཐིང་ནག་མི་མགོའི་དབྱུག་པ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་བནྡྷ་བནྡྷ་ཧཱུྃ་ཕཊ། ལྷོ་ནུབ་ཏུ་མི་གཡོ་བ་སྨུག་ནག་རལ་གྲི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནུབ་ཏུ་རྟ་མགྲིན་དམར་པོ་ལྕགས་སྒྲོག །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ནུབ་བྱང་གཞན་གྱིས་མི་ཐུབ་པ་དམར་སྐྱ་བ་དན་ཐོགས་པ་སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་གཡས་བསྐོར་གཡོན་བསྐོར་འདྲ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཙྪིནྡྷ་


DNG019_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཙྪིནྡྷ་ཧཱུྃ་ཕཊ། བྱང་ན་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་བསྣམས་པ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡ་བྷིནྡ་ཧཱུྃ་ཕཊ། བྱང་ཤར་ཁམས་གསུམ་རྣམ་རྒྱལ་སེར་པོ་ནེའུ་ལེ་ཐོགས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། འོག་ན་སྟོབས་པོ་ཆེ་དུད་ཁ་གཏུན་ཤིང་ཐོགས་པ། སྐུ་སྨད་ཕུར་པའོ། །ཞེ་སྡང་རྡོ་རྗེའི་ཕྱག་གཡས་པ་ཟླ་བའི་སྟེང་ན་དཔའ་བོ་འབྲུ་ལྔ་གཡོན་ཉི་མའི་སྟེང་ན་ཡུམ་ལྔའི་ས་བོན། དེ་ལ་སྤྲོ་བསྡུ་བྱས་ནས་སོར་མོ་བསྣོལ་བས་རིགས་ལྔ་ཡབ་ཡུམ་སྦྱོར་བ་བྱས་པའི་མཚམས་ནས་མཚོན་ཆ་སྣ་ཚོགས་པའི་ཐོག་དབབ་པའོ། །ཁྲོ་བོ་འཆོལ་པ་ཕྱག་མཚན་སྣ་ཚོགས་པ་བསྣམས་པའོ། །འཁོར་ལོའི་ཐོགས་ཨོཾ་བྷྲཱུྃ། རྡོ་རྗེའི་ཐོགས་ཧཱུྃ་བྷྲཱུཾ། རིན་པོ་ཆེ་ཏྲཾ་བྷྲཱུཾ། པདྨ་ཧྲཱྀཿབྷྲཱུཾ། རྒྱ་གྲམ་ཨ་བྷྲཱུཾ། སྔགས་འདིས་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་པ་འཕྲོས་ནས་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པས་བགེགས་རྣམས་བསྐྲད་ནས་ཚུར་འདུས་ནས་མཚོན་ཆ་རྣམས་མདུན་དུ་སྤུངས་ནས་ཁྲོ་བོ་རྣམས་རང་ལ་ཐིམ་པའོ། །ཨོཾ་ཛྭ་ལ་བཛྲ། མནྟྲ་སུམ་བྷ་ནི། མནྟྲ་ཛྭ་ལ་བཛྲ། བཛྲ་ཛྭ་ལ་བཛྲ་ཧཱུྃ་ཕཊ། ༈ །གཡས་པ་དཔའ་བོ་འབྲུ་ལྔ་ཡབ། །ར་བ་དང་གུར་གྱི་མཚམས་ན་ལག་པ་གཡས་པ་ཉི་མ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བསམ་པས་རིགས་ལྔ་གསལ་བ་དང་། གཡོན་པ་དཔའ་མོ་འབྲུ་ལྔ་ཡུམ། །ཉི་མ་ལ་མཱུཾ་ལཱཾ་མཱཾ་བྞུ ་ཏཱཾ། བསམ་པ་ལས་ཡུམ་ལྔར་གསལ་བས་མདུན་ན་ཡོད་པའི་མཚོན་ཆ་ལ་དམིགས་ནས་བཀའ་བསྒོ་བ་བྱ་བ་དང་། བགེགས་ལ་བཀའ་བསྒོ་བ་བྱས་ལ་མཚམས་གཅད་དོ། ༈ །རིགས་ལྔ་ལས་སྤྲུལ་པའི་མཚོན་ཆ་ལ་བཀའ་བསྒོ་བ་ནི། ནམ་མཁའ་སྟོང་པ་ལས་སྤྲིན་ལྡང་བ་ལྟར་གཡས་བསྐོར་དུ་བགེགས་བསྐྲད་གཡོན་བསྐོར་དུ་མཚམས་གཅད་དོ། །བགེགས་ལ་བཀའ་བསྒོ་བ་ནི་བགེགས་ཀྱིས་ར་བ་དང་འདྲ་བའི་གུར་དེ་ལ་ཚུར་ལ་འདའ་མི་ནུས་པར་བསམ་པར་བྱའོ། །ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུངས། །སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་གཅལ། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལས། །གསང་བ་རྡོ་རྗེའི་མཚམས་ལས་མ་འདའ་ཞིག །རྡོ་རྗེའི་མཚམས་ཀྱི་འདྲེལ་འཁོར་ལོ་དང་རལ་གྲི་དང་དབྱུག་ཐོ་དང་། །ཕུར་བུ་རྣམས་ཤེས་པར་བྱའོ། །རྡོ་རྗེའི་ཚུལ་མཆོག་ཉིད། །དེ་དག་རང་རང་སོ་སོ་ཡི། །ཕྱག་རྒྱ་རབ་ཏུ་བཅས་ནས་ཀྱང་། །རྡོ་རྗེའི་ཕྱག་རྒྱ་ནི་གུང་མོ་གཉིས་རྩེ་སྤྲད་


DNG019_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་བསྣོལ། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་གནན་ནོ། །འཁོར་ལོ་ནི། ལག་པ་གཡས་གཡོན་སོར་མོ་རྩེ་སྤྲད་ལ་བྲལ་བའོ། །རལ་གྲི་ནི་མཐེ་བོང་མཐེའུ་ཆུང་མཐིལ་དུ་བཀུགས་ལ་གཞན་གསུམ་པོ་བརྐྱང་བའོ། །དབྱུག་ཐོ་ནི་གཡས་གཡོན་དུ་གུང་མོ་རྩེ་སྤྲད་གཞན་བསྣོལ་ལ། དབྱུག་ཐོ་ལྟང་ཕྱར། ཕུར་བུ་ནི། ལག་པ་གཡས་གཡོན་གཉིས་ཕུར་པ་འདྲིལ་བ་ལྟར་བྱའོ། །རྡོ་རྗེའི་བཛྲ་བཛྲ་རཀྵ། ཛྙཱ་ན་ཙཀྲ་རཀྵ་འཁོར་ལོ། །རལ་གྲི་ཏཱིཀྵྞ་ཙྪིནྡ་རཀྵ། དབྱུག་ཐོ་ཨ་ཀོ་ཊ་ཡ་མུངྒ་ར་རཀྵ། ཕུར་བུ་ཀཱི་ལི་ཀཱི་ལ་ཡ་རཀྵ། དྲུག་པ་བཀའ་ནན་ནི་ཚིག་འདི་དག་བརྗོད་པས་བགེགས་ཀྱིས་འདི་ལས་འདའ་མི་ནུས་པར་བསམ་མོ། །མཚམས་བཅད་ནང་འདི་ཚུན་ཆད་དུ། །བར་ཆོད་བྱེད་པ་རྣམས་སུ་ཡང་འདའ་བར་མ་བྱེད་ཅིག །ཇི་སྟེ་བཀའ་ལས་འདས་གྱུར་ན། །ཞེ་སྡང་རྡོ་རྗེའམ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་མཚན་ཐོ་བ་ལྕགས་ཀྱུར་བཅས་པ་ཡིས། །སྙིང་ནས་དྲང་ཞིང་བརྡུང་བར་བྱའོ། །ཐབས་དང་ཤེས་རབ་ཧཱུྃ་ལས་ཐབ་རྡོ་རྗེ་དྲིལ་མཱུཾ་ལས་དྲིལ་བུ་ཤེས་རབ་སྟོད་པ། །བཟུང་ནས་རྐང་པ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམས་ལ་རྒྱ་གྲམ་བསམ། །ཤར་དུ་ཞི་བའི་སྟབས་གཡས་བརྐྱང་ཤར་ལ་ལྷོར་རྒྱས་པའི་སྟབས་གཡོན་བརྐྱང་ལྷོ། །ནུབ་ཏུ་དབང་གི་སྟབས་ཟླུམ་པོ་ནུབ་ལ་བྱང་དུ་དྲག་པོའི་སྟབས་གྲུ་བཞི་བྱང་། །མཚམས་ནི་རྡོ་རྗེའི་འགྲོས་ཀྱིས་བསྐོར་ནས་བསད། །འོག་རྡོ་རྗེའི་བྲག་གི་ས་གཞི་རྡོ་རྗེར་གཏམས་པར་བསམ་མོ་བྱིན་གྱིས་བརླབས། །གོང་དུ་སོང་བ་ཡིན་ནོ། །ལུང་དཀྲུགས་པའོ། །འགྱོད་རྟོགས་ཏིང་འཛིན་དད་པའི་མེས། ༈ །ནང་བཤགས་པ་གཉིས་ལས། མེ་བཞིས་བཤགས་པ་ནི། འགྱོད་པ་དྲག་པོའི་མེས་རྣམ་སྨིན་བསྲེག་པ་དང་། རྟོགས་པ་བལྟ་བའི་མེས་རྣམ་སྨིན་བསྲེག་པ་དང་། ཏིང་འཛིན་གོམས་པའི་མེས་རྣམ་སྨིན་བསྲེག་པ་དང་། དད་པ་རླབས་པོ་ཆེའི་མེས་རྣམ་སྨིན་བསྲེག་པའོ། །རྒྱུ་བཞིའི་བཤགས་པ་ནི། དམ་ཚིག་ཉམས་པ་བཤགས་པ་ཉི་ཤུ་རྩ་བརྒྱད་པ་ནི་མཆེད་ལྕམ་གྱིས་བསྐང་གསོའི་དུས་སུ་བྱ། ཡེ་ཤེས་ལྷ་དང་འཁོན་གཅུགས་དཔྲལ་བ་ཡེ་ཤེས་སྐུ་མཆོག་ནི། སྔོན་འགྲོའི་དུས་སུ་བྱ། དམ་ཅན་དབང་དུ་བྱ་བ་ནི། ཚོགས་ཀྱི་དུས་སུ་དཔལ་ཆེན་ཁྲོ་རྒྱལ་བྱ། མ་མོ་མཁའ་འགྲོ་དབང་དུ་བསྡུས་པ་ནི། ལྷག་མའི་དུས་སུ་ཡེ་ཤེས་མཁའ་འགྲོ་བྱ། བསྐོར་ཞི་ཁྲོ་གཉིས་ནི། བསྐྱེད་རྫོགས་གཞུང་བསྲོང་བའི་རྗེས་ལ་བྱའོ། །ཉམས་པའི་ཆད་པ་བཤགས་པ་དང་། །ལུས་ངག་ཡིད་ཀྱི་སྒྲིབ་པ་ཡང་། །རབ་ཏུ་བཤགས་པར་བྱ་བའོ། ༈ །སྤྱི་རྐང་རྩིབ་ལྤགས་བ་སྤུ་སེན། །རྡོ་ར་


DNG019_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སར་གུར་དྲ་བ་མེ། ༈ །ནང་གི་མཚམས་ནི། སྤྱི་བོར་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་མ་རྡོ་རྗེའི་ར་བ། པགས་པ་རྡོ་རྗེའི་གུར། བ་སྤུ་མདའི་དྲག །སེན་མོའི་རི་རབ་ཏུ་འབར་བ། དེ་ལྟར་གནས་པས་སྲུང་བའི་འཁོར་ལོ་རང་གི་ཡུལ་ལ་རྫོགས་པར་གནས་སོ། །སེམས་ཉིད་སྲོག་རྩའི་ཧཱུྃ་རིང་རླུང་། །ས་གཞི་རྩིགས་པ་བླ་རེ་གུར། ༈ །དེ་ཉིད་རླུང་སེམས་ཀྱི་མཚམས་ནི། སེམས་ཀྱི་རང་བཞིན་སྲོག་འཛིན་པའི་རླུང་ཡི་གེ་ཧཱུྃ་དུ་གནས་ཏེ། ཧཱུྃ་ཆ་གཅིག་སྲོག་ལས་རྩོལ་བ་པའི་རླུང་དུ་ཕྱི་རོལ་དུ་འཕྲོས་ཏེ། ཧཱུྃ་དེ་ལས་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ཕྱོགས་སུ་འཕྲོས་པས་རྡོ་རྗེའི་རྩིགས་པ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། བླ་རེར་གྱུར་པ་ནི། སྲོག་གི་རླུང་སེམས་ཉིད་ལས། རྩོལ་བའི་རླུང་སེམས་ཀྱི་སྣང་བར་གྱུར་ནས་སྲུང་བའི་འཁོར་ལོར་གྱུར་པའོ། །ཀུན་གཞི་ཆོས་ཉིད་ཕོ་བྲང་ན། །དེ་ཁོ་ན་ཉིད་ཀྱི་བཤགས་པ་ནི་རང་གི་ཀུན་གཞི་ཆོས་ཉིད་ཀྱི་ཕོ་བྲང་མྱང་འདས་ཀྱི་གྲོང་ཁྱེར་ཆེན་པོར་གནས་པ་དེ་ན། ཡིད་ཀྱི་རང་བྱུང་ཡེ་ཤེས་ལྷ། །ཡིད་རང་བྱུང་གི་ཡེ་ཤེས་དཔལ་ཀུན་ཏུ་བཟང་པོ་དོན་སྐྱེ་བ་མེད་པའི་ལྷར་གནས་པ་ལ། ཉོན་མོངས་པ་ལྔ་རྒྱལ་བ་རིགས་ལྔ་བཅོམ་ལྡན་འདས། །སུ་བཞུགས་ཏེ་གཏི་མུག་རྣམ་སྣང་། ཞེ་སྡང་མི་བསྐྱོད་པ། ང་རྒྱལ་རིན་འབྱུང་། འདོད་ཆགས་སྣང་མཐའ། ཕྲག་དོག་དོན་ཡོད་གྲུབ་པར་བཞུགས་སོ། །སྒོ་ལྔའི་འཁོར་དང་བཅས་པ་རྣམས། །དབང་པོ་སྒོ་ལྔ་འཁོར་ཏེ། མིག་གི་དབང་པོ་ས་སྙིང་བྱམས་པ་ཡབ་ཡུམ། རྣ་བ་སྒྲིབ་སེལ་ཕྱི་ནང་ཡབ་ཡུམ། སྣ་སྤྱན་རས་གཟིགས་ཕྱི་ནང་ཡབ་ཡུམ། ལྕེ་ཕྱག་རྡོར་ཕྱི་ནང་ཡབ་ཡུམ། ལུས་ཀྱི་དབང་སྒོ་བ་ཡབ་ཡུམ་དུ་ཡེ་ནས་གནས་པར་བཞུགས་པ་ལགས། རྩ་གནས་སྣོད་དུ་ལུས་ཁམས་སྦྱར། །ལུས་ལ་གནས་པ་རྩ་ནི། མཆོད་པའི་སྣོད་ཡིན་ལ་ལུས་ཁམས་ཀྱི་བདུད་རྩི་མཆོད་པའི་རྫས་སུ་ཡེ་ནས་གནས་པ་ཡིན་ཏེ། བདུད་རྩི་ལྔ་ཡང་སེམས་ཅན་ཀུན་གྱི་ལུས་ལ་གནས་སོ། །རང་སྔགས་བྱིན་རླབས་རླུང་གིས་དབུལ། །རང་གི་ལུས་འགྲུབ་པའི་སྔགས་དཔའ་བོ་འབྲུ་ལྔ་ཉིད་ཡེ་ནས་བདུད་རྩི་བྱིན་གྱིས་རླབས་པའི་སྔགས་ཡིན། སྙིང་པོ་རླུང་གི་སྤྲོ་བསྡུས་རླུང་བཟུང་ནས་ལུས་ཀྱིས་སངས་རྒྱས་རྣམས་མཉེས་པར་མཆོད་པ་འབུལ་ལོ། །མཉེས་ནས་ལུས་དང་ངག་ཡིད་ཀྱི་སྒྲིབ་པ་ལུས་སངས་རྒྱས་སུ་མ་ཤེས་པ་དང་། ངག་སྔགས་སུ་མ་ཤེས་པ་དང་། སེམས་ཆོས་སྐུར་མ་ཤེས་པའོ། །མི་ཤེས་པ་ཁོ་ན་མ་རིག་པ་ཡིན་པས་ན་སྒྲིབ་པ་དང་། ཤེས་པ་ནི་སྒྲིབ་པ་དག་པའོ། །ལ། །སྒྲིབ་ལ་མི་གནས་རང་གྲོལ་བཤགས། །དེ་ལྟར་རྟོགས་པས་སྒྲིབ་པ་


DNG019_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པར་རང་སར་གྲོལ་བ་ཁོ་ན་བཤགས་པ་ཡིན་ནོ། །དེ་ཡང་དཔེར་ན་མར་མེ་བཏེགས་པས་མུན་པ་རང་དེངས་པ་ལྟར་རྟོགས་པས་སྒྲིབ་པ་རང་དག་པར་གྱུར་པའོ། །ཞེས་གསུངས་སོ། །ཧེ་རུ་ཀ་ཡི་གལ་པོ་ལས། མཚམས་ཀྱི་ཕྲིན་ལས་ཀྱིས་བར་ཆད་བསལ་བ་སྟེ་བརྟག་པ་དྲུག་པའོ།། །།ཕྱི་བཤགས་ཕྱི་སྐོང་ཕྱི་མཚམས་གསུམ་ནི། ཆོས་ཐམས་ཅད་ཐུན་མོང་དུ་གསུངས་པ་ཡིན་ལ། ནང་མཚམས་ནང་བཤགས་ནི། འབྲས་བུ་གསང་སྔགས་ནང་པ་ཁོ་ནའི་ཡིན་ཏེ། དེ་ཡང་ཕྱི་སྐོང་དཀོན་མཆོག་མཆོད་པ་ནི་རྒྱུ་མཚན་ཉིད་དང་མཐུན། མགྲོན་བཞི་མཆོད་པ་ཀྲི་ཡོག་དང་མཐུན། ཕྱོགས་སྐྱོང་མཆོད་ཅིང་ཕུར་པ་གདབ་པ་ཕྱི་མཚམས་སོ། །ནང་མཚམས་དམ་སྲི་སྒོ་བྱང་ལ་སོགས་པ་ནང་པ་དང་མཐུན་ནོ། །སྔོན་འགྲོ་ཕྲིན་ལས་ཀྱི་རིམ་པ་ཡིན་ནོ། །སྒྲུབ་པ་པོ་ལ་བར་ཆད་འབྱུང་བ་རྣམས་བསལ་ཞིང་ཕྱི་ནང་གི་མཚམས་གཅད་པར་བྱ་བའི་ཆོ་གའི་རིམ་པ་རྣམས་ཡང་ནས་ཡང་དུ་གསུངས་པས་ན་བརྟག་པའོ། ༈ །བརྟག་པ་ནི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྟོགས་པར་བྱེད་པས་ན་བརྟག་པའོ། །ཟེར་རོ། །རྟོག་ཅིང་རྫོགས་པར་བྱེད་པའོ། ༈ །ཡང་ན། སཾ་སྐྲི་ཏའི་སྒྲ་ལས། ཀལྤ་སཾ་པ་ཏ་ནི། ཞེས་བྱ་བ་ཡིན་ཏེ། བོད་སྐད་དུ། རྟོག་པའམ། བརྟག་པའམ། ཆོ་གའམ། ཆོ་ག་ཞིབ་མོ་ཡིན་གསུངས་སོ། །ཡི་གེ་འདི་ཉིད་བླ་མའི་ཕྱག་དཔེ་ལ་མི་བཞུགས་སོ། །གཞན་ནས་གསུངས་པ་འདིས་ངོ་བོས་བྲིས་སོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དཀྱིལ་འཁོར་ནུབ་ཕྱོགས་སུ་བྱའོ་དེ་བཞིན་གཞི། །ཐོད་སྐུ་ཞལ་ནུབ་ཏུ་བསྟན་སློབ་དཔོན་དགོངས་པའི་གཞི་ཡང་། ཁམ་ཕོར་ཏེ་ཐོད་པ་དགུ་ལ་རི་མོ་བྲིས་པ འི་སྐུ་དགུ། །སྣང་བའི་འོད་མར་མེ་དགུ་དང་བཅས་པར་དགྲམ། །དཀྱིལ་འཁོར་རྫས་ཀྱིས་མཛེས་པར་འཁོར་བར་བཞག་ལ་མཐའ་རྩང་གིས་བྱང་བསྐོར་རོ། །མིག་གི་བདེ་བའི་རྟེན་ཡུམ་ཏིང་ངེ་འཛིན་རྟེན་བྲིས་སྐུ་ལ་སོགས་ཡང་མངོན་པར་བྲི་སྟེ་དགྲམ་མོ། །རང་བཞིན་དཀྱིལ་འཁོར་སྐུ་གསུམ་ལྷུན་གྱིས་གྲུབ་པ་འོག་མིན་ན་གནས་སོ། །གཟུགས་བརྙན་གྱི་རྒྱུའམ་རྣམ་གྲངས་ནི་གསེར་དངུལ་ལུགས་མ་དང་ནི། །རྡོ་ལ་བརྐོས་མ་འམ་བ་སོ་ལ་འབུར་དུ་བརྐོས་ཤིང་། །རས་བལ་ལ་སོགས་པ་ལས་ཐགས་སུ་བཏགས་པ་དང་ཁང་བུ་དང་སྟེ་ལྷ་ཁང་བྲིས་པའི། །ས་འམ་འཇིམ་པ་ཡི་གཟུགས་ལྡེར་སོ་དང་དར་རས་སམ་ཤིང་ལ་སོགས་པ་ལ་


DNG019_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་བྲིས་པ་དང་། །ས་ལ་སོགས་པ་ལ་རྡུལ་ཚོན་དུ་བྱས་པ་དང་ལ་སོགས་པ་ཤིང་པླཀྵ་དང་ཙནྡན་རྣམས་ལས་བྱས་པ་མང་པོ་རྣམས། །རྣལ་འབྱོར་སྒྲུབ་པོའི་རྒྱུ་འབྱོར་བ་ཆེ་ཆུང་དང་སྦྱར། །རེ་གཞི་ལམ་འབྲས་བུའི་རྒྱུད་དང་རྩ་བ་དང་བསྐྱེད་པ་དང་ལས་སྔགས་ཀྱི་སྦྱོར་བ་མཁས་པ་ཅན། །དེ་ཉིད་བཅུ་ནི་རྟོགས་པ་བལྟ་བ་ལ་སོགས་ཡོངས་སུ་ཤེས་པའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བའི་ལས་ལ་བརྩོན་པའོ། །རང་གི་ལུས་ལ་མཚོན་པ་རྒྱར་འདོམ་གང་གྲུ་བཞི་དང་སྙིང་མཚོན་པས་དཔངས་སུ་ཆག་གང་ལ། །ཡང་ན་ལུས་ཀྱི་ཕྱེད་ཡིན་པས་སྙིང་མཚོན་པ་མདའ་གང་གྲུ་བཞིར་བྱ། ༈ །དབུས་ཀྱི་བྱང་ཆུབ་སེམས་ནི་མེ་ལོང་ཡེ་ཤེས་ཏེ། །སྔར་སངས་རྒྱས་པའི་དེ་བཞིན་གཤེགས་པའི་གསང་མཆོག་དམ་པ་རབ་ཏུ་བསྒྲུབ་པའི་ཕྱིར། །རྫོགས་པའི་སངས་རྒྱས་ཀྱི་བཀའ་སྣོད་མིན་རྣམས་ལ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །སྣོད་མིན་དབང་མ་ཐོབ་པའམ་དམ་ཚིག་མེད་པ་རྣམས་ལ་གསང་བའི་དཀྱིལ་འཁོར་ཆེན་པོ་འི་དབུས་སུ་བྱང་ཆུབ་སེམས་ཀྱི་ཆག་ཆག་འདེབས་པས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསལ་ལོ། །ཨོཾ་མ་ཧཱ་ཡེ་ཤེས་ཛྙཱ་ན་མཎྜ་ལ་དཀྱིལ་འཁོར་ཧཱུྃ། སངས་རྒྱས་རེ་རེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་མངའ་བ་བདུད་རྩི་དྲི་ཆེན་ཡེ་ཤེས་ལྔར་ལྡན་པས། །དེ་བཞིན་གཤེགས་པའི་གསང་མཆོག་བསྒྲུབ་པའི་ཕྱིར། །རྫོགས་པའི་སངས་རྒྱས་ཀྱི་བཀའ་སྣོད་མིན་རྣམས་ལ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །སྣོད་མིན་ནམ་དབང་མ་ཐོབ་པའི་དམ་ཚིག་མེད་པ་རྣམས་ལ་གསང་བའི་དཀྱིལ་འཁོར་ཆེན་པོ་ཆག་ཆག་ཤར་དུ་འདེབས་སོ། །ཆེན་པོ་མ་ཧཱ་བ་སུ་རྒྱུ་མ་མཎྜ་དཀྱིལ་འཁོར་ལ་ཧཱུྃ། བདུད་རྩི་མཱཾ་ས་ཤ་ཆེན་རིན་འབྱུང་གི་དམ་རྫས་ཡིན་རིན་འབྱུང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་ཡེ་ཤེས་ལྔར་ལྡན་པས་ན་ཡེ་ཤེས་ལྔར་ལྡན་པས། །དེ་བཞིན་གཤེགས་པའི་གསང་མཆོག་བསྒྲུབ་པའི་ཕྱིར། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་ཆེན་པོ་ལྷོ་ན་བདུད་རྩི་ཤ་ཆེན་གྱི་ཆག་ཆག་འདེབས། །དཀྱིལ་འཁོར་གྱི་ལྷོ་ནས་ཆག་ཆག་གདབ་བོ། །མ་ཧཱ་མཱཾ་ས་མཎྜ་ལ་ཧཱུྃ། ལུས་ཁམས་བདུད་རྩི་ལྔ་ལས་ཁྱད་པར་དུ་ཡུམ་གྱི་པདྨ་རཀྟས་གདབ་པ་ནི། བཀའ་


DNG019_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །དེ་བཞིན་གཤེགས་པའི་གསང་མཆོག་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་རང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་སྟེ། དེ་བསྒྲུབ་པའི་ཕྱིར། །པད་རཱག་འབྱུང་གནས་གང་ཡིན་ན་མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ནས། །རཀྟ་གསང་བའི་དཀྱིལ་འཁོར་སྣང་མཐའི་དམ་རྫས་ཆེན་པོར་སྤྲོ། །དཀྱིལ་འཁོར་གྱི་ནུབ་ཏུ་བྱུག་པར་བྱའོ། །མ་ཧཱ་རཀྟ་མཎྜ་ལ་ཧཱུྃ། བདུད་རྩི་དྲི་ཆུ་ཡེ་ཤེས་ལྔར་ལྡན་པས། །བདུད་རྩི་དྲི་ཆུས་ཆག་ཆག་གདབས་པས་བྱ་ཕུག་རོན་གྱི་སྐེའམ་རྨ་བྱའི་མདོངས་ལྟར་དྲི་ཆུ་ཁ་དོག་ལྔ་ལྡན་ནོ། །ཡེ་ཤེས་ལས་བྱུང་བྱ་བ་གྲུབ་པའི་ཡེ་ཤེས་འགྲུབ་པའི་རྒྱུ་དྲི་ཆུ་རང་ལས་བྱུང་བའོ། །དག་པ་ལས་ཀྱི་ཆུ། །དེ་བཞིན་གཤེགས་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མ་ལུས་པ་འགྲུབ་པ་སྟེ་རྟོགས་དཀའ་ལས་གསང་མཆོག་བསྒྲུབ་པའི་ཕྱིར། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་རྟོགས་པར་དཀའ་བས་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །གསང་བའི་དཀྱིལ་འཁོར་ཆེན་པོ་ཆག་ཆག་འདེབས། །ལྷ་དོན་ཡོད་གྲུབ་པའི་གཞལ་ཡས་ཁང་དུ་གནས་པར་བྱ་བ་དངོས་སུ་དྲི་ཆུས་བྱུག་གོ། །ཨོཾ་མ་ཧཱ་མ་མ་ཀི་རི་དྲི་ཆུ་མཎྜ་དཀྱིལ་འཁོར་ལ་ཧཱུྃ། དབུས་ནས་ཤར་ཏེ་དབུལ་ནས་བྱང་ཆུབ་སེམས་དང་། ཤར་དུ་དྲི་ཆེན་དང་། ལྷོར་མཱཾ་ས། ནུབ་ཏུ་པད་རཱག །བྱང་དུ་དྲི་ཆུས་གཡས་བསྐོར་གདབ་པས། ༈ །དབུས་ཆོས་ཀྱི་དབྱིངས། ཤར་མེ་ལོང་། ལྷོ་མཉམ་ཉིད། ནུབ་སོ་སོར་རྟོག་པ། བྱང་བྱ་བ་འགྲུབ་པའི་ཡེ་ཤེས་ལྔ་ཡི་བྱིན་རླབས་ཕེབས་པར་བསམ། །རས་བལ་པདྨའི་རྒྱུས་པ་དང་། །ཤི་བའི་སྒྲ་ཡི་སྐུད་པ་འམ། །བ་སུ་ཏ་ཡི་ཐིག་སྐུད་བྱས། །ཐིག་སྐུད་ལ་བཞི་སྟེ། རྒྱུ་ཕྱི་ལྟར་རས་བལ་ལམ། པདྨའི་རྒྱུས་པ། ནང་ཡུགས་སྐྲའམ་ཤི་སྐྲ་ལ་བྱའོ། །གསང་བ་ནི་ཁྱི་དཀར་པོའི་རྒྱུ་མ་འམ་ཞིང་གི་རྒྱུ་མའོ། །ཡེ་ཤེས་ལྔ་ལྡན་ཀྱི་ཐིག་སྐུད་ལྔ་བསྒྲིལ་གྱིས་སྟེང་གི་ཐིག །ནམ་མཁའ་ལ་ཐིག་གདབ་སྟེ་ཡེ་ཤེས་ཀྱི་ལྷ་སྟེང་གི་ནམ་མཁའ་ལ་དབང་པོར་སྤྱན་དྲངས། ས་ཐིག་དམ་ཚིག་གི་ཐིག་སྐུད་གསུམ་བསྒྲིལ་གྱིས་ས་ལ་བཏབ་པས་ས་གཞི་སྐུ་གསུང་ཐུགས། །མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆེ་བ་རྒྱས་པར་བསམ། སློབ་དཔོན་ནུབ་ཏུ་བཞུགས་པ་ཐམས་ཅད་དབང་དུ་བྱེད་པས་སོ། །ཐིག་གྲོགས་ཡུམ་ལ་གསུམ། དང་པོར་བཙལ། བར་དུ་ཆས་སུ་གཞུག །ཐ་མར་བྱིན་བརླབ་བོ། །དང་པོ་ནི་རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་སམ། བྲམ་ཟེའམ། གདོལ་པའི་བུ་མོ་མཚན་ལྡན་ནོ། །ཆས་ནི་ཁྲུས་བྱ། དྲི་


DNG019_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་པོས་བྱུགས། གུ་གུལ་ལ་བདུག །བགེགས་བསྐྲད། རྒྱན་གདགས་སོ། །བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་སྤྱི་བོར་ཐིག་སྐུད་བཞག་པ་འོད་དུ་ཞུ་ནས་ལྷག་པ་བྱང་ཆུབ་སེམས་སུ་བྱིན་བརླབ། ཡུམ་གྱི་སྤྱི་བོར་བཞག་པས་ཡུམ་གྱི་ལྷག་པ་བྱང་སེམས་སུ་བྱིན་གྱིས་བརླབ་བོ། །ལ་ཤར་དུ་ཡུམ། །བཞུགས་ཏེ་བདེ་བའི་ཡེ་ཤེས་ཤར་བས་སོ། །བཀྲ་ཤིས་པས་མཆོག་གྲུབ་མཚན་ལྡན་གྱིས་ཐུན་མོང་གྲུབ་པའོ་གཟུངས་མའི་ཡུམ། །སྐུའི་ཡོན་ཏན་ནི་ཞལ་ནས་ཨུཏྤལ་ངད་ལྡན་ཞིང་། །ཨུཏྤལ་མཛེས་པ་དང་། ངད་ཞིམ་པ་དང་། སྦྲང་རྩི་མང་བ་དང་། བུང་བས་བླང་བར་བདེ་བ་ལྟར། སྐུ་མཛེས་པར་མཚན་དཔེར་ཚང་། དྲི་ཞིམ་པས་མ་མོ་མཁའ་འགྲོ་འདུ། རཀྟ་མང་བས་དམ་རྫས་ཚང་། ཀུན་ནས་འགྲོག་པར་སླ་བས་དམ་ཚིག་མི་ཉམས་པའོ། །གསུང་གི་ཡོན་ཏན་སྐད་ཀྱང་ངང་པ་གཞོན་ནུ་འདྲ། །སྙན་པར་སྨྲ་ཞིང་ཚུལ་དང་ལྡན། །བཀྲ་ཤིས་མཚན་ལྡན་ཐུགས་ཀྱི་ཡོན་ཏན་ཡིད་དུ་འོང་། །མཉེན་ལྕུག་འཁྲིལ་ལྡེམ་དབྱེར་མི་ཕྱེད། །ཡོན་ཏན་གྱི་ཡོན་ཏན་རྡོ་རྗེ་ལས་ཀྱི་དོན་གྲུབ་མ། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱིས། །བྱང་སེམས་དཀར་དམར་ནི་འཁོར་འདས་ཀུན་བསྐྱེད་པའི་རྒྱུ་ཡིན་པས། དེས་བཏབ་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་འབྱུང་བར་འགྱུར་བའོ། །ཡབ་ཡུམ་མཁའ་ནས་ཐིག་བྲིས་ལ་གདབ་པའོ། །གསང་བའི་དཀྱིལ་འཁོར་ཕྲིན་ལས་ཀྱི་ཡོན་ཏན་ཐིག་འདེབས་ཀྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། དེ་ནས་ཐིག་གདབ་བཞི་ལས། དང་པོ་ཁྱབ་པ་སྤྱིའི་ཐིག་སྣང་སྲིད་ཆོས་ཉིད་དུ་རྟོགས་པའོ། །གཉིས་པ་གསང་བ་བྱང་ཆུབ་སེམས་ཀྱི་ཐིག་ནི། ཐིག་སྐུད་ཡུམ་གྱི་མཁའ་ལ་འཕངས་པས་ལྷག་པ་བྱང་ཆུབ་སེམས་དཀར་དྲེངས་ཀྱིས་སོང་བས། ཡུམ་གྱི་མཁའ་ཟླ་ཁམས་སུ་གསལ་བའོ། །གསུམ་པ་ཏིང་ངེ་འཛིན་གྱི་ཐིག་ནི་སྟེང་ཏུ་བཏབ་པས་གཞལ་ཡས་ཁང་དུ་གྱུར་པའོ། །འོག་ཏུ་བཏབ་པས་འོག་གཞལ་ཡས་ཁང་དུ་གྱུར་པའོ། །བཞི་ལ་རྡུལ་ཚོན་གྱི་ཐིག་ཆ་ཕྱེ་བའོ། །ཐབས་དང་གསང་བ་བྱང་ཆུབ་སེམས་ཀྱི་ཐིག་གདབ་པ་ཤེས་རབ་ལྡན་པའི་བྱིན་རླབས་ལས། །ཐེག་པ་འོག་མ་ཕྱི་ཀྲི་ཡོག་མན་ཆད་ལ་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་ཡབ་ཀྱི་བྱང་སེམས་ཡུམ་གྱི་མཁར་ཕབ་པས་ཐིག་ཏུ་གྱུར་པ་བཏབ་པས། །ཡེ་ཤེས་གཞལ་ཡས་དེ་ལ་གཞལ་ཡས་ཁང་ཟླ་ཁམ་པ་ཡུམ་གྱི་མཁར་གྱུར་ཏོ། །ཕོ་བྲང་ལྷུན་གྱིས་གྲུབ། །ཨོཾ་གུ་ཧྱ་ཨེ་ཀྲ་ཛྙཱ་ན་མཎྜ་ལ་ཧཱུྃ། ཏིང་ངེ་འཛིན་གྱི་ཐིག་


DNG019_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡེ་ཤེས་ལྔ་ལྡན་གནམ་ཐིག་གིས། །སྟེང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་དཀྱིལ་འཁོར་ཕོ་བྲང་གཞལ་ཡས་ཁང་དུ་གྱུར་གྱུར་པར་བསམ་མོ། །ས་ཐིག་བཏབ་པས་འོག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་། །དཀྱིལ་འཁོར་ཕོ་བྲང་གཞལ་ཡས་ཁང་ཆེན་པོར་གྱུར་པར་བསམ་པའོ། །ཐིག་གི་འབྲས་བུ་བསྟན་པ་ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །དུར་ཁྲོད་བདལ་བའི་གཞལ་ཡས་ལྷུན་གྱིས་གྲུབ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ། བཛྲ་ཛྙཱ་ན་ཙཀྲ། མ་བྷ་ལ་བྷྲཱུཾ། མཚོན་པ་རྡུལ་ཚོན་གྱི་ཐིག་ནི་དབུས་མི་འགྱུར་བའི་ཐིག །ཤར་མེ་ལོང་། ལྷོ་མཉམ་ཉིད། ནུབ་སོ་སོར་རྟོག་པ། བྱང་བྱ་བ་གྲུབ་པ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ལ་ཕྱི་དུར་ཁྲོད་འབར་བར་བསམ་མོ། ༈ །དྲུག་པ་ཚོན་བསྟན་པ་ལ་གསུམ་སྟེ། རྒྱུ། རཀྟ། བྱིན་རླབས་སོ། །རྒྱུ་ལ་གསུམ་སྟེ་རབ་བསྟན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྫས། །པུ་ཤ་ར་ག་གསེར་དང་ནི། །པདྨ་རཱ་ག་མར་ཀ་ཏ། །ཨིནྡྲ་ནཱི་ལ་ཚོན་དུ་སྦྱར། ༈ །ཚོན་གྱི་རྒྱུ་བསྟན་པ་ལ་གསུམ་སྟེ། ཕྱི་ནང་། ནང་དང་། གསང་བའོ། །ཕྱི་ལ་གསུམ་སྟེ། རབ་དཀྱིལ་འཁོར་འབྲི་བའི་ཡོན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པའི་དབང་དུ་བཤད་པ་སྟེ། དཀར་པོ་རིན་པོ་ཆེ་པུ་ཤ་ར་ག་ལས་བྱས་པའོ། །སེར་པོ་གསེར། དམར་བ་པདྨ་རཱ་ག །ལྗང་གུ་མར་གད། མཐིང་ག་ཨིནྡྲ་ནཱི་ལའོ། །དེ་ཡང་རྒྱུ་བཟང་ན་བྱིན་རླབས་ཆེ་བ་དང་། ཚོགས་རྫོགས་པ་དང་བརྙས་པ་མི་བྱ་བའི་དགོས་པ་ཡོད་དེ། རྒྱུ་བཟང་པོ་ལ་ཀུན་དད་པས་སེམས་དང་བ་སྐྱེ་བས་བྱིན་རླབས་ཆེའོ། །ཚོགས་རྫོགས་པ་ནི་ས་ཚོན་བླ་མ་དང་མཆེད་ཀྱིས་ཚགས་བྱས་ནས་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའོ། །བརྙས་པ་མི་བྱ་བ་ནི་བླུན་པོ་བ་གླང་རྫི་ལྟ་བུ་ཡང་ཚུལ་བསྲུང་བར་གྱུར་ཏེ། རྒྱལ་པོའི་བྲན་ཡང་ཡིད་ཆེས་ཤིང་དང་བའོ། །འབྲིང་གི་མི་ཡི་དབང་པོས་སྦྱར་སྟེ་དཀར་པོ་ནས་སམ་འབྲས། །ལས་བྱས་པ་དང་། སེར་པོ་བྲ་འོ་ལས་བྱས་པ་དང་། དམར་པོ་རམ་བུ་ནས་དམར་པོ་ལ་བྱ་དང་། །ལྗང་གུ་ནས་སམ་ནས་ཀྱི། ནག་པོ་སྲན་མ་ལ་སོགས་པ་བྱ་ལྗང་པ་སྲན་མ་ལ་སོགས་པ། །འབྲིང་དང་ཞི་བའི་ཚོན་དུ་བཤད། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་ཁྱད་པར་དུ་ཚོན་འབྲུ་སྣ་ལྔ་ལས་བྱའོ། །དུར་ཁྲོད་ཀྱི་རྫས་དང་དབང་པོ་ཐལ་ཆེན་སེར་པོ་ལྡོང་རོས་དང་། །དམར་པོ་རོ་བསྲེགས་པ་དེ་ཡི་སོ་ཕག་ལྗང་གུ་དུར་ཁྲོད་རྔམ་པ་དཱུར་


DNG019_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །སོལ་བས་བྲི་བ་འདི་ནི་ཁྱད་པར་དུ་ཁྲོ་བོ་ཡི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །ཚོན་ཐ་མ་དཀར་པོ་རྡོ་ཐལ་སེར་པོ་ས་སེར་རམ་བབ་ལ་ལྡོང་། །རོས་དམར་པོ་སྐག་གིས་བསྒྱུར་ལ་དམར་པོ་བྱ་བ་དང་། །མཐིང་ག་རམས་ཀྱིས་བསྒྱུར་བ་ལས་བྱས་དང་ནག་པོ་འབྲུ་བསྲེགས་པ། །ཞི་ཁྲོ་ཐུན་མོང་གི་ཐ་མའི་རྡུལ་ཚོན་དག་ཏུ་བཤད། ༈ །རཀྟ་ནི་གསང་བའི་ཚོན་ནི་འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་རཀྟ་འམ་ཡུམ་མཚན་ལྡན་གྱི་པདྨ་རཀྟའོ། །རི་མོ་གཅིག་པ་ཞེས་བྱ་བ། །དེ་དག་ཐམས་ཅད་རི་མོ་གཅིག །ཆགས་པའི་རཀྟ་བྱང་ཆུབ་སེམས། །གསང་སྔགས་ནང་པའི་དཀྱིལ་འཁོར་ཀུན་ནམ་གཟུགས་བརྙན་ཀུན་ལ་རཀྟ་གཏང་ངོ་། །གྱི་ཚོན་རྩིར་བཤད། ༈ །ཡི་གེ་འབྲུ་ལྔས་བྱིན་བརླབས་པ། །ཕྱག་མཚན་རིགས་ལྔ་ཡབ་ཡུམ་འགྱུར། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཱ་ག་ཡ་མི། བོ་དྷི་ཙིཏྟ་ཛྙཱ་ན་མ་དྷ་ལ་ཧཱུྃ། ཐོད་པ་ལྔ་ཕྱོགས་བཞི་དབུས་དང་ལྔར་བཞག་གཙོ་བོའི་ཐུགས་ཀ་ནས་ཡིག་འབྲུ་ལྔ་འཕྲོས་དངོས་པོ་བསྲེགས་ནས་འབྲུ་ལྔར་གྱུར། དེ་འཕྲོས་འདུས་པས་ཕྱག་མཚན་ལྔར་གྱུར། དེ་འོད་དུ་ཞུ་བ་ལས་ཡེ་ཤེས་ལྔའི་སྔགས་བརྗོད་པས་ཡེ་ཤེས་ལྔར་གྱུར་པར་བསམ་མོ། །རང་བཞིན་འབྱུང་བ་ལྔ་ཡི་ཁྱད་པར་ལས། །ཚོན་གྱི་ཆེ་བ་བཞི་སྟེ། རྒྱུ་མ་བྱས་དག་པས་ཆེ་སྟེ། ཕྱི་ནང་གསང་བའི་རྒྱུ་ཡང་ཡེ་ཤེས་རང་བྱུང་གི་འབྱུང་བ་ལྔར་ཤར་རོ། །རྐྱེན་མ་བསྒྲུབས་སྦྱངས་པས་ཆེ་སྟེ་བྱིན་གྱིས་བརླབས་པ་དེ་ཡང་སྔགས་བརྒྱ་སྟོང་དུ་མས་བསྒྲུབས་ཏེ། ཏིང་འཛིན་སྐད་ཅིག་མས་སྦྱངས། འབྲས་བུ་ཡེ་ཤེས་རང་ཤར་བས་ཆ་སྟེ། དཔའ་བོ་འབྲུ་ལྔ་ལ་ཕྱག་མཚན་ལྔར་གྱུར་དེ་ལས་སྐུ་ལྔར་གྱུར་པ་དེ་ཡང་ཡེ་ཤེས་སྒྱུ་མ་ཙམ་གྱི་སྐུ། ནམ་མཁའི་འཇའ་ལྟར་རྫོགས་པའོ། །ཡོན་ཏན་མཆོག་ཐུན་མོང་གྲུབ་པས་ཆེ་བ་ནི་ཐུན་མོང་ཁམས་གསུམ་ཐུགས་རྗེས་སྒྲོལ་མཆོག་ཡེ་ཤེས་ལྔར་དག་པའོ། །འོད་ཀྱི་འཇའ་ཚོན་ཡེ་ཤེས་ལྔ་རུ་རྫོགས། །ཁམས་གསུམ་ཐུགས་རྗེས་བསྒྲལ་བའི་ཕྱིར། །དག་པ་དྲི་མེད་ཡེ་ཤེས་ལྔ་རུ་བསྒོམ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཡེ་ཤེས་ལྔ་དང་ལྡན་པས་འཁོར་ལོ་རྩིབས་བཞི་ཚད་མེད་བཞིའི་གྲུ་ཆད་དང་། །ཐུགས་རྗེ་རྒྱུན་ཆད་མེད་པས་བར་ཁྱམས་རྣམ་ཐར་བཞིའི་སྒོ་དང་ལྡན་པ་ལ། །ཡེ་ཤེས་ལྔའི་རིན་ཆེན་བརྩིགས་པ་རྣམ་པ་ལྔ། །འདོད་ཡོན་ལྔའི་ལྷ་མོ་བཞུགས་སྣམ་ཐུགས་རྗེ་ཆགས་པའི་རྟགས་སུ་དམར་ལ་རིན་པོ་ཆེའི་ཕ་གུ་སེར་པོ། །དྲ་བ་དྲ་ཕྱེད་ཞི་བ་མུ་ཏིག་ཕྲེང་བ་


DNG019_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་པོ་ལ་བརྒྱུས་པའི་ཁྲོ་བོ་ལ་མི་མགོ་དང་སྙིང་གི་ལྕགས་ཁ་ལ། །ལས་མཐར་ཕྱིན་པས་ད་རུ་ཁད་ནི་ལྗང་ངམ་ཡང་ན་ཉོན་མོངས་པ་དག་པས་དཀར། །རྟ་བབས་བརྒྱད་པདྨ། སྒྲོམ་བུ། རྟ་རྐང་། ཟར་ཚགས། ཤར་བུ། ཆུན་འཕྱང་། རིན་ཆེན། ཁྱུང་མགོ་དང་ཡང་དག་ལྡན། །རྡོ་རྗེ་ར་བ་འི་ལྕགས་རི་མེ་དཔུང་འབར། །བས་མཐའ་འཁོར། ཡང་ན་དེ་ཡི་དབུས་སུ་ནི། །རབ་ཏུ་ཟླུམ་པོ་འི་ནང་དུ་ཐིག་བཞི་བཏབ་པས། །ལེའུ་ཚེ་དགུ་དང་ལྡན་པར་བྱ་འོ། །སྐུ་ཙ་ཀ་ལི་གསུང་ཡིག་འབྲུ་ཐུགས་ཀྱི་ཕྱག་མཚན་གྱི་མཚན་མ་བྲིས། ༈ །དཀྱིལ་འཁོར་གཉིས་ཏེ། རྡོ་རྗེ་དབྱིངས་དང་། འཇིགས་བྱེད་ཆེན་པོའོ། །དང་པོ་ལ་གསུམ་སྟེ། སྐུ་ཙ་ཀ་ལི་ཕྱག་རྒྱའི་དཀྱིལ་འཁོར་དང་། གསུང་ཡིག་འབྲུའི་བྲུཾ་ཅིང་ཡེ་དཀྱིལ་འཁོར་དང་། ཐུགས་ཕྱག་མཚན་གྱིའོ། །འཇིགས་བྱེད་ལ་དྲུག་སྟེ། རང་བཞིན་གྱི་དཔལ་གྱི་དང་། ཡེ་ཤེས་སྤྱན་དྲངས་ཀྱི་དང་། གཟུགས་བརྙན་གྱི་སྟེགས་བུ་དང་། ཏིང་འཛིན་གྱི་བསྐྱེད་པ་དང་། རྩ་བའི་ཐོད་སྐུ་དང་། རྒྱན་གྱི་དཀྱིལ་འཁོར་རལ་གྲི་མདའ་ལ་སོགས་ཏེ། ཞི་ཁྲོ་གཉིས་དྲིལ་བས་དཀྱིལ་འཁོར་དགུའོ། །དབུས་ཁྲོ་བོ་གཉིས་ལས་ཟླ་ཁམ་ནི་སུ་འགྱིང་ཕུར་བཏབ་ནས་བསྐོར། །དབུས་དང་ཐ་མ། དབུས་སུ་ཁམས་གསུམ་དབང་དུ་བསྡུས་པའི་རྟགས་ཟླ་ཁམ་དམར་པོ་ནུབ་བསྟན་སྒོ། །དེའི་ནང་དུ་འཁོར་གྱི་ཟླ་ཁམ་ཆུང་བ་དགུ་ཡང་བྲིས། །ནུབ་ཟླ་ཁམ་དཀར་དམར་སྤྲོད་པའི་ཕྱོགས་ཟླ་ཁམ་དཀར་པོར་བྱ། །ཟླ་གམ་གྱི་ཕྱིའི་མུ་ཁྱུད་ཐོད་པ་རྡོ་རྗེས་ར་བ་བསྐོར། །ཡང་ན་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་མཐིང་གར་བྱའོ། །ཟླ་ཁམ་འཁོར་ལོ་རྩིབས་བརྒྱད་དང་དབུས་དང་དགུ་དང་ལྡན་པར་བྲི། །ཕྲིན་ལས་མཐར་ཕྱིན་པས་གྲུ་ཆད་ལྗང་གུ་ལྷ་སྣམ་སེམས་ཅན་ལ་ཆགས་ཀྱང་བདེན་ཉིད་དབྱེར་མེད་གཅིག་ཏུ་མཚོན་པས་དམར། །སྒོ་ནི་ཕྱོགས་དང་མཐུན་པ་ལ། །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་དཔལ་གྱི་ཕོ་བྲང་འོག་མིན་ནས་ཏིང་ངེས་བསྡིམས་ལ་གཞག །ཕྱོགས་བཞི་དབུས་དང་ལྔར་ཡེ་ཤེས་ལྔར་ལྡན་བསྡིམ་ཐོད་པ་ཚར་གསུམ་སྐུ་གསུང་ཐུགས་སུ་བསྡིམ། །དཀྱིལ་འཁོར་བྲི་བའི་སྔ་རོལ་དུ། །སྟེགས་བུ་བྱས་ཐིག་བཏབ་པའི་རྗེས་ལ་བསྲེ་བསྣན་ཆོ་ག་རབ་ཏུ་བྱ། །མཆེད་གསར་པ་མ་འདྲེས་པ་རྣམས་ཡོལ་བས་བཅད་ལ་དཀྱིལ་འཁོར་མི་སྟོན་ནོ། །འདྲེས་པ་བསྣན་ལ་དང་པོར་མཚམས་དང་བཤགས། །ཡི་དམ་གྱི་ལྷ་གཤེར་མིང་གསང་མཚན་གཤེར་དེ་རྣམས་བརྗེད་འདུག་


DNG019_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ན་དཔོག །སྨན་བསྡུས་གསང་བའི་རྫས་ལ་བརྟེན་ནས་བསྐང་བས་ན་བྱིན་རླབས་ཡི་དམ་གྱི་དཀྱིལ་འཁོར་བསྐྱེད། །ལྷ་ལ་སྨན་གྱིས་མཆོད་རང་རེ་རྣམས་དངོས་གྲུབ་བླང་བར་བྱ། །རྣལ་འབྱོར་རྣམས་ཀྱི་བཀའ་ཐུབ་བམ། །རྟོགས་ན་རང་ལུས་སྐུ་གསུང་ངག་ཐུགས་ཡིད་ཡིན་ཏེ། །མ་རྟོགས་ན་ནི་ངན་སོང་གསུམ། །རྟོགས་ན་ཡི་དམ་གྱི་སྐུ་གསུང་ཐུགས་ལ། མ་རྟོགས་ན་ངན་སོང་གསུམ་དུ་ལྟུང་བས་ན་སམ་ཞེས་བྱ་ཞིང་། གཏི་མུག་སྐུ་སྟེ་བྱོལ་སོང་། འདོད་ཆགས་གསུང་སྟེ་ཡི་དྭགས། ཞེ་སྡང་ཐུགས་ཏེ་དམྱལ་བ་སུ་ཡང་རིས་སུ་བཅད་ནས་གང་ཡང་འདའ་བར་མ་བྱེད་ཅིག །དེ་ནས་མཆེད་མ་འདྲེས་པ་དང་འདྲེས་པ་བསྲེ་བ་ལ་བཅུ་ལས། དང་པོར་བཅའ་བ་ཟངས་ནི་དབང་ཡིན་དངུལ་ནི་ཞི་བ་དེ་གཉིས་བསྲེས་པའི་མེ་ལོང་གིས་མཎྜལ་བྱ། །མ་དྷལ་དྲི་ཡི་ཐིག་ལེ་ལྔ། །ཚོགས་ལྔ་རིགས་ལྔའི་དཀྱིལ་འཁོར་བསྐྱེད། །རྡོ་རྗེས་འི་ལམ་ནས་བྱང་ཆུབ་ཀྱི་ལམ་སྒོར་དྲང་པར་བྱའོ། །རྡོ་རྗེ་སྐུ་ལྟར་སྐྱེ་འཇིག་དང་བྲལ་བ་ཡི་དཀྱིལ་འཁོར་དུ། །བདག་ཀྱང་ལུས་སྐྱེ་འཇིག་དང་བཅས་པ་འདི་སྐྱེ་འཇིག་མེད་པར་བསྒྲུབ་པའི་ཕྱིར་བདག་འཇུག་པར་འཚལ་ལགས་ཀྱི། །ལྷ་དང་བླ་མའི་ཐུགས་རྗེས་བདག་འཇུག་པ་པོ་ལ་དགོངས་ནས་ཀྱང་། །བདག་གི་འཁོར་བ་ནས་མྱང་འདས་སུ་འདྲེན་པས་ན་གནས་རབ་མཛད་དུ་གསོལ། །གསུང་དང་ཐུགས་ཀྱང་གོས་བསྒྱུར་དེར་ཤེས་བྱ། །བྱང་ཆུབ་རྡོ་རྗེ་རྒྱལ་སྲས་འཁོར་དང་བཅས་པ་ལྕམ་དྲལ་ལ། །སྔོན་གྱི་སྒྲུབ་པ་པོས་མཆོད་ཅིང་ཇི་ལྟར་བགྱིས་པ་ལྟར། །བདག་ཀྱང་འཁོར་བ་ནས་མྱ་ངན་ལས་འདས་པར་རབ་ཏུ་བསྒྲལ་བ་དང་། །སྐྱེ་འཇིག་དང་བྲལ་བའི་དོན་ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བརྗོད་ནས་ལུས་ངག་ཡིད་གསུམ་དང་བས་སློབ་དཔོན་དག་ལ་ཡོན་ཕུལ་ནས། །སློབ་མ་ལ་ཐུགས་རྗེས་གཟུང་བར་རབ་ཏུ་ཞུ་འོ། །འཁོར་བ་ནས་མྱང་འདས་སུ་འགྲོ་བར་རིག་པས་ན་བདག་གི་རིག་པའི་མེ་ཏོག་འདི། །ཡི་དམ་གང་ཡིན་བརྟག་པའི་ཕྱིར་རིག་པའི་མེ་ཏོག་ལྷ་ལ་འབུལ། །འཁོར་རྣམས་ཀྱིས་གུས་པ་བྱ་བ་ཡང་གཙོ་བོ་ཁོ་ན་ཡིན་པས་ན་མེ་ཏོག་དབུས་སུ་གཏད་ལ་དོར། །གང་ལ་བབས་པ་ལྷག་པའི་ལྷ། །རིགས་གང་ཡིན་བརྟག་པའོ། །རྩ་བ་སྐུ་བླ་མ་མཆེད་ལྕམ་ལྷ་གསུང་གསང་སྔགས་དང་ཕྱག་


DNG019_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཐུགས་གསང་བ་བཅུ་དང་ཡན་ལག་བཅས། །ཕོག་པ་ལས་མི་འདའ་སངས་རྒྱས་ཉིད་མ་གྲུབ་བར་དུ་བསྲུང་ངོ་ཞེས། །ཕྱི་དབང་དུས་སུ་ཡང་དང་ཡང་དུ་ནང་དབང་དུས་སུ་དམ་ཚིག་བཅས་པ་བཞིན། །ཕངས་པའི་ལུས་དང་སྲོག་གཅེས་པའི་ལ་བབས་ཀྱང་དམ་ཚིག་མ་བཏང་ཞིག །ས་མ་ཡ་དམ་ཚིག་ཧཱུྃ། ཉོན་མོངས་ལྔས་རིགས་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །མ་རིག་པ་ཡི་ལིང་ཏོག་རྣམས། །ཡེ་ཤེས་མིག་དང་འདྲ་བར་མཁྱེན་པ་ལ། མ་རིག་པ་ལིང་ཏོག་དང་འདྲ་བས་བསྒྲིབས་པ་བདེ་གཤེགས་སྨན་པ་མཁས་པ་དང་འདྲ་བའི་དགོངས་པས་མ་རིག་པའི་ལིང་ཏོག་བསལ་བར་བྱ། །ཙཀྵུ་མིག་པྲ་བེ་ཤ་དབྱེ་ཕཊ། དེ་ནས་དམ་ཚིག་བསྲེ་བར་བྱ་བ་ཡང་། །རྡོ་རྗེ་སློབ་དཔོན་ཡང་ལུས་ཅན་ཡིན་པས་སྐུའི་དམ་ཚིག་གཙོ་ཉིད་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ཡང་ལུས་ཅན་ཡིན་པས་ན་སྐུའི་དམ་ཚིག་ལ། །ཕངས་པའི་ལུས་དང་གཅེས་པའི་སྲོག་ལ་བབ་གྱུར་ཀྱང་། །བརྣག་པར་བྱ་བས་ན་ཞེ་སྡང་མནར་སེམས་ཡིད་ལ་དྲན་དུ་མི་རུང་བས་ན་མི་བསྐྱེད་དོ། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །གསང་སྔགས་གསང་བ་མཆོག་གི་དམ་ཚིག་མཆོག་ལས་འདའ་མི་བྱ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ས་མ་ཡ་དམ་ཚིག་ན་ར་ཀན། མནས་བསྐྱལ་བ། སངས་རྒྱས་ཀྱི་བཀའི་དགོངས་པ་མཁྱེན་པས་ལུང་དང་ལྡན་པའི་སློབ་དཔོན་གྱི། །གསང་སྔགས་ཀྱི་བཅུད་དུ་འཛིན་པར་ནུས་པས་ན། སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་གསལ་བའི་ཡི་དམ་བསྒོམ་པ་སྐུའི་དམ་ཚིག་ཡིན་པས་དེའི་སྔགས་དང་ཕྱག་རྒྱ་འབོག་པ་ལ་དགོངས་པས་ལྷ་ཕོག་པས། །སྔགས་ཟློས་པ་དང་ཕྱག་རྒྱ་བཅས་ནས་བརྡ་སྤྲོད་པ་རྒྱུན་མི་གཅད་པ། །འདི་ནི་གསུང་གི་དམ་ཚིག་སྔགས་ཀྱིས་འབོད་ཕྱག་རྒྱས་བརྡའ་སྤྲོད་པ་སྟེ། །གསང་སྔགས་ཐེག་པ་ཀུན་གྱི་དམ་ཚིག་མཆོག་ཡིན་ལ་དེའི་བསྲུང་བྱ་ལས་འདའ་བར་མི་བྱ། །སྔགས་ཀྱི་ཕྱི་པ་ལས་ཁྱད་པར་དུ་འཕགས་པས་དམ་ཚིག་མཆོག་ལས་མ་འདའ་ཞིག །ས་མ་ཡ་དམ་ཚིག་ན་ར་ཀན། འདའ་རི་ཤི་ཞེས་པའོ། །ལུས་བསྐྱེད་རིམ་དང་སེམས་རྫོགས་པའི་རིམ་པའི་མན་ངག་ནི། །གནས་པ་རྩ་ཡི་དཀྱིལ་འཁོར་དང་། །རྩ་གཞལ་ཡས་ཁང་དང་ལྷ་སྐུའི་དབྱིབས་སུ་གྲུབ་པ་སྔགས་ཀྱི་ཡི་གེ་དང་། །འབྲུ་ལྔའི་


DNG019_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དུ་གནས་པས། བརྟེན་པ་ལུས་ཀྱི་ཁམས་ཀྱི་བདུད་རྩི་དང་། །ལྷའི་སྐུ་ཉམས་བདེ་བར་གནས་པའོ། །སྙིང་པོ་རླུང་གི་མན་ངག་རྣམས། །ལྷའི་ཐུགས་སུ་གནས་པས་སེམས་ཅན་གྱི་དྲན་རྟོག་ལྟར་ཐུགས་རྗེ་འཆར་བའོ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །བླ་མའི་མན་ངག་ཐུགས་ལ་བརྣག་པར་བྱ་བའི་དོན། དམ་ཚིག་མཆོག་ཕོག་པ་ལས་འདའ་མི་བྱ། །མ་འདའ་ཞིག་ཅེས་པའོ། །ཕྱི་པ་ལས་ཁྱད་པར་འཕགས་པ་དམ་ཚིག་མཆོག་ལས་མ་འདའ་ཞིག །ས་མ་ཡ་ན་ར་ཀན། འདི་ནི་སྐུ་ལུས་ཅན་གསུང་བརྡ་སྤྲོད་ལ་ཐུགས་བརྣག་པར་བྱ་བས་ཀྱི་དམ་ཚིག་སྟེ། །དམ་ཚིག་གོང་མ་གསུམ་པོ་མ་འདས་ན། །ཡི་དམ་ལྷ་རྡོ་རྗེ་སེམས་དཔའ་སློབ་མའི་སྙིང་ལ་གནས་ཏེ། །སྐུ་གཟི་བརྗིད་གསུང་སྨྲ་བརྗོད་ཐུགས་མཁྱེན་པའི་ཡེ་ཤེས་སམ་དྲན་རྟོག་ལ་དབང་ཐོབ་ཀྱི་དངོས་གྲུབ་ནི། །སྐྱེ་བ་ཕྱི་མར་མི་འགོར་ཚེ་འདི་ཉིད་ལ་ཐོབ་གྱུར་ལ། །དམ་ཚིག་ཕོག་པ་རྣམས་མ་བསྲུངས་པར་ཉམས་པར་གྱུར་པ་ན། །ཡུན་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་རྡོ་རྗེ་དམྱལ་བར་ལྟུང་། །ཨོཾ་སྐུ་ཨཱཿ གསུང་ཧཱུྃ། ཐུགས། མིང་བསྲེ་བ་ནི་རྡོ་རྗེ་ལས་བོས་གསང་མཚན་གདགས། །ལྷ་བསྲེ་བ་ནི་བབ་པའི་ལྷ་དང་མོས་པའི་ཡི་དམ་ལྷ་ཡང་དཔོག་པར་བྱ། །དེ་ཡི་སྙིང་པོ་བསྲེ་བའི་ཕྱིར་ཕོག་བྱས་ནས། །རྡོ་རྗེའི་གྲལ་བསེ་བ་གསར་པ་རེ་དང་རྙིང་པ་རེ་བསྲེ་སྤེལ་ཕྲེང་བ་གཏད། །རིག་པ་ཕྲེང་བ་གཏད་སྲོག་གི་འདྲེལ་བའི་ཐུགས་རྗེའི་བརྩེ་གདུང་དུ་ཕྲེང་ཐག་ལ། །མཆེད་ཕོ་རྣམས་ཐབས་དང་མོ་རྣམས་ཤེས་རབ་རིག་པ་བརྩེ་གདུང་ཕྲེང་ཐག་འདྲེལ་བའི་ཕྲེང་བ་བརྒྱུས། །སེམས་ཉིད་རྩེ་གཅིག་ལྷ་བསྒོམ་པ་དང་འགྲོགས་པའི་ཏིང་འཛིན་གྱིས། །སྤྱོད་ལམ་དུས་བཞིར་མི་གཏང་བ་འཛབ་ཟློས་ཡི་དམ་ལྷ་བསྙེན་པས་ན་ཟུར་མ་ཆག་པར་རྐྱེན་དབང་དུ་མ་སོང་བར་བགྲང་དུ་གསོལ། །རྡོ་རྗེ་བཛྲ་མ་ལེ་ཕྲེང་བ་ཏྲཾ་རཏྣ་རིགས །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །བསྙེན་བསྒྲུབ་རྣམ་བཞི་བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་བསྙེན་ཅིང་བསྒྲུབ་པ་དང་། །ཡི་དམ་ཞི་ཁྲོའི་ལྷ་མཆོག་འཛབ་བསྙེན་དྲང་བའི་ཕྱིར། །གསང་བའི་དམ་ཚིག་མནོས་ནས་རྡོ་རྗེའི་གྲལ་དུ་མཆི་བར་གནང་། །ཏིཥྛ་བཞུགས་ཤིག་ས་མ་ཡ་


DNG019_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཧཱུྃ། དམ་ཚིག་གསར་བ་བསྲེ་བ་རྙིང་པ་བསྣན་པ་མ་བྱས་ན། །གསར་རྙིང་མཆེད་རྣམས་ག་ལ་འདྲེ། །དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཞུགས་པར་ག་ལ་འགྱུར། དཀྱིལ་འཁོར་དབུས་སུ་བནྡྷ་བསག་པ་རྒྱལ་རིགས་ཀྱི། །བནྡྷ་ཡབ་ཡུམ་སྙིང་པོ་བྲི། །ཕྱོགས་བཞིར་རྒྱལ་རིགས་ཀོའུ་རཱི་རྗེའུ་རིགས་དང་ཙོའུ་རཱི། །དམངས་རིགས་པྲ་མོ་ཧཱ་བྲམ་ཟེ་བེ་ཏཱ་ལཱི་ལྷ་མོ་བཞི། །མཚམས་བཞིར་ཁྲུས་མཁན་པུཀྐ་སཱི་གར་མཁན་དང་གྷསྨ་རཱི། །གདོལ་པ་སྨེ་ཤ་ནཱི་བཙོ་བླག་མཁན་ཙནྡྷ་ལཱི་རྣམས་ཀྱི། །ཚལ་བུ་མཉམ་པར་ལྷ་མོ་རེ། །སྙིང་པོ་ལྷར་བསྐྱེད་དབང་བྱིན་བརླབས། །རཀྟས་སྙིང་པོ་བྲི་རྩ་སྔགས་ལྷར་བསྐྱེད་ཡེ་ཤེས་ལྔས་དབང་བསྐུར་སྐུ་གསུང་ཐུགས་སུ་བྱིན་བརླབས། རང་རང་གནས་ནས་སྤྱན་དྲང་དཀྱིལ་འཁོར་དག་ལ་དགོད། །དཔལ་གྱི་ཞལ་བུ་ནི་ཐོད་པ་མཚན་ལྡན་ནོ། །ཞལ་བུ་ཀ་པཱ་ལའི་མཚན་གསོལ་པ། །དངོས་གྲུབ་གཉིས་སྟེར་བས་འཕྲུལ་ཞལ་ཡིད་བཞིན་ཕྲ་མེན་གསེར་ལ་གཡུས་སྤྲས་པ་འདྲ་རྒྱན་གྱིས་བཀླུབས། །མཁའ་འགྲོ་མས་བསྐྱོད་པ་སྟེ་རྐང་མེད་མཁའ་ལ་འགྲོ་བའི་ཏོག་ཏོག་རྐན་སྒྲ་ཅན། ༈ །སྔོན་ཐོད་པ་མཚན་ལྡན་ས་ལ་སྦས་པས་ནམ་མཁའ་ལ་རྐན་སྒྲ་རྡེབས་ཤིང་སོང་བའོ། །སྔོན་གྱི་སྐྱེས་མཆོག་སྒྲུབ་པ་པོ་ཡི་རྫས་ཡིན་གྱི། ༈ །དེ་སྒྲུབ་པ་པོས་སྔགས་ཀྱིས་བཀུག་པས་དཔལ་ཆེན་པོའི་དངོས་གྲུབ་གྲུབ་པའོ། །རྣལ་འབྱོར་པ་གང་སུ་ཞིག་མཆོག་ཐུན་མོང་གི་དངོས་གྲུབ་འདོད་པ་ནང་ཐོད་པ་མཚན་ལྡན་ང་ལ་ལོང་། །གང་ཞིག་ང་ཡི་བཀའ་གསང་སྔགས་ཀྱི་གཞུང་ལྟར་མི་བྱེད་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་མི་གནས་པ། །ཐོད་པ་མཚན་ལྡན་ང་ཡི་གཟུགས་མཐོང་ཙམ་གྱིས་འཚིག་པ་དང་། །ཐོད་པ་མཚན་ལྡན་ཡོད་ཅེས་པའི་སྒྲ་དག་ཐོས་པ་ཙམ་གྱིས་བརླག་པར་འགྱུར། །དཀར་པོ་ཟངས་གཡག་འཚེར་བ་ནི། །སྔ་རབས་འདས་པའི་བཅོམ་ལྡན་འདས། །ཐོད་པ་སྐམ་པོས་ཆོས་སྐུ་སྟེ་སྐམ་ཐག་ཆད་པ་དང་འདྲ་བས་ཆོས་སྐུ་སྒྲིབ་པ་མཐའ་དག་དང་བྲལ་བའོ། །ཆོས་ཀྱི་སྐུ་དྲི་མ་མེད་པའོ་དང་རབ་ལྡན་ཞིང་། །རིགས་དྲུག་གི་འགྲོ་བའི་དོན་མཛད་པས་ན་ལ་དེ་བཞིན་གཤེགས། །རློན་པ་ལྕང་ལོར་བཅས་པ་ནི། །ད་ལྟར་བཞུགས་པའི་བཅོམ་ལྡན་འདས། །ལོངས་སྤྱོད་རྫོགས་པའི་སྐུ་ཐོད་པར་རི་ཞེས་པ་བནྡྷ་ལྕང་ལོ་ཅན་ལོངས་སྐུ་


DNG019_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལོངས་སྐུ་ཡེ་ཤེས་སྒྱུ་མ་ལྟར་སྐམ་རློན་བར་པའོ། །དང་རབ་ལྡན་ཞིང་། །ལས་ཉོན་གྱི་དབང་དུ་འགྲོ་བའི་རྣམས་ཀྱི་གནས་དེར་མི་གཏོང་བས་དོན་ལ་དེ་བཞིན་གཤེགས། །དམར་པོ་ར་རི་ཆགས་པ་ནི། །སླད་ཀྱིས་འབྱོན་པའི་བཅོམ་ལྡན་འདས། །སྤྲུལ་པའི་དབང་པོ་ལྔ་དང་ལྡན་པ་སྤྲུལ་སྐུ་སྟེ། མངོན་ཤེས་དང་ལྡན་པ་ལྟར་དབང་པོ་ཚང་བའོ། །སྐུ་མཛད་པ་རྫོགས་པ་དང་རབ་ལྡན་ཞིང་། །འགྲོ་བའི་སེམས་ཅན་གྱི་དོན་མཛད་པས་ན་ལ་དེ་བཞིན་གཤེགས། །དབུས་ན་རང་བྱུང་གྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ངོ་བོ་ཡིན་པས་ན་ཐུགས་མཆོག་བཛྲ་རྡོ་རྗེ་ཧེ་རུ་ཀ་ཁྲག་འཐུང་། །བཛྲ་ཀྲོ་དྷཱི་ཤྭ་རཱི་རྡོ་རྗེ་ཁྲོ་མོ་དབྱིངས་ཕྱུག་གཉིས། །རང་བཞིན་འོག་མིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བཾ་ཧོཿ བརྗོད་པ་སྔགས་ཀྱི་ཕྱག་རྒྱ་བཞི་ཛཿཧཱུྃ་བཾ་ཧོཿབཞི་བསྒོམ་པ་ལྷའི་ཕྱག་རྒྱ་མཚོན་པ་དཔེའི་ཕྱག་རྒྱ་བཞི། རྒྱལ་པོ་སྤྱན་འདྲེན་པ་ལྟ་བུ་བཅའ་བ་ལུས་ཀྱི་ཕྱག་རྒྱ་བཞི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྤྱན་དྲངས་ཤིང་། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། ༈ །ཕྱི་གནས་ཀྱི་དུར་ཁྲོད་བརྒྱད་དང་། ནང་ལུས་ཀྱི་དང་། གསང་བ་ཡུམ་གྱི་བྷ་གའི་དང་། དེ་ཁོ་ན་ཉིད་རྣམ་ཤེས་ཀྱི་དང་། མཚོན་པ་དཔེའི་དང་། འབྲས་བུ་དོན་གྱི་དུར་ཁྲོད་བརྒྱད་དོ། །དུག་གསུམ་གཏི་མུག་ཅན་ཚངས་པ། འདོད་ཆགས་ཅན་ལྷ་ཆེན་པོ། ཞེ་སྡང་ཅན་ཁྱབ་འཇུག་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་པོ་རཱུ་ཏྲ་ཕོ་མོ་བསྣོལ་བའི་གདན་སྟེངས་སུ། །དེ་ལྟར་ལོངས་སྤྱོད་ལ་དགྱེས་ཤིང་གཤེགས་བཞུད་མི་མཛད་པར་ནི་བརྟན་པར་བཞུགས་སུ་གསོལ། །ཐབས་ཀྱི་རྒྱལ་པོ་ཡིན་པས་སྐུ་གསུམ་ཉིད་དཔལ་ཧེ་རུ་ཀའི་རང་བཞིན་དུ་གནས་པའོ། །དཔལ་ཆེན་ཉིད་ཀྱི་གནས། །རྒྱལ་པོའི་ཕོ་བྲང་ཡིན་པའི་རྟགས་དང་སྣོད་བཅུད་ཐ་མལ་ལས་ཁྱད་པར་དུ་བྱས་པ་ལྟར་ལྷ་གཞན་པས་ཁྱད་པར་རྒྱན་དུ་ཆེ། །སྤྲུལ་པ་ལྕང་ལོ་མང་པོའི་ཁ་བད་ཅན། ༈ །བནྡྷ་རློན་པ་སྤྲུལ་སྐུའི་རྟགས་ཏེ་དབང་པོ་ལྔ་དང་ལྡན་པས་མངོན་ཤེས་ལྔ་མཚོན་དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་བཀྲམ་ནས། །བནྡྷ་སྣོད་ཆོས་ཀྱི་དབྱིངས་ནས་དབང་པོ་ལྔ་བཅུད་ཡེ་ཤེས་ལྔར་འཆར་བས་ན། དངོས་པོ་དང་མཚན་མའི་མཐའ་ལ་མི་གནས་པས་ན་དཔལ་ཆེན་


DNG019_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཡབ་ཐབས་ཀྱི་ཡེ་ཤེས་ཆེན་པོ་ཡུམ་ཤེས་རབ་ཆོས་དབྱིངས་སྟོང་པ་བཞུགས་པའི་རྟེན་དུ་འབུལ། །བཛྲ་ཤྲཱི་ཧེ་རུ་ཀ་རྡོ་རྗེ་དཔལ་ཁྲོ་བོ ། བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་རྡོ་རྗེ་ཁྲོ་མོ་དབྱིངས་ཕྱུག །ས་མ་ཡ་ཧོ་དམ་ཚིག་ལ་དགྱེས ། ས་མ་ཡ་སྟྭཾ་དམ་ཚིག་དུས་ལ་བབ ། ས་མ་ཡ་ཏིཥྛ་ལྷན་དམ་ཚིག་ལ་བརྟན་པར་བཞུགས ། རྡོ་རྗེ་རིགས་མཆོག་ཆེན་པོ་སྟེ། །ཐབས་རྒྱ་ཆེ་བ་རྡོ་རྗེ་ཤེས་རབ་ཟབ་པ་དྲིལ་བུའི་རིག་པ་འཛིན། །སྙིང་རྗེ་ཆེན་པོ་ཐབས་དང་སྟོང་པ་ཉིད་ཤེས་རབ་གཉིས་སུ་ལྡན། །ཐབས་ཀྱིས་དོན་མཛད་ཤེས་རབ་ཀྱི་དོན་རྟོགས་པའི་རྟགས་ཀྱི་ཕྱག་རྒྱར་བཞུགས་སུ་གསོལ། །ཨོཾ་བིདྱ་ཛྙཱ་ན་བཛྲ་ཧཱུཾ་རིགས་པ་ཡེ་ཤེས་རྡོ་རྗེ ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཨོཾ་དྷརྨ་ཆོས་ཀྱི་དབྱིངས་ཀྱི་དྷ་ཏུ་གན་དྷ་ཧཱུཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན་བཞུགས་གནས་སོ་སོའི་མཚན་ཉིད ། ཕྱོགས་མཚམས་རང་བྱུང་གྲུབ་པའི་ལྷ། །མ་མོ་སོ་སོའི་ཆེ་བ་མ་མོ་ཆེན་མོ་མེ་འབར་མ། །བ་སྤུའི་བུ་ག་ནས་མེ་འབར་བས་སྐུ་ལ་བསྐལ་པའི་མེ་འབར་བའི་དབུས་རྡོ་རྗེ་ཐུགས་ཀྱི་ཁྲོ་མོ་བརྒྱད། །མ་མོའི་གྲངས། གནས་ཀྱི་རང་བཞིན་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །གནས་ཀྱི་ཆ་བ་དུག་གསུམ་གཏི་མུག་ཚངས་པ། འདོད་ཆགས་མ་ཧཱ་དེ་བ། ཞེ་སྡང་ཁྱབ་འཇུག་བསྒྲལ་བའི་དཀྱིལ་འཁོར་འདིར། །བཞུགས་གདན་མཆོག་ཕྲན་བསྣོལ་བའི་གདན་སྟེངས་སུ། །བཞུགས་ཚུལ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་མེ་འབར་མ། །མཚན་ཀོའུ་རི་ཤར་དཀར་མོ་ཆེན་མོ་གཤེགས་སུ་གསོལ། །སྐུ་མདོག་མཐིང་ནག་འབར་བའི་རལ་པ་ཅན། །དཔལ་ཆེན་པོས་རཱུ་ཏྲ་བཏུལ་བའི་སྔོན་ཚེ་ཡེ་ནས་བསྙེན་པའི་ལྷ། །སྔོན་གྱི་ཐུགས་དམ་ད་ལྟ་རྣལ་འབྱོར་སྒྲུབ་པ་པོ་བདག་དང་གཅིག །གནས་གང་དུ་ན་དུར་ཁྲོད་ཆེན་པོའི་གཞལ་ཡས་སུ། །གདན་གང་ཞིང་ཆུང་བསྣོལ་བའི་གདན་སྟེངས་སུ། །ཚུལ་ཇི་ལྟར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཙོའུ་རི་ལྷོར་ཆོམ་རྐུན་མོ་པྲ་མོ་ནུབ་རྨོངས་མོ་བེ་ཏཱ་ལཱི་བྱང་རོ་ལངས་མ། །པུཀྐ་ཤར་ལྷོ་སྦོས་མ་གྷསྨ་ལྷོ་ནུབ་སྨེ་ཤ་ཅན་སྨེ་ཤ་ནུབ་བྱང་སྨེ་མོ་ནི་ནུབ་བྱང་མ་ཚོགས་མ། །


DNG019_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཙན་དྷ་བྱང་ཤར་གཏུམ་མོ་ཚུལ་མཆོག་དེ་ཡིས་དགོད། །ཀོའུ་རི་མ་དང་འདྲ་བར། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །གནས་ཁང་ཕྱིའི་མཚན་ཉིད། གནས་ཁང་ནང་གི་མཚན་ཉིད་རོའི་ཀློང་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །གནས་ཁང་གསང་བའི་མཚན་ཉིད་ཡུམ་གྱི་བྷ་ག་ཟླ་ཁམ་དབང་གི་དཀྱིལ་འཁོར་གསལ། །བཞུགས་གདན་གཙོ་བོ་ལ་དབང་ཕྱུག་འཁོར་རྣམས་ལ་མཆོག་བྲན་གདན་སྟེང་ན། །རྒྱུའི་དུས་ན་རྣམ་ཤེས་ཚོགས་དགུ་འབྲས་བུའི་དུས་ན་ཡེ་ཤེས་དགུར་ཤར་ནས་ལམ་གྱིས་དུས་ན་ཡང་དག་དོན་གྱི་ལྷ་དགུ་རུ། །རང་བཞིན་འོད་གསལ་ཡེ་ཤེས་དགུ། །སྒྲིབ་པ་དགུ་པོ་རང་གསལ་ཕྱིར། །གཏི་མུག་ལ་སོགས་མུན་པ་དགུ་ཡེ་ཤེས་དགུར། དངོས་པོ་དང་མཚན་མར་མི་དམིགས་ཏེ། གསལ་བྱ་བསྒྲིབ་པ་དགུ་སེལ་ཕྱེད་ཀྱི་ལྷ་དགུ་བསལ་བའི་དོན་ཡེ་ཤེས་དགུར་ཕྱེ་ཡང་། དོན་ལ་དབྱེར་མེད་དུ་དམིགས་མེད་གསལ་རྟོག་མེད་ཚུལ་གྱིས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཛྙཱ་ན་དྷི་པ་ཨཱ་ལོ་ཀེ་ཛྭ་ལ་ཏིཥྛ་ལྷན། ཡེ་ཤེས་མར་མེ་གསལ་བ་འབར་བ་བརྟན་པར་བཞུགས། སྐྱེ་སྤྱིའི་གནས་མེད་ཆོས་ཀྱི་དབྱིངས་ཉིད་ན། །བྱེ་བྲག་གི་གནས་བདེ་སྐྱིད་དགའ་ལྡན་ལྷ་ཡི་ཡུལ། །ཁྱད་པར་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། །རྗེས་འཇུག་སྒྲུབ་པ་པོ་གང་ཡིན་གྱི་གནས། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །གདུག་པ་ཅན་བསྒྲལ་བའི་གནས་མ་ཏྲང་བསྒྲལ་བའི་ཁོག་པ་ལ། །དཔལ་གྱི་ཕོ་བྲང་གི་གནས་ཟླ་ཁམ་དགུ་པའི་དཀྱིལ་འཁོར་འདིར། །སྤྱིར་དབྱིངས་ལས་ཡེ་ཤེས་འཆར་བ་ནི་ནམ་མཁའ་ལ་ཉི་མ་འཆར་བ་ལྟ་བུའོ། །ཡེ་ཤེས་དགུ་ཡི་སྣང་བ་གསལ། །ཆོས་ཀྱི་དབྱིངས་གང་དུ་ཡང་མ་གཡོས་པ་ཀྱི་ཡེ་ཤེས་ཀྱིས། །སྣོད་འབྱུང་བ་ལྔ་བཅུད་འགྲོ་དྲུག་འཇིག་རྟེན་ནམ་མཁའ་ཀུན་ལ་ཁྱབ་པ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པའོ། །ཁྱབ་པའི་ཡེ་ཤེས་ཆེན་པོ་ཡི། །འཁོར་བ་ཀུན་ཉོན་དང་ནི་བྱང་ཆུབ་རྣམ་བྱང་ཀུན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ནམ་མཁའ་ལྟ་བུ་ལ་སྤྲིན་མི་གནས་པ་ཡི་ཚུལ་གྱིས་ནི། །མར་མེ་དགོད་པའི་གནས་ཐུགས་རྗེས་དབུས་ཀྱི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བསལ་བྱའི་


DNG019_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་གཏི་མུག་འཐིབས་པའི་མུན་པ་བསལ་དུ་གསོལ། །ཨོཾ་ཛྙཱ་ན་གརྦྷ་ཧཱུྃ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཡེ་ཤེས་ཀྱི་ངོ་བོ་མ་འགགས་པར་རང་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྐྱེ་མེད་བྱང་ཆུབ་སེམས་ཉིད་ནི། །མ་སྐྱེས་པ་མེ་ལོང་གི་ཞལ་སྨྲ་བརྗོད་བྲལ་བ་འདྲ། མ་སྐྱེས་པ་མེ་ལོང་གི་གཟུགས་བརྙན་ལ་རྣམ་རྟོག་མེད་པ་འདྲ། རང་རིག་བྱང་ཆུབ་སེམས་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པས་ན་སྐུ་གསུང་ཐུགས་སུ་ངེས་པར་རྟོགས། །གཉིས་སུ་མེད་པའི་ཚུལ་གྱིས་ནི། །ཞི་བས་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གནས། རྟོགས་པ་ཆེན་པོ་དུང་གི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བསལ་བྱའི་སྒྲིབ་པ་ཞེ་སྡང་གི་དམྱལ་བར་སྐྱེ་བའི་འབར་བའི་མུན་ནག་བསལ་དུ་གསོལ། །གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཀྱིས། ༈ །སྣོད་མ་དག་པ་འབྱུང་བ་ལྔ་དག་པ་ཆོས་ཉིད། བཅུད་མ་དག་པ་སེམས་ཅན་དག་པ་སངས་རྒྱས་སྣོད་བཅུད་ཀུན་གྱི་འཇིག་རྟེན་དང་། །འཁོར་བ་ངན་པ་མི་འདོར་བ་དང་ནི་བྱང་ཆུབ་བཟང་སྟེ་མི་ལེན་པར་ཀུན། །འཁོར་འདས་ཐམས་ཅད་དབྱེར་མེད་དུ་མཉམ་པ་ཉིད་དུ་རྟོགས། །དབྱེ་བ་ཅན་དུ་མི་དམིགས་པ་ཡི་ཚུལ་གྱིས་ནི། །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་རྒྱས་པ་ཆེན་པོ་གསེར་གྱི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བསལ་བྱའི་སྒྲིབ་པ་ང་རྒྱལ་འབར་བའི་ལྷར་སྐྱེ་བའི་མུན་ནག་མར་མེ་བལྟམས་པས་མུན་པ་སེལ་བ་ལྟར་ཡེ་ཤེས་ཤར་བས་མ་རིག་པ་ང་རྒྱལ་ཡེ་ཤེས་སུ་ཤར་རོ། །བསལ་དུ་གསོལ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཀྱིས། །རང་དང་མི་འདྲ་བ་ཐུན་མོང་མ་ཡིན་པ་རང་གི་མཚན་ཉིད་ལ་འདྲ་བ་སྤྱི་ཡི་མཚན་ཉིད་རྣམས། །སྤྱི་དང་རང་གི་མཚན་ཉིད་མ་འདྲེས་སོ་སོར་གསལ་བར་རྟོགས། །མ་འདྲེས་པ་གནས་པ་ཆེན་པོའི་ཚུལ་གྱིས་ནི། །སྣོད་བཅུད་དབང་དུ་སྡུད་པས་དབང་སྡུད་ཆེན་མོ་བྱུ་རུའི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །འདོད་ཆགས་འབར་གྱིས་མིར་སྐྱེ་བའི་མུན་ནག་


DNG019_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་གསོལ། །བྱ་བ་ནན་ཏན་མཐར་ཕྱིན་པར་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཀྱིས། །བདག་གི་ལུས་ལོངས་སྐུ་ངག་སྤྲུལ་ཡིད་ཆོས་སྐུ་དོན་སྐུ་གསུམ་ལྷུན་གྱིས་གྲུབ། །གཞན་དོན་གདུལ་བྱ་རྣམས་འཁོར་བ་ནས་དྲངས་ནས་འོག་མིན་མྱང་འདས་ཀྱི་གནས་སུ་སྦྱོར། །བྱ་བ་གྲུབ་པར་བྱེད་པ་སྟེ་དེ་ཡང་དངོས་པོ་དང་མཚན་མ་ཅི་ཡང་མ་ཡིན་ཚུལ་གྱིས་ནི། །མཐར་ཕྱིན་ཆེན་པོ་གཡུ་ཡི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཕྲག་དོག་འབར་བའི་བསལ་བྱ་ལྷ་མིན་དུ་སྐྱེ་བའི་མུན་ནག་བསལ་དུ་གསོལ། །སྤྲོས་པ་མེད་པའི་ངང་དུ་སྦྱོར་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཀྱིས། །སྣོད་བཅུད་གཉིས་ཀ་དག་མ་དག་ཀུན་གྱི་འཇིག་རྟེན་དང་། །འཁོར་བ་དང་ནི་བྱང་ཆུབ་ཀུན། །སྣོད་བཅུད་ལ་ཆོས་དང་གང་ཟག་གི་བདག་མེད་པས་ཐམས་ཅད་སྟོང་ཞིང་བདག་མེད་དེ། །ནམ་མཁའ་ལྟར་སྟོང་པ་ཉིད་ཀྱི་ཚུལ་གྱིས་ནི། །ཀུན་ལ་ཕན་པས་བྱམས་པ་ཆེན་པོའི་ཤར་ལྷོའི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བསལ་བྱ་འཁོར་བ་ཁམས་གསུམ་རྒྱུད་དྲུག་ཏུ་འཁྱམས་ཤིང་ལྡོངས་པའི་མུན་ནག་བསལ་དུ་གསོལ། །བདེ་བ་ཆེན་པོ་ལ་སྙོམས་པར་འཇུག་པས་ན་འདའ་དཀའ་ཐུགས་ཀྱི་ཡེ་ཤེས་ཀྱིས། །སྡུག་བསྔལ་དང་བདེན་པ་དབྱེར་མེད་པར་རྟོགས་པ་མཉམ་པ་ཉིད་དུ་བཞག །བདེ་བ་ཐུགས་ཐིག་ལེ་སྐུ་ཆགས་པ་གསུང་ཏིང་ངེ་འཛིན་གྱི་སྐུ་གསུམ་རྫོགས། །ཐུགས་ཡེ་ཤེས་ལས་མི་འདའ་བ་ཡི་ཚུལ་གྱིས་ནི། །ཀུན་ལ་བརྩེ་བས་སྙིང་རྗེ་ཆེན་པོ་ལྷོ་ནུབ་ཏུ་རིན་ཆེན་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །དགོས་པ་ཏིང་འཛིན་གསལ་དུ་མི་སྟེར་བའི་སྒྲིབ་པ་བྱིང་རྒོད་རྨོངས་པའི་མུན་པ་བསལ་དུ་གསོལ། །འཁོར་བ་ཐམས་ཅད་ཡེ་ཤེས་ཆེན་པོར་གསལ་བས་དབྱིངས་སུ་སྒྲོལ་བའི་ཡེ་ཤེས་ཀྱིས། །འཁོར་བའི་ཁྲི་མུན་རབ་རིབ་ལས། །བཙོན་ཁྲི་མུན་དོང་ནས་ཐར་བ་འདྲ་བར་སྐུ་གསུང་ཐུགས་སུ་ལྷུན་གྱིས་སྒྲོལ། །འཁོར་བ་ནས་ཕ་རོལ་ཕྱིན་པའི་ཚུལ་གྱིས་ནི། །སྒྲོལ་བས་ན།


DNG019_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་དང་བྲལ་ན་དགའ་བས་དགའ་བ་ཆེན་པོ་ནུབ་བྱང་བསེ་ཡི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ལྟ་སྤྱོད་ལ་མངོན་པར་ཞེན་པར་ཆོས་ཉིད་རང་གི་མཚན་ཉིད་མ་རྟོགས་སོ་སོར་འཛིན་པའི་མུན་ནག་བསལ་དུ་གསོལ། །བདག་ཉིད་ཆེན་པོར་གསལ་བས་ཀློང་དུ་གྱུར་པའི་ཡེ་ཤེས་ཀྱིས། །སྣོད་ཀྱི་འཇིག་རྟེན་ལྷའི་གནས་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷའི་སྐུ་ཁྲག་འཐུང་ཚོགས། །གློ་བུར་དུ་མ་བྱས་ཤིང་ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ནི། །བཟང་ངན་དབྱེ་བསལ་མེད་པས་བཏང་སྙོམས་ཆེན་པོ་བྱང་ཤར་རྡོ་རྗེའི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ལྟ་སྤྱོད་བསྒོམ་བསྒྲུབ་ལ་ཕྱིན་ཅི་ལོག་ཏུ་བལྟ་བས་ན་ཕྱིན་ཅི་ལོག་གི་མུན་པ་བསལ་དུ་གསོལ། །ཨོཾ་མ་ཧཱ་ཛྙཱ་ན་དེ་བ་ཧཱུྃ། སྔགས་འདི་ཡེ་ཤེས་དགུ་པོ་རེ་རེ་ལ་བརྗོད་པར་བྱའོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། དེ་ཡང་མཆོག་མི་ལས་ཕྱེ་བས་མཆོག་ཕྲན་དུད་འགྲོ་ལས། ཕྱེ་བ་ལ་བསྒྲལ་བྱའི་ཞིང་བཅུ་ཡོད་དེ། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། དམ་མེད་དམ་ལས་ལོག་པ་དང་། འདུས་པར་འོང་དང་ཡོངས་ལ་གནོད། དམ་དགྲ་ངན་པའི་ངང་ཚུལ་ཅན། ངན་སོང་གསུམ་ཞེས་པའི་ཞིང་བཅུ་རཱུ་ཏྲའི་ཚོགས་རྣམས་བསྒྲལ་བྱས་ནས། །ཤ་ཆེན་ལང་ལིང་རྐང་གི་དུམ་བུ་དང་། །འདོད་ཆགས་ཁྲག་གིས་སྦགས་པའི་དུར་ས་བཏབ་པའི་གནས་ནས་ཤ་ཁྲག་གི་ཁྲོད་ཡོད་པས་ན་ཞིང་གི་རས་རོས་དུར་ཁྲོད་རྫས་ཆེན་རྣམས། །རང་གཞན་གྱི་དོན་གྲུབ་པས་ན་དཔལ་གྱི་ཐ་མལ་པ་ལ་གསང་བའི་གཙོ་བོ་ལས་འཁོར་གྱིས་བསྐོར་བས་ན་དཀྱིལ་འཁོར་བསྐོར་བར་བྱ། །སྲིད་པ་གསུམ་གྱི་སྐྱེ་བའི་སྲིད་པས་གདུག་པ་ཅན་དུ་སྐྱེས། ན་བའི་སྲིད་པས་ནད་གཏོང་། འཆི་བའི་སྲིད་པས་ཚེ་འཕྲོག་གོ། །གདུག་པ་ཀུན་བསྒྲལ་ཏེ། །ཤེས་རབ་ཟབ་མོའི་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དང་དབུས་མེད་དཀྱིལ་འཁོར་རང་བཞིན་ཏེ། །ཆོས་དབྱིངས་མཐའ་དབུས་དང་བྲལ་བས་ན་དུས་གསུམ་སངས་རྒྱས་འཁོར་བཅས་བཞུགས་པ་ཁོ་ན་ཉིད་དཀྱིལ་འཁོར་ཏེ། ཕྱི་ནང་མེད་པར་ལྷུན་གྱིས་གྲུབ་པའི་རྫས། །ཆོས་ཉིད་ལ་ཕྱི་ནང་མེད་པས་དེ་ན་བཞུགས་པའི་སངས་རྒྱས་ཡེ་ནས་ལྷུན་


DNG019_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བོ། །ཡིད་བཞིན་དུ་འབྱུང་བའི་ནོར་བུ་རིན་ཆེན་ལ་དགོས་འདོད་འབྱུང་བ་ལྟ་བུ་ལོངས་སྤྱོད་འདོད་དགུ་འབྱུང་བའི་རྒྱུ། །ཡེ་ཤེས་ཆེན་པོ་བཞི་དང་ལྡན་པའི་རྟགས། །ཕྲག་དོག་མ་སྤངས་ཞིང་གི་གཡང་གཞི་འདི། །གཡང་གཞི་ཆོས་ཀྱི་དབྱིངས་ལས་ཡན་ལག་བཞི་ཡེ་ཤེས་ཆེན་པོར་བཞིའི་རང་བཞིན་རྟགས་སོ། །དཀྱིལ་འཁོར་ཆེན་པོའི་བླ་རེ་དགྲམ་པར་བྱའོ། ༈ །ཕྲག་དོག་ཆེ་བས་ན་མཚན་ཉིད་པ་དང་སྔགས་པ་ཡང་མི་མཐུན་ཕྲག་དོག་མ་སྤངས་པས་བྱ་བ་གྲུབ་པའི་ཡེ་ཤེས་རྟོག །དེ་རྟོག་པས་སྤང་བྱ་བལྟ་བ་ངན་པ་སྤང་། བལྟ་བ་ངན་པ་སྤངས་པས་ཆོས་ཉིད་ཀུན་ལ་ཁྱབ་པའི་བླ་རེའོ། །མཆོག་ཕུར་བཞི་དང་ལྕགས་ཕུར་བཞི། །སྒོ་བཞིར་མཆོག་ཕུར་མཚམས་བཞིར་ལྕགས་ཕུར་སྦོམ་ཕུར་ཤར་ལྷོར་དགོད་དོ། །ཕྱོགས་བཞི་མཚམས་བཞིར་གཟུག་པ་དང་། །མཐའ་ཡང་རྩང་གི་སྲིན་རྩང་ནི་སྲིན་མོའི་ཕྱག་རྒྱ་ཡིན་ཏེ། སྲིན་མོས་གོམ་པ་བསྣོལ་ནས་འགྲོ་བས་མོ་འགྲོས། །བ་སུ་ཏ་ཡི་རྒྱུ་མའི་ཞགས་པས་བཅིང་ངོ་བསྐོར། །དཔལ་བཤོས་ཟླ་ཁམ་རཀྟ་ཡིས། །ཐིག་ལེ་དགུ་པ་ཧེ་རུ་ཀའི་ལྷ་བཤོས་ནི་དབང་དུ་བསྡུས་པའི་ལས་ཅན་ཏེ་འབུལ་བ་དང་། །རྨད་དུ་བྱུང་བའི་གཏོར་མ་དང་ལྷོ་ནུབ་ཏུ་དགོད་པ། །དམར་གྱི་ཨརྒྷཾ་ཆེན་པོ་དང་ནི་ཐོད་པ་ཁྲག་གིས་བཀང་བ་བཞི་དགོད་དོ། །འཆི་མེད་བདུད་རྩིའི་བུམ་པ་དང་བྱང་ཤར་དུ་སྨན་ཕུད་དགོད། །མཆོད་པ་རྣམ་པ་ཀུན་ཏུ་རྒྱུ་བ་ལྔ་པོ་དང་། །ཚེ་ཉི་ཟླ་དང་མཉམ་པར་གྲུབ་པས་ན་ཟབ་མོ་མཆོག་གི་ཚེ་བྲན་དང་། །རིགས་ཀྱི་ཡབ་ཡུམ་མདའ་དང་འཁོར་དར་སྣ་སྒོ་བ་རྒྱལ་མཚན་རྣམས། །དབང་བསྐུར་མ་ཐོབ་པ་དང་དམ་ཚིག་མེད་པ་ལ་གསང་བའི་དཀྱིལ་འཁོར་མཐའ་མ་བསྐོར། ༈ །དུང་ཅན་མའམ། པདྨ་ཅན་ནམ། བ་གླང་ཅན་ནམ། རི་དྭགས་ཅན་ལྟ་བུའི་ཡུམ་ནི་མཚན་ལྡན་དམ་ཚིག་བཀོད། །བུད་མེད་དེ་ཉིད་ཀྱིས་བསྒོམ་ཤེས་ན་ལེགས་མིན་ན་དཔལ་ཆེན་པོའི་ཡུམ་དུ་བསྒོམ་གཙོ་བོའི་གཡོན་དུ་བཞག་སྟེ་བྱིན་གྱིས་བརླབ་པར་བྱས་ནས་ནི། །མིག་གི་རྟེན་དུ་གཡོན་ཕྱོགས་བཞག །དགྱེས་པ་བསྐང་བ་གསང་བའི་མཆོད་པ། གསང་དབང་བསྐུར་བ་ལ་དགོས་ཏེ་ཀྲོ་དྷཱི་ཤྭ་རཱི་ཉིད་ཡིན་ནོ། །དཔལ་གྱི་ཡུམ་དང་འདྲའོ། །མཚན་ལྡན་གྱི་བུ་མོ་མཁས་པས་ལེགས་བཀལ་བའི། །ཐགས་


DNG019_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཐགས་ཀྱང་བུ་མོ་མཚན་ལྡན་གྱིས་བཏགས་པ་ཕྲ་རས་གྲི་ལ་སྐྱེས་པ་དར་མ་གྲིར་བསད་པའི་ཤུན་གོས་ནི་རོ་གོས་དུར་ཁྲོད་རྫས་སོ། །བརྒྱངས་ཤིང་ཡང་དུར་ཁྲོད་མགལ་པས་སམ་རོའི་ཤིང་གི་མགལ་པས་བརྒྱངས་ནས་ནི། །ཚོན་རྩི་སྦྱིན་མེད་བཟང་པོ་ཡིས། །ཐོད་པ་ལྔ་ཡི་ཀོང་བུའི་ནང་། །དཔའ་བོ་འབྲུ་ལྔ་མཐིང་གའི་ཐོད་པའི་ནང་དུ་ཧཱུྃ་དཀར་པོར་ཨོཾ་སེར་པོར་སྭཱ་དམར་པོར་ཨཱཾ་ལྗང་གུར་ཧཱ་ཡེ་ཤེས་ཀྱིས། །ལྷ་བཟོ་རྩ་བ་དང་ཡན་ལག་གི་དམ་ཚིག་དང་ལྡན་ཞིང་ཕྱི་ནང་གསང་བའི་དབང་ཐོབ་པའི། །ལྷ་བཟོ་གཟུགས་དང་ཚོན་གྱི་བྱ་བ་ལ་མཁས་པས་བྲིས་པའི་སྐུ། །ཧེ་རུ་ཀ་ལ་ཀེའུ་རི་བརྒྱད་ཀྱིས་བསྐོར་བའི་ལྷ་དགུའི་དཀྱིལ་འཁོར་བཟང་པོ་ནི། །དགོས་པ་ནི་སྒྲུབ་པ་པོ་རྣམས་དགོས་པ་ཡང་། །ཏིང་འཛིན་གསལ་ཕྱིར་མིག་རྟེན་དགྲམ། །པས་བསྐྱེད་རིམ་ལ་བརྟན་པ་སྟེ། གང་ཟག་བློ་དམན་རྣམས་ལས་ཕན་གདགས་པའི་ཕྱིར། ཐང་སྐུའི་རྒྱབ་ཏུ་སྐུ་ཐུགས་ཆོས་སྐུ་དྲི་མ་མེད་པར་སྐུ་ལོངས་སྐུ། གསུང་སྤྲུལ་སྐུར་བྱིན་གྱིས་བརླབས་པའོ། །གསུམ་གྱིས། །བྱིན་རླབས་སྔགས་ཀྱང་བྲི་བར་བྱའོ། །ཨོཾ་ཡེ་དྷརྨཱ་ཆོས་ཧེ་ཏུ་རྒྱུ་པྲ་བྷ་ཝཱ། ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཆོས་སྐུར་བྱིན་གྱིས་བརླབས་པའི་སྔགས་སོ། །ནམ་མཁས་གར་ཁྱབ་པར་གཟུགས་སྐུ་གཉིས་བྱུང་ནས་དོན་མཛད་པ་ལྟར་དོན་མཛད་པའོ། །སྔགས་སོར་བཞག་ཨོཾ་བཛྲ་ཀུ་ཤ་སྨྲྀ་ཏི་དྲན་པ་ཨུ་ཏ་ས། སཾ་མྱ་ཀ་ཡང་དག་པར ། ཨ་རི་ཏི། ཨི་ཏྲ་ས་ཡ་བོད་ཨ་ག་རྒྱ། ཨཱརྻ་བ་ཏི་འཕགས་པ ། ཨུ་སྣན་རུ་ཕྱེ་ནི་ཀུ་རུ་སྭཱ་ཧཱ། ལོངས་སྐུ་ས་བཅུའི་བྱང་སེམས་པའི་དོན་མཛད་པ་ལྟར་བྱང་ཆུབ་སེམས་དཔའི་དོན་མཛད་པའོ། །ལོངས་སྐུར་བྱིན་གྱིས་བརླབས་པའི་སྔགས་སོ། །ཨོཾ་བཛྲ་ཛྙཱ་ན་པཉྩ་ཀཱ་ཡ་རྡོ་རྗེ་ཡེ་ཤེས་ལྔའི་སྐུ ། གུ་ཎ་གརྦྷ་བུ་མི་ཏྲ་ཤ་ཀྲ་ནི་ཀ་རུ། སརྦ་ཛྙཱ་ན་བཱཀ་ས་མནྟ། ཨ་མོ་གྷཱ་ཡ་སྭཱ་ཧཱ་དོན་ཡོད་པའི་སྐུ ། སྤྲུལ་སྐུར་བྱིན་གྱིས་རློབ་པའི་སྔགས་སོ། །མཛད་པ་བཅུ་གཉིས་ཀྱི་དོན་མཛད་པ་ལྟར་སེམས་ཅན་གྱི་དོན་མཛད་པར་བསམ་མོ། །སྒྲུབ་པ་པོ་རང་གི་ལུས་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་ཤེས་པར་བྱ་སྟེ། །ལུས་ཉིད་དཀྱིལ་འཁོར་འདོམ་གང་ལ། །རང་ལུས་མི་མཉམ་པ་མེད་པས་གྲུ་བཞི་པ་ཉིད་དཀྱིལ་


DNG019_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདོམ་གང་གྲུ་བཞིའོ། །དོན་སྙིང་ལྔ་སྙིང་ནམ་མཁའ། གློ་བ་རླུང་། མཆིན་པ་མེ། མཆེར་པ་ས། མཁལ་མ་ཆུ་དང་ནང་རོལ་དྲུག །ནང་རོལ་རྒྱུ་མ། ལོང་ཀ །མཁྲིས་པ། ཕོ་བ། ལྒང་བ་བསམ་སེའུ་རྣམས་དུར་ཁྲོད་ཀྱི་རྫས་སོ། །རྫས་ཀྱིས་མཛེས་པར་གཞག་པ་ལ། །མགོ་བནྡྷ་དང་ཡན་ལག་བརྒྱད་ཕུར་པའོ། །དཀྱིལ་འཁོར་རྒྱན། །ཀུན་གཞི་འི་རྣམ་པར་ཤེས་པའི་ཀོང་བུ་ཉོན་མོངས་པའི་ཡིད་མ་ལྟ་བུར་བྱམས་པས་མར་ཁུ་ཡུམ་གྱི་ཀོང་བུའི་ནང་། །ཡིད་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་མེ་རུ་གསལ། །ཞེས་གསུངས་སོ། །ཧེ་རུ་ཀ་ཡི་གལ་པོ་ལས། དཀྱིལ་འཁོར་དུ་དམ་ཚིག་སྔར་མ་འདྲེས་པ་དང་བསྲེ་བསྣན་བྱ་ཞིང་རྫས་དགོད་པ་བསྟན་པ་སྟེ་བརྟག་པ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བྱིན་རླབས་དཔེར་ན་སྒྱུ་མ་མཁན་གྱིས་ཡོད་པ་ལས་མེད་པའམ་མེད་པ་ལས་ཡོད་པར་སྤྲུལ་པའམ། རྡེའུ་དང་། ཤིང་བུ་ལས་རྟ་དང་གླང་པོར་སྤྲུལ་པ་ལྟར་བྱིན་གྱིས་བརླབ་བོ། །འབྱུང་བའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ། །མི་དམིགས་ཆོས་ལ་བློ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལས་བློ་འབྱོངས་པར་བྱས་ནས་བརྟགས་ཤིང་། །ཡེ་ཤེས་ཅན་གྱིས་སྦྱིན་སྟོབས་ཀྱིས། །ཆོས་ཀྱི་དབྱིངས་ལས་ཅིར་ཡང་སྣང་བའི་ཡེ་ཤེས་སྒྱུ་མའི་སྟོབས་ཀྱིས། གནས་དང་སྒྲུབ་པ་པོ་ལ་སོགས་པ་ཐམས་ཅད་ཚུལ་བཞིན་འོག་ནས་འབྱུང་བ་བྱིན་གྱིས་བརླབས། །བྱིན་གྱིས་བརླབ་པའི་དགོངས་པ་ནི་ཐམས་ཅད་ནུས་མཐུ་ཅན་དུ་དེ་དག་འགྱུར། །དབང་སྒྱུར་ཆེན་པོའི་ཏིང་འཛིན་ནི། །སྒྲུབ་པ་པོ་སྔོན་དུ་བླ་མ་ལས་དབང་རྣམས་ཐོབ་པ་དང་། །དམ་ཚིག་ཡོད་པ་སྙིང་རྗེར་ཆེ་བ་ལྡན་པ་ཡིས། །གནས་ཁང་ངན་པའི་ལས་དྲི་མ་རྣམས་དག་བྱས་ལ། །གནས་དུར་ཁྲོད་ཀྱི་སར་གཞལ་ཡས་ཁང་དུ་ནི་བྱིན་གྱིས་བརླབས། །ཆོས་དབྱིངས་མཁའ་དབྱིངས་ཡིད་བཞིན་འབར་བའི་འཇིགས་བྱེད་འབར་བའི་གནས། །ཆོས་དབྱིངས་དག་པའི་གཞལ་ཡས་ཁང་ནི། རང་སྐད་ཅིག་ལས་ལྷར་བསྒོམས་ལ་རཾ་ཡཾ་ཁཾ་ཞེས་པས་གནས་ཀྱི་དངོས་པོ་སྦྱངས་ནས་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་དག་པར་བསྒོམ་མོ། །མཁའ་དབྱིངས་དག་པ་ནི། དེའི་ནང་དུ་ཡེ་ཤེས་ཀྱི་འབྱུང་བ་ལྔ་ཡུམ་ལྔའི་མཁར་བསྒོམ་


DNG019_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཡིད་བཞིན་འབར་བ་ནི་རི་རབ་ཀྱི་སྟེང་དུ་བྷྲཱུཾ་ལས་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་བསྒོམ་མོ། །འཇིགས་བྱེད་འབར་བ་ནི། ཕྱི་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་ལྡན་པར་བསྒོམ་མོ། །ཆེ་བ་བརྗོད་པ་ལྷ་དང་དམ་ཅན་གནས་འདིར་འདུས། །རྣལ་འབྱོར་བག་ཡངས་བསྒྲུབ་བྱིན་རློབས། །དབང་སྒྱུར་ཆེན་པོ་འགྲུབ་གྱུར་ཅིག །བྷྲཱུཾ་ཀ་མ་ལ་ཛྙཱ་ན་བྷྲཱུཾ། ཕྱག་རྒྱ་ཆེན་པོའི་ཏིང་འཛིན་ནི། །གནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་གྱི་ནང་དུ་སྐལ་ལྡན་གཙོ་འཁོར་ཀུན་འདུས་ནས་ཧཱུྃ་ཧ་ཞེས་བརྗོད་པས་གཙོ་བོའི་ཡི་གེ་ཧཱུྃ་ལས་དཔལ་ཧེ་རུ་ཀར་བསྒོམ། གཡོན་དུ་ཧཱུྃ་ལས་ཡུམ་བསྐྱེད། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཡེ་ཤེས་ལྔས་དབང་བསྐུར། སྤྱན་དྲངས་ལ་བསྡིམ་མོ། །གཙོ་བོ་རང་གི་ཆོ་ག་རྫོགས་ནས་འཁོར་བྱིན་གྱིས་རློབ་པ་ནི། འཁོར་རྣམས་ཡི་གེ་ཧ་རེ་རེ་ལས་མཁའ་འགྲོ་མ་བརྒྱད་དུ་བསྐྱེད་ལ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཡེ་ཤེས་ལྔར་དབང་བསྐུར་རོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །སྐལ་ལྡན་འདུས་པ་ཀུན་འཚོགས་ནས། །སྒྲུབ་པ་པོ་རྣམས་ཆོ་ག་གསུམ་གྱིས་ལྷར་བསྐྱེད་པ། ཡེ་ཤེས་ལྔས་དབང་བསྐུར་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ། །གཙོ་བོ་ཡབ་ཡུམ་སྐུར་བསྐྱེད་དེ། །བྱིན་རླབས་ཆོ་ག་ཀུན་རྫོགས་ནས། །ཁྲོ་བོའི་རྒྱལ་པོ་ཇི་བཞིན་བསྐྱེད། །འཁོར་རྣམས་མཁའ་འགྲོ་བརྒྱད་དུ་གསལ། །ཀོའུ་རི་བརྒྱད་རྣམས་རང་རང་གི་གནས་སུ་བསྐྱེད་དོ། །མཁའ་འགྲོ་མ་སྤྱན་དྲངས་ལ་བསྡིམ་འཁོར་རྣམས་མ་མོ་བརྒྱད་དུ་འདབ་ནས་བསྐྱེད་པ་ནི། མ་མོ་རེ་རེ་ལ་ཡང་རང་དང་སྤྲུལ་པ་མང་པོ་ཡོད་པའོ། །གསང་བ་སྒྲུབ་པའི་མཆེད་ལྕམ་རྣམས་ལྷའི་སྐུར། །ཕྱག་རྒྱ་ཆེན་པོར་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་གསལ་ལོ། །རྫོགས་གྱུར་ཅིག །ཧཱུྃ་ཧཱུྃ་ཧ་ཧ། འབྱུང་བ་འབྱུང་བ་སའི་བཅུད་ཀྱི་ནུས་པ་ལྕི་བས་གྲང་བ་འཇོམས། ཆུའི་བཅུད་ཀྱི་ནུས་པ་མང་བས་ངོམས་པར་བྱེད། མེའི་བཅུད་ཀྱི་ནུས་པ་རྣོ་བས་བཟི་བར་སླ། རླུང་གི་བཅུད་ཀྱི་ནུས་པ་ཡང་ལ་མྱུར་བས་སྐྱུགས་པར་བྱེད། ཆང་གིས་མི་མཐུན་པ་མཛའ་བར་བྱེད་སྡུག་བསྔལ་ཅན་གད་མོ་འབྱིན་པས་འཛའ་གད་དོ། །བཅུད་ལེན་ཏིང་འཛིན་ནི། །དང་པོ་ཆང་བྱིན་གྱིས་བརླབ་བོ། །བག་ཆགས་སྦྱང་བྱས་ཏེ། །གཉིས་པ་དངོས་གྲུབ་རྫས་ལ་དབབ་ནི་གཅིག་སྨན་ཕུད་དུ་གཞག་གོ། །གསུམ་པ་རྒྱལ་བ་སྲས་བཅས་མཆོད་ནི་གཅིག་ཕུད་དུ་གཏོར་བའོ། །


DNG019_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དངོས་གྲུབ་བླང་བར་བྱ་བ་ནི་གཅིག་སྒྲུབ་པ་པོ་རང་བཏུད་དོ། །དང་པོར་རྒྱལ་བ་རྣམས་ཛ་གད་ལ་སྤྱན་དྲང་བའོ། །སྐུ་གསུང་ཐུགས་ཀྱི་རང་བཞིན་རྒྱལ་བ་རྒྱ་མཚོ་རྣམས། །དག་པ་ལྷའི་སྐད་ཀྱིས་སྤྱན་དྲང་བ་ཨེ་ཧི་ཨེ་ཧི་ཚུར་སྤྱོན་ཚུར་སྤྱོན་ཞེས་སྤྱན་དྲངས་འཁོར་དང་བཅས། །ཛཿཧཱུྃ་བཾ་ཧོཿས་ཕྱག་རྒྱ་བཞིས་སྤྱན་འདྲེན་མ་ལུས་གཤེགས་སུ་གསོལ། ༈ །ཀ་ལ་ཀི་ལ་ཧ་ཧ་དགའ་བའི་བཞད་མོས་དགའ་བའི་འཁོར་དུ་བསྡུས་ཁོང་། །བདེ་བའི་གནས་སུ་ཚུད་བདེ་དྲོངས་བདེ་མཆོད་ཨ་ཧོ་སུ་ཁ་ཤམ་པ་ར། །ཏི་ཏ་ཤི་ཤི་སློབ་མར་ཚུད་ཅིག་བདག་ཅག་རྣམས་འཕགས་པའི་སློབ་མར་དག་པར་གྱིས་གནང་བར་མཛོད། །རོལ་གཙོ་བོའི་ཞལ་དུ་རོལ་དུ་གསོལ་ཅིག་དགོངས་ཤིག་འདོད་པ་ཏི་སྟ་ཁ་ཁ་ཁཱ་ཧི། །རབ་ཏུ་སྦྱིན་ནོ་བསྐུལ་ལོ་ད་ར་ད་ར་ཧ་ར་ཧ་ར་ཟོ་ཞིག་འཁོར་རྣམས་ལ་སྦྱིན་དུ་གསོལ་ཁཱ་ཧི། །ངོ་མཚར་མཆོག་ཏུ་བསྟབ་ཀྱིས་ཁ་ཁ་ཁཱ་ཧི་གཙོ་འཁོར་ཀུན་མཉེས་པར་མཛོད། །ཀྱེ་ཟླ་བ་ལ་སོགས་དམར་ཆེན་སྙིང་པོ་ལྔ་བདུད་རྩི། །མཱཾ་ས་ལ་སོགས་ཤ་ལྔ་ཚེ་འཕེལ་དཔའ་བོའི་བཅུད། །ཁྲག་ལྔ་མ་ཙ་མེ་ཙ་རཀྟ་རུ་དྷི་ར། །ཀྲི་ཡོག་ལྟར་ལམ་རིང་བ་མ་ཡིན་ཏེ། ཚེ་གཅིག་ལུས་གཅིག་གིས་འགྲུབ་དང་སྔགས་དང་ཏིང་ངེ་འཛིན་དང་ཕྱག་རྒྱས་འགྲུབ་པས་ན་ཉེ་བའི་བསྒྲུབ་པའི་དངོས་གྲུབ་དམ་པ་མ་ལུས་རབ་སྒྲུབས་ཤིག །དྲི་མེད་གཟི་ལྡན་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་རྒྱ་མཚོ་རྒྱལ་བ་ཞི་ཁྲོའི་ཚོགས་རྣམས་ལ་འབུལ་ལོ་རབ་སྤྲུལ་ཅིག །བཞེས་ཚུལ་ལྔ་ནི། གཟུང་འཛིན་གཉིས་མ་ཆགས་པར་འབུལ་མ་ཆགས་པར་ཡང་བསྣམ་དུ་གསོལ། །འཁོར་འདས་གཉིས་སུ་མ་ལུས་པར་ཡང་བཞེས་སུ་གསོལ། །རབ་ཏུ་དགྱེས་པར་མཛད་པ་ཨ་ལ་ལ་ཧོ། ཨོཾ་མ་མ་ཀི་རི་ཀེ་རི་ཨ་ཏི་ཏི་སྟ་སྭ་མཾ། ཛ་གད་ཡུམ་མཱ་མ་ཀཱིས་བདུད་རྩིར་བྱིན་གྱིས་བརླབ་ཏུ་གསོལ། སྣོད་བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསྐྱེད། བཅུད་ཡི་གེ་མཱཾ་ལས་ཡུམ་མཱ་མ་ཀཱི་དཀར་མོ་ཕྱག་ན་བདུད་རྩིའི་བུམ་པ་ཐོགས་པར་བསྐྱེད། འོད་ཟེར་འཕྲོས་པས་དངོས་པོར་འཛིན་པའི་རྟོག་པ་སྦྱངས་ཏེ། འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཛ་གད་ནང་དུ་འདུས་པས་བདུད་རྩིའི་ཆར་བཞིན་དུ་གྱུར་པར་བསྒོམ་མོ། །དེ་ནས་ཚོ་གཉིས་སུ་བཅད་ལ་དང་པོ་ལ་ཡང་གཉིས་སུ་བགོ་སྟེ་གཅིག་སྨན་ཕུད་བཞག་གཅིག་ཕུད་གཏོར་ཐ་མ་ལ་ཡང་གཉིས་སུ་བགོས་ཏེ།


DNG019_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྒྲུབ་པ་པོ་རང་བཏུང་། གཅིག་རྫས་གཞན་རྣམས་སུ་གཏིགས་རེ་བླུག་གོ། །མི་གཙང་དག་བྱེད་ཏིང་འཛིན་ནི། །ཟླ་བའི་དཀྱིལ་འཁོར་ལས་སྐྱེས་པ། །ཆུ་གཙང་མ་དང་ཙནྡན་དཀར་དམར་སྦྱར་ལ་དེའི་ནང་དུ་ཟླ་དཀྱིལ་གྱི་སྟེང་དུ་ཡི་གེ་ཧྲིཿདམར་པོ་ལས་ཁྲོ་མོ་དབང་ཕྱུག་མ་དམར་མོ་ཕྱག་ན་དྲིའི་འདེ་གུ་བསྣམས་པ་བསྐྱེད་ལ་འོག་གི་སྔགས་འདི་བརྒྱ་རྩ་བརྒྱད་རེ་བཟླས་པས་དྲི་ཆུ་ཉིད་ཁྲོ་མོ་དབང་ཕྱུག་མ་དང་གཉིས་སུ་མེད་པར་བསམ་མོ། །ཆུ་དེ་རྫས་ཀུན་ལ་བསང་བར་བྱའོ། །དེ་ཡང་སྔོན་བསྐལ་པ་ཀུན་བཀོད་བྱ་བ་ལ་ཁྱིམ་བདག་རབ་གཙང་གི་བུ་ཁྱེའུ་གཙང་མ་ཞེས་བྱ་བ་སངས་རྒྱས་རྣམས་ལ་གཙང་མས་མཆོད་པ་ལ་དགྱེས་ནས། བདག་སྐྱེ་བ་འདི་འཕོས་ནས། ལུས་ཙནྡན་དཀར་དམར་གྱི་སྡོང་པོར་སྐྱེ་བར་གྱུར་ཅིག །སེམས་བྱང་ཆུབ་སེམས་དཔའ་སེམས་མར་གྱུར་ཅིང་སངས་རྒྱས་རྣམས་ལ་དྲིས་མཆོད་པར་གྱུར་ཅིག །ཅེས་བརྗོད་པས་སྐྱེ་བ་དེའི་འོག་རོལ་ཏུ་རུས་པ་ཙནྡན་དཀར་པོའི་སྡོང་པོར་སྐྱེས་པས། ཙནྡན་གྱོང་ལ་དྲི་ཆེ་བའོ། །ཤ་ཁྲག་ཙནྡན་དམར་པོར་གྱུར་པས་ཕྲལ་བཤད་ཅིང་མཉེན་པའོ། །སེམས་བྱང་ཆུབ་སེམས་དཔའ་ཙནྡན་དཔལ་དང་ཁྲོ་མོ་དབང་ཕྱུག་མར་གྱུར་པས་བྱང་ཆུབ་སེམས་དཔའ་ཙནྡན་དཔལ་གྱི་སྔགས་ཕྱི་ཀྲི་ཡོག་ལ་གལ་ཆེ། ཁྲོ་མོ་དབང་ཕྱུག་མའི་སྔགས་ནང་པ་ལ་གལ་ཆེ་བར་གྱུར་པའོ། །ཞེས་ཏིང་འཛིན་རིག་པ་མཆོག་གི་རྒྱུད་ལས་བཤད་དོ། །ཁྲོ་མོ་དབང་ཕྱུག་ཞི་བའི་ཆུས། །བསངས་ན་ཐམས་ཅད་དག་པར་འགྱུར། །ཨཱོཾ་ཆོས་ཉིད་ཡེ་ནས་རྣམ་པར་དག་པ་ལ། །གཙང་དང་ཉེས་བྲལ་བལྟ་བ་ཡངས་པའི་ཆུ་གཟུང་འཛིན་དག་པས་བལྟ་བའི་ཆུ། །མི་གཙང་ཞེན་ཆགས་སྦྱོང་བ་དྲན་རིག་དག་པ་བསྒོམ་པ་ལྷ་ཡི་ཆུ། །དྲི་མེད་གཏོར་བས་ཡོད་མེད་དག་པ་འདག་པ་སྤྱོད་པའི་ཆུ། །བསྐལ་པ་བསམ་རིག་དག་པས་བག་ཆགས་འཁྲུ་བ་འབྲས་བུའི་ཆུ། །རྫས་དང་རྣལ་འབྱོར་མཚན་མ་གང་ལ་ཕོག་ཀྱང་དག་ཅིང་གཙང་བར་འགྱུར། །ཨོཾ་ཡེ་ཤེས་ལྔ་ཀྲོ་དྷཱི་ཁྲོ་མོ་ཤྭ་རཱི་དབྱིངས་ཕྱུག་སརྦ་ཐམས་ཅད་དྲ་བྱཾ་དག་པ་ཤོ་སྦྱོང་བ་དྷ་ཡ། ཨོཾ་ཨཱཿཧཱུྃ་ཧྲཱྀཿཐ། ཡིད་བཞིན་འབར་བའི་ཏིང་འཛིན་ནི། །ཡོ་བྱད་ཆ་གསུམ་བགོ་བྱས་ནས། །མཚམས་གཅད་རོལ་པའི་བྲོས་སྦྱངས་ཤིང་། །རྫས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། བསྒྲུབ་རྫས་ཀྱི་ཡོ་བྱད་བནྡྷ་ལ་སོགས་པ་དང་། འཚེ་བ་བཟློག་པའི་རྫས་གོ་མཚོན་རྣམས་བྷྲཱུཾ་དང་ཏྲཱཾ་ལས་མཚོན་ཆ་ལྔར་བྱིན་གྱིས་བརླབ། མཆོད་རྫས་ལྷ་དང་ལྷ་མོར་བྱིན་གྱིས་བརླབས། འཚོ་བའི་རྫས་དང་ཡོ་བྱད་ལ། ཆ་གསུམ་དུ་བགོས་ལ། དང་པོ་སྔོན་འགྲོའི་རྫས་བྱ་སྟེ། སྦྱིན་པ་གཏོང་བ། མགོན་པོ་མཆོད་པ། མཚམས་


DNG019_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏོར་མ་བྱའོ། །གཉིས་པ་ཚོགས་བྱ། གསུམ་པ་ཕྱི་སྟོན་ལ་བཞག་གོ། །ཏྲཱཾ་ལས་ཡིད་བཞིན་རིན་ཆེན་འབར། །ཚོགས་རྫས་རྣམས་དཀྱིལ་འཁོར་གྱི་སྟེང་དུ་སྤུངས་ལ་གུ་གུལ་དུད་པས་བདུག །མཚམས་བཅད་རོས་པའི་བྲོས་སྦྱོང་། ཧྲཱཾ་རཏྣ་ཏྲེ་ལོཀྱ་ཅེས་པས་ཏྲཱཾ་ལས་ཡིད་བཞིན་ནོར་བུ་རིན་པོ་ཆེར་བསྐྱེད་དོ། །རྫས་ལ་བཀྲ་ཤིས་དག་པའི་རྫས་སྐྱེ་བ་བདུན་པ། བྱིན་རླབས་སྤྲུལ་པའི་རྫས་ཞིང་ཆེན། གདུལ་བྱ་ཞིང་གི་རྫས་ཞིང་བཅུ། ཚད་མེད་སྙིང་རྗེའི་རྫས་བྱོལ་སོང་རྣམས་སོ། །ཚོགས་ཀྱི་ལོངས་སྤྱོད་མ་ལུས་པ་ཚོགས་ཀྱི་ལོངས་སྤྱོད་དུ་འབུལ་དང་། །འཁོར་གྱི་རྒྱན་ནི་ཐམས་ཅད་དཀྱིལ་འཁོར་གྱི་རྒྱན་དུ་འབུལ་ཀྱང་། །བྲམ་རིལ་ཁོག་པ་སྟོད་སྨད་དང་། །ཞིང་བཙོས་དང་ནི་ལྷག་དུམ་དང་། །རྐང་དང་ལྷུ་ཚིགས་ཙིཏྟའི་ཏོག །སོ་སོའི་བྱེ་བྲག་ཀུན་ཏུ་དགྲམ་མཆོད་པའི་རྫས་སུ་འབུལ། །གཞན་ཡང་དུར་ཁྲོད་མཆོད་པ་དང་། །རྨད་བྱུང་གཏོར་མ་ཤ་ལྔ་དང་། །བདུད་རྩི་ལྔ་དང་དཔའ་བོར་བཅས། །རཀྟ་སྤྱན་གཟིགས་རོལ་མོའི་སྒྲ། །སོ་སོར་འཚམས་པ་ཉིད་དུ་བཀོད། །སྨན་ཕུད་མཆོད་པ་གཏོར་མར་བཅས་དངོས་གྲུབ་རྟེན་དུ་འབུལ། །དངོས་གྲུབ་རྫས་སུ་བཅས་པར་དགྲམ། །ལྷ་ཡི་དཔག་བསམ་ཤིང་ཆེན་ལྷ་ལ་དཔག་བསམ་ཤིང་ལ་འབྲས་བུ་ཟས་ལོ་མ་གོས་སུ་སྣང་བ་དང་། །གནོད་སྦྱིན་ལ་བུམ་པ་བཟང་པོ་ལ་དགོས་འདོད་འབྱུང་བ་དང་། །ཀླུ་ཡི་གཙུག་ན་ཡིད་བཞིན་ནོར་བུ་ལ་དགོས་འདོད་འབྱུང་བ་ལྟར་འབུལ། །ཏྲཾ་རྫས་དང་ཡོ་བྱད་རྣམས་ཏྲཾ་ལས་རཏྣ་ཏྲཻ་ལོཀྱ་ཕཊ། ཅེས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བྱིན་གྱིས་བརླབ་པའི་སྔགས་སོ། །སྐུ་གསུང་ཐུགས་ནི་སོ་སོའི་ཕྱག་མཚན་ནོ། །ཀྱི་ཏིང་འཛིན་ནི། །ཐར་བྱེད་གང་དག་བཤད་པ་ནི། །འཁོར་བར་ཆགས་པ་ལས་ཐར་བར་བྱེད་པས་རཀྟའོ། །རཀྟས་དཀྱིལ་འཁོར་བྲི་བ་རི་མོ་གཅིག་པའི་ས་ཚོན་ནོ། །རི་མོ་གཅིག་པ་དེ་བཞིན་ཏེ། །ཡང་དག་ཐམས་ཅད་རི་མོ་གཅིག །འདོད་ཆགས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱེད་པའི་རྟེན་ཡུམ་ཡིན་ཏེ་ཀྲོ་དྷཱི་ཤྭ་རིར་བསྒོམ་པའོ། །པའི་ཕྱིར། །མིག་གི་རྟེན་ཡང་མངོན་པར་གཞག །ཡུམ་མི་དམིགས་པ་ལས་ཡི་གེ་ཀྲོཾ་ལས་ཀྲོཾ་གི་ཡི་གེ་ལས་བྱུང་བ། །ཡུམ་ཀྲོ་དྷཱི་ཤྭ་རི་དཔལ་འབར་མ་རུ་བསྒོམ། །ཐང་སྐུ་ཧཱུྃ་ལས་རབ་རྫོགས་པ། །


DNG019_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དཀྱིལ་འཁོར་ལྷ་དགུར་གསལ། །གཙོ་བོ་ཧཱུྃ་དང་འཁོར་ཧ་ལས་མཁའ་འགྲོ་མ་སྟེ་ལྷ་དགུར་གསལ་བར་བསྒོམས་ལ་སྤྱན་དྲངས་ལ་བསྡིམས་ལ་བཞུགས་སུ་གསོལ། ཐང་སྐུ་ལ་དགོས་པ་བཞི་ཡོད་དོ། །ལྷ་མཆོད་ཅིང་དངོས་གྲུབ་བླང་བར་དམ་བཅའ་བའི་ཕྱིར་བཞག །མཚན་མོའི་ཏིང་ངེ་འཛིན་བསྒོམ་པའི་ཕྱིར་བཞག །ཕན་གནོད་བྱེད་པའི་ལྷ་དང་འབྱུང་པོ་བརྟག་པའི་ཕྱིར་བཞག །ལྷ་མེད་ན་ཡེངས་སླ་བས་སྐྱོ་བ་བསང་བའི་ཕྱིར་གཞག་གོ། །དེས་ན་སྐུ་གཟུགས་ཞེས་སོ། །ཐོད་སྐུ་གསུང་དང་ཐུགས་ཀྱི་མཚོན་ཐང་སྐུ་དང་ཐོད་སྐུ་ཆོ་ག་གསུམ་ལས་ལྷར་བསྐྱེད་དབང་བསྐུར་བྱིན་བརླབས་པས། །བྱིན་བརླབ་རབ་གནས་རྫོགས་པའི་ཕྱིར། །གཞི་འི་ལྷ་དང་སྤྱན་དྲངས་པ་གཉིས་གཅིག་ཏུ་འདྲེས་ཏེ་དབྱེར་མེད་བསྒོམ། །དཀྱིལ་འཁོར་དུ་བརྟན་པར་བཞུགས་པའི་ཕྱག་རྒྱས་བཅིངས་ནས་ནི། །བརྟན་པར་བཞུགས་བདེ་ལ་ཕྱི་ནང་གསང་བའི་མཆོད་པའི་འབུལ་བ་ཆོ་ག་ཐམས་ཅད་བྱ་འོ། །བནྡྷ་བདེ་གཤེགས་སྐུ་ཡི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས། །ཡིག་གེ་དང་རི་མོར་བྲིས་པ་འབྲུ་བདེ་གཤེགས་ཀྱི་གསུང་གི་གསུང་མི་ཟད་རྒྱན་འཁོར་དུ། །མར་མེ་ནི་བདེ་གཤེགས་ཀྱི་ཐུགས་ཀྱི་ཐུགས་མི་ཟད་རྒྱན་འཁོར་དུའོ། །རྩ་བ་དོན་གྱི་ལྷ་དགུ་ཚང་བ་ཡང་། །དོན་གྱི་ལྷ་ནི་བརྒྱ་རྩ་བརྒྱད། །གཏིང་མཐའ་མེད་པའི་སྐྱེ་འགྲོ་རྣམས། །སྤྲུལ་པ་ཁམས་གསུམ་སེམས་ཅན་ཀུན་ཡང་དག་གི་ལྷར་སེམས་ཉིད་ཡེ་ནས་གནས་པས་ན་སངས་རྒྱས་ས་ལ་དགོད་དུ་གསོལ། །ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་ཧ་ཧ་བྷྱོ། དབྱིངས་ཀོང་བུ་དང་མར་མེ་ཡེ་ཤེས་ཏིང་འཛིན་ནི། །ཀོང་བུ་ཆོས་དབྱིངས་ཡུམ་གྱི་མཁའ། །མར་མེ་ཡེ་ཤེས་ཡབ་ཀྱི་འོད། །བྱིན་བརླབ་ནི་བཞི་སྟེ། སྐུ་གསུམ་དུ་བྱིན་གྱིས་བརླབ་པ་དང་། ཐབས་ཤེས་རབ་བྱང་ཆུབ་སེམས་སུ་བྱིན་བརླབ་པ། སྐུ་གསུང་ཐུགས་སུ་བྱིན་བརླབ་པ། དཀྱིལ་འཁོར་གསུམ་བྱིན་གྱིས་བརླབ་པའོ། །དང་པོ་ནི། མར་ནི་ཆོས་སྐུ། སྙིང་པོ་མེ་དང་བཅས་པ་ལོངས་སྐུ། འོད་སྤྲུལ་སྐུའོ། །གཉིས་པ་ནི་སྙིང་པོ་ཐབས་ཏེ། སྙིང་རྗེའམ་ཐུགས་རྗེའི་མཛད་སྤྱོད། མར་ནི་ཤེས་རབ་སྟོང་ཉིད་དུ་གནས་པས། ཀུན་རྫོབ་ལ་དོན་དམ་གྱི་རྩིས་ཟིན་པའོ། །དེ་གཉིས་ལས་བྱུང་བའི་འོད་བྱང་ཆུབ་ཀྱི་སེམས་སོ། །ཡང་ན་ཀོང་བུ་ཤེས་རབ་ཡུམ་གྱི་བྷ་ག །མར་མེ་ཐབས་ཡབ་ཀྱི་རྡོ་རྗེ། འོད་དེ་གཉིས་ལས་བྱུང་བས་བྱང་སེམས་བདེ་ཆེན་དུ་ཤར་བས། ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་སྟོང་གིས་ཀུན་ལ་


DNG019_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའོ། །གསུམ་པ་ནི། ཀོང་བུ་ནི་སྐུ། འོད་གསུང་། མར་ཐུགས་སུ་བསྒོམ། བཞི་པ་ནི། མར་ནི་རང་བཞིན་གྱི་དཀྱིལ་འཁོར། སྙིང་པོ་དང་འོད་ནི་གཟུགས་བརྙན་གྱི་དཀྱིལ་འཁོར། དེ་ལ་རྟོག་པ་དང་རླུང་དུ་འདྲེས་པས་རྣམ་རྟོག་གི་རླུང་གིས་མི་བསྐྱོད་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེའི་དགོས་པ་ཚོགས་གཉིས་རྫོགས་པ་སྟེ། མར་མེ་དགུ། དཀོན་པའི་འམ་དཀའ་བའི་དོན་ནས་སྦྱར་བ་ནི་བསོད་ནམས་ཀྱི་ཚོགས་རྫོགས། མར་མེས་བསྲེགས་ཤིང་མུན་པ་སེལ་བས་དངོས་པོར་མ་གྲུབ་པ་ཡེ་ཤེས་ཀྱི་ཚོགས་རྫོགས་སོ། །སྐུ་གསུམ་འགྲོ་བའི་དོན་ཡང་མཛད། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །མར་མེ་དགོད་ཅིང་འབུལ་བ་ནི་རང་བཞིན་གྱི་དཀྱིལ་འཁོར་ལོས་དབྱིངས་གཟུང་འཛིན་དང་བྲལ་བར་གནས་སོ། །ཡེ་ཤེས་ཆེན་པོ་སྐུ་གསུམ་གྱིས། །གཟུགས་བརྙན་གྱི་དཀྱིལ་འཁོར་གདུལ་བྱ་ལ་སྐུ་གསུམ་དུ་ཤར་བ་ནི་ནམ་མཁའ་སྤྲིན་དང་ཆར་གྱི་ཚུལ་ལོ། །འཁོར་བའི་མ་རིག་མུན་བསལ་ནས། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་མོངས་ཤེས་བྱའི་སྒྲིབ་པ་སེལ་བ་ནི་འཁོར་བ་ནས་འདོན་པའོ། །འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་ས་ལ་གསལ། །འདྲེན་པར་འབུལ་ཞིང་དཀྱིལ་འཁོར་དུ་བཀོད་ལ་བྱིན་གྱིས་བརླབ་བོ། །ཨོཾ་ཨཱ་ལོ་ཀེ་ཛྭ་ལ་དཱི་པ་ཧཱུྃ་ཧཱུྃ། འདོད་ཡོན་ལྷ་མོའི་ཏིང་འཛིན་ནི། །བསྒོམ་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། ༈ །འདོད་ཡོན་ནི་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་ཐོགས་པ་སྒྲ་ལྗང་གུ་དྲིལ་བུ་འཁྲོལ་བ་དྲི་སེར་མོ་དྲི་ཆབ། །རོ་དམར་མོ་ཞལ་ཟས། རེག་མཐིང་ག་ན་བཟའ། ཆོས་མཐིང་ག་ཆོས་འབྱུང་མཐིང་ག་གྲུ་གསུམ་བསྣམས་པའོ། །འབུལ་བ་བླ་མེད་ཐེག་པ་འོག་མ་ལས་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཉོན་མོངས་དུག་སེལ་ཡིད་བཞིན་བདུད་རྩིའི་མཆོག །ཆོས་ཉིད་དག་པས་རིགས་ལྔའི་དམ་ཚིག་ལྔ། །ཡེ་ཤེས་མེ་ལོང་། མཉམ་ཉིད། ཀུན་རྟོག །གྲུབ་པ། ཆོས་དབྱིངས་མི་གནས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ལྔ་ཡིས་རབ་བརྒྱན་པ། །སྔོན་གསང་སྔགས་བསྒྲུབས་པའི་རྣལ་འབྱོར་པ་རྣམས་འཁོར་བ་ནས་མྱང་འདས་སུ་སྒྲོལ་བར་ཐུགས་དམ་དུ་བཞེས་པ་ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཨོཾ་རཱུ་པ་གཟུགས་ཤཔྟ་སྒྲ་ཧཱུྃ་དྲི་ཧ་རོ་ཏྲཾ་རེག་ཧྲི་ཆོས་ཀཱ་ཡ་ཨོཾ། ཤིན་ཏུ་སྒེག་པའི་གཟི་བརྗིད་འབར་ལྷ་མོ་སྒེག་མོ་མེ་ལོང་བསྣམས་པ་དཀར་མོ། །


DNG019_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་རིན་ཆེན་ཕྲེང་བ་འབར་ཕྲེང་བ་མ་ཕྲེང་བ་འདྲེན་པ་སེར་མོ། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར་གླུ་མ་པི་ཝང་བསྣམས་པ་དམར་མོ། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ་གར་མཁན་མ་གར་བྱེད་པ་ལྗང་ཁུ། །ཧཱུྃ་སྒེག་མོ་ཏྲཱཾ་ཕྲེང་ཧྲཱྀཿ གླུ་ཨ་གར་ས་མ་ཡ་སྤྱིར་དམ་ཚིག་གི་སྔགས་སོ། །ཧཱུྃ། ཀུན་ཏུ་ཚིམས་བྱེད་བྲོ་བསུང་ཐིམ་བདུག་སྤོས་མ་སྤོས་ཁང་ཐོགས་པ་དཀར། །བལྟ་མཛེས་རིན་ཆེན་ཕུང་པོ་འཕྲོ་མེ་ཏོག་མ་མེ་ཏོག་གི་གཞོང་པ་ཐོགས་པ་སེར་མོ། །འོད་གསལ་འཚེར་བས་ཀུན་ཏུ་གསལ་མར་མེ་མ་མར་མེ་བསྣམས་པ་དམར་མོ། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས་དྲི་ཆབ་མ་དྲི་ཆབ་ཐོགས་པ་ལྗང་། །དྷཱུ་སྤོས་པུ་མེ་ཏོག་ཧྲཱྀཿ མར་མེ་གན་དྲི་ཆབ་ས་མ་ཡ་སྤྱིའི་དམ་ཚིག་ཧཱུྃ་ཧོ། རིག་པའི་རླབས་ལས་བྱུང་བ་ཡི། །ལྷ་མོ་ཚོགས་ཀྱི་མཆོད་པ་འདི། །སྤྱིར་ནི་བཞི་སྟེ། ཕྱི་ནང་གསང་བ། དེ་ཁོ་ན་ཉིད་མཆོད་པའོ། །དང་པོ་སྤོས། མར་མེ། དྲི་ཆབ་བོ། །ནང་གི་ནི་ཞིང་བཅུ་བསྒྲལ་བ་དང་གཟུངས་མ་དགུ་ལ་སྦྱོར་བའོ། །དེ་ཁོ་ན་ཉིད་ལ་གསུམ་སྟེ། ནན་ཏན་གྱི་དང་། ཏིང་ངེ་འཛིན་གྱི་དང་། ཀུན་ཏུ་བཟང་པོའི་མཆོད་པའོ། །དང་པོ་ནི་བདག་གི་ལུས་འབུལ་བའོ། །ཏིང་འཛིན་གྱིས་ནི་རང་སེམས་རྟོགས་པའི་དོན་ལས་རིག་པ་བྱང་ཆུབ་སེམས་ཀྱི་རླབས་ལས་བྱུང་བའོ། །འདིར་ཡང་དེ་ཉིད་འབུལ་བའོ། །གསུམ་པ་ནི་མཆོད་པར་མ་གྱུར་པ་གང་ཡང་མེད་པར་འབུལ་བའོ། །གར་དང་དབྱངས་སུ་བཅས་ནས་ཀྱང་། །གཟུངས་དང་དབྱིངས་སུ་འབུལ་ལགས་ཀྱིས། །སྦྱོར་ཆེན་ཚུལ་དུ་བཞེས་སུ་གསོལ། །གཞན་ཡང་ཐབས་ཚུལ་མཐའ་ཡས་པའི། །འདོད་ཡོན་ནམ་མཁའ་མཛོད་དུ་འབུལ་བ་ནི། ཆོས་ཐམས་ཅད་མཚན་མར་སྣང་བ་དང་། ཆོས་ཉིད་མཚན་མ་མེད་པ་གཉིས་ཡང་། མཚན་མ་དང་མཚན་མ་མེད་པ་གཉིས་སུ་དབྱེར་མེད་དེ་མི་དམིགས་པ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལྟར་བློ་རང་རིག་པའི་ཤེས་རབ་ཀྱིས་མ་ནོར་བར་རྟོགས་ཤིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་བྱིན་གྱིས་བརླབས། སོ་སོར་རྟོག་པའི་རྟོགས་དང་བསྒོམ་པ་ལས་བྱུང་བའི་བསྒོམ་པའི་སྟོབས་ཀྱིས་ནི་འཁོར་བའི་ཡོ་བྱད་དང་རྫས་རྣམས་ཚུལ་བཞིན་བྱིན་གྱིས་བརླབས་ལ་འབུལ་ལོ། །གང་འབུལ་ན་མཆོད་སྤྲིན་བླ་མེད་ཕྱོགས་བཅུར་འབུལ། །ཇི་ལྟར་འབུལ་ན་ནམ་མཁའ་མཛོད་ཀྱི་གཏེར་ལ་སོགས། །གང་འབུལ་ན་བླ་མེད་མཆོད་སྤྲིན་རབ་འབྱམས་རྣམས། །སྟོབས་གང་དུ་ལྡན་པས་འབུལ་ན་དད་པས་དམིགས་


DNG019_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འབུལ་ལགས་ཀྱི། །བཞེས་ཚུལ་ཇི་ལྟར་བཞེས་ན་སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །ཨོཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་སྣང་བ་གཟུགས་ཀྱི་སྔགས་ཡི་གེ། བརྗོད་པ་སྒྲའི་སྔགས་རླུང་། འབྱུང་བ་གནས་ཀྱི་སྔགས་ལྷའི་སྐུའོ། །ས་མ་ཡ་ཧཱུཾ། ཤེས་རབ་སྟོང་པ་ཐབས་སྙིང་རྗེའི་བདག་ཉིད་ནི། །ཡབ་ཀྱི་སྐུ་གསུང་ཐུགས་བསྟན། སྐུའི་ཆེ་བ་གསུང་གི་ཆེ་བ་ཐུགས་ཀྱི་ཆེ་བ་ལས་སྐུ་རྡོ་རྗེ་ཡབ་དྲིལ་བུ་ཡུམ་དུ་བསྒོམ་པའོ། །མི་རྟོག་པ་ཞི་གནས་མ་འགགས་པ་ལྷག་མཐོང་དབྱེར་མེད་ཟུང་དུ་འདྲེལ། །ཐུགས་ཀྱི་ཆེ་བ་བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན་དོན་དམ་ཀུན་རྫོབ་མཁྱེན་པའི་ཐུགས། །གསུང་གི་ཆེ་བ་གསུང་སྙན་ཡི་གེས་བརྗོད་པ་སྒྲའི་གསུང་ཀུན་ལ་ཁྱབ་པ་ཡི། །སྤྲོས་མེད་གསུང་དུ་འཇིག་རྟེན་སྐྱེ་མེད་དོན་གྱི་གསུང་དབང་ཕྱུག་བཞུགས། །ཡུམ་གང་དང་བཞུགས་ན་མི་གསུང་ལྷ་མོ་དམ་བཅས་འདུལ་མཛད་པ། །སྒྱུ་ཁུ་བ་འཕྲུལ་བདེ་བ་ཚུལ་ལྔ་ལྡན་པ་བདེ་སྟོང་ཉམས་སུ་མངའ་བའི་ཚུལ་མ་ཡིན་པ་འགའ་མ་མཆིས། །གང་དུ་བདེ་ཆེན་དོན་ལྷན་ཅིག་སྐྱེས་པའི་བདེ་སྟོང་རང་བཞིན་རྗེས་ཆགས་པའི། །ཡུམ་ན་ཆུང་དག་དང་ལྷན་ཅིག་བཞད་མཛད་དེ། །གཡས་ཀྱི་ཕྱག་གིས་དང་པོ་ཐབས་ཀྱི་རྡོ་རྗེ་གསོར་ནས་ཀྱང་། །གཡོན་པ་ཡིས་ནི་དང་པོ་ཤེས་རབ་དྲིལ་བུའི་སྒྲ་སྙན་སྒྲོགས། །ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡིས། །ཕྱི་ནང་ལྷ་མོ་བརྒྱད་ཀྱང་བཙུན་མོར་གྱུར་པ་སྟེ། རིགས་གང་ལ་མཆོད་པའི་ལྷ་མོ་ཡུམ་དུ་བྱའོ། །དམ་ཚིག་རྣམས་ཀྱི་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པས་གཡས་ཀྱི་བར་མས་ཡུམ་ལ་འཁྱུད་པའོ། །ཀུན་ལ་འཁྱུད་པ་སྟེ། །གཉིས་པ་གཡོན་གྱི་བར་མས་ཐོད་པ་བདུད་རྩིའི་བདེ་བས་བཀང་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་ཟད་གཡས་ཀྱི་ཐ་མ་ན་མེ་ཏོག་ཕྲེང་བས་བརྒྱན་པའི་གཞུ་འཛིན་མེ་ཏོག་ཕྲེང་བ་འཐོར། །བཞི་པ་བདེ་བ་ཡིས་ནི་གཡོན་གྱི་ཐ་མ་ན་རང་རིག་རྟོག་པའི་མདའ་ཡང་འཕེན། །གང་ཞིག་གླུ་འདི་ལེན་པར་བྱེད་པ་ནི། །བདེ་བ་རྡོ་རྗེ་ཅན་དང་མཉམ་པར་འགྱུར། །ཐབས་སྙིང་རྗེ་ཆེན་པོའི་རྡོ་རྗེ་གསོར་བ་སྙིང་རྗེ་ཆེན་པོ་ཡིས། །དྲིལ་བུ་གསིལ་བ་ནི་ཤེས་རབ་སྟོང་པ་ཉིད་དོ། །གར་


DNG019_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་རྟོག་པ་ཞི་གནས་མ་རྨོངས་པ་ལྷག་མཐོང་མི་འགོག་པ་ཟུང་དུ་འདྲེལ། །བདེ་ཆེན་རོལ་པ་ཆེ་ལ་དགོངས་སུ་གསོལ། །བཛྲ་དྷཱ་ཏུ་ཧོ། སྒྲོལ་གནས་ཏིང་འཛིན་ཆེན་པོ་ནི། །དཔའ་བོ་འབྲུ་ལྔ་རླུང་ལྔའི་རྟ་ལ་ཞོན། །ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་རྣམས་བསྲེགས། །གནས་སྦྱོང་ཏིང་ངེ་འཛིན་གྱི་རྒྱུ་རྣམས་བྱིན་གྱིས་བརླབ། ༈ །བྱིན་བརླབ་ལ་གསུམ་སྟེ། ཕུང་པོ་འདས་པར་བྱིན་གྱིས་བརླབ་པ་ནི། སྲོག་འཛིན་པའི་ཡི་གེ་ཧཱུྃ་མཐིང་ག་རྣམ་པར་ཤེས་པའི་རྟ་ལ་ཞོན། ས་དང་འདྲེས་པའི་རླུང་གིས་རྟ་ལ་ཞོན་པས་གཟུགས་ཀྱི་ཕུང་པོ། ཡི་གེ་ཨོཾ་དཀར་པོ། ཆུ་དང་འགྲོགས་པའི་རླུང་གི་རྟ་ལ་ཞོན་པ་ཚོར་བའི་ཕུང་པོ་སྭཱ་སེར་པོ། མེ་དང་དྲོད་མ་ཉམས་པའི་རླུང་གི་རྟ་ལ་ཞོན་པ་འདུ་ཤེས་ཕུང་པོ་ཨཱཿདམར་པོ། རླུང་གི་རྟ་ལ་ཞོན་པ་འདུ་བྱེད་ཕུང་པོ་ཧཱ་ལྗང་གུའོ། །རིགས་དྲུག་འཁོར་བར་བྱིན་གྱིས་བརླབ་པ་ནི། ལྷའི་ཡི་གེ་ཨ་དཀར་པོ། མིའི་ནྲྀ་སྔོན་པོ། ལྷ་མིན་གྱི་སུ་སེར་པོ། དམྱལ་བའི་ཏྲི་ནག་པོ། ཡི་དྭགས་ཀྱི་དྲེ་དམར་པོ། བྱོལ་སོང་གི་དུ་དུད་ཀ་རྣམས་སོ། །གནས་སྦྱོང་འཁོར་འདས་དབྱེར་མེད་དུ་བྱིན་གྱིས་བརླབ་པ་ནི། དང་པོར་འཁོར་བའི་གནས་སྦྱངས་ཏེ། ལྷ་རི་རབ་ཀྱི་ཕྱི་དང་སྟེང་ནས་ཡི་གེ་ཨ་ལ་བསྡིམས། ལྷ་མིན་རི་རབ་ཁོང་གསེང་ནས་སུ་ལ། མི་གླིང་བཞི་ནས་ནྲྀ་ལ། བྱོལ་སོང་ཕྱིའི་རྒྱ་མཚོ་ནས་ཏྲི་ལ། ཡི་དྭགས་གྲོང་ཁྱེར་སེར་སྐྱ་ནས་དྲེ་ལ། དམྱལ་བ་རྡོ་རྗེ་གདན་གྱི་འོག་ནས་དུ་ལ། རིགས་དྲུག་འོད་དུ་ཞུ་ནས། དཔའ་བོ་འབྲུ་ལྔ་ལས་རིགས་ལྔར་གྱུར་པར་བསམ། ཕུང་པོ་རིགས་ལྔ་ལ་མཆོད་པར་བྱའོ། །སྡུག་བསྔལ་ལྷ་ལ་ལྟུང་བ། ལྷ་མིན་འཐབ་རྩོད། མི་ལ་འགྱུར་བ། དུད་འགྲོ་ལ་མཛེ་ཐོག་ཕོལ་ལྟ་བུ། ཡི་དྭགས་ལ་བཀྲེས་སྐོམ། དམྱལ་བ་ཚ་གྲང་ངོ་། །མང་པོས་གཟིར་བའི་འགྲོ་བ་ལ། །སྙིང་རྗེའི་ཤུགས་ཀྱིས་སྡུག་བསྔལ་ཟློག་པའི་ཕྱིར། །ཉོན་མོངས་ཀུན་གསལ་རྒྱུ་དྲུག་ལམ་བཀག་ནས་རིགས་དྲུག་ས་བོན་རྒྱུན་བཅད་པས་ན། །བྱང་ཆུབ་སངས་རྒྱས་ལ་བགྲོད་ཕྱིར་འཕགས་ལམ་རྣམ་ཐར་བསྟན། །དམ་རྫས་བདུད་རྩི་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་དབྱེར་མེད་རང་བཞིན་མཉམ། །དེ་ཕྱིར་དམ་རྫས་དག་པས་ལྷ་དག་པ་ཉིད་མཆོད་དེ། །ཆོས་ཉིད་ལ་ཡང་གནས་ལུགས་ཆོས་ཉིད་ལ་རྟོགས་ཚུལ་ཆོས་ཉིད་ཐིམ་པར་མཆོད། །དཀྱིལ་འཁོར་ལ་ཡང་མཆོད་རྫས་ལྷ་མོའི་དཀྱིལ་འཁོར་ཐིམ་པར་མཆོད། །བདག་རྣལ་འབྱོར་པ་གསུང་གི་དམ་ཚིག་ལ་སོགས་མི་འདའ་བར་


DNG019_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དགོས་པས་ན་མཆོད་པ་ལོ་ཟླར་མི་འདའ་བར་བྱའོ། །དམ་ཚིག་མཆོག་གི་མཆོད་པ་དམ་པ་འདིས། །རྒྱལ་བ་རིགས་ལྔ་སྲས་སེམས་དཔའ་སེམས་མ་བཅས་རིགས་ཀྱི་རང་རང་གི་ཡུམ་རྣམས་དང་། །ཕྱག་བརྙན་གཏུམ་ཆེན་རྔམ་པའི་ཚོགས་ལ་སོགས། །ཕྱོགས་བཅུ་ནད་མ་ལ་གནས་པའི་རྣལ་འབྱོར་གྲུབ་པའི་ཚོགས་དང་རིག་འཛིན་གྱི་ས་ལ་གནས་པ་རྣམས་དང་། །རྣལ་འབྱོར་རྣམ་ལྔའི་རིགས་ལྔའི་སྐུར་བསྒོམ་པ་ཚོགས་ལ་མཆོད་པར་འབུལ། །ཨོཾ་གྷ་ན་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། སྦྱོར་བ་གནས་ཀྱི་ཏིང་འཛིན་ནི། །གླིང་བཞི་ཕྱི་ཡི་སྦྱོར་བ་དང་། །ཕྱིའི་སྦྱོར་བ་ཡབ་ཡུམ་ཡན་ལག་བཞི་བརྒྱུད་པ་སྟེ། ཡབ་ཀྱི་སྒོ་བ་བཞི། ཡུམ་གྱི་སྒོ་མ་བཞི་བྱིན་བརླབ་དེ་ནི་ཕྱིའི་སྦྱོང་བའོ། །སྒོ་བཞི་ནང་གི་སྦྱོར་བ་དང་། །ཡབ་ཀྱི་སྟེང་ཞལ་འོག་ཞལ་གཉིས་ལས་སྟེང་ཞལ་དུ་སྣང་བ་མཐའ་ཡས་བསྒོམ། འོག་ཞལ་རྡོ་རྗེར་བྱིན་བརླབ། ཡུམ་གྱི་སྟེང་ཞལ་གོས་དཀར་མོར་བསྒོམ་མོ། །འོག་ཞལ་པདྨར་བྱིན་གྱིས་བརླབ། དེ་ནི་ནང་གི་སྦྱོར་བའོ། །དཀྱིལ་འཁོར་བཞི་ནི་གསང་བ་ལས། །སྤྱི་བོ་བདེ་ཆེན་རླུང་གིས་ཐིག་ལེ་འབེབས། །མགྲིན་པ་ལོངས་སྤྱོད་ནས་མེ་འབར། །སྙིང་ག་ཆོས་ནས་ཆུ་དང་འགྲོགས། །ལྟེ་བ་སྤྲུལ་པ་ནས་སའི་སྣོད་དུ་འཛིན་ཅིང་སྤྲོ་བའོ། །དེ་ནི་གསང་བའི་སྦྱོར་བའོ། །བདེ་བ་བཞི་ནི་དེ་ཁོ་ན། །བདེ་བ་ཙམ་དང་། མཆོག་ཏུ་བདེ་བ་ཙམ་དང་། རྣམ་རྟོག་བྲལ་བའི་བདེ་བ་ཙམ་དང་། བདེ་བ་དང་སྟོང་པ་དབྱེར་མེད་པའོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བའོ། །མ་ལུས་ཐམས་ཅད་བདེ་སྟོང་གཅིག ༈ ། འཁོར་འདས་མ་ལུས་པ་བདེ་བ་ཆེན་པོ་གཅིག་ཏུ་གནས་པར་བྱེད་པ་ཡུམ་ཡིན་པས་རེག་ཀྱང་དེ་ལྟར་དུ་རྟོགས་པར་བྱ། ཏིང་ངེ་འཛིན་གྱིས་ཀྱང་དེ་ལྟར་དུ་བསྒོམ་ཞིང་བྱིན་གྱིས་བརླབ་པ་བྱ་བ་ཡིན་ནོ། །ཤིན་ཏུ་འགྱིངས་པའི་དཔའ་བོ་སྒེག་པ་དང་། །ཡབ་རྣམས་ལ་དམིགས་ནས་ཆེ་བ་བརྗོད་པའོ། །བཀྲ་ཤིས་མཚན་ལྡན་མི་མོས་བརྒྱན་པ་གཉིས། །གཡོན་དུ་དམིགས་རྟེན་ཡུམ་བཞག་པ་ལ་དམིགས་ནས་ཆེ་བ་བརྗོད་པའོ། །དཔའ་བོ་དགྱེས་པའི་སྦྱོར་མཆོད་བདེ་བ་ཡང་། །ཡབ་ཀྱི་དབང་པོ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་དང་ཡུམ་གྱི་དབང་པོ་པདྨ་ལྟ་བུ་ལ་དམིགས་པའོ། །སྐལ་ལྡན་རྣམས་ལ་འབུལ་ལོ་རབ་སྤྲུལ་ཅིག །སྒྲུབ་པ་པོ་ཡབ་ཡུམ་རྣམས་ལ་དམིགས་པའོ། །ཤེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ་ཡུམ་གྱི་མཁའ་ལ་གཞལ་ཡས་ཁང་བྷྲཱུཾ་ལས་བསྐྱེད་ལ། །དེར་ས་བོན་ལས་རྒྱལ་བའི་


DNG019_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མ་ལུས་མཆོག་བཀོད་དེ། །ཐབས་བདེ་བ་དང་ཤེས་རབ་སྟོང་པ་ལྡན་པའི་བདེ་སྟོང་དབྱེར་མེད་པར་སྦྱོར་མཆོད་ཀྱིས། །འཁོར་བ་ལས་རིང་དུ་སོང་བའི་འཕགས་པ་ཐམས་ཅད་ལ་བདེ་བས་མཉེས་པའི་མཆོད་པ་འབུལ། །མཉམ་ཉིད་དབྱིངས་སུ་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་སྐུར་བསྒོམ། །བདེ་མཆོག་ལོངས་སྐུར་བསྒོམ་ལོངས་སྤྱོད་རྫོགས་པ་སྐུ་ཡི་བརྒྱན། །འདོད་དགུའི་ཡོན་ཏན་མཛེས་པས་རབ་བརྒྱན་པ་སྤྲུལ་སྐུར་བསྒོམ། །རྣལ་འབྱོར་ཡེ་ཤེས་རྒྱན་རྣལ་འབྱོར་པའི་ཉམས་སུ་ལེན་པར་བསྒོམ་དུ་བཞེས་སུ་གསོལ། །ཨོཾ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། བདུད་རྩི་འཁྱིལ་པའི་ཏིང་འཛིན་ནི། །བདག་ཉིད་བདུད་རྩི་འཁྱིལ་པ་ཆེ། །ལག་གཡོན་ཕྱག་རྒྱ་རྟ་མགྲིན་ཉིད། །གཞལ་ཡས་སྣོད་ནང་བདུད་རྩི་ལྔ། ༈ །བར་དུ་བྱིན་གྱིས་བརླབ་པ་ནི། རང་བདུད་རྩི་ཡབ་ཡུམ་དུ་བསྒོམས་ལ། ལག་པ་གཡོན་རྟ་མགྲིན་ཡབ་ཡུམ་དུ་བསྒོམ། བདུད་རྩིའི་སྣོད་འཁོར་ལོ་རྩིབས་བཞི་གྲུ་ཆད་ལ་སྒོ་བཏོད་པའི་བནྡྷའི་གཞལ་ཡས་ཁང་དུ་བསྒོམ། རང་བཞིན་དངོས་གཞི་ལྔ་ལ། དྲི་ཆེན་ལ་ཨོཾ། བྱང་སེམས་ལ་ཧཱུྃ། མཱཾ་ས་ལ་སྭཱ། རཀྟ་ལ་ཨཱཿ། དྲི་ཆུ་ལ་ཧཱ་བསྒོམ། དེ་ནས་བདག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། སྙིང་གར་ཧཱུྃ། དེ་གསལ་བ་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱྀཿ། ཞེས་བརྗོད་པས། བདག་ཡབ་ཡུམ་སྦྱོར་བ་བྱས་པས། ཐུགས་ཀའི་ཧཱུྃ། མགྲིན་པའི་ཨཱཿལ་ཐིམ། ཨཱཿསྤྱི་བོའི་ཨོཾ་ལ་ཐིམ། འོད་དུ་ཞུ་ནས་སྒལ་ཚིགས་ཀྱི་རྟ་བརྒྱུད་ནས་རྡོ་རྗེའི་ལམ་དུ་བྱུང་། ཡུམ་གྱི་མཁའ་ལ་བབས། བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྲེང་ཐག་གསང་བའི་ལམ་ནས་བརྒྱུད་རྟ་མགྲིན་ཡབ་ཡུམ་ལ་ཕོག །ཆགས་པའི་ཡིད་གཡོས། མ་ཆགས་ཐབས་ཀྱི་སྦྱོར་བ་བྱས་བནྡྷའི་དངོས་གཞི་ལ་ཕོག །དོན་གཉིས་བྱས་ནས་ཡི་གེར་གྱུར། དེ་ལྟར་སྦྱོར་བ་དགོད། གཉིས་པས་ཕྱག་མཚན་དུ་གྱུར། གསུམ་པས་སྐུར་གྱུར། བཞི་པས་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་རྟ་མགྲིན་ལ་ཐིམ། རྟ་མགྲིན་རིགས་ལྔ་ལ་ཐིམ། རིགས་ལྔ་གཉིས་སུ་མེད་པའི་སྦྱོར་བ་བྱས་ནས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་མུ་ཏིག་ལྟར་གནས་པའོ། ༈ །བདུད་རྩི་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི། བདུད་རྩི་ལྔའི་སྟེང་དུ་དཔའ་བོ་འབྲུ་ལྔ་བསྒོམ། དེའི་ཁར་རྡོ་རྗེ་རྒྱ་གྲམ་བསམས་ཏེ། ལྟེ་བ་ལ་ཧྲཱྀཿལས་རྟ་མགྲིན་རྭ་བཞི་ལ་གསང་བའི་ཡུམ་བཞི་དེའི་སྟེང་དུ་བདག་གི་གུ་ཧྱ་ལག་གི་ཕྱག་རྒྱ་བཅིངས་ལ། དེ་རྟ་མགྲིན་སྨིན་མཚམས་སུ་བདག་གི་རྡོ་རྗེ་གཏད་དེ་ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱྀཿཞེས་བརྗོད་པས། བདག་གི་བྱང་


DNG019_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་སྒལ་ཚིགས་ཀྱི་རྟ་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་། ཕྲེང་བ་བྱང་ཆུབ་ཀྱི་ལམ་ནས་བྱུང་སྟེ། རྟ་མགྲིན་གྱི་སྨིན་མཚམས་སུ་ཕོག་པས། སྒལ་ཚིགས་བརྒྱུད་ཡུམ་གྱི་མཁའ་ལ་བབས་ནས། དཔའ་བོ་འབྲུ་ལྔ་ལ་ཐིམས་པས། དེ་ལས་ཀྱང་འོད་འཕྲོས་པས་འཕགས་པ་མཆོད། འགྲོ་དོན་བྱས་སླར་འདུས་པས་དངོས་གཞི་ལྔ་འོད་དུ་ཞུ་ནས། ཡིག་འབྲུ་དང་གཉིས་སུ་མེད་པར་གྱུར་པས། ཨོཾ་དཀར་ལ་དྭངས་པ། ཨཱཿདམར་ལ་འཚེར་བ། ཧཱུྃ་མཐིང་ལ་འདྲིལ་བ་གསུམ་དུ་གསལ་བ་ལས་ཡུམ་བཞི་ནས་བརྒྱུད་ནས་བདག་ལ་ཐིམ། བདག་བྱིན་བསྐྱེད། དེ་ལས་འཕྲོས་ཏེ་དོན་གཉིས་བྱས། ཡེ་ཤེས་ཀྱི་བདུད་རྩི་བདག་ལ་ཐིམས་པས། བདག་གི་སྒྲིབ་པ་སྦྱངས། ཡང་སྒལ་ཚིགས་ཀྱི་རྟ་བརྒྱུད་ནས་རྡོ་རྗེའི་ལམ་ནས་བྱུང་ནས་ཕྲེང་བ་ནུབ་ཀྱི་ལམ་ནས་བྱུང་སྟེ། རྟ་མགྲིན་ལ་ཐིམ། དེ་ཡང་འོད་དུ་ཡུམ་བཞི་དང་བཅས་པ་ཞུ། ཡི་གེ་འབྲུ་གསུམ་ཡང་འོད་དུ་ཞུ་ནས་བྱང་སེམས་མུ་ཏིག་དཀར་པོ་ལྟར་བསམ་མོ། །སྦྱངས་ཐོག་གསུམ་པ་གསུང་ཐུགས་སྐུ། ༈ །གནོད་སྦྱིན་ཕག་དེ་ནས་ཨ་མྲྀ་ཏ་ཀུཎྜ་ལིའི་སྔགས་ཀྱིས་བདུད་རྩི་སོར་མོ་ལྔས་གཏོར་བས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལག་ན་ཕག་རྒོད་ཀྱི་མཆེ་བ་ཐོགས་པ་གྲངས་མེད་པ་སྤྲོས་པས་དམ་སྲི་དམར་པོ་ལ་སོགས་བར་གཅོད་ཐམས་ཅད་ཐལ་བར་བརླག་པར་བསམ། ཚུར་འདུས་ཏེ་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་བོས་གང་བར་བསམ་མོ། །རྒོད་མཆེ་བ་ཅན། །དམ་སྲི་བར་དུ་གཅོད་པ་བསྲེག །ཆོས་རྣམས་རང་བཞིན་དག་པ་ལྟར། །ཨོཾ་དྷརྨ་ཨ་མྲྀ་ཏའི་སྔགས་བརྗོད་པས་རྫས་དང་མཆེད་ལ་གཏོར་བས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཆོས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་བསྒོམ་མོ། །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས་པའོ། །གཏོར་བྱས་ཐམས་ཅད་དག་པར་འགྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱྀཿཋ། བདུད་རྩི་སྦྱོར་བར་བྱ་བའི་སྔགས་དགུ་པའི་འཛབ་བརྒྱ་རྩ་བརྒྱད་དུ་བཟླས་སོ། །ཉེ་རེག་གི་སྔགས་སོ། །ཉེ་བ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བདུད་རྩིའི་སྣོད་བཞག་པ་དང་ཉེ་ལ། རེག་པ་ནི་རྟའི་རྒྱལ་པོའི་ཕྱག་རྒྱས་རྡོ་རྗེ་བཟུང་ནས་རྡོ་རྗེའི་རྩེ་མོ་སྣོད་ལ་རེག་ལ་འཐོར་བ་ནི་རྡོ་རྗེའི་སོར་མོ་ལྔས་བགེགས་ལ་གཏོར་ལ། འཐུང་བ་ནི་རང་ཉིད་དངོས་གྲུབ་བླང་ཞིང་འཐུང་བར་བྱ་བ་ཡིན་ནོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས་བདུད་རྩིའི་མཚམས་གཅད་པའི་སྔགས་ལན་བདུན་བཟླས། ཨོཾ་དྷརྨ་ཨ་མྲྀ་ཏ་བི་ཤུདྡྷེ་ཀུཎྜ་ལི་དྷརྨ་དྷཱ་ཏུ་ཧཱུྃ་ཨ། བདུད་རྩི་འཐོར་བའི་སྔགས་སོ། །བདུད་རྩི་གསང་བའི་སྔགས་ལན་བདུན་བཟླས་རང་ཉིད་བཏུང་བའི་སྔགས་སོ། །སྨིན་ཕུང་སྤྱིར་


DNG019_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་བསྡུ་བར་མཛད་པའི་ཕྱིར་དང་པོ་སྨན་ཡོད་མེད་དྲི་བར་སྐུལ་བ། །རྣལ་འབྱོར་དབང་ཕྱུག་བདེ་བའི་དཀྱིལ་འཁོར་འདིར། །རྒྱལ་བ་ཞི་ཁྲོའི་འཁོར་ཚོགས་མཆོད་པའི་ཕྱིར། །སྨན་པའི་རྫས་ལྔ་སྨན་ཆེན་ལྔར་སྦྱར་བ། །རྒྱལ་བ་རྒྱ་མཚོ་མཆེད་ལ་མི་མངའ་འམ། །ཐུགས་དམ་དགོངས་ལ་རྨད་གྲགས་བསྐང་བའི་ཕྱིར། །གཉིས་སུ་རྟོག་པས་འགྲུབ་པར་མི་འགྱུར་ཏེ། །དག་པ་ཉིད་ཀྱི་དག་པ་ཉིད་མཆོད་ན། །སྒྲིབ་པ་གཉིས་བྱང་སྐུ་གསུམ་ལྷུན་གྲུབ་འགྱུར། །དཔའ་མཆོག་རྡོ་རྗེ་སེམས་དཔར་ཞལ་འཆེས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ་བ་རྣམས། །དུས་གསུམ་རྒྱལ་བ་རྣམས་དང་མཉམ་སྦྱོར་བའི། །རྣལ་འབྱོར་མཆོག་གི་གྲུབ་པའི་རྟགས་ཀྱིས་གསོལ། །ཨ་ལ་ལ་ཧོ། དེ་ནས་སྒོ་སྒོར་བསྡུ་བླ་མས་བརྗོད་ནས་དྲི་བའོ། །བ་གསུངས། །སྨན་དུ་སྦྱོར་བ་གང་བྱེད་པ། །འཆི་མེད་བདུད་རྩི་ར་སཱ་ཡན། །དྲེ་གང་ཕུལ་ཙམ་མི་མངའ་ཡང་། །བག་ཙམ་རྡུལ་ཙམ་ཨ་ཏི་ཧོ། །རྡོ་རྗེ་སློབ་དཔོན་སྨན་འབུལ་བ་བླ་མ་ཆེ་བ་དང་ལྡན་པ་ལ་བྱིན་གྱིས་རློབ་པར་ཞུ། །སྙིགས་མའི་སྐྱོན་སྤངས་འཁོར་བའི་མུན་བྲལ་བས། །དུག་ལྔ་སྨན་དུ་བསྒྱུར་བས་ར་སཱ་ཡན། །རྣལ་འབྱོར་ཡོངས་ཀྱི་ཐུགས་དམ་བསྐང་སླད་དུ། །གཙོ་མཆོག་རྣམས་ལ་འབུལ་ལོ་བྱིན་གྱིས་རློབས། །མཆོད་རྫས་སུ་བླ་མ་ལ་འབུལ་བའོ། །བདེ་གཤེགས་རིགས་ལྔའི་བདུད་རྩི་བྱང་ཆུབ་སེམས། །འཁོར་བའི་དུག་སེལ་ཞི་ཁྲོ་མཆོད་པའི་མཆོག །སེམས་རྒྱུད་དག་པས་མཉམ་ཉིད་དབྱིངས་སུ་བསྡུས། །བླ་མ་དམ་པས་བཞེས་མཆོད་དངོས་གྲུབ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱྀཿཐ། བདུད་རྩིའི་འཛབ་དགུ་པ་བརྒྱ་རྩ་བརྒྱད་བཟླས་སོ། །ཐུགས་རྗེ་ཆགས་པའི་ཏིང་འཛིན་ནི། །སྣོད་ལ་བྷྲཱུཾ་བནྡྷ་ཀ་པཱ་ལ་ཞེས་བརྗོད་པས་བནྡྷའི་གཞལ་ཡས་ཁང་སྟོང་གསུམ་ཙམ་དུ་གྱུར་པར་བསམ་མོ། །རཀྟ་ལ་ཡི་གེ་ར་དམར་པོ་གཅིག་བསམས་ལ་དེ་ལ་སྔགས་འདིས་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱཿཧཱུྃ་མཱུ་ལ་རཀྟ་ཧཱུྃ་ཧྲཱྀཿཋ། ཞེས་བརྗོད་པས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་འཕྲོས་པས་ཡི་གེ་ར་ལ་ཕོག་པས་ར་འོད་དུ་ཞུ་ནས་དངོས་པོའི་ལོག་རྟོགས་སྦྱངས་ནས་བདུད་རྩིའི་རཀྟར་གྱུར་པའོ། །སྣོད་


DNG019_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་བནྡྷ་སྟོང་གསུམ་འཁོར་ཡུག་ན། །བཅུད་བསྒོམ་པ་འབྲས་བུ་ལྔ་བསྒྲལ་རཀྟ་འཁྱིལ། །གཟར་བུ་ཧཱུྃ་ལས་གཟར་བུ་རྡོ་རྗེ་འབར། །ཞིང་བཅུ་བསྒྲལ་བ་རཀྟའི་རྒྱ་མཚོར་འཁྱིལ། །རྡོ་རྗེ་འབར་བའི་གཟར་བུས་ལན་གསུམ་ཕྱར། །གཟར་བུ་ཧཱུྃ་ལས་རྡོ་རྗེར་གྱུར་པས་དཀྲུགས་པས་རྦ་རླབས་ཕྱོགས་བཅུར་འཕྱོ་བ། དེ་ལས་འདོད་ཡོན་གྱི་ལྷ་མོ་སྤྲིན་འཕྲོ་བར་བསམ། དང་པོས་སྟོང་གསུམ་རཀྟར་གྱུར། གཉིས་པས་སྣོད་དུ་འདུས། གསུམ་པས་ལྷ་ལ་མཆོད་པའོ། །དཔའ་བོ་ཕྲིན་ལས་བཞི་མི་འགྲུབ་པ་མེད་པས་ན་ཡབ་རྣམས་དཔའ་མོ་ཡུམ་རྣམས་གཡོག་འཁོར་བཅས་པ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་གསོལ་ཕྱིར་འབུལ། །བྷྲཱུཾ་བནྡྷ་ཀ་པཱ་ལ་རཀྵ་བྷྲཱུཾ། ཨོཾ་ཨཱཿཧཱུྃ་མཱུ་ལ་རཀྟ་ཧཱུྃ་ཧྲཱྀཿཋ། རྨད་བྱུང་གསང་བའི་ཏིང་འཛིན་ནི། ༈ །ལྟ་བའི་གཏོར་མ་ལ་གཉིས་ལས། གནས་ལུགས་ཀྱི་ལྟ་བ་ནི། ཆོས་ཉིད་གཟུང་འཛིན་དང་བྲལ་བ་དེས། འཁོར་འདས་ལ་མ་ཁྱབ་པ་མེད་པས་ན། ཆོས་ཉིད་དོན་གྱི་གཏོར་མའོ། །བསྒོམ་ལུགས་ཀྱི་གཏོར་མ་ནི། རཾ་ཡཾ་ཁཾ་གིས་དངོས་པོ་དང་མཚན་མར་འཛིན་པའི་བག་ཆགས་སྦྱངས་ནས་ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ་པ་སྟེ། བསྒོམ་པ་ཆོས་ཉིད་ཀྱི་གཏོར་མའོ། །རྟོགས་པ་ལྟ་བའི་གཏོར་མ་ནི། །ཆོས་རྣམས་སྟོང་པ་ཉིད་དུ་གནས། །མཚན་མ་རྫས་ཀྱིས་གཏོར་མ་ལ་ནི། །གསུམ་ལས་ཁྱད་པར་དཔལ་གྱི་གཏོར་མ་ནི་འཛིན་གཏོར་ཏེ། བདུད་རྩི་རྣམ་པ་ལྔ་ལས་སྦྱར་བའི་གཏོར་མ་ཡིན་ཏེ། ལོའམ་ཟླ་བར་མི་གཏོང་བའམ་ཞག་གྲངས་སུ་མི་གཏོང་བར་ལྷར་བསྒོམ་པ་སྟེ། ཕུགས་སུ་ཉལ་བ་དེ་གཏོང་ཡང་ནམ་མཁའ་ལ་གཏོང་སྟེ་ཤིང་བཅའ་བའོ། །ཁྱད་པར་དཔལ་གྱི་གཏོར་མ་ཕུགས་ན་ཉལ། །ཤ་ཁྲག་དམར་གྱི་གཏོར་མ་འབེན་དུ་བཅའ་ནི་རྒྱན་ཤ་ཁྲག་ལ་བྱས་ནས་དགྲ་བགེགས་ཀྱི་ལིང་ག་བཙུགས་ནས་དེ་ལ་ཐུན་གྱིས་བྲབས་ནས་བསྒྲལ་བའི་ཤ་ཁྲག་འབུལ་ལོ། །ཐུགས་རྗེས་སྤྲུལ་པའི་གཏོར་མ་ཡོངས་ལ་ཁྱབ། །ནང་ནུབ་གཏོར་ཆུང་རྒྱུན་ཏུ་གཏོང་བ་དེ་མཁའ་འགྲོ་མ་ལུས་པ་དང་འགྲོ་དྲུག་ལ་བསྔོ་བར་བྱའོ། །རིག་པ་བྱིན་རླབས་ཀྱི་གཏོར་མ་རྣམ་པ་གསུམ་ནི། །ཕྱི་ལྟར་འདོད་ཡོན་དུ་བྱིན་གྱིས་བརླབ། ནང་ལྟར་ལྷ་དང་། གསང་བ་ལྟར་བྱང་སེམས་སུའོ། །དང་པོ་ནི། གཏོར་གཞོང་ལྟར་སྣང་བ་ནི། བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསྐྱེད། གཏོར་མ་ནི་ཧ་དྲུག་གམ། ཨོཾ་དྲུག་ལས་འདོད་ཡོན་གྱི་ལྷ་མོ་དྲུག་ཏུ་བསྐྱེད་པ་སྟེ། གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་ཐོགས་པ།


DNG019_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་ལྗང་གུ་དྲིལ་བུ་འཁྲོལ་བ། དྲིའི་སེར་མོ་དྲི་མཆོག་བསྣམས་པ། རོའི་དམར་མོ་ཞལ་ཟས། རེག་བྱའི་མཐིང་ག་ན་བཟའ། ཆོས་ཀྱི་ལྷ་མོ་མཐིང་ག་ཕྱག་ན་ཆོས་འབྱུང་གྲུ་གསུམ་བསྣམས་པའོ། །བ་ལིན་ཏའི་སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །ཕྱི་ལྟར་བྱིན་གྱིས་བརླབ་པ་ནི་རིན་ཆེན་ཁང་པ་གཏོར་མའི་སྣོད། །དེའི་ནང་དུ་བཅུད་ནི་ཧ་འམ་ཡང་ན་ཨོཾ་ལས་ཡོངས་གྱུར་པ། །འདོད་པའི་ཡོན་ཏན་དྲུག་གི་ལྷ་མོར་སྤྲུལ། །ཨོཾ་བ་ལིཾ་ཏ། ཏེ་ཛོ་བ་ལིཾ་ནི། བ་ལ་བ་ཏི་གྷུ་ཧྱ་ས་མ་ཡ་སྭཱ་ཧཱ། སྣོད་ནི་བྷྲཱུཾ་ལས་བནྡྷའི་གཞལ་ཡས་ཁང་། །གཏོར་མ་ཧཱུྃ་ཧ་ཡིག་འབྲུ་ཕྱག་མཚན་སྐུ། །སྐུ་ནི་ཡང་དག་དོན་གྱི་ལྷ་དགུར་གསལ། །ཧཱུྃ་ཧ། བྷྲཱུཾ་ལས་གཏོར་གཞོང་བནྡྷ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ། ཧཱུྃ་ཧ་ལས་ཞལ་ཟས་དང་དམ་རྫས་སུ་སྣང་བ་དཔལ་ཁྲག་འཐུང་གི་ལྷ་ཚོགས་ཟ་བྱེད་ཀྱི་དཀྱིལ་འཁོར་དུ་གྱུར་པའི་ཞལ་ཧོམ་ཁུང་དུ་བྱིན་གྱིས་བརླབས་པ་དེར། མཆོད་སྦྱིན་གྱི་གཏོར་མ་དང་སྣ་ཚོགས་ཀྱི་གཏོར་མ་རྣམས་འདོད་ཡོན་ལྔར་ཆོས་ཉིད་ཟབ་མོའི་རོལ་པ་མཉམ་ཉིད་དུ་ཤར་ཏེ། མཆོད་པའི་སྤྲིན་དང་བཅས་པ་དེས་མཆོད་པར་བྱིན་གྱིས་བརླབ་བོ། །གསང་བ་ཉི་མ་ཟླ་བའི་ག་འུ་ནང་། །སྣོད་མ་ལས་ཉི་མའི་དཀྱིལ་འཁོར་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་ཏེ། ཟླ་ཉི་གའུ་ཁ་སྦྱར་ཐབས་ཤེས་རབ་ནང་དུ། བཅུད་ཨོཾ་དཀར་ལ་དྭངས་པ། ཨཱཿདམར་ལ་འཚེར་བ། ཧཱུྃ་མཐིང་ལ་འདྲིལ་བ་ལས་སྐུ་གསུང་ཐུགས་ཀྱི་རྒྱུད་ཚིམས་པར་བྱེད་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་བོ། །བྱང་ཆུབ་སེམས་སུ་ཤ་ལྔ་བདུད་རྩིར་ཞུ། །ལུས་ཁམས་ལས་བྱུང་བའི་བདུད་རྩི་ལྔ་དང་ཤ་ལྔ་ཡང་བདུད་རྩི་ཉིད་དུ་ཞུའོ། །ཐབས་དང་ཤེས་རབ་ཚོགས་སུ་ལྷུན་གྱིས་གྲུབ། །ཨོཾ་ཨཱཿཧཱུྃ། གཏོར་མ་འབུལ་ཞིང་དགོད་པ་ནི་ཡུལ་གང་ལ་འབུལ་ན་རྒྱལ་བ་རྒྱ་མཚོ་མ་དང་མཁའ་འགྲོའི་ཚོགས། །གནས་དང་ཞིང་དང་དུར་ཁྲོད་ཚན་དྷོར་གནས། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྫས་གང་འབུལ་ན་འབྲས་བུ་ལྔ་བསྒྲལ་ཤ་ཁྲག་རུས་པའི་ཚོགས། །རྨད་བྱུང་དམ་རྫས་མཆོད་པ་འདི་འབུལ་ན། །དགོས་པ་ཅིའི་ཕྱིར་འབུལ་ན་མི་ཟད་རྒྱན་གྱི་འཁོར་ལོའི་དངོས་གྲུབ་གསོལ། །སྔགས་སོར་བཞག་ཨོཾ་ཨཱཿ ཧཱུྃ། སུ་ར་ཧོ། ཨུ་མ་ཏོ་ཧོ། ཀ་མ་ལ་མ་ལེ། བཛྲ་ཨ་མྲྀ་ཏ། ཧ་ར་མ་པྲ་ཏི་ཛ། བྷ་ག་བཱན། ཛཿཧཱུྃ་བཾ་ཧོཿ། ཨ་ལ་ལ་ཧོ། ཏྲཱཾ་རཏྣ་ཚད་མེད་སྙིང་རྗེའི་གཏོར་མ་ནི་ཏྲཱཾ་ལས་རིན་པོ་ཆེར་བསྒོམ་པའོ། །ཏྲཻ་ལོཀྱ་ཕཊ།


DNG019_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བསྟན་པ་ནི། ལག་པ་སོར་མོ་བསྣོལ་ལ་མཐེབ་མཛུབ་མིག་ཏུ་བྱ་སྲིན་ལག་དེར་བཅུག་ལ་མིག་འབྲས་བུ་བྱ། གུང་མོ་དང་མཐེའུ་ཆུང་རྩེ་སྤྲད་ལ་ཁ་བྱའོ། །ཐོད་པ་རློན་པའི་ཕྱག་རྒྱ་ཡིས། །གནས་ཁང་བྱིན་གྱིས་བརླབ་པར་བྱ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །གུང་མོ་གཉིས་རྩེ་སྤྲད་ལ་བསྒྲེང་། མཛུབ་མོ་གཉིས་དེའི་རྒྱབ་ཏུ་གཏད། མཐེའོ་གཉིས་སྦྱར་ལ་གུང་མོ་ལ་གཏད། མཐེའུ་ཆུང་གཉིས་སྦྱར་ལ་གུང་མོ་ལ་གཏད། སྲིན་ལག་གཉིས་བསྣོལ་ལོ། །འདུས་པ་ཕོ་མོ་བྱིན་གྱིས་བརླབ། །ཕྲིན་ལས་རྣམ་བཞིའི་ཕྱག་རྒྱ་སྟེ། ༈ །གཡས་ཀྱི་མཛུབ་མོ་གཡོན་གྱི་མཛུབ་མོ་བཀུག་པ་ལ་གཏད། གཡོན་གྱི་མཐེའོ་གཡས་ཀྱི་མཛུབ་མོའི་རྩ་བར་གཏད། གུང་མོ་གཉིས་རྩེ་སྤྲད། སྲིན་ལག་མཐེའུ་ཆུང་བསྣོལ། རྫས་དང་ས་གཞི་བྱིན་གྱིས་བརླབ། །བུམ་པ་ཐལ་མོ་སྤྲུག་པོར་སྦྱར་མཐེ་བོང་གཉིས་གྱེན་དུ་བསྒྲེང་། མཐེའུ་ཆུང་གཉིས་ཐུར་དུ་བརྐྱང་བདུད་རྩི་བུམ་པའི་ཕྱག་རྒྱ་ཡིས། །ཛ་གད་བྱིན་གྱིས་བརླབ་པར་བྱ། །ནོར་བུ་རིན་ཆེན་ཕྱག་རྒྱ་ཡིས། །མཐེབ་མཛུབ་སོ་སོར་མིག་ཏུ་བྱ་གུང་མོ་གཉིས་རྩེ་སྤྲད་སྲིན་ལག་མཐེའུ་ཆུང་སོ་སོར་སྦྱར་ལག་པ་ཕྱིར་བསྟན་ནོ། །ཡོ་བྱད་བྱིན་གྱིས་བརླབ་པར་བྱ། །ཀ་པཱ་ལ་དང་ཀ་པཱ་ལ་ལྟར་ལག་པ་གཡས་གཡོན་ལག་ཁོང་སྙིམ་པར་བྱ་རྟ་གདོང་རྒྱས། །གཡས་གཡོན་གུང་མོ་སྲིན་ལག་མཛུབ་མོ་སྤྲད། མཐེ་བོང་མཐེའུ་ཆུང་བསྒྲེང་། བདུད་རྩི་བྱིན་གྱིས་བརླབ་པར་བྱ། །རལ་གྲི་གཡས་མཐེ་བོས་མཐེའུ་ཆུང་མནན་ལ་གཞན་གསུམ་བསྒྲེང་ངོ་། །ཐོད་པས་གཡོན་སྙིམ་པ་ཐོད་པར་བྱ་རཀྟ་བརླབ། །དཔལ་བཤོས་ཐོད་པས་གུང་མོ་རྩེ་སྤྲད་ལ་ལག་པའི་ནང་དུ་བསྒྲེང་གཞན་སྙིམ་པ་ཐོད་པའོ། །ལག་པ་རྒྱབ་སྦྱར་རོ། །གཏོར་མ་ལ། །ཀོང་བུ་སྡོང་བུ་ལག་པ་སྙིམ་པར་མཐེ་བོང་སྡོང་བུ་ལྟར་བྱའོ། །མར་མེ་ཉིད། །རལ་གྲིས་གོང་བཞིན་སྒྲོལ་ལ་ཛ་ཧཱུྃ་སྦྱོར་སྦྱོར་བ་ལ་མཛུབ་མོ་ལྕགས་ཀྱུས་སོར་མོ་བསྣོལ་བའོ། །ཐུན་མོང་ཕྱག་རྒྱ་རྣམ་པ་ལྔ། །སྤོས་ལ་མཐེབ་མཛུབ་མིག་ཏུ་བྱས་ལ་དུད་པ་འབུལ་བ་ལྟར། མེ་ཏོག་སྙིམ་པ་འཐོར་བ་ལྟར། མར་མེ་སྙིམ་པའི་ནང་དུ་མཐེ་བོང་བསྒྲེང་དྲི་ཆབ་བདུག་པ་ལྟར་ཏེ་སྙིམ་པར་བྱའོ། །ཞེས་གསུངས་སོ། །ཧེ་རུ་ཀ་ཡི་གལ་པོ་ལས། ཐམས་ཅད་བྱིན་གྱིས་བརླབས་པ་སྟེ་བརྟག་པ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་འདི་གསུངས་སོ། །མདོར་བསྟན་ཞི་


DNG019_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་རྒྱན་གྱིས་མཛེས་བྱས་ལ། །བརྡ་སྒོ་དབྱེ་བརྡ་ཕྱག་དང་བསྒྲུབ་པར་དམ་བཅས་ཏེ། །གནས་ལུགས་རང་བཞིན་གྱི་ཞི་ཁྲོ་ཕུང་པོ་རང་རྒྱུད་པའི་ཞི་ཁྲོ་གདུལ་བྱ་དང་སྤྲུལ་པའི་ཞི་ཁྲོའོ། །མཐར་ཕྱིན་འབྲས་བུའི་ཞི་ཁྲོ་ཡིན་ནོ། །འགྲུབ་པར་འགྱུར་བྱེད་གཅེས། །དབང་ཕྱུག་རིག་འཛིན་མར་ལྡན་ནས། །བགོ་བ་སྣ་ཚོགས་བཤད་པ་ནི། །ཚེ་ཡི་དམ་པ་གྲུབ་པ་སྟེ། །མི་འཁྱག་ན་ཚེ་ཐུང་ལ་གོས་དྲོ་ན་ཚེ་རིང་བ་ལྟར་དག་པ་ཡེ་ཤེས་སྟོན་ནོ། །གོས་ཚུལ་ཁྲིམས་ཀྱི་གོས་དང་། ཡེ་ཤེས་ཀྱི་དང་། སྦྱིན་པའི་དང་། བརྩོན་འགྲུས་ཀྱི་དང་། ཤེས་རབ་གོས་དང་ལྔས་བརྒྱན་ནོ། །ལྔ་དག་ཏུ་བཤད་པ་ཡིན། །བདག་འཛིན་གཞན་རྟོགས་བདག་གཞན་དུ་འཛིན་པ་མེད་པས་ན་བཏང་སྙོམས་པའི། །རང་བཞིན་རྣམ་པར་དག་པར་རྟོགས། །ལས་ཉོན་སྒྲིབ་གཉིས་ཀྱི་ཉེས་སྐྱོན་རྣམ་པར་དག་པས་ན་དག་པས་བྲལ་བའོ་ན། །མཁྱེན་པ་དང་ལྡན་པས་ན་ཡེ་ཤེས་ཉེས་པ་ཐམས་ཅད་དག་པས་ན་ཞི་བའི་གོས་ནི་དཀར་པོར་བསྟན། ༈ །སྒྲུབ་པ་པོ་རང་རིག་དོན་གྱིས་རྣལ་འབྱོར་མ་ལ་རིག་པ་དབང་ཕྱུག་ཆོས་རྣམས་ལ་དབང་བསྒྱུར་བས་ན་ཕྱུག་པའོ། །ན་བཟར་གསོལ། །ཡེ་ཤེས་ཀྱི་བློས་ཆགས་བྱ་ཡུལ་འདོད་ཡོན་ཆགས་བྱེད་གང་ཟག་སྤངས་ནས་ནི། །ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་ཆགས་ནས་འགྲོ་དོན་བྱེད་པས། །ཡུལ་ལུས་ཁམས་དང་སྐྱེ་གནས་དབང་དུ་བྱེད་པར་ཆགས་པ་སྟེ། དབང་དུ་གྱུར་ཡང་མ་ཆགས་ཏེ། །སྒོ་གསུམ་སྡོམ་པའི་ཚུལ་ཁྲིམས་གོས་ནི་འགྲོ་བ་དབང་དུ་བྱེད་པའི་རྟགས་སུ་དམར་པོར་བསྟན། །དཔེར་ན་རྒྱལ་བ་ཤཱཀྱ་ཐུབ་པ་ལ་དར་ལེའུ་བརྒན་གྱི་ན་བཟའ་གསོལ་བ་ལྟ་བུའོ། །རྣལ་འབྱོར་དབང་ཕྱུག་ན་བཟར་གསོལ། །ལུས་དང་ཕུང་པོ་ལ་བདག་ཏུ་མི་འཛིན་པ་ནི་བྱམས་པ་ཡི། །ཡོན་ཏན་རྒྱས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེའི་གཏེར་ཆེན་སྤྲོ། །སེམས་ཅན་མ་ལུས་ཀུན་གྱི་ལུས་ངག་ཡིད་གསུམ་གྱི་དགོས་འདོད་སྐོང་བའི་ཕྱིར། །ཡོངས་སུ་གཏོང་བ་སྦྱིན་པའི་གོས་ནི་རྒྱས་པར་བྱེད་པས་ཡོན་ཏན་གྱིས་སེར་པོར་བསྟན། །དེ་ལྟར་དུ་རྣལ་འབྱོར་དབང་ཕྱུག་གི་ན་བཟར་གསོལ། །རང་གཞན་གཉིས་མེད་དུ་མཁྱེན་པས་བྱ་བ་གྲུབ་པའི་སྤྲུལ་པ་མང་པོ་སྤྲོས་ནས་ལས་ཀྱི་སྤྲུལ་པ་ཡི། །འགྲོ་བ་རྣམས་ལ་ཇི་ལྟར་འདུལ་བ་ལྟར་སྟོན་ཞིང་དོན་མཛད་པ། །འགྲོ་


DNG019_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མྱང་འདས་ཀྱི་བདེ་ལ་འགོད་པའི་ཕྱིར། །དོན་དུ་གཉེར་བས་བརྩོན་འགྲུས་གོས་ནི་ལྗང་གུར་བསྟན། །རྣལ་འབྱོར་དབང་ཕྱུག་ན་བཟར་གསོལ། །བལ་ནག་ཆོས་ཀྱིས་མི་འགྱུར་བ་ལྟར་ཆོས་ཉིད་ངང་ལས་བཅོས་སུ་མེད་པ་ཡི། །མི་འགྱུར་བར་མཚོན་པས་ཁ་དོག་མཐིང་ག་ཅིར་ཡང་ཆོས་ཉིད་འགྱུར་བ་མེད། །ཆོས་ཉིད་དེ་མི་འགྱུར་མི་ཤིགས་རང་བཞིན་པས། །དོན་རྟོགས་པས་ཤེས་རབ་སྟེ་ཆོས་ཉིད་མི་འགྱུར་བའི་གོས་ནི་མཐིང་གར་བསྟན། །རྣལ་འབྱོར་དབང་ཕྱུག་ན་བཟར་གསོལ། །སྐུ་གསུང་ཐུགས་ཡོན་ལས་རྣམས་འགྲུབ། ༈ །རྣམ་པར་བརྗིད་པས་སྐུ། སྨྲ་བརྗོད་འབྱུང་བས་གསུང་། དྲན་རྟོག་མཁྱེན་པས་ཐུགས། འདོད་པ་འབྱུང་བས་ཡོན་ཏན། དོན་མཛད་པས་ཕྲིན་ལས་སོ། ༈ །དབུ་རྒྱན་ནི་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གོ། །དང་ནི་ཕྱག་གདུབ་དང་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ལ་སོགས་འགྲེ། །དཔུང་རྒྱན་དྲན་པ་སྙན་ཆ་ཤིན་ཏུ་སྦྱངས་པ་དོ་ཤལ་དང་ཏིང་ངེ་འཛིན། །སེ་མོ་དོ་བཏང་སྙོམས་དང་མེ་ཏོག་རྒྱན་དགའ་བ་ཡང་དག་བྱང་ཆུབ། །བྱང་ཆུབ་ཡན་ལག་བདུན་དུ་བཤད། །སཔྟ་བོ་གྲཱི་ག་ཞེས་པ། སཔྟ་ནི་བདུན། བོ་དྷི་ནི་བྱང་ཆུབ། ཨཾ་ག་ནི་ཡན་ལག་ཏེ། བྱང་ཆུབ་ཀྱི་ཡན་ལག་འདི་བདུན་ནི་མཐོང་བའི་ལམ་ལ་དེ་ཁོ་ན་ཉིད་བྱང་ཆུབ་པའི་རྒྱུར་གྱུར་པས་ན། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ། རྣམ་པ་གཅིག་ཏུ། བི་བྷཱ་ཥ་ལས་འབྱུང་བ་མིང་དུ་བགྲངས་པའི་གྲངས་ཀྱི་རིམ་པ་བཞིན་བཤད་པ་ཙམ་དུ་ཟད་དེ། བྱང་ཆུབ་གསུམ་དུ་འགྲུབ་པའི་ཉེ་བའི་རྒྱུ་འདི་བདུན་ཡིན་པས་བསྒོམས་པའི་ལམ་ལ་བྱང་ཆུབ་ཡན་ལག་ཅེས་བཤད་དོ། །དམ་ཆོས་རྣམ་འབྱེད་དབུ་རྒྱན་རིན་ཆེན་སྤྲས། །དབུ་རྒྱན་གྱི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མཚོན་པ་སྟེ། ཐེག་པ་སོ་སོའི་ཆོས་རྣམས་མ་འདྲེས་པར་ཕྱེ་ནས་སྟོན་པ་དང་། །དེ་ཡི་རྟགས་སུ་རིགས་ལྔའི་དབུ་རྒྱན་འདི། །གསོལ་བས་རིགས་མ་འདྲེས་པར་སྟོན་ཏོ། །རྣལ་འབྱོར་དབང་ཕྱུག་དབུ་ཡི་རྒྱན་དུ་གསོལ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མཚོན་པའི་མཛེས་པའི་མེ་ཏོག་ཕྲེང་། །དོན་འགྲོ་བ་ཐམས་ཅད་མ་ལུས་མཉེས་ཤིང་དགའ་བར་བྱེད། །དེ་ཡི་རྟགས་སུ་མེ་ཏོག་ཕྲེང་བ་འདི་པ་བརྒྱན་པའོ། །རྣལ་འབྱོར་དབང་ཕྱུག་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་དང་ལྡན་པར་བྱའོ། །ཆེན་པོའི་


DNG019_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རྒྱན་དུ་གསོལ། །སྙན་ཆ་ལུས་སེམས་བསིལ་བྱེད་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་སྟེ། །ཉོན་མོངས་འགྲོ་བའི་སྡུག་བསྔལ་གྱི་ཚ་བས་གདུངས་པ་ཉ་བྱེ་ཚན་གྱིས་བརྡུངས་པ་ལྟ་བུའོ། །གདུང་སེལ། །དེ་ཡི་རྟགས་སུ་སྙན་ཆ་ནི་ཉོན་མོངས་པའི་གདུང་བ་སེལ་བར་བྱེད་པས་ན་བསིལ་བྱེད་དོ། །བསིལ་བྱེད་འདི། །རྣལ་འབྱོར་དབང་ཕྱུག་སྙན་གྱི་རྒྱན་དུ་གསོལ། །དོ་ཤལ་ནི་ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་དབུས་མཆོག་ཕྲེང་བ་བརྒྱུས། །ཏིང་འཛིན་གྱི་སྒོ་འབུམ་ཕྲག་སྣ་ཚོགས་འཕྲོ་བར་མཛད། །དེ་རྟགས་སུ་རིན་པོ་ཆེའི་མགུར་ཆུ་རིན་ཆེན་ཕྲེང་བ་འདི། །མུ་ཏིག་གི་ཕྲེང་བ་རྐང་པའི་འོང་བུར་སླེབ་པའོ། །རྣལ་འབྱོར་དབང་ཕྱུག་ཕྲེང་བའི་རྒྱན་དུ་གསོལ། །རིན་ཆེན་མཆོག་སྤྲས་དབུ་བརྒྱན་དྲ་བ་འདི། ༈ །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་མ་བསྙེལ་ས་ལེ་མཁྱེན། །དེ་ཡི་རྟགས་སུ་རིན་ཆེན་སྣ་ཚོགས་དཔུང་རྒྱན་འདི། །རྣལ་འབྱོར་དབང་ཕྱུག་དཔུང་པའི་རྒྱན་དུ་གསོལ། །བདག་འཛིན་སྤྲུལ་པ་སྣ་ཚོགས་སེ་མོ་དོ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་གོ། །བདག་གི་དོན་ནང་དུ་རྟོགས་ནས་གཞན་གྱི་དོན་ཕྱིར་མཛད་པ། །དེ་ཡི་རྟགས་སུ་མུ་ཏིག་སེ་མོ་དོ། །རྣལ་འབྱོར་དབང་ཕྱུག་རང་རིག་དོན་གྱི་རྣལ་མ་ལ་བློ་རིག་པའི་ཡེ་ཤེས་འབྱོར། ཆོས་རྣམས་མ་ལུས་པ་ལ་དབང་བསྒྱུར། ཟད་པ་མེད་པས་ན་ཕྱུག་གོ། །ཆེན་པོའི་རྒྱན་དུ་གསོལ། །ཕྱག་གདུབ་སྣ་ཚོགས་ལས་མཛད་བརྩོན་འགྲུས་ཡང་དག་བྱང་ཆུབ་ཡན་ལག་ལྡན། །དགོས་པའི་ཕྲིན་ལས་རྣམ་བཞིས་རང་གཞན་གྱི་དོན་རྣམས་མྱུར་བར་འགྲུབ་པར་མཛད། །དེ་ཡི་རྟགས་སུ་གསེར་གྱི་གདུ་བུ་འདི། །རྣལ་འབྱོར་དབང་ཕྱུག་ཕྱག་གི་རྒྱན་དུ་གསོལ། །སྐུ་ཡི་རྒྱན་སྟོད་གཡོགས་གསུང་མཆོག་སྨད་དཀྲིས་དང་། །ཐུགས་ཀྱི་རྒྱན་ཟེའུ་ལྡིར་ཡོན་ཏན་གྱི་རྒྱན་ཆོས་གོས་དང་། །ཕྲིན་ལས་ཀྱི་རྒྱན་མཛད་པ་ལས་ཀྱི་ཕུ་རུང་ན་བཟའ་རྣམས། །བདག་ཉིད་ཆེན་པོ་ཆེ་བས་བསྒྱིངས་པར་བརྗིད་པས་ང་རྒྱལ་ཆེན་པོ་བདུན་དང་ལྡན་པ་ལྟ་བུར་བཞུགས་སོ། །ཚུལ་ཁྲིམས་རྣམ་དག་གོས་ཀྱིས་བརྗིད་པའི་སྐུ། །


DNG019_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་ཆུང་བ་ཉན་ཐོས་རང་རྒྱལ་དམིགས་པ་ཕྲ་བས་དོན་མཛད་དེ་གཉིས་ལ་སྟོད་གཡོགས་ཕྲག་བྱུས་པ་ཡོད་པའོ། །རྟགས་སུ་ནི། །སྐུ་མཆོག་ཆེ་བའི་བརྗིད་ཚུལ་གཅན་གཟན་གྱི་རྒྱལ་པོ་སེང་གེའི་སྟོད་ལ་རལ་པས་བརྗིད་པ་ལྟ་བུར་ཆོས་གོས་འདི། །རྣལ་འབྱོར་དབང་ཕྱུག་སྟོད་གཡོགས་སྐུ་སྟོད་ལ་དར་ངང་སེར་གྱིས་ཕྲག་བྱུས་སུ་གསོལ་བ་ལྟར་རྒྱབ་གོང་དུ་བསྣམས་པའོ། །རྒྱན་དུ་གསོལ། །འཁོར་བའི་སེམས་ཅན་མ་སྟོངས་བར་དུ་ནི། །ཐུགས་རྗེས་འགྲོ་བ་ཀུན་ལ་ཆགས་པའི་རྟགས། །གསུང་མཆོག་ཐུགས་རྗེས་ཆགས་པའི་སྨད་དཀྲིས་འདི་དར་པ་ཏི་སྨུག་པོའི་ཚི་གུ་ཅན་གྱི་ཤམ་ཐབས་འདི། །རྣལ་འབྱོར་དབང་ཕྱུག་ཤམ་ཐབས་རྒྱན་དུ་གསོལ། །ཐུགས་ཀྱིས་འཁོར་འདས་མ་ལུས་པ་ཅིར་ཡང་སལ་ལེ་མཁྱེན་པའི་ཐུགས་ཀྱིས་སུ། །ཤེས་བྱ་ཀུན་ལ་མ་རྨོངས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་དོན་དམ་ལ་མ་རྨོངས་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཀུན་རྫོབ་ལ་མ་རྨོངས་པའོ། །རྟགས་སུ་ནི། །ཐུགས་མཆོག་ཤེས་རབ་ལྡན་པ་དར་གྱི་ཅོད་པན་འདི། །རྣལ་འབྱོར་དབང་ཕྱུག་ཆོས་གོས་ཚུལ་ཁྲིམས་ཀྱི་ཆོས་གོས་གསོལ་བས་ཡང་དམ་ཚིག་གི་ཚུལ་ཁྲིམས་ཡང་ལྡན་ནོ། །རྒྱན་དུ་གསོལ། །ཆེ་བའི་ཡོན་ཏན་འགྲོ་རྣམས་ཀུན་ལ་སྣང་། །དཔའ་ཞིང་གཟི་བརྗིད་ཆེ་བས་བསྒྱིངས་རྟགས་སུ། ༈ །ཡོན་ཏན་ཆེ་བའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་གཟི་མདངས་ན་བཟའ་འདི། །རྣལ་འབྱོར་དབང་ཕྱུག་སྐུ་ཡི་རྒྱན་དུ་འབུལ། ༈ །གསང་སྔགས་སྤྱོད་པའི་འདོད་ཆགས་ཅན་ལ་སྦྱོར་བའི་སྤྱོད་པ། ཞེ་སྡང་ཅན་ལ་སྒྲོལ་བའི་དང་། ང་རྒྱལ་ཅན་ལ་བལྟ་ངན་གྱིས་མི་ཚུགས་པར་ཏིང་ངེ་འཛིན་སྲན་ཚུགས་པ་དང་། གཏི་མུག་ཅན་ལ་རྨི་ལམ་བསྒོམ། ཕྲག་དོག་ཅན་ལ་ལྟ་ངན་མི་ཤོང་བ་དང་། དུག་ལྔ་ལམ་དུ་སྤྱོད་པའོ། །དོན་མཆོག་ཟབ་མོ་འདི། །སྣོད་དུ་མ་གྱུར་པ་ལ་གསང་བའི་རྟགས། །མཛད་པའི་ཕྲིན་ལས་གར་གྱི་གསང་གོས་འདི། །ཚད་མེད་བཞིས་ཉན་རང་དོན་མཛད་པ་དང་། བསྡུ་དངོས་བཞིས་བྱང་ཆུབ་སེམས་དཔས་དོན་མཛད་པ་དང་། ཕྲིན་ལས་བཞིས་སྔགས་དོན་མཛད་པའི་རྟགས་སོ། །རྣལ་འབྱོར་དབང་ཕྱུག་སྐུ་ཡི་རྒྱན་དུ་གསོལ། ༈ །གསང་བའི་བརྡ་བསྲེས་པ་ལ་གཉིས་ཏེ། མཆེད་ལྕམ་ལ་བོས་པ་དང་ཨེ་མ་ཧོ་ནི ། ངོམས་ཤིང་མཚར་བའོ། །དུར་


DNG019_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ནི་རོ་བཞི་བསྐྱལ་བ་ཡན་ཆད་དོ། །གསང་བ་སྣོད་མིན་པའོ། །ཆེན་པོ་ཡི་ནི་ཐེག་པ་གཞན་ལས་ཁྱད་བྱས་པའོ། །རྨད་བྱུང་ཞིང་ཁམས་དགའ་ཚལ་འདིར། །སྔོན་གྱི་ལས་སྐལ་བ་དང་ལྡན་པ་དང་འཕྲལ་རྐྱེན་གྱི་སྐལ་ལྡན་ནོ། །དབང་ཕྱུག་རྒྱལ་བའི་སྲས། །འདུས་པ་ཚོགས་པའི་རྒྱལ་པོའི་སྲས་རྒྱལ་རིགས་སུ་བྱུང་བ་ལྟར་རིག་འཛིན་རྣམས། །ཨེ་མ་ཧོ། བདེ་དགའ་བདེ་མཆོག་བདེ་ཆེན་གྲོགས། །དམ་ཚིག་སྲོག་གི་ལུ་གུ་རྒྱུད། ༈ །ལྕགས་ལུ་གུ་རྒྱུད་ནི་གཟོང་གིས་ཕྲལ་ཡང་མི་ཕྲལ་བ་ལྟར་གསང་སྔགས་ཀྱི་དམ་ཚིག་སྲོག་ལ་བབས་ཀྱང་མི་འབྲལ་ལོ། །སྤྲུལ་པའི་གཤོག་དྲུག་གྲ་རྒྱས་པས། །ཆོས་ཉིད་མཁའ་ལ་ལྡིང་བར་རིགས། ༈ །བྱ་རྒོད་གཤོག་དྲུག་རྒྱས་པས་ནམ་འཕངས་གཅོད་པ་ལྟར་རྣལ་འབྱོར་པ་བལྟ་བ། དམ་ཚིག་སྤྱོད་པ་ཏིང་ངེ་འཛིན་དབང་ཕྲིན་ལས་དང་དྲུག་རྒྱས་ནས་ཆོས་ཉིད་ཀྱི་དོན་རྟོགས་ནས་ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་བལྟ་བས་ལྡིང་ཞིང་འགྲོ་བར་བྱེད་པའོ། །དེ་རིང་ཕན་ཆད་རྒྱལ་བའི་སྲས། །དབང་ཕྱུག་ཡིན་པས་ཅི་བདེར་སྤྱོད། །ལུས་ཀྱི་བརྡ་ལུས་དང་ཡན་ལག་གི་བྱ་བ། ངག་གི་བརྡ་ངག་གི་བྱ་བ་དང་སེམས་ཀྱི་བརྡ་ནང་དུ་རིགས་པར་བྱ་བའོ། །བྱ་བ་ཐམས་ཅད་བརྡས་བྱ། སྨྲ་བ་བཅད་དོ། །ཟན་ལ་ཚེ། ཆང་ལ་སྨྲ་བྱེད། ཚ་ལ་ཀུན་ཏུ་རྒྱུག །ཚོད་མ་ལ་བྲན་མོ། །མར་ལ་འཇམ་དེས་ཞེས་བྱའོ། །རྣལ་འབྱོར་གསང་བའི་བརྡ་སྒོ་ཕྱེ། །བྱ་བའི་ལས་རྣམས་ཐམས་ཅད་ཀུན། །བརྡ་ཡིས་སྨྲ་ཞིང་བརྡ་བྱའོ། །གསང་མཆོག་ལྷུན་གྲུབ་དཀྱིལ་འཁོར་ལ། །ཚད་མེད་བཞི་ཡིས་སྒོ་ཕྱེ་གཅིག །རྒྱལ་བ་རིགས་ལྔའི་མ་རིག་པའི་གཉིད་སངས་མཁྱེན་པ་རྒྱས་བདུད་བཞི་བཅོམ་ཡོན་ཏན་དྲུག་དང་ལྡན་མཐའ་ལས་འདས། །སྐུ་ཕྱིར་ལ་བསྟན་པའི་དུས་ན་ཞི་ཞིང་ཐུགས་ནང་དུ་བལྟས་ཕྲ་ལ་དགོངས་པ་བརྟག་དཀའ་སྟེ། །དབང་ཕྱུག་ཆེན་པོ་མཆོག་གི་ལྷ། །ཚོགས་གཉིས་མ་བསགས་བཞིན་དུ་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །རིག་འཛིན་འདུས་པའི་རྣལ་འབྱོར་རྣམས། །ཐུགས་སེམས་ཉིད་ཡང་དག་པའི་དོན་ཡིན་ལ་བསྒྲུབ་པར་དམ་བཅས་ནས། །སངས་རྒྱས་ཞེ་གཉིས་བསྒོམ་པའི་ཏིང་ངེ་འཛིན་ལ་བདག་ཅག་རྣམས་གནས་འགྱུར་བ། །ཡེ་ཤེས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བདག་གསལ་བར་གྱུར་ཅིག ། བདེ་གཤེགས་སེམས་ཀྱི་སྙིང་པོ་ལ། །སེམས་བསྐྱེད་པ་ལས། སེམས་ཅན་ལ་དམིགས་པ་ནི། སེམས་ཅན་རྣམས་


DNG019_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་བདེ་གཤེགས་ཀྱི་སྙིང་པོ་ཅན་ཡིན་ཡང་། བདག་ཏུ་རྟོག་པའི་དབང་གིས་འཁོར་བའི་སེམས་ཅན་དུ་སྣང་བ་སྟེ། སྣང་བ་དེ་ལས་བཟློག་ནས་སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར། སྒྲུབ་པ་པོས་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ཤེས་པ་ཁོ་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ནོ། །དེ་ལ་རྒྱུ་མཚན་ཉིད་ལུགས་ཀྱིས་ནི་ཀུན་རྫོབ་དང་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ལས། ཀུན་རྫོབ་སྨོན་པ་བྱང་ཆུབ་མཆོག་ཏུ་དང་། འཇུག་པ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་བསྲུང་ལ། དོན་དམ་སྤྲོས་བྲལ་དུ་འདོད། འདིར་ནི་ཀུན་རྫོབ་བྱང་སེམས་ནི་སེམས་ཅན་རྣམས་རང་སེམས་སངས་རྒྱས་ཡིན་པར་མ་རྟོགས་པར་འཁོར་བར་འཁྱམས་པ་ཡིན་ལ། དོན་དམ་བྱང་སེམས་ནི། ཡང་དག་བསྒྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས། ཁམས་གསུམ་སེམས་ཅན་རྣམས་ཀྱི་དེ་ཁོ་ན་ཉིད་དང་། དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དེ་ཁོ་ན་ཉིད་ལ་གཉིས་སུ་མེད་ཅིང་ཐ་དད་དང་དབྱེར་མེད་པར་རྟོགས་པར་བསྒོམ་པར་བྱའོ། །མ་རྟོགས་འཁོར་བའི་སེམས་ཅན་རྣམས། །སངས་རྒྱས་ས་ལ་དགོད་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སངས་རྒྱས་འདི་ཚེ་བསྒྲུབ་བྱའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །སངས་རྒྱས་བསྒྲུབ་པ་ལ། ཐེག་པ་འོག་མ་རྣམས་ཀྱིས་ཡུན་རིང་པོར་བསྒྲུབས་ནས། ཕྱིས་སངས་རྒྱས་སུ་བསྒྲུབ་པ་ལྟ་བུ་མ་ཡིན་ཏེ། གསང་སྔགས་པ་རྣལ་འབྱོར་ཆེན་པོའི་ཐེག་པ། མཐོང་བའི་ཆོས་ཚེ་འདི་ཉིད་ལ་སངས་རྒྱས་པའི་ཕྱིར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གོམས་པར་བྱ་ཞིང་། ཆོས་སྐུ་ཀུན་ཏུ་འོད་ཀྱི་ས་ལ་སྦྱང་བ་དང་། ཀུན་ཏུ་སྣང་གི་ས་ལ་གོམས་པར་བྱ་ཞིང་ལོངས་སྐུ་པདྨ་ཅན་ལ་གོམས་པར་བྱ་བ་དང་། རྒྱུའི་ལམ་གོམས་པར་བྱ་ཞིང་སྤྲུལ་སྐུ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སྦྱངས་ཏེ། སྐྱེ་བ་ཕྱི་མའི་རྒྱུ་དང་ལས་ལ་མི་ལྟོས་པར། ཚེ་འདི་ཉིད་ལ་འབྲས་བུ་འཐོབ་པར་བྱ་བའོ། །དེ་ནི་དམིགས་པའི་ཡུལ་ཏེ། ལྟ་བ་ལ་དམིགས་པའི་ཡུལ་ལ་སེམས་བསྐྱེད་པར་བྱ་བ་ཡིན་ནོ། །ཞེས་བརྗོད་ཅིང་སེམས་བསྐྱེད་པར་བྱའོ། །བསྐལ་པ་བྱེ་བར་མི་འགྲུབ་པ། །ཉན་ཐོས་ལ་སོགས་ཐེག་པ་འོག་མ་བས། གྲངས་མེད་གསུམ་དུ་ཚོགས་བསགས་ནས་འབྲས་བུ་སྐུ་གཉིས་འཐོབ་པར་འདོད་པ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་ལས་འབྲས་བུ་ནི་གཟུགས་སྐུ་ཐོབ། འབྲས་བུ་ཡེ་ཤེས་ཚོགས་ལས་ཆོས་སྐུ་འཐོབ་པར་འདོད་པའོ། །འདིར་ནི་ལྷ་དགུ་བསྒོམ་པ་བསོད་ནམས་ཀྱི་ཚོགས། དེ་ལ་རང་བཞིན་མེད་པ་ཡེ་ཤེས་ཀྱི་ཚོགས་ཏེ། སྐུ་གསུམ་དབྱེར་མེད་དུ་བསྒོམ་པའོ། །ཚེ་གཅིག་འགྲུབ་པས་ཁྱད་པར་


DNG019_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས། །དང་པོར་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །དང་པོ་དེ་བཞིན་བསྒོམ་པ་ལ་བཞི་སྟེ། དགོས་པ། ངེས་ཚིག །ཐབས། འབྲས་བུའོ། །དང་པོ་ནི་རྟོག་པ་སྦྱོང་བ་དང་། འབྲས་བུ་འཐོབ་པའི་དགོས་པའོ། །རྟོག་པ་སྦྱོང་བ་ནི། སེམས་ཅན་ཐམས་ཅད་ནི་ཐོག་མ་མེད་པའི་དུས་ནས། རྟག་ཏུ་རྟོག་པའི་དབང་གིས་འཁོར་བ་ཡིན་ལ། དེའི་གཉེན་པོ་དེ་བཞིན་ཉིད་བསྒོམ་པ་དང་། འབྲས་བུ་ཐོབ་པའི་དགོས་པ་ནི་གསང་སྔགས་འབྲས་བུའི་ཆོས་ཡིན་པས། འབྲས་བུ་སྐུ་གསུམ་ཡིན་ཏེ། དེ་བཞིན་ཆོས་ཉིད་སྐུའི་ངང་ལས་གཟུགས་སྐུ་རྣམ་གཉིས་འབྱུང་བའི་ཕྱིར་དང་པོ་བསྒོམ། ཅིའི་ཕྱིར་ན། ངེས་ཚིག་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བློ་གཞག་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱའོ། །ཇི་ལྟར་སྒོམ་པའི་ཐབས་ནི། ཆོས་ཐམས་ཅད་ནི་རང་གི་སེམས་སུ་འདུས་པས། སེམས་ཀྱི་རང་བཞིན་མཚན་ཉིད་ཐམས་ཅད་དང་བྲལ་བ། ཇི་ལྟ་བུའི་དངོས་པོ་ཡང་དག་མ་ཡིན་པས། སེམས་ཀྱིས་བཏགས་པའི་ཆོས་རྣམས་ཀྱང་དངོས་པོ་མེད་དེ། རང་བཞིན་གྱི་སྟོང་ཞིང་དག་པ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་བྱའོ། །དེའི་ངང་དུ་མ་ཧཱ་སུ་ཁ་ཧཱུྃ་ཞེས་བརྗོད་དེ། རང་གི་སེམས་ཉིད་ཡི་གེ་ཨ་དཀར་པོ་གཅིག་ཏུ་གསལ་བར་བསྒོམ། ཨ་དེ་ལས་འོད་ཟེར་འཕྲོས་ཏེ། དངོས་པོར་སྣང་བ་ཐམས་ཅད་བསྲེགས་ནས། སླར་འདུས་པས། ཇེ་ཆུང་ཇེ་ཕྲ་ལ་མཇུག་སྒྲ་ཙམ་དུ་བསམ་མོ། །སྒྲ་ཡང་མཐར་སྟོང་སྟེ། ཅིར་ཡང་མི་བསམ། ཅིར་ཡང་མི་དམིགས་པའི་ངང་དུ་བསྒོམ་མོ། །འབྲས་བུ་ནི། དེ་ལྟར་བསྒོམས་པས་སྐུ་ཆོས་སྐུ། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པའོ། །བསྒྲུབ་མེད་ཡུམ་གྱི་བྷ་ག་ལ། །བརྗོད་མེད་སེམས་ཀྱི་ངང་དུ་གསལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ཡང་ཁྱབ་པར་བྱ། །བཙལ་མེད་མ་བསྒྲུབས་ཇི་བཞིན་ལས། །ཀུན་སྣང་ནམ་མཁའི་མཚན་ཉིད་འབྱུང་། །མེད་པའི་རྒྱུ་ལས་ཀུན་སྣང་བསྒོམ་པ་ལ་ཡང་དེ་བཞིན་བཞི་ལས། དང་པོ་ནི་དེ་བཞིན་ཉིད་རོ་ལ་མི་ཆགས་པར་བྱ་བ་དང་། སྒྱུ་མའི་ཆོ་འཕྲུལ་འབྱུང་སླ་བ་དང་། གཞལ་ཡས་ཁང་དང་ལྷ་དགོད་པར་བདེ་བའོ། །ངེས་ཚིག་ནི། ཅིའི་ཕྱིར་ན། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་ངང་དུ་ཡང་བསྒོམས་ལ། དེ་ལྟར་མ་རྟོགས་པ་རྣམས་ལ་ཁྱབ་པའི་སྙིང་རྗེ་ཡང་བསྒོམ། མཚན་མ་དང་མཚན་མ་མེད་པ་གཉིས་བསྒོམས་པས་ཀུན་ཏུ་སྣང་ཞེས་བྱའོ། །ཐབས་ནི་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལས། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པ་ལ། སྙིང་རྗེ་ཆེན་པོ་བསྐྱེད་ལ་བསྒོམ་མོ། །ཙིཏྟ་སྥ་ར་ཎ་ཕཊ་ཅེས་བརྗོད་དེ།


DNG019_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་། དངོས་པོ་མེད་པ་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟར་མ་རྟོགས་པར། དངོས་པོ་ལ་མངོན་པར་ཞེན་པ་འདི་རྣམས་སྙིང་རྗེ་སྙམ་དུ་སྙིང་རྗེ་བསྐྱེད་པའི་རྟགས་སུ། འོད་དཀར་པོ་ཚོན་གང་པ་གཅིག་གསལ་བར་བསྒོམ། དེ་ལ་ཙིཏྟ་སྥ་ར་ཎ་ཕཊ་ཀྱི་སྒྲ་བྱུང་བས། ཐམས་ཅད་འོད་ཀྱིས་ཁྱབ་སྟེ། དངོས་པོར་སྦྱངས་ནས། འོད་ཀྱི་ཐིག་ལེ་ལ་འདུས་ནས་ཤིན་ཏུ་གསལ་བར་བསྒོམ་མོ། །འབྲས་བུ་ནི་ལོངས་སྐུ་དང་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་བོ། །མངོན་གསལ་བ། །སེམས་ཀྱི་རང་བཞིན་ཡེ་ཤེས་གསལ། །དམ་པའི་རང་བཞིན་ཨ་ལས་ནི། །རྒྱུའི་ཏིང་ངེ་ལ་ཡང་དེ་ལྟར་བཞི་ལས། དང་པོ་ནི་གང་ཟག་ལ་བདག་མེད་རྟོགས་པར་བྱ་བའི་ཕྱིར་རོ། །ངེས་ཚིག་ནི། གཟུགས་སྐུ་རྣམ་གཉིས་ཐོབ་པར་བྱ་བའི་རྒྱུར་གྱུར་པའོ། །ཡེ་ཤེས་ནི་སོ་སོར་རྟོག་པ་དང་བྱ་བ་དྲུག་པའི་ཡེ་ཤེས་ཐོབ་པའོ། །ཐབས་ནི་གོང་གི་འོད་ཀྱིས་གོང་བུ་དེ་ཡི་གེ་ཨ་གཅིག་ཏུ་གྱུར་པར་བསྒོམ་མོ། །བཛྲ་ཙིཏྟ་ཨ་ཞེས་པས་ཨ་དེ་འཕྲོས་འདུས་པས་ཛྙཱ་ན་སཏྭ་ཧཱུྃ་ཞེས་པས་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཚོན་གང་བ། རྒྱན་དང་ཆ་ལུགས་སྤངས་པ་གཅིག་བསྒོམ་མོ། །འབྲས་བུ་ནི་སྐུ་ནི་སྤྲུལ་སྐུ་ཡེ་ཤེས་སེམས་དཔའ་གསལ་བར་ཤར། །ཚད་མེད་བསྒོམས་ལས་ཁྱད་པར་འཕགས། །སྐུ་གསུམ་རང་ལ་གནས་པ་ན། །ཐེག་པའི་ཁྱད་ནི། ཐེག་པ་འོག་མ་བ་ནི། ཚད་མེད་བཞི་བསྒོམས་ནས་སེམས་ཅན་གྱི་དོན་བྱེད་དེ། འདིར་དེ་ལས་ཁྱད་འཕགས་ཏེ། ཆོས་སྐུ་ལས་ལོངས་སྐུ་བྱུང་ནས་ས་བཅུའི་དོན་མཛད་ལོངས་སྐུ་ལས་སྤྲུལ་སྐུ་བྱུང་ནས་སེམས་ཅན་གྱི་དོན་མཛད་པ་ལྟར། དེ་བཞིན་ཆོས་སྐུ། ཀུན་སྣང་ལོངས་སྐུ་རྒྱུའི་ཏིང་སྤྲུལ་སྐུར་བསྒོམས་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ཡང་ཀུན་གཞི་ཆོས་སྐུ། ཡིད་ལོངས་སྐུ། སྒོ་ལྔ་སྤྲུལ་སྐུར་རང་ལ་གནས་པའོ། །ཀུན་གཞིའི་རྣམ་ཤེས་སྟོང་ཉིད་ཆོས་སྐུ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀུན་ཏུ་སྣང་འོད་དུ་གསལ་བ་དང་། ཡིད་རྒྱུའི་ཏིང་ངེ་འཛིན་དུ་གསལ་བ་དང་། སྒོ་ལྔ་ལས་ཡེ་ཤེས་སེམས་དཔའ་གསལ་བར་བསྒོམས་པས། སྐུ་གསུམ་ཡེ་ནས་རང་ལ་གནས་པའི་དོན་རྟོགས་པ་ཡིན་ནོ། །རང་ལ་གནས་ཤིང་གཞན་ནས་བཙལ་དུ་མེད་པར་ཤེས་པས། ཚེ་གཅིག་ལུས་གཅིག་ལ་འབྲས་བུ་ཐོབ་པར་བྱེད་པའོ། །ཐུགས་རྗེ་རང་བྱུང་རང་ཤར་སྐུ། །ཀུན་གཞི་ཉོན་མོངས་ཡིད་དང་སྒོ། ༈ །ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །བཾ་ལས་ཆུ་ཡི་རྦ་ཀློང་འཁྱིལ། །སུཾ་ལས་གསེར་གྱི་ས་གཞི་ཆགས། །ལཾ་ལས་རིན་ཆེན་རི་རབ་སྟེང་། །རཾ་ལས་ཡེ་ཤེས་མེ་འོད་འབར། །འབྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ། བདག་ཡེ་ཤེས་སེམས་དཔའ་དེ། ཡེ་ཤེས་ཀྱི་རླུང་གིས་


DNG019_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཏེགས་ནས། བར་སྣང་ལ་གསལ་བ་ལས། ཨེ་ཡཾ་བཾ་སུཾ་ལཾ་རཾ། ཞེས་བརྗོད་པས། ཐུགས་ཀ་ནས་ཡི་གེ་དེ་རྣམས་ཤར་ཏེ། དངུལ་གྱི་དོང་ཙེ་བརྩེགས་མ་བཞིན། རིམ་པས་གནས་པ་ལས། ཡིག་འབྲུ་རྣམས་ཤིན་ཏུ་གསལ་བར་བསྒོམ་མོ། །ཨེ་ཨཱ་ཀ་ཤ་མཎྜ་ལ་ཞེས་པ་ཨེ་མཐིང་ག་འོད་དུ་ཞུ་ནས། ནམ་མཁའ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན། ཁ་དོག་སྔོན་པོར་བསྒོམ། ཡཾ་ཀརྨ་རཀྵ་ཧཾ་ཞེས་པས། ཡཾ་དུད་ཁ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཁམ་པ་རྒྱ་གྲམ་པ་དམ་ཚིག་སྒྲོལ་མའི་རང་བཞིན། ཁ་དོག་དུད་ཁ་གཅིག་ཏུ་བསྒོམ། བཾ་མཱ་མ་ཀཱིརྟི་མཎྜ་ལ་ཞེས་པས། བཾ་ལས་བདུད་རྩི་ཆུའི་རྒྱ་མཚོ་ཟླུམ་པོ། ཡུམ་མཱ་མ་ཀཱིའི་རང་བཞིན་ཁ་དོག་དཀར་པོར་བསྒོམ། སུ་སུ་མེ་སྲུཾ་ཞེས་པས། སུཾ་ལས་གསེར་གྱི་ས་གཞི་གྲུ་བཞི་པ་ཡུམ་སངས་རྒྱས་སྤྱན་གྱི་རང་བཞིན་ཁ་དོག་སེར་པོར་བསྒོམ། ལཾ་ཏིཥྛ་མཎྜ་ལ་ཞེས་པས་ལཾ་ལས་རིན་པོ་ཆེའི་རི་རབ་ཁ་དོག་ལྔ་དང་ལྡན་པ། གའུ་གརྟིར་སྤྲད་པ་འདྲ་བའམ། ཤོ་བཏབ་པ་ལྟ་བུར་བསྒོམ། རཾ་ཛྭ་ལ་མཎྜ་ལ་ཞེས་པས། རཾ་ལས་ཡེ་ཤེས་ཀྱི་མེ་འོད་རྣམ་པ་ལྔ་འཇའ་ཚོན་འཁྱིལ་པ། འབྱུང་བ་ལྔའི་དྲོད་སྙོམས་པ། ཡུམ་གོས་དཀར་མོའི་རང་བཞིན་དུ་བསམ་མོ། ༈ །འབྲུ་ལྔའི་ཕྲ་དོན་ཡུམ་ལྔའི་རང་བཞིན་ཡི་གེ་འབྲུ་ལྔ་ལས་རྟགས་འབྱུང་བ་ལྔ་ཤིན་ཏུ་གསལ་བར་བསྒོམ་མོ། །བཀོད་ཡུམ་ལྔའི་རྒྱུ། །མཁའ་དབྱིངས་རྣམ་དག་ཡུམ་ལྔའི་བྷ་ག་དཀྱིལ་འཁོར་ནི། །མ་བཅོས་ལྷུན་གྲུབ་ཡུམ་གྱི་མཁའ། །རིགས་ལྔ་འཁོར་དང་བཅས་པ། །རྒྱལ་བ་རྒྱ་མཚོའི་བཞུགས་གནས་རྟེན། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །མཐའ་དང་དབུས་མེད་ནམ་མཁའི་རྒྱ། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །རིགས་པའི་གདན་དང་ཡེ་ཤེས་རྒྱན། ༈ །གཞལ་ཡས་ཁང་བསྒོམ་པ་ནི། བྷྲཱུཾ་ཞེས་བརྗོད་པས་ཐུགས་ཀ་ནས་བྷྲཱུཾ་ལེའུ་བརྒན་གཅིག་མེ་དཔུང་སྟེང་དུ་ཕོག་པ་ལས། སྥ་ར་ཎ་ཕཊ་ཅེས་བརྗོད་པས་ཡེ་ཤེས་ཀྱི་བྷྲཱུཾ་གྲངས་མེད་ཕྱོགས་བཅུར་འཕྲོས་ཏེ། བདེ་བར་གཤེགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་དང་པོའི་བྷྲཱུཾ་ལ་འདུས་ཏེ། འོད་དུ་འབར་བ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་མཎྜ་ལ་ཧཱུྃ་ཞེས་བརྗོད་པས་རིན་པོ་ཆེ་སྣ་ཚོགས་


DNG019_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པའི་གཞལ་ཡས་ཁང་། འཁོར་ལོ་རྩིབས་བཞི་གྲུ་ཆད་གློ་འབུར་དང་ལྷ་སྣམ་དང་། སྒོ་བཞི་སྒོ་ཁྱུད་དང་བཅས་པ། རྟ་བབས་དང་ཐེམ་སྐས་བརྒྱད་དང་ལྡན་པ། རྒྱུ་རཏྣ་ལྔ་ལས་གྲུབ་པ། འོག་རྒྱན། སྒོ་རྒྱན། ལོགས་རྒྱན། རྩེ་མོའི་རྒྱན། ཕྱི་རོལ་གྱི་རྒྱན། བདག་པོའི་རྒྱན། ངོ་བོ་ཉིད་ཀྱི་རྒྱན་དང་ལྡན་པར་བསྒོམ་མོ། །ཕྱི་ནང་མེད་པར་གསལ་བ་མཐའ་དབུས་མེད་པར་ཁྱབ་པར་བསྒོམ་མོ། །རྐང་མདོ་ལྟོ་བ་སྙིང་ག་སྒལ། །རླུང་མེ་ཆུ་ས་རི་རབ་ཅན། །འབྱུང་བ་ལུས་ལ་ཚང་སྟེ། རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ་ཏུ་གནས་པའོ། །དེ་ཡང་རྐང་མཐིལ་རླུང་གི་དཀྱིལ་འཁོར་འོག་གཞི་དང་། སུམ་མདོ་གྲུ་གསུམ་མེའི་དཀྱིལ་འཁོར་དང་། ལྟོ་བ་ཟླུམ་པོ་ཆུའི་དཀྱིལ་འཁོར་དང་། སྙིང་ག་གྲུ་བཞི་སའི་དཀྱིལ་འཁོར་དང་། སྒལ་ཚིགས་རི་རབ་ཀྱི་དཀྱིལ་འཁོར་ཏེ། དེ་ལྟར་ན་རང་གི་ལུས་དབྱིབས་འབྱུང་བ་རིམ་བརྩེགས་སུ་གནས་པའོ། །ཞེས་ཚིགས་བཅད་བསྡེབས་པའོ། །ལུས་སྙིང་རྐང་མིག་སྣ་སོ་ལྕེ། །དབྱིབས་སྒོ་རྐང་པན་ཕག་དྲར་གནས། ༈ །ལུས་ལ་ཚང་སྟེ། ལུས་ཀྱི་དཀྱིལ་འཁོར་མི་མཉམ་པ་མེད་པ་གྲུ་བཞི། སྙིང་གའི་རྩ་བཞི་སྒོ་བཞི། རྐང་བརྒྱད་ཀ་བ་བརྒྱད། མིག་པཉྩ་རེ་ཁཱ། སྣ་རིན་ཆེན་ཕ་གུ། སོ་དྲ་བ་དྲ་ཕྱེད། ལྕེ་དང་མཆུ་འདོད་ཡོན། རྣ་བ་རྟ་བབས་སོ། །དེ་ཡང་ལུས་དབྱིབས་ཞེས་བྱ་སྟེ། ལུས་འདོམ་གང་གྲུ་བཞིར་གནས་པ་མི་མཉམ་པ་མེད་པས་གྲུ་བཞི་དང་། སྙིང་སྒོ་ནི་ཆོས་ཉིད་དང་ཡོན་ཏན་དང་། ལས་དང་། རང་རྒྱུད་དང་རྩ་བཞི་སྒོ་བཞིའོ། །རྐང་ཀ་བ་ནི། ཡན་ལག་གི་རྐང་བརྒྱད་ལ་དཀྱིལ་འཁོར་གྱི་ཀ་བ་བརྒྱད་དང་། མིག་པན་ནི། པཉྩ་རེ་ཁཱའི་བརྩིགས་པ། སྣ་ཕག་ནི་རིན་ཆེན་ཕ་གུ། སོ་དྲ་ནི་དྲ་བ་དྲ་ཕྱེད། ལྕེ་མཆུ་འདོད་ཡོན་སྣམ་བུ་གནས་ཞེས་པ་རྣ་བ་རྟ་བབས་སུ་གནས་པས་ནི་རང་ལུས་གཞལ་ཡས་ཁང་དུ་གནས་སོ། །ཚིགས་བཅད་གོང་འོག་བསྡེབ་བོ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །སེང་གེ་གླང་རྟ་རྨ་བྱ་ཁྱུང་། །ཉི་ཟླ་པདྨ་རིན་པོ་ཆེ། །གཙོ་དང་འཁོར་བཅས་རིམ་པར་གསལ། །གདན་བསྒོམ་པ་ནི། སཾ། ཧཾ། ཨཾ། མཾ། ནཾ། ཞེས་བརྗོད་པས་ཡིག་འབྲུ་དེ་ལྔ་འཁོར་བའི་རྩིབས་དང་ལྟེ་བ་ལ་སྤྲོས་ཏེ་གསལ་བ་ལས། དེ་རྣམ་པ་འོད་དུ་ཞུ་ནས། དབུས་སུ་བཾ་ལས་སེང་གེ་བརྒྱད་དུ་གྱུར་པར་བསམ། ཧཾ་ལས་ཤར་དུ་གླང་ཆེན། ཨཾ་ལས་ལྷོར་རྟ། མཾ་ལས་ནུབ་ཏུ་རྨ་བྱ། ནཾ་ལས་བྱང་དུ་ཤང་ཤང་རྣམས་བརྒྱད་བརྒྱད་དུ་གྱུར་ཏེ། སྟེང་ན་རིན་པོ་ཆེའི་ཁྲི་རྐང་བཞི་ཡིས་སེམས་ཅན་གཉིས་གཉིས་མཇུག་མ་དབུས་སུ་བསྟན་པར་


DNG019_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། མ་སཱུརྱ་མཎྜ་ལ་ཞེས་པས་ཉི་མའི་དཀྱིལ་འཁོར། ཨ་ཙཎྜ་མཎྜ་ལ་ཞེས་པས་ཟླ་བའི་དཀྱིལ་འཁོར། བཾ་པདྨ་མཎྜ་ལ་ཞེས་པས་པདྨའི་གདན་ཏེ། གཙོ་བོ་ལ་རཏྣའི་ཁྲི་རྐང་དང་ཉི་ཟླ་པདྨ་སྟེ་ལྔ་བརྩེག་གོ། །སེམས་དཔའ་སེམས་མ་ཉི་ཟླ་པདྨ་སུམ་བརྩེག་གོ། །ཀུན་བཟང་ཡབ་ཡུམ་ལ་ཉི་ཟླ་པདྨ་རཏྣའི་ཁྲི་རྐང་སྟེ་བཞི་བརྩེག་གོ། །ཐུབ་དྲུག་ལ་པད་རྐྱང་རེ་བསྒོམ་མོ། །མངོན་པར་བྱང་ནི་ཆུབ་པ་ལ་མི་འཇིགས་པ་དང་། །ཟག་པ་ཟད་པར་མཁྱེན་པ་ལ་མི་འཇིགས་པ་དང་། །བར་དུ་གཅོད་པའི་ཆོས་རྣམས་བསྟན་པ་ལ་མི་འཇིགས་པ། །ངེས་པར་འབྱུང་བའི་ལམ་བསྟན་ནོ་པ་ལ་མི་འཇིགས་པའོ། ༈ །དོན་རྟགས་ནི་བཞི་ལས། མི་འཇིགས་པ་བཞི་ནི། ཙ་ཏྭཱ་རི་ཏ་ཐཱ་ག་ཏ་བཻ་ཤཱ་ར་དྱཾ་ཞེས་པ། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཡིན་ཏེ། མི་འཇིགས་པ་བཞི་དང་ལྡན་པས་དེ་བཞིན་གཤེགས་པ་ཕལ་པ་མང་པོའི་ནང་དུ་བྱོན་ནས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་བསྐོར་ཞིང་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པས་ན་མི་འཇིགས་པ་ཞེས་བྱ། དེ་ལ་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པར་མཁྱེན་པ་ལ་མི་འཇིགས་པ་གཉིས་ནི། སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་ཡིན་པས་ན། རང་གི་དོན་ཕུན་སུམ་ཚོགས་པ་ཡིན། བར་དུ་གཅོད་པའི་ཆོས་ངེས་པར་བསྟན་པ་དང་། ངེས་པར་འབྱུང་བའི་ལམ་བསྟན་པ་ལས་མི་འཇིགས་པ་གཉིས་ནི། གཞན་ལ་ཕན་པར་བྱ་བའི་ཕྱིར་བཤད་པ་ཡིན་པས་གཞན་གྱི་དོན་ཏེ། རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །སརྦ་དྷརྨཱ་བྷི་སཾ་བོ་དྷི་བཻ་ཤཱ་ར་དྱཾ། ཞེས་བྱ་བ། ཆོས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕྱག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་ལྟར་ཐུགས་སུ་ཆུད་དེ། མངོན་པར་བྱང་ཆུབ་པ་ལ་ཤེས་རབ་བརྙེས་པས། དགེ་སྦྱོང་ངམ་བྲམ་ཟེའང་རུང་། ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། ལྷའམ་བདུད་ཀྱང་རུང་། རྫུ་འཕྲུལ་དང་མཐུ་ཆེ་བའི་ཚངས་པས་ཀྱང་ཆོས་དང་མཐུན་པར་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་པར་བརྒལ་བའི་གཞི་དང་གཏན་ཚིགས་མེད་དེ། བརྒལ་གྱིས་དོགས་པ་མེད་པས་ན། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཞེས་བྱ་སྟེ། མི་འཇིགས་པ་འོག་མ་གསུམ་ཡང་ཚིག་གི་མཇུག་འདི་འདྲ་བར་བཤད་དོ། །སརྦ་པྲ་བ་ཀྵ་ཡ་ཛྙཱ་ན་བཻ་ཤཱ་ར་དྱཾ་ཞེས་བྱ་སྟེ། ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ་ཡིན་ཏེ། ཟག་པ་ནི་ཉོན་མོངས་པའི་མིང་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་མ་བྲལ་ན་སྲིད་པའི་རྩེ་མོ་མན་ཆད་ཀྱང་སླར་འཛག་ཅིང་ལྟུང་བས་ན་ཟག་པའོ། །


DNG019_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཐམས་ཅད་སྤངས་ཏེ་ཟད་པར་མཁྱེན་པ་ལ། ཟག་པ་མ་ཟད་པར་སུན་ཕྱུང་ཞིང་དོན་རྟགས་ཀྱིས་བརྒལ་དུ་མེད་དེ། མི་དོགས་པས་ན་ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ་ཞེས་བྱའོ། །ཨན་ཏ་རཱ་ཡི་ཀ་དྷརྨཱ་ན་ནྱ་ཐཱ་ཏྭ་ནི་ཤྩིཏ་བྱཱ་ཀ་ར་ཎ་བཻ་ཤཱ་ར་དྱཾ་ཞེས་པ། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་ཡིན་ཏེ། བར་དུ་གཅོད་པའི་ཆོས་ནི། བག་མེད་པ་དང་། ངོ་ཚ་མི་ཤེས་པ། ཁྲེལ་མེད་པ་ལ་སོགས་པ། འཕགས་པའི་ལམ་དགེ་བའི་ཕྱོགས་ཀྱི་བར་དུ་གཅོད་པ་རྣམས། བར་ཆད་ཀྱི་ཆོས་ཡིན་ནོ་ཞེས་ལུང་བསྟན་ཅིང་བཤད་པ་ལ་ཐོག་ཏུ་མ་བབ་པ་མེད་པས་ན། བར་དུ་གཅོད་པའི་ཆོས་རྣམ་པ་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་ཞེས་བྱ། སརྦ་བཾ་པ་ད་དྷི་ག་མཱ་ཡ་ནཻརྱ་ཎི་ཀ་པྲ་ཏི་སཏྟ་ཐཱ་ཏྭ་བཻ་ཤཱ་ར་དྱཾ། ཞེས་བྱ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ། ངེས་པར་འབྱུང་བའི་ལམ། མྱང་འདས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞིང་སྡུག་བསྔལ་མཐར་ཕྱིན་པར་བཤད་པ་ལ། ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་དགེ་སྦྱོང་དང་བྲམ་ཟེ་སུས་ཀྱང་བརྒལ་ཞིང་གཞན་དུ་བསྒྱུར་དུ་མེད་པས་ན། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ། ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་ཞེས་བྱའོ། །དེ་ཕྱིར་ན་རྡོ་རྗེ་སེམས་དཔའ་ལ་མི་འཇིགས་པ་སེང་གེའི་ཁྲི་བཞུགས་པའོ། ༈ །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། ད་ཤ་ཏ་ཐཱ་ག་ཏ་བ་ལཾ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲིབ་པ་མེད་པས་ཤེས་བྱའི་དངོས་པོ་གང་ལ་ཡང་ཐོགས་པ་མེད་དེ། མཁྱེན་པ་འདི་བཅུའི་མཐུ་ཉན་ཐོས་ལ་སོགས་པ་གཞན་ལས་ཁྱད་པར་འཕགས་པས་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ། དེ་བཞིན་གཤེགས་པ་རྣམ་སྣང་གི་གདན་གླང་པོ་སྟོབས་བཅུ་མངའ་བའོ། །ཡཻ་རཱ་བ་ཎ་ཞེས་བྱ་བ། ཨི་ར་ནི་ས། ཨ་བ་ཏི་ནི་སྲུང་བ་དེའི་བུ་ཡིན་པས་ན་གླང་པོ་ཆེ་ས་སྲུང་གི་བུ་ཞེས་བྱའོ། །སྟོབས་གླང་པོ་ཆེའི་ཁྲི་དང་སྦྱར་རོ། །གནས་དང་གནས་མིན་མཁྱེན་པའི་སྟོབས། །སྠཱ་ནཱ་སྠཱ་ན་ཛྙཱ་ན་བ་ལན་ཞེས་པ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་ཏེ། གནས་པ་ནི་ལེགས་པར་སྤྱད་པས་འབྲས་བུ་ཡིད་དུ་འོང་བ་འགྲུབ་པ་དང་། ཉེས་པར་སྤྱད་པས་འབྲས་བུ་ཡིད་དུ་མི་འོང་བ་སྨིན་པར་འགྱུར་བ་ལ་སོགས་པ་ལ་བྱ། གནས་མ་ཡིན་པ་ནི་ལེགས་པར་སྤྱད་པའི་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་བ་དང་། ཉེས་པར་སྦྱང་བའི་འབྲས་བུ་ཡིད་དུ་འོང་བ་འགྲུབ་པ་


DNG019_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ་བྱ་སྟེ། སྲིད་པ་དང་མི་སྲིད་པ་ལ་མ་ནོར་བར་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། །ཀརྨ་བི་བཱ་ཀ་ཛྙཱ་ན་བ་ལ་ན་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཡིན་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱིས་འདས་མ་འོངས་དེ་ལྟར་གྱི་ལས་ཡང་དག་པར་བླངས་པ་རྣམས་ཀྱི་རྣམ་པར་སྨིན་པ་ལས་ཀྱི་རྒྱུ་གང་གིས་གནས་གང་དུ་འབྲས་བུ་སྨིན་པ་མཁྱེན་པས་ན། ལམ་གྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱའོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། །ནཱ་ནཱ་བི་མུཀྟི་ཛྙཱ་ན་བ་ལན་ཞེས་པ་ནི། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། ཟག་བཅས་ཟག་མེད་དང་། ཁམས་གསུམ་ལ་དགའ་ཞིང་མོས་པ་སྣ་ཚོགས་མཁྱེན་པས་ན་དེ་སྐད་ཅེས་བྱའོ། །ཁམས་ནི་སྣ་ཚོགས་མཁྱེན་པའི་སྟོབས། །ནཱ་ནཱ་དྷ་ཏུ་ཛྙཱ་ན་བ་ལ་ན་ཞེས་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། ཁམས་ཞེས་བྱ་བ་ནི་སྔོན་གྱི་བག་ཆགས་ཀྱིས་གྲུབ་པའི་བསམ་པའི་ཁམས་དང་། རྣམ་བྱང་ལ་སོགས་པའི་ཁམས་ལ་བྱ་སྟེ། ཁམས་ཐ་དད་པ་མང་པོའི་རང་སྤྱིའི་མཚན་ཉིད་མ་ནོར་བར་ཐུགས་སུ་ཆུད་པས་དེ་སྐད་བྱའོ། །དབང་པོ་མཆོག་དང་མཆོག་མིན་མཁྱེན། །ཨིནྡྲི་ཡ་བ་རཱ་བ་ར་ཛྙཱ་ན་བ་ལ་ན་ཞེས་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་ཏེ་དད་པ་ལ་སོགས་པ་དབང་པོ་རབ་དང་འབྲིང་དང་ཐ་མའི་རིམ་པ་དང་། རྣམ་གྲངས་མ་ལུས་པར་མཁྱེན་པས་ནའོ། །ཐམས་ཅད་འགྲོ་བའི་ལམ་མཁྱེན་སྟོབས། །སརྦ་ཏཱ་གཱ་མི་ནཱི་པྲ་ཏི་བནྚ་ཛྙཱ་ན་པ་ལ་ན་ཞེས་པ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཡིན་ཏེ། འགྲོ་བ་ལྔར་སྐྱེ་བའི་ལམ་དང་། མྱང་འདས་སུ་འགྲོ་བའི་ལམ་ལ་སོགས་པ་ལམ་ཐམས་ཅད་ཆུབ་པར་མཁྱེན་པས་ནའོ། །ལྡན་པ་ཐམས་ཅད་མཁྱེན་པའི་སྟོབས། །སརྦ་བྷྱཱ་ནི་བི་མོཀྵ་སོ་མ་དྷི་མ་བཱ་བཏྟི་དྷི་སི་ཀླེ་ཤ་བྱ་བ་ད་ན་བྱུ ་ན་ཛྙཱ་ན་བ་ལ་ན་ཞེས་པ། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་དང་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས་ཡིན་ཏེ། བསམ་གཏན་དང་པོ་ལ་སོགས་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་པ་དང་། ཀུན་ནས་ཉོན་མོངས་པ་ནི་བལྟ་བ་དང་། དམིགས་པ་ལ་སོགས་ཀྱིས་ཉོན་མོངས་པར་གྱུར་པ་ལ་བྱ། རྣམ་བྱང་ནི་འཁོར་བར་ཆགས་པ་མེད་པ་དང་། མི་དམིགས་པ་དང་ལྡན་པས་རྣམ་པར་དག་པ་ལ་བྱ། ལྡང་བ་ནི་ལུགས་དང་མཐུན་པ་དང་། མི་མཐུན་པ་དང་། ཐོད་རྒལ་


DNG019_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཚུལ་གྱིས་ལྡང་བ་མཁྱེན་པ་ལ་བྱའོ། །སྔོན་གནས་རྗེས་སུ་དྲན་པ་མཁྱེན། །པུརྦ་ནི་བཱ་སཱ་ནུ་སྨྲྀ་ཏི་ཛྙཱ་ན་བ་ལ་ན་ཞེས་བྱ་བ། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཡིན་ཏེ། བདག་དང་སེམས་ཅན་སྔོན་གྱི་ཚེ་རབས་གྲངས་མེད་པ་ཚུན་ཆད་གནས་གར་སྐྱེས་པ་དང་། བྱད་གཟུགས་ཀྱི་རྣམ་པ་ཅི་འདྲ་བ་དང་། མཚན་མ་རྟགས་ཅི་ཡོད་པ་དང་། ལས་ཀྱི་རྒྱུ་གང་གིས་སྐྱེས་པ་མཁྱེན་པས་ན་དེ་སྐད་དོ། །ཤི་འཕོ་སྐྱེ་བ་མཁྱེན་པའི་སྟོབས། །ཙྱུ་ཏྱུ་པ་བཏྟི་ཛྙཱ་ན་བ་ལཾ་ཞེས་བྱ་བ། ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཡིན་ཏེ། ལྷའི་སྤྱན་གྱིས་སེམས་ཅན་རྣམས་གང་ནས་ཤི་འཕོས་ནས་གང་དུ་སྐྱེ་བ་མ་ལུས་པར་གཟིགས་པས་ན། དེ་སྐད་དོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས། །ཨཱ་པྲ་བཀྵ་ཡ་ཛྙཱ་ན་བ་ལཾ་ཞེས་པ། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད། བག་ཆགས་མན་ཆད་བྱུང་ཞིང་ཟད་པར་གཟིགས་པས་ན་ཟག་པ་ཟད་པར་མཁྱེན་པའི་སྟོབས་ཞེས་བྱའོ། །དེ་ལྟར་རྣམ་སྣང་གི་གདན་གླང་པོ་ཆེ་ནི་སྟོབས་བཅུ་མངའ་བའི་རྟགས་སུ། གླང་པོ་ཆེ་བརྒྱད་བཏིང་ནས་གནས་སོ། ༈ །རིན་འབྱུང་གི་རྟ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། བ་ལཱ་ཧ་ཀ་ཞེས་བྱ་བ། རྟ་རིན་པོ་ཆེ་སྔོ་སྐྱའི་མིང་སྟེ། སྤྲིན་གྱི་ཤུགས་ལྟར་མགྱོགས་པས་ན། སྤྲིན་གྱི་ཤུགས་ཅན་ཞེས་བྱ་སྟེ། རྟ་སྔོན་སྤྲིན་གྱི་ཤུགས་ཅན་རིན་ཆེན་འབྱུང་ལྡན་གྱི་གདན་ནོ། །ཙ་ཏྭཱ་རི་རྀ་དྡྷི་བཱ་ད་ཞེས་པ། ཙ་ཏྭཱ་རི་ནི་བཞི། རྀ་དྡྷི་ནི་རྫུ་འཕྲུལ། པཱ་ད་ནི་རྐང་པ་སྟེ། འདུན་པ་དང་། སེམས་པ་དང་། བརྩོན་འགྲུས་དང་། དཔྱོད་པ་དང་། ཏིང་ངེ་འཛིན་བཞིས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་རྟེན་དང་། རྒྱུར་གྱུར་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། །འདུན་པའི་རྫུ་འཕྲུལ་རྐང་པ་དང་། །འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། སེམས་ཏིང་ངེ་འཛིན་དུ་འཇོག་པས་ལྷག་པར་དགའ་ཞིང་མོས་པའི་དབང་གིས་རྟག་ཏུ་ཏིང་ངེ་འཛིན་ལ་འཇུག་པའི་སྒོ་ནས། སེམས་རྩེ་གཅིག་ཏུ་ཐོབ་པ་ནི་འདུན་པའི་ཏིང་ངེ་འཛིན་ནོ། །སེམས་ཀྱི་རྫུ་འཕྲུལ་རྐང་པ་དང་། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། ཚེ་རབས་སྔ་མ་ལ་བསམ་གཏན་བསྒོམས་པའོ། །ཡང་ན་ཚེ་འདི་ལ་སྔར་ནས་ཏིང་ངེ་འཛིན་བསྒོམས་པའི་བག་ཆགས་བསགས་ཏེ་ཡུན་རིང་དུ་བསྒོམས་པའི་ཤུགས་ཀྱིས་རྩེ་གཅིག་ཐོབ་པའི་ཕྱིར་རོ། །བརྩོན་འགྲུས་རྫུ་འཕྲུལ་རྐང་པ་དང་། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་སྤང་ཞིང་གཉེན་པོས་དགེ་བའི་ཆོས་རྣམས་སྐྱེ་ཞིང་འཕེལ་བར་བྱ་ལ། རྒྱུན་མི་གཅོད་པར་འབད་པ་ལས་སེམས་རྩེ་གཅིག་ཐོབ་པའི་ཕྱིར་རོ། །


DNG019_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པའི་རྫུ་འཕྲུལ་རྐང་པའོ། །དཔྱོད་པའི་ཏིང་ངེ་འཛིན་སྦྱོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་ཅིང་སེམས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་མི་རྟག་པ་དང་སྟོང་པ་ལ་སོགས་པར་བཤིག་ཅིང་གཏན་ལ་འབེབས་ཏེ། ཐེ་ཚོམ་མེད་པར་དཔྱོད་དཔྱོད་པ་ལས་སེམས་རྩེ་གཅིག་ཐབ་པ་ལ་བྱའོ། །སྣང་བ་མཐའ་ཡས་ཀྱི་དབང་རྨ་བྱའི་གདན་ནི། །ཚེ་ལ་དབང་བ་ནི་རང་ཅི་ཙམ་འདོད་པར་གནས་པའོ། །དང་ལས་ལ་དབང་བ་ནི་ལས་ཀྱི་དབང་དུ་མི་འགྲོ་བ། །ཡོ་བྱད་དབང་ནམ་མཁའི་མཛོད་ལ་མངའ་མཛད་པ་དང་མོས་པ་དབང་བ་ནི་གདུལ་བྱ་གར་མོས་སུ་བསྒྱུར་བའོ། །སྨོན་ལམ་དབང་ནི་གང་བཏབ་པ་འགྲུབ་པའོ། །དང་རྫུ་འཕྲུལ་དབང་། །ཇི་ལྟར་འདོད་པར་བསྒྱུར་བ། སྐྱེ་ལ་དབང་སེམས་ཀྱི་དོན་དུ་གང་འགྱུར་དུ་སྐྱེ་བ་ལེན་པ་དང་ཆོས་ལ་དབང་། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐུགས་སུ་ཆུད་པའོ། །སེམས་ལ་དབང་སེམས་ཅན་གང་འདོད་པའི་དོན་ལྷུན་གྱིས་གྲུབ་པའོ། །དང་ཡེ་ཤེས་དབང་། །སོ་སོ་ཡང་དག་རིག་པ་བཞིས་ཡེ་ཤེས་ལྔ་ཐུགས་སུ་ཆུད་པས་སེམས་ཅན་ལ་ཐམས་ཅད་མཁྱེན་པས་གཟིགས་པར་མཛད་པའོ། །དབང་བཅུ་རྫོགས་པ་རྨ་བྱའི་གདན། །དོན་གྲུབ་ཀྱི་ཤང་ཤང་ནི། ཕྲིན་ལས་ཏེ། ཙ་ཏྭཱ་རྱ་པྲ་མཱ་ཎ་ཞེས་པ། ཚད་མེད་པ་བཞི་སྟེ། སེམས་ཅན་དཔག་ཏུ་མེད་པ་ལ་བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཁྱད་པར་ཅན་བསྒོམ་པའོ། །བྱམས་པས་སེམས་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པས་ཕན་གདགས་བསམ་པ་བྱམས་པ་ཚད་མེད་དོ། །ཅན་སྡུག་བསྔལ་བྲལ་བར་འདོད། །བྱམས་པ་ཚད་མེད་ནི། འཇིག་རྟེན་པ་དག །བུ་ཚ་ཉེ་འཁོར་ལ་བྱམས་པ་དང་། ཉན་ཐོས་པ་དག་སེམས་ཅན་ཉུང་ཤས་ཀྱི་དོན་བྱེད་ཅིང་བྱམས་པ་ལྟ་བུ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྙིང་རྗེ་བསྐྱེད་པའོ། །དེ་ལྟར་དངོས་གྲུབ་པའི་གདན་ཤང་ཤང་ནི་ཚད་མེད་པ་བཞི་དང་ཡང་ལྡན་པའོ། །སྙིང་རྗེས་ཚད་མེད་པ་སེམས་ཅན་ཐམས་ཅད་ཉོན་མོངས་དང་བྲལ་ཞིང་སྡུག་བསྔལ་བསལ་བས་ཕན་འདོགས་སོ་སྙམ་པའོ། །དེ་དག་བདེ་དང་ལྡན་པར་འདོད། །དགའ་བས་ཚད་མེད་པ་སེམས་ཅན་ཐམས་ཅད་ལ་གོང་མ་ལྟར་ཕན་པ་དང་བདེ་བ་བྱམས་པ་ལེགས་སོ་སྙམ་དུ་སེམས་པའོ། །བདག་དོན་ཡོངས་སུ་གྲུབ་པར་འདོད། །བཏང་སྙོམས་ཚད་མེད་པ་ནི་སེམས་ཅན་རྣམས་བདེ་བ་དང་གྲོལ་བར་བྱ་བ་ལ་དགྲ་དང་ཟུན་དུ་མི་འབྱེད་འདོད་པར་བཏང་སྙོམས་སུ་ཕན་གདགས་པའོ། །གནོད་པ་ནད་རྣམས་ཞི་བ་དང་། །ཕྲིན་ལས་བཞི་དང་ཡང་དག་ལྡན་ཏེ། ཤཱནྟི་ཀ་ཞེས་བྱ་བ་གནོད་པ་དང་ནད་ལ་སོགས་པ་ཞི་བར་བྱེད་པའི་


DNG019_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་མིང་སྟེ་ཞི་བ་ཞེས་བྱའོ། །ཚེ་དང་ལོངས་སྤྱོད་རྒྱས་འཕེལ་ཞིང་། །བིཥྚ་ཀ་ཞེས་པ་ཚེ་དང་སྲིད་དང་ལོངས་སྤྱོད་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པའི་སྔགས་ཀྱི་མིང་ཡིན་པས་ན་རྒྱས་ཞེས་བྱའོ། །ཕ་རོལ་སེམས་འགྱུར་དགའ་བས་དབང་། །ཤང་ཀ་ར་ཎ་ཞེས་པ་ཕ་རོལ་གྱི་སེམས་བསྒྱུར་ཞིང་བདག་ཅི་དགའ་བར་བྱ་བའི་སྔགས་ཀྱི་མིང་སྟེ་དབང་དུ་བྱ་བ་ཞེས་བྱའོ། །གནོད་ཅིང་ཕུང་བར་བྱེད་པའོ། །ཨ་བྷི་ཙ་ར་ཞེས་བྱ་བ་གཞན་ལ་གནོད་ཅིང་ཕུང་བར་བྱེད་པའི་སྔགས་ཀྱི་མིང་སྟེ་དྲག་ཤུལ་སྤྱོད་པ་ཞེས་བྱ་ཕྲིན་ལས་ཤང་ཤང་གི་གདན་ནོ། །རིན་ཆེན་སྣ་བདུན་ནི་བཙུན་མོ། བློན་པོ། དམག་དཔོན། ནོར་བུ། རྟ། གླང་པོ། འཁོར་ལོ་རིན་པོ་ཆེ་རྣམས་དང་ལྡན་པའོ། །མཛོད་མིག་དང་། །ས་བཅུ་གཅིག་ཀུན་ཏུ་འོད་མཚོན་ཉི་མའི་གདན་དང་བཅུ་གཉིས་མ་ཆགས་པདྨ་སྤྱན་མཚོན་པ་ཟླ་བའི་གདན། །ཡི་གེ་འཁོར་ལོ་ཚོགས་ཆེན་མཚོན་པ་པདྨའི་གདན་དུ་སྣང་སྟེ་འབྲས་བུའི་ས་གསུམ་ནོན་པའི་རྟགས་སུ་བསྟན་པའོ། །རྫོགས་པའི་གདན། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིག་མ་དང་། ཁྲོ་བོ་རྣམས་ཀྱི་གདན་དུ་གནས་པར་བསྟན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །ཐུགས་རྡོ་རྗེའི་རིགས་རྡོ་རྗེ་སེམས་དཔའ་དང་། ཡུམ་དབྱིངས་ཕྱུག་མའོ། །རྡོ་རྗེ་སེམས་དཔའ་དབུས་གནས་ཏེ། །ཡབ་ཡིད་ཀུན་ཏུ་བཟང་པོ་ཀུན་བཟང་ཡབ་ཡུམ་ཆོས་སྐུ་ཀུན་བཟང་མོ་ཡུམ་ལྷ། ལྷ་མིན། མི། བྱོལ་སོང་། ཡི་དྭགས། དམྱལ་བ་ཐུབ་དྲུག་བཅས། །ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའོ། །སྐུ་རྣམ་སྣང་ཡབ་ཡུམ་སངས་རྒྱས་སྤྱན་དབུས་གནས་ཏེ་ནང་གི་སེམས་དཔའ་ཡབ་ཡུམ་། །ས་ཡི་སྙིང་པོ་སྒེག་མོ་དང་། །བྱམས་པ་ཕྱིའི་སེམས་དཔའ་ཡབ་ཡུམ་སྤོས་མ་སྒོ་བ་གཤིན་རྗེ་གཤེད་ཡབ་ཡུམ། །སྐུ་ཡི་དཀྱིལ་འཁོར་གཉིས་པའོ། །ཡོན་ཏན་རིན་འབྱུང་ཡབ་ཡུམ་མཱ་མ་ཀཱི་དབུས་གནས་ཏེ། །ནང་གི་ནམ་མཁའི་སྙིང་པོ་ཕྲེང་བ་མ། །ཕྱིའི་སྒྲིབ་སེལ་མེ་ཏོག་སྒོ་བ་སྟོབས་པོ་ཆེ་ཡབ་ཡུམ། །ཡོན་ཏན་དཀྱིལ་འཁོར་གསུམ་པའོ། །གསུང་སྣང་མཐའ་ཡབ་ཡུམ་གོས་དཀར་མོ་དབུས་གནས་ཏེ། །ནང་གི་སྤྱན་རས་གཟིགས་དང་གླུ་མ་དང་། །ཕྱིའི་ཀུན་བཟང་མར་མེ་སྒོ་བ་རྟ་མགྲིན་དཔལ་ཡབ་ཡུམ། །གསུང་གི་


DNG019_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཞི་པའོ། །ཕྲིན་ལས་དོན་གྲུབ་ཡབ་ཡུམ་དམ་ཚིག་སྒྲོལ་མ་དབུས་གནས་ཏེ། །ནང་ཕྱག་ན་རྡོ་རྗེ་གར་མཁན་མ། །ཕྱི་འཇམ་དཔལ་དྲི་ཆབ་སྒོ་བ་བདུད་རྩི་འཁྱིལ་པ་ཡབ་ཡུམ། །ཕྲིན་ལས་དཀྱིལ་འཁོར་ལྔ་པའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་ལྔ་དང་ལྡན་གྱུར་པ། །དབུས་ཀྱི་རྡོ་རྗེ་སེམས་དཔའ་ལ་མ་བཅུ་ལ་གཞན་མ་རིགས་བཞི་ལ་བརྒྱད་བརྒྱད་དོ། །ཚོམ་བུ་ལྔ་རུ་གསལ་བར་བསྒོམ། །དཀྱིལ་འཁོར་དང་ཚོམ་བུའི་ཁྱད་པར་ནི། འཁོར་བའི་ཆ་ནས་བརྩིས་ན་ཚོམ་བུ། ཕོ་བྲང་གཙོ་བོའི་ཆ་ནས་བརྩིས་ན། དཀྱིལ་འཁོར་ཞེས་པ་དང་། ཡང་ན་གཙོ་དང་འཁོར་དུ་ཕྱེ་ན་དཀྱིལ་འཁོར། གཙོ་འཁོར་ཟུང་འདྲེལ་དུ་བསྡེབས་ན་ཚོམ་བུ་ཞེས་བྱ། ཡང་ན་ཕོ་བྲང་གཙོ་བོ་གཙོ་ཆེ་བའི་ཆ་ནས་དཀྱིལ་འཁོར་ལ་འཁོར་སོ་སོའི་ལྡོག་པའི་ཆ་ནས་ཚོམ་བུའོ། །གྲུབ་པས་སངས་རྒྱས་བསྟན་པའི་ལུང་བཞིན་དུ། །ལྷ་རྣམས་ཀྱི་སྐུ་མདོག་སོ་སོའི་ཕྱག་མཚན་དང་། །ཕྱག་རྒྱ་རྒྱན་དང་ཆ་ལུགས་དག་བཞུགས་ཚུལ་ལ་སོགས་པ། །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ནམ་མཁའི་དཀྱིལ་ནས་ཡེ་ཤེས་ཤར། །བསྐྱེད་པ་དངོས་ནི། ཡེ་ཤེས་སེམས་དཔའ་བར་སྣང་ལ་ཟླ་བ་ལྡིང་བ་ལྟར་ཡོད་པ་དེ། གདན་ཐོག་ཏུ་བབས་ཏེ། བཛྲ་ཙིཏྟ་ཨཱ་བེ་ཤ་ཡ་ཨ་ཞེས་བརྗོད་པས་སྐར་ཆེན་ཐང་ལ་བབས་པའི་ཚུལ་དུ་གདན་སྟེངས་སུ་ཤལ་གྱིས་བབས་ཏེ། འོད་དུ་ལྟེམ་གྱིས་ཞུ་བར་བསམ། དེ་ཧཱུྃ་གཅིག་ཏུ་གྱུར་ཏེ། སྥ་ར་ཎ་ཕཊ་ཅེས་བརྗོད་པས་ཧཱུྃ་ཕྲ་མོ་གྲངས་མེད་པ་འཕྲོས་ཏེ། དོན་གཉིས་བྱས་ནས་སཾ་ཧ་ར་ཎ་ཧཱུྃ་ཞེས་པས། དང་པོའི་ཧཱུྃ་ལ་ཐིམ། ཏིཥྛ་བཛྲ་ཞེས་པས་རྡོ་རྗེ་གཅིག་ཏུ་གྱུར་པར་བསམ། ཧཱུྃ་བཛྲ་དྷྲྀཀ་ཅེས་པས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་གསལ་གདབ་པ་ནས་འབྱུང་བ་བཞིན་ནོ། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་། རིན་པོ་ཆེའི་དབུ་རྒྱན་ཅན། སྙན་ཆ། མགུར་ཆུ། དཔུང་རྒྱན། དོ་ཤལ། སེ་མོ་དོ། དར་དཀར་གྱི་སྟོད་གཡོགས། ས་ཏི་སྨུག་པོའི་ཤམ་ཐབས། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རིགས་ལྔའི་དབུ་རྒྱན་ཅན་བསྒོམ། མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཞེས་པས་ཡུམ་དབྱིངས་ཕྱུག་མ་བརླ་གཡས་པ་ཡབ་ལ་བརྟེན་པ། ཕྱག་གཡོན་དྲིལ་བུ་ཐོགས་པ་སྐུ་མདོག་མཐིང་ག་གཅིག་བསྐྱེད་དོ། །དེ་ལ་ཡེ་ཤེས་ལྔས་དབང་བསྐུར་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་མཁའ་གསང་བྱིན་གྱིས་བརླབ། མཁའ་ནས་དཀྱིལ་འཁོར་གདོན་ནོ། ༈ །ངེས་པ་ལས་ནི་རྡོ་རྗེ་ཆེ། །


DNG019_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བཅོམ་ལྡན་རྡོ་རྗེ་སེམས། །གསང་བའི་ཡུམ་དང་གཉིས་མེད་འཁྲིལ། །དེའི་རང་བཞིན་རང་རིག་བདེ་བ་ཆེན་པོ་སྲིད་པ་བར་དོ་ན་གནས་པ་ནི་གསུང་ཡིག་འབྲུའི་ཆོ་ག་དང་སྦྱར་རོ། །བར་དོར་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུྃ་དུ་གནས་པ་ཡིས། །ཕ་མའི་ཆ་ཤས་ཁུ་ཁྲག་གི་དུམ་བུ་རང་རིག་བཞུགས་པ་ནི། །ཐུགས་ཕྱག་མཚན་གྱི་ཆོ་ག་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པར་སྦྱར་རོ། །ཉིད་དུ་གྲུབ། །འབྱུང་བ་ཆེན་པོ་ལྔ་ལས་ལུས་གྲུབ་པའི་ནི་སྐུ་ཡོངས་སུ་རྫོགས་པ་དང་སྦྱར་རོ། །གྲུབ་པ། །ཡོངས་སུ་རྫོགས་པ་ཞེས་བྱའོ། །མི་གསལ་གདབ་པ་བསྐྱོད་པ་ཞལ་དབུས་དང་སྐུ་མདོག་མཐུན་པར་མཐིང་ག་གཡས་དཀར་གཡོན་དམར་ཞལ། །ཕྱག་གཡས་དང་པོ་རྡོ་རྗེ་བར་མ་འཁོར་ལོ་ཐ་མ་རིན་ཆེན་གཡས། །གཡོན་དང་པོ་དྲིལ་བུ་བར་མ་པདྨ་ཐ་མ་རལ་གྲི་གཡོན། །ཡུམ་དབྱིངས་ཕྱུག་མ་གཡས་ཡབ་ལ་བརྟེན་ཕྱག་གཡོན་དྲིལ་བུ་སྐུ་མདོག་སྔོ། །སྲོག་འཛིན་སེམས་ཅན་ཐམས་ཅད་ཀྱི་སྙིང་ན་སྲོག་འཛིན་པའི་རླུང་གི་ཡི་གེ་ཧཱུྃ། །ནམ་མཁའ་མཱུཾ་ཞེས་བྱ་བ་ཉིད། །རླུང་གནས་པས་ལས་ཀྱི་རྣམ་སྨིན་མ་ཟད་བར་དུ་སེམས་གནས། ཟད་པ་དང་འཆི་བ་ནི་རླུང་ཉིད་སེམས་ལ་སེམས་ཉིད་ཧཱུྃ་མཱུཾ་མོ། རྣམ་ཤེས་ཕུང་པོ་ཤེས་རབ་དང་། །བི་ཛྙཱ་ན་སྐནྡྷ་ནི་བི་ཛྙཱ་ན་ན་ཞེས་བྱ་སྟེ། ཡུལ་ཐ་དད་པ་སྣ་ཚོགས་ཤེས་པ། མིག་ལ་སོགས་པའི་རྣམ་ཤེས་བརྒྱད་བསྡུས་པའི་མིང་ཡིན་པས་ན་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་དམིགས་པ་རྣམ་པར་རིག་པའོ་ཞེས་ཏེ། རྣམ་ཤེས་བརྒྱད་པོ་སོ་སོའི་ཡུལ་ཤེས་པར་བྱེད་པའོ། །སེམས་དང་ཡིད་ཀྱང་དེ་ཡིན་ཏེ། སྣ་ཚོགས་དང་ཡིད་རྟེན་བྱེད་པའི་ཕྱིར་རོ་ཞེས་བྱ་སྟེ། སེམས་ནི་སྣ་ཚོགས་ཞེས་བྱ་བའི་དོན་ཏེ། དེ་ཡང་མིག་ལ་སོགས་པའི་རྣམ་ཤེས་དྲུག་པོ་དེ་དག །རང་རང་གི་ཡུལ་ཟད་པའི་ཆོས་སྣ་ཚོགས་ལ་འཇུག་པའི་ཕྱིར་རོ། །རྣམ་ཤེས་ཀྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་ཆོས་མཐུན་ཏེ། རྣམ་པར་ཤེས་པས་རིག་པ་དང་། ཤེས་རབ་ཀྱིས་ཤེས་པའོ། །སེམས་ཅན་ལ་རྣམ་ཤེས། རྒྱལ་བ་ལ་ཤེས་རབ་ཀྱི་ཕུང་པོའོ། །བི་ཛྙཱ་པྟི་ཞེས་བྱ་བ། ལུས་ངག་གི་སྤྱོད་པའི་ཚུལ་གྱིས། དགེ་མི་དགེ། ལུང་དུ་མ་བསྟན་པ་དང་། སྙིང་ལ་ཅི་སེམས་པ་གཞན་ལ་གོ་བར་བྱེད་པས་ན། རྣམ་པར་རིག་བྱེད་ཅེས་བྱ། ཨ་བི་ཛྙཱ་པྟི་ཞེས་བྱ་བ། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་། སྡོམ་པ་ཡང་ཡིན། སྡོམ་པ་མ་ཡིན་པ་ཡང་ཡིན་པ་དང་། འདི་རྣམས་རྣམ་པར་རིག་བྱེད་བཞིན་དུ། གཞན་གྱིས་ཤེས་ཤིང་རྟོགས་པར་མི་རུང་བས་ན། རྣམ་


DNG019_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །ཞེ་སྡང་ཆེན་པོར་རང་གནས་སོ། །རྒྱུ་སེམས་ཅན་གྱི་དུས་ན་ཞེ་སྡང་འབྲས་བུ་སངས་རྒྱས་ཀྱི་དུས་ན་རྡོ་རྗེ་སེམས་དཔའ། ཡུམ་གྱི་གསང་བའི་གཞལ་ཡས་སུ། །ཡུམ་གྱི་མཁའ་ནས་སྐུ་གདོན་པ་སྟེ་རང་ལ་རང་བཏོན་ནས་རང་ལ་ཐིམ་པའོ། །བྱང་ཆུབ་སེམས་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མདུན་གྱི་ནམ་མཁའ་ལ་ཀློང་གིས་བཏོན་ཏེ་གསལ་བར་བྱས་ནས་རང་ལ་ཐིམ་པར་བྱའོ། །སྐུར་གསལ་བ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། །སྤྲོ་ཞིང་རང་ལ་ཐིམ་པར་བྱེད། །སྣང་མཛད་དཀར་གཡས་སྔོ་གཡོན་དམར་བའི་ཞལ། །རྣམ་སྣང་ཡུམ་གྱི་མཁའ་ལས་བཏོན་ཏེ། དཀྱིལ་འཁོར་གྱི་ཤར་གྱི་རྩིབས་ལ་སྐུ་ཡོངས་སུ་རྫོགས་པར་བསྒོམས་ཏེ། སྐུ་མདོག་དང་དབུས་ཞལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་ཀྱི་དང་པོ་འཁོར་ལོ་བར་མ་རྡོ་རྗེ་ཐ་མ་རིན་ཆེན་གཡས། །གཡོན་དང་པོ་དྲིལ་བུ་བར་མ་པདྨ་ཐ་མ་རལ་གྲི་གཡོན། །ཡུམ་ས་སངས་རྒྱས་སྤྱན་ཕྱག་གཡས་པ་ཡབ་ལ་བརྟེན་ཏེ་འཁྱུད་གཡོན་ན་དྲིལ་བུ་སྐུ་མདོག་དཀར། །རླུང་ལྔ་ལས་ས་དང་འདྲེས་པའི་རླུང་གཟུགས་ཕུང་སྐྱེད་སྐུའི་ཡི་གེ་ཨོཾ། །འབྱུང་བ་ས་ནི་གསུང་ཡི་གེ་ལཾ་ཞེས་བྱ་བ་ཉིད། །གཟུགས་ཀྱི་ཕུང་པོ་ཚུལ་ཁྲིམས་དང་། །རཱུ་པ་སྐན་དྷ་ནི། དུ་པཎྱཱ་ད་རཱུ་པ་ན་ཞེས་བྱ་སྟེ། ལག་པ་དང་དབྱིག་པ་ལ་སོགས་པ་གཟུགས་ཤིང་གནོད་པར་བྱར་རུང་བས་ན་གཟུགས་ཞེས་བྱའོ། །སྐན་དྷ་ནི་དུས་གསུམ་གྱི་གཟུགས་བཟང་ངན་དང་། ཆེ་ཕྲ་ཐམས་ཅད་གཅིག་ཏུ་བསྡུས་པའི་མིང་སྟེ། གཟུགས་ཀྱི་ཕུང་པོ་ཞེས་བྱ། དེ་ཡང་རྒྱུའི་གཟུགས་ས་ཆུ་མེ་རླུང་འབྱུང་བ་བཞི་ཡིན། འབྲས་བུའི་གཟུགས་བཅུ་གཅིག་ནི། རྒྱུ་འབྱུང་བ་ལས་བྱུང་བའི་མིག་ལ་སོགས་དབང་པོ་ལྔ། དེ་དག་གི་ཡུལ་ལྔ་སྟེ་བཅུ་དང་། རྣམ་པར་རིག་བྱེད་མིན་པའི་རཱུ་པ་དང་བཅུ་གཅིག་གོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི། བསམ་གཏན་བཞི་ལས་སྐྱེ་སྟེ། རྒྱུ་གཟུགས་ཅན་ལས་སྐྱེས་པས་གཟུགས་སུ་བཞག །གཟུགས་ནི་གསུམ་སྟེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་འབྱུང་བ་བཞི་དང་ཁ་དོག་དང་དབྱིབས་སོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ནི་མིག་སོགས་དབང་པོ་ལྔ་དང་དེའི་ཡུལ་ལྔའོ། །བསྟན་དུ་ཡང་མེད་ཐོགས་པ་ཡང་མེད་པ་ནི། རྣམ་པར་རིག་བྱེད་མ་ཡིན་པའོ། །སེམས་ཅན་གྱི་གཟུགས་ཀྱི་ཕུང་པོར་འཇིགས་པ་དང་། རྒྱལ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་འཆལ་པས་འཇིགས་པས་ཆོས་མཐུན་ནོ། ༈ །རྒྱུ་སེམས་ཅན་ལ་གནས་པའི་ཉོན་མོངས་པ་ན་གཏི་མུག་འབྲས་བུ་སངས་རྒྱས་ལ་གནས་པ་ན་ཡེ་ཤེས།


DNG019_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་དབྱེར་མེད་པའི་རང་བཞིན་དུ་རྟོགས་པ་ལ་རྣམ་སྣང་ཡབ་ཡུམ་རང་བྱུང་ངོ་། །གཏི་མུག་ཆེན་པོ་རང་བྱུང་ངོ་། །ལྷོའི་རྩིབས་ལ་རིན་ཆེན་འབྱུང་ལྡན་དབུས་སེར་གཡས་སྔོ་གཡོན་དམར་བའི་ཞལ། །གཡས་དང་པོ་རིན་ཆེན་བར་མ་རྡོ་རྗེ་ཐ་མ་འཁོར་ལོ་གཡས། །དང་པོ་དྲིལ་བུ་བར་མ་པདྨ་ཐ་མ་ན་རལ་གྲི་གཡོན། །ཡུམ་མཱ་མཱ་ཀཱི་གཡས་ཡབ་ལ་འཁྱུད་དེ་བརྟེན་གཡོན་དྲིལ་བུ་བསྣམས་སྐུ་མདོག་སེར་སྔོ། ༈ །ཡུམ་ནི་འབྱུང་བ་ན་ཆུ་དང་འགྲོགས་པའི་རླུང་གསུང་ཡི་གེ་སྭཱ། །ཡུམ་འབྱུང་བ་ན་ཆུ་ནི་ཡི་གེ་ན་མཾ་ཞེས་བྱ་བ་ཉིད། །སྐུ་ནི་ཚོར་བའི་ཕུང་པོ་ཏིང་ངེ་འཛིན། །བེ་ད་ན་སྐནྡྷ་ནི་ཨ་ནུ་བྷ་བ་ལ་ཀྵ་ཎ་བ་ད་ན་ཀ་མི་ཀ་ཞེས་པ། བདེ་སྡུག་ལ་སོགས་པ་ཚོར་བ་རྣམ་གསུམ་ལོངས་སྤྱོད་ཐམས་ཅད་གཅིག་ཏུ་བསྡུས་པའི་མིང་སྟེ། ཚོར་བའི་ཕུང་པོ་ཞེས་བྱ། ཚོར་བ་བདེ་བ་ནི་ལུས་སེམས་ལ་དབེན་ཅིང་བདེ་བ་བྱུང་ན་དེ་དང་འབྲལ་བ་མི་འདོད་ལ་བྲལ་ན་ཡང་སླར་ཕྲད་པར་འདོད་པ་དང་། ཚོར་བ་སྡུག་བསྔལ་ནི་ལུས་སེམས་ལ་གནོད་པ་ལྟར་བྱུང་ན་དེ་དང་བྲལ་བར་འདོད་པ་དང་། གཉིས་ཀ་མ་ཡིན་པ་ནི་ལུས་སེམས་ལ་གནོད་པ་བྱེད་པ་མེད་པས་བྲལ་བར་འདོད་པ་ཡང་མེད། ལྷག་པར་བདེ་བ་ཕན་འདོགས་ཀྱང་མེད་པས་ཕྲད་པར་འདོད་པ་ཡང་མེད་དེ། གཉིས་ཀར་འདོད་པ་མེད་དོ། །སེམས་ཅན་ལ་ཡོད་པའི་ཚོར་བའི་ཕུང་པོ་དང་། འཕགས་པའི་ཏིང་ངེ་འཛིན་གྱི་ཕུང་པོ་མཉམ་སྟེ། སེམས་ཅན་གྱི་ཚོར་བ་ཡང་བདེ་སྡུག་བཏང་སྙོམས་སུ་མྱོང་ལ། ཏིང་ངེ་འཛིན་གྱིས་ཀྱང་ཉམས་སུ་མྱོང་བའོ། །ཉོན་མོངས་ན་ང་རྒྱལ་ཆེན་པོ་ཡེ་ཤེས་ན་མཉམ་ཉིད་ཡེ་ཤེས་རང་བྱུང་བ། །ནུབ་ཀྱི་རྩིབས་སྟེངས་སུ་བསྐྱེད་པ་མཐའ་ཡས་དབུས་དམར་གཡས་སྔོ་གཡོན་དཀར་བའི་ཞལ། །གཡས་དང་པོ་པདྨ་བར་པ་རྡོ་རྗེ་ཐ་མ་འཁོར་ལོ་གཡས། །དང་པོ་དྲིལ་བུ་བར་རིན་ཆེན་ཐ་མ་རལ་གྲི་གཡོན། །ཡུམ་གོས་དཀར་མོ་གཡས་ཡབ་ལ་བརྟེན་གཡོན་དྲིལ་བུ་འཛིན་སྐུ་མདོག་དམར། ༈ །རང་བཞིན་འདུ་ཤེས་ཕུང་པོ་ཡེ་ཤེས་དང་། །ཡེ་ཤེས་ན་སོ་སོར་རྟོག་པའི། འདུ་ཤེས་ཀྱི་ཕུང་པོ་ནི། སཾ་ཛྙཱ་སྐན་དྷ་ནི་ནི་མིཏྟ་ཏྭཱ་ད་གྲ་ཧ་ན་ད་མི་ཀ་ཞེས་བྱ་སྟེ། གཟུགས་ལ་སོགས་པ་ལ། འདི་ནི་དཀར་པོའོ། །འདི་ནི་སྔོན་པོའོ། །བཟང་ངོ་། །ངན་ནོ། །ཞེས་མཚན་མར་འཛིན་པ་དམིགས་པའི་ཡུལ་དང་། དེ་མ་ཐག་པའི་རྐྱེན་ལ་སོགས་པ་འདུས་པ་ལས་ཤེས་པ་འབྱུང་ཞིང་། འདི་ཡིན་ནོ་སྙམ་དུ་མཚན་མར་འཛིན་པ་བྱ་བས་ན། རྣམ་ཤེས་སུ་དྲང་དུ་རུང་གིས་ཀྱང་། མི་དྲང་བར་གྲགས་པ་བཞིན་དུ་འདུ་


DNG019_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སུ་བཏགས། འདུ་ཤེས་ཀྱི་ཕུང་པོ་ཡུལ་ལ་མཚན་མར་འཛིན་པ་ལ་གསུམ་སྟེ། ཆུང་ངུ་། ཆེན་པོ། ཚད་མེད་པའོ། །ཡུལ་གཟུགས་ལ་སོགས་པ་དམིགས་པར་བྱ་བའི་ཆོས་སོ་རྣམས་སོ། །མཚན་མར་འཛིན་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཐ་དད་པ་མང་པོའོ། །ཆུང་ངུ་ནི་འདོད་པའི་ཁམས་ངན་པ་ལ་དམིགས་པའོ། །ཆེན་པོ་ནི་བསམ་གཏན་དང་པོ་ནས་བཞི་པ་མན་ཆད་དེ་གཟུགས་ཀྱི་ཁམས་ལ་དམིགས་པའོ། །ཚད་མེད་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་མིན་མན་ཆད་དེ་གཟུགས་མེད་ཁམས་ལ་དམིགས་པའོ། །རྒྱུ་སེམས་ཅན་ལ་ཡོད་པའི་འདུ་ཤེས་རྒྱ་ཆེ་ཆུང་གཉིས་ཀ་མ་ཡིན་པ་གསུམ་དང་འབྲས་བུ་ཡང་དག་པའི་སངས་རྒྱས་ལ་ཡོད་པའི་ཡེ་ཤེས་ཀྱི་ཕུང་པོ་གཉིས་ཆོས་མཐུན་ཏེ། འདུ་ཤེས་ཀྱིས་ཀྱང་ཁམས་གསུམ་ཤེས་པར་བྱེད་ལ། ཡེ་ཤེས་ཀྱིས་ཀྱང་ཐམས་ཅད་མཁྱེན་པའོ། །ཞེས་ཆོས་མཐུན་པར་སྦྱར་རོ། །ཉོན་མོངས་པ་འདོད་ཆགས་ཆེན་པོའི་བདག་ཉིད་དེ། །ཐུགས་ནི་མེ་དང་དྲོད་མཉམ་པའི་རླུང་ཡི་གེ་ཨཱཾ། །ཡུམ་འབྱུང་བ་མེ་ནི་ཡི་གེ་པྱཾ་ཞེས་བྱ་བའོ། །བྱང་གི་འཁོར་ལོའི་རྩིབས་ལ་དོན་ཡོད་གྲུབ་པ་ལྗང་གཡས་དཀར་གཡོན་དམར་བའི་ཞལ། །དང་པོ་རལ་གྲི་བར་པ་རྡོ་རྗེ་ཐ་མ་འཁོར་ལོ་གཡས། །དང་པོ་དྲིལ་བུ་བར་པ་རིན་ཆེན་ཐ་མ་པདྨ་གཡོན། །སྒྲོལ་མ་གཡས་བརྟེན་གཡོན་དྲིལ་ལྗང་། །ཐུགས་ནི་རླུང་གི་རླུང་ནི་གསུང་ནི་ཡི་གེ་ཧཱ། །འབྱུང་བ་རླུང་ནི་ཡི་གེ་ཏཱཾ་ཞེས་བྱ་བ་ཉིད། །ཉོན་མོངས་ཕྲག་དོག་ཡེ་ཤེས་བྱ་བ་གྲུབ་པ་ཆེན་པོར་སྣང་བའོ། །སྐུ་འདུ་བྱེད་ཕུང་པོ་ཡེ་ཤེས་གྲོལ། །སེམས་དང་ལྡན་པའི་འདུ་བྱེད་ལྔ་བཅུ་རྩ་གཅིག་ནི། ༈ །སཾ་སྐཱ་ར་སྐན་དྷ་ནི་ཨ་བི་སཾ་སྐ་ར་ཡཀྵ་ཎ་ཞེས་བྱ་སྟེ། སེམས་པ་ལ་སོགས་པའི་ལས་ཀྱིས་འཕངས་ནས། འདུ་བྱེད་ཕྱི་མ་འབྱུང་ཞིང་། མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་པས་ན་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་སེམས་ཅན་ལ་གནས་པ་དང་། ཡེ་ཤེས་རྣམ་པར་གྲོལ་བའི་ཕུང་པོ་བདེ་གཤེགས་ལ་གནས་པ་གཉིས་ཀྱང་མཐུན་པ་སྟེ། འདུ་བྱེད་ཀྱིས་ཀྱང་མ་ལུས་པར་འཇུག་པ་དང་། ཡེ་ཤེས་རྣམ་པར་གྲོལ་བའི་ཕུང་པོས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཡིན་ནོ། །འདུ་བྱེད་ལ་སེམས་ལྡན་ལྔ་བཅུ་རྩ་གཅིག་དང་། སེམས་དང་མི་ལྡན་པའི་བཅུ་བཞིའོ། །ལྔ་ནི་ཀུན་ཏུ་འགྲོ་བ་ནི། །ཡུལ་པདྨ་དང་དབང་པོ་རྡོ་རྗེ་དང་རྣམ་པར་ཤེས་པ་བདེ་བ་ལ་གཅོད་པའོ། །རེག་པ་གསུམ་འདུས་ཡོངས་སུ་གཅོད། །ཡིད་ལ་དམིགས་པའི་ཡུལ་ལ་སེམས་གཏོད་ཅིང་མངོན་པར་ཕྱོགས་པར་


DNG019_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་སེམས་ཀྱི་འཇུག །ཚོར་བས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འབྲས་བུ་མྱོང་བར་བྱེད་བསྟན། །འདུ་ཤེས་ཀྱིས་དབང་པོ་སྒོ་ལྔའི་བྱེ་བྲག་ཐ་དད་པར་གསལ་བར་བྱེད་རྣམ་ཤེས་དོན་རྣམས་བྱེད། །སེམས་དཔའ་ནི་སྐྱོན་དང་ཡོན་ཏན་དང་གཉིས་ཀ་མིན། །པ་ལ་སེམས་མངོན་པར་འདུ་བྱེད་པའི་ལས་སོ། །ལྔ་ཡུལ་སོ་སོར་ངེས་པ་ནི། །འདུན་པ་ནི་བསམ་པའི་དངོས་པོ་གང་ཡིན་པ་ལ་སེམས་གཏོད་པར་བྱེད་པའོ། །མོས་པས་ནི་ངེས་པའི་དངོས་པོ་ལ་དེ་བཞིན་དུ་མོས་ཡུལ་ངེས་པར་འཛིན་པའོ། །དྲན་པས་ནི་འདྲིས་པའི་དངོས་པོ་མ་བརྗེད་དེ་སེམས་ལ་མངོན་པར་གསལ་ལོ། །ཏིང་འཛིན་ནི་བརྟགས་པའི་དངོས་པོ་ལ་སེམས་ནི་རྩེ་གཅིག་ཏུ་གནས་པའོ། །པ། །ཤེས་རབ་ནི་དོན་རྣམས་ལ་ངེས་པར་རབ་ཏུ་རྣམ་པར་འབྱེད། ༈ །བཅུ་གཅིག་དགེ་བ་ཞེས་བྱ་ནི། །དང་པོ་ནི་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་བྱེད། །ངོ་ཚ་ཤེས་པས་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་མེད། །ཁྲེལ་ཡོད་པ་ནི་འཇིག་རྟེན་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །མ་ཆགས་པ་ནི་ཆགས་པའི་གཉེན་པོ་སྟེ། ཡིད་འབྱུང་ཞིང་མི་ལེན་པའོ། །དགེ་རྩ་ཆགས་གཉེན་པོ། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོར་སླར་བྱམས་པ་སྐྱེ་བའོ། །པའི་དགེ་རྩ་བྱམས། །གཏི་མུག་མེད་པའི་ནི་ཡང་དག་པའི་དོན་རྟོགས་པའོ། །དགེ་རྩ་རྟོགས། །བརྩོན་འགྲུས་ལེ་ལོའི་གཉེན་པོ་སྟེ། །དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཤིན་ཏུ་སྦྱངས་པས་ནི་གནས་ངན་ལེན་གྱི་གཉེན་པོ་སྟེ་ལུས་སེམས་ལས་སུ་རུང་བའོ། །གནས་ངན་མིན། །བག་ཡོད་པ་ནི་འདོད་ལ་མི་ཆགས་ཞེ་མི་སྤང་། །གཏི་མི་མུག་སྟེ་མི་དགེ་བ་སྤོང་བའོ། །བཏང་སྙོམས་གསུམ་ལས་འདིར་འདུ་བྱེད་ཀྱི་བཏང་སྙོམས་སོ། །མ་ཆགས་བརྩོན་འགྲུས་གནས། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པ་སྙིང་རྗེ་ཉིད་ཡིན་ནོ། །རྩ་བའི་ཉོན་མོངས་དྲུག་པོ་ནི། །འདོད་ཆགས་ནི་འདོད་ཡོན་ལྔ་ལ་ཉེར་བར་ལེན་པ་ལྔ་པ་ཞེན་ཅིང་ཆགས་པའོ། །ཁོང་ཁྲོ་ནི་སེམས་ཅན་ཀུན་ལ་ཀུན་ནས་མནར་སེམས་པའོ། །ང་རྒྱལ་ནི་རང་གི་ལུས་ཀྱི་ཕུང་པོ་ལ་བདག་དང་བདག་གིར་བལྟས་ནས་གཞན་དག་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་ནས་གུས་པ་མེད་ཅིང་ཀུན་ལ་འགྱིང་བའོ། །མ་རིག་པ་ནི་ལས་དང་འབྲས་བུ་


DNG019_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་དཀོན་མཆོག་རྣམས་མི་ཤེས། །བལྟ་བ་ལྔ་ནི་འཇིགས་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལོག་པར་བལྟ་བའོ། །ལ་ལྟ་བ་དང་། །ཐེ་ཚོམ་ནི་བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བ་དང་། །ཉེ་བའི་ཉོན་མོངས་ཉི་ཤུ་ནི། །ཁྲོ་བས་ནི་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་གང་ལ་སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོན་དུ་འཛིན་པས་ནི་མདུད་པར་འཛིན་པའོ། །འཆབ་པས་ནི་ཁ་ན་མ་ཐོ་བས་མཁྱུད་པའོ། །འཚིག་པར་ནི་ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །སེར་སྣས་ནི་སྦྱིན་པ་མི་དང་མཐུན་བྱེད་པ་སྟེ་སེམས་ཀྱིས་ཀུན་ཏུ་འཛིན་པའོ། །སྒྱུ་ནི་གཞན་བསླུ་ཡང་དག་པ་མིན་པའི་དོན་སྟོན་པའོ། །གཡོ་ནི་བདག་ཉིད་ཉེས་པ་བཅབ་པའི་ཐབས་བཟུང་བ་སྟེ་སེམས་གྱ་གྱུ་བའོ། །རྒྱགས་པ་ནི་བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བའོ། །རྣམ་པར་འཚེ་བ་ནི་སེམས་ཅན་རྣམས་ལ་ཐོ་འཚམ་ཞིང་འཚེ་བའོ། །ངོ་ཚ་མེད་པས་ནི་ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ། །ཁྲེལ་མེད་ནི་ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ། །རྨུགས་པ་ནི་སེམས་ནི་ལས་སུ་མི་རུང་བས་བློང་བ་སྟེ། །རྒོད་པ་ནི་སེམས་ནི་མ་ཞི་བ་འོ། །མ་དད་པ་ནི་ལས་དང་འབྲས་བུ་དཀོན་མཆོག་བདེན་པ་ལ་ཡིད་མི་ཆེས་པས་སེམས་དང་བ་དང་མི་མཐུན་པའོ། །ལེ་ལོས་ནི་དགེ་བ་ལ་སེམས་མི་སྤྲོ། །བག་མེད་པ་ནི་ཉོན་མོངས་པ་ལས་སེམས་ནི་མི་བསྲུང་བ་ར་ཡན་དུ་བཏང་བའོ། །བརྗེད་ངེས་པ་ནི་དྲན་པ་ཉོན་མོངས་ཅན་གྱིས་དགེ་བའི་དོན་མི་གསལ། །རྣམ་པར་གཡེང་བ་ནི་དུག་ལྔ་ལ་སེམས་ཀྱང་འཕྲོ། །ཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱིས་མི་ཤེས་བཞིན་དུ་འཇུག་པའོ། །བཞི་ནི་གཞན་དུ་འགྱུར་བ་ནི། །འགྱོད་པ་ནི་དགེ་མི་དགེ་ལུང་མ་བསྟན་པ་ལ་འགྱོད་ཅིང་ཡིད་ལ་གཅགས་པའོ། །གཉིད་ནི་དབང་མེད་པར་སེམས་སྡུད་པ་འོ། །རྟོགས་པ་ནི་ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་རང་བཞིན་སེམས་རྩིབ་པ་ལ། །དཔྱོད་པ་ནི་རྟོག་པ་ཡིད་ཀྱིས་དཔྱོད་པའོ། །བརྗོད་པའོ། །སེམས་དང་


DNG019_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན་བཅུ་བཞི་ནི་ཚོགས་བདུན་བཀག་པའོ། །ཐོབ་པ་ནི་སྔར་མེད་པ་ཕྱིས་རྙེད་པ་དང་ལྡན་པའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་དང་བ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་སྒོ་དྲུག་བཀག་པའོ། །འགོག་པའི་སྙོམས་པར་འཇུག་པ་དང་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་འཇུག་པའོ། །འདུ་ཤེས་མེད་པ་རྣམ་ཤེས་དྲུག་འགོག་པ་ལ་ཞུགས་ནས་འགག །སྲོག་གི་དབང་པོ་ནི་མི་མཐུན་པ་རྣམས་སྔོན་གྱི་ལས་ཀྱིས་འཕངས་པས་ཚེ་རིང་ཐུང་ཇི་སྲིད་དུ་གནས་ནས་འཆི་འཕོ། །རིགས་མཐུན་པ་ནི་གང་སེམས་ཅན་དེ་རྣམས་ཀྱི་ལུས་འདྲ་བར་སྐྱེའོ། །སྐྱེ་བ་རིགས་མཐུན་པར་གང་འདུ་བྱེད་རྣམས་དང་མཐུན་པར་འབྱུང་བ་ལ། །རྒ་བ་ནི་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ། །གནས་པ་ནི་དེ་ལྟར་དེ་དག་རྒྱུན་ཡང་ཆགས། །མི་རྟག་པ་ནི་དེ་དག་གི་རྒྱུད་རྒྱུན་ཆད་པའོ། །མིང་གི་ཚོགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་སོ་ལ། །ཚིག་གི་ཚོགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གི་ཚིག་བླ་དྭགས་སོ། །ཡི་གེའི་ཚོགས་ནི་ཡི་གེ་རྣམས་ཏེ་དེ་གཉིས་ཀ་གསལ་བར་བྱེད་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་ནི་འཕགས་པའི་ཆོས་མ་ཐོབ་པས་མེད་པའོ། །དེ་ལྟ་བུའི་ཆ་དང་མཐུན་པ་དགུ་ནི་འཇུག་པོ་དངོས་སུ་སྨོས་ལ་སོགས་པའི་ཁོངས་སུ་བརྒྱད་དེ་སོ་སོར་ངེས་པ་དང་འབྱོར་འདྲེལ་བ་དང་། མགྱོགས་པ་དང་གོ་རིམ་དང་། དུས་དང་ཡུལ་དང་གྲངས་དང་ཚོགས་པའོ། །ཡབ་ཀུན་ཏུ་བཟང་པོ་མཐིང་ག་ཀུན་བཟང་སྐྱིལ་ཀྲུང་ཕྱག་མཉམ་གཞག་ཡེ་ཤེས་འཕྲོ་ཤར་གྱི་ཁྱམས་ལ་བཞུགས། །ནུབ་ཀྱི་ཁྱམས་ལ་ཡུམ་གྱུར་ཀུན་ཏུ་བཟང་མོ་མཐིང་དང་མཉམ་གཞག་རྫོགས་པདྨའི་སྐྱིལ། །རླུང་ལྔ་མཉམ་ཉིད་ཡིད་གསུམ་ཧཱུྃ། །རླུང་ལྔ་ནི། སྲོག་འཛིན་པ། ས་དང་འདྲེས་པ། ཆུ་དང་འདྲེས་པ། མེ་དང་མཉམ་པ། རླུང་གི་རླུང་ལྔ་པོ་དབྱེར་མེད་པས་ཀུན་གཞི་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་གསུམ་ཡི་གེ་ཧཱུྃ་ངོ་། །ཆོས་གསུམ་ཨ་ནི་སྐྱེ་བ་མེད། །འདུས་བྱས་འཁོར་བ། འདུས་མ་བྱས་མྱང་འདས་དང་། ལུང་མ་བསྟན་གྱི་ཆོས་གསུམ་ཡང་དོན་དམ་པར་སྐྱེ་བ་མེད་པ་ཡི་གེ་ཨ་ཡིན་ལ། དེ་ཉིད་ཆོས་ཅན་དང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་གསུམ་སྐྱེ་བ་མེད་པ་ཡུམ་མོ་རྒྱུ་བ་མེའི་རླུང་མིག་ལ་གནས་པ་ས་སྙིང་ཡབ་ཡུམ་དང་བྱམས་པ་ཡབ་ཡུམ་མོ། །རབ་ཏུ་རྒྱུ་བ་རྣ་བ་གཉིས་ལ་ནམ་སྙིང་། སྒྲིབ་སེལ་ཡབ་ཡུམ་མོ། །ཤིན་ཏུ་རྒྱུ་


DNG019_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྣའི་འདོམས་ན། སྤྱན་རས་དང་། ཀུན་བཟང་ཡབ་ཡུམ་མོ། །མངོན་པར་རྒྱུ་བ་ཙེའུ་ཆུང་དང་ལྕེ་ལ། ཕྱག་རྡོར། འཇམ་དཔལ་ཡབ་ཡུམ་མོ། །སྤྱིར་དེ་ལྟར་རོ། །ས་སྙིང་དཀར་གསལ་མྱུ་གུ་དྲིལ། །ཤར་ལྷོའི་རྩིབས་མཆན་དུ་སའི་སྙིང་པོ་སྐུ་མདོག་དཀར་པོ་གཡས་རཏྣའི་མྱུ་གུ་བསྣམས་པ་གཡོན་དྲིལ་བུའོ། །གཟུགས་ནི་ལཱ་སྱེ་དཀར་མོ་མེ་ལོང་བསྣམས་པ་འགྱིང་བག་དཀར་གཡོན་ཡབ་ལ་འཁྱུད་པའོ། །ཤར་ལྷོའི་གྲུ་ཆད་ལ་བྱམས་པ་དཀར་པོ་ཕྱག་ན་ཀླུ་ཤིང་བསྣམས་པ་གཡོན་པ་དྲིལ་བུའོ། །ཡུམ་དྷཱུ་པེ་དཀར་མོ་ཕྱག་ན་སྤོས་ཁང་བསྣམས། །ས་སྙིང་ཡབ་ཡུམ་དང་བྱམས་པ་ཡབ་ཡུམ་གྱི་རང་བཞིན་སེམས་ཅན་གྱི་མིག་ལ་མེ་ཡི་རླུང་རྒྱུ་བས་ཁོ་ན་ཡིན་ཏེ། །རླུང་ནི་རྒྱུ་བས་ཡི་གེ་ཀྵྀ་ནི་མིག་གོ་རྣམ་ཤེས་དང་། །མེ་འི་རླུང་ལས་ནི་དབང་པོ་གཉིས་སྣང་བ་རྣ་བ་ལ་བྱམས་པའོ། །ཧཱུྃ་ནི་ས་སྙིང་གི་ཡུམ་སྒེག་མོ་ནི་གཟུགས་ཀྱི་ལྷ་མོ་ནི་མིག་གི་རྣམ་ཤེས་ལ་སྤྱོད་པ་སྟེ། །ཛ་ནི་མིག་གི་དབང་པོ་བྱམས་པའི་སྤྱད་བྱ་སྤོས་མེ་མ་སྟེ་དུས་དཔྱིད་དུས་ཡིན་པར་བཤད། །ནམ་མཁའི་སྙིང་པོ་མཐིང་ག་གཡས་རལ་གྲི་གཡོན་དྲིལ་བུ། །ཡུམ་སྒྲ་ནི་མཱ་ལེ་མ་ཕྱག་ན་ཕྲེང་བ་འཛིན་པ་སྐུ་མདོག་སྔོ། །ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་སེལ་སྔོན་པོ་གཡས་པོ་ཏི་གཡོན་དྲིལ་བུ། །ཡུམ་པུཥ྇་སྔོན་མོ་ཕྱག་ན་མེ་ཏོག་བསྣམས་པའོ། །ནམ་སྙིང་སྒྲིབ་སེལ་ཡབ་ཡུམ་གྱི་རང་བཞིན་ནི་རྣ་བར་རླུང་གིས་རླུང་རྒྱུ་བས་རྣ་བའི་རྣམ་ཤེས་ནང་ན་གནས་པ་དང་། རྣ་བའི་རྣམ་ཤེས་ཕྱིར་འཆར་རོ། །ནང་ན་གནས་ཡི་གེ་རབ་ཏུ་རྒྱུ་བ་རྣམ་ཤེས་ཏཱཾ། །་སྒྲ་ནི་འགྲེས་པ་གཅིག་ལ་ཀླག་གོ་སྒྲིབ་སེལ་གྱིའོ། །ནི་རྣ་བའི་དབང་པོ་ཡིན། །ས་བོན་ཏྲཱཾ་ནི་ནམ་སྙིང་གི་ཡུམ་ཕྲེང་བ་མ་སྔོན་མོ་རྣ་བའི་དབང་པོའི་ཡུལ་སྒྲ་ཡིན་དེ་ལ་སྤྱོད་པས་ཡུམ་མོ། །སྒྲ་ལ་སྤྱོད་པ་སྟེ། །ཧཱུྃ་མེ་ཏོག་མའི་ས་བོན་དུས་བཞི་ལ་ནི་དབྱར་དུས་ཡིན་པར་བཤད་མེ་ཏོག་གི་དུས་སོ། །ནུབ་བྱང་དུ་སྤྱན་རས་དམར་སྐྱ་གཡས་པདྨ་གཡོན་དྲིལ་བུ། །ཡུམ་དྲི་ནི་གཱིར་ཏེ་དམར་མོ་པི་ཝང་བསྣམས་པའོ། །ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་རིན་ཆེན་སྙེ་མ་གཡོན་དྲིལ་བུ་སྐུ་མདོག་དམར། །ཨཱ་ལོ་ཀེ་དམར་མོ་ཕྱག་ན་མར་མེ་བསྣམས། །སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་མཚན་ཕྱག་ལ་བཏགས་པ་དེ་ཕྱག་མཚན་གྱིས་དོན་མཛད་པའོ། །རང་བཞིན་ཤིན་ཏུ་རྒྱུ་བ་སྣ་ལ་གནས་ལ་རྣམ་ཤེས་ལས་ནི་དྲི་ལས་སྤྱན་རས་གཟིགས་སོ། །ས་ནི་ཧྲི་


DNG019_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྱན་རས་གཟིགས། །འཕགས་པ་སྤྱན་རས་གཟིགས་སོ། །སྣའི་ཡུལ་དྲི་ལས་ནི་ཡི་གེ་ཧྲི་ལས་བསྐྱེད་པའི་གླུ་མ་ཡི་གེ་ཧྲི། །ཧཱུྃ་རྣའི་དབང་པོ་ལས་ནི་ཀུན་བཟང་པོ་ལྷ་མོ་མར་མེ་བཾ་ས་བོན། །དུས་ནི་སྟོན་འབྲས་བུ་ཐམས་ཅད་སྨིན་པར་བྱེད་པས་ན་སྟོན་གྱི་དུས་ཡིན་པའོ། །དུས་བཞི་སྤྱད་པར་བྱ་བའི་ཡུལ་ཡིན་པས་ཡུམ་ཡིན་ནོ། །བྱང་ཤར་དུ་ཕྱག་རྡོར་ལྗང་གུ་རྡོ་རྗེ་དྲིལ། །ཡུམ་རོ་ནི་ནཱིར་ཏི་གར་བྱེད་པའི་སྣོད་དུ་རུང་འཛིན་ལྗང་། །བྱང་ཤར་གྱི་གྲུ་ཆད་འཇམ་དཔལ་ཨུཏྤལ་གཡས་ན་རལ་གྲི་འཛིན་དྲིལ་བུ་འཛིན། །ཡུམ་གནྡྷེ་ལྗང་གུ་ཕྱག་ན་དྲི་ཆབ་བསྣམས་པའོ། །ཡུམ་བརྒྱད་པོ་དེ་རྣམས་ལྕེ་ལ་མངོན་པར་རྒྱུ་བ་སྟེ། །ཆུའི་རླུང་ལས་སྐྱེད། མངོན་པར་རྒྱུ་བའི་རླུང་ལས་ཛིཾ་ཨཾ་ཕྱག་རྡོར་གར་བྱེད་མ། །མུཾ་ཧོཿའཇམ་དཔལ་གནྡྷེ་ཉིད། །རྣམ་ཤེས་དབང་པོ་དགུན་གྱི་དུས། །དགུན་དུས་ནི་དྲི་ཆབ་མའོ། །དེ་ལ་རྣམ་ཤེས་ནང་ན་གནས་ནང་གི་སེམས་དཔའ་ཡབ་ཡུམ་དབང་པོ་ཕྱི་ན་གནས་པས་ཕྱིའི་ཡབ་ཡུམ་མོ། །རིགས་བརྩིས་པ་དང་རྩ་བ་རླུང་བཞིས་བསྡུས་པས་ན་ཕྱི་ནང་རྣམས་སྤྱིར་དྲིལ་ནས་ལུང་འདི་གསུངས་པའོ། །ཤར་ལྷོའི་བར་ཁྱམས་ལ་ལྷ་དབང་ཕྱག་ན་པི་ཝང་བསྣམས་པ་སྐུ་མདོག་དཀར་པོ་གདུལ་བྱ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདུལ། གནས་རི་རབ་ཀྱི་སྟེང་ནའོ། །བྱང་དུ་ལྷ་མིན་མཐིང་ག་གདུལ་བྱ་ལྷ་མིན་གནས་རི་རབ་ཀྱི་ཁོང་སེང་ནའོ། །ཕྱག་ན་གོ་ཆ་བསྣམས། །ལྷོར་ཤཱཀྱ་ཐུབ་པ་སེར་པོ་མིའི་རྒྱལ་པོ་ལ་སོགས་འདུལ། གནས་གླིང་བཞི་གླིང་ཕྲན་དང་བཅས་པའོ། །གསོག་པར་བསྣམས། །ནུབ་བྱང་དུ་སེང་གེ་དམ་བརྟན་པོ་ཏི་བསྣམས། །སེར་ནག །སེང་གེ་དང་གླང་པོ་དང་ཆུ་སྲིན་ལ་སོགས་པའི་བྱོལ་སོང་རྣམས་འདུལ། གནས་ཕྱིའི་རྒྱ་མཚོ་ལ་སོགས་པའོ། །ལྷོ་ནུབ་ཡི་དྭགས་ཐུབ་པ་དམར་ནག་རིན་ཆེན་སྒྲོམ། །ཡི་དྭགས་རྣམས་འདུལ། གནས་གྲོང་ཁྱེར་སེར་སྐྱའི་འོག་ལ་སོགས་པའོ། །བྱང་ཤར་དུ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་དུད་ཀ་མེ་ཆུ་བསྣམས། །དམྱལ་བ་རྣམས་འདུལ། གནས་རྡོ་རྗེ་གདན་གྱི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ནའོ། །ཀྲི་ལྷའི་ཐུབ་པ་ཏྲུཾ་ལྷ་མིན་སྲུཾ་མ་པྲཾ་བྱོལ་སོང་ཀྵཾ་ཡི་དྭགས་ཡེ་དམྱལ་བའི་ཡིན་ཏེ་རྩ་བ་བསྐྱེད་པའི་ས་བོན་ནོ། །ལས། །སྤྲུལ་སྐུ་ཐུབ་པ་ཆེན་པོ་དྲུག །འཇིག་རྟེན་ཁམས་འདི་ན་ཐུབ་དྲུག་གནས་པ་ལྟར་སྟོང་གསུམ་ཀུན་ན་ཐུབ་དྲུག་འདི་ལྟར་གནས་སོ། །འདུལ་བའི་རྒྱུ་ནི་ཉོན་


DNG019_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་དྲུག །ལྷ་ང་རྒྱལ་ཆེ། ལྷ་མིན་ཕྲག་དོག །མི་འདོད་ཆགས། བྱོལ་སོང་གཏི་མུག །ཡི་དྭགས་སེར་སྣ། དམྱལ་བ་ཞེ་སྡང་ཆེའོ། །དེ་རྐྱེན་ཕ་རོལ་ཕྱིན་པ་དྲུག །ལྷ་ང་རྒྱལ་ཆེ་བས་བརྩོན་འགྲུས་ཀྱི་ཕར་ཕྱིན་སྟོན། ཕྲག་དོག་བསམ་གཏན། འདོད་ཆགས་ཚུལ་ཁྲིམས། གཏི་མུག་ཤེས་རབ། སེར་སྣ་སྦྱིན་པ། ཞེ་སྡང་བཟོད་པའོ། །རིགས་དྲུག་རང་བཞིན་ཡོན་ཏན་དྲུག །ལྷ་ལ་མིག་དག་པའི་ཡོན་ཏན་ཡོད་པས་གླིང་བཞི་ཡན་ཆད་མཐོང་བས་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། ལྷ་མིན་བསད་ཀྱང་མི་འཆི་བས། དཔལ་མགོན་པོ་དམག་དཔོན་དུ་བོས་བྱས་ནས། མགོ་ནམ་མཁའ་ལ་ཁྱེར། སྟག་གཟིག་དམ་སྤྱང་ཀིས་ཤ་ཟོས་ཀྱང་མཚོན་གྱིས་མི་སོད། མི་ལ་སྡོམ་པ་དང་དམ་ཚིག་ཆགས་པའི་ཡོན་ཏན། བྱོལ་སོང་ལ་ལྟོ་གོས་བཙལ་སླ་བའི། ཡི་དྭགས་ལ་བསྡོས་པས་ཚིམས་པའི། དམྱལ་བ་ལ་སྔ་ཕྱི་དྲན་པས་རྣམ་སྨིན་འཛད་ནུས་པའི་ཡོན་ཏན། ས་བོན་དྲུག་གི་ཡི་གེ་དང་། །ལྷའི་ཨ་དཀར། ལྷ་མིན་གྱི་སུ་སེར་པོ། མིའི་ནྲྀ་ལྗང་གུ། བྱོལ་སོང་གི་དུ་དུད་ཀ །ཡི་དྭགས་ཀྱི་པྲེ་དམར་པོ། དམྱལ་བའི་ཏྲི་ནག་པོ་རྣམས་ལས་རིགས་དྲུག་རྣམས་སྐྱེད་པར་བྱེད་པའོ། །ཡེ་ཤེས་ཆེན་པོ་རྣམ་དྲུག་ལས། །ཆོས་དབྱིངས་མེ་ལོང་། མཉམ་ཉིད། སོ་སོར། བྱ་བ་གྲུབ་པ། སྟོང་པ་ཉིད་ཀྱི་ཡེ་ཤེས། མངོན་པར་ཤེས་པ་དྲུག་གིས་གཟིགས། །སྤྱན་གྱིས་མངོན་ཤེས། སྙན་གྱི། རྫུ་འཕྲུལ་གྱི་སྔོན་གྱི་གནས་རྗེས་སུ་དྲན་པའི་འཆི་འཕོ་དང་སྐྱེ་བ་ཤེས་པའི་ལས་དང་ཉོན་མོངས་ཤེས་པའི་འོ། །གཤིན་རྗེ་གཤེད་པོ་ཐོད་དབྱུག་བསྣམས། །ཤར་སྒོར་གཤིན་རྗེ་གཤེད་པོ་སྐུ་མདོག་སྔོ་ནག་གཡས་ན་ཐོད་པའི་དབྱུག་ཐོ་གཡོན་སྡིགས་མཛུབ་མཛད་པའོ། །ཡུམ་དེཿཛཿ གཉིས་ནི་འཇིག་རྟེན་པ་དང་འདས་པ་འདྲེན་པ་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱི་ལྕགས་ཀྱུ་བསྣམས་པའོ། །ལྷོ་སྒོར་གཞན་གྱིས་མི་ཐུབ་པ་སེར་ནག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་བསྣམས། །ཡུམ་ཨ་མུ་དེ་བ་སེར་ནག་ཕྱག་གཉིས་ཀྱི་རྡོ་རྗེ་ཞགས་པ་འཕེན་པའི་ཚུལ་དུ་བསྣམས་པའོ། །ཡུམ་དོན་ཡོད་པའོ། །ནུབ་སྒོར་རྟ་མགྲིན་སྐུ་མདོག་དམར་ནག་གཡས་ཐོད་གཡོན་སྡིགས་མཛུབ་དང་བཅས་པའོ། །སྦྲུལ་ཞགས་བསྣམས་པའོ། །ཡུམ་ལོ་ཀ་འཇིག་རྟེན་དམར་མོ་ཕྱག་གཉིས་ལུ་གུ་རྒྱུད་ཀྱིས་བསྡམས་པར་མཛད་པས་ན་འཇིག་རྟེན་གསུམ་འཆིང་བ་ཞེས་ཀྱང་བྱའོ། །ལྕགས་སྒྲོག་བསྣམས། །བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག་གཡས་རྡོ་རྗེ་རྒྱ་གྲམ་གཡོན་སྡིགས་མཛུབ་ཞགས་པ་དང་བཅས་པ་བསྣམས། །ཡུམ་བྷ་སྨི་སྐུ་མདོག་ལྗང་


DNG019_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཕྱག་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དགྱེས་པ་བསྐྱེད་པའི་དྲིལ་བུ་བསྣམས། །སྒོ་བ་བཞིའི་རང་བཞིན་ཡང་དག་རྩ་དང་པགས་པ་བ་སྤུའི་ཚོགས་ལ་གནས་ནས་རྒྱུ་བའི་རླུང་ལས་ནི། །གསང་བའི་དབང་པོ་ལ་འདུས་པས་ལས་བྱེད་ཚུལ། གསང་བའི་རྡོ་རྗེ་རེག་པ་ཧཱུྃ་ལས་གཤིན་རྗེ་གཤེད་པོ་ཡུལ་རྟག་པ་མིན་པ་ཛཿ ལས་ལྕགས་ཀྱུ་མའོ། །ལུས་ཀྱི་དབང་པོ་རེག་བྱེད་ཞེས་སོ། །རྡོ་རྗེ་དང་པདྨ་ཕྲད་པ་ལས་ཧཱུྃ་ལས་སྟོབས་པོ་ཆེ་ཡུམ་ཆད་མིན་ཧཱུྃ་ལས་ཞགས་པ་མའོ། །གསང་བའི་དབང་པོ་རེག་བྱ་ཡུམ་གྱི་པདྨ་ལ་ཧཱུྃ་སྟེ་རྟ་མགྲིན་ཡུམ་བདག་ཏུ་མིན་པ་བཾ་ལས་ལྕགས་སྒྲོག་མའོ། །གསང་བའི་དབང་པོ་རེག་པ་དེ་བ་ལས་ཤེས་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ཡུམ་ནི་མཚན་མ་མིན་པ་ཧོཿ ལས་དྲིལ་བུ་མར་གནས་སོ། །ཕྱག་རྒྱ་བཞི་ལས་བསྐྱེད་པའི་ལྷ་བཞི་ནི་སྒོ་བ་ཡབ་ཡུམ་བརྒྱད་དོ། །དང་ས་བོན་གྱི་ཕྱག་རྒྱ་བཞི་ནི་ཛཿཧཱུྃ་བཾ་ཧོཿ བརྗོད་པའི་སྔགས་བཞི་ནི་ཨཾ་ཀུ་ཤ་ཛཿ། པཱ་ཤ་ཧཱུྃ། སྥོ་ཊ་བཾ། གྷཎྜ་ཧོཿ། བཞིའོ། །བཅའ་བརྡའི་བ་ཕྱག་རྒྱ་ནི་ལག་པ་ཁུ་ཚུར་བཅངས་ནས་མཐེའུ་ཆུང་གཉིས་མདུད། མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱ་བ། མཛུབ་མོ་གཉིས་མདུད་ནས་ཞགས་པ་ལྟར་བྱ་བ། སོར་མོ་དམ་དུ་ལྕགས་སྒྲོག་ལྟར་བྱ་ལ། དགྱེས་པ་བསྐྱེད་ནས་དྲིལ་བུ་ལྟར་བྱ་བའོ། །མཚོན་པའི་བརྡ། །ཉོན་མོངས་སྒྲིབ་པ་མ་ལུས་པ་མཐའ་དག་པར་བྱེད་པས་ན་མཐར་བྱེད་གཤིན་རྗེ་གཤེད་དོ། །རྣམ་དག་པས། །ཉོན་མོངས་པའི་སྒྲིབ་པ་དག་ནས་ཞི་བའི་ལས་མཐར་ཕྱིན་པར་བྱེད་ཅེས་བྱ་ལ། །ལས་ཀྱི་སྒྲིབ་པ་དག་ནས་རྒྱས་པའི་ལས་རྣམས་མཐར་ཕྱིན་པར་བྱེད་ལ་ནི་སྟོབས་པོ་ཆེ། །སྙོམས་པར་འཇུག་པའི་སྒྲིབ་པ་དག་པར་མཐར་ཕྱིན་པར་བྱེད་པ་ནི་དབང་གི་ལས་མཐར་ཕྱིན་པ་རྟ་མགྲིན་ནོ། །ཤེས་བྱའི་སྒྲིབ་པ་དག་ནས་མཐར་ཕྱིན་པར་བྱེད་པ་དང་དྲག་པོའི་ལས། །མཐར་ཕྱིན་པར་བྱེད་པ་བདུད་རྩི་འཁྱིལ་པ་ཞེས་སུ་བཤད་པ་ཡིན། །ལས་བཞི་མཐར་ཕྱིན་པ་གཞན་དོན། སྒྲིབ་པ་བཞི་དག་ཅིང་མཐར་ཕྱིན་པ་རང་དོན་ཡིན། རྒྱུ་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་བྱེད་པས་ལྕགས་ཀྱུ་མ་པས། །ལས་འབྲས་བུ་ཀྱི་སྒྲིབ་པ་རྣམ་པར་དག་པར་བྱེད་པ་ཞགས་པ་མ་འགྱུར། །ལས་རྣམས་ཀུན་ལས་རྣམ་དག་པས་ཁྱབ་པ་སྙོམས་པར་འཇུག་པའི་སྒྲིབ་པ་དག་པར་བྱེད་པ་ལྕགས་སྒྲོག་མ། །ཡོན་ཏན་གྱི་ཤེས་བྱའི་སྒྲིབ་པའམ་ལས་རྣམས་འབྲས་བུར་དག་པར་བྱེད་པ་སྒོ་མ་དྲིལ་བུ་མའོ། །དེ་ལྟར་སྒོ་བ་ཡབ་ཡུམ་རྣམས་སོ། །རྣམ་དག་འགྱུར། །དེ་ནས་བདེ་བར་གཤེགས་པ་ནི་རིམས་


DNG019_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ལེགས་པར་བྱང་བ་ལྟ་བུའོ། །མཛེས་པར་གཤེགས་པ་ནི་ནམ་མཁའི་འཇའ་ལྟ་བུའི་ཡེ་ཤེས་པར་གཤེགས་པ་ནི་བུམ་པ་ཆུས་བཀང་བ་ལྟ་བུའོ། །མ་ནོར་བར་གཤེགས་པ་ནི་མགྲོན་པོ་ལམ་མ་ནོར་བ་ལྟ་བུའོ། །ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་འདི་དག་གསུངས་སོ། །ཨ་ཨཱ། ཨཱ་ལི་ཀཱ་ལིའི་ངོ་བོ་སྔགས་བསྟན་པ་ནི། རྣམ་ལྡན་སྒྲ་རིང་ཐུང་གཉིས། ཨི་ཨཱིཾ། སྨད་པའི་སྒྲ་རིང་ཐུང་གཉིས། ཨུ་ཨཱུ། བཀུག་པའི་གཉིས། རྀ་རཱྀ། མ་ནིང་གི་བཞི། ལྀ་ལཱྀ། མ་ནིང་གི་བཞི། ཨེ་ཨཱཻ། བསྒྲེང་བའི་གཉིས། ཨོ་། བསྟོད་པའི་གཉིས། ཨཾ་ཨཿ། རྣམ་པར་བཅད་པའི་སྒྲ་གཉིས་སོ། །ཀ་ཁ་ག་གྷ་ང་། ནམ་མཁའི་ཡི་གེ། ཏང་ཏང་བཀླག་གོ། །གནས་ཁོང་ནས་འབྱུང་བར་བྱེད་དོ། །ཙ་ཚ་ཛ་ཛྷ་ཉ། ས་དང་ལྕེ་རྩེ་ལས། ཊ་ཋ་ཌ་ཌྷ་ཎ། ལྕེ་རྩེ་དང་རྐན་ལས། མེའི་ཡི་གེ་གྱེན་ལ་འབར་བ་ལྟར་བཀླག་གོ། །ཏ་ཐ་ད་དྷ་ན། ལྕེ་དཀྱིལ་དང་སོ་ལས། ལྕེ་ལ་འཐོར་བས་ན་འཐོར་བ་ལྟར་རོ། །པ་ཕ་བ་བྷ་མ། མཆུ་གཉིས་ནས་ཆུ་ཐུར་ལ་འབབ་པ་ལྟར་རོ། །ཡ་ལྕེ་རྩེ་སོ་རྐན་ར་ལྕེ་རྩེ་དང་རྐན་ལ་ལྕེ་དཀྱིལ་དང་སོ་ཝ་མཆུ ། ཤ་སྲོག་ཆེན་ལྕེ་རྩེ་སོ་རྐན་ཥ་སྲོག་འབྲིང་ལྕེ་རྩེ་རྐན་ས་སྲོག་ཆེན་ལྕེ་དཀྱིལ་དང་སོ་ལས་ཧ་གྲེ་བ་ཀྵ་ལྟེ་བ་ནས་ཁར་འབྱུང་བའོ། །ཤེས་རབ་སྟོང་པ་ཉིད་དུ་གནས་པས། །ཨཱ་ལི་ཀཱ་ལིའི་རང་བཞིན་བཤད་ན། སྙིང་རྗེ་དང་སྟོང་ཉིད་ལ་ཐབས་ཤེས་སུ་གཞག་པ་ནི་ཤེས་རབ་སྟོང་ཉིད་དེ། ཆོས་རྣམས་ཀྱི་རྩ་བ་སྟོང་ཉིད་རྟོགས་པ་ཁོ་ན་ཤེས་རབ་བོ། །དེ་སྟོང་པ་ཉིད་ཡི་གེ་ཨཱ་ལིས་མཚོན་པའོ། །ཤེས་རབ་ཆོས་སྐུར་གནས་ཤིང་རྟོགས་པའོ། །ཐབས་ནི་སྙིང་རྗེ་ཆེན་པོ་ཉིད། །སྟོང་ཉིད་རྟོགས་ནས་སྙིང་རྗེས་འགྲོ་དོན་སྣ་ཚོགས་བྱེད་པས་ཐབས་ཆེ་སྟེ་ཀཱ་ལིའོ། །ཐབས་གཟུགས་སྐུས་འགྲོ་དོན་མཛད་དོ། །ཆོས་སྐུ་གཟུགས་སྐུར་འདྲེལ་ལོ། །ཨཱ་ལི་ནི་ཤེས་རབ་ཡུམ་ལ་ཐབས་ནི་ཡབ་ཀཱ་ལི་ཡིན་པས་ཡབ་ཡུམ་ཐབས་ཤེས་འདྲེལ་བའོ། །ཤེས་རབ་སྣོད་ཀྱི་འཇིག་རྟེན་ཡིན་ཏེ་རང་བཞིན་གྱི་བེམས་སྟོང་དུ་གནས་པའི་ཆ་ནས་སོ། །ལ་ཐབས་ནི་བཅུད་ཀྱི་སེམས་ཅན་ཡིན་ཏེ་རང་བཞིན་རིག་སྟོང་དུ་གནས་པས་སོ། །འགྱུར་མེད་ཤེས་རབ་འགག་མེད་ཐབས། །ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ཡིན་ཏེ་དཔེ་ནམ་མཁའ་འདྲ། ཐབས་འགག་མེད་ཀྱི་ཡེ་ཤེས་ཡིན་ཏེ་ཉི་མ་དང་འདྲའོ། །ཤེས་རབ་ཆོས་ཀྱི་དབྱིངས་ཡིན་ཏེ་སྟོང་ཞིང་འགྱུར་བ་མེད་དེ་ལས་ཡེ་ཤེས་ཐབས། །ཐབས་ཡེ་ཤེས་ཆེན་པོ་ཡིན་ཏེ། ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པར་དོན་མཛད་དེ། ཐབས་ཤེས་དབྱིངས་ཡེ་ཤེས་གཉིས་མེད་དུ་གནས་སོ། །ཤེས་རབ་ནི་སྟོང་ཉིད་དེ་དེའི་དོན་ནི་རྟོགས་དཀའ་བས་


DNG019_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་ཡིན་ཏེ་དཔེར་ན་རྒྱ་མཚོའི་གཏིང་ལྟ་བུའོ། །ཐབས་ཀྱི་ནི་མང་བ་སྟེ་དོན་ནི་རྒྱ་ཆེ་བའོ། །ནམ་མཁའ་དང་མཉམ་པར་གནས་སོ། །རྩ་བའི་སྔགས་ཧཱུྃ་བཛྲ་རྡོ་རྗེ་དྷྲྀཀ་མི་བསྐྱོད་པ ། རྩ་བའི་སྔགས་མཱུཾ་དྷཱ་ཏྭཱི་ཤྭ་རཱི་དབྱིངས་ཕྱུག །མན་ཆད་ཙིཏྟ་ཧོཿབར་རྩ་བའི་སྔགས་འགྲེ་ཨོཾ་རྣམས་པ་ཛི་ན་ཛིཀ་རྒྱལ་བ་རྒྱལ ། ལཾ་ཞེ་སྡང་དྭེ་ཥྭ་ར་དགའ་ཏི་སངས་རྒྱས་སྤྱན་ནོ། །རིན་འབྱུང་སྭ་རཏྣ་དྷྲིཀ་རིན་ཆེན་འཛིན ། མཱ་མ་ཀཱི་མཱི་མོ་ཧ་ར་ཏི་གཏི་མུག་དགའ་མ ། སྣང་མཐའ་ཨཱཾ་ཨཱ་རོ་ལིཀ་ཆགས་ཆེན་མཚོན ། གོས་དཀར་མོ་པྱཾ་རཱ་ག་ར་ཏི་འདོད་ཆགས་དགའ་མ ། དོན་གྲུབ་ཧཱ་པྲཛྙཱ་དྷྲྀཀ་ཤེས་རབ་འཛིན ། དམ་ཚིག་སྒྲོལ་མ་ཏཱཾ་བཛྲ་ར་ཏི་རྡོ་རྗེ་དགའ་མ ། སའི་སྙིང་པོ་ཀྵིཾ་ཧི་རཱ་ཛཱ་ཡ་ངོ་མཚར་རྒྱལ་བ ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ་སྒེག་མོ་དུས་ལ་བབ ། ནམ་མཁའི་སྙིང་པོ་ཏྲཾ་ཨཱ་གརྦྷཱ་ཡ་སྙིང་པོ ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོ་ཕྲེང་བ་མ་དུས་ཡིན་ནོ། །སྤྱན་རས་གཟིགས་ཧྲཱྀ་ཧ་ཧཱུྃ་པདྨ་པ་ད་མ་པདྨའི་ཕྱག །ཧྲཱིཾ་གཱི་ཏི་རཱ་གོ྅ཧཾ་གླུ་མ་བདག་ཆགས་སོ། །ཕྱག་རྡོར་ཛིཾ་ཀུ་རུ་པཱ་ཎ་རྒྱལ་མཛད་ཕྱག །ཨཾ་ནཱིརྟི་རཱ་ག་ཡཱ་མི་གར་མ་ཆགས་པར་བགྱིའོ། །བྱམས་པ་མཻ་དྷཱ་ར་ཎེ་སྭཱ་ཧཱ་གཟུངས་ལ ། ཛཿདྷཱུ་པེ་པྲ་བེ་ཤ་སྤོས་མ་རབ་ཏུ་ཞུགས ། སྒྲིབས་ལ་ནིསྶ་རཾ་གྷཱ་ཡ་སྭཱ་ཧཱ་སྒྲིབ་པ་བསལ་བའི་ཆེད་དུ ། ཧཱུྃ་པུཥ྇་ཨཱ་བེ་ཤ་མེ་ཏོག་མ་བབས་པ ། ཀུན་བཟང་ཧཱུྃ་སྭ་རཱ་ཛཱ་ཡ་སྭཱ་ཧཱ་ཀུན་ནས་རྒྱལ་པོའི་ཆེད་དུ ། བཾ་དཱི་པ་སུ་གི་རཱི་སྒྲོན་མེ་འདབ་མ ། འཇམ་དཔལ་མུཾ་ཤྲཱི་ཨཱཾ་རཱ་གཱ་ཡ་སྭཱ་ཧཱ་གསུང་གི་ཆགས་པའི་ཆེད་དུ ། ཧོཿགནྡྷེ་ཙིཏྟ་དྲི་མ་ཐུགས ། བསྐྱེད་སྔགས་ཀུན་བཟང་ཧཱུྃ་ཧཱུྃ་ཧཱུྃ་སྒོ་ལྔ་ཡིད་ཀྱི་རྣམ་ཤེས་གསུམ་འདས་པ་ཡེ་ཤེས་ཀྱི་ས་བོན ། བཛྲ་ཙིཏྟ་ཨོཾ་རྡོ་རྗེའི་ཐུགས ། བསྐྱེད་སྔགས་ཀུན་ཏུ་བཟང་མོ་ཨ་ཨ་ཨ་ཤེས་པ་གསུམ་གྱི་ཡུལ་ཆོས་དབྱིངས་ཀྱི་ས་བོན ། བཛྲཱི་བཱ་ད་ས་མནྟ་ཨོཾ་རྡོ་རྗེ་བཟང་མོ་ཀུན་ཏུ ། ཐུབ་པ་དྲུག་གི་བསྐྱེད་སྔགས་ལ་མུ་ནེ་རྣམས་མི་ཐུབ་པ་སྟེ་ཨོཾ་མུ་ནེ་ལྷའི་ཐུབ་པའི་ས་བོན་སྭཱ་ཧཱ། ཨོཾ་མུ་ནེ་ཏྲུཾ་ལྷ་མིན་ཐུབ་པའི་ས་བོན་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་མིའི་ཐུབ་པའི་ས་བོན་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་དུད་འགྲོའི་ཐུབ་པའི་ས་བོན་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་ཡི་དྭགས་ཐུབ་པའི་ས་བོན་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་དམྱལ་བའི་ཐུབ་པའི་ས་བོན་སྭཱ་ཧཱ། སྒོ་བ་ཡབ་ཡུམ་གྱི་རྩ་སྔགས་ལ་ཧཱུྃ་ཡ་མཱནྟ་ཀྲྀཏ་གཤིན་རྗེ་མཐར་བྱེད་ཕཊ། བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་རྡོ་རྗེ་འཆང་བ་ཆེན་པོ་ཁྲོ་མོའི་དབང་ཕྱུག་མ་འབར་བ་མ་ཧཱུྃ་ཕཊ། ཡུམ་ལྕགས་ཀྱུ་མའོ། །


DNG019_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡཛྙཱ་ན་ཏ་ཀྲྀཏ་ཤེས་རབ་མཐར་བྱེད་ཕཊ། རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་རིན་ཆེན་འཆང་བ་ཆེན་པོ་ཁྲོ་མོའི་དབང་ཕྱུག་འབར་བ་མ་ཧཱུྃ་ཕཊ། ཡུམ་ཞགས་པ་མ། ཨོཾ་པདྨཱནྟ་ཀྲྀཏ་པདྨ་མཐར་བྱེད་ཕཊ། པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་པདྨ་འཆང་བ་ཆེན་པོ་ཁྲོ་མོའི་དབང་ཕྱུག་མ་འབར་བ་མ་ཧཱུྃ་ཕཊ། ཡུམ་ལྕགས་སྒྲོག་མ། ཨོཾ་བིགྷྣཱཾ་ཏ་ཀྲྀཏ་བགེགས་མཐར་བྱེད་ཕཊ། ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཕྲིན་ལས་འཆང་བ་ཆེན་པོ་ཁྲོ་མོའི་དབང་ཕྱུག་མ་འབར་བ་མ་ཧཱུྃ་ཕཊ། ཡུམ་དྲིལ་བུ་མའོ། ༈ །ལྟ་བའི་སྒོ་ནས་བསྟན་པ་ནི་སྒྲུབ་པ་པོའི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་རང་བཞིན་ལྷའི་དཀྱིལ་འཁོར་དུ་གནས་པས་ན་བསྐྱེད་པ་རང་བཞིན་དཀྱིལ་འཁོར་ནི། །ཕུང་པོ་ལྔ་ནི་སངས་རྒྱས་ཀྱི་གདན། །རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ། གཟུགས་རྣམ་སྣང་། ཚོར་བ་རིན་འབྱུང་། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་གྲུབ་ཡིན་པས། ཕུང་པོ་ལྔ་ལ་བྱིན་གྱིས་རློབ་པའི་ཕྲིན་ལས་མཛད་པའོ། །འབྱུང་བ་ལྔ་ནི་རིག་མའི་གདན་ས། །སངས་རྒྱས་སྤྱན། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུག་མ། ཡེ་ཤེས་ལྔ་དང་འབྱུང་ལྔར་རྟོགས། །ཕུང་པོ་ལྔ་རིགས་ལྔས་རང་རྒྱུད་ལ་ཡེ་ཤེས་རྟོགས་པ་བསྐྱེད་འབྱུང་བ་ལྔ་ཡུམ་ལྔར་རྟོགས་པ་བསྐྱེད་དོ། །མིག་སོགས་སྐྱེ་མཆེད་དྭངས་མ་ནི། །ནང་གི་སྐྱེ་མཆེད་མིག་གི་རྣམ་ཤེས་ལ་སོགས་པ་དང་། མིག་གི་དབང་པོ་ལ་སོགས་པ་ཕྱིའི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་གདན་ནོ། །བྱང་ཆུབ་སེམས་དཔའ་ཡབ་ཡུམ་གདན། །མིག་གི་རྣམ་ཤེས་ལགས་པ་སེམས་དཔའ། ཡུལ་གཟུགས་ལགས་པ་ནི་ཡུམ། མིག་གི་དབང་པོ་སེམས་དཔའ། དུས་བཞི་ཡུམ་མོ། །རང་རྒྱུད་བཀྲ་ཤིས་ཕྲིན་ལས་བྱེད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲིན་ལས་ནི་རང་གི་རྒྱུད་ལ་བཀྲ་ཤིས་པར་བྱེད་པའོ། །ནང་གི་བཞི་དང་ཕྱིའི་བཞི་སྟེ་ལྷ་མོས་བརྒྱད་ཀྱི་མཆོད་པ་བྱེད་པའོ། །ཉོན་མོངས་དྲུག་པོ་ང་རྒྱལ་ལྷ། ཕྲག་དོག་ལྷ་མིན། འདོད་ཆགས་མི། གཏི་མུག་བྱོལ་སོང་། སེར་སྣ་ཡི་དྭགས། ཞེ་སྡང་དམྱལ་བ་ཐུབ་པའི་གདན། །དབྱིངས་དང་ཡེ་ཤེས་ཀུན་ཏུ་བཟང་པོ་སྟེ། །འགྲོ་བ་རིགས་དྲུག་ཐུབ་དྲུག་གིས་ཐུགས་རྗེས་འབྲས་བུར་སངས་རྒྱས་སུ་འདྲེན་པ་ནི་ཀུན་བཟང་ཡབ་ཡུམ་གྱི་ཐུགས་རྗེའོ། །ཡན་ལག་བཞི་སྒོ་མའི་ལུས་ཀྱི་ཁམས་བདུད་རྩི་ཁྲོ་གདན་ཏེ། །སྒོ་བ་ཁྲོ་བོས་བགེགས་སྐྲོད་པའི་ཕྲིན་ལས་མཛད་དེ་སྒོ་བཞི་ནས་ཕྱོགས་


DNG019_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བགེགས་བསྲུང་བའོ། །སྒོ་མས་ཚད་མེད་ཤར་བྱམས། ལྷོར་སྙིང་རྗེ། ནུབ་དགའ་བ། བྱང་བཏང་སྙོམས་བཞིར་བྱིན་རློབ། །རྩ་གནས་གནས་པ་རྩ་ལ་ཏིང་ངེ་འཛིན་གནད་དུ་བསྣུན་པས་སྐུ་ཡི་དབྱིབས་སུ་གསལ་བའོ། །ཁམས་ཀྱི་བདུད་རྩི་གནད་དུ་བསྣུན་པས་ཐུགས་ཀྱི་རྣམ་པ་བདེ་བའོ། །སྔགས་ཡི་གེ་འབྲུ་ལ་གནད་དུ་བསྣུན་པས་གསུང་རང་བཞིན་སྟོང་ཞིང་གསལ་བའོ། །སྙིང་པོ་རླུང་ལ་ཏིང་ངེ་འཛིན་གནད་དུ་བསྣུན་པས་ནི་རང་བཞིན་ནམ་ངོ་བོ་ཟུང་འཇུག་དབྱེར་མི་ཕྱེད་པར་བྱེད་དོ། །རྣལ་འབྱོར་པ་གང་ཞིག་ཏིང་ངེ་འཛིན་འདི་ལྟར་བསྒོམ་པར་གང་བྱེད་པ་དེ་ནི། །ཕུང་པོ་ལྔ་རིགས་ལྔ་ཁམས་ལྔ་ཡུམ་ལྔ་དང་སྐྱེ་མཆེད་རྣམས་སེམས་དཔའ་སེམས་མར། །ཡེ་གདོད་མ་ནས་རིགས་ལྔའི་དཀྱིལ་འཁོར་དུ་མངོན་པར་རྫོགས་པར་སངས་རྒྱས་པས་ན། །གཏན་ཚིགས་དེ་ཕྱིར་རང་བདག་ཡེ་ནས་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གནས་པ་དེ་ཤེས་ནས་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་བསྐྱེད་དོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་དབང་བསྐུར་བའོ། །ཨོཾ་མ་ཧཱ་ཨཱ་དཪྴ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་དབང་བསྐུར་བའོ། །ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཆེན་པོ་ས་མ་ཏཱ་མཉམ་པ་ཉིད་ཛྙཱ་ན་ཡེ་ཤེས་བཛྲ་རྡོ་རྗེ་སྭ་བྷཱ་བ་རང་བཞིན་ཨཱདྨ་བདག་ཉིད་ཀོ྅ཧཾ་ངའོ། །ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། སོ་སོར་རྟོགས་པའི་ཡེ་ཤེས་སུ་སྔགས་ཀྱི་དབང་བསྐུར་བའོ། །ཨོཾ་མ་ཧཱ་ཀྲྀ་ཏ་ཨ་ནུཥྛ་ན་ཛྙཱ་ན་བཛྲ་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་སྐུ་རྡོ་རྗེ་ལྟ་བུར་བྱིན་གྱིས་བརླབ་པའི་སྔགས་སོ། །བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་གསུང་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཐུགས་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་མཁའ་གསང་བྱིན་གྱིས་བརླབ་ཅིང་ཆགས་པར་བྱ་བའི་སྔགས་སོ། །གཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅་ཨཧཾ། ཡབ་ཡུམ་སྦྱོར་བའི་བྱང་སེམས་ཀྱིས་འཕགས་པ་མཆོད་པའིའོ། །སངས་རྒྱས་བདེ་གཤེགས་བླ་མ་ཡི། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ་ནི་དབང་བསྐུར་བའི་བླ་མ་ལྟ་བུའོ། །རིགས་མ་ཡུམ་གྱི་བུམ་པའི་


DNG019_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས། །དབང་བསྐུར་བ་ལས་ཀྱི་སློབ་དཔོན་ལྟ་བུའོ། །བདག་ལ་དབང་བསྐུར་ཡི་དམ་བསྡིམ། །བུམ་ཆུས་བདག་ལ་དབང་བསྐུར་བས་བླ་མས་སློབ་མ་ལ་ཡི་དམ་ལྷ་བསྡིམས་པ་ལྟར་དམ་ཚིག་གི་དཀྱིལ་འཁོར་ལ། རིགས་ཀྱི་བདག་པོས་དབུ་རྒྱན་དུ་བཞུགས་པ་ནི། རིག་པའི་དབང་བསྐུར་བའོ། །དེ་ཕྱིར་དམ་ཚིག་དཀྱིལ་འཁོར་བསྐྱེད། །སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྔགས་ནི་གསང་བ་སྐུ་ཡིས་བྱིན་གྱིས་བརླབས། །སྐུ་བྱིན་གྱིས་བརླབས་པས་གསང་བའི་དབང་བསྐུར་བའོ། །བྱིན་གྱིས་བརླབས་པའི་སྔགས་ཀྱིས་གསང་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ལ། །བྱིན་གྱིས་རློབ་པའི་སྔགས་ཀྱིས་ཐུགས་ནི་བདེ་བ་ཆེན་པོ་འི་དབང་བསྐུར་བའོ། །སྟེ། །མཆོད་པ་སྟེ་ཕྲིན་ལས་ཀྱི་སྔགས་ཀྱིས་ཡུམ་གྱི་ཆགས་པས་རྗེས་སུ་མཆོད། །ཨ་ནུ་རཱ་ག་ནི་གསང་དབང་གསུམ་གྱིས་རྗེས་སུ་ཆགས་པའི་སྔགས་ཀྱིས་མཆོད་པ་འབུལ་བ་སྟེ་ཡོན་ཏན་གྱི་སྔགས་སོ། །མ་ཧཱ་པཱུ་ཛ་ནི་སངས་རྒྱས་ལ་འདོད་ཡོན་གྱི་མཆོད་པ་སྟེ་ཕྲིན་ལས་ཀྱི་སྔགས་སོ། །ཆགས་པའི་བདེ་བ་དང་བདེ་བས་སངས་རྒྱས་མཆོད་པའོ། །གསང་སྔགས་འདི་ཡི་ཡོན་ཏན་ལས། །གསང་སྔགས་རྒྱལ་པོ་འདི་བཅུ་ཡིས་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་གསུམ་གསང་བ་བྱིན་གྱིས་བརླབ་ཅིང་རྗེས་སུ་ཆགས་པའི་སྔགས་གཉིས་སྐུ་དང་གསུང་ཐུགས་མི་ཟད་པའི། །སྐུ་བྱིན་གྱིས་བརླབས་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དེ་བཞིན་དུ། གསུང་དང་ཐུགས་རྒྱན་གྱི་འཁོར་ལོ་རབ་བསྒྲུབ་ཅིང་། །ཕྱི་འདོད་པའི་འདོད་ཡོན་ལྔས་མཆོད་པ་དང་དང་ནང་གི་འདོད་པའི་ཡོན་ཏན། གསང་བའི་མཆོད་པ་འདོད་པ་ཨ་ནུ་རཱ་ག་རྗེས་སུ་ཆགས་པའི་སྔགས་དང་མ་ཧཱ་པཱུ་ཛ་མཆོད་པའི་སྔགས་སོ། །ཡིས། །ཡོན་ཏན་མཆོད་ནས་ལས་རྣམས་བསྒྲུབ། །སྒྲུབ་པའི་རྣལ་འབྱོར་སྐལ་བཟང་ལ། །རིག་པའི་དབང་ལྔ་བུམ་པས་རྫོགས། །མི་བསྐྱོད་པ་བུམ་ཆུའི་དབང་དང་། རྣམ་སྣང་མིང་གི་རིན་འབྱུང་ཅོད་པན། སྣང་མཐའ་རྡོ་རྗེའི། དོན་གྲུབ་དྲིལ་བུའི་དབང་ནི་དབང་བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས། བདེ་བ་ཆེན་པོ་དང་བཞི་ལམ་དུ་གང་བསྒོམ་པའི། །གང་ཟག་སྒྲུབ་པ་པོ་མི་ཡི་ལུས་སུ་གནས་ཀྱང་། །སེམས་ཀྱི་དགོངས་པ་རྫོགས་སངས་རྒྱས་ཀྱི་དགོངས་པར་བཞུགས་པའོ། །དེ་ཡན་ཆད་ཀྱིས་སྨིན་པའི་སྔགས་བཤད་ཟིན་ནོ། ༈ །རང་བཞིན་གྱི་དཀྱིལ་འཁོར་བསྐྱེད་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་བའི་སྔགས་སོ། །ཡེ་


DNG019_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒྲུབ་པའི་གསང་སྔགས་ཉོན། །བཛྲ་ས་མ་རྡོ་རྗེ་དམ་ཚིག་ཡ་ཛཿ། ཨོཾ་ཨེ་ཧྱེ་ཧི་ཚུར་སྤྱོན་ཚུར་སྤྱོན་བྷ་ག་བཱན་བཅོམ་ལྡན ། མ་ཧཱ་ཆེན་པོ་ཀ་རུ་ཎི་ཀ་ཐུགས་རྗེ ། དྲྀ་ཤྱ་ཧོ་གཟིགས་པར་མཛོད ། ས་མ་ཡ་སྟྭཾ་དམ་ཚིག་དུས་ལ་བབ ། ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞིས་སྤྱན་འདྲེན་པས་སྤྱོན ། པྲ་བེ་ཤ་ཕཊ་སྒྲིབ་པ་དྲལ ། ཨཱ་བེ་ཤ་ཡ་ཡེ་ཤེས་བཞུགས་པར་ཞུ ། པྲ་བེ་ཤ་ཡ་དམ་ཚིག་སྒྲིབ་པ་བྲལ་ཨ་ཨ། ཨཱ་བེ་ཤ་ཡ་ལྷ་ཡེ་ཤེས་བསྡིམ་པ་ཨ་ཨ། ཀཱ་ཡ་བཱ་ཀ་ཙིཏྟ་ཏིཥྛ་བཛྲ་སྐུ་གསུང་ཐུགས་བརྟན་པའི་རྡོ་རྗེ ། ཨ་ཏི་པུ་ཧོ་ཕྱག་འཚལ་བ ། པྲ་ཏཱིཙྪ་ཧོ་ཕྱག་ལན་བྱིན ། ཨ་ལ་ལ་ཧོ་ཕྱག་གིས་མཉེས་པའོ། །དྷརྨ་ཆོས་ཀྱི་ཕྱག་རྒྱ་མུ་དྲ་པཱུ་ཛཱ་ཡ་མཆོད་པ ། ཀརྨ་མུ་དྲ་ལས་ཀྱི་ཕྱག་རྒྱས་མཆོད་པ་པཱུ་ཛཱ་ཡ། ས་མ་ཡ་མུ་དྲ་དམ་ཚིག་གིས་ཕྱག་རྒྱས་མཆོད་པ་པཱུ་ཛཱ་ཡ། ཀཱ་ཡ་སྐུ་ཕྱག་རྒྱ་ཆེན་པོའི་མཆོད་པ་མུ་དྲ་མ་ཧཱ་པཱུ་ཛཱ་ཡ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ དེ་བཞིན་གཤེགས་པ་ཐམས་ཅད་ལ་སྒོ་སྣ་ཚོགས་ནས་ཕྱག་འཚལ་ལོ། །སརྦ་ཏརྔྷེ་ཨུཏྒ་ཏེ་དེ་ཐམས་ཅད་དུ་ནམ་མཁར་འཕགས་པ ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ་ཁྱབ་པ་འདི་ནམ་མཁའ་གང་བར་འབྱུང་བའོ། །ཨོཾ་བ་ནཱ་བེ་མ་ཆགས་པ་ཆེན་པོའི་གླུ ། པེ་ནུ་སུ་ར་ཏོ་བདེ་བ་ཆེན་པོའི་གླུ ། ཏི་པུ་པ་ར་མུ་དོན་དམ་པའི་གླུ ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ་དེ་བཞིན་གཤེགས་པའི་གླུ ། ས་མ་ཡོ་ཏ་མུ་དམ་ཚིག་གི་གླུ ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུ ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ་ཐམས་ཅད་བདེ་བ་ཆེན་པོའི་གླུ ། ཨོཾ་ཨཱཿ ཧཱུྃ་སྐུ་གསུང་ཐུགས ། རཀྟ་ཙིཏྟ་རཀྟའི་ཨརྒྷཾ་འབུལ་བའི་སྔགས་ཤོ་དྷ་ནི་ཧཱུྃ་སྭཱ་ཧཱ། ཤྲཱི་བཛྲ་པུཥ྇་པུ་མེ་ཏོག་འབུལ་བའི་སྔགས ། ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ་སྤོས ། ཤྲཱི་བཛྲ་ཨཱ་ལོ་ཀེ་ཧྲཱྀཿ མར་མེ ། ཤྲཱི་བཛྲ་གན་དྷི་གྷན་དྲི་ཆབ ། ཤྲཱི་བཛྲ་ནཻ་བིདྱ་ཞལ་ཟས་ཁ་ཁ་ཁཱ་ཧི་ཟོ་ཟོ་གསོལ་ཅིག །ཤྲཱི་བཛྲ་གཱིརྟི་ཧྲཱྀཿ སྒྲ་སྙན ། ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཧཱུྃ་ཁ་རཾ་ཁ་རཾ་ཁ་རཾ་ཁཱ་ཧི། ཀཱ་ཡ་སིདྡྷི་ཨོཾ་རྡོ་རྗེ་ལྟ་བུར་གྱུར་ཅིག །བཱཀ་སིདྡྷི་ཨཱཾཿ གསུང་རྡོ་རྗེ་ལྟ་བུར་གྱུར་ཅིག །ཙིཏྟ་སིདྡྷི་ཧཱུྃ་ཐུགས་རྡོ་རྗེ་ལྟ་བུར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། སུ་ར་ཏོ་ཆང་སྦྲེང་བ ། ཨུ་བ་བྷྱཿ རྗེས་སུ་དྲན་པ ། ཀ་མ་ལ་སྲིད་པ་ཆགས་པའི་ཕྲེང་བ་མཱ་ལ། བཛྲ་ཨ་མྲྀ་ཏ་བདུད་རྩི ། ཨ་ཧ་ར་སྐྱེ་མེད་སྤྲོ་བ་པྲ་ཏཱིཙྪ་མཆོད་པ་


DNG019_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། ཁ་ཁ་ཟོ་ཟོ་ཁཱ་ཧི་ཁཱ་ཧི་ཟོ་ཅིག་གསོལ་ཅིག །ཨོཾ་ཨཱཿཧཱུྃ་སྐུ་གསུང་ཐུགས་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་སརྦ་ཏ་ཐཱ་ག་ཏ་བུཌྜྷ་ཐམས་ཅད་དེ་བཞིན་གཤེགས་པ་སངས་རྒྱས་ཡང་དག་པར་རྫོགས་པའི་སཾ་མྱཀྶཾ་བུཌྜྷ་གྷི་ཏ་པཱུ་ཛཱ་མཆོད་པ་ཀཱ་ཡ་བཱཀ་ཙིཏྟ་སྐུ་གསུང་ཐུགས་གཎ་ཡོན་ཏན་ཀརྨ་ལས་ས་མ་ཡ་དམ་ཚིག་པཱུ་ཛཱ་ཡ་མཆོད་པ་མཆོད་པར་འབུལ་ལོ། །པཱུ་ཛཱ་ཡ་སྭཱ་ཧཱ། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །རྩ་བར་གྱུར་པའི་ཕྱག་རྒྱ་ནི། །རྩ་བའི་ཕྱག་རྒྱ་ཐམས་ཅད་འབྱུང་བའི་རྒྱུ་ནི་རྡོ་རྗེ་ཐལ་མོ་སྟེ། ཞེས་སོགས་སོ། །གཡས་པ་ཐབས་ཀྱི་རང་བཞིན་གྱི་སོར་མོ་རྣམས་ལ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་རྣམས་བཀོད་ལ། །གཡོན་པ་ཤེས་རབ་ཡུམ་གྱི་ངང་གི་སོར་མོ་རྣམས་ལ་མཱུཾ་ལཱཾ་མཱཾ་པྱཾ་ཏཱཾ་རྣམས་བཀོད་དོ། །ཐབས་དང་ཤེས་རབ་ལྡན་པར་གྱུར་པས་ནི། །ལག་པ་ཐལ་མོ་སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །འབྲུ་རྣམས་ཨོཾ་དང་མཱུཾ་རྩེ་སྦྱར་གཞན་རྣམས་བསྣོལ་ཏེ་རྩེ་སྤྲད་པས། །སོར་མོའི་ཡི་གེ་ལྷ་ཡབ་ཡུམ་སྦྱོར་བས་བདེ་བ་ཆེན་པོ་འབྱིན་པའི་རྒྱ། །རྣམ་པར་གྲོལ་བ་རིགས་ལྔའི་ལྷ་རྣམས་ཀྱི་ཕྱག་རྒྱའི་སྒོ་ནས་སྐུ་མཚོན་པའི་ཕྱིར། །རྡོ་རྗེ་སེམས་དཔའི་རྡོ་རྗེ་རྣམ་སྣང་གི་འཁོར་ལོ་རིན་འབྱུང་གི་རིན་པོ་ཆེ། །སྣང་བ་མཐའ་ཡས་ཀྱི་པདྨ་དོན་ཡོད་གྲུབ་པའི་རལ་གྲི་ཡུམ་གྱི་དྲིལ་བུ་བསྣམས། །ས་སྙིང་རིན་ཆེན་མྱུ་གུ་ནམ་སྙིང་རལ་གྲི་འབར། །སྤྱན་རས་གཟིགས་པདྨ་དཀར་པོ་ཕྱག་ན་རྡོ་རྗེའི་རྡོ་རྗེ་རྩེ་ལྔ་འབར། །སའི་སྙིང་པོའི་ཡུམ་སྒེག་མོ་གཟུགས་མཛེས་མེ་ལོང་ནམ་སྙིང་གི་ཡུམ་རིན་པོ་ཆེན་འི་ཕྲེང་བ་དང་། །སྤྱན་རས་གཟིགས་ཀྱི་ཡུམ་གླུ་མའི་པི་ཝང་ཕྱག་རྡོར་ཡུམ་གར་མཁན་ལག་པས་གར་བྱེད་པ་མཆོག་ཉིད་དེ། །ཕྱིའི་ཡབ་ཡུམ་ནི་བྱམས་པ་ཀླུ་ཤིང་སྒྲིབ་སེལ་གྱི་ཆོས་ཀྱི་འཁོར་ལོ་དང་། །ཀུན་བཟང་གི་རིན་ཆེན་སྙེ་མ་འཇམ་དཔལ་གྱི་ཨུཏྤ་ལ། །ཡུམ་རྣམས་ལ། མེ་ཏོག་མས་མེ་ཏོག་ཕྲེང་དང་བདུག་སྤོས་མས་སྤོས་མཆོད་མ། །མར་མེ་མས་མར་མེ་བྱུག་པ་མས་དུང་ཕོར་ནས་དྲི་ལ་སོགས་པའི་གཡོན་རྣམས་ཡབ་ལ་འཁྱུད་པ་དྲིལ་བུའོ། །ཀུན་ཏུ་བཟང་པོ་ཕྱག་མཉམ་གཞག་གི་སོར་མོ་ལྔ་ལས་ཡེ་ཤེས་འཕྲོ་ལྔའི་འོད་ཟེར། །ཀུན་བཟང་གི་ཡུམ་གྱུར་པ་ཀུན་ཏུ་བཟང་མོ་མཉམ་གཞག་གི་མཐེ་བོང་གཉིས་རྩེ་སྤྲད་པ་པདྨ་ལྟ་བུ་རྫོགས་ཞབས་པདྨའི་


DNG019_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་ངོ་། །ལྷའི་ཐུབ་པ་ཕྱག་ན་པི་ཝང་དང་ནི་མིའི་གསེག་པར་དང་། །ལྷ་མིན་གོ་ཆ་བྱོལ་སོང་པོ་ཏི་ཡི་དྭགས་རིན་ཆེན་སྒྲོམ། །དམྱལ་བའི་ཐུབ་པའི་མེ་དང་ཆུར་འི་བུམ་པར་ནི་རབ་ཏུ་བསྟན། །ཤར་གཤིན་རྗེ་གཤེད་མི་མགོ་འི་དབྱུག་པ་གདེངས་པ་དང་ལྷོར་སྟོབས་པོ་ཆེ་རྡོ་རྗེ་ས་ཐོད་པའི་སྟེང་ནས་གནོན། །ནུབ་རྟ་མགྲིན་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་གཡས་ན་ཐོགས་ནས་ཆེན་པོས་གཡོན་གྱི་ཐོད་པའི་ཁ་གནོན་པ་དང་། ༈ །བྱང་བདུད་རྩི་འཁྱིལ་པས་གཡས་ཀྱི་རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གཡོན་གྱི་ཐོད་པ་གནོན། །ཤར་ལྕགས་ཀྱུ་མ་ལྷོར་ཞགས་པ་མ་ནུབ་ལྕགས་སྒྲོག་མ་སྥོ་ཊ་བྱང་དྲིལ་བུ་མ་ཧོ། །ལག་པ་གར་དང་ངག་གི་དབྱངས་ཀྱི་ཡིད་ཀྱིས་མཆོད་པ་འདི་ཡེ་ཤེས་ལྷ་ལ་འབུལ་གྱིས། །ཐུགས་ཆོས་ཉིད་དུ་དག་པའི་སློབ་མ་ལ་དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཕྱག་རྒྱ་བཞི་ཡི་དོན་བསྟན་པ། །བསྲུང་བྱའི་དོན་ལས་མི་འདའ་བ་དམ་ཚིག་གི་ཕྱག་རྒྱ་དང་། །ཕྲིན་ལས་ཀྱི་བྱ་བ་བྱེད་པ་ལས་ཀྱི་ཕྱག་རྒྱ་དང་། །འཁོར་འདས་མཁྱེན་པ་བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། །ལྷའི་སྐུ་གསལ་བ་ར་བསྐྱེད་པ་སྐུ་ཡི་ཕྱག་རྒྱ་ཆེན་པོ་དང་བཞིས། །ཐམས་ཅད་ཀུན་ལ་འཁོར་བའི་སེམས་ཅན་གྱི་ལུས་ལས་འདས་པ་སངས་རྒྱས་ཀྱི་རྒྱས་བཏབ་པའོ་ས་ན་ཕྱག་རྒྱ། །དམ་ཚིག་ཕྱག་རྒྱ་རྣམ་པ་བཞི། །དང་པོ་མི་འདའ་བ་དམ་ཚིག་གི་ཕྱག་རྒྱ་བཞི་ལ། སྐུ་ཕྱག་རྒྱ་ཆེན་པོ་ནི། སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་ཆགས་པ་དབུ་དང་ཕྱག་ཞབས་སུ་ལྡན་པར་བསྒོམ་པ་སྟེ་སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །དེ་ལ་སྐུ་ཕྱག་རྒྱ་ཆེན་པོ་ཅིའི་ཕྱིར་བྱ་ན། ལྷ་དྲན་པའི་རྒྱུར་ཆེ་སྟེ། ལྷ་ནི་རྡོ་རྗེ་དྲིལ་བུ་ཡང་ཡིན་ན་དེ་ལ་སོ་སོ་སྐྱེ་བོ་རྣམས་ལྷ་ཡིན་པའི་འདུ་ཤེས་མི་འབྱུང་། བྲིས་སྐུའམ་ལུགས་སྐུ་ལ་ལྷ་ཡིན་སྙམ་ནས་ཕྱག་འཚལ་བས་ན་ལྷ་དྲན་པའི་རྒྱུར་ཆེ་བའི་ཕྱིར། སྐུ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །གསུང་ཆོས་ཀྱི་ཕྱག་རྒྱ་ནི། དེ་ལྟར་ལྷ་བསྒོམ་པའི་ལྕེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ། སློབ་དཔོན་སཽ་ཁྱ་དེ་བའི་བཞེད་པས་རྡོ་རྗེ་འགྲེང་བའི་ཐ་མར་གསུང་གི་ཡིག་འབྲུས་བསྐོར་བར་བཤད། སློབ་དཔོན་བལ་འབངས་ཀཱ་ལ་སིདྡྷིའི་བཞེད་པས། རྡོ་རྗེ་འཕྲེད་ཉལ་དུ་བཞག་པའི་ཆང་གཟུངས་ཀྱི་དཀྱིལ་དུ་གསུང་ཡིག་འབྲུས་བསྐོར་བར་བཞེད། དེ་ཡང་བདེན་པ་སྟོན་པའི་གསུང་དང་ཕན་པ་སྟོན་


DNG019_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསུང་ངོ་། །དང་པོ་དོན་གྱི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རྟགས་རྡོ་རྗེ་རྩེ་ལྔ་པ་འབྱུང་ལ། གཉིས་པ་ནི་ཚིག་གི་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ཡིག་འབྲུས་བསྐོར་བའོ། །ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་ནི། །དེ་ལྟར་བསྒོམ་པའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལྗང་གུ་བསམ་མོ། །དེ་ཡང་རང་དོན་ལྷུན་གྱིས་གྲུབ་པའི་རྟགས་སུ་རྡོ་རྗེ་རྒྱ་གྲམ་གཞི་གཅིག་ཏུ་གྱུར་པ་ཡིན་གཞན་དོན་ལྷུན་གྲུབ་རྟགས་སུ་ཀུན་ཏུ་རྭ་རྩེར་བྱུང་བ་ཡིན་ནོ། །དེ་ནི་ཕྲིན་ལས་ཀྱི་ཕྱག་རྒྱའོ། །ཐུགས་ནི་དམ་ཚིག་ཕྱག་རྒྱའོ། །ཐུགས་དམ་ཚིག་གི་ཕྱག་རྒྱ་ནི། དོན་རྟགས་ལས་མི་འདའ་ལ། རྟགས་ཀྱིས་དོན་མཚོན་པར་བྱེད་པས་ཀྱང་མི་འདའོ། །དཔེར་ན་ལ་རྒྱབ་ཏུ་དུ་བ་བྱུང་ན། མེ་ཡོད་པའི་རྟགས་ཡིན་ལ། དུ་བ་དེས་ཀྱང་མེ་སྟོན་ཅིང་མཚོན་པར་བྱེད་པ་ལྟར། དོན་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཕྲིན་ལས་ཅི་མཛད་པའི་རྟགས་ཕྱག་མཚན་བྱུང་བ་ནི། དོན་རྟགས་ལས་མི་འདའ་བ་ཡིན་ལ། ཕྱག་མཚན་དེས་དོན་ཐུགས་ཡང་དག་པའི་ཡེ་ཤེས་དེ་མཚོན་ཅིང་སྟོན་པར་བྱེད་པས་རྟགས་ཀྱིས་དོན་མཚོན་པར་བྱེད་པ་ལས་མི་འདའ་བའོ། །ཐུགས་ཀྱིས་གཟུང་འཛིན་གྱི་རྣམ་རྟོག་འཇོམས་པས་རྡོ་རྗེ། ཆོས་ཀྱི་འཁོར་ལོ་བསྐོར་བས་ན་འཁོར་ལོ། འདོད་པ་སྐོང་བས་ན་རིན་ཆེན། སྐྱོན་གྱིས་མ་གོས་པས་ན་པདྨ། ཉོན་མོངས་གཅོད་པས་རལ་གྲི། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པས་དྲིལ་བུའོ། །བྱེད་པ་ལས་ཀྱི་ཕྱག་རྒྱ་བཞི། །ཨེ་ཡི་ལས་ཀྱིས་དྲག་པོར་བྱེད། །ཨེ་དམ་ཚིག་གི་ཕྱག་རྒྱ་སྟེ། ཡུམ་ཆོས་ཀྱི་དབྱིངས་ལས་མི་འདའ་བས་ན་དམ་ཚིག་ཆོས་ཀྱི་དབྱིངས་ཀྱི་ངང་དུ་ཀུན་འཇོམས་པས་ན་དྲག་པོའི་ལས་ཀྱིས་ཀུན་འཇོམས་པར་བྱེད་པས་ན་སྦྱར་རོ། །བཾ་གྱི་ལས་ཀྱི་དབང་དུ་བྱེད། །བཾ་ཕྱག་རྒྱ་ཆེན་པོ་ཡབ་ལྷའི་སྐུ་སྟེ་ཡབ་ཀྱིས་ཡུམ་དང་འཁོར་དབང་དུ་བྱེད་པས་ན་དབང་གི་ལས་དང་སྦྱོར་རོ། །མ་ཡི་ལས་ཀྱིས་རྒྱས་པར་བྱེད། །མ་ཆོས་ཀྱི་ཕྱག་རྒྱ་སྟེ། ལུང་དང་རྟོགས་པའི་ཆོས་ཀྱིས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་པས་ན་རྒྱས་པའི་ལས་དང་སྦྱར་རོ། །ཡཱ་ཡི་ལས་ཀྱིས་ཞི་བར་བྱེད། །ཡཱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཡང་ལྷག་པའི་བྱང་སེམས་ཀྱིས་ལས་ཉོན་མ་ལུས་པ་ཞི་བར་བྱེད་པས་ན་ཞི་བའི་ལས་དང་སྦྱར་བར་བྱའོ། །འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་ཕྱག་རྒྱ་བཞིས་དབང་དུ་བྱས་སོ། །གསུམ་པ་ཆོས་ཀྱི་ཕྱག་བཞི་ནི་གཡོན་དུ་ལུས་ཡོད་ན་གྲིབ་མ་ཡོད་པ་བཞིན་དུ་བསྐྱོད་པ། །ཡུམ་ནི་དམ་ཚིག་གི་ཕྱག་རྒྱ་ལ་འོ། །ལྷའི་སྐུ་བསྐྱེད་པ་ནི་ཡབ་ནི་ཕྱག་རྒྱ་ཆེན་པོ་སྐུ་གཉིས་གསང་བའོ། །ཡབ་


DNG019_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་མཁའ་གསང་བྱིན་གྱིས་རླབས་པ་ནི་ལས་ཀྱི་ཕྱག་རྒྱ་འོ། །བྱང་ཆུབ་སེམས་ལས་འཁོར་བསྐྱེད་པར་བྱས་ན་དེ་ཐམས་ཅད་ཞི་བའོ། །འཁོར་བསྐྱེད་ཆོས་ཉིད་ལས་མི་འདའ་བ་ཆོས་ཀྱི་ཕྱག་རྒྱའོ། །གསལ་བ་སྐུ་ཡི་ཕྱག་རྒྱ་བཞི་ནི། །དམ་ཚིག་རང་བྱུང་ཡེ་ཤེས་གསུང་ལས་མི་འདའ་འོ། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ། །ལས་ཀྱི་ཕྱག་རྒྱ་སྤྲུལ་པའི་སྐུ་ལས་ཀྱི་ཕྱག་རྒྱ་སྤྲུལ་སྐུ་འགྲོ་དོན་མཛད་པའོ། །ཆོས་ཀྱི་ཕྱག་རྒྱ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་དགོངས་པ་སྟོན་པའོ། །དེ་མན་ཆད་ཐུགས་ཕྱག་རྒྱའི་དཔེའོ། །དེ་ནས་བདེ་བར་གཤེགས་པ་རྣམས་ཀྱིས་ཡོན་ཏན་གྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཆེ་བ་འདི་འགྲོ་བའི་དོན་དུ་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཆེ་བ་འདི་དག་བསྟན་པའི་ཕྱིར་གསུངས་པ་ནི་འདི་ལྟ་སྟེ། ཨཥྚ་ད་ཤ་བེ་ཎི་ཀ་བུཌྜྷ་དྷརྨཱ་ཞེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན་ཏེ། ཆོས་འདི་རྣམས་ཉན་རང་དང་བྱང་ཆུབ་སེམས་དཔའ་ལ་མེད་ཅིང་ཐུན་མོང་མ་ཡིན་ལ་སངས་རྒྱས་ཉག་གཅིག་ལ་ཡོན་ཏན་འདི་རྣམས་མངའ་བས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱའོ། །དེ་ལ་འཁྲུལ་པ་མི་མངའ་ཞིང་། །ནཱསྟཾ་ཏ་ཐཱ་ག་ཏ་སྱ་སྑ་ལི་ཏཾ་ཞེས་པ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པའི་དགོངས་པ་ལ་ནོར་པ་མི་མངའ་ཞིང་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མ་ནོར་ཞིང་ཐོག་ཏུ་མི་བབ་པ་མེད་པས་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་ཞེས་བྱའོ། །ཅ་ཅོ་མི་མངའ་བ་དང་ནི། །ནཱ་སྡི་ར་བི་ཏཾ་ཞེས་བྱ་བ། ཅ་ཅོ་མེད་པ་ཡིན་ཏེ། དགྲ་བཅོམ་པ་ཁ་ཅིག་ལ་ནོར་ནས་ཀུ་ཅོ་འདོན་པ་དང་། སྔོན་གྱི་བག་ཆགས་མ་བྱང་བས་ཅ་ཅོ་ཆེ་ཞིང་ཚིག་ལ་འཁྲལ་འཁྲུལ་ཡོད་པ་ལྟ་བུ་མ་ཡིན་པས་ན་ཅ་ཅོ་མེད་པ་ཞེས་བྱའོ། །བསྙེལ་བ་མི་མངའ་གནས་པ་དང་། །ནཱསྡི་མུ་ཥི་ཏ་སྨྲྀ་ཏི་ཏ་ཞེས་པ། བསྙེལ་བ་མེད་པ་ཡིན་ཏེ། དགྲ་བཅོམ་པ་ལ་དགོངས་པའི་ཡེ་ཤེས་མི་མངའ་སྟེ། བསྙེལ་ནས་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་ཤོར་བ་དང་དུས་ལས་ཡོལ་བ་ལྟ་བུ་མིན་པས་ན་བསྙེལ་བ་མི་མངའ་བ་ཞེས་བྱའོ། །མཉམ་པར་མ་བཞག་མི་མངའ་དང་། །ནཱསྟྱ་ས་མཱ་ཧི་ཏ་ཙིཏྟ་ཞེས་པ་སེམས་མཉམ་པར་མ་བཞག་པ་མེད་པ་ཡིན་ཏེ། དགྲ་བཅོམ་པ་དག་ནི་ནམ་ཏིང་ངེ་འཛིན་གང་ལ་ཞུགས་པ་དེའི་ཚེ་ཏིང་ངེ་འཛིན་དེ་ལས་ལྡང་བ་ན་མཉམ་པར་མ་བཞག་པ་ལྟ་བུ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་


DNG019_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བརྙེས་པས་ན་ཏིང་ངེ་འཛིན་ལ་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང་སྟེ། མཉམ་པར་མ་བཞག་པ་མེད་པས་ན་དེ་སྐད་ཅེས་སོ། །ཐ་དད་འདུ་ཤེས་མེད་པ་དང་། །ནཱསྡི་ནཱ་ནཱ་ཏྭ་སཾ་ཛྙཱ་ཞེས་པ། ཐ་དད་པའི་འདུ་ཤེས་མེད་པ་ཡིན་ཏེ། དགྲ་བཅོམ་དག་འཁོར་འདས་གཉིས་ལ་བྱེ་བྲག་ཏུ་འཛིན་ཅིང་ཉོན་མོངས་དང་རྣམ་བྱང་ལ་སོགས་པ་ལ་ཐ་དད་དུ་འབྱེད་པ་ལྟ་བུ་མི་མངའ་སྟེ་སེམས་ཅན་མཉམ་པ་ཉིད་དང་ཆོས་མཉམ་པ་ཉིད་དུ་གཟིགས་པས་ན་དེ་སྐད་དོ། །སོ་སོར་མ་བརྟགས་བཏང་སྙོམས་མེད། །ནཱསྟྱ་པྲ་ཏི་སཾ་ཁྱ་ཡོ་སེ་ཀྵ་ཞེས་པ། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཡིན་ཏེ། དགྲ་བཅོམ་དག་སེམས་ཅན་གྱི་དོན་ལ་མ་བརྟགས་པར་འདོར་བ་ལྟ་བུ་མ་ཡིན་གྱིས། སྐལ་བ་ཡོད་མེད་དང་དུས་ལ་བབ་མ་བབ་གཟིགས་ནས་དུས་དང་སྦྱོར་བ་མ་གཏོགས་པར། ཡལ་བར་འདོར་བ་མེད་པས་ན་དེ་སྐད་དོ། །འདུན་པ་ཉམས་པ་མི་མངའ་དང་། །ནཱསྡི་ཙྪནྡ་སྱ་ཧཱ་ནི། ཞེས་པ། འདུན་པ། ཉམས་པ་མེད་པ་ཡིན་ཏེ། དགྲ་བཅོམ་དག་སྤྱོད་ཡུལ་དམན་པས་དེ་བཞིན་གཤེགས་པའི་ས་ལ་མོས་ཤིང་འདུན་པ་མེད་དེ། ཉན་ཐོས་ཀྱི་བྱ་བ་ལ་མོས་པ་ལྟ་བུ་མ་ཡིན་གྱིས། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བ་ལ་སོགས་པ་ལ་རྟག་ཏུ་འདུན་པར་འཇུག་པས་ན་དེ་སྐད་དོ། །བརྩོན་འགྲུས་ཉམས་པ་མི་མངའ་དང་། །ནཱསྡི་བཱི་རྱ་སྱ་ཧཱ་ནི་ཞེས་བྱ་བ། བརྩོན་འགྲུས་ཉམས་པ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་པར་ཆོས་བཤད་ཀྱང་སྐུ་གསུང་ཐུགས་བསྙེལ་བར་མི་འགྱུར་བ་དང་། སེམས་ཅན་གཅིག་གི་ཕྱིར་ཡང་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདས་ཏེ་གཤེགས་པས་ན། བརྩོན་འགྲུས་ཉམས་པ་མེད་པ་ཞེས་བྱའོ། །དྲན་པ་ཉམས་པ་མེད་པ་དང་། །ནཱསྡི་སྨྲྀ་ཏི་ཧཱ་ནི་ཞེས་པ། དྲན་པ་ཉམས་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་བསམ་པ་དང་མོས་པ་ལ་སོགས་པ་སེམས་ཅན་འདུལ་ཐབས་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཇི་ལྟ་བར་གཟིགས་ཤིང་དགོངས་པ་ལས། ཕྱིས་ཡེ་ཤེས་ཀྱིས་བརྟག་མི་དགོས་ཏེ་ཉམས་པ་མེད་པས་ན་དེ་སྐད་དོ། །ཏིང་འཛིན་ཉམས་པ་མེད་པ་དང་། །ནཱསྡི་ས་མཱ་དྷི་ཧ་ནི་ཞེས་པ། ཏིང་ངེ་འཛིན་ཉམས་པ་མེད་པ་ཡིན་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་མཉམ་པ་ཉིད་ལ་སྙོམས་པར་འཇུག་ཅིང་དེ་ལས་མི་གཡོ་བར་འཛིན་པས་ན་དེ་སྐད་ཅེས་སོ། །ཤེས་རབ་ཉམས་པ་མེད་པ་དང་། །ནཱསྡི་པྲཛྙཱ་ཡཱ་ནི་ཞེས་པ། ཤེས་རབ་ཉམས་པ་མེད་པ་ཡིན་ཏེ། སེམས་ཅན་གྱི་སྤྱོད་


DNG019_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁྱེན་པ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མཁྱེན་པ་མི་ཟད་པ་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་མངའ་བས་ན་དེ་སྐད་དོ། །རྣམ་པར་གྲོལ་བ་ཉམས་པ་མེད། །ནཱསྡི་བི་མུཀྟེ་ཧ་ནི། ཞེས་པ། རྣམ་པར་གྲོལ་བ་ཉམས་པ་མེད་པ་ཡིན་ཏེ། ཉོན་ཤེས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་དེ་སྐད་ཅེས་བྱའོ། །ལུས་ལས་ཡེ་ཤེས་སྔོན་འགྲོ་འབྲང་། །སརྦ་ཀཱ་ཡ་ཀརྨྨ་ཛྙཱ་ན་པུ ་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི། ཞེས་བྱ་བ། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། དགྲ་བཅོམ་ཁ་ཅིག་ལུས་ཀྱི་ལས་བསམས་བཞིན་མ་ཡིན་པར་བྱེད་དེ་འཇིག་རྟེན་གྱི་ཡིད་དང་འགལ་བ་ལྟ་བུ་མ་ཡིན་གྱི། སྤྱོད་ལམ་བཞི་པོ་ཀུན་གྱིས་ཀྱང་སེམས་ཅན་འདུལ་ཏེ། ཡེ་ཤེས་སྔར་འབྱུང་བའི་རྒྱུ་ལས་བྱུང་བས་ན་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ཡེ་ཤེས་དང་ལྷན་ཅིག་འབྱུང་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པས་ན་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། བསྡུས་ན་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ། ངག་དང་ཡིད་ཀྱི་ལས་ཀྱི་སྐབས་སུ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་འདི་བཞིན་དུ་བཤད་དོ། །ངག་ལས་ཡེ་ཤེས་སྔོན་འགྲོ་འབྲང་། །སརྦ་པཱཀྐརྨྨ་ཛྙཱ་ན་པུརྦཾ་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི། ཞེས་པ་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཆོས་སྟོན་པ་ལ། དོན་མེད་ཅིང་ཆུད་ཟ་བར་མི་འགྱུར་ལ། གསུང་གི་ཡན་ལག་དྲུག་ཅུ་ལྡན་པས་ན། ངག་གི་ལས་ཐམས་ཅད་ཡེ་ཤེས་ལ་སོགས་པའོ། །ཡིད་ལས་ཡེ་ཤེས་སྔོན་འགྲོ་འབྲང་། །སརྦ་མ་ནཿཀརྨྨ་ཛྙཱ་ན་པུརྦཾ་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི། ཞེས་པ། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། ཉོན་མོངས་པ་དང་སྤྲོས་པའི་བག་ཆགས་ཐམས་ཅད་དང་བྲལ་ཏེ། ཡང་དག་པའི་མཐའ་དོན་དམ་པའི་མཚན་ཉིད་དང་མ་བྲལ་བས་ན། ཡིད་ཀྱི་ལས་ལ་སོགས་པའོ། །འདས་དུས་མ་ཆགས་མ་ཐོགས་གཟིགས། །ཨ་ཏཱི་ཏེ་དྷྭ་ནྱ་སཾ་ག་མཱ་པྲ་ཏི་ཧ་ཏ་ཛྙཱ་ན་དཪྴ་ནཾ་པ་རི་བརྟྟི། ཞེས་པ་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པ་ཡིན་ཏེ། དགྲ་བཅོམ་ལྟར་འདས་པའི་དུས་ཀྱི་དངོས་པོ་ཅི་ལ་བརྟག་པས་ན། སྣ་གཅིག་མཁྱེན་གྱི། གཞན་ལ་ཐོགས་ཤིང་མི་མཁྱེན་པ་ལྟ་བུ་མ་ཡིན་གྱིས། འདས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་དང་། ས་ཆུ་མེ་རླུང་གི་རྡུལ་ཕྲ་མོའི་གྲངས་དང་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་སོགས་པ་མ་ལུས་པར་མཉམ་པར་བཞག་པ་དང་། མ་


DNG019_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བཞགས་པའི་དུས་དང་སྦྱར་བ་མེད་ཅིང་ཅི་ལ་ཡང་ཐོགས་པ་མེད་པར་ཐུགས་སུ་ཆུད་པས་ན་འདས་པའི་དུས་ལ་མ་ཆགས་མ་ཐོགས་པ་ལ་སོགས་པའོ། །ད་ལྟར་མ་ཆགས་མ་ཐོགས་གཟིགས། །པྲ་ཏྱུཏྦནྣ་དྷྭ་ན་སོགས་སྔ་མ་ལྟར་ལ། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་གོ་ཞེས་པ་ནི་དགྲ་བཅོམ་པ་ལྟར་ད་ལྟར་གྱི་དུས་ཀྱི་དངོས་པོ་ཅི་ལ་བརྟག་པས་ན་སྣ་གཅིག་མཁྱེན་གྱི་གཞན་ལ་ཐོགས་ཤིང་མི་མཁྱེན་པ་ལྟ་བུ་མ་ཡིན་གྱིས། ད་ལྟར་གྱི་དུས་ཀྱི་སངས་རྒྱས་ཀྱི་ཞིང་དང་། ས་ཆུ་མེ་རླུང་གི་རྡུལ་ཕྲ་མོའི་གྲངས་དང་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་སོགས་པ་མ་ལུས་པར་མཉམ་པར་བཞག་པ་དང་མ་བཞག་པའི་དུས་དང་སྦྱར་བ་མེད་ཅིང་ཅི་ལ་ཡང་ཐོགས་པ་མེད་པར་ཐུགས་སུ་ཆུད་པས་ན་ད་ལྟར་གྱི་དུས་ལ་སོགས་པའོ། །མ་འོངས་མ་ཐོགས་མ་ཆགས་གཟིགས། །ཨ་ནཱ་ག་ཏེ་དྷྭ་ན་སཾ་སོགས་སྔ་མ་ལྟར་ལ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་ནི་དགྲ་བཅོམ་པ་ལྟར་མ་འོངས་པའི་དངོས་པོ་གཅིག་ལ་བརྟག་པས་ན་སྣ་གཅིག་མཁྱེན་གྱི། གཞན་ལ་ཐོགས་ཤིང་མི་མཁྱེན་པ་ལྟ་བུ་མ་ཡིན་གྱིས། མ་འོངས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་དང་ས་ཆུ་མེ་རླུང་རྡུལ་ཕྲ་མོའི་གྲངས་དང་། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་སོགས་པ་མ་ལུས་པར་ཐུགས་སུ་ཆུད་པས་ན་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པའོ། །དེ་ཡན་ཆད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །སོ་སོ་ཡང་དག་རིག་པ་བཞི། །ཆོས་དོན་ངེས་ཚིག་སྤོབས་པའོ། །ཙ་ཏུཥྛཱ་པྲ་ཏི་སཾ་བིད་ཅེས་པ། སོ་སོ་ཡང་དག་པར་རིགས་པ་བཞི་ཡིན་ཏེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་དང་བཞི་ལ་མཁས་པས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཡང་དག་རྫོགས་པའི་སངས་རྒྱས་ཉིད། །སཾ་མྱཀྶཾ་བུཌྜྷ་ཞེས་པ་སཾ་མྱཀ་ནི་ཡང་དག་པ། སཾ་ནི་ས་མནྟའམ་སཾ་པཱུརྞྞ་ཏེ། མ་ལུས་པའམ་རྫོགས་པ། བུཌྜྷ་ནི་སངས་རྒྱས་ལ་བྱ་སྟེ། སྤྱིར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པའི་མཚན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། ཡང་དག་པར་ནི་སྒྲིབ་གཡོགས་དང་བྲལ་བ། བལྟ་ངན་སངས། མཁྱེན་པ་རྒྱས་སོ། །རིག་པ་དང་ནི་རྐང་པར་ལྡན། །བིདྱཱ་ཙ་ར་ཎ་སཾ་པནྣ་ཞེས་པ། བིདྱཱ་ནི་རིག་པ། ཙ་ར་ཎ་ནི་རྐང་པ། སཾ་བནྣ་ནི་ལྡན་པའམ་ཕུན་སུམ་ཚོགས་པ་སྟེ། བསླབ་པ་གསུམ་དང་སྦྱར་ན་ལྷག་པའི་ཤེས་རབ་ནི་རིག་པ། ལྷག་པའི་སེམས་དང་། ལྷག་པའི་ཚུལ་ཁྲིམས་ནི་རྐང་པ། འཕགས་པའི་ལམ་བརྒྱད་དང་སྦྱར་ན། ཡང་དག་པའི་བལྟ་བ་ནི་རིག་པ།


DNG019_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བདུན་ནི་རྐང་པ་སྟེ། རིག་པ་མགོ་དང་འདྲ་བ་མཚོན་ནས་རྐང་པས་ཕྱིན་ཅིང་ཐོབ་པར་འགྱུར་བས་ན་རིག་པ་དང་ཞབས་སུ་ལྡན་པའོ། །བདེ་གཤེགས་ལེགས་པར་གཤེགས་པ་ཉིད། །བུ་ག་ཏ་ཞེས་པ། གཅིག་ཏུ་ནི། ཤོ་བྷ་ན་ག་ཏ་བུ་ག་ཏ་པུ་རཱུ་པ་བ་ཏ་ཅེས་ཏེ། ལེགས་པར་གཤེགས་པས་ན་གཟུགས་ལེགས་པ་བཞིན། ཨ་པུ་ནཏྤྲ་ཏྱཱ་ག་ཏ་སུ་ནཥྚ་ཛྭ་ར་བ་ཏ་ཅེས་ཏེ། ཕྱིར་མི་ལྡོག་པར་གཤེགས་པས་ན་ལེགས་པར་གཤེགས་པ་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །ཡ་བངྒ་ག་ཏ་བྱ་ག་མ་ནཱ་ཏ་སུ་ག་ཏ་སུ་པཱུརྞྞ་གྷ་ཊ་བ་ཏ་ཅེས་པ་ཇི་ཙམ་དུ་འགྲོ་བར་བྱ་བ་མ་ལུས་པར་ཕྱིན་པས་ན་ལེགས་པར་གཤེགས་པ་སྟེ། བུམ་པ་ལེགས་པ་གང་བ་བཞིན། ཞེས་འབྱུང་། ཡང་ན། དྷརྨྨ་སྐནྡྷ་ལས་འབྱུང་བ། པུ་ག་ཏ་ཨི་ཏི་སུ་ཁི་ཏོ་བྷ་ག་བཱན་སྭ་རྒ་ཏ་ཨ་བྱ་ཐི་ཏ་དྷརྨྨ་ས་མནྭཱ་ག་ཏ་ཏ་དཱུ་ཙྱ་ཏེ་པུ་ག་ཏ་ཞེས་ཏེ། བཅོམ་ལྡན་འདས་བདེ་བར་གཤེགས་ཤིང་མཐོ་རིས་ཀྱི་བདེ་བ་དང་ལྡན་ལ་གནོད་པ་མི་མངའ་ཞིང་། གནོད་པ་མེད་པའི་ཆོས་དང་ལྡན་པས་ན་བདེ་བར་གཤེགས་པའམ་བདེ་བ་བརྙེས་པ་ལ་ཡང་བྱ་སྟེ། འདི་ནི་སྔར་གྲགས་པ་དང་། དྷརྨ་སྐནྡྷ་ལས་བྱུང་བ་དང་སྦྱར་ཏེ། བདེ་བར་གཤེགས་པ་ཞེས་བཏགས་སོ། །འཇིག་རྟེན་མཁྱེན་པ་ཞེས་བྱ་སྟེ། །ལོ་ཀ་བིད་ཅེས་པ། ལོ་ཀ་ནི་འཇིག་རྟེན། བིད་ནི་བིད་ཛྙཱ་ན་ཏེ། དེ་བཞིན་གཤེགས་པ་ཉིན་ལན་གསུམ་མཚན་ལན་གསུམ་དུ་གདུལ་བའི་སེམས་ཅན་གྱི་ཁམས་ལ་གཟིགས་ཤིང་སྐལ་བ་ཡོད་པ་དང་མེད་པ་རྟོགས་པར་མཁྱེན་པས་ན་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར། །པུ་རུ་ཥ་ད་མྱ་ས་ར་ཐི་ནི། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་སྟེ། སོར་མོའི་ཕྲེང་བ་ལ་སོགས་པ་ཞེ་སྡང་ཆེ་བ་དང་། དགའ་བོ་ལ་སོགས་པ་འདོད་ཆགས་ཆེ་བ་དང་། ལྟེང་རྒྱས་འོད་སྲུང་ལ་སོགས་པ་གཏི་མུག་ཆེ་བའི་གདུལ་བྱའི་སེམས་ཅན་རྟ་རྒོད་དང་འདྲ་བ་གདུལ་དཀའ་བ་རྣམས་འཇམ་པོས་འདུལ་བའང་འཇམ་པོས་གདུལ། དྲག་པོས་འདུལ་བའང་དྲག་པོས་གདུལ། གཉིས་ཀས་འདུལ་བའང་གཉིས་ཀས་གདུལ། ཐབས་བཟང་ཞིང་སླ་བས་ཐབས་བཞིན་དུ་བཏུལ་ནས། དོན་སྒྲུབ་པའི་མཆོག་མྱང་འདས་སུ་གནས་པར་ཁ་ལོ་བསྒྱུར་ནས་འཇོག་པས་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ། འདི་ནི་བླ་ན་མེད་པའོ། །ཨ་ནུ་ཏ་ར་ནི་བླ་ན་མེད་པ་སྟེ་འདི་བས་ལྷག་པའི་སྟོན་པ་མེད་པས་ན་བླ་ན་མེད་པ་ཞེས་བྱའོ། །ལྷ་མི་ཀུན་གྱི་སྟོན་པར་འགྱུར། །དེ་པཱཤྩ་མཱ་ནུ་ཥཱ་ཎཱཾ་ཤཱསྟཱ་ཞེས་པ། ཤ་པུ་ཨ་ནུ་ཤི་ཞེས་པ་སྤྱིར་ཚིག་གི་དོན་དུ་ན་སྟོན་ཅིང་སློབ་པ་ལ་བྱ། ཏ་ནི་ཚིག་གི་རྐྱེན་དུ་


DNG019_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་ཟད་དེ། སྤྱིར་ན་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པར་འགྱུར་བས་སྟོན་པ་ཞེས་བྱའོ། །དེ་ནི་རྒྱལ་བ་ཞེས་བྱ་ལ། །ཛི་ན་ཞེས་བྱ་བ། ཛི་ཏ་པཱ་པ་ཀ་ཨ་ཀུ་ཤ་ལ་དྷརྨ་ཞེས་བྱ་སྟེ། སྡིག་པ་དང་མི་དགེ་བའི་ཆོས་ལས་རྒྱལ་བ་ཞེས་སོ། །འཇིག་རྟེན་སྐྱོང་ཞིང་སྐྱོབ་པར་བྱེད། །ཏཱ་ཡི་ཞེས་པ། ཏ་ཡ་ན་སནྣ་ཏཱ་ན་སཱ་ལ་ན་ཡོཿཞེས་པ་སྟེ། འཕགས་པའི་ལམ་ཐུགས་སུ་ཆུད་པ་བསྟན་ཅིང་བཤད་དེ་རྒྱུན་མི་གཅོད་པ་དང་། སྐྱོབ་ཅིང་སྐྱོང་བ་ལ་བྱ་སྟེ། བ་ལ་ནི་སྐྱོང་བ་ཞེས་བཏགས་པ་ཞིག་གུད་ན་ཡོད་པ་དང་མི་འདོམ་པར་བྱ་སྟེ་སྐྱོབ་པར་བཏགས། ཤེས་ལྡན་འབྱོར་པར་བྱེད་པ་དང་། །དྲང་སྲོང་ཆེན་པོ་ཉི་མའི་རྒྱུད། །མ་ཧཱ་རྀ་ཥི་ཞེས་པ་མ་ཧཱ་ཆེན་པོ། རྀ་ཥི་ནི་རྀ་ཥི་ག་ཏཽ་ཞེས་བྱ་སྟེ། ཤེས་པ་དང་ལྡན་པས་ལ་བྱ། ཡང་ན། རྀ་དྷྱེ་ཏི་པྲ་ཎི་དྷཱ་ནཾ། ཞེས་པ། སྨོན་པ་རྣམས་འབྱོར་ཅིང་གྲུབ་པར་བྱེད་པ་ལ་བྱ། ཡང་གཅིག་ཏུ་ན། ཀཱ་ཡ་བཱཀྨ་ནོ་བྷི་རྀ་ཛུ་ཤེ་ཏེ་ཨི་ཏི་རྀ་ཥི་ཞེས་བྱ་སྟེ། ལུས་ངག་ཡིད་གསུམ་དྲང་པོར་གནས་ཤིང་སྲོང་བས་ན་དྲང་སྲོང་ཆེན་པོ་ཞེས་བཏགས། ཨཾ་གི་ར་ས་ཞེས་པ་ཐོག་མ་དྲང་སྲོང་ཉིད་ཀྱི་ལུས་ལས་བྱུང་བས་ན་བདག་ལུས་སྐྱེས་ཞེས་བཤད་པ་དང་། ཨཾ་གི་ར་ས་ནི་ཉི་མ་སྟེ་ཉི་མའི་རིགས་ཡིན་པས་ན་ཉི་མའི་རྒྱུད་ཅེས་ཀྱང་བཤད་དུ་རུང་བར་འདུལ་བའི་དངོས་པོ་དང་བཤད་པ་ལས་འབྱུང་ངོ་། །མདོ་སྡེ་ལས་སྐུའི་ཁ་དོག་ཉི་མ་བཞིན་དུ་ལྷན་ནེ་ལྷང་ངེར་བཞུགས་པའི་ཡོན་ཏན་ལྟ་བུར་ཡང་བཤད་པས་ཉི་མའི་རྒྱུད་ཅེས་བཏགས་སོ། །དམ་པའི་ཆོས་རྣམས་འཆད་འགྱུར་བ། །མདོ་ཡི་སྡེ་དང་སཱུ་ཏྲ་ཞེས་བྱ་སྟེ་ཨརྠ་པུ་ཙ་ན་དེ་པཱུཾ་ཏྲ་ཞེས་པ། སངས་རྒྱས་ཀྱིས་བཤད་པ་ཡང་རུང་། སངས་རྒྱས་ཀྱིས་གནང་སྟེ་ཉན་ཐོས་ཀྱིས་བཤད་པ་ཡང་རུང་། དོན་མདོ་ཙམ་དུ་སྨོས་ཤིང་སྟོན་པས་ན་མདོའི་སྡེ་ཞེས་བྱ་དབྱངས་ཀྱིས་བསྙད། །གེ་ཡཾ་ཞེས་བྱ་བ། གཻ་ཀཻ་ཤཔྟ་ཞེས་བྱ་སྟེ། མདོ་སྡེ་བཤད་པའི་དོན་དབྱངས་ཀྱིས་བརྗོད་པས་ན་དབྱངས་ཀྱིས་བསྙད་པ་ཞེས་བྱ། ཡང་རྣམ་པ་གཅིག་ཏུ། གཱ་ཏ་བྱ་ན་གེ་ཡ་ཞེས་ཏེ། མདོ་སྡེ་ལས་བྱུང་བའི་ཚིག་ཉིད་གཟུ་བོར་མ་གསུངས་ཏེ། དྲང་བའི་དོན་དུ་གསུངས་པས། ད་དུང་བཤད་ཅིང་ཤེས་པར་བྱ་བ་གཞན་ཡོད་པས་ན་བརྟགས་པར་བྱ་བ་ཡང་དྲང་དུ་ནི་རུང་མོད་ཀྱིས། དབྱངས་ཀྱིས་བསྙད་པར་ཉེ་བས་ན། དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱའོ། །ལུང་བསྟན་སྡེ་དང་བྱཱ་ཀ་ར་ཎ་ཞེས་བྱ་བ། བྱང་སེམས་དང་ཉན་ཐོས་ལ་སོགས་པ་འདས་མ་འོངས་ད་ལྟར་གྱི་ཅིར་གྱུར་པ་དང་། འགྱུར་བ་ལ་སོགས་པ་གཞན་གྱིས་མི་རྟོགས་པ་བྱེ་བྲག་ཏུ་སྟོན་པས་ན་ལུང་བསྟན་པའི་སྡེ་ཞེས་བྱ་ཚིགས་སུ་བཅད། །གཱ་ཐཱ་ཞེས་བྱ་བ་ནི་ཚིགས་བཅད་རྩ་བ་གཉིས་པ་དང་གསུམ་པ་བཞི་པ་ལྔ་པ་དྲུག་


DNG019_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱར་ཏེ་བཤད་པས་ན་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཆེད་དུ་བརྗོད་དང་ཨུ་དཱ་ད་ཞེས་པ། ཨུ་པ་ཏྱེ་དཱ་ན་ཨུ་དཱ་ན་ཞེས་བྱ་སྟེ། གང་ཟག་འགའི་ཕྱིར་བཤད་པ་མ་ཡིན་གྱིས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གཞག་པའི་ཕྱིར་གཞན་གྱིས་མ་བསྐུལ་མ་གསོལ་བར་ཆེད་དུ་བརྗོད་ཅིང་གསུངས་པ་རྣམས་ཏེ། དཔེར་ན་ཕྱི་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་སྟན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ་ཞེས་མདོ་ལས་གསུངས་པ་ལྟ་བུ་སྟེ་ཆེད་དུ་བརྗོད་པའི་སྡེ་ཞེས་བྱའོ། །གླེང་གཞིའི་སྡེ་ནི། །དཱ་ན་ཞེས་པ་ནི་མོད་དང་འདུལ་བ་ལ་སོགས་ཐོག་མ་ཅི་ལས་གླེང་ཞེས་དེ་བཤད་པ་དང་། གཞི་འདི་དང་སྐབས་འདི་དང་། བྱུང་བ་འདིའི་ཚེ་བསླབ་པ་བཅས་པ་ལྟ་བུ་ལ་བྱ་སྟེ། གླེང་གཞིའི་སྡེ་ཞེས་བྱའོ། །རྟོགས་པ་བརྗོད་དང་ཨ་བ་དཱ་ན་ཞེས་པ། ཡ་ཏྲ་ཨ་བ་ག་མཱ་རྠ་མ་ནྱ་པྱ་ཨ་དཱ་ནཾ་དྲྀཥྚནྟ་བི་སྟཱ་ར་སྱ་ཞེས་པ། ཆོས་ཉན་པ་རྣམས་ཀྱི་གོ་ཞིང་རྟོགས་པར་བྱ་བའི་ཕྱིར། སྔོན་བརྟག་པར་འབྱུང་བ་གཞན་ལས་དྲངས་ཏེ། དཔེ་རྒྱས་པར་བསྟན་པས་ན་རྟོགས་པ་བརྗོད་པའི་སྡེ་ཞེས་བྱ་ད་ལྟར་བྱུང་། །ཨི་ཏི་བྲྀཏྟ་ཀ་ཞེས་པ་ནི། ཨི་ཏི་ཨེ་བཾ་སྟེ་དེ་ལྟ་བུ་དང་བྲྀཏྟ་ཀ་ཞེས་བྱ་བ་ནི། བྱུང་བའམ་གྱུར་པ་སྟེ། སྔོན་བྱུང་གི་གཏམ་བཟླས་ཤིང་བཤད་པ་ཡིན་པས་ན་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱའོ། །སྐྱེས་པ་རབས་དང་ཛཱ་ཏ་ཀ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། གང་དང་གང་དུ་སྐྱེས་པ་དང་། དཀའ་བ་ཅི་དང་ཅི་མཛད་པ་བཤད་པ་ཡིན་པས་སྐྱེས་པ་རབས་ཀྱི་སྡེ་ཞེས་བྱ་བ་ཡིན་ནོ། །ཤིན་ཏུ་རྒྱས། །བཻ་པུ་ལྱ་ཞེས་པ། བི་པུ་ལྱ་བྱཱ་བ་བཻ་པུ་ལྱ་ཞེས་བྱ་སྟེ། ཤིན་ཏུ་རྒྱས་པར་བཤད་པའམ། མདོ་རྒྱ་ཆེན་པོ་ནས་ས་དང་ཕར་ཕྱིན་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པར་བཤད་པའོ། །རྨད་དུ་བྱུང་དང་ཨ་དྡྷུ་ཏ་དྷརྨྨ་ཞེས་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱིས་མཁྱེན་པ་དང་། རྫུ་འཕྲུལ་དང་བྱིན་གྱིས་རླབས་ངོ་མཚར་དུ་བྱུང་བ་བཤད་པ་ཡིན་པས་ན་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་བྱ་གཏན་ལ་ཕབ། །ཨུ་པ་དེ་ཤ་ཞེས་པ་ནི། མདོ་སྡེའི་དོན་དེ་ཁོ་ན་ཉིད་མཐོང་བ་གཞན་གྱིས་ཞིབ་མོར་བཤད་ཅིང་གཏན་ལ་ཕབ་པ་རྗེས་སུ་མཐུན་པའི་ཆོས་བཤད་པའི་མ་མོ་ལྟ་བུའི་ཆོས་མངོན་པ་ལ་བྱ་བས་ན་གཏན་ལ་ཕབ་པའི་སྡེའོ། །དེ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ། །འགྲོ་བ་རྣམས་ལ་སྟོན་པའོ་འི་སངས་རྒྱས་རྣམས་སམ་ཤཱཀྱ་ཐུབ་པའོ། །འོ་ན་འདི་རྣམས་ལོངས་སྐུ་ཡིན་པ་ལ་སྤྲུལ་སྐུའི་ཆེ་བ་བརྗོད་པ་ཅི་ཞེ་ན་སྤྲུལ་སྐུ་ཉིད་ཀྱང་ལོངས་སྐུའི་ཆེ་བའོ། །ཐོག་མ་


DNG019_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བར་དང་མཐར་དགེ་བ། །ཨཱ་དཽ་ཀ་ལྱཱ་ཎ་ཞེས་བྱ་བ། ཨཱ་དཽ་ནི་དང་པོ་ཡིན་ཏེ། ཚངས་པར་སྤྱོད་པའི་དང་པོ་ལ་བྱ། ཀ་ལྱཱ་ཎ་ནི། གསེར་བཟང་པོ་ཅིར་ཡང་བཅོས་ཤིང་བརྡུང་དུ་རུང་བ་དང་འདྲ་བར། ཡོན་ཏན་གྱི་རིམ་པ་གོང་མ་ཀུན་གྱི་སྣོད་དུ་རུང་བར་འགྱུར་བས་ན་དགེ་བ་ལ་བྱ་སྟེ། སྤྱིར་ན་དང་པོ་ལྷག་པའི་ཚུལ་ཁྲིམས་དང་ལྡན་པས་དགེ་བ་ཐམས་ཅད་ཀྱི་གཞིར་གྱུར་པས་ན། ཐོག་མར་དགེ་བ་ཞེས་བྱ། མ་དྷྱེ་ཀ་ལྱཱ་ཎ་ཞེས་བྱ་བ་ཚངས་པར་སྤྱོད་པའི་བར་མ་ནི་བསམ་གཏན་བཞི་ལ་སོགས་པའི་སེམས་མཉམ་པར་འཇོག་པའི་མིང་སྟེ། ལྷག་པའི་སེམས་ལ་བྱ་བས་ན་བར་དུ་དགེ་བ་ཞེས་བྱ། པ་རྱ་བ་སཱ་ནེ་ཀ་ལྱ་ཎ་ཞེས་བྱ་བ། ཚངས་པར་སྤྱོད་པ་ཐ་མ་ནི། འཕགས་པའི་ཡེ་ཤེས་ཀྱིས་དོན་དམ་པའི་བདེན་པ་མངོན་པར་རྟོགས་པས་ན། ལྷག་པའི་ཤེས་རབ་ཡིན་ཏེ། ཐ་མར་དགེ་བ་ཞེས་བྱའོ། །མྱ་ངན་འདས་པར་ཚངས་པར་སྤྱོད། །བྲཧྨ་ཙཱརྱ་ཞེས་བྱ་བ། བྲཧྨ་ནི། བྲཧྨ་བྷཱུ་ཏ་ཤཱི་ཏ་བྷཱུ་ཏ་ཞེས་བྱ་སྟེ། ཚངས་པའམ། བསིལ་བར་གྱུར་པ། དོན་དུ་མྱ་ངན་ལས་འདས་པ་ལ་བྱ། ཙཱརྱ་ཏ་ར་ག་ཏཽ་ཞེས་བྱ་སྟེ། གང་གིས་ཐོབ་པར་འགྱུར་ཞིང་སྤྱོད་པ་ལ་བྱ་བས། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་སྤྱད་པས་ན་ཚངས་པར་སྤྱོད་པ་ཞེས་བྱ། དོན་བཟང་སྭརྠ་ཞེས་པ། སུ་ནི་བཟང་པོ། ཨརྠ་ནི་དོན་ཏེ། དོན་མ་ལོག་པར་བསྟན་པས་ན་དོན་བཟང་པོ་ཞེས་བྱ་ཚིག་འབྲུ་བཟང་པོ་ཉིད། །སུ་བྱཉྫ་ན་ཞེས་པ། སུ་ནི་བཟང་པོ་བྱཉྫ་ན་ནི་ཚིག་འབྲུ་སྟེ། ཚངས་པར་སྤྱོད་པ་བཤད་པའི་ཚིག་འབྲུ་གོ་ཞིང་བརྡ་ཕྲད་པར་སླ་བ་སྟེ། བརྗོད་པ་ཕུན་སུམ་ཚོགས་པའི་ཕྱིར། ཚིག་འབྲུ་བཟང་པོ་ཞེས་བྱའོ། །མ་འདྲེས་ཀོ་བ་ལཾ་ཞེས་བྱ་བ། ཨ་སཱ་དྷཱ་ར་ཎ་ཏྭཱ་ད་ཀེ་བ་ལཾ་ཞེས་བྱ་སྟེ། མུ་སྟེགས་ཅན་ལ་སོགས་པ་ཕལ་དང་ཐུན་མོང་མ་ཡིན་པའི་ཕྱིར་མ་འདྲེས་པར་ཞེས་བྱ་སྟེ་ཡོངས་སུ་རྫོགས་པ་དང་། །པ་རི་པཱུརྞྞཾ་ཞེས་པ་སརྦ་ཀླེ་ཤ་པྲ་ཏི་པཀྵ་ཏྭཱད་པ་རི་པཱུརྞྞཾ་ཞེས་བྱ་སྟེ། སྲིད་རྩེ་མན་ཆད་ཀྱི་ཉོན་མོངས་པ་མ་ལུས་པར་སྤོང་ནུས་པས་ན་ཡོངས་སུ་རྫོགས་པ་ཞེས་སོ། །ཡོངས་སུ་དག་པ་པ་རི་ཤུཌྜྷ་ཞེས་པ། སྭ་དྷཱ་བ་བི་མུཌྼྷྟ་བི་མུཀྟ་ཏྭཱད་པ་རི་ཤུཌྜྷ་ཞེས་པ་སྟེ། འཕགས་པའི་ལམ་ཟག་པ་མེད་པའི་རང་བཞིན་གྱིས་རྣམ་པར་གྲོལ་ནས་རྣམ་པར་གྲོལ་ཏེ། གཙང་བས་ན་ཡོངས་སུ་དག་པ་ཞེས་བྱ་ཡོངས་སུ་བྱང་། །པཏྱ་བ་དཱ་ཏཾ་ཞེས་པ། སནྟན་བི་མུཌྼྷྟ་བི་མུཀྟ་ཏྭཱ་ད་བརྱ་བ་དཱ་ཏི་ཞེས་བྱ་སྟེ། ཟག་པ་ཟད་པ་རྣམས་ཀྱི་སེམས་ཀྱིས་རྒྱུན་ལ་འཕགས་པའི་ལམ་འབྱུང་སྟེ་གང་ཟག་སོ་སོའི་སེམས་ཀྱི་རྒྱུད་རྣམ་པར་གྲོལ་ཞིང་བྱང་བས་ན་ཡོངས་སུ་བྱང་བ་ཞེས་བྱའོ། །ལེགས་པར་གསུངས་


DNG019_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྭཱ་ཁྱཱ་ཏོ་བྷ་ག་བ་ཏོ་དྷརྨ་ཞེས་པ། ཨ་བི་བདྱ་ཏི་ས་མཱ་ཁྱ་ན་སྭཱ་ཁྱཱ་ཏ་ཞེས་པ་སྟེ། སངས་རྒྱས་ཀྱི་ཆོས་ཕྱིན་ཅི་མ་ལོགས་པར་བསྟན་པས་ན། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཞེས་བྱ་ཡང་དག་མཐོང་། །སཾ་དྲྀཥྚི་ཀ་ཞེས་པ་དྲྀཥྚི་ཨརྠ་ཏྭད་སཾ་དྲྀཥྚི་ཀ་ཞེས་པ། དད་པ་ཙམ་གྱིས་རྟོགས་པར་བྱ་བ་མ་ཡིན་གྱིས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ནོར་བར་མཐོང་བས་ན། ཡང་དག་པར་མཐོང་བ་ཞེས་བྱའོ། །ནད་མེད་པ་དང་ནིར་ཛྭར་ཞེས་པ་ཀླེ་ཤ་ཨ་ནུ་ཤ་ཡ་པྲ་ཏི་བྷ་ཀྵ་ཏྭཱ་ད་ནི་ར་ཞེས་ཏེ། ཉོན་མོངས་བག་ལ་ཉལ་གྱི་གཉེན་པོ་ཡིན་པས། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རིམས་ནད་བསལ་ཅིང་ཡོངས་སུ་ཉམས་པར་མི་འགྱུར་བས་ནད་མེད་པའོ། །དུས་ཆད་མེད། །ཨ་ཀཱ་ལི་ཀ་ཞེས་པ། གཅིག་ཏུ་ན། ཀཱ་ལ་ནི་ཡ་མཱ་བྷ་བཱད་ཨ་ཀཱ་ལི་ཀཱ་ཞེས་ཏེ། སྐབས་གང་དུ་ཡང་བསྒོམ་དུ་རུང་སྟེ་དུས་ངེས་པ་མེད་པའི་ཕྱིར་དུས་ཆད་པ་མེད་ཅེས་སོ། །ཡང་ན། སརྦ་ཀཱ་ལ་སུ་ཁ་ཙ་ཏྭཱ་ར་ཨ་ཀཱ་ལི་ཀཱ་ཞེས་ཏེ། སྤྱོད་ལམ་བཞིའི་དུས་ཀུན་ཏུ་བྱ་བར་སླ་བས་དུས་ཆད་པ་མེད་པ་ཞེས་བྱའོ། །ཉེ་བར་གཏོད་པ་ཨཽ་བ་ན་ཡི་ཀཱ་ཞེས་པ། ཨ་ཤེ་ཥ་དུཿཁ་ནི་རྱཱ་ཎ་ཨུ་པ་ན་ཡ་ནཱ་ད་ཨཽ་བ་ན་ཡི་ཀཱ་ཞེས་ཏེ། སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་སྤྱོད་པའི་ཕྱིར་ཉེ་བར་གཏོད་པ་ཞེས་སོ། །འདི་མཐོང་ཡོད། །ཨི་ཧི་པ་ཤྱི་ཀ་ཞེས་པ། ཨ་ས་དྷཱ་ར་ཎ་ཏྭད་ཨེ་ཧ་བ་ཤྱི་ཀ་ཨི་ཧ་པ་ཤྱེཥྟེ་བྷ་བ། ཞེས་པ། ཆོས་འདི་མཐོང་བ་རྣམས་ལ་ཡོད་པས་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་ལ་ཡོད་པ་ཞེས་བྱ། ཡང་ན་ཨཱ་ཙཱརྱ་མུཥྚི་ར་ཧི་ཏ་ཏྭཱད་ཨི་ཧ་པ་ཤྱ་ཏི་པྲ་བཱ་ར་ཎ་ཡོ་གཱ་ཏ་ཞེས་པ། སློབ་དཔོན་འཆབ་པ་མེད་པས་འདི་ལ་ལྟོས་ཤིག་ཅེས་སྐབས་འབྱེད་པ་དང་ལྡན་པའི་ཕྱིར་འདི་ལྟོས་ལྡན་ཞེས་ཀྱང་བྱ་སྟེ། ཚིག་གཉིས་སུ་དྲང་དུ་རུང་ཀྱང་དོན་སྔ་མ་དང་སྦྱར་ཏེ་བཤད་ན་བཟང་སྟེ་ཚིག་ཀྱང་བདེའོ། །འདི་མཐོང་ལ་ཡོད་པ་ཞེས་བཏགས་སོ། །མཁས་རྣམས་རང་གིས་རིག་པར་བྱ། །པྲ་ཏྱཱདྨ་བེ་ད་ནཱི་ཡོ་བི་ཛྙཱ་ཞེས་པ། ཨ་ཏ་རྐྱ་ཏྭཱ་ད་པྲ་རྱཱདྨ་བེ་ད་བི་ཛྙཱ་ཞེས་པ། གཅིག་ཏུ་ན། རྟོག་གེའི་ཡུལ་མ་ཡིན་ཏེ། ཤེས་རབ་ཅན་རྣམས་ཀྱི་རང་གིས་རྟོགས་པར་བྱ་བ་ཡིན་པ་དང་། ཡང་ན་ཨ་བྷི་ལཱ་པྱཏྤཱ་ད་པྲཱ་ཏྱདྨ་བེ་ད་ནཱི་ཡ་ཞེས་པ་སྟེ། བརྗོད་དུ་མེད་པའི་ཕྱིར་སོ་སོ་རང་གིས་རིག་པར་ཟད་པས་མཁས་པ་རྣམས་ཀྱིས་རང་རིག་པར་བྱ་བ་ཞེས་སོ། །ལེགས་གསུངས་ཆོས་འདུལ་ལེགས་པར་བསྟན། །སྭཱ་ཁྱཱ་ཏོ་བྷ་ག་བ་ཏོ་དྷརྨ་བི་ན་ཡ་སུ་པྲ་བེ་དི་ན་ཏ་ཞེས་པ། ནྱཱ་ཡ་ཏྭཱད་ཨ་བི་པ་རཱི་ཏརྠ་ཏྲེ་ན་དྷརྨྨ་ཀླེ་ཤ་བ་ནི་ཡ་ཞེས་ཏེ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་


DNG019_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕྱི་རོལ་དང་མི་འདྲ་བར་ལེགས་པར་བསྟན་ཅིང་གོ་བར་བྱས་ཏེ་རིགས་པ་དང་ལྡན་པས་ན་ཆོས། ཉོན་མོངས་ཞི་ཞིང་དུལ་བར་བྱེད་པས་ན་འདུལ་བ་སྟེ། ཚིག་བསྡུས་ནས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལེགས་པར་བསྟན་པ་ཞེས་བྱའོ། །ངེས་འབྱུང་རྫོགས་པའི་བྱང་ཆུབ་འགྲོ། །ནིརྱཱ་ཎི་ཀ་སཾ་བྷོ་དྷི་གཱ་མཱི་ཞེས་པ། སཾ་གྷོ་དྷི་གཱ་མཱི་ཏྭེ་ན་ནཻརྱཱ་ཎི་ཀ་ཞེས་ཏེ། ཚིག་འདི་ཉིད་ནི། འོག་མས་གོང་མ་བཤད་པ་ཡིན་ཏེ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པས་མྱ་ངན་ལས་འདས་པར་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ཞེས་བྱ་བའོ། །མི་མཐུན་མེད་ཅིང་འདུས་པར་ལྡན། །ཨ་བྷིནྣ་ས་སྟཱུ་པ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཉན་ཐོས་རྣམས་བལྟ་བ་མི་མཐུན་པ་མེད་དེ། གཅིག་ཏུ་འདུས་པས་ན་མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱའོ། །བརྟན་པ་ཡོད་པ་ས་པྲ་ཏི་ཤ་ར་ཎ་ཞེས་པས་ནི་བཅས་པའམ་ཡོད་པའོ། །པྲ་ཏི་ཤ་ར་ཎ་ནི་སྐྱབས་སམ་དཔུང་གཉེན་ནམ་བརྟེན་དུ་རུང་བ་ལ་བྱ། མུ་སྟེགས་ཅན་གྱི་ཆོས་ལྟ་བུ་ཁུངས་ངན་པར་འབྱིན་པ་མིན་ཏེ་རྒྱལ་བས་གསུངས་པས་བརྟེན་པ་ཡོད་པ་ཞེས་བྱ་རྒྱུ་བ་བཅད། །ཙྪིནྣ་བློ་ཏི་ཀ་ཞེས་པ། ཙྪིནྣ་ནི་ཆད་པ། བློ་ཏི་ཀ་ནི་ག་ཏཽ་ཞེས་པ་སྟེ། འགྲོ་བའམ་ཆུས་དེད་ཅིང་ཁྱེར་བ་ལྟ་བུའི་ཚིག་ཡིན་ཏེ། སྤྱིར་ན་འཁོར་བར་སྐྱེ་ཞིང་འཕབ་རྒྱུན་བཅད་པ་ལ་བྱ་སྟེ། རྒྱུ་བ་བཅད་པ་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་མ་ལུས་མཁྱེན། །བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་དེ་རྣམས་མཁྱེན་ནས་གསུངས་པ་ཡང་ཐེག་པ་འོག་མ་པ་སྔོན་གྱིས་སྦྱངས་པས་མཁྱེན་ནས་གསུང་བར་འདོད་ལ། གསང་སྔགས་པ་ནི་བཅོམ་ལྡན་འདས་ཐུབ་པ་ཉིད་ཀྱང་ལོངས་སྐུ་རིགས་ལྔའི་སྤྲུལ་པར་འབྱུང་བས། གསུང་བར་འདོད་པའོ། །མངོན་པར་ཤེས་པ་དྲུག་དང་ལྡན་པས་མཁྱེན། །ཐག་རིང་པོ་དང་དུས་རིང་པོ་ནས་གནས་ཤིང་འབྱུང་བ་ལྐོག་གྱུར་གྱི་ཆོས་རྣམས་ལ། ད་ལྟར་མངོན་སུམ་དུ་འདུག་པ་དང་འདྲ་བར་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱའོ། །ལྷ་ཡི་མིག་གིས་མཐོང་བ་དང་། །ད་ལྟར་གྱི་ལུས་ཀྱི་ཉེ་རིང་ཇི་སྙེད་པ་དང་། ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བའོ། །ལྷ་ཡི་རྣ་བས་ཐོས་པ་དང་། །སྒྲ་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་དང་། །སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཆེ་ཆུང་ཤེས་པའོ། །ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། །འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་། ཆུ་ལ་མི་བྱིང་། ས་ལ་བྱིང་བ་


DNG019_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཤེས་པའོ། །སྔོན་གྱི་གནས་ནི་རྗེས་སུ་དྲན། །ད་ལྟར་གྱི་དུས་ནས་བཟུང་སྟེ་ཚེ་སྔ་མ་གང་གནས། ལས་ཅི་བྱས་དྲན་པའོ། །ཟག་པ་ཟད་པ་མཁྱེན་པ་ནི། །མཐོང་བས་སྤངས་པ་དང་བསྒོམས་པས་སྤངས་པའི་ཉོན་མོངས་པ་གང་སྤངས་པ་དང་། མ་སྤངས་པའི་རིགས་ཤེས་ཤིང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་འདོད། །བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས་མངོན་ཤེས་དྲུག་དང་ལྡན་པར་གནས་པའོ། །དེས་སེམས་ཅན་མ་ལུས་པ་ལ་ཆོས་འཆད་པར་བསྐུལ་མ་འདེབས་སོ། །མཚན་དང་དཔེ་བྱད་ལྡན་གྱུར་པ། །མཚན་དཔེ་སུམ་ཅུ་རྩ་གཉིས་ནི། །ཕྱག་ཞབས་འཁོར་ལོའི་མཚན་དང་ལྡན། །དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ། འཁོར་ལོ་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་ཅན་ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་འདི་ལྟ་སྟེ། རུས་པའམ་བ་སོ་ལ་བརྐོས་པ་ལྟ་བུ་མངའ་བ་སྟེ། དེ་ནི་བླ་མ་བསུ་བསྐྱལ་དང་། ཆོས་ཉན་པ་ལ་སྡོད་པ་དང་གཙུག་ལག་ཁང་དང་མཆོད་རྟེན་ལ་བསྡི་སྟང་བྱས་པ་ལས་བྱུང་བ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཞབས་ནི་ཤིན་ཏུ་གནས་པ་དང་། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མེད་པས་ཤིན་ཏུ་གནས་པ་ནི། ཡི་དམ་ལ་བརྟེན་པ་ལས་བྱུང་བ་སྟེ། དེ་ནི་མི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ། །ཕྱག་ཞབས་དྲ་བས་འདྲེལ་བ་དང་། །ངང་པའི་རྒྱལ་པོ་ལྟར་ཕྱག་ཞབས་ཀྱི་སོར་མོ་དྲ་བས་འདྲེལ་བ་ནི་སྦྱིན་པ་དང་། ངག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་བསྡུ་བ་རྣམ་པ་བཞི་གོམས་པར་བྱས་པ་ལས་བྱུང་བ་སྟེ། དེ་ནི་མྱུར་དུ་འདུ་བའི་སྔ་ལྟས་སོ། །ཕྱག་ཞབས་གཞོན་ཞིང་འཇམ་པ་དང་། །བདུན་ཡང་ཤིན་ཏུ་མཐོ་བ་དང་། །ཕྱག་དང་ཞབས་ཤིང་བལ་གྱི་ཡེའུ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་ཤ་ཆགས་པ་དང་ཕྱག་ཞབས་ཀྱི་བོལ་བཞི་ཕྲག་གོང་གཉིས་ལྟག་པ་དང་བདུན་ཤིན་ཏུ་མཐོ་བ་ནི་བཟའ་བ་དང་བཅའ་བ་དང་། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པ་ལས་བྱུང་བ་སྟེ། དེ་གཉིས་ནི་བཟའ་བ་དང་བཅའ་བ་དང་བཏུང་བ་ཤིན་ཏུ་ཞིམ་ཞིང་ཉམས་སུ་བདེ་བ་ཐོབ་པའི་སྔ་ལྟས་སོ། །ཕྱག་ཞབས་སོར་མོ་རིང་བ་དང་། །བཅིངས་པ་བཀྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཤིན་ཏུ་ཡངས་པ་དང་། །རྟིང་པ་རིང་བས་ན་རྟིང་པ་ཡངས་པ་དང་། སྐུ་ཡང་ཆེ་ཞིང་དྲང་བ་དང་། །སྐུ་ལག་པ་མདུན་དུ་འཕགས་ལ་དྲང་བས་སྐུ་ཆེ་ཞིང་


DNG019_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བ་སྟེ་དེ་གསུམ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །ཞབས་ནི་ལེགས་པར་མཐོ་བ་དང་། །ཡན་ལག་སྤུ་ཡང་གྱེན་དུ་འཁྱིལ། །པུས་མོའི་ལྷ་ང་དང་ལོང་བུ་མཛེས་པར་ནུབ་པས་ཞབས་ཀྱི་གོང་མཐོ་བ་དང་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པ་ནི་དགེ་བའི་ཆོས་ཡང་དག་པར་བླངས་པ་དང་བཟུང་བ་མངོན་པར་སྤེལ་ཅིང་འགྲིབ་པར་མ་བྱས་པའི་འབྲས་བུ་སྟེ། དེ་ནི་མི་ཉམས་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། །རི་དྭགས་ཨེན་ཡའི་བྱིན་པ་འདྲ། །སྨྱིག་མ་དང་ལྡུམ་པོ་དར་བ་ལྟར་དྲང་ཞིང་མཉམ་ལ་རིམ་གྱིས་གཞོལ་བར་གྲུབ་ཅིང་བྱིན་པ་ཟླུམ་པས་རི་དྭགས་ཨེ་ན་ཡའི་བྱིན་པ་ལྟ་བུ་ནི་རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་གཞན་ལ་བྱིན་པ་དང་བདག་གིས་བླངས་བའི་འབྲས་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །ཕྱག་གིས་བརླར་ནི་དྲང་པོར་སླེབ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གི་མཐིལ་གཉིས་ཀྱིས་པུས་མོའི་ལྷ་ང་ལ་རེག་པས་ཕྱག་བརླ་དྲང་པོར་སྡེབ་པ་ནི་བདོག་ཅིང་ཡོད་པའི་ནོར་ལ་བསླངས་ན་མི་འགོང་བར་གཏོང་ཞིང་མེད་ཅེས་མ་བྱས་པའི་འབྲས་བུ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་། དུལ་བའི་སྔ་ལྟས་སོ། །གསང་བའི་གནས་སུ་སྦུབས་སུ་ནུབ། །གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པ་ནི་འགྲོགས་པ་དང་མཛའ་བཤེས་དང་གཉེན་མ་ཕྱེ་བ་དང་བྱེ་བར་གྱུར་པའི་སེམས་ཅན་རྣམས་བསྡུམས་པ་དང་ཚངས་སྤྱོད་ལ་ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་པ་ལས་བྱུང་བ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །གསེར་ཞུན་ལྟ་བུའི་མདོག་དང་ལྡན། །མདོག་ཀྱང་ཤིན་ཏུ་འཇམ་པ་དང་། །ཤིན་ཏུ་སྦྱངས་པའི་གསེར་ཤིན་ཏུ་སྦྱངས་པའི་ཁ་དོག་ལྟ་བུ་དང་སྐུ་ལ་རྡུལ་མི་འགོ་བས་འཇམ་ཞིང་སྙོམས་པའི་མདོག་དང་ལྡན་པ་ནི་གདན་དང་གོས་དང་ཁང་པ་དང་གཞལ་མེད་ཁང་དང་གནས་ཁང་བཟང་པོ་བྱིན་པ་ལས་བྱུང་བ་སྟེ། དེ་གཉིས་ནི་གདན་དང་ན་བཟའ་དང་ཁང་པ་དང་གཞལ་མེད་ཁང་དང་གནས་ཁང་བཟང་པོ་ཐོབ་པའི་སྔ་ལྟས་སོ། །སྤུ་ཡང་རེ་རེ་གཡས་ཕྱོགས་འཁྱིལ། །ཞལ་ནི་མཛོད་སྤུས་བརྒྱན་པ་དང་། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེར་སྐྱེས་ཤིང་གཉིས་སུ་མེད་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། མེ་ཏོག་ཀུནྡ་དང་ཟླ་བ་དང་། འོ་མ་དང་བ་མོའི་མདོག་ལྟར་འདུག་ལ་ཉི་ཟླ་བརྒྱ་ལས་འཕགས་པར་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་ཏུ་བརྒྱན་པ་ནི་འདུ་འཛི་སྤངས་པ་དང་མཁན་སློབ་དང་ཕ་མ་ཕུ་ནུ་ལ་སོགས་པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོ་བྱས་པ་དང་། བསྒོ་བ་རྣ་ལ་མ་གཟན་པ་ལས་བྱུང་བ་སྟེ། དེ་ནི་མཉམ་པ་མེད་པའི་སྔ་ལྟས་སོ། །


DNG019_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་རོ་སྟོད་ལྟ་བུ་ལ། །ཕྲག་པའི་ལྷུན་ནི་མཛེས་པར་གྲུབ། །རོ་སྟོད་ཆེ་བས་སེང་གེའི་རོ་སྟོད་དང་། མགུལ་དང་རྒྱུད་ལེགས་པར་འདྲེལ་ཅིང་ལྷུན་ཟླུམ་པས་ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་མི་སྙན་པ་མི་ཟེར་ཞིང་མི་སྤྱོ་ལ་མི་སྨོད་པར་ལ། སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་མཐུན་པར་འཛིན་པ་ལས་བྱུང་བ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ཕྲག་སོ་ཤིན་ཏུ་རྒྱས་པ་དང་། །རོ་ཡང་ཐམས་ཅད་བྲོ་བའི་མཆོག །གསེར་གྱི་གཏན་པ་ཤིན་ཏུ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པ་དང་། རླུང་མཁྲིས་བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པའི་འདྲ་བ་མེད་པས་རོ་བྲོ་བའི་མཆོག་དང་ལྡན་པ་དེ་དག་ནི་ནད་པ་རྣམས་ལ་རྩི་དང་རིམ་གྲོ་དང་སྨན་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་རིམ་གྲོ་བྱས་པ་ལས་བྱུང་བ་སྟེ། དེ་གཉིས་ནི་ནད་ཉུང་བའི་སྔ་ལྟས་སོ། །ནྱ་གྲོ་དྷ་ལྟར་ཆུ་ཞེང་འགབ། །དབུ་ཡི་སྤྱི་གཙུག་གཡས་ལྡན་འཁྱིལ། །སྐུ་ཆུ་ཞེང་འདོམ་དུ་མཉམ་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་འགབ་པ་དང་། སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་པ་དང་ལྡན་པའི་དབུ་མཉམ་ཞིང་ལེགས་པར་གྲུབ་ལ་མཛེས་པ་མངའ་བས་དབུ་སྤྱི་གཙུག་དང་ལྡན་པ་དེ་དག་ནི། སྐྱེད་མོས་ཚལ་དང་འཁོར་དང་། བཏུང་བ་དང་། རྫིང་བུ་དང་བརྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་འགྲེང་བའི་གནས་དང་སྟེགས་དང་གཙུག་ལག་ཁང་བྱ་བ་ལ་སོགས་པ་གཞན་མོས་པར་བྱ་བ་སྔོན་དུ་བཏང་ཞིང་བདག་གིས་གཞན་ལ་བྱིན་པ་ལས་བྱུང་བ་སྟེ། དེ་ནི་མངའ་བ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡངས་ཤིང་སྲབ་པའི་ལྗགས་དང་ནི། །གསུང་ནི་ཚངས་པའི་དབྱངས་དང་ལྡན། །ལྗགས་ཨུཏྤལ་ལ་དམར་པོའི་ཁ་དོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་ཤིང་སྲབ་པ་དང་ཚངས་པའི་དབྱངས་དང་བྱ་ཀ་ལ་པིང་ཀ་ལྟ་བུའི་གསུང་མངའ་བ་སྟེ། དེ་དག་ནི་ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བ་སྨྲས་པ་ལས་བྱུང་བ་སྟེ། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ནི་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ། །སེང་གེའི་འགྲམ་པ་ལྟ་བུ་དང་། །འགྲམ་པ་མེ་ལོང་གི་དཀྱིལ་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་སྐྱེས་ཏེ་ཡིད་དུ་འོང་བས་ཡུན་རིང་པོ་ནས་ཚིག་འཁྱལ་པ་སྤངས་ཤིང་དུས་སུ་སྨྲ་བས་སེང་གེའི་འགྲམ་པ་ལྟ་བུ་


DNG019_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟས་སོ། །ཚེམས་ནི་ཤིན་ཏུ་དཀར་བ་དང་། །ཚེམས་ཀྱང་ཤིན་ཏུ་མཉམ་པ་དང་། །མེ་ཏོག་ཀུནྡ་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བ་དང་། ཚེམས་ལ་མཐོ་དམན་མེད་པས་མཉམ་པ་ནི་རིམ་གྲོར་བྱ་བ་དང་། བརྙས་པ་མེད་པ་གཉིས་ཀྱིས་འཚོ་བ་ཡོངས་སུ་དག་པ་ལས་བྱུང་བ་སྟེ། དེ་གཉིས་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཚེམས་ཀྱི་ཐགས་ཀྱང་བཟང་བ་དང་། །ཚེམས་མཉམ་ཞིང་གྲངས་བླ་འོག་དགྱི་དགུ་མེད་པར་བཞི་བཅུ་ཚང་བ་དང་། །ཚེམས་ལ་མཚམས་མ་དོད་པས་ཐགས་བཟང་བ་དང་། བླ་འོག་དགྱི་དགུ་མེད་པས་མཉམ་ཞིང་བཞི་བཅུ་ཚང་བ་ནི། ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲ་བ་ལས་བྱུང་བ་སྟེ། དེ་དག་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །སྤྱན་ཡང་དཀར་ནག་འབྱེས་པ་དང་། །བ་ཡི་རྫི་མ་ལྟ་བུའོ། །སྤྱན་དཀར་ནག་གི་ཆ་མ་འདྲེས་ཤིང་ཤིན་ཏུ་རྣམ་པར་དག་ཅིང་མདོག་དམར་པོས་མ་གཡོགས་པས་སྤྱན་དཀར་ནག་འབྱེས་པ་དང་། རྫི་མ་བླ་འོག་ཤིན་ཏུ་ལེགས་པར་གནས་ལ་མ་འཛིངས་པས་བའི་རྫི་མ་ལྟ་བུ་ནི་པང་གིས་འཁྱུད་པ་བཞིན་དུ་ཉེས་པར་བསམ་པ་མེད་ལ་མ་ཆགས་མི་སྡང་བ་དང་། རྨོངས་པ་མེད་པའི་མིག་གིས་བལྟས་པ་ལས་བྱུང་བ་སྟེ། དེ་དག་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །དེ་རྣམས་ནི་དེ་བཞིན་གཤེགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ་སེན་མོ་ཟངས་ཀྱི་མདོག་ལྟར་འདུག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་ཐམས་ཅད་ཀྱི་མགོ་ལ་སྦྱར་བའི་གཉེན་བཤེས་བྱམས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ་སེན་མོའི་མདོག་ཀྱང་སྣུམ་པ་ཡིན། །རིགས་རྒྱུད་མཐོན་པོར་བྱུང་བ་སྟེ་སེན་མོ་མཐོ་བ་ཡིན་ཞིང་ཚུལ་ཁ་ན་མ་ཐོ་བ་མི་མངའ་བས་སེན་མོ་ཟླུམ་པ་ཡིན། །དགེ་བའི་རྩ་བ་ཤིན་ཏུ་འཚོགས་པ་སྟེ་སོར་མོ་རྒྱས་ལ་དགེ་རྩ་རིམ་གྱིས་གྲུབ་པ་སྟེ་སོར་མོ་རིམ་གྱིས་གཞོལ་བ་ཡིན། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དང་འཚོ་བ་ཤིན་ཏུ་དབེན་པ་སྟེ་སྐུའི་རྩ་ཡང་མི་མངོན་པ་ཡིན། ཉོན་མོངས་པའི་མདུད་པ་གྲོལ་བས་རྩ་ལ་མདུད་པ་མེད་པ་ཡིན། །ཤིན་ཏུ་དབེན་པའི་ཆོས་མངའ་བས་ལོང་བུ་མི་མངོན་པ་ཡིན། མི་མཉམ་པ་ཐམས་ཅད་ལས་སྒྲོལ་བས་ཞབས་ཀྱང་མཉམ་པ་ཡིན། །


DNG019_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་སེང་གེ་སྟེ་སེང་གེའི་སྟབས་སུ་བཞུད་པ་ཡིན། མིའི་གླང་པོ་སྟེ་གླང་པོའི་འགྲོས་སུ་བཞུད་པ་ཡིན། །ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ་ངང་པའི་སྟབས་སུ་བཞུད་པ་ཡིན། །ཁྱུ་མཆོག་སྟེ་ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། །མཐུན་པའི་ལམ་མངའ་བ་སྟེ་གཡས་ཕྱོགས་སུ་བཞུད་ཅིང་བལྟ་ན་མཛེས་པ་སྟེ། མཛེས་པར་བཞུད་པ་ཡིན། །རྟག་ཏུ་ཐུགས་ཡོན་པོ་མི་མངའ་སྟེ་མི་ཡོ་བར་བཞུད་པ་ཡིན། ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པས་སྐུ་ཡང་ལེགས་པ་ཡིན། །སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པ་སྟེ་སྐུ་ཤིན་ཏུ་སྦྱངས་པ་ཡིན། ཆོས་རིམ་གྱིས་སྟོན་པས་སྐུ་རིམ་གྱིས་གཞོལ་བ་ཡིན། །སྐུ་གསུང་ཐུགས་གཙང་བ་དང་ལྡན་པས་ན་སྐུ་ནི་གཙང་བ་ཡིན། རང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པས་སྐུ་ཤིན་ཏུ་འཇམ་པ་ཡིན། རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་མངའ་བས་སྐུ་ཤིན་ཏུ་རྣམ་པར་དག་པ་ཡིན། ༈ །ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པ་དང་ལྡན་པས་དཔེ་བྱད་ཤིན་ཏུ་རྫོགས་པ་ཡིན་ལ་ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ་སྐུ་ཆེ་ཞིང་མཛེས་པ་ཡིན། །སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བ་སྟེ་སྐུ་ལེགས་པར་མཉམ་པ་ཡིན། མཆོག་ཏུ་འཇམ་པའི་ཆོས་སྟོན་པས་ཏེ་སྐུ་ཤིན་ཏུ་གཞོན་པ་དང་ལྡན་པ་ཡིན། །རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བ་སྟེ་སྐུ་ཞུམ་མེད་པ་ཡིན། མི་དགེ་བའི་རྩ་བ་ཐམས་ཅད་བྱང་བ་སྟེ་སྐུ་ཤིན་ཏུ་རྒྱས་ཤིང་ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ་སྐུ་ཤིན་ཏུ་མཁྲེགས་པ་ཡིན། །རྟེན་ཅིང་འདྲེལ་འབྱུང་གི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པ་སྟེ་ཡན་ལག་ཉིང་ལག་སྤ་བར་མཛེས་པ་ཡིན། །གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ་སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན། །ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ་ཕྱལ་ཟླུམ་པ་ཡིན། འཁོར་བའི་ཉེས་པ་ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ་ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན། ང་རྒྱལ་གྱི་དེའུ་བཅོམ་པ་སྟེ་ཕྱལ་མ་ཞོལ་བ་ཡིན། ཆོས་ཟད་པ་རྣམ་པར་བཟློག་པས་ཕྱལ་ཕྱམ་མེར་འདུག་པ་ཡིན། །ཆོས་ཟབ་མོ་ཐུགས་སུ་ཆུད་པ་སྟེ་ལྟེ་བ་ཟབ་པ་ཡིན། མཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཡིན། །སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བ་སྟེ་ཀུན་ནས་མཛེས་པ་ཡིན། ཐུགས་ཤིན་ཏུ་གཙང་མ་དང་ལྡན་པ་སྟེ་ཀུན་སྤྱོད་ཤིན་ཏུ་


DNG019_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བ་ཡིན། ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་ལ་མངའ་བ་སྟེ་སྨེ་བ་མེད་པ་ཡིན། །ཤིང་བལ་ལྟར་ཡང་བ་རབ་ཏུ་ཐོབ་པའི་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་ཡིན། རང་གི་སྐྱེ་བོ་དང་སྐྱེ་བོ་ཕལ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་བརྙེས་པ་སྟེ་ཕྱག་གི་རི་མོ་སྣུམ་པ་ཡིན་ལ་ཤིན་ཏུ་ཟབ་ཅིང་བརྟན་པར་བཞུག་པས་ཕྱག་གི་རི་མོ་ཟབ་པ་ཡིན། །བཟོད་པའི་ཆོས་ཡངས་པ་སྟོན་པ་སྟེ་ཕྱག་གི་རི་མོ་རིང་བ་ཡིན་ལ་བསླབ་པའི་གནས་ཧ་ཅང་ཡང་མི་རིང་བར་བཅའ་བས་ཞལ་ཧ་ཅང་མི་རིང་བ་ཡིན་ལ། །གཟུགས་བརྙན་འཇིག་རྟེན་ཐམས་ཅད་དུ་བཀྱེ་བ་སྟེ་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཡིན། །ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པས་ཏེ་ལྗགས་ནི་སྲབ་པ་ཡིན། འཇམ་པ་སྔོན་དུ་གཏང་ཞིང་འདུལ་བས་ལྗགས་འཇམ་པ་ཡིན། བྱམས་པའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱིས་ཆོས་དང་འདུལ་བ་གཏིང་དཔག་དཀའ་བས་ལྗགས་ཤིན་ཏུ་དམར་བ་ཡིན། །གླང་པོའི་སྒྲ་དང་འབྲུག་གི་སྒྲ་དབྱངས་ལྟར་བསྙེངས་པ་མི་མངའ་བས་གླང་པོའི་ང་རོ་དང་འབྲུག་གི་དབྱངས་དང་ལྡན་པ་ཡིན། །སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བས་སྙན་ཅིང་འཇམ་པ་ཉམས་སུ་བདེ་བའི་གསུང་དང་ལྡན་པས། །སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་པས་ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན། སྐྱེ་བོ་རྣོ་བ་རྣམས་འདུལ་བས་ཚེམས་མཆེ་བ་རྣོ་བ་ཡིན། ཆོས་དང་འདུལ་བ་ཤིན་ཏུ་དཀར་བས་ཚེམས་མཆེ་བ་དཀར་བ་ཡིན། སའི་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ་མཆེ་བ་མཉམ་པ་ཡིན། རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པས་ཚེམས་མཆེ་བ་རིམ་གྱིས་གཞོལ་བ་ཡིན། །ཤེས་རབ་ཀྱི་རི་མཐོན་པོ་ལ་བཞུགས་པས་ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན། འདུལ་བའི་སྐྱེ་བོ་གཙང་མ་མངའ་བས་ཤངས་ཤིན་ཏུ་གཙང་བ་དང་། །སངས་རྒྱས་ཀྱི་ས་ཆོས་ཕུལ་དུ་ཡངས་པ་མངའ་བ་སྤྱན་རིང་བ་ཡིན། གཟིགས་པ་ཤིན་ཏུ་རྣམ་པར་དག་པས་སྤྱན་རྣམ་དག་པ་ཡིན། སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པ་སྟེ་རྫི་མ་སྟུག་པ་ཡིན། །ལྷ་དང་མི་དང་ལྷ་མ་ཡིན་དང་སྐྱེས་བུ་དང་ན་ཆུང་མཆོག་མིག་དཀར་ནག་འབྱེས་ཤིང་པདྨའི་འདབ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱས་པ་སྟེ་སྤྱན་དཀར་ནག་འབྱེས་པ་པདྨའི་འདབ་མ་ལྟར་འདུག་པ་ཡིན། །རྟག་ཏུ་ཡངས་པ་གཟིགས་པ་སྟེ་སྨིན་མ་རིང་བ་དང་ལྡན་པ་ཡིན། འཇམ་པར་འདུལ་བ་ལ་མཁས་པས་སྨིན་མ་འཇམ་པ་ཡིན། སྐྱོན་ཐམས་


DNG019_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་སྟེ་སྨིན་མའི་སྤུ་མཉམ་པ་དང་ལྡན་པ་ཡིན། དག་པའི་རྩ་བའི་སྣུམ་གྱིས་སེམས་སྣུམ་པར་གྱུར་པའི་སྐྱེ་བོ་འདུལ་བ་སྟེ་སྨིན་མ་སྣུམ་པ་ཡིན། །ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པས་སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། །ཉོན་མོངས་པའི་རྒྱུད་ལས་རྣམ་པར་རྒྱལ་བས་སྙན་མཉམ་པ་ཡིན། སེམས་ཅན་བསམ་པ་ཉམས་པ་འདུལ་བ་སྟེ་སྙན་གྱི་དབང་པོ་མཉམ་པ་དང་ལྡན་ནོ། །ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བས་ཞལ་འཕྲལ་བ་ལེགས་པར་གྲུབ་པ་ཡིན། ཕས་ཀྱིས་རྒོལ་བ་འདུལ་བ་སྟེ་ཞལ་འཕྲལ་བ་ཡངས་པ་དང་ལྡན་པ་ཡིན། །སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པས་དབུ་ཤིན་ཏུ་རྒྱས་པ་ཡིན། ཡུལ་གྱི་བུང་བ་རྣམ་པར་བཟློག་པ་སྟེ་དབུ་བུང་བ་ལྟར་གནག་ཅིང་མཐོང་བ་དང་བསྒོམས་པས་སྤངས་པའི་བག་ལ་ཉལ་ཟད་པར་བྱེད་པས་དབུ་སྟུག་པ་དང་ལྡན་པ་ཡིན། །ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པས་དབུ་འཇམ་ཞིང་རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པས་དབུ་མི་འཛིངས་བརླང་པོའི་གསུང་དང་ཡོངས་སུ་བྲལ་བས་དབུ་མི་རྩུབ་པ་ཡིན་ལ། །བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་བསྒྲུབས་པས་དབུ་ཡི་དྲི་ནི་ཞིམ་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་པས་བརྒྱན་པ་ཡིན་ནོ། །དེ་ནས་སངས་རྒྱས་རྣམས་ཀྱིས་ཕྲིན་ལས་ཆོ་འཕྲུལ་ཆེན་པོར་བསྟན་པ་འདི་དག་གསུངས་སོ། །ཆོ་འཕྲུལ་རྣམ་པ་གསུམ་ཉིད་དེ། །ཀུན་བརྗོད་པ་ཡི་ཆོ་འཕྲུལ་དང་། །རྫུ་འཕྲུལ་བསྟན་པའི་ཆོ་འཕྲུལ་དང་། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན། །ཕྲིན་ལས་རྣམ་པ་བཞི་ཉིད་དེ། །གནོད་པ་ནད་སོགས་ཞི་བ་དང་། །ཚེ་རིང་ལོངས་སྤྱོད་རྒྱས་པ་དང་། །ཕ་རོལ་དབང་དུ་བྱ་བ་དང་། །དྲག་ཤུལ་སྤྱོད་པ་བྱ་བའོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དབུགས་དབྱུང་བའི་དཀྱིལ་འཁོར་ཆེན་པོ་དྲུག་ཏུ་སྒོམ་པ་འདི་གསུངས་སོ། །དཔལ་རྡོ་རྗེ་སེམས་དཔའ་ཞལ་གསུམ་དབུས་མཐིང་གཡས་དཀར་གཡོན་དམར། །ཕྱག་དྲུག་གི་དང་པོ་གཉིས་ན་རྡོར་དྲིལ་གཡས་དབུར་ཐོད་པ་མཆན་ཁུང་ན་ཁ་ཊྭཾ་ག །གཡོན་བར་ན་རལ་གྲི་གཡས་ཐ་མ་ན་ཅང་ཏེའུ་གཡོན་ཐ་མ་ན་མགོ་བོ་འཆང་། །ཡུམ་ཕག་མོ་ཞལ་གཅིག་ཕྱག་གཉིས་གཡོན་ཐོད་


DNG019_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡས་གྲི་གུག་སྐུ་མདོག་དམར་མོ། །ཡབ་རྣམ་སྣང་དང་ཡུམ་གཤིན་རྗེ་གཤེད་མོ་ཡབ་ཡུམ་གཉིས་ཀ་སྐུ་མདོག་སེར་མོ། །ཡབ་རྡོ་རྗེ་ཉི་མ་དང་ཡུམ་སྐྲག་བྱེད་མ་སྐུ་མདོག་སེར་པོ་དམར། །ཡབ་པདྨ་གར་དབང་དང་ཡུམ་རྨོངས་བྱེད་མ་གཉིས་དམར་པོ། །ཡབ་རྟ་མཆོག་རྒྱལ་པོ་རྡོ་རྗེ་དང་ཡུམ་གཏུམ་མོ་གཉིས་ཀ་ལྗང་གུ་འོ་ཡིན། །ཡབ་ཁྲག་འཐུང་དང་ཡུམ་སྐྱོད་བྱེད་མ་གཉིས་སྐུ་མདོག་སྔོན་པོར་གནས། །ཡབ་ལྔ་པོ་དཔའ་བོ་ཞལ་གཅིག་ཕྱག་བཞི་པ། །གཡོན་ཐ་མ་ན་ཐོད་པ་དང་ནི་གཡས་དང་པོ་ན་ཁ་ཊྭཱཾ་ག །གཡོན་དང་པོ་ན་རང་མཚན་དྲིལ་བུ་གཡས་ཐ་མ་ན་ཅང་ཏེའུ་བསྣམས། །དཔའ་མོ་ཡུམ་ལྔ་པོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་པའོ། །ཨཱོཾ་ཧ་རྡོ་རྗེ་སེམས་དཔའ ། ན་མཿཧི་རྣམ་སྣང་། སྭཱ་ཧཱ་ཧཱུྃ་པདྨ་གར་དབང་། བཾ་ཤད་ཧོ་ཁྲག་འཐུང་། ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ ། ཕཊ་ཧཾ་རྡོ་རྗེ་རྒྱལ་པོ་རྟ་མཆོག་དོན་གྲུབ ། ཨཱོཾ་བཾ་ཕག་མོ ། ཧཾ་ཡཾ་ཡ་མི་ནི ། ཧྲིཾ་མཾ་རྨོངས་བྱེད་མ ། ཧྲིཾ་ཧྲིཾ་སྐྱོད་བྱེད་མ ། ཧཱུཾ་ཧཱུྃ་སྐྲག་བྱེད་མ ། ཕཊ་ཕཊ་གཏུམ་མོ ། ཨོཾ་བཛྲ་ཧ་བཛྲ་སཏྭ་ཡབ་རྡོ་རྗེ་སེམས་དཔའ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་བཾ་བཛྲ་བཾ་ཏི་ཡུམ་ཕག་མོ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་ཧི་བཛྲ་བཻ་རོ་ཙ་ན་རྣམ་སྣང་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་ཧཾ་ཡཾ་གཤིན་རྗེ་མ་ཡ་མ་ནི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྭཱ་ཧཱ་ཧཱུྃ་པདྨ་གར་དབང་པདྨ་ནིརྟཱི་ཤྭ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་ཧྲིཾ་མཾ་མོ་ཧ་ནི་རྨོངས་བྱེད་མ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་བཾ་ཤད་ཧོ་ཧེ་རུ་ཀ་ཁྲག་འཐུང་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲིཾ་ཧྲིཾ་སཾ་ཙ་ལ་ནི་སྐྱོད་བྱེད་མ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ་ཧོ་བཛྲ་སཱུརྱ་རྡོ་རྗེ་ཉི་མ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ་སཾ་སྐྲག་བྱེད་མ་ཏྲཱ་ས་ནི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པད་ཧཾ་པད་དྷཾ་པ་ར་མ་ཤ་རྡོ་རྗེ་རྒྱལ་པོ་རྟ་མཆོག་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕཊ་ཕཊ་ཙནྟི་ཀ་གཏུམ་མོ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཟུགས་ཕུང་རྣམ་སྣང་། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྟ་མཆོག །རྣམ་ཤེས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཁྲག་འཐུང་ངོ་། །ཕུང་པོ་ལྔ་དང་ཐམས་ཅད་ཀུན། །དཔའ་བོ་དྲུག་ལ་ཡང་དག་གནས། །མིག་གཉིས་གཏི་མུག་རྡོ་རྗེ་ཡ་མི་ནི། རྣ་བ་ཞེ་སྡང་རྡོ་རྗེ་ཕག་མོ། སྣ་སེར་སྣ་རྡོ་རྗེ་སྐྲག་བྱེད་མ། ཁ་འདོད་ཆགས་རྡོ་རྗེ་རྨོངས་བྱེད་མ།


DNG019_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་ཕྲག་དོག་རྡོ་རྗེ་གཏུམ་མོ། སྐྱེ་མཆེད་ཐམས་ཅད་དབང་ཕྱུག་རྡོ་རྗེ་མ་སྐྱོད་བྱེད་མའོ། །དབང་པོ་དཔའ་མོར་གནས་པ་ཡིན། །ལུས་རྣམ་སྣང་རྡོ་རྗེ་དང་ངག་དཔག་མེད་རྡོ་རྗེ་ཡིད་མི་འཁྲུགས་པ་ཞེས་སོ། །རྡོ་རྗེར་གནས། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་འདི་གསུངས་སོ། །ཞི་བའི་ལྷ་ཚོགས་མཆོད་པས་མཉེས་པར་བྱ་བ་དག་ནི། །ཡན་ལག་མཆོད་པའི་ལས་ལ་མཁས་པས་དབུལ་བར་བྱ་བའོ། །ཆོས་སྐུ་ཡུལ་དམིགས་པ་མེད་པའི་དཔེ་ནི་མཁའ་ལྟར་དག་པས་འཁོར་འདས་ཀུན་ལ་ཁྱབ་པའི་སྐུ། །འདས་པའི་ཐུགས་དང་སེམས་ཅན་གྱི་སེམས་དབྱེར་མེད་པའི་ཆོས་སྐུ་ལས། རྣལ་འབྱོར་པས་སྤྱན་འདྲེན་པ་དང་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་བར་གཉིས་སུ་མི་དམིགས་ཀྱང་། །ཆོས་སྐུ་དེའི་ཐུགས་རྗེའི་མ་འགགས་པ་ངང་ཉིད་ཆོས་སྐུ་དག་པ་ལས། །གདུལ་བྱའི་དོན་ལ་ཡེ་ཤེས་སྒྱུ་མས་འི་སྐུ་སྣང་ལ་རང་བཞིན་མེད་པ་རོལ་ཅིང་ཆུ་ཟླ་ལྟར་གཤེགས་སུ་གསོལ་སྤྱོན་ཞེས་པའོ། །ཐུགས་རྗེ་ཚད་མེད་པའི་ལྕགས་ཀྱུས་རྟ་མཐུར་ལྟར་བཟུང་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཚད་མེད་པ་ཞགས་པས་རྟ་མཐུར་མདས་བཀྲིས་པ་ལྟར་མི་གཏོང་བས་གནས་ནས་སྤྱན་ཡང་འདྲེན། །དགའ་བའི་ཚད་མེད་པ་ལྕགས་སྒྲོག་ཕོ་ཉས་རྟ་མཐུར་དམ་དུ་བསྡོམ་པ་ལྟར་བསྡམས་ནས་གནས་སྟོབས་ལ། །བཏང་སྙོམས་ཚད་མེད་པའི་དྲིལ་བུས་རྣམ་གྲོལ་རྒྱལ་པོ་རྟ་ཞོན་པ་ལ་དགའ་གཏམ་ཟེར་བ་ལྟར་དགྱེས་པ་བསྐྱེད་དེ། །ཆོས་ཉིད་ཞི་བ་རང་སྣང་བ་དང་དབྱེར་མེད་པས་ན་དཀྱིལ་འཁོར་ལ། །ཐུགས་རྗེས་མ་འགགས་པ་རྒྱ་མཚོའི་རླབས་འདྲ་བ་ལས་མགོན་གྱུར་མ་ལུས་རྣམས། །ཆོས་ཉིད་དང་ཡེ་ཤེས་དབྱེར་མེད་པའི་ངང་དུ་དགོངས་ལ་མི་ཕྱེད་དབྱིངས་ལ་འགོད་མཛད་པའི། །བདག་རྣལ་འབྱོར་པ་ལ་དམ་ཚིག་གིས་དགོངས་པ་ལུས་ངག་ཡིད་ལ་དགྱེས་ཤིང་ཐིམ་པར་བཞུགས། །རྒྱལ་བའི་སངས་རྒྱས་ཀྱི་སྐུ་ལ་བཞེངས་པ་དང་བཞུགས་པ་མི་མངའ་ཡང་། །ཡེ་ཤེས་ངང་དུ་ཡེ་ཤེས་ལྷ་དང་བདག་དང་ཆོས་ཉིད་རྣམས་དབྱེར་མེད་པར་རྒྱུད་གཅིག་པ་ཡིན་པས་ན་མི་གཉིས་གཅིག་པས་ན། །ཐབས་ཡབ་དང་རང་བཞིན་མེད་པའི་ཤེས་རབ་ཡུམ་མ་འགགས་པའི་ཏིང་འཛིན་དཀྱིལ་འཁོར་འདིར། །ཆོས་ཉིད་ཀྱི་ངང་ལས་མི་གཡོ་བར་


DNG019_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མུ་མཐའ་དང་བྲལ་བ་དབྱིངས་ཀུན་རང་བཞིན་འཁོར་བའི་ཆོས་ཀྱི་ཉེས་སྐྱོན་རྣམ་པར་དག་པ་ལས། །མ་འགགས་པས་སེམས་ཅན་གྱི་དོན་ལ་ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་གཉིས་སུ་སྣང་བ་དེ་ཡང་གློ་བུར་དུ་བྱས་པ་ནི་མ་ཡིན་ནོ། །སྒྲིབ་མེད་རང་སྣང་གི་ལྷ་ཚོགས་མང་པོ་རྣམས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་སོ་གདུལ་བྱའི་ཡུལ་ལས་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་དབུལ་བྱའི་རྫས་མཐའ་ཡས་ཀུན། །འབུལ་ལུགས་ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཕྱི་ལྟར་དྲི་ཆབ་ནང་བདུད་རྩི། སྣང་ཞིང་སྲིད་པའི་རྩ་བ་ཆོས་ཀྱི་དབྱིངས་སུ་ཤར་བའི་ཕྱིར་མ་འགགས་པར་མཆོད་རྫས་ཏེ། །སྣང་སྲིད་དེ་ཉིད་མ་བཅོས་པའི་ངང་ལས་གསལ་བ་ལྟར་ཡུམ་གྱི་ཐིག་ལེར་པདྨ་རཀྟ་ལྟར་ཤར། །ཆགས་ཡུལ་བདེ་བའི་འོད་ཕུང་ནང་ལྟར་ཐུགས་རྗེ་ཆགས་པའི་རྟགས་སུ་རཀྟ། དམར་པོ་ལ་འཁྱིལ། །འགྲོ་བའི་ཉོན་མོངས་པ་རྣམས་ཆོས་ཀྱི་དབྱིངས་སུ་བསྡིམ་ཕྱིར་ཕྱི་བདུད་རྩིའི་ནང་རཀྟ་གསང་བ་བྱང་སེམས་ཨརྒྷཾ་བཞེས། །ཞེས་སོ། །འབྱུང་བ་ཡུམ་ལྔ་ཉིད་ཀྱི་ངང་ལས་དབྱིངས་ནས་ཡེ་ཤེས་བཅུད་ཤར་བ་ནི་གསང་བ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་སུ་གསལ་ལོ། །སྣང་སྲིད་ཀྱི་མདངས་ལྡན་རང་རིག་པའི་མེ་ཏོག་ནི་རང་སེམས་མི་རྟོག་པ་སྟེ་ནང་རང་རིག་པ་ལྟ་བུ་གསལ། །གཉིས་སུ་མེད་པའི་ངང་ལས་མ་འགགས་པའི་ཕྱི་མེ་ཏོག་ཁ་དོག་ཅིར་ཡང་གསལ་བའོ། །མེ་ཏོག་འབྲས་བུ་འི་བཅུད་དང་ལྡན་མེ་ཏོག་ཁ་དོག་འོད་ཕུང་དང་ལྡན་པར་འབུལ། །ཆོས་ཉིད་མ་བཅོས་པའི་ངང་ལས་མ་འགགས་པར་ཤར་བའི་རང་བྱུང་དམ་རྫས་སྤོས་མཆོག་འདི། །དུད་པའི་ཁ་དོག་ཆོས་དབྱིངས་ནམ་མཁའ་གསལ་དྲིས་སྣའི་དབང་པོ་ཚིམས་པར་བྱེད་པ། །སྟོང་གསུམ་དྲི་བསུང་ནང་ལྟར་གསུར་ཆེན་གྱི་དུད་པས། གསང་བ་བྱང་སེམས་བདུད་རྩིའི་དྲིས་གང་བའི་བདུད་རྩི་འདི། །འབུལ་གནས་ཡེ་ཤེས་འབར་བའི་ལྷའི་ཤངས་ལ་མཆོད་པས་མཉེས་གྱུར་ཅིག །སྣོད་ཡུམ་བཅུད་ཡབ་གཉིས་མེད་ཡབ་ཡུམ་དག་པ་ལ། །ཡབ་ཀྱི་ཁུ་བ་གསང་བའི་མར་མེ། ནང་ལྟར་རང་བྱུང་


DNG019_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡེ་ཤེས་ཀྱི་རྟགས་སུ་འབྲས་བུ་རང་བྱུང་ཡེ་ཤེས་མེ་ཤར་ནས། །ཀོང་བུ་དུར་ཁྲོད་གཞལ་ཡས་ཁང་མར་ཁུ་ཚིལ་ཆེན་མེ་ཡེ་ཤེས་ཀྱི་རང་བཞིན་ནོ། །མཐའ་དབུས་མེད་པར་གསལ་བའི་འོད་འབར་ནི། །ཕྱི་ཀོང་བུ་སྟོང་གསུམ་རྩི་མར་རྒྱ་མཚོ་ཙམ་མེ་སྟོང་གསུམ། དགོངས་པ་འཁོར་བའི་མ་རིག་པའི་མུན་ཁང་སྲབ་གཞོམ་ཕྱིར་བཞེས་སུ་གསོལ། །གསང་བ་ལྟར་ཡབ་ཡུམ་གཉིས་སུ་དྲི་ཆབ་ཁུ་བ་དཀར་དམར་གཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་དུ། །ནང་ལྟར་ཉོན་མོངས་པ་ལྷ་མོར་དག་པས་སྐྱོན་བྲལ་དག་པ་ལྷ་མོ་མང་པོ་ཙནྡན་གྱི་འདེ་གུས་བྱུག་པ་ནི་བྱང་ཆུབ་སེམས། །ཕྱི་ལྟར་ཙནྡན་ལ་སོགས་པའི་དྲི་ཅིར་ཡང་འཆར་ཕྱིར་དྲི་ཡི་འོད་དཔུང་འབུལ། །ཞལ་གྱི་དབྱིངས་སུ་ཐིམ་རོ་བྲོ་བའི་མཆོག་ཡིན་པས་ན་དགོས་པ་ལ་སྐུ་ཉམས་སུ་བརྟས་པའོ། །ནས་མཉེས་གྱུར་ཅིག །གནས་གང་ནས་བྱུང་ན་ནམ་མཁའ་ཀུན་བཟང་དབྱིངས་ནས་ཅིར་ཡང་འབྱུང་། །གསང་བ་བྱང་སེམས་ཡིད་བཞིན་ནོར་བུ་རིན་ཆེན། འབྲས་བུ་གང་འབྱུང་ན་འབྱུང་བའི་འབྲས་བུ་ནང་ལྟར་འདོད་པའི་ཡོན་ཏན་ལྔ། །ཕྱི་ལྟར་ཞལ་ཟས་རོ་མཆོག་བརྒྱ་ལྡན་གྱི་ལྷ་བཤོས་རིན་ཆེན་ཡིད་བཞིན་ལོངས་སྤྱོད་འདི། །ཕྱི་ཞལ་ཟས་སྐུ་ནང་འདོད་ཡོན་གསུང་གསང་བ་བྱང་སེམས་ཐུགས་ཀྱི་ངང་དུ་ཐིམ་པར་བསམ། །དང་པོ་རྣ་བའི་ཡུལ་དུ་སྒྲ་ཡི་དངོས་པོར་སྣང་བ་ཡང་། །སྒྲའི་དངོས་པོ་རྡོས་བཅས་སུ་ཡོད་པ་མ་ཡིན་རྣ་བར་ཤིན་ཏུ་གྲགས། །སྒྲ་ཡིས་ཕྱི་སྒྲ་སྙན་གྱིས་ཡིད་རབ་ཏུ་ཚིམ་གྱུར་ཀྱང་། །སྒྲ་ཉིད་རང་བཞིན་གང་ཡང་མེད། །ནང་ལྟར་སྒྲ་རང་བཞིན་མེད་པར་རྟོགས་སོ། །སྒྲ་འབྱུང་གསང་བ་ཆོས་ཐམས་ཅད་ལ་སྒྲ་བརྙན་ལྟར་ཤེས་པས་རང་བཞིན་མཆོད་པར་འབུལ། །ཕྱི་སྐུ་ནང་གསུང་གསང་བ་ཐུགས་ཀྱི་དངོས་གྲུབ་སྩོལ། །བདུད་རྩི་ལྔ་རང་གི་ལུས་ལས་བྱུང་བས་ན་རང་བྱུང་དེ་ཡང་ཡེ་གདོད་མ་ནས་དག་པའི་རྫས། །བདུད་རྩི་ལྔ་རེ་རེ་ལས་སྦས་པ་ནང་གི་བཞི་རྩ་མངོན་པ་ཕྱིའི་བཞི་སྟེ་བརྒྱད་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཡན་ལག་ཕྱིའི་མིང་གི་ཡིན་པས་ན་ཡན་ལག་སྟོང་གི་སྨན། ར་སཱ་ཡ་ན་ལ་སོགས་རྫས། །རིགས་ལྔ་དྲི་ཆེན་རྣམ་སྣང་བྱང་སེམས་རྡོ་རྗེ་ཤ་ཆེན་རིན་འབྱུང་རཀྟ་མཐའ་ཡས་དྲི་ཆུ་དོན་གྲུབ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་དྲི་ཆེན་ཆོས་དབྱིངས་བྱང་སེམས་མེ་


DNG019_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཤ་མཉམ་ཉིད་རཀྟ་ཀུན་རྟོག །དྲི་ཆུ་བྱ་བ་གྲུབ་པ་གྲུབ་པའི་རྫས། །རྒྱུད་དྲུག་དྲི་ཆེན་དུད་འགྲོ། བྱང་སེམས་དམྱལ། ཤ་ཆེན་ལྷ། རཀྟ་མི། དྲི་ཆུས་ལྷ་མིན་དང་ཡི་དྭགས་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་དྲི་ཆེན་གཏི་མུག་སེལ་དེ་བཞིན་སྦྱར་བའི་བདུད་རྩི་འདི། །སངས་རྒྱས་རྣམས་ལ་འབུལ་བ་ནི་བཅོམ་ལྡན་རིགས་ལྔ་ཡབ་ཡུམ་དང་ཕུལ་བས་ཕུང་པོ་དང་འབྱུང་བ་ལྔ་དག་པར་མཛད། །བྱང་ཆུབ་སེམས་དཔའ་ལྕམ་དྲལ་རྣམས་ལ་ཕུལ་བ་རང་རྒྱུད་དག་པར་མཛད་དང་། །ཀུན་བཟང་ཡབ་ཡིད་དང་ཡུམ་ཆོས་དག་ཐུབ་དྲུག་ཉོན་མོངས་དྲུག དང་། །སྒོ་སྐྱོང་ཡབ་ཡུམ་ལུས་ཀྱི་ཁམས་དག་མཐའ་བཞི་ལས་གྲོལ་མཁའ་འགྲོ་སངས་རྒྱས་བསྟན་པ་དང་འཁོར་བཅས་ལ། །རྫས་གང་འབུལ་ན་རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཇི་ལྟར་བཞེས་ནས་ཐུགས་རྗེས་བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །དངོས་གྲུབ་གང་ཐོབ་ན་དམ་ཚིག་ཉམས་པ་རྣམས་ཚངས་པ་ནས་འཕྲུལ་དང་འདྲ་བའི་གྱི་དངོས་གྲུབ་སྩལ་དུ་གསོལ། །ལྕེ་ཡི་དམ་དངོས་གྲུབ་ལེན་པའི་དམ་ཚིག་ལྕེ་རྡོ་རྗེར་བསམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཁོང་སེང་ཅན་གྱི་ནང་དུ་འདྲེན་པའི་ཧཱུྃ་བསྒོམས་ཏེ། །ཐབས་མཐེ་བོང་དང་ནི་ཤེས་རབ་སྲིན་ལག་རྩེས། །ཐབས་ཡབ་ཟླ་དཀྱིལ་དང་ཤེས་རབ་ཡུམ་ཉི་དཀྱིལ་འདྲེལ་བ་ཡིས་ཡིན་ནོ། །རང་གི་ལུས་ཁམས་བདུད་རྩི་རྣམ་ལྔ་སྦྱར་བ་ལ། །ལྕེ་ལ་རོ་མཆོག་ཚོར་བ་མྱངས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྡོ་རྗེ་གསུམ་འཐོབ་འགྱུར། །ཆོས་ཉིད་ལ་དྲི་མ་མེད་ཅིང་རྣམ་པར་དག་པའི་དཔེ་ནམ་མཁའི་རང་བཞིན་ལས། །འཕྲལ་དུ་བྱུང་བའི་དཔེ་ལོག་རྟོག་མཚན་མ་མང་པོ་སྤྲིན་ཕུང་བཞིན། །སྤྲིན་རླུང་གིས་གཏོར་བའི་དཔེས་ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་སྤྲིན་དང་བྲལ་བའི་ཉི་མ་ཤར་བ་ལྟར་ལོག་རྟོགས་དག་པའི་ཡེ་ཤེས་ཤར་བསལ་ཕྱིར། །སྒྲིབ་པ་དག་པའི་དོན་དུ་གསང་ནན་འབུལ་ལོ་རྟོགས་ནས་མཆོད་པར་བགྱི། །ཤ་ལྔའི་གཏོར་མ་རྨད་དུ་བྱུང་བའི་གཏོར་མ་དང་། །གཏོར་མ་འདོད་པའི་ཡོན་ཏན་གྱི་ལྷ་མོ་རྣམ་པ་ལྔ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ལས་ཡེ་ཤེས་མ་འགགས་པར་འཆར་བས། །རང་གང་འདོད་པའི་གསོལ་བ་བཏབ་ཅིང་ཕུལ་བས་ཇི་ལྟར་དམིགས་པ་བཞིན་གྲུབ་འབུལ། །བཟང་ངན་ཆེ་ཆུང་མེད་པས་མཉམ་ཉིད་རྟོག་པའི་རླུང་གིས་མི་གཡོ་བཟང་


DNG019_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཆེ་ཆུང་མེད་པས་མཉམ་ཉིད་མཆོག་གི་ཆོས་ཉིད་ཡོན་ཏན་ཅན། །གཞན་དོན་ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་ཐམས་ཅད་སེལ་བར་མཛད། །བདེ་གཤེགས་ཀྱི་ཡོན་ཏན་མཐའ་ཡས་པ་དང་ལྡན་པས་གདུལ་བྱ་ལ་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །ཐུགས་གཟུང་འཛིན་གྱི་དྲི་མ་མེད་ཅིང་ཆོས་ཉིད་ལས་མི་གཡོ་བར་འགྲོ་བ་སོ་སོར་མི་འབྱེད་པས་མཉམ་མེད་དམ་པའི་དངོས་གྲུབ་མཆོག་ཆོས་ཅན་ཉིད་སྟེར་བས་ན། །ལོངས་སྐུའི་ཡོན་ཏན་ཤིན་ཏུ་བརྟག་དཀའ་བས་ན་ཕྲ་བའི་ཆ་ལའང་ཚད་གཟུང་དུ་མེད་དེ། །དཔེ་ནི་ནམ་མཁའ་མཐའ་ཡས་པ་ལྟར་དང་ཡང་ཡོན་ཏན་མཐའ་ཡས་པ་འགྲན་དུ་མཉམ་པ་ཡོད་མ་ཡིན། །མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་གཞན་དང་མཉམ་པ་མེད་དཔེ་ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བའི་དཔེ་བས་ལྷག་པའོ། །དང་བྲལ་བ་རྣམས། །དངོས་གྲུབ་དེ་གང་ལ་སྦྱིན་ན་སེམས་ཅན་ཁམས་ལས་ཅན་ལ་མཆོག་གི་དངོས་གྲུབ་མཆོག་རྣམས་སེམས་ཉིད་ཆོས་སྐུར་གསལ་བར་སྟོན་ངེས་པར་སྩོལ། །དུས་རྟག་ཏུ་གཟུང་འཛིན་གྱི་དྲི་མ་མེད་པའི་ཕྱིར་མི་དམིགས་པ་ལས་ཐུགས་རྗེའི་ཤུགས་ལས་བྱུང་བ་ནི་ཉི་མ་ཤར་བས་སེམས་ཅན་ལ་འོད་བྱུང་བ་ལྟ་བུའོ། །སྨོན་ལམ་གང་བཏབ་པ་དེ་གྲུབ་པ་སྟེ་ཐུགས་ལ་གང་ཡང་འགག་པ་མེད་པའི་ནམ་མཁའི་ཆོས་ཉིད་ཅན་ཅིར་ཡང་སྣང་བའི་ཡོན་ཏན་གང་ཡང་མ་འགགས་པར་འཆར་བའོ། །འགྲོ་བའི་དོན་མངོན་མཐོ་ངེས་ལེགས་གྲུབ་རབ་ཏུ་བརྩོན་པ་ནི་མཐའ་ཡས་པ་འི་དོན་འགྲུབ་པའོ། །ཉན་རང་ལྟར་མིན་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་དུས་རྟག་ཏུ་ནམ་མཁའ་ལྟར་འགྱུར་བ་མེད་པར་དུས་རྟག་ཏུ་བཞུགས་རྣམ་པར་སྣང་། །འཇིག་རྟེན་ན་ཡོན་ཏན་ཚད་མེད་པས་ཚད་གཟུང་བ་དང་བྲལ་བ་ཆོས་ཉིད་ཤིན་ཏུ་ཡོངས་སུ་རྫོགས་པའི། །རྣམ་རྟོག་གི་ཟུག་རྔུ་དང་བྲལ་ནས་བདེ་བར་ཆོས་སྐུར་གཤེགས་པའི་སངས་རྒྱས་ཀྱི་དགོངས་པའི་གོ་འཕང་དམ་པ་བརྙེས་གྱུར་པས་གདུལ་བྱའི་དོན་མཛད་བྱ་མཛད་བྱེད་ཀྱི་རྟོགས་པ་མི་མངའ་ཀྱང་། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་རྣམས་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཆོག་སྩོལ་ཞིང་སྟེར་བར་མཛད་དེ་རང་སེམས་ཆོས་སྐུ་དྲི་མེད་དུ་གནས་པའི་དོན་རྟོགས་པར་མཛད་པ་ཡི། །ཐུགས་


DNG019_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཆེན་པོས་སེམས་ཅན་གྱིས་དོན་མཛད་པ་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར་ཞིང་མི་འགག་སྟེ་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་དོན་འགག་མེད་དུ་མཛད་དོ། །ཨེ་མ་ཧོ་ནི་ངམ་ཞིང་མཆོར་བའོ། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་མཁྱེན་པས་ན་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན་པའོ། །མཆོག་སྦྱིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་རྣམས་ཀྱི་ནང་ནས་མུ་སྟེགས་ཀྱི་དངོས་གྲུབ་ལས་ཁྱད་བྱས་པས་ན་གོ་འཕང་མཆོག་ཆོས་སྐུ་བརྙེས་པ་འོ། །ཁམས་འདོད་ཁམས་གནས་རིགས་ཉི་ཤུ་གཟུགས་ཁམས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་གང་བསྒྲུབ་པ་བྱེད་ལ་ཆོས་སྐུ་སྟོན་པའོ། །གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །འགྲོ་བའི་མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་མེ་ལོང་དག་པའི་བྱད་ལྟར་གསལ་བ་རབ་མཁྱེན་པའོ། །དམ་ཚིག་མཆོག་སྐུའི་དམ་ཚིག་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཚོན་ནས་དེ་བཞིན་དུ་གསུང་ཐུགས་ལ་ཡང་སྦྱོར་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ་ཅིག། །བསྟོད་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱིར་བསྟོད་པ་སྟེ། །ཡང་དག་པ་ཡེ་ཤེས་ཀྱི་སྒོ་ནས་ཡོན་ཏན་རྒྱ་ཆེན་པོ་ལ་བསྟོད་པ་ཏེ། །བསྟོད་པ་འདིས་ལན་ཅིག་ཙམ་ནི་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་ནས་དངོས་གྲུབ་སྩོལ་པར་འགྱུར་ན་མང་དུ་བསྟོད་ན་ལྟ་ཅི་སྨོས་ཞེས་སོ། །དེ་ནས་རྒྱལ་བ་ཐམས་ཅད་གཉིས་སུ་མེད་པར་སྒྲུབ་པ་འདི་གསུངས་སོ། །ཡེ་ཤེས་ལྷ་བསྙེན་པའི་དོན་དུ་བཟླས་པ་འདི་དག་བྱ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་གདོན་མི་ཟ། །རྡོ་རྗེ་སེམས་དཔའི་ཐུགས་ཀ་ཉིད། །བདག་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ། ཉི་དཀྱིལ་རྒྱ་ལོང་ཙམ་ཅིག་བསམ། དེའི་སྟེང་དུ་ཛྙཱ་ན་སཏྭ་ཧཱུྃ་ཞེས་པས་ཡེ་ཤེས་སེམས་དཔའ་དཀར་པོ་ཚོན་གང་པ་རལ་པའི་ཐོར་ཚུགས་ཅན་ཅིག་བསྒོམ། དེའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་རྡོ་རྗེ་ནས་ཙམ་གྱི་བུམ་པ་ལ་ཧཱུྃ་ཉུང་འབྲུ་ཙམ་ཅིག་བསྒོམ། དེའི་ཐ་མར་ཧཱུྃ་བཛྲ་དྷྲྀཀ་ཅེས་པས་བསྐོར་བར་བསམ་གསང་བའི་སྔགས་དོན་བསྒོམ་པར་བྱ། །དེ་བཞིན་ཡུམ་ལའང་ཡུམ་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྲིལ་བུ་ལ་མཱུཾ་གྱིས་མཚན་པར་བསྒོམ། དེའི་ཐ་མར་མཱུཾ་དྷ་ཏྭཱི་ཤྭ་རིས་བསྐོར་བར་བསྒོམ་བསྒོམ་པ་དང་། །རིགས་བཞི་ཡབ་ཡུམ་བསྒོམ་པ་དང་། །དེ་བཞིན་རིགས་བཞི་ཡབ་


DNG019_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་རང་རང་གི་ཕྱག་མཚན་ས་བོན་སྔགས་ཀྱིས་བསྐོར་བར་བསྒོམ། སེམས་དཔའ་ཟླ་བའི་འོད་དང་བཅས། །སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་དཀྱིལ་རེ་དེའི་སྟེང་དུ་འོད་དཀར་པོ་ཚོན་གང་བ་རེའི་རྩེ་ལ་རང་རང་གི་བསྐྱེད་སྔགས་རྩ་སྔགས་ཀྱིས་བསྐོར་བར་བསྒོམ། ཀུན་བཟང་ཡབ་ཡུམ་སྔགས་དོན་བསྒོམ། །གཙོ་བོ་རྡོ་རྗེ་སེམས་དཔའ་དང་མཐུན་ནོ། །ཐུབ་པ་རྣམས་ཐུགས་ཀར་པདྨ་འི་སྟེང་དུ་འོད་སེར་པོ་མཐེབ་ལོང་ཙམ་རེ་ལ་སྔགས་ཀྱིས་བསྐོར་བ་དང་གསེར་གྱི་འོད། །སྒོ་བ་རྣམས་ལ་ཉི་མ་འི་དཀྱིལ་འཁོར་རེ་ལ་འོད་མཐིང་གའི་འོད། །མཐེ་བོང་ཙམ་རེ་ལ་སྔགས་ཀྱིས་བསྐོར་བ་དང་། ལྷ་རྣམས་ཀྱི་དུད་ཁང་དུ་ཟླ་བ་ལ་ཨོཾ་དང་ལྗགས་སྟེང་དུ་པདྨ་ལ་ཨཱཿ སྟེ་ཐུགས་ཀར་ཧཱུྃ་སོགས་གོང་ལྟར་རོ། །བཅས། །བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་མེད་མེ་ལོང་ནང་གི་གཟུགས་དང་བྱད་འདྲ་བའོ། །དཀྱིལ་འཁོར་གཉིས་ཀྱིས་ཚུལ་བཟུང་བསྒོམ། །ཡེ་ཤེས་ལྔ་ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་དབྱིངས། དེ་ནས་ཧཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿཞེས་བརྗོད་དེ། དེ་ལས་མར་མེ་གཅིག་ལས་གཉིས་སུ་བྱེ་བ་ལྟར་མདུན་གྱི་ནམ་མཁའ་ལ་དཀྱིལ་འཁོར་གཉིས་སུ་ཕྱེ་ལས་འཕྲོ་འདུ་བྱ་ཞིང་བཟླས་པ་བྱ་རྟོག་ཚོགས་སྦྱང་། སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་མཆོག་དང་གྲུབ་ཆེན་བརྒྱད་ལ་སོགས་པ་ཐུན་མོང་གང་འདོད་པ། །རྣལ་འབྱོར་པས་འདོད་པའི་དོན་ལ་སྨོན་ལམ་རབ་ཏུ་གདབ་པར་བྱ། །ཡེ་གདོད་མ་ན་ནས་འཁོར་འདས་མཉམ་ཉིད་ཆོས་སྐུ་འི་ངང་དུ་དག་པར་གནས་པ་ལ། །དེ་ལྟར་དུ་མ་རིག་པའི་དབང་གིས་ཡོད་པ་ལ་སྒྲོ་དང་མེད་པ་ལ་སྐུར་བཏབ་སྟེ། །དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་ནས། །སྒྲོ་སྐུར་གཟུང་འཛིན་གྱིས་བསགས་པའི་ལུས་ངག་ཡིད་ལ་གནས་པའི་སྒྲིབ་པ་རྣམས་བཟློག་པར་བྱ་བའི་དོན་དུ་རྒྱལ་བའི་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་མནོས་པ་ལས། བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་དང་ཅི་འགལ་བ་བགྱིས་པ་རྣམས། །སངས་རྒྱས་ཐུགས་རྗེའི་བདག་ཉིད་ཡིན་པས་ཐུགས་རྗེ་ཆེ་མངའ་ཁྱེད་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་བ་རྣམས་བཟོད་པར་གསོལ། །ཡེ་ཤེས་རྒྱལ་པོ་སངས་རྒྱས་སྐུ་རྣམ་སྣང་གསུང་སྣང་མཐའ་ཐུགས་མི་བསྐྱོད་པ། །རིན་འབྱུང་ཡོན་ཏན་ཕྲིན་ལས་དོན་གྲུབ་དེ་རེ་རེ་ལ་ཡང་ལྔ་པོ་


DNG019_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བས་ན་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །དུས་ད་ལྟ་ཉིད་དུ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བ། དེ་ཉིད་དུ་ནི་སྐུ་གསུང་ཐུགས་ཀྱི་སིདྡྷི་བདག་ལ་སྩོལ། །ཞེས་སངས་རྒྱས་ཐམས་ཅད་ཀྱིས་ཆེད་དུ་གསུངས་སོ། །དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་འོག་མིན་དུ་གསུངས་པ་ལས་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་གསུངས་སོ། །དེ་ནས་གསུངས་སོ་ཞེས་སྦྲེལ་གང་གིས་གསུངས་ན་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་འདས་པ་མ་ལུས་ཤིང་མ་བྱོན་པ་ལུས་པ་མེད་པ་ད་ལྟར་བ་ཐམས་ཅད་ཀྱིས། གང་གི་དོན་དུ་གསུངས་ན་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྣམས་ཀྱི་དོན་ལ་གསུངས་སོ། །གང་གསུངས་ན་ཡང་དག་པ་རྒྱུན་གྱི་རྣལ་འབྱོར་བསྒོམ་པ་འདི་གསུངས་སོ། །དེ་ཏིང་བསྒོམ་པ་སྟོང་པ་ཉིད་དེ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ། །དེ་གང་ཞེ་ན་མི་དམིགས་ཆོས་དབྱིངས་དེ་བཞིན་ཉིད། །རང་བཞིན་འོད་གསལ་ཀུན་ཏུ་སྣང་། །ཀུན་ཏུ་སྣང་ཞིང་ཁྱབ་པའི་སྙིང་རྗེའི་འོད་ཀྱི་ཀུན་ཏུ་གདལ་བའོ། །ཀུན་ལ་སྣང་བ་སྙིང་རྗེ་སྒྱུ་མའོ། །ཨ་ཉིད་རྒྱུ་ལས་དཀྱིལ་འཁོར་འབྱུང་། །རྒྱུའི་ཏིང་ངེ་འཛིན་ཨ་དཀར་པོར་བསྒོམ་མོ། །གཞལ་ཡས་ཁང་གཞུང་དང་ལྷ་ཚོགས་འབྱུང་བའི་རྒྱུའོ། །ནམ་མཁའ་ཨེ་ཡཾ་རླུང་བཾ་ཆུ་སུཾ་ས་ལཾ་རི་རབ་རཾ་མེ་བྷྲཱུཾ་ཁང་པའོ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །དབུས་འཁོར་ལོ་རྩིབས་བཞི་གྲུ་ཆད་གློ་འབུར་བར་ཁྱམས་སྒོ་དང་བཅས་པ་བསྐྱེད་དོ། །གདན་ནི་རྡོར་སེམས་སེང་གེ་རྣམ་སྣང་གླང་རིན་འབྱུང་རྟ་མཐའ་ཡས་རྨ་བྱ་ཏེའུ་དོན་གྲུབ་ཤང་ཤང་། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །སངས་རྒྱས་ཞེ་གཉིས་རང་རང་གི་སྔགས་གོང་ནས་འབྱུང་བ་ལྟར་བརྗོད་ལ་བསྒོམ་པར་བྱའོ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཕྱག་རྒྱ་བཞི་ཡིས་སྤྱན་དྲངས་ནས། །རང་སྣང་བཞི་བཅུ་ཕྱག་འཚལ་ཞིང་། །ཕྱག་འཚལ་བའི་སེ་གོལ་དཀྲོལ་ལ་བརྡ་དང་བཅས་པས། དམ་ཚིག་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མ་འགགས་པའི་སྒོ་ནས་ཕྱག་འཚལ་ཞིང་མ་སྐྱེས་པའི་སྒོ་ནས་གཉིས་སུ་མེད་པར་བྱའོ། །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་སྤྱན་དྲངས་པ་རྣམས། །སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཐུགས་རྗེས་ཆེན་པོ་བདག་ལ་དགོངས་ནས་ཀྱང་། །ཆོས་ཉིད་མི་དམིགས་པ་བསྒྲུབ་པའི་དོན་དུ་མཆོག་གི་དངོས་གྲུབ་


DNG019_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཆོས་སྐུ་ཐོབ་པར་བྱ་བ་བདག་ལ་སྩལ་ཞིང་དངོས་གྲུབ་མ་ཐོབ་པར་དུ་བརྟན་པར་བཞུགས་སུ་གསོལ། །སྐུ་མདོག་ཞལ་ནི་རྣམ་པར་བསྒྱུར། །རང་ཞལ་ཕྱག་གསལ་བར་བསྒོམ་ཞིང་། ཕྱག་རྒྱ་པད་སྐོར་གཡས་གཡོན་དབུས་དང་གསུམ་དུང་བསྐོར་ལྷ་རྣམས་ཡུད་ཙམ་གྱིས་ཡིད་ལ་གསལ་བར་བྱ་སྐུ་ནི་གར་ཐབས་གློག་འགྱུ་བ། །རྩ་བའི་ལྷ་ཞེ་གཉིས་སུ་གསལ་བ་མཉེས་པའི་ལྷ་རྣམས་ཕྱག་རྒྱ་འམ་གར་གྱི་མཆོད་པ་འབུལ། །མཆོད་པ་བཞེས་དབང་དང་དངོས་གྲུབ་སྩོལ། །སྤོས་ཀྱི་ལྷ་མོ་སེར་དང་མེ་ཏོག་མ་སྔོ་མར་མེ་མ་དམར་དྲི་ཆབ་མ་ལྗང་གུས་མཆོད་པའོ། །བདུད་རྩིས་མཆོད་ལ་དངོས་གྲུབ་བླང་། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །དུག་ལྔ་སེལ་བའི་བདུད་རྩི་འདི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཐུབ་པ་དྲུག །ཀུན་བཟང་ཡབ་ཡུམ་འཁོར་བཅས་ལ། །བླ་མེད་བདུད་རྩིའི་མཆོད་པ་འབུལ། །ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཏིང་ངེ་འཛིན་གྱིས་རེ་རེ་ལ་གོང་དུ་བཤད་པ་ཡི་ཕྱི་ནང་གསང་བར་སྦྱར་བ་རྣམས། །བདག་གི་ཕུང་པོ་ཁམས་སྐྱེ་མཆེད་དང་མཉམ་པའི་ལྷ་ཚོགས་ལ་འབུལ། །རྒྱལ་བའི་རིགས་ལྔའི་སྲས་སེམས་དཔའ་རྣམས་ཀྱི་དང་ཐུགས་ཀྱི་དཔལ་བེའུ་ནས། །ཡེ་ཤེས་ལྷ་ལ་དངོས་གྲུབ་སྩལ་བ་དང་དང་སྩོལ་བར་སྒྲུབ་པ་པོས་ལེན་པར་དོན་དམ་པར་མི་དམིགས་ཀྱང་། །སྔོན་གྱི་སེམས་ཅན་ལ་དངོས་གྲུབ་སྦྱིན་པར་ཐུགས་དམ་དུ་བཞེས་པའི་དབང་གིས་དངོས་གྲུབ་སྩོལ་ཅིག། །ཚོགས་འདོད་ཡོན་དྲུག་དང་གཏོར་མ་དང་བདུད་རྩི་པཉྩ་ཨ་མྲྀ་ཏ་དང་། །ཏ་ན་སྒྲོལ་བ་དང་ག་ཎ་ལ་སོགས་ཅི་འབྱོར་པ་ས་མཆོད་དོ། །ཏིང་འཛིན་ཡིད་ཀྱིས་མཆོད་པ་མང་པོར་སྤྲོས་ནས་དམིགས་པའི་མཆོད་པ་འདི། །འཁོར་བ་ལས་རྒྱལ་བ་དགོངས་པ་རྒྱ་མཚོ་ལྟར་གནས་པ་རྣམས་ཀྱིས་བཞེས་སུ་གསོལ། །གཞི་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས་བཞུགས་པ། །འགྲོ་དོན་དུ་གཟུགས་ཀྱི་སྐུ་སྒྱུ་མའི་ལྟར་སྣང་ལ་རང་བཞིན་མེད་པ་སྐྱེ་བའི་སྐུར་སྟོན་པ། །སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པ་


DNG019_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པ། །རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྣང་བ་ལ་ཕྱག་འཚལ་བསྟོད། །དེ་ནས་གཉིས་མེད་སྒྲུབ་དོན་དུ། །སྔགས་བཟླ་བར་བྱ་སྟེ་སྒོམ་ཐབས་ནི་གོང་ལྟར་བྱས་ལ། འཛབ་བོ་དྷི་ཙིཏྟ་དང་སྤྱི་དང་ཁྱད་པར་བཛྲ་དྷཱཾ་ཀ་ལ་སོགས་པ་བསྙེན་འཛབ་དབུལ། །དེ་ནས་ཞུགས་མར་གཙིགས་པ་ཡི། །སྒྲུབ་པ་ཟབ་མོ་ཡང་དག་བཤད། །དེ་བཞིན་ཉིད་དང་ནི། ཨོཾ་ཡང་དག་གྲུབ་པ་གཅིག་པུ་ཉིད། །དང་པོར་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །དམིགས་མེད་ཆོས་དབྱིངས་དེ་བཞིན་ཉིད། །ཨོཾ་མ་ཧཱ་སུ་ཁ་ཧཱུྃ་ཞེས་པས་ཆོས་ཉིད་སྟོང་པར་བསྒོམས་ཏེ། ལུང་འདི་ཉིད་ནས་ཚིག་བསྡུས་ནས་བསྒོམ་མོ། །ཀུན་ཏུ་སྣང་། །ཨོཾ་སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་ཀུན་འདུས་ཁྱབ་པར་བྱ། །རང་བཞིན་འོད་གསལ་ཀུན་ཏུ་སྣང་། །ཙིཏྟ་པྲ་བེ་ཤ་སྥ་ར་ཎ་ཕཊ། ལུང་འདི་ནས་བསྡུས་སྙིང་རྗེ་སྒྱུ་མ་བསྒོམ་མོ། །རྒྱུ་ཡི་ཏིང་འཛིན་རབ་ལྡན་པས། །ཨོཾ་རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མེད་པའི་རྒྱུ་ལས་མངོན་གསལ་བའི། །སེམས་ཀྱི་རང་བཞིན་ཡེ་ཤེས་གསལ། །རྒྱུ་ཡི་ཡི་གེ་ཨ་དཀར་གསལ། །ཞེས་བསྒོམ་མོ། །ཨེ་ཡཾ་བཾ་སུཾ་ལཾ་རཾ་ལྔ་ལས་བསྐྱེད་ཡི་གེ་འབྲུ་ལྔའི་འཕྲོ་འདུ་ལས། །ཨེ་ཨ་ཀ་ཤ་མཎྜ་ལ་ཞེས་པས་ནམ་མཁའ་གྲུ་གསུམ་བསྒོམ། ཨོཾ་ཀརྨ་རཀྵ་ཧཾ་གིས་རླུང་ཟླ་ཁམ། བཾ་མཱ་མ་ཀཱི་རི་མཎྜ་ལ་ཞེས་པས་བདུད་རྩིའི་རྒྱ་མཚོ་བསྒོམ་ནམ་མཁའ་རླུང་དང་བདུད་རྩི་མཚོ། །ལཾ་ཏིཥྛ་མཎྜལ་ཞེས་པས་རིན་ཆེན་ས་གཞི་སུཾ་སུ་མེ་རུ་སུཾ་གྱིས་རིན་པོ་ཆེའི་རི་རབ་སྟེང་། །རཾ་ཛྙཱ་ན་ཛྭ་ལ་མཎྜ་ལ་ཞེས་པས་ཡེ་ཤེས་མེ་འོད་ཀུན་ཏུ་གསལ། །བྷྲཱུཾ་བྷྲཱུཾ་ཅིར་ཡང་གྱུར་པའི་ཡིག་འབྲུ་བསམ་ཞེས་བརྗོད་དེ་གཞལ་ཡས་ཁང་དབུས་ཟླ་ཁམ་སྒོ་གཅིག་པ་གྲུ་ཆད་ཀྱི་སྒོ་དང་ངོ་། །འཕྲོ་འདུས་རིན་ཆེན་གཞལ་ཡས་ཁང་། །དབུས་རཏྣའི་ཁྲི་སེང་གེ་ས་བཏེགས་པ་ཉི་མ་ཟླ་བ་པདྨའི་གདན་གྱི་སྟེང་། །གཞལ་ཡས་ཁང་ཡིད་བཞིན་རིན་ཆེན་གྱིས་རྒྱན་དང་གདན་རིན་པོ་ཆེའི་ཁྲི་རྐང་གི་རྒྱན་གསལ། །ནམ་མཁའི་དཀྱིལ་ལ་ཡེ་ཤེས་སེམས་དཔའ་རླུང་གིས་བཏེགས་པ་ཕབ་ནས་ཡེ་ཤེས་ཤར། །འཕྲོས་བསྐུལ་དོན་བྱས་འདུས་གསལ་བར་ཆོ་ག་གསུམ་གྱིས་བསྐྱེད་དོ། །གྱུར་པ་ལས། །རྡོ་རྗེ་སེམས་དཔའ་ཡབ་ཞལ་གསུམ་ཕྱག་དྲུག་ཡུམ་ཞལ་གཅིག་ཕྱག་གཉིས་གོང་ལྟར་བསྒོམ། །ཡེ་ཤེས་ལྔ་ཡི་དབང་ཨོཾ་མ་ཧཱ་ཤཱུ་ནྱ་


DNG019_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལ་སོགས་བསྐུར་ཞིང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །དེ་བཞིན་ཀུན་ཏུ་རྒྱུའི་ཏིང་འཛིན་གསུམ་པོ་གསལ་གདབ་བརྟན་བྱས་ཤིང་། །རྟགས་ཀྱི་ཡབ་ཡུམ་དམ་ཚིག་གི་ཕྱག་རྒྱ། མཁའ་གསང་ལས་ཀྱི་ཕྱག་རྒྱ། སྦྱོར་བ་ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་གསུམ་བཅིངས་ནས། །ཡབ་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་བཞུགས་པར་བསྒོམ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ་པ་ནི་ལམ་ཀུན་མ་ནོར་བར་གསང་སྔགས་ཀྱི་ཀུན་བསྒོམ་ཡིན། །ཡུམ་ཆོས་དབྱིངས་ཡེ་ཤེས་ལས་སྤྱན་དྲངས་སྟོང་ཉིད་ཡེ་ཤེས་མེ་ལོང་ལས། །ངོ་བོ་ཆོས་སྐུ་མ་སྐྱེས་པ་ལས་གཟུགས་སྐུ་མི་འགག་པར་གཟུགས་སྐུར་སྣང་བ། །དཔེ་ཆོས་ཉིད་ནམ་མཁའ་ལ་ཡེ་ཤེས་འཇའ་ཚོན་འདྲ་བར་སྣང་བ་ཇི་བཞིན་དུ། །ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་སྐུའི་ཕྱག་རྒྱར་སྤྱན་དྲངས་པས་གཤེགས་སུ་གསོལ། ༈ །དབྱིངས་ཉིད་རང་བཞིན་རྣམ་པར་དག་པ་ལས། །ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ། །ཞེས་མགོ་ལ་གདགས། སངས་རྒྱས་ཀུན་འདུས་མི་བསྐྱོད་ཡབ་ཡུམ་གཙོ། །རང་སྣང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །ལེགས་པར་སེམས་ཅན་དོན་ཕྱིར་ནན་ཏན་མཆོག་སྐྱེད་ཅིང་། །ཞེས་བཞུགས་སུ་གསོལ་ནས་ནི། །མི་བསྐྱོད་མཐིང་ག་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཞེས་མགོ་མནན་ནོ། །ཡབ་ཡུམ་གཉིས་སུ་མེད་པ་ལ། །གར་དབྱངས་མཆོད་པ་འདི་འབུལ་གྱིས། །ཡེ་ཤེས་དང་ལས་དངོས་གྲུབ་སྩོལ། །བདུད་རྩིས་མཆོད་རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་སྒྲུབ་རྫས་འདི། །ལ་དངོས་གྲུབ་བླང་། །གསང་དྲི་མེད་རྣམ་དག་གི་ནན་སྦྲེངས་ལ་སྔགས་ཀྱིས་གཏོར་མ་དབུལ། །བདེ་གཤེགས་རྒྱལ་བ་ཡབ་ཡུམ་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བཞེས་ནས་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱའོ། །ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས། །གཟུགས་སྐུ་སྒྱུ་མའི་སྐྱེས་བུའི་ཚུལ་བསྟན་ནས། །ཐུགས་རྗེས་ཀུན་ལ་ཁྱབ་པའི་དོན་མཛད་པ། །ཡི་དམ་རྒྱལ་བའི་སྐུ་ལ་ཕྱག་འཚལ་བསྟོད། །བསྟོད་ཅིང་འཛབ་བཛྲ་དྷྲྀཀ་བཟླས་བཤགས་པ་བྱ། །ཚོགས་མཆོད་དང་དམ་ཚིག་བསྐང་བཤགས་ཉིན་གུང་མཚན་གུང་ཚིག་གི་ཚོགས་


DNG019_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱའོ། །རང་གཞན་དོན་དུ་ཆོས་སྐུ་ཐོབ་པར་སྨོན་ལམ་ཡོངས་སུ་གདབ་པར་བྱའོ། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་གི་གལ་པོ་ལས། ཆོས་ཉིད་ཞི་བའི་དཀྱིལ་འཁོར་ཏེ་བརྟག་པ་དགུ་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་གིས་ཁྲོ་བོ་འབྱུང་བའི་རཱུ་ཏྲ་ཆེན་པོ་འདི་དག་གསུངས་སོ། །རྟག་པ་རང་རྒྱུད་རཱུ་ཏྲ་ནི། །མོས་པ་རྗེས་སུ་བཞག་ཤེས་ལ། །སྐྱེས་བུ་ཡུལ་གྱི་འདོད་པས་གདུངས་པ་ལྟ་བུའོ། །ལོག་པའི་དབང་གིས་ཉོན་མོངས་ལྔ། །དང་པོ་ལོག་པའི་དབང་གིས་ཉོན་མོངས་པ་ལྔར་བརྟགས་པའི་རང་རྒྱུད་པ་ནི། དངོས་པོ་ཐམས་ཅད་རང་གི་ངོ་བོ་ཕྱོགས་དང་བྲལ་བ་ལ། རིག་པའི་རྐྱེན་དང་བྲལ་བས་དོན་མ་མཐོང་ཞིང་། དངོས་མེད་ལ་དངོས་པོར་བཟུང་བས་རིག་པ་ལ་དངོས་པོར་ཞེན་ཅིང་བརྟགས་པས་རང་རྒྱུད་པར་སྣང་ངོ་། །བརྟགས་པའི་དབང་གིས་གཟུང་འཛིན་དུ། །བརྟགས་པའི་རང་རྒྱུད་པ་ནི། གང་ལ་དེ་དག་མེད་པ་ལ། དེ་དང་དེར་ཞེན་ཅིང་ཆགས་པ་ནི། གཟུང་འཛིན་ནོ། །ཡུལ་དང་ཤེས་པ་ཐ་དད་དུ་གྱུར་པའི་ཕྱིར་རོ། །བརྟགས་པ་ནི་དངོས་པོ་བཞི་ལ་དོན་མ་ཤེས་པས་དངོས་པོ་གསུམ་དུ་བརྟགས་པའོ། །ཞེན་པའི་དབང་གིས་འདོད་ཡོན་ལྔ། །བརྟགས་པའི་རང་རྒྱུད་པ་ནི་ཞེན་པ་སྟེ། མེད་པ་ལ་བརྟགས་པས་གཉིས་སུ་འཁྲུལ་ལ་ཕྱི་རོལ་རང་དང་མཐུན་པའི་ཡུལ་ལྔ་ལ་གློ་བུར་རང་རྒྱུད་པར་རྒྱུན་དུ་སྐྱེ་ཞིང་འཇུག་པའི་ཕྱིར་བརྟགས་པའོ། །བརྟགས་པས་ཇི་བཞིན་ཇི་བཞིན་པ་ནི་ཐམས་ཅད་དུ་ཁྱབ་པར་གནས་ཀྱང་། རྒྱ་མཚོ་རྦས་སྒྲིབ་པའམ། ལོང་བ་རང་ལ་ཤེས་པ་མ་སྐྱེས་པ་ལྟར་གཞན་ལས་བྱུང་བ་མ་ཡིན་ནོ། །དོན་ལ་བསྒྲིབས་པ་དེ་ཡང་གོང་མ་གསུམ་པོ་མ་ཤེས་པས་ལན་ནོ། །ཉོན་མོངས་འདོད་དང་གཟུང་འཛིན་སྐྱོན། །བདག་དང་བདག་གིར་འཛིན་པས་ན། །ཁམས་གསུམ་འཁོར་བའི་གྲོང་ཁྱེར་བརྒྱུད། །ནམ་མཁའ་དང་ཆུ་ལ་དངོས་པོར་ཞེན་པ་ལྟར། རིག་པ་མ་སྐྱེས་པའི་རང་བཞིན་ལ། ངའམ་བདག་ཅེས་འཛིན་པའི་ཕྱིར་བདག་ཏུ་མཐོང་བའོ། །དེའི་དབང་གིས་ཕུང་པོ་བཞི་དང་། ཁམས་དང་། དབང་པོ་འཁོར་དང་། ལོངས་སྤྱོད་ལ་བདག་ཞེན་མངོན་པར་བརྟགས་སོ། །དེ་དག་ཀྱང་ཆུ་ལས་རླབས་བཞིན་ནོ། །ཇི་སྐད་བཤད་པ་ཡང་བདག་ཏུ་འཛིན་ཅིང་བརྟགས་ཏེ། མངོན་པར་ཞེན་པས་བདག་གིས་ཁམས་གསུམ་དུ་ཡང་འཁོར་བའི་གྲོང་ཁྱེར་བརྒྱུད་ལ། ནམ་མཁའི་མཐས་གཏུགས་པའི་འགྲོ་བ་རྣམས། ཁམས་གསུམ་དུ་སྐྱེ་ཞིང་གྲོང་ཁྱེར་དུ་བརྒྱུད་དོ། །བརྒྱུད་


DNG019_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞེ་ན། སྔོན་ཚེ་དུས་ནམ་བྱུང་ན་འདས་པའི་དང་པོ་ལ། །གཞི་གང་ལས་གོལ་ན་སངས་རྒྱས་སྲིད་པའི་སྒྲོན་མར་བྱུང་། །བླ་མ་གང་ལས་དམ་ཉམས་ན་སློབ་དཔོན་རྒྱལ་བའི་འཁོར་ལོ་ཡི། །སློབ་མ་གང་ཡིན་ན་དགེ་སློང་ནག་པོ་ལ། །གསང་སྔགས་བལྟ་བ། དམ་ཚིག །སྤྱོད་པ། ཏིང་ངེ་འཛིན། དབང་། ཕྲིན་ལས་མཐའ་དྲུག་བསྟན་པ་ལས། །གསང་སྔགས་ཟབ་མོའི་དོན་དེ་གདེང་དུ་མ་གྱུར་ཅིང་མ་གོ་བར། །སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་རྫུན་དང་བཞི་རང་རྒྱུད་པར་ལོག་པའི་ལུང་དུ་སྤྱད་པ་ཡིས། །དམྱལ་བ་ཚ་གྲང་ཡི་དྭགས་ཕྱི་ནང་སྒྲིབ་པ་ཅན་ཁ་འཁོར་ཏེ། །ཐ་མར་ལས་ཀྱི་སྲིན་པོར་རཱུ་ཏྲ་སྐྱེས། །ཁམས་གསུམ་འཁྲུགས་པའི་བདུད་དུ་གྱུར། །དང་པོ་གང་ལས་བྱུང་བ་མེད། །ཐ་མ་གང་དུ་འགག་མེད་ལ། །བཞི་ལས་འཁྲུལ་པ་རང་རྒྱུ་དང་འབྲས་བུར་བཅས་པ་དེ་དག་གི་རང་བཞིན་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་དངོས་པོའི་སྙིང་པོ་དེ་ཁོ་ན་ཉིད་ཐོག་མ་ཐ་མར་མེད་པའི་ཡེ་ཤེས་ཡིན་པ་དེའི་ཕྱིར། དེ་ལས་བྱུང་བའི་འཁྲུལ་པ་དང་མ་འཁྲུལ་པའི་རྒྱུ་དང་འབྲས་བུར་བཅས་པའི་ཆོས་ནི་ནམ་མཁའ་ལྟར་དང་པོ་གང་ལས་ཀྱང་འོང་བ་མེད། བར་དུ་གང་ནའང་གནས་པ་མེད། ཐ་མ་གང་དུའང་འགག་ཅིང་འཛིན་པ་མེད་ཅིང་ཆུ་དང་རླབས་བཞིན་ནོ། །དེའི་ཕྱིར་འཁྲུལ་པའི་རྒྱུ་དང་ངོ་བོ་དང་འབྲས་བུར་བཅས་པ་ནི་ཇི་ལྟར་སྣང་ཡང་རང་རྒྱུད་པ་མེད་དེ། དེ་དག་གི་རང་བཞིན་མ་སྤངས་པར་དེ་དག་ལས་མ་འདས་པ་ནི། རང་བཞིན་ནམ་ཆོས་ཉིད་དོ། །བདག་གཞན་འཛིན་པས་སྔོན་སྨིན་ཏེ། །ངོ་བོ་མ་རྟོགས་པའི་དབང་གིས་བདག་གཞན་དུ་འཛིན་པ་ལ། བརྟན་ཞིང་ཡུན་རིང་བས། སྒྲིབ་པ་དང་ལས་ཉོན་གྱི་འབྲས་བུ་དུཿཁ་ཞེན་པ་དང་བཅས་པ་ཉིད་སྔོན་དུ་སྨིན་ཏེ་འཁྲུལ་པའི་འགྲོ་བ་དེ་དག་གི་ངོ་ལ། ཞེན་པ་མ་ལོག་ཅིང་བདེན་པ་མངོན་དུ་མ་བྱས་ཀྱི་བར་དུ་སྐད་ཅིག་མ་ཙམ་དུའང་བདེ་བ་མེད་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་སྐལ་བ་ཡང་མེད་ཅེས་བྱ་བའི་དོན་ཏོ། །སྐད་ཅིག་བདེ་དང་ཐར་པ་མེད། །མ་རྟོགས་ཞེན་པའི་འགྲོ་བ་དག །དཔེར་ན་སེམས་ཅན་གྱི་དོན་མ་རྟོགས་པ་རྣམས་ཀྱིས་མ་ཤེས་པར་ཟོས་པས་དུག་གི་ན་བ་ལྟ་བུ་དང་ཟས་ལ་དུག་གིས་བཏབ་པ་འམ། །སྐོམ་གྱིས་གདུངས་པས་རི་དྭགས་སྨིག་རྒྱུ་ལ་ཆུར་འཁྲུལ་ན་སྨིག་རྒྱུ་ལ་བསྙེགས་པ་ལྟར། །རིགས་དྲུག་འཁོར་བའི་སྡུག་བསྔལ་ཉིད་ལས་ཐར་པ་མེད། །དེ་ཁམས་གསུམ་འཁོར་བར་འཁྱམས་པར་གྱུར་པའོ། །དེས་བརྟགས་པ་དང་རང་རྒྱུད་ཀྱི་རཱུ་ཏྲ་བཤད་ཟིན་ཏོ། །


DNG019_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་འདོད་པ་བསྐང་བ་འི་རཱུ་ཏྲ་ཡིས། །བསམ་པ་ཡིད་དང་འཐད་ཤེས་པ། །སྣ་ཚོགས་མེ་ཏོག་གླིང་ཕྱིན་པ་འདྲ། །གདུལ་བྱའི་ལས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས། སློབ་དཔོན་རྒྱལ་བའི་འཁོར་ལོ་སྟེ་རྡོ་རྗེ་སྙིང་པོ་དང་། སློབ་མ་དགེ་སློང་ནག་པོ་སྔོན་བྱུང་ལ་སྣང་ལ། ད་ལྟ་སློབ་དཔོན་དང་སློབ་མ་རྣམས་ཀྱང་། ལས་དང་སྨོན་ལམ་ཀྱིས་ཕྲད་པའི་ཕྱིར་རོ། །དངོས་དཔལ་ཆེན་ཉིད་སྤྲུལ་པ་འདོད་པ་སྐོང་བའི་རཱུ་ཏྲ་ཡིན་ནོ། །ལས་དང་སྨོན་ལམ་མཐུན་དབང་གིས། །བྱིན་རླབས་གང་ཞུས་བླ་མ་ལ། །གདུག་པ་རཱུ་ཏྲ་འདུལ་བའི་ཕྱིར། །གང་སྤྲུལ་པ་ནི་བརྒྱུད་པ་རང་ཐབས་ཀྱི་བྱིན་རླབས་དང་། ཆོ་གའམ་མན་ངག་གི་བྱིན་རླབས་དང་དམ་ཚིག །བལྟ་བ། དགོངས་པ། ཉམས་ཀྱིས་བསྟན་པའི་བརྟགས་པའི་སྣང་བ་བྲལ་ཞིང་ཡེ་ཤེས་ཀྱི་སྣང་བ་འཆར་བར་ནུས་ལ་དེ་ནི་ཏིང་ངེ་འཛིན་དང་ཐ་མི་དད་དོ། །འདིས་ནི་འདུལ་བྱེད་དེ་སངས་རྒྱས་རྣམས་འདུས་ནས་རཱུ་ཏྲ་འདུལ་བར་བཀའ་བགྲས་བཅས་པ་དང་། །སངས་རྒྱས་ཀྱི་ཆོ་འཕྲུལ་ཀྱིས་འདུལ་བར་བསྐུལ་བ་བྱས་ནས་ནི། །ཕྲིན་ལས་བཞིས་འདུལ་བར་ལས་བཞི་རྡོ་རྗེ་བསྐོས་ལ་བཏབ། །ད་ལྟར་གྱི་ནི་མན་ངག་དང་ལྡན་པའི་སློབ་དཔོན་ལ་བྱའོ། །རིགས་ངེས་དང་ལྡན་ཤེས་རབ་ཅན། །ལས་དང་ཐུགས་རྗེས་ཕྲད་རུང་ལ། །འདིར་སྔོན་བྱུང་དུ་རཱུ་ཏྲ་ཉིད་ལ་བྱ་སྟེ། ལྟ་སྤྱོད་ཟབ་མོ་ལ་གནས་ཤིང་། བླ་མས་བྱིན་བརླབས་པས་རིགས་ངེས་པ་དང་ལུས་ཀྱི་ཕྱི་ནང་གང་ལ་ཡང་མ་ཆགས་པར་རྟགས་པས་དད་པ་དང་ལྡན་པ་དང་། སངས་རྒྱས་ཞལ་མཐོང་ཞིང་སྐད་ཅིག་མས་བདེན་པ་མཐོང་བས་ཤེས་རབ་ཅན་ནོ། །སྔོན་ནས་སྐྱབས་ཤིང་བསགས་པའི་ལས་དང་། དེ་བཞིན་གཤེགས་པའི་ཐུགས་རྗེས་བཏུལ་ནས་ས་ལ་བཞགས་པས་ཕྲད་རུང་ལ་ཞེས་སོ། །གཞན་དུ་ན་བླ་མ་དང་ཐེག་པ་ཆེན་པོའི་རིགས་སུ་ངེས་པ་དང་། དད་པ་དང་དམ་ཚིག་དང་ལྡན་པ་སྙིང་རྗེ་ཆེ་བ། ཡིད་མི་སྐྱོ་བ་ཤེས་རབ་ཆེ་བ། གཏོང་ཕོད་ཅིང་བརྩོན་འགྲུས་ཆེ་བ། རང་གི་ལས་དག་པ་དང་། བླ་མས་དེ་ལྟར་རྟོགས་པས་ཐུགས་རྗེ་སྐྱེ་བའི་ཡུལ་དུ་གྱུར་པས་ཕྲད་དུ་རུང་བའོ། །རང་བཞིན་དག་པའི་ལས་དབང་གིས། །དུག་གིས་དུག་ནད་བསལ་བ་ལྟར། །དུག་ལྔ་གཟུང་འཛིན་འདོད་པ་ལྔ། །དེའི་ཕྱིར་ན་ཐོག་མ་བར་དང་ཐ་མའི་རང་བཞིན་ལ་བརྟགས་པ་དང་། བདེ་བ་ཆེན་པོ་ལ་བརྟགས་པས། དུག་ལྔ་གང་ནུས་པས་ཆོས་ཉིད་དུ་འགྱུར་རོ། །དངོས་པོ་གང་བཏབ་པས་གཟུང་བའི་ཡུལ་ནུབ། དེའི་ངོ་བོ་མཐོང་བས་འཛིན་པའི་སེམས་ནུབ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་གསལ་


DNG019_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །སྤྱོད་ཡུལ་ལྷའི་རང་བཞིན་ལ་བརྟགས་པ་དང་། དབང་པོ་བདེ་བར་ནུས་པ་ལ་བརྟགས་པ་དང་། འདོད་པ་ལྔ་སྒྱུ་མར་སྐྱེ་བའི་ཐབས་ཀྱི་གྲུབ་ཀྱིས། མན་ངག་དང་བྲལ་བའི་རྟོག་པས་ནི་མ་ཡིན་ནོ། །མ་ལུས་པས་ན་སྤྱོད་ཡུལ་གྱི་ཆོས་ཐམས་ཅད་དོ། །བཤད་ཐབས་དེས་འདུལ་བར་འགྱུར་བ་ནི་ཆུ་རླབས་ཞི་བ་བཞིན་ནོ། །རླབས་ཆུར་རྟོགས་ན། རླབས་ལ་ཉམ་ང་བ་མེད་པ་ལྟར། སྣང་བ་སེམས་ཉིད་མ་བཅོས་པར་ཤེས་ན་དྲན་རྟོག་དང་སྣང་བ་གང་ལ་ཡང་དགག་བསྒྲུབ་དང་བྲལ་བའོ། །མ་ལུས་ཐབས་ཀྱིས་འདུལ་བར་འགྱུར། །རང་ཉིད་གང་ཞེན་ཅིང་དག་པ་ནི། ཆགས་སྡང་ལྔ་དང་། འདོད་ཡོན་ལྔ་དང་། གཟུང་འཛིན་དང་གང་ལ་ཞེན་པ་དག་གོ། །དེས་བསྒྱུར་བའི་སྒོ་གསུམ་གྱི་བྱ་བ་ནི། ལས་དབང་གིས་ཞེས་སོ། །ཐབས་ནི་དེ་དག་ཉིད་དོ། །དེ་དག་གིས་ཇི་ལྟར་གྲོལ་ཞེ་ན། དུག་གིས་དུག་ནད་བསལ་བ་ལྟར་ཏེ། བླུན་པོ་འཆི་བར་བྱེད་པའི་དུག་ནད་དེ། དུག་ལ་སྔགས་ཀྱིས་བཏབ་པས་སེལ་བ་ལྟར། ཐེག་པ་ཆུང་བ་ནད་ཀྱིས་གཟིར་བའི་ཆགས་སྡང་ལ་སོགས་པ་ནི་ཐབས་ཁྱད་པར་ཅན་དེ་ཉིད། ཡེ་ཤེས་སུ་རང་གྲོལ་བར་འགྱུར་རོ། །སྤྲུལ་པའི་ཁྲག་འཐུང་ཅིར་ཡང་སྣང་། །ཅིར་ཡང་སྣང་བར་སྤྲུལ་པས་ཏེ། ཐུགས་ཀྱི་རིགས་གཅིག་པུའི་ཁྲག་འཐུང་མ་ངེས་པར་ཅིར་ཡང་སྣང་བ་ནི། རཱུ་ཏྲ་འདུལ་བའི་ཕྱིར་ཁྲོ་བོ་འདུལ་བྱེད་ཀྱི་ཚོགས་སུ་ཡང་སྣང་སྟེ། ལ་ལ་འདི་ལྟར་སྣང་བར་འགྱུར། །སྐུ་མདོག་དང་ཞལ་དབུས་མཐིང་ནག་གཡས་དཀར་དང་གཡོན་དམར་བའི་དབུས། །ཕྱག་གཡས་དང་པོ་ན་རྡོ་རྗེ་བར་མ་ན་ཞིང་མཆོག་གི་དབྱུག་པ་ཐ་མ་ན་ཁ་ཊྭཱཾ་ག །གཡོན་དང་པོ་དྲིལ་བུ་བར་མ་ན་བྷནྡྷ་ཐ་མ་ན་བ་སུ་འི་ཞགས་པའོ། །ཡུམ་ཡབ་ཀྱི་སྐུ་དང་མཐུན་པ་དང་གཉིས་སུ་མེད་པར་འཁྲིལ་བའོ། །ཡང་ནི་ཐུགས་ཀྱི་ཧེ་རུ་ཀ་རཱུ་ཏྲའི་ཚོགས་འདི་ལྟར་ཡང་སྣང་བར་འགྱུར་ཏེ། །གནས་བསྐལ་པ་འཇིགས་པ་དུས་མཐའི་མེ་ལྟར་འབར་བ་འི་མེ་དཔུང་གི་དབུས་ན་ཡི། །འོད་ཟེར་འདུ་བས་དངོས་གྲུབ་སྟེར་འཕྲོའི་ཀློང་དཀྱིལ་ན་གནས་ཀྱི་སེམས་ཅན་གྱི་དོན་མཛད་པས། །ཐུགས་རྗེ་འབྱུང་བའི་ཕྱིར་སྐུ་ནི་འདུལ་བའི་དབང་དུ་གྱུར་པའི་ཕྱིར་དུད་ཀ་གཏིང་དཔག་དཀའ་བའི་ཕྱིར་ཆེན་པོ་སྟེ། །སྐུ་གསུམ་བསྒོམས་པས་ཞལ་གསུམ་གྲུབ་པོ་ལ་ཕྱག་དྲུག་པོ་ཕར་ཕྱིན་དྲུག་གི་དོན་མཛད་པས། །ཞེ་སྡང་འདུལ་བའི་ཕྱིར་གནག་དུད་ཀ་དང་གཡས་གཏི་མུག་འདུལ་མཐིང་དང་གཡོན་འདོད་ཆགས་འདུལ་


DNG019_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བའི་དབུ། །གཡས་པ་གསུམ་ན་ཐོགས་པ་ནི། །གཡས་དང་པོ་ན་དགྲ་བགེགས་ལ་བརྡེག་པའི་དང་མ་མོ་མཁའ་འགྲོ་འབོད་པའི་གཡབ་མོ་ཏི་རའི་དབྱུག་པ་ཆེན་པོ་དང་། །གཡས་བར་མ་རྡོ་རྗེས་གཡོན་ཐོད་ཁྲག་དཀྲུག་ཅིང་ཞལ་དུ་གསོལ་བ་དང་། །ཐ་མ་ན་ཁྱུང་གི་ཁྲ་ཆེན་རཱུ་ཏྲའི་ཚོགས་ལ་སྤོར་ཞིང་འགྱེད་པའོ། །གཡོན་གྱི་གསུམ་ན་ཐོགས་པ་ནི། །ཏི་ར་འི་རྒྱུ་མའི་ཞགས་པ་ཐམས་ཅད་འཆིང་བ དང་། །བར་མ་ཐོད་རློན་དམར་གྱིས་བཀང་བ་དང་གསོལ་བ། །ཐ་མ་ཏི་ར་ཕྲ་མོའི་ཆུང་ངུ་ཁོག་པ་ནས། །གློ་སྙིང་ནང་གྲོལ་ཕྱུང་ནས་འབྱིན་ཅིང་ཟ། །གཏི་མུག་གནས་སུ་དག་པས་སྐུ་ལ་གླང་ཆེན་གྱི་ཀོ་རློན་གོས་སུ་གོན། །འདོད་ཆགས་མ་སྤངས་གནས་སུ་དག་པས་ཞིང་ལྤགས་གཡང་གཞི་འི་ཤམ་ཐབས་ཅན། །སྤྲུལ་པ་མང་པོ་འགྱེད་པས་ཐོད་རློན་ཕྲེང་བ་རྒྱན་དུ་བྱས། །ཀྲོ་དྷཱི་ཤྭ་རཱི་སྐུ་ལ་ཐབས་ཤེས་རབ་མི་འབྲལ་བས་འཁྲིལ། །ཕྲིན་ལས་དྲག་པོས་གདུག་པ་ཐམས་ཅད་འདུལ་བར་བྱེད། །ཡང་ནི་སྤྲུལ་པའི་ཧེ་རུ་ཀ་གདུལ་བྱ་ལ་འདི་ལྟར་སྣང་སྟེ། །ཞལ་གཡས་དཀར་དང་དབུས་མཐིང་ག་གཡོན་དམར་བའི་མདོག །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །དང་པོ་ན་གཉིས་མེད་མཚོན་པའི་རྡོ་རྗེ་ཞིང་བར་མ་ན་སྒྲོལ་བ་མཚོན་པའི་དབྱུག་ཐ་མ་ན་རྦོད་གཏོང་མཛད་པའི་ཁྱུང་ཁྲ་སྤོར། །གཡོན་དང་པོ་ཐོད་ཁྲག་བར་མ་ན་དུག་གསུམ་འཇོམ་པའི་ཁ་ཊྭཱཾ་དམ་ཉམས་འཆིང་བའི་རྒྱུ་ཞགས་བསྣམས་པ། །ཡུམ་དང་གཉིས་སུ་མེད་པར་སྐུ་ལ་འཁྲིལ་བའོ། །ཡང་ནི་སྤྲུལ་པའི་ཧེ་རུ་ཀ་འདི་ལྟར་གདུལ་བྱ་བ་སྣང་བར་འགྱུར། །གཡས་དཀར་གསལ་བའི་ཉམས་གཡོན་དམར་བདེ་བའི་ཉམས་སྨུག་ནག་དབུས་མི་རྟོག་པའི་ཉམས། །གཡས་ཀྱི་དང་པོ་ཏི་ར་ལ་ཞིང་དབྱུག། །བར་མ་རྡོ་རྗེ་བྷནྡྷ་ཐ། །གཡོན་གྱི་དང་པོ་འཆིང་བའི་རྒྱུ་ཞགས་ལ། །བར་མ་དམ་ཉམས་གདུག་པར་འགྱེད་པའི་ཁྱུང་གི་ཁྲ་ཆེན་པོ། །ཐ་མ་ཏི་རའི་གློ་སྙིང་ནང་རོལ་འདྲེན་ཅིང་ཟ། །ཡུམ་དང་གཉིས་སུ་མེད་པའོ། །ཡང་ནི་སྤྲུལ་པ་འདི་ལྟར་སྣང་། །གཡས་ལོངས་སྐུ་དཀར་དབུས་ཆོས་སྐུ་སྨུག་གཡོན་སྤྲུལ་སྐུ་དམར་ཞལ། །གཡས་དང་པོ་རྡོ་རྗེ་བར་ཁ་ཊྭཱཾ་ཐ་མ་ཅང་ཏེའུ་གཡས། །དང་པོ་དུང་དམར་བར་རྒྱུ་ཞགས་ཐ་མ་ཁྱུང་ཁྲ་གཡོན། །ཡུམ་དང་ཐབས་ཤེས་


DNG019_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པ་ལ། །དུར་ཁྲོད་ཆས་བརྒྱད་རྣམས་སྐུ་ལ་རྫོགས། །ཡང་ནི་སྤྲུལ་པས་འདོད་པ་སྐོང་། །ཉེས་པ་དང་བྲལ་བས་གཡས་དཀར་ཐུགས་རྗེ་ཆགས་པས་གཡོན་དམར་མི་འགྱུར་བས་དབུས་མཐིང་ནག །དང་པོ་རྡོ་རྗེ་བར་ཁྱུང་ཁྲ་ཐ་མ་ཞིང་དབྱུག་གཡས། །དང་པོ་དུང་ཆེན་བར་ཞིང་དབྱུག་ཐ་མ་རྒྱུ་མའི་ཞགས་པ་གཡོན། །ཡུམ་དང་གཉིས་སུ་མེད་པར་འཁྲིལ། །གདུག་པ་རཱུ་ཏྲའི་ཚོགས་ཐམས་ཅད་དབང་དུ་བསྡུས་ནས་ཞབས་ཀྱིས་གཟིར་ཏེ་མ་ལུས་པར་འདུལ་བའོ། །ཡང་ནི་འདི་ལྟར་སྤྲུལ་པ་འདོད་པ་སྐོང་བའི་རཱུ་ཏྲ་དཔལ་ཆེན་པོའི་ཚོགས་སྣང་བ་ཡང་། །གཡས་དཀར་བ་སྟོང་ཉིད་དབུས་སྨུག་མཚན་མ་མེད་པ་གཡོན་པ་དམར་སྨོན་པ་མེད་པ། །གཡས་དང་པོ་ཞིང་དབྱུག་བར་རྡོ་རྗེ་ཐ་མ་ཁྱུང་ཁྲ་ནི་སྤོར། །དང་པོ་ཞགས་པ་བར་དུང་ཆེན་ཏེ་ཐོད་པ་ཐ་མ་རོ་དབྱུག་གཡོན། །ཡུམ་དང་ཐབས་ཤེས་གཉིས་སུ་མེད་པ་ལ། །གདུལ་བྱ་རཱུ་ཏྲའི་ཚོགས་འདུལ་བའི་ཧེ་རུ་ཀ །ཡང་ནི་སྤྲུལ་པ་འདོད་པ་སྐོང་བའི་ཁྲག་འཐུང་སྣང་བ་ཡང་། །སྐུ་མདོག་དམར་ཁམས་གསུམ་དབང་དུ་སྡུད་པས་སྨུག་ཞལ་གསུམ་ལ། །གཡས་པ་ཐབས་དཀར་ལ་གཡོན་པ་ཤེས་རབ་མི་འགྱུར་ནག །ཕྱག་བཞི་གཡས་གཡོན་དང་པོ་ན། །གཡས་རྡོ་རྗེ་གཡོན་ཐོད་ཁྲག་དཀྲུག་ཅིང་གསོལ་ཞལ་དུ། །གཡོན་འོག་མ་དྲིལ་བུ་གཡས་ཁ་ཊྭཱཾ་ག །ཡུམ་དང་བདེ་སྟོང་གཉིས་སུ་མེད་པ་སྟེ། །ཧེ་རུ་ཀ་ལ་རྡོ་རྗེ་རཱུ་ཏྲ་ཞེས་ཏེ་གདུལ་བྱའི་མིང་འདུལ་བྱེད་ལ་བཏགས་བསམ་ཡས་སྣང་། །སྟོང་གསུམ་གྱི་འཇིག་རྟེན་ཁམས་རྣམས་ཀྱང་ཐུགས་ཀྱི་ཧེ་རུ་ཀ་ས་གང་བའི་དཔེ། །ནམ་མཁའི་རྡུལ་ཕྲ་རབ་དང་མཉམ་པའི་གྲངས། །ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་ནི་འི་རཱུ་ཏྲ། །སྣ་ཚོགས་དང་པོ་རང་གི་ངོ་བོ་ཉམས་དང་ལྡན་པ་འི་ཤེས་པ་སྟེ། །རྒྱ་མཚོ་རིན་ཆེན་སྣ་ཚོགས་ཀྱི་གླིང་ལ་ཕྱིན་པ་ལྟར། །ཕྱིན་ན་རིན་པོ་ཆེའི་རིགས་བསམ་ཡས་པ་ལྟར་བཤད་པ་ཁྱེད་ལ་བསྟན། །སྔོན་ནས་ཞེན་པའི་བག་ཆགས་དག །རཱུ་ཏྲ་དེའི་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་སྐྱེ་བ་སྣ་ཚོགས་ལས་བྱུང་བའི་བག་ཆགས་དང་སྒོ་གསུམ་གྱིས་སྤྱོད་པ་དང་ཁྱད་པར་གསང་བ་ལོག་པར་གོལ་བ་སྟེ། དེ་དག་གི་བག་ཆགས་དག་པའོ། །འདས་པའི་དུས་ན་སྔོན་བྱུང་བའི། །འདས་པ་ནི་སྔོན་


DNG019_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རཱུ་ཏྲ་ནག་པོ་གསང་བ་ལས་གོལ་བས། དང་པོ་རང་རྒྱུད་པ་ལ་ཞེན་ཅིང་ཉོན་མོངས་པ་ལ་སྤྱོད་པ་སྟེ། དངོས་པོའི་དོན་མ་རྟོགས་པར་ནོར་བར་གྱུར་ཏོ། །བླ་མས་གསལ་བྱས་གསལ་གྱུར་པའི། །གང་དེ་ལྟར་ལོག་པར་གོལ་བ་སྟེ་ཚར་བཅད་པའི་ཕྱིར། ཕྲིན་ལས་བཞིས་རིམ་པར་བཏུལ་ཞིང་ཚར་བཅད་ནས། མཐོང་ལམ་སྐྱེས་ཤིང་དབུགས་ཕྱིན་པའོ། །དེ་ལ་སྤྱོ་བ་བྱས་པས་སྔོན་གྱི་ལས་ཅི་སྤྱད་དྲན་ཞིང་གསལ་བར་གྱུར་ཏོ། །ནོར་པས་ཡིད་ཆེས་འགྱོད་པ་ཉིད། །དེ་ཕྱིར་སྔར་གྱི་ལས་དང་། ལྟ་སྤྱོད་ལོག་པ་ལ་ལོག་པར་ཤེས་ཤིང་ཐེ་ཚོམ་ཟ་བས་གདུང་བ་དང་། འགྱོད་པ་དྲག་པོ་སྐྱེས་ཏེ། སྔར་རང་གི་ལས་སྤྱད་པ་རྣམས་ནོར་བར་ཤེས་པས། དཔལ་གྱིས་སྒྲིབ་པ་སྦྱངས་པས། སྔར་ལས་ལ་འགྱེད་པའོ། །གང་དེ་ཕྱིས་འཇུག་མེད་པའི་སེམས། །གལ་ཏེ་སྔར་གྱི་བྱ་བ་ལོག་པར་ཤེས་ནས་དེའི་ཉེས་པ་ཁོང་དུ་ཆུད་པས་འཁྲུལ་པ་ཕྱིས་མི་སྐྱེ་བས། སྐྱེ་བ་དང་ལས་ཤེས། སྐྱེ་བ་སྔོན་དུ་གྱུར་པས་ཕྱིས་དེར་མི་འཇུག་པའི་སེམས་སྐྱེས་པའོ། །གདུང་བས་ཞེན་པ་མངོན་བསལ་ནས། །གང་གི་ཤུགས་ཀྱིས་གདུང་བ་ནི། གདུང་བ་དེ་སྔར་གྱི་ལས་ཉོན་དང་སྒྲིབ་པའི་བག་ཆགས་ཡུན་རིང་པོར་བསགས་པ་ལ་མངོན་པར་ཞེན་པའོ། །དེ་མངོན་དུ་བསལ་བ་ནི། རྟོགས་པ་དང་ཏིང་ངེ་འཛིན་སྤྱོད་པའི་གདུང་བ་དྲག་པོས་ཉེས་པ་བསལ་བས་ཞལ་མཐོང་སྟེ། བླ་མར་དྲིན་བསབ་ལུས་གདན་ཕུལ། །དེ་ལྟར་ཞལ་མཐོང་བས་བག་ཆགས་ཕྲ་བ་སྦྱང་བའི་ཕྱིར། བླ་མ་ལ་དྲིན་བསབ་པའི་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར། ལུས་གདན་དུ་ཕུལ་ནས་དགོངས་པ་བསྐུལ་བས་ཐུགས་རྗེའི་བྱིན་རླབས་ཤར་ཏེ། ཆུ་དྭངས་པ་དང་ཟླ་བ་ལྟ་བུའོ། །རང་སེམས་སྙིང་པོ་མཐོང་བའི་རྒྱུ། །དེ་ཡང་སྐྱེ་བ་དང་། གནས་པ་དང་། དུས་དང་སྔར་གང་དུ་སྐྱེས་པའི་དུཿཁ་རྣམས་མཐོང་བར་བྱེད་པའི་རྒྱུས་ནི་དད་པས་རང་ལུས་གདན་དུ་ཕུལ་བའོ། །ད་ལྟ་ཉིད་དུ་མཐོང་བར་སྣང་། །ཞལ་མཐོང་ཞིང་སྒྲིབ་པ་དག་ནས། ཏིང་ངེ་འཛིན་ཡེ་ཤེས་སུ་འདས་སོ། །བླ་མ་དཔང་པོ་ཐམས་ཅད་ལ། །བླ་མ་ནི་དཔལ་རྡོ་རྗེ་སྙིང་པོ་ཧེ་རུ་ཀ་ཡིན་ལ་དཔང་པོ་ནི་སངས་རྒྱས་དཔག་ཏུ་མེད་པའི་ཚོགས་ཏེ། དུས་གསུམ་གྱི་སློབ་དཔོན་ལ་ཡང་འགལ་བ་མེད་དོ། །དེ་ཡང་བལྟ་བ་དང་། དམ་ཚིག །དབང་། མན་ངག་གི་བརྒྱུད་པ་གསུམ་དང་བྲལ་བ་ནི་བླ་མ་མ་ཡིན་པར་ཤེས་པར་བྱའོ། །མཉེས་ཤིང་ཚོགས་ཀྱིས་གུས་མཆོད་ཅིང་། །འདིར་དཔལ་རྡོ་རྗེ་སྙིང་པོར་རང་རང་གི་སྒྲིབ་པ་འདག་ཅིང་ཚོགས་སུ་གྱུར་པའི་ཕྱིར་དང་། བླ་མ་མཉེས་པར་བྱ་བའི་ཕྱིར་དང་། རཱུ་ཏྲའི་ཚོགས་རྣམས་


DNG019_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བླ་མ་དམ་པ་དཔལ་ཧེ་རུ་ཀ་ལ་སྐུ་གསུང་ཐུགས་དང་ཞིང་མཉེས་པར་བྱ་བའི་ཕྱིར། ལུས་དང་རྒྱན་དང་ལག་ཆ་དང་འཁོར་ཚོགས་མ་ལུས་པར་གུས་པས་མཆོད་པ་མང་པོ་ཕུལ་ཞིང་། ལུས་དང་ཡོ་བྱད་ཀུན་བཏང་ལ། །དེ་བཞིན་དུ་དབང་དང་མན་ངག་ཐོབ་པར་འདོད་པས་ཀྱང་རང་གི་ལུས་བྲན་དུ་གཞུག་པ་ལ་སོགས་འཁོར་གསུམ་ཡོངས་སུ་དག་པས་མཉེས་པར་བྱས་པས་དབང་དང་མན་ངག་འཐོབ་པའོ། །རཱུ་ཏྲས་ལུས་གདན་དུ་ཕུལ་ཐོད་སྐྱོགས་བསྟབས་སོ། །དཀྱིལ་འཁོར་གསུམ་དུ་གཞུག་པར་བྱ། །རང་གི་སྙིང་པོ་བྱང་ཆུབ། བླ་མས་མངོན་དུ་ཡིད་ཆེས་པར་བསྟན་པ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བསྟན་པ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། དེ་གཉིས་རིགས་པ་མ་བྱུང་མ་སྐྱེས་པ་ལ་འཇུག་པ་ནི་རྩ་བ་བྱང་ཆུབ་ཀྱི་དཀྱིལ་འཁོར་རོ། །དམ་པ་གསུམ་ལྡན་རྣལ་འབྱོར་ལའོ། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཐབས་ཆེན་པོས་བཞག་ཅིང་ཕོག་པས་སེམས་ཉིད་ནམ་མཁའ་ལྟར་ཡིད་ལ་བྱེད་ཅིང་འཇུག་པ་མེད་པ་ནི། རྣལ་འབྱོར་དམ་པའོ། །དེས་རཱུ་ཏྲ་དཀྱིལ་འཁོར་དུ་གཞུག་ཅིང་བླ་མ་ལ་ཡོན་དབུལ་བར་བསྟེན་པའོ། །གང་དང་གང་སྣང་དེ་དག་ཉིད། །དུག་གིས་དུག་ནད་གསོ་བ་ལྟར། ཉོན་མོངས་ལྔས་དབང་བསྐུར་བའི་ཕྱིར་བྱིན་གྱིས་བརླབ་པའི་སྐྱེ་བོ་གང་ལ་རེ་དོགས་ཆད་པའི་དུས་སུ། ཆགས་པ་ལྔའི་བརྡ་གང་སྣང་བ་དེ་དག་ཉིད་ཡོངས་སུ་བྱིན་གྱིས་བརླབ་པར་མཛད་པའོ། །དང་པོ་བར་དང་ཐ་མ་ཉིད། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་རང་གི་སེམས་སུ་གསལ་ཞིང་། དེ་ཉིད་ནམ་མཁའ་ལྟར་མཐོང་བས་དང་པོ་ཡང་ཆོས་ཉིད་དོ། །དེ་ལ་བརྡ་ཆེན་པོས་དུག་ལྔ་ཉིད་གསལ་བ་ངོ་བོ་སྟོང་པས་དེ་ཉིད་ཆོས་ཉིད་དུ་མཐོང་སྟེ་དེ་ཡང་དེ་ཉིད་དུ་རང་གྲོལ་བར་འགྱུར་རོ། །དེ་དག་གི་དཔེ་ཆུ་ལས་བྱུང་བའི་ཆུ་ལྦུར་བཞིན་ནོ། །རོ་གཅིག་མ་སྐྱེས་རང་བཞིན་གསལ། །དེ་ལྟར་ཉོན་མོངས་ཆོས་ཉིད་དུ་གསལ་བ་ལྟར་དྲན་རྟོག་ཅི་བྱུང་། གང་སྐྱེས་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོར་རོ་གཅིག་པར་འགྱུར་ཏེ་རང་བཞིན་གྱིས་གསོལ་ལོ། །ཕྱིན་ཆད་ཀུན་ཀྱང་དེ་བཞིན་ནོ། །དེ་ལྟར་རྟོགས་པ་བསྟན་པས་སྐྱེས་ནས། ཕྱིན་ཆད་ཉོན་མོངས་ལྔ་དང་། སྤྱོད་ཡུལ་དྲན་རྟོག་གང་སྣང་རྣམས་མ་ལུས་པ་དེ་ཁོ་ན་ཉིད་དུ་གསལ་བས། ཐག་པ་ལ་སྦྲུལ་འཛིན་གྱི་ཞེན་པ་ལོག་པའམ། རླབས་དང་ཆུ་བུར་ངོ་ཤེས་པ་ལ་དུས་གསུམ་དུ་བསལ་དུ་མེད་པ་བཞིན་ནོ། །ཕྱི་ནང་འཚོ་བའི་ཡོ་བྱད་ལྔ། །རིག་པ་མ་སྐྱེས་པ་ཉིད་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལྔར་རང་བཞིན་ཤར་


DNG019_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལོངས་སྤྱོད་རྒྱས་པར་གྱུར་པ་དང་། ནང་ཐབས་ཤེས་ཡབ་ཡུམ་ལ་བདེ་བ་ཆེན་པོའི་ལོངས་སྤྱོད་གཅིག་ལ་ལྔ་རྫོགས་པར་གསལ་བ་ནི། ཁ་ཅིག་གི་ནི་སྤང་བྱ་ཡིན་ཡང་། འདིར་ཡེ་ཤེས་ཆེན་པོར་མཚོན་ཅིང་ཉམས་ཆེན་པོ་ཡིན་ནོ། །བྱ་བྱེད་མ་སྐྱེས་རང་བཞིན་མཐོང་། །དེ་ལྟར་གང་གིས་སྟོན་ཅེས་ན་རིག་པ་ཉིད་མ་སྐྱེས་པ་ལས། ཡུལ་ལྔ་ཇི་ལྟར་ཤར་ཡང་། དེ་ཉིད་བདེ་བ་ཆེན་པོ་ལས་མི་གཞན་པར་མཐོང་ལ་དེ་ཉིད་ཀྱང་གཉེན་པོས་མ་བཅོས་པས་རང་གྲོལ་ཞིང་སྟོང་པར་གསལ་ལོ། །ནང་གི་ལྔ་ཡང་བདེ་ཆེན་གྱིས་གཟུགས་ལ་སོགས་པ་སྟེ། བདེ་བ་ཆེན་པོ་ཉིད་ལྔར་སྣང་ལ་དེ་ཡང་ཐ་མལ་དང་། ལྷའི་རང་བཞིན་དང་། སྒྱུ་མའི་རང་བཞིན་དང་སྟོང་པའི་ཆོ་འཕྲུལ་ལས་གཞན་མ་ཡིན་པར་གསལ་བའོ། །ངེས་པར་མཐོང་བས་ངོ་བོ་མེད། །དེ་དག་ཀྱང་ཇི་ལྟར་མཐོང་ཞེ་ན། ཇི་སྲིད་དུ་མན་ངག་དང་ཐབས་ཀྱི་ངེས་པའི་ཤེས་རབ་སྐྱེས་པའི་ཚེ། ཐ་དད་དང་རང་རྒྱུད་པའི་ཞེན་པ་ལོག་ཅིང་། རིག་པའི་དཀྱིལ་འཁོར་གསལ་ལ་མ་འདྲེས་པ་ངོ་བོ་སྟོང་པར་མཐོང་བའོ། །ཆུ་བུར་སྤྲིན་དང་ཆུ་རིས་ལྟར། །དེའི་ཉམས་དང་དཔེ་ནི། ཆུ་དྭངས་པ་ལ་ཆུ་བུར་སྐྱེས་ནས། ཡང་ཆུ་ཉིད་དུ་གྲོལ་བ་དང་ནམ་མཁའ་ལ་སྤྲིན་བྱུང་ནས་དེ་ཉིད་དུ་གྲོལ་བ་དང་། ཆུ་ལ་རྐྱེན་གྱིས་རི་མོ་ཇི་ལྟར་བྲིས་ཀྱང་ཆུ་ཉིད་ཡིན་ལ་དེ་ཡང་ཆུར་གྲོལ་བ་བཞིན་ནོ། །ངེས་མེད་རང་སེམས་དབྱིངས་ལ་གཏུགས། །དེ་ལྟར་ཆོས་ཐམས་ཅད་རིག་པ་ནམ་མཁའ་ལྟར་མཐའ་དབུས་མེད་པ་ཉིད་ཉོན་མོངས་ལྔ་དང་། འདོད་ཡོན་ལྔ། དྲན་རྟོག་གི་འདུ་ཤེས་སུ་རང་གི་སེམས་ཇི་ལྟ་བར་ཤེས་ཏེ། དེ་ཉིད་ཆོས་དབྱིངས་ཐོག་མཐའ་མེད་པའི་ངོ་བོ་ལ་གནས་ཤིང་གྲོལ་ལོ། །སྣང་བ་སེམས་ལ་གང་ཞུགས་པས། །དེ་བས་ན་ཇི་སྙེད་པའི་སྣང་བ་རང་བཞིན་གྱིས་སེམས་ཉིད་མ་བཅོས་པའི་ཐིག་ལེ་ལ་རྟོགས་པའི་ཉམས་ཀྱི་ངང་དུ་ཞུགས་པས་སྒོ་གསུམ་གྱིས་བྱ་བཙལ་མེད་པར་རིག་པ་གང་ལྟར་གསལ་ཡང་། འདུ་ཤེས་ཀུན་ལས་གྲོལ་བས་དེ་བཞིན་ཉིད་དོ། །ཡུལ་སེམས་བདེན་པའི་འདུ་ཤེས་མེད། །དེ་ལ་ཡུལ་ཉིད་རིག་པར་སྣང་བ་དང་། སྣང་བ་ཉིད་སེམས་སུ་འདུས་པར་གསལ་བས། ཡུལ་ལ་བདེན་པའི་འདུ་ཤེས་མེད་ལ། སེམས་ལ་སེམས་ཀྱིས་བལྟས་པས། ངོ་བོ་གང་ཡང་མཐོང་བ་མེད་པར་བསྟན་པ་དང་། སེམས་ཀྱང་བདེན་པར་མ་གྲུབ་ཅིང་མེད་དེ་གང་དུ་འདུ་ཤེས་དང་བྱ་བ་ཟད་པ་དེ་ནི་ཆོས་ཉིད་མ་བཅོས་པ་སྟེ། དེ་ལ་ནི་བསྒོམ་མི་བསྒོམ་གང་ཡང་བདག་ཏུ་མེད་དོ། །དུས་གསུམ་མ་བཅོས་སྙིང་པོའི་སེམས། །གང་དུ་ལུང་དང་བླ་མའི་མན་ངག་གིས། སྣང་


DNG019_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་བྱང་ཆུབ་སེམས་ཉིད་མ་བཅོས་པའི་བདེ་བ་ཆེན་པོར་གཏན་ལ་ཕེབས་ནས་དེ་དག་ཉིད་ལ་ངེས་པར་གནས་པའི་ཚེ། དུས་གསུམ་དུ་གཟུང་དུ་མེད་པའི་རིག་པ་མ་སྐྱེས་པ་ལ་གཉེན་པོ་དང་ཐབས་ཀྱིས་བཅོས་སུ་མེད་དེ་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་རང་གསལ་བའོ། །དངོས་སུ་བལྟས་པས་འདུ་ཤེས་མེད། །དེ་ཉིད་ལ་གནས་པར་བྱ་བ་ནི། སྔ་ཕྱི་སྤངས་པའི་བདེ་བ་ཆེན་པོ་ལ་གནས་པའི་དུས་སུ་རང་རིག་ཅིང་དྲན་པ་དང་། ཐུན་མོང་དང་གཞན་དངོས་ལ་བལྟས་པས་ཀྱང་། འདུ་ཤེས་ཀྱང་མེད་ལ་རང་གི་ངོ་བོ་ལ་བལྟས་ཀྱང་འདུ་ཤེས་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་ཆུ་དང་ནམ་མཁའ་བཞིན་ནོ། །སྔ་ཕྱི་རྟོག་པའི་རིས་མི་གཅད། །དེ་ལ་རིག་པའི་གནས་ལུགས་ནི་སྔ་ཕྱི་སྤངས་པའི་བདེ་བ་ཆེན་པོ་ལ་གནས་པའི་དུས་སུ་དུས་གསུམ་མཉམ་པ་ཉིད་ཀྱི་ངོ་བོ་ལ། རིག་པ་སྔ་མའི་རྗེས་མི་བཅད་ཕྱི་མ་ལ་ཡིད་མི་འཇུག །ད་ལྟར་རང་གི་ངོ་བོ་ལ་བློ་མི་གནས་ཏེ་རང་བཞིན་གྱིས་གསལ་བའོ། །ཕྱི་རོལ་གང་མཐོང་ཡུལ་ཉིད་དེ། །གལ་ཏེ་རྟོག་པ་ཆུང་ངམ་ཡུན་རིང་ནས་ཡུལ་དུ་སྟོན་པ་བྱུང་ན་གང་གི་ཚེ་དོན་མི་གསལ་བས་ཤེས་པ་ཡུལ་ལྔ་ལ་གཡོ་བ་བྱུང་བའི་ཚེ་ཤེས་པ་ལ་གང་སྣང་བ་དེ་ཉིད་ཡུལ་ཉིད་དོ། །དེ་ཉིད་བརྟགས་པས་ནང་ལ་ཐུག །ཡུལ་དེ་ཉིད་གང་ལ་བྱུང་བརྟགས་པས། གཞན་ལས་མ་བྱུང་སྟེ། ནང་གི་སེམས་ཉིད་ལ་ཐུག་གོ། །གཉིས་ཀ་སེམས་ཉིད་དབེན་པ་སྟེ། །འོ་ན་ཕྱི་ནང་གཉིས་ཀར་སྣང་བའི་སེམས་དེ་གང་ཡིན་ཞེ་ན། བཤད་པའི་ཕྱི་རོལ་གྱི་སྣང་བ་དང་ནང་རིག་པའི་སྣང་བ་གཉིས་ཀ་སེམས་ཉིད་ཁོ་ན་ཡིན་ལ། དེ་ལ་ནི་ཕྱི་ནང་དུ་རྒྱུ་བའི་འདུ་ཤེས་ཀྱིས་དབེན་པ་སྟེ། ཕྱོགས་སུ་ཞེན་པ་མ་ལུས་པ་ཟད་པའི་ཕྱིར་རོ། །བརྟགས་པས་སྟོང་པའི་ངང་ལ་ཐིམ། །དེའི་ཚེ་ཡུལ་དང་ཤེས་པ་ཅིར་སྣང་ཞིང་མཐོང་བ་ལ་བལྟས་པས་གཉེན་པོ་མེད་པར་རང་ཉིད་སྟོང་སྟེ། ཕྱོགས་ཀྱི་ཞེན་པ་ཟད་པ་ལ་བྱའོ། །དྲན་རིག་གང་བྱུང་བལྟས་པས་འཇིག །འོ་ན་ལྟ་བྱེད་ཀྱི་རིག་པ་དེ་ཡོད་དམ་ཞེ་ན། གང་དུ་ཕྱི་རོལ་གྱི་ཞེན་པ་མ་ལུས་པར་ཟད་ཀྱང་མྱོང་བ་དང་ཚོར་བ་དང་ཞེན་པ་དང་ཡིད་ལ་བྱེད་ཅིང་སྙམ་དུ་སེམས་པ་དེ་ནི་དྲན་རིག་སྟེ། དེ་ལྟ་བུ་སྣ་ཚོགས་གང་བྱུང་ཡང་། ངོ་བོ་ལ་བལྟས་པས་རང་བཞིན་དུ་འཇིག་པར་འགྱུར་ཏེ། དེ་ནི་རང་བྱུང་རང་ཞིའོ། །དེ་འདྲའི་ཉམས་ལྡན་དབང་བསྐུར་བྱ། །ནམ་མཁའ་ནས་ཡུམ་རྣམས་ཀྱིས་ཚིགས་སུ་བཅད་པའི་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སངས་རྒྱས་རྣམས་ཀྱིས་བུམ་པས་


DNG019_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། རཱུ་ཏྲའི་རྣམ་ཤེས་ལ་གནས་པའི་ལས་ཉོན་གྱི་བག་ཆགས་མ་ལུས་པ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་ཏོ། །དེ་ཡང་ཉོན་མོངས་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བག་ཆགས་བདག་གི་རྒྱུད་ལ་བཞག་པས་ལུས་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བའོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་སེམས་ཅན་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་སེམས་དཔའི་བུམ་པ་དབང་བསྐུར་ཆེན་པོ་སྦྱིན། །སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་མཱཾ་སྔགས་ཀྱིས་དབང་བསྐུར ། སངས་རྒྱས་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་བདག་གི་སྤྱི་བོར་བཞག་ནས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་འབྱུང་དུ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བག་ཆགས་བདག་གི་རྒྱུད་ལ་བཞག་པས་རིན་འབྱུང་གི་རྡུལ་ཕྲ་རབ་ཀྱིས་བདག་གི་ལུས་གང་བར་བསམ་མོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་སེམས་ཅན་ཀུན་གྱིས་ཕྱག་བྱས་པ། །རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་བསྐུར་ཆེན་པོ་ཁྱོད་ལ་སྦྱིན། ༈ །སྔགས་ཀྱིས་བུམ་པ་བཞག་པ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་མཱཾ། སྐུར་མཁན་སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །བསྐུར་བའི་བུ་དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་དེ་ལམ་དུ་ལྷ་དངོས། །འབྲས་བུ་ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང་། །ལག་གཡས་སུ་རྡོ་རྗེ་བྱིན་ནས་དབང་བསྐུར་བས་ཉོན་མོངས་འདོད་ཆགས་འདུ་ཤེས་སོ་སོར་རྟོག་པ་རཱུ་ཏྲའི་རྒྱུད་ལ་བཞག་པས། ལུས་སྣང་བ་མཐའ་ཡས་ཀྱི་རྡུལ་ཕྲ་རབ་ཀྱིས་གང་བའོ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་བཛྲ་ས་མ་ཡ་སྟྭཾ། སྔགས་ཀྱིས་བརྟན་པར་བྱ་བ། ལག་པ་གཡོན་པ་དྲིལ་བུ་བྱིན་ནས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག་བྱ་བ་གྲུབ་པའི་ཡེ་ཤེས། འདུ་བྱེད་ཀྱི་ཕུང་པོ། དོན་ཡོད་གྲུབ་པར་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས། རཱུ་ཏྲའི་རྒྱུད་ལ་བཞག་པས་དོན་གྲུབ་ཀྱི་རྡུལ་ཕྲ་རབ་ཀྱིས་ལུས་གང་བའོ། ༈ །འདི་ནི་རྫས་གང་ཤེས་རབ་དྲིལ་བུ་སྟེ། །དེ་རིང་སློབ་མ་གང་ཁྱོད་ལ་དབང་བསྐུར་བས། །རིགས་ཀྱི་ལྷ་གང་ལས་ཀྱི་རིགས་སུ་བདག་གྱུར་ཏེ། །ཇི་ལྟར་བསྐུར་ན་ཆོས་ཉིད་གྲུབ་ཕྱིར་དྲིལ་བུ་ལོང་། །ཨོཾ་བཛྲ་སྔགས་ཀྱིས་བྱིན་བརླབ་པ་ཨ་ཏི་དུ་མ་ས་མ་


DNG019_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཾ་ཧཾ། གང་གི་བསྐུར་ན་རྣམ་པར་སྣང་མཛད་སྟོན་པ་ཡིས། །གང་ལ་བསྐུར་ན་ཁྱོད་ལ་རྡོ་རྗེའི་མིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མིང་གི་དབང་བསྐུར་ནས་མིང་བཏགས་པས། གཏི་མུག །གཟུགས་རྣམ་སྣང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བཏགས་པས། །གང་ཉིད་བསྐུར་ན་འདི་ནས་སངས་རྒྱས་སར་འགྲོ་བ། །རྡོ་རྗེའི་མིང་འདི་གཟུང་བར་བྱ། །ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་སྔགས་ཀྱི་མིང་བཏགས་པ་མཱི་བཛྲ་ཨ་བྷི་ཥེ་ཀ །མིང་བཏགས་ནས་བོད་པ་ཀྱེ་ཀྱེ་དཔལ་ལྡན་རྡོ་རྗེ་ཆེ་གེ་མོ། །ཧཱུྃ་ཨཱོཾ་ཨཱཿ། ལག་པ་གཡས་པར་རྡོ་རྗེས་དབང་བསྐུར་བས་ཐབས་རྡོ་རྗེ་ལས་སྙིང་རྗེ་མ་འགགས་པར་རྫོགས་པར་གཏད་པ་ནི་འདི་དེ་སངས་རྒྱས་ཐམས་ཅད་དེ། །ཕྱག་ན་རྡོ་རྗེའི་ལག་ན་འདུག །རྟག་པར་ཁྱོད་ཀྱིས་ཀྱང་ལག་པའི་སྲིན་ལག་ལ་རྟག་ཏུ་བཅིང་བཟུང་སྟེ། །ལག་ན་རྡོ་རྗེའི་བརྟུལ་ཤུགས་དང་ལྡན་པར་བྱའོ། །ཡེ་ཤེས་ལྔ་ཨོཾ་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་སརྦ་དེ་བཞིན་གཤེགས་པ་ཐམས་ཅད་ཏ་ཐཱ་དེ་བཞིན་སིདྡྷི་གྲུབ་པ་བཛྲ་རྡོ་རྗེ་ས་མ་ཡ་ཧཱུྃ་དམ་ཚིག །རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་པ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་ནི་སྐུ་གསུང་ཐུགས་འཁོར་བའི་ཉེས་པ་དང་བྲལ་ནས་མྱང་འདས་ཀྱི་བདེ་བའི་མཆོག །ཀུན་ཏུ་བཟང་པོ་བཟང་སྟེ་དང་དུ་མི་ལེན་ངན་ཏེ་དོར་བ་མེད་པས་ཀུན་བདག་ཉིད། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ་རྡོ་རྗེ་ཆེན་པོ ། ལྷ་གང་གང་བསྐུར་འདི་དེ་རྣལ་འབྱོར་མ་ཤེས་རབ་དྲིལ་བུ་སྐྱེ་བ་མེད་པར་མཁྱེན་པའོ། །ཀུན་གྱི། །དོན་གང་བསྐུར་ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་ལག་པ་གཡོན་པའི་སྲིན་ལག་ལ་དྲིལ་བུ་རྟག་ཏུ་བཅིང་བས་སྒྲིབ་པ་བྲལ་ཏེ་ཉོན་མོངས་ལྔ་དག། །བྱང་ཆུབ་མཆོག་ཏུ་ཡེ་ཤེས་རྒྱས་ཏེ་མཁྱེན་པ་མ་ལུས་པ་དང་ལྡན་རྒྱལ་བས་བཞེད། །དྷརྨ་དྷཱ་ཏུ་ཆོས་དབྱིངས་སྐྱེ་མེད་ཨ། དྲིལ་བུའི་དེ་ཉིད་བརྗོད་པས་སྲིད་པ་ངོ་བོ་ཉིད་ཀྱིས་དག་སྲིད་པ་རང་གི་ངོ་བོ་སྟོང་པས་ན། །ངོ་བོ་ཉིད་ཀྱིས་སྟོང་བས་སྲིད་བྲལ་སྟོང་པར་གནས་བྱས། །རང་བཞིན་དག་པའི་སེམས་འཁོར་བ་ངོ་བོས་དག་པར་རྟོག་པ་དང་ལྡན་ན། །སྲིད་པ་


DNG019_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མིའི་ནང་ན་དགོངས་པ་ཅན་བྱེད་པར་འགྱུར། །སྐུ་ལྷར་བསམ་ཨོཾ་ཨཱཿ གསུང་དྲིལ་བུ་ཧཱུྃ་ཐུགས་རྡོ་རྗེར་བསམ ། ཀཱ་ཡ་བཱཀ་ཙིཏྟ་ས་མ་ཡ་དམ་ཚིག་སྦྱིན་པ ། ཨ་བྷི་ཥིཉྩ་མཾ་དབང་བསྐུར་བ ། བཅོམ་ལྡན་ཐུགས་ཆོས་སྐུར་གནས་པ་ཞི་བ་ཆེན་པོ་ཀྱེ། །གཟུགས་སྐུ་དང་དབྱེར་མི་ཕྱེད་ཕྱག་རྒྱ་རབ་ཏུ་བསྒྲུབ་བླ་མའི་བདེ་བ་དང་སློབ་མ་དབྱེར་མེད། །རྡོ་རྗེའི་སྦྱོར་བས་ཡབ་ཡུམ་སྦྱོར་བ་ལས་སྐྱེ་མེད་ཀྱི་དོན་ཡང་དག་བྱུང་། །བདག་ཉིད་ཆེན་པོ་དཔལ་ཆེན་པོ་ཡབ་ཡུམ་ཁྱོད་ཇི་བཞིན་ལྟར། །སྲིད་པ་གསུམ་གྱི་མངའ་བདག་རཱུ་ཏྲ་བདག་ལའང་དེ་བཞིན་དབང་བསྐུར་མཛོད། །རཱུ་ཏྲ་ལ་སོགས་འཁོར་བའི་དཔེ་འདམ་རྫབ་ལྟ་བུའི་གྱི་ཚོགས་ཀྱི་ནང་དུ། །བྱིང་བ་བསྐྱབ་མེད་བདག་ལ་རྒྱལ་བའི་ཐུགས་རྗེས་སྐྱོབས། །ཇི་ལྟར་རྒྱལ་བ་སྟོན་པ་སངས་རྒྱས་ཀྱིས། །འཁོར་བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བདག་གིས་ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་སེམས་ལྕེ་ཐོག་ཏུ་བཞག་པས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ནམ་མཁའི་ཧེ་རུ་ཡུམ་སྙོམས་འཇུག་གི་སྒྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བདེ་བ་བསྐུལ་ནས་ཡབ་ཀྱི་ཐུགས་ཀར་ཞུ། ཡབ་ཡུམ་སྦྱོར་མཚམས་ན་ཐིག་ལེ་མུ་ཏིག་གི་ཕྲེང་བ་ལྟ་བུ། རཱུ་ཏྲའི་ལྕེ་ཐོག་ཏུ་ཐིམ་པས་མགྲིན་པའི་རྩ་མིག་ཚིམ་པར་བྱས། གསང་བའི་དབང་ཐོབ་པར་བསྐུར་བའོ། །ཧེ་རུ་ཀ་ཉིད་མགོན་པོ་སྤྲུལ་པའི་རཱུ་ཏྲ་སྟེ་གདུལ་བྱའི་མིང་འདུལ་བྱེད་ལ་ཁྱོད། །མཚན་ནི་ཧེ་རུ་ཀ་དཔལ་ཉིད། །བདེ་བ་མཆོག་བདེ། བྲལ་བདེ། ལྷན་སྐྱེས་ཀྱི་བདེ་བ་བཞི་དང་རབ་ལྡན་པའི། །ཤེས་རབ་ཡེ་ཤེས་བདག་ལ་ཞུ། །དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་རྟག་ཏུ་གྱིས། །ཡུམ་རེག་རྡོ་རྗེ་མར་སྤྲུལ་ནས་རཱུ་ཏྲའི་ལག་པ་གཡས་སུ་ཡུམ་གྱི་ལག་པ་གཡོན་པར་གཏད་དེ། གཟུགས་ལ་བལྟ། སྒྲ་ལ་ཉན། དྲི་ལ་མནམ། རོ་ལ་མྱང་། རེག་བྱ་འོ་བྱེད། སྐད་ཅིག་མ་བཞི་ལ་དགའ་བ་བཞི་ཉམས་སུ་མྱོང་ནས་ལྷན་སྐྱེས་ཀྱི་བདེ་བས་ཁྱབ་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་སོ། །ཞབས་ཀྱི་འཁོར་ལོ་སྤྱི་བོར་བཏེགས་ནས་ཁྱེད་ཞབས་པདྨའི་བཀའ་དྲིན་


DNG019_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གཙོ་བོ་དབང་བསྐུར་སྐུ་བུམ་པ། གསུང་གསང་བ། ཐུགས་ཤེས་རབ་ཡེ་ཤེས་རྣམ་གསུམ་ཐོབ། །དེ་རིང་ལུས་ངག་ཡིད་གསུམ་དབྱེར་མེད་པ་རྣམ་པ་བཞི་པོ་ཡང་། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཡེ་ཤེས་འདི་ནི་རྩ་སྲོག་ཤིང་གསུམ་ལས་བྱུང་བའི་ཡེ་ཤེས་འདི་ནི་ཕྲ་ཞིང་ཕྲ་བས་ཕྲ་བ་སྟེ། ཟབ་མོ་རྟོགས་པར་དཀའ་བས་སོ། །ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ནམ་མཁའ་སྟོང་ཀྱང་རྟོགས་པར་དཀའ་བ་ལྟ་བུ། །རྣམ་རྟོག་གི་རྡུལ་དང་བྲལ་བས་དེ་བཞིན་ཉིད་དུ་མཐའ་སྟེ་ཞི་བ་ཉིད་དོ། །རཱུ་ཏྲ་ཁྱོད་ཉིད་ཀྱང་ནི་དེ་ལས་སྐྱེས་པས་ན་ཁྱོད་ཀྱི་ཕ་ཡང་དེ་ཡིན་ནོ། །ཞེས་པས་ལུས་ངག་ཡིད་དང་ནི། །གསུམ་ཀའི་དྲི་མ་དག་པར་རིག །བུམ་དབང་ལུས་ཀྱི་དྲི་མ་དག །གསང་དབང་གིས་ངག་གི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱིས་སེམས་ཀྱི་དྲི་མ་དག །བདེ་བ་ཆེན་པོས་གསུམ་ཀ་དག་གོ། །དེ་ཡན་ཆད་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རཱུ་ཏྲའོ། ༈ །རིག་པ་རྣལ་འཇོག་རཱུ་ཏྲ་ནི། །རང་གསལ་ཕྱོགས་དང་བྲལ་བའི་ཤེས་པ། །སྐྱེས་བུ་རང་གི་མཚན་དཔེ་ལ་བལྟ་བ་བཞིན་ནོ། །རང་ཞལ་རང་གིས་མཐོང་བར་འདོད་པའོ། །རྟོགས་ནས་རང་བཞིན་མ་བཅོས་ཏེ། །ལུང་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཉིད་ཡེ་ནས་ཕྱོགས་ཞེན་མེད་པ་ལ་མཁས་པ་རྣམས་ཀྱིས་ལུང་ལ་བརྟེན་པའི་མན་ངག་གིས་སྙིང་གི་མུན་པ་བསལ་ནས། སྣང་བ་དང་དྲན་རྟོག་ཐམས་ཅད་དེ་ཁོ་ན་ཉིད་དུ་རྟོགས་ནས། རིག་པ་མ་སྐྱེས་པའི་རང་བཞིན་ལ་བློ་མ་བཅོས་པར་གཞག་པའོ། །ཆུ་ཡི་རླབས་ལྟར་ཐ་དད་མེད། །དེ་ཉམས་ཀྱི་དཔེ་བསྟན་པའི་ཕྱིར། དཔེར་ན་རྒྱ་མཚོ་ཆེན་པོའི་རླབས་སྣ་ཚོགས་བྱུང་ཡང་། ངོ་བོ་ཆུར་གཅིག་པ་ལྟར། མཐོང་བ་དག་པ་དང་མ་དག་པའི་ཁྱད་པར་གྱིས། ཉམས་དང་སྣང་ཚུལ་ཇི་ལྟར་སྣང་ཡང་། རིག་པའི་ཡེ་ཤེས་མཐའ་དབུས་མེད་པར་གཅིག་ཅིང་གསལ་ལོ། །ཅིར་སྣང་རང་སེམས་སྐྱེ་མེད་ཉིད། །རྣལ་འབྱོར་པ་ཡི་དགོངས་པ་ལ་སྐྱོན་དང་ཡོན་ཏན་དང་། མཚན་མ་དང་། དྲོད་རྟགས་ཅིར་སྣང་ཡང་། དེའི་ངོ་བོ་སེམས་ཉིད་དུ་གསལ་བས་ཉམས་ལ་དགག་བསྒྲུབ་མེད་དེ་གཅིག་ཏུ་གསལ་བའོ། །ངོ་བོ་མི་འགྱུར་བཅོས་སུ་མེད། །དཔེར་ན་ཆུའི་རླབས་དང་ཁ་དོག་རོའི་ཁྱད་པར་དག་རང་བཞིན་དང་རྐྱེན་གྱི་སྟོབས་ཀྱིས་ངོ་བོ་མི་འགྱུར་ཞིང་བཅོས་སུ་མེད་པ་ལྟར། རིག་པ་མ་སྐྱེས་པར་རྟོག་པའི་ངང་ལས་མཚན་མ་དང་


DNG019_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཚོར་གང་ཤར་ཡང་། དེ་ཉིད་དུ་གཅིག་པས་ན། ཉམས་པ་དགག་བསྒྲུབ་མེད་དེ་གཅིག་ཏུ་གསལ་ལོ། །མཐུན་དང་མི་མཐུན་བྱུང་ཚོར་ནི། །མ་ལྟོས་བར་རྣལ་དུ་འཇོག་པར་བསྟན་པ་ནི། རིག་པའི་མཚན་ཉིད་རྒྱུ་རྐྱེན་ལ་མ་ལྟོས་ཤིང་། གཉེན་པོ་མེད་པར་གསལ་བས་རིག་པ་མ་སྐྱེས་པ་ཉིད། རིག་པ་ལ་མཐུན་ཞིང་དགའ་བ་དང་། མི་མཐུན་ཞིང་མི་དགའ་བ་གཉིས་ཀ་རིག་པ་མ་སྐྱེས་པའི་ངོ་བོར་གསལ་བའོ། །རྒྱུ་རྐྱེན་གཉིས་པོ་དང་བྲལ་བར། །དེའི་ཕྱིར་དངོས་པོ་གང་ལ་འདུས་པའི་རྐྱེན་མེད་པར་དེ་ལ་ནི་འཇིག་པའི་གཉེན་པོ་མེད་དེ། མ་སྐྱེས་ཤིང་ངོ་བོ་མེད་པའི་ཕྱིར་རོ། །གང་ལ་ངོ་བོ་མེད་པར་མཐོང་ཞིང་གསལ་བ་ལ་གཉེན་པོ་བརྟེན་མི་དགོས་པར་ཤེས་པའོ། །ངོ་བོ་མཐོང་བས་ཡེ་ཤེས་གསལ། །དེ་ལྟར་ཆོས་ཐམས་ཅད་རིག་པ་མ་སྐྱེས་པར་འདུས་ལ། དེ་ཉིད་ཇི་ལྟ་བར་ངོ་བོར་གསལ་བས། དེ་ལས་ཅི་བྱུང་བ་ཐམས་ཅད་ཀྱང་ཡེ་ཤེས་སུ་གསལ་བའོ། །དེ་ལས་བཅོས་འཛིན་ཐམས་ཅད་ལ་རྣམ་པར་གྲོལ་བའོ། །སྔ་ཕྱི་ཁྱད་མེད་དེ་བཞིན་ཉིད། །མ་བཅོས་ལྷུན་གྲུབ་རཱུ་ཏྲ་ནི། །དངོས་པོ་རྟོགས་པ་ལ་དུས་སྔ་ཕྱི་མེད་དེ། ཆུ་ལ་རི་མོ་བྲིས་ཀྱང་རང་ཞིག་པ་ལྟར། དུས་ལ་འཛིན་པ་མེད་པར་དེ་བཞིན་ཉིད་རང་གསལ་བས། ཡེ་ཤེས་དུས་ཐམས་ཅད་པའོ། །དེས་ན་ཆོས་ཐམས་ཅད་ཇི་བཞིན་པར་རང་གསལ་བར་དུས་གསུམ་དང་རྣམ་པར་རྟོག་པ་གང་ཡང་ངོ་བོ་ཕྱེ་བ་མེད་པར་རང་བཞིན་གསལ་བའོ། །རིག་པ་རྣལ་དུ་འཇོག་པའི་རཱུ་ཏྲའོ། །ཀློང་ཡངས་སྙིང་པོར་ཆུབ་ཤེས་པ། །ཐམས་ཅད་ནམ་མཁའི་ངང་དུ་གནས་ཤིང་འབྱུང་འཇུག་བྱེད་པ་ལྟ་བུའོ། །དང་པོ་དེར་བྱུང་ཐ་མར་ཐིམ། །རིག་པ་ཇི་ལྟར་གང་གསལ་ཀྱང་། །ཉམ་ང་མེད་པར་རང་བཞིན་གནས། །དང་པོ་དངོས་པོ་ཇི་ལྟར་གནས་པའི་དོན་དེ་ཇི་ལྟར་བརྒྱུད་པའི་མན་ངག་གིས་རྟོགས་ནས། དེའི་དོན་ལ་ཕྱིན་ཅི་མ་ལོག་པར་རྣལ་དུ་བཞག་པས། གོམས་ནས་མཐར་ཕྱིན་པའི་དུས་ན་རིག་པའི་གཟུགས་བརྙན་སྣ་ཚོགས་པ་ནམ་མཁའི་ཆོ་འཕྲུལ་དང་རྒྱ་མཚོའི་གཟུགས་བརྙན་ལྟར་དངོས་པོ་སྣ་ཚོགས་ཇི་ལྟར་ཤར་ཞིང་གང་ལྟར་གསལ་ཡང་ཉམ་ང་མེད་པར་རང་བཞིན་གནས་པའོ། །རང་བྱུང་རང་སྣང་དེ་བཞིན་ཉིད། །དེ་ཉིད་རིག་པ་མ་བཅོས་པར་སྣང་བས། སྣང་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པ་ནི་བཤད་པ་ལྟར་ཡང་ཡེ་ནས་ཡིན་པ་ལ། ཐབས་ཀྱིས་མ་ནོར་བར་རིག་པ་ལ། སྒོ་གསུམ་དང་སྤྱོད་ལམ་བཞི་དང་རིག་པ་རང་བྱུང་ཞིང་རང་སྣང་བ་ཡང་ངོ་བོ་དེ་བཞིན་ཉིད་ལས་མ་གཡོས་པའོ། །མཐོང་རྟགས་གོམས་པའི་སྐྱེས་བུ་ལ། །མན་


DNG019_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་བརྟེན་ནས་རང་གི་སེམས་ཇི་བཞིན་པའི་དོན་ངེས་པར་མཐོང་ཞིང་ཆོས་ཐམས་ཅད་མ་བཅོས་པར་རྟོགས་ནས་དེ་ཡང་ཤིན་ཏུ་གོམས་ཤིང་མཐར་ཕྱིན་པ་ནི་རྒྱལ་བ་ཉིད་དང་འདྲ་བས་སྐྱེས་བུ་ཞེས་སོ། །སྒོ་གསུམ་མཛད་པ་ཕྱོགས་རིས་མེད། །དེ་ལྟ་བུ་ལ་དགོངས་པ་ཉམས་པ་དང་ཐ་མལ་གྱི་འདུ་ཤེས་ཉམས་པ་དང་ཞེན་རྟོག་མི་འབྱུང་བ་དང་། སྒོ་གསུམ་གྱི་མཛད་པ་ལ་ཕྱོགས་རིས་མེད་པ་སྟེ། དེའི་ཕྱིར་ན་རང་དོན་དུ་ཡང་ཉམ་ང་བ་དང་། མི་མཐུན་པའི་རེ་དོགས་ཀྱི་ཆོས་མེད་ལ། གཞན་དོན་དུ་ཡང་མོས་པ་མཐའ་ཡས་པ་ལ། གནང་བཀག་མེད་པར་ཆེད་དུ་མ་བྱས་པར་གང་ལྟར་ཡང་འཆར་བ་ལ། གང་ལྟར་ཡང་ཕྱོགས་རིས་མེད་པའོ། །དེས་ན་ལུང་ཐོབ་བྱིན་རླབས་ལྡན། །གང་དུ་བཏགས་པའི་ཞེན་པ་ཟད་དེ། མི་གནས་པས་དེ་བཞིན་གཤེགས་པའི་ལུང་མངོན་དུ་ཐོབ་ཅིང་། སྐུ་གསུང་ཐུགས་དེ་བཞིན་ཉིད་དུ། རྡོ་རྗེ་དབྱེར་མེད་པར་བྱིན་གྱིས་བརླབས་ལ་རང་ཉིད་ཀྱང་བྱིན་གྱིས་བརླབས་ལ་གཞན་དག་པ་རྣམས་ལ་བྱིན་གྱིས་བརླབས་ཤིང་གྲོལ་བར་མཛད་དོ། །དེ་ཕྱིར་གདུག་བྱེད་རཱུ་ཏྲ་ཡི། །སྒྲུབ་པ་ཕྱི་རབས་རྣམས་དོན་བཤད། །གྲུ་གསུམ་རྩངས་ཐོད་མེ་དཔུང་འབར། །ཐོད་པའི་ནང་དུ་ལིངྒ་གཞུག །དང་པོ་དཀྱིལ་འཁོར་བྱ་བ་ནི། གྲིར་ཤི་བའི་ས་ལ་གྲུ་གསུམ་སུམ་བརྩེགས་བྱས་ལ། འོག་མ་ལ་རྩངས། བར་མ་ལ་ཐོད་པ། སྟེང་མ་ལ་མེ་དཔུང་བྲི། གྲུ་གསུམ་ནང་དུ་ཐོད་པ་མཚན་ངན་གྱི་ནང་དུ་དགྲའི་ལིངྒ་གཞུག །སྟེང་ནས་འཁོར་ལོས་ཁ་གཅད་པར་བྱའོ། །རྫས་རྣམས་ཀྱིས་མཐའ་མ་ལེགས་པར་བསྐོར་རོ། །བཀའ་སྲུང་གི་བཅས་སོ། །དབུས་ལ་གྲུ་གསུམ་ནག་པོ་ལ་ལིངྒ་ཟླ་གམ་ལ་དགྲའི་ལྷ་ལྔ། །མུ་ཁྱུད་ལ་ཡབ་ཡུམ་གྱི་སྔགས་གླིང་དྲུག་འཁོར་གྱི་སྔགས། །མུ་ཁྱུད་གླིང་ཉེར་བཞི་ལ་ལས་སྔགས་ཕྱི་རིམ་ལ་ཐོད་ཕྲེང་ངོ་། །པད་གྲི་ཐོད་པས་མཛེས། །ལྷ་གང་གི་ལས་བསྒྲུབ་པ་ལྷ་དེའི་ཡི་ལྟོ་བར་འཁོར་ལོ་བཅའ་འོ། །རྟ་ལུག་བྱ་ཁྱི་ནག་པོ་ཡབ་ཀྱི་རྫས། །མོན་དང་ནལ་སྙིང་སྣ་ཡུམ་གྱི་རྫས་གཏའ། །གཙོ་བོའི་གཏོར་མ་དཔལ་བཤོས་དར་ནག་མདའ། །བདུད་ཀྱི་ནི་རེ་ནག་སྤུང་བའི་རྫས་གྲི་མདའ་བཤོས་བུ་ནག །སྲོག་བདག་རྒྱལ་པོ་འོད་ལྷ་དཀར་པོའི་རྫས་བཤོས་བུ་མདའ་དར་དཀར། །མ་མོ་རྡོ་རྗེ་བདེ་ཆེན་གྱི་རྫས་སྨེ་ཤ་འབྲུ་དྲུག་དུག །ཀླུ་གཉན་ནག་པོ་སྲོག་གཅོད་ཀླུ་སྨན་སྣ་ཚོགས་དཀར་གཏོར་ཀླུ། །བཙན་བཙན་རྗེ་དམར་པོ་ལག་རིང་


DNG019_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲི་མདའ་བཤོས་བུ་དམར། །ཟ་འོག་མདའ་དར་གིང་ཆེན་རྡོ་རྗེ་ལེགས་པའི་རྫས་སོ། །མགོན་པོ་གཡས་བིད་གཡོན་ཐོད་པ་མདོག་ནག་པོ་སྟག་ལ་བཅིབས་པའོ། །མ་མོ་ནག་མོ་དྲེའུ་ལ་ཞོན་པ་ཐོད་པ་ཐོགས་པ་ཅན། །བདུད་ནག་པོ་གཡས་ཁྲམ་ཤིང་གཡོན་ཞགས་པྲ་རྟ་ནག་པོ་ལ་བཅིབས་པའོ། །སྲོག་བདག་དཀར་པོ་གཡས་འཁོར་ལོ་གཡོན་གྲི་རྟ་དཀར་ཞོན་པའོ། །མ་སོ་བོང་ཞོན་ནག་མོ་དྲེའུ་རྟ་གཡས་ཁ་ཊྭཱཾ་གཡོན་ཐོད། །ཀླུ་ལྗང་ནག་གཡས་སྦྲུལ་གཡོན་སྦལ་པ་ཆུ་སྲིན་ཞོན། །བཙན་དམར་དར་དམར་པོ་གཡས་མདུང་དང་མདུང་གཡོན་སྦྲུལ་རྟ་དམར་པོ་ལ་ཞོན། །རྡོ་རྗེ་ལེགས་པ་གཡས་རྔོར་གཡོན་སྙིང་མདོག་ལྗང་སེར་དགྲ་བླ་ཡིན། ༈ །ཨེ་བཛྲ་ཧྲི་ལ་རྔུབས་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོའི་སྔགས་ཀྱིས་གོང་མནན་པ་ནཱི་ལཾ་བ་ས་ཨ་ནེ་ཨུ་ནེ་ཧྲྀ་ད་ཡེ། བཛྲ་ཡཀྴ་ཀཱ་ལ། དཔལ་མགོན་པོ་ནག་པོའི། མ་ཧཱ་གྷ་ཎ་གྷུ་ཏྲི་ཧྲྀ་ད་ཡ། བཛྲ་གིང་ཀ་ར་རཀྴ་ཀཱ་ལི། མ་མ་མུ་ཁྲམ་མ་མོ་དྲེལ་ནག་ཞོན་པའི་ཁྲག་ལ་མུ་ཤི་ཧྲིང་། དུན་རུ་ཏྲ་རུ་ཐུམ་བྷ་ཏི། བདུད་རི་ནག་སྤུངས་པའི། ར་ཙ་ཙ་པ་ལ་རྒྱལ་པོ་འོད་ལྷ་དཀར་པོའི་ཨ་ཤུག་མེ། མ་ཏྲག་རཀྴ་ནག་མོ་མཁའ་འགྲོ་རྡོ་རྗེ་བདེ་ཆེན་གྱི་ཏི་ལམ་བྷྱོ། ནཱ་ག་ཧུ་དི་ནཱ་ག་དུ་རུ། ཀླུ་གཉན་ནག་པོ་སྲོག་གཅོད་ཀྱི། ཤུ་ལ་ར་ཙ་ཏྲི་ཤཾ་ཛ་ཡཾ། བཙན་རྗེ་དམར་པོ་ལག་རིང་། བཛྲ་ཏྲི་ན་སཱ་དྷུ་ཁ་ཐུཾ་ཏྲི། གིང་ཆེན་རྡོ་རྗེ་ལེགས་པའི། སྲོག་ལ་ཐུམ་རིལ། གོང་མ་རྣམས་ལ་ལས་སྔགས་སྤུ་གྲི་གདགས་པ། རྩ་ལ་དྲེད་ཤག །ཙིཏྟ་ཐུན་རྨུགས། ཁྲག་ཐིབས་རྦད། ལིང་ཤག་རྦད། ནྲྀ་ཧུར་ཐུམ་ཛ་ཁྲཾ་རྦད། ༈ །ཕོ་ལྷོག་གཏོད་ན་དགྲ་ལྷའི་ལྟོ་བར་བཅས་མཚོན་ཆ་དང་། །གྲི་རྒོད་འདོད་ན་བཙན་གྱི་ལྟོ་བར་བསྐོར་བའི་རིམ་པ་དང་། །མཛེ་ནད་འདོད་ན་ཀླུ་ཡི་ལྟོ་བར་གནས། །རིམས་ནད་དལ་ཡམས་ཁྲག་གི་མ་མོས་འདེབས། །འཐིབ་ནད་ཀྱིས་མྱོས་པར་འདོད་ན་དྲག་པོ་བདུད་ཡིན་ལ། །སྨྱོ་འབོག་གཏོང་བར་འདོད་ན་རྒྱལ་པོར་འི་ལྟོ་བར་བསྐོར་རོ། །ཤེས་པ་ཉིད། །དེ་དག་ནག་པོ་ཡབ་ཡུམ་གྱི་ལྟོ་བར་བསྐོར་ཞིང་སྔགས་ཀྱང་གང་བྱེད་ཐ་མར་གདོན་ཀུན་གྱི་རྩ་བ་རཱུ་ཏྲ་ཉིད། །ཡབ་དང་ཡུམ་ལ་ཡང་དག་གནས། །མུན་ནག་དམག་འདྲེན་ཡབ་ཡུམ་མགོན་གྱི་རྟགས་ཞུབ་ཅན་འོང་མགོན་པོ་ཉིད་ཀྱི་རྟགས། །བནྡི་


DNG019_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་དྲེའུ་མོན་ནག་བདུད་བདུད་མགོན་གྱི་རྟགས། །སྐྱེས་པ་སྐྱ་ཤར་སེང་གེ་གིང་རྒྱལ་མགོན། །བུད་མེད་མ་སྲིང་མ་མོ་ཉིད་མ་མགོན། །སྦལ་ལྕོང་མཚོ་དང་སྦྲུལ་ནི་ཀླུ་མགོན། །རྟ་དམར་ཁྲ་འུག་སྐྱེས་པ་བཙན་མགོན། །ཞང་བློན་སྐྲ་སྐྲག་སྤྱང་ཀུ་གིང་མགོན་རྡོར་ལེགས། །སྙིང་པོ་གང་ཡིན་རྟགས་གང་བྱུང་དེས་ལས་བྱེད་པས་ལས་ལ་སྦྱར་བརྡ་དང་སྦྱར། ༈ །དཔལ་མགོན་པོ་ནག་པོ་ཡབ་ཡུམ་ལྷ་སྲིན་སྡེ་བརྒྱད་དུ་གནས་པའི་གནས། ཡུམ་བཞག་པའི་བདུན་ཡུམ་དང་བརྒྱད་དུར་ཁྲོད་ཕོ་བྲང་ལྕགས་མཁར་ནས། །རཱུ་ཏྲ་ནག་པོ་ཡབ་ཡུམ་གཙོ། །འཁོར་དྲུག་འཁོལ་བར་བྱེད་པ་ཉིད། །ཡུམ་གྱི་ཁྲག་ཡབ་ཀྱི་དུག་ཐུན་དང་བཅས་པས་བྲབས། །བདུད་མགོན་གྱི་ཡུལ་ཁ་རག་སྒོ་དགུ་ནས། །བདུད་མགོན་གྱི་མིང་རི་ནག་སྤུངས་པ་ཡིས། །ལས་འཐིབ་ནད་སྣ་ཚོགས་བདག་པོ་ཡིན། །རྒྱལ་མགོན་གྱི་རྒྱལ་ཡུལ་ནམ་མཁའ་ཕྱད་ཕྱོད་ནས། །རྒྱལ་མིང་མགོན་འོད་ལྷ་དཀར་པོ་ཡི། །ཤེལ་མཁར་ནང་ནས་ལས་སྨྱོ་འབོག་བདག །མ་མ་མོའི་མགོན་པོའི་ཡུལ་བྱང་ཤར་མཚོ་གླིང་ནས། །མ་མགོན་མིང་རྡོ་རྗེ་བདེ་ཆེན་གྱིས། །ལས་རིམས་དང་དལ་ཡམས་བདག་མོར་གནས། །ཀླུ་མགོན་གྱི་ཡུལ་ན་ར་གསིང་སྔོན་ན། །ཀླུ་གཉན་མིང་སྲོག་གཅོད་མགོན་པོ་ནག །ལས་མཛེ་དང་ཤུ་བ་ཕོ་འབྲས་མཁྱེན། །བཙན་གྱི་མགོན་པོའི་ཡུལ་ཟངས་ཐང་དམར་པོ་ནས། །བཙན་མགོན་མིང་བཙན་རྗེ་ལག་རིངས་ཀྱིས། །གླང་ཐབས་ལས་གྲི་རྒོད་ལས་རྣམས་ཡིན། །ཤར་གིང་མགོན་པོའི་ཡུལ་ལྷོར་རིན་ཆེན་ཐང་དཀྱིལ་ནས། །གིང་མིང་མགོན་རྡོ་རྗེ་ལེགས་པ་ཡིས། །ནད་ཀྱང་ལས་གཟེར་ཐབས་ཕོ་ལྷོག་མཁྱེན། །དཔལ་ལྡན་མ་ཧཱ་ཀཱ་ལ་ནི་གཙོ་བོ་འོད་ལྷ་འཁོར་གིང་སྡེ་བརྒྱད་དོ། །དེའི་ནང་ན་ཡུམ་བཞུགས་གཡས་སེར་གཡོན་ལྗང་མཐིང་ནག་དབུས། །ལྷའི་དམག་དཔོན་བྱེད་ཅིང་ལྷའི་དེད་དཔོན་ཀ་རུ་བཏུལ་ནས་གཡས་ཀྱི་དང་པོ་བིང་ཆེན་ལ། །ཕྱག་རྡོར་གྱིས་དབང་བསྐུར་བས་བར་མ་རྡོ་རྗེ་རྩེ་མོ་ལྔ། །ལས་མཁན་དུ་མངའ་གསོལ་བས་ཐ་མ་གནམ་ལྕགས་ཕུར་པ་འདྲིལ། །བདུད་རྩི་ལྕེ་ཐོག་ཏུ་བཞག་ནས་དམ་ལ་


DNG019_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པས་སོ། །གཡོན་གྱི་དང་པོ་དུང་དམར་གསོལ། །སྲིན་མོ་རྣམས་དང་གཤིན་རྗེས་ཕུལ་བས་བར་མ་དབྱུག་ཏོས་མྱོས་པར་བྱེད། །ཐ་མ་དུག་ཀླུ་རྣམས་ཀྱིས་བྱིན་པས་སྦྲུལ་ཞགས་པ་འཕེན། །ཨཱོཾ་ཕྱག་ན་རྡོ་རྗེའི་སྔགས་བཛྲ་པཱ་ཎི་ཨ་དྷི་པ་སྔགས་སོར་བཞག་ཏ་ཡ། བཛྲ་མ་ཧཱ་དཔལ་མགོན་པོའི་སྔགས་ཀཱ་ལ་དུན་ཡ། ཀང་ཀ་ར་ཏྲོ་ཏ་ནི་ཧྲིང་། གྷ་ན་གྷུ་ཏི་པ་ཏྲ་དུན། བཛྲ་ཡཀྴ་ཏྲི་རྣ་དྷ་ཤ ། ཡུམ་སྔགས་སོ། །མ་མ་ཏྲ་ག་ཧེ་ད་ནག་མོ་ཤཾ། ཏིཀྵྞ་ཀཱ་ལི་ཙ་མུན་ཏི། ཡཀྴ་ནག་མོ་ཙིཏྟ་ཤམ། བསད་པ་སྤུ་གྲིའི་སྔགས་དགྲ་བོའི་སྲོག་ལ་དྲེང་ཤག་རྦད། ཙིཏྟ་ཕྱུང་རཀྟ་ཐེམས་རྦད། སྙིང་འབྱིན་ཁྲག་དང་བག་ཆགས། རྩ་ལ་ཐང་ཐང་ཐུམ་རིལ་རྦད། རྩ་ཆེན་བཞི་བཅད་པ། ནྲྀ་ཧུར་ཐུམས་ཛ་དུན་དུན་ཤག ། སྲོག་རང་དབང་མེད་པར་འཕྲོག་པ། སྲོག་རྩ་དུན་རྨུགས་མྱགས་ཁྲམ་རྦད། རྩ་ཕྲན་བརྒྱད་བཅད་པ། ཙི་ཏ་རོ་མྱགས་ལིང་ཤག་རྦད། དྭངས་མ་ལྔ་བཅད་པ། སྙིང་ཁྲག་ཚལ་པ་ཡཾ་ལིང་རྦད། རྩ་ལ་དབུགས་ཀྱི་ཐིག་ལེ་བསྡུ་བ། ཐུམ་རི་ལི་ལི་དུན་བྷྱོ་བྷྱོ། ཟོར་གྱི་དུས་སུ་གདགས། སྟྭཾ་བྷ་ཛ་ནན། མནན་པའི་དུས་སུ་གདགས། འབྲུ་བདུན་ཉིན་དྲིལ་མཚན་གཏོར་ཡབ་ཡུམ་སྔགས། །སྣོད་ངན་ལ་མ་སྤེལ་བར་རབ་ཏུ་གསང་བར་བྱ་བའོ། །དེ་ཡན་ཆད་རྒྱས་པའོ། །རཱུ་ཏྲ་རྣམ་པ་བཞིར་འདོད་དེ། །གནས་ལུགས་རྒྱུ་ཡི་རཱུ་ཏྲ་དང་། །གསང་བའི་སྐུས་གསང་སྔགས་ནང་པ་ལ་གནས་པ་ལྟར་ཐབས་ལམ་གང་ཟག་འགའི་སྤྱོད་ཡུལ་དུ་བྱུང་བར་གནས་སོ། །གོལ་རྐྱེན་ལམ་གྱི་རཱུ་ཏྲ་དང་། །ངོ་བོ་ཉིད་ཀྱི་སྐུ་ནི་ལམ་ཇི་ལྟར་སྣང་ཡང་ངོ་བོ་སངས་རྒྱས་ཀྱི་སར་འགྲོ་འདོད་རཱུ་ཏྲ་ཇི་ལྟར་སྣང་ཡང་མ་རྟོགས་པའི་གོལ་ས་ཡིན། གོལ་བ་སྔོན་བྱུང་རཱུ་ཏྲ་དང་། །ནི་ལོངས་སྐུ་སྟེ་རཱུ་ཏྲ་སྐྱེས་དུས་ན་གསང་སྔགས་ཀྱིས་བཏུལ་ཏེ། གསང་སྔགས་ལོངས་སྐུའི་ཆོས་ཡིན་པའོ། །གོལ་འགྲོ་རྗེས་འཇུག་རཱུ་ཏྲ་ཡིན། །སྤྲུལ་སྐུ་སྟེ་སྤྲུལ་སྐུའི་བསྟན་པ་ལ་ཆོས་མ་གོལ་བར་ཕྱོགས་རིས་མེད་པར་བསླབ་དགོས་པ་ཡིན་པས་སོ། །རྒྱུ་ཡི་རཱུ་ཏྲ་རྣམ་པ་གཉིས། །གྲོལ་ལམ་བལྟ་བ་དང་སྦྱར་བ་དང་ཐབས་ལམ་དབང་དང་སྦྱར་བའོ། །དེ་ཡང་གང་ཟག་དབང་པོ་རབ་བལྟ་བ་རྟོགས་ན་སངས་རྒྱས་དང་། འབྲིང་བལྟ་བ་དང་དབང་གཉིས་ཀ་ལ་བརྟེན་པའོ། །ཐབས་ལམ་གྲོལ་ལམ་དབང་པོ་འབྲིང་གིས་ཟུང་དུ་འདྲེལ་བར་བྱེད་པའོ། །དང་པོ་ཀུན་ཀྱང་རཱུ་ཏྲར་སྐྱེས། །ཕ་མ་བླ་མ་གཡོག་དང་བཅས། །རང་ཉིད་རཱུ་ཏྲར་སྐྱེས་པའི་ལུས། །གྲོལ་ལམ་ཆོས་སྐུ་དང་


DNG019_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ན་རང་གི་ཕ་ནི་སློབ་དཔོན་རྒྱལ་བའི་འཁོར་ལོ། ལེགས་པ་སློབ་པའོ། །མ་ནི་གཡོག་པོ་སྟེ་བྱམས་པར་བྱེད་པས་སོ། །རང་ཉིད་རཱུ་ཏྲ་དགེ་སློང་ནག་པོ་སྟེ། ཕ་མ་གཉིས་ཀ་ལ་སྡང་བའོ། །ལུས་རཱུ་ཏྲར་སྐྱེས་པ་དང་འདྲ་སྟེ། དགེ་བ་བསླབས་ཀྱང་མི་བྱེད་ལ། སྡིག་པ་མ་བསླབས་ཀྱང་བྱེད་པས་སོ། །དེ་བས་ན་རྒྱུའི་རཱུ་ཏྲ་ཡིན་ནོ། །མི་དགེ་བཅུ་སྤྱད་ངན་སོང་གསུམ། །ལུས་ཀྱི་སྒོ་ནས་གསུམ། སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད། ངག་གི་བཞི་རྫུན་ཕྲ་མ་ངག་འཁྱལ་ཚིག་རྩུབ། ཡིད་ཀྱི་གསུམ་བརྣབ་སེམས་གནོད་སེམས། ལོག་ལྟ། དངོས་པོ་བཞི་ལ་སྤྱད་པས་དམྱལ་བ་ཡི་དྭགས་དུད་འགྲོ་སྐྱེ་བ་བླངས་སོ། །ལས་སྨིན་ཐམས་ཅད་རྒྱལ་བས་འདྲེན། །མི་དགེ་བཅུ་ཟད་ནས། དགེ་བཅུའི་གནས་སུ་སྐྱེ་བ་ནི་སངས་རྒྱས་ཀྱི་ལམ་ལ་ཞུགས་པ་ཡིན་ཏེ། རཱུ་ཏྲ་ངན་སོང་གི་ལས་ཟད་ནས་རཱུ་ཏྲར་སྐྱེས་པ་དང་འདྲ། སྐྱེས་ནས་བཏུལ་བ་ལྟར་དགེ་བཅུ་ལ་ཞུགས་སོ། །དབང་བསྐུར་སངས་རྒྱས་སར་འདྲེན་ནོ། །དབང་བསྐུར་བླ་མས་དབང་བསྐུར་ནས་ཐེག་པ་ལ་ཞུགས་ནས། བསྐྱེད་རྫོགས་བསྒོམ་པ་ནི་རཱུ་ཏྲ་དཀྱིལ་འཁོར་དུ་བཅུག་སྟེ་སངས་རྒྱ་བར་ལུང་བསྟན་པ་ལྟ་བུའོ། །གྲོལ་ལམ་བསྡུས་ནས་ཞར་ལ་བསྟན་པའོ། །ཐབས་ལམ་གཉིས་པོ་སྟེང་འོག་སྒོ། །ཐབས་ལམ་གསང་བའི་སྐུ་དང་སྦྱར་བ་ལ་གཉིས་ཏེ། སྟེང་སྒོ་ཡབ་དང་སྦྱར་བ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོ་དང་ཀུན་ཏུ་བཟང་པོ། འོག་སྒོ་ཡུམ་དང་སྦྱར་བ་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོ་དང་ཀུན་ཏུ་བཟང་མོར་གནས་སོ། །དྷརྨ་ཙཀྲ་ཆོས་ཀྱི་གནས། །སྟེང་སྒོ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་ནི་རྩ་བ་གཅིག་ལ་བཞིར་གྱེས་ཏེ། དེ་ལ་ཡན་ལག་བརྒྱད་དུ་གྱེས་ནས་གནས་པ་ནི་འཁོར་ཆོས་འབྱུང་བའོ། །དེ་བས་ན་ཆོས་ཀྱི་འཁོར་ལོ་ཞེས་བཏགས་པ་ཡིན་ནོ། །དབུས་ཀྱི་སྙིང་པོ་རྒྱལ་འཁོར་ཉིད། །དབུས་ཀྱི་རྩ་བ་གཅིག་འདུས་པའི་ནང་ན་བྱང་སེམས་ཆོས་སྐུར་གནས་པ་ནི། སློབ་དཔོན་རྒྱལ་བའི་འཁོར་ལོ་དང་སྦྱར་རོ། །ཞར་བྱུང་དཔོན་གཡོག་ཉོན་མོངས་སྒོ། །རིག་པ་ཆོས་སྐུར་མ་རྟོགས་པའི་ཞར་ལ་བྱུང་བ་ནི། ཉོན་མོངས་པ་ཅན་གྱི་ཡིད་ནི་དགེ་སློང་ནག་པོ་སྟེ་དཔོན་ནོ། །དེ་ལས་ཉོན་ཅན་གྱི་ཡིད་བྱུང་བ་ནི་དེའི་གཡོག་གོ། །རྩ་བཞི་གདམས་ངག་གོལ་བ་ཡིས། །ཡེ་ཤེས་ཀྱི་རྩ་དང་། ཆོས་ཉིད་ཀྱི། ཡོན་ཏན་གྱི། རང་རྒྱུད་ཀྱི་རྩ་བཞི་ནི་གདམས་ངག་སྟེ། རྩ་བཞི་ལ་ཡིད་རྣམ་འགྱུ་ཡང་ཀུན་གཞིའི་ངང་དུ་སྤྲིན་དེངས་པ་ལྟར་གནས་སོ། །ལྟ་བ་རྟོགས་ན་དངོས་པོ་བཞི་ལ་གནས་བཅས་ཀྱང་ནམ་མཁའ་ལ་སྤྲིན་


DNG019_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེངས་པ་ལྟར་འགྱུར་རོ། །རིགས་དྲུག་ས་བོན་ལུས་ལ་འཁྱམས། །ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་ནི་དགེ་སློང་ལྟ་བ་མ་རྟོགས་ཏེ་འཁོར་བ་ལྟར་འགྲོ་དྲུག་ཏུ་འགྲོ་བའི་བག་ཆགས་དེ་དྲུག་ལ་བསགས་ནས་འཁོར་བར་ཁ་བརྒྱུད་པས་སོ། །རང་གནས་བདེ་གཤེགས་ཕུང་པོ་ལྔ། །རཱུ་ཏྲ་རྒྱལ་བས་འདུལ་བ་ལྟར་རང་ལ་གནས་པ་ནི། ལུས་ཆོས་ཀྱི་དབྱིངས་སུ་ཕུང་པོ་ལྔ་རིགས་ལྔར་འདུས་པས། འབྱུང་བ་ལྔ་ཡུམ་ལྔར་འདུས། རྣམ་ཤེས་སེམས་དཔར་འདུས་སོ། །བཀའ་བགྲོས་རྟོག་ཚོགས་སངས་རྒྱས་བཅད། །བཀའ་བགྲོས་པ་ནི་ཕུང་པོ་སངས་རྒྱས་ཡིན་མིན་དུ་བགྲོས། བཀའ་བགྲོས་བཅད་པ་ནི་རྟོག་ཚོགས་ཡེ་ནས་སངས་རྒྱས་སར་བཅད་པའོ། །དུག་ལྔ་ཡེ་ཤེས་རང་དུ་བསད། །རཱུ་ཏྲ་བསྒྲལ་བ་ནི་ཐབས་ཤེས་སོ་སོ་ལ་བཏང་བས་ཡ་ཕྲལ་བས་མ་ཐུལ། ཐབས་ཤེས་སྦྱར། ཞི་གནས་ལྷག་མཐོང་ཟུང་དུ་འདྲེལ་བའི་སྲས་ཀྱིས་མ་རིག་པ་རང་སར་བསད་དོ། །རང་གནས་དཀྱིལ་འཁོར་དབང་ཐོབ་སྟེ། །མ་རིག་པ་སངས་པ་དང་། རང་ལུས་རིགས་ལྔའི་དབང་བསྐུར་ཏེ་ཐོབ་པ་ནི་རཱུ་ཏྲ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དང་སྦྱར་རོ། །བདེ་གཤེགས་ཡི་གེ་འབྲུ་གསུམ་པོ། །ཨོཾ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། ཨཱ་གསུང་། ཧཱུྃ་ཐུགས་སུ་གནས་ཏེ་འབྲུ་གསུམ་གྱིས་རིགས་དྲུག་གི་ཡི་གེ་མནན་པ་ནི། རཱུ་ཏྲ་བསྟན་པ་བསྲུངས་ནས་སངས་རྒྱས་སོ། །མི་ཟད་རྒྱན་གྱི་འཁོར་ལོར་མཐོང་བ་ནི། །རཱུ་ཏྲས་སངས་རྒྱས་ཞལ་མཐོང་བའོ། །དེར་སྲོག་སྙིང་ཕུལ་ནས་བསྟན་སྲུང་དུ་ཁས་བླངས་སོ། །སྟེང་སྒོ་དང་སྦྱར་ནས་ཀུན་ཏུ་བཟང་པོ་བསྒོམ་པའི་མན་ངག་གོ། །ནིར་མ་ཙཀྲའི་ཕོ་བྲང་ན། །ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ། ཕྱིའི་དབྱིབས་ཨར་གནས་པ་ཆོས་ཀྱི་དབྱིངས་ནང་ན་ཡི་གེ་རྣམས་གནས་པ་ཆོས་ཀྱི་དབྱིངས་གནས་ཀྱི་ནང་ན་འཁོར་འདས་དང་རྣམ་ཤེས་གནས་པའོ། །ཡང་ན་བྷ་ག་སྣོད་ཡི་གེ་རྣམས་བཅུད་དོ། །སྙིང་པོ་ཨ་ནི་རྒྱལ་འཁོར་ཉིད། །སློབ་དཔོན་རྒྱལ་བའི་འཁོར་ལོ་དང་འདྲ་བར། ཐམས་ཅད་ནས་ཐམས་ཅད་དུ་མ་བཅོས་པའི་རྣལ་འབྱོར་དུ་གནས་པའོ། །ཀྵ་ནི་དགེ་སློང་ནག་པོ་སྟེ། །ལྟེ་ལྐོག་ན་སྲིན་པོའི་ཡི་གེ་ཀྵ་གནས་པ་ནི་རཱུ་ཏྲའི་ས་བོན་ཏེ། སློབ་མ་དགེ་སློང་ནག་པོའོ། །དེ་ཡི་དྲོད་ནི་གཡོག་པོར་འགྱུར། །ཀྵའི་དྲོད་ནི་ལྟེ་བ་ན་མེ་དང་མཉམ་པའི་རླུང་ཡོད་དེ། དེས་ཡི་གེ་ཀྵའི་གཡོག་བྱེད་པས་གཡོག་པོ་དང་སྦྱར་རོ། །བདེ་བ་བཞི་ནི་བརྟན་པའི་ལམ། །རཱུ་ཏྲ་ལ་བླ་མས་གདམས་ངག་གསུངས་པ་ལྟར། བདེ་བ། མཆོག་བདེ། བདེ་བྲལ་གྱི་བདེ་བ། ལྷན་སྐྱེས་ཀྱི་དང་བཞི་གསུངས་པ་ལས། མ་གོ་བས་གོལ་


DNG019_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྲོག་གཅོད། མ་བྱིན་ལེན། རྫུན། མི་ཚངས་སྤྱོད་བཞི་ལས་འབྱོལ་ཉོག་ཏུ་སྤྱོད་པ་དང་སྦྱར་རོ། །མ་རྟོགས་རིགས་དྲུག་ཡི་གེ་འཁོར། །ལྟེ་བ་ན་ལྷའི་ས་བོན་ཨ་དཀར། ལྷ་མིན་གྱི་བུ་སེར། མི་ནྲྀ་སྔོ། ཡི་དྭགས་དྲེ་དམར། བྱོལ་སོང་དུ་དུད་ཀ །དམྱལ་བ་ཏྲི་ནག་རྣམས་འདོད་ཁམས་ཀྱི་ས་བོན་ཏེ། རཱུ་ཏྲ་དེ་ངན་སོང་གསུམ་དུ་ལྷུང་བ་དང་སྲིན་པོ་དང་ལྷ་དབང་དུ་བསྡུས་པ་དང་སྦྱར་རོ། །བསམ་གཏན་ཨཱོཾ་དང་གཟུགས་མེད་ཨ། །ཡུམ་གྱི་བྷ་ག་ན་ཨོཾ་གནས་པ་ནི་བསམ་གཏན་གྱི་ཨོཾ་སྟེ་གཟུགས་ཁམས་ཀྱི་ལྷའི་ས་བོན་ནོ། །ལྟེ་བ་སྤྲུལ་པའི་བྷ་ག་ན་ཨ་གནས་པ་ནི། གཟུགས་མེད་སྐྱེ་མཆེད་མུ་བཞི་གནས་པའོ། །རྡོ་རྗེ་པདྨའི་སངས་རྒྱས་རྣམས། །ཡབ་ཀྱི་རྡོ་རྗེ་རིགས་ལྔའི་རྒྱལ་བ། ཡུམ་གྱི་པདྨ་རིགས་ལྔའི་ཡུམ། དེ་རྣམས་རྩ་གནས་ཆོས་ཀྱི་དབྱིངས་སུ་ཚོགས་ནས་བཀའ་བགྲོས་པ་ནི། ཉོན་མོངས་ལམ་དུ་བྱེད་པར་བཀའ་བགྲོས་པའོ། །འབྱུང་བཞི་རླུང་འདུལ་བཀའ་བགྲོས་བཅད། །བདེ་བ་བཞི་ཡང་འདུས་པར་བཀའ་བགྲོས་བཅད། དང་པོ་བྷ་ག་ལ་རྡོ་རྗེ་རེག་པའི་དུས་སུ་སྲ་བས། དེ་ནས་གཤེར་བ་ཆུ། དྲོ་བ་མེ། གཡོ་བ་རླུང་གི་ཐིག་ལེ་འབེབས་པའོ། །བདེ་བ་མཆོག་བདེ་བྲལ་བདེ་དང་། །རྣམ་རྟོག་ཆེ་ལ་བདེ་བ་ཆུང་བ་བདེ་བ། བདེ་བ་ཆེ་ལ་རྣམ་རྟོག་ཆུང་བ་མཆོག་བདེ། དེ་ཉིད་ཐ་མལ་དང་འཇིག་རྟེན་པ་ལ་ཡོད་པས་ན་འཁོར་བའི་མཐའ་ཡིན་ནོ། །འཁོར་བ་ནས་འདྲེན་པ་དཀྱིལ་འཁོར་དུ་འཇུག་པའོ། །བྲལ་བ་དེ་ནི་རྟོག་པ་མེད་ལ་བདེ་བས་འདས་པའི་མཐར་ཞེན་ཏེ། ལྷ་ལ་མེ་ཏོག་ཕོག་དབང་བསྐུར་བའོ། །ལྷན་ཅིག་སྐྱེས་བདེའི་དཀྱིལ་འཁོར་བཅུག །ཡབ་ཡུམ་རྡོ་རྗེ་པདྨ་ཕྲད་པས་ལྷན་ཅིག་ཏུ་སྐྱེས་པའི་བདེ་བ་ནི་འཁོར་འདས་ཀྱི་མཐས་མ་རེག་པ་སྟེ་དཀྱིལ་འཁོར་དུ་བཅུག་ནས་རིག་འཛིན་གྱི་ལམ་ལ་བགྲོད་པའོ། །ཟུང་འཇུག་ཧཱུྃ་གིས་སར་གནས་སོ། །རླུང་སེམས་གཉིས་འབྱངས་ན་རྡོ་རྗེ་པདྨ་ཟུང་འཇུག་བདེ་བས། ཡུལ་པདྨ་ཆོས་ཀྱི་དབྱིངས། ཡུལ་ཅན་རྡོ་རྗེ་ཡེ་ཤེས་ཀྱིས་ཞུགས་པ་ནི། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་དོན་རྟོགས་པས་གནས་མིར་གནས་ཀྱང་སངས་རྒྱས་པར་ལུང་བསྟན་པ་ནི། རཱུ་ཏྲ་ལུང་བསྟན་པ་ལྟ་བུའོ། །གོལ་རྐྱེན་ལམ་གྱི་རཱུ་ཏྲ་ནི། །ངོ་བོ་ཉིད་ཀྱི་སྐུ་དང་སྦྱར་ཏེ། གཏི་མུག་ཀུན་ལ་ཁྱབ་པ་དབང་ཕྱུག་ཆེན་པོ། འདོད་ཆགས་དབང་དུ་སྡུད་པ་གུ་ལ་ནག་པོ། ཞེ་སྡང་སྒྲོལ་བས་མ་ཧཱ་དེ་བ། དེ་གསུམ་མུ་སྟེགས་པའོ། །ཕྱི་པ་མུ་སྟེགས་ལམ་སོང་བ། །སྔགས་ཀྱི་ལྟ་བ་མ་རྟོགས་ན་ཡང་མུ་སྟེགས་པར་ལྷུང་བས་རཱུ་ཏྲ་ཡིན་རཱུ་ཏྲ་ཁོ་ན་གསང་སྔགས་འབྱུང་བའི་རྒྱུའོ། །མཚན་ཉིད་ཀྱི་ལྟ་བ་མ་རྟོགས་ན་ཡང་མུ་སྟེགས་སུ་


DNG019_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་ངོ་། །མུ་སྟེགས་ཁོ་ན་མཚན་ཉིད་འབྱུང་བའི་རྒྱུའོ། །སྔགས་དང་མཚན་ཉིད་མ་རྟོགས་པས། །ཐམས་ཅད་རཱུ་ཏྲར་གོལ་བར་འགྲོ། །དེས་ན་སྔགས་མཚན་ཉིད་ཐམས་ཅད་མ་རྟོགས་ན་རཱུ་ཏྲའི་རྒྱུ་ཡིན་ཏེ། ལྟ་བ། ཏིང་ངེ་འཛིན། སྤྱོད་པ་མ་ནོར་བར་བྱ་བའོ། །ལྷ་ཆེན་ལ་སོགས་ཆུང་བ་དང་། །འདོད་ཆགས་ལྷ་ཆེན། གཏི་མུག་ཚངས་པ། ཞེ་སྡང་དྲག་པོ་ཞེ་སྡང་བ་ནི་སྔགས་ཕྱི་པ་ལ་སྣང་བ་སྟེ། བགེགས་དང་ལོག་འདྲེན་ཙམ་དུ་སྣང་བ་ལས། བར་གཅོད་ཡིན་མིན་དུ་སྣང་སྟེ། གཏོར་མ་ཆ་གསུམ་བྱིན་ན་སྲུང་མའོ། །རྒྱུ་མཚན་ཉིད་ཀྱི་ལམ་ལ་ལྷ་སྦྱིན་ལ་སོགས་པ་བདུད་བཞིར་སྣང་ངོ་། །འབྲིང་པོ་དང་། །གསང་སྔགས་ནང་པ་ལ་རཱུ་ཏྲ་ཐར་པ་ནག་པོ་ལ་སོགས་པར་སྣང་བས་ན་སངས་རྒྱས་པའི་ཐེག་པ་ཀུན་ལ་གོལ་རྐྱེན་ལམ་གྱི་རཱུ་ཏྲ་རེ་སྣང་ངེ་། །གནས་སོ། །རབ་ཏུ་བཤད། །གོལ་བ་སྔོན་བྱུང་རཱུ་ཏྲ་ལ་ལོངས་སྐུ་དང་སྦྱར་རོ། །འདོད་ལུགས་རང་རྒྱུད་དག་པར་འདོད། སྤྲུལ་པར་འདོད་གཉིས་དང་བཤད་ཐབས་གཉིས། །ཉམས་སུ་བླང་ལུགས་རྣམ་པ་གཉིས། །མཐར་ཕྱིན་དབྱེར་མེད་ལམ་ཅིག་ཅར་བ་དང་ལམ་རིལ་གྱིས་པ། དེ་ཐམས་ཅད་སེམས་ཤེས་མ་ཤེས་དང་། རྟོགས་མ་རྟོགས་ཡིན་ཏེ་སེམས་གཅིག་ཏུ་གནས་གཅིག་ཏུ་གནས། །དམ་པ་འི་རིགས་ཅན་ལྔ་ལ་སོགས་པ་ཁྱེད་ལ་ཕྱག་རྡོར་གྱིས་གསལ་བར་བཤད། ༈ །རང་རྒྱུད་ཕྱི་ཡི་རཱུ་ཏྲ་འདི། །བདེན་པ་ཡིན་ནམ་རཱུ་ཏྲ་ལ་སྤྱིར་ལུགས་གཉིས་སུ་བཞེད་དེ། གསང་སྔགས་སྒྲ་ཇི་བཞིན་པར་སྤྱད་པས་རྒྱུ་འབྲས་མི་བསླུ་བ་ལ་དགོངས་ཏེ་རང་རྒྱུད་དམ། ཕྱིའི་རཱུ་ཏྲ་དང་། བདག་ཏུ་འཛིན་པ་ལ་དགོངས་ཏེ་སྤྲུལ་པའམ་ནང་གི་རཱུ་ཏྲའོ། །གལ་ཏེ་དེ་ལྟར་མིན་ཏེ་གང་རུང་གཅིག་བདེན་ན། སྤྲུལ་པར་བདེན་ན། སེམས་ཅན་དམྱལ་བ་དྲང་དོན་སྡིགས་རི་ཡིན། ཡང་དག་པར་མི་བདེན་པར་འགྱུར་རོ། །རང་རྒྱུད་པར་བདེན་ན། མདོ་སྡེ་ལས། དེའི་ཚེ་ན་ལྷ་སྦྱིན་ནི་གཞན་ཡིན་སྙམ་དུ་མ་རྟོགས་ཤིག །ཅེས་པས་སངས་རྒྱས་ཀྱི་ཆེ་བ་དབྱུང་བའི་ཕྱིར་སྤྲུལ་པའོ། །འདི་ཉིད་ནས་ཀྱང་འགྲོ་བའི་ཚུལ་དུ་སྔོན་འབྱུང་བ་ཞེས་པ་དང་། དགོངས་འདུས་ལས། དེ་ཉིད་བདག་རྟོགས་ཡིན་པས་ན། །ཞེས་པ་དང་། ལྷ་སྲིན་སྡེ་བརྒྱད་པའི་འཁོར། རྒྱལ་ཆེན་རིགས་བཞིའི་དྲན། གསང་བ་མཆོག་གི་བདག་ཡིན་པས། ཞེས་པས་ན་ལུང་དང་འགལ་ལོ། །དེའི་ཕྱིར་གཉིས་ཀ་ལྟར་རོ། །གཞུང་འདི་ལྟར་བཞེད་པ་ནི། བློ་ཆེ་བ་དང་ལྟ་བ་ཅན་ལ་སྤྲུལ་པར་སྣང་། ཆུང་བ་ལ་རང་རྒྱུད་པར་སྣང་སྟེ། དོན་འཁོར་བ་ཡང་མི་བདེན་པ་ལྟར་རོ། །བདེན་པ་མིན། །སྤྲུལ་པ་ནང་གི་རཱུ་ཏྲ་འདི། །བདེན་


DNG019_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མི་བདེན་དཔྱད་པ་དང་། །གང་རུང་གཅིག་ཏུ་གྲུབ་མ་གྲུབ། །གཉིས་ཀ་བདེན་པར་བློ་དང་སྦྱར། །བཤད་ཐབས་ཕྱི་ཕྱིའམ་རང་རྒྱུད་པ་དང་ནང་ལྟར་བཤད་པ་ནང་གཉིས་པོ་ཡང་། །ཕྱི་ཡི་རཱུ་ཏྲ་རང་རྒྱུད་པ། །སྒྲ་ནི་ཇི་བཞིན་བཤད་པ་སྟེ། །རྒྱུ་དང་རྐྱེན་དང་འབྲས་བུ་གསུམ། །བཀའ་བགྲོས་བཀས་བཅད་བཏུལ་བ་གསུམ། །སྒྲིབ་སྦྱངས་དབང་བསྐུར་ལུང་བསྟན་གསུམ། །སློབ་དཔོན་རྒྱལ་བའི་འཁོར་ལོས། སློབ་མ་དགེ་སློང་ནག་པོ་ལ་ཆོས་བཤད་པའི་རྒྱུ་ནི་གསང་བའི་བཀའ་བསྒོ་ལོག །ཇི་བཞིན་ཉིད་དེ་མ་བཅོས་ན། །བལྟ་བ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ན་མ་བྱིན་ལེན་མི་ཚངས་སྤྱོད་རྫུན་སྲོག་གཅོད་པ་བཞི་སྤྱད་དངོས་པོ་བཞི་ལ་གནས་བྱས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་གྱིས་མི་གནོད་པར་དེངས་བཞིན། །རྣལ་འབྱོར་ལྟ་བའི་དོན་རྟོགས་པ་ལ་གནོད་བྱེད་མེད་པས་དེ་ཉིད་དམ་པའི་ལམ། །སློབ་དཔོན་རྒྱལ་བའི་འཁོར་ལོས་བཤད། །རྐྱེན་ནི་སློབ་མ་དགེ་སློང་ནག་པོ་ཡང་དག་དོན་མ་རྟོགས། །སྤྱད་པར་བྱ་བའི་དམ་ཚིག་བསྲུང་མ་ཤེས་ཏེ་སྒྲ་བཞིན་རྣམ་པར་སྤྱད་གྱུར་པ། །ངག་རྩུབ་རྫུན་སྨྲས་མ་བྱིན་ལེན་པ་དང་། །ཆགས་པ་རང་དགར་མི་ཚངས་སྤྱོད་སེམས་ཅན་རྣམས་ཀྱི་སྲོག་བཅད་པའོ། །འབྲས་བུ་ངན་སོང་ཁ་བརྒྱུད་ནས། །ཐ་མ་ལས་ཀྱི་སྲིན་པོར་སྐྱེས། །རཱུ་ཏྲའི་ཡོན་ཏན་གྱིས་ཁམས་གསུམ་མ་ལུས་དབང་དུ་བསྡུས། །དུས་གསུམ་སངས་རྒྱས་རྣམས་ཆོས་དབྱིངས་སུ་འདུས་ནས་བཀའ་བགྲོས་ནས། །ཕྲིན་ལས་གང་གིས་འདུལ་བར་འགྱུར་བའི་མདུན་མ་བྱས་སོ། །ཞི་བའི་ལས་དང་རྒྱས་པས་འི་ལས་ཀྱི་མི་ཐུལ་བས། །དབང་གི་ལས་དང་དྲག་པོས་འི་ལས་ཀྱི་འདུལ་བར་བཀའ་བགྲོས་བཅད། །རཱུ་ཏྲ་ལིངས་ལ་སོང་བ་དང་བྱུང་གིས་དོགས་པའི་ངག་གི་དབང་ཕྱུག་རྟ་མགྲིན་སོ་ལ་བཏང་། །ཧེ་རུ་ཀ་ཉིད་སྤྲུལ་ནས་རཱུ་ཏྲའི་ཡུམ་དང་སྦྱོར་བ་མཛད་དེ་སྲིན་མོའི་ལྷུམས་སུ་སྲས་འདུལ་བྱེད་བཅུག །སྤྲུལ་པའི་སྲས་བསྐྱེད་ནས་རཱུ་ཏྲ་བཏུལ་ལོ། །བལྟམས་དུག་གསུམ་བཅོམ། །རཱུ་ཏྲའི་དུག་གསུམ་གྱི་ལས་དང་ཉོན་མོངས་སྒྲིབ་པ་སྦྱངས། །རྒྱལ་བའི་སངས་རྒྱས་མང་པོ་སྐུ་ཡང་མཐོང་ཞལ་ཡང་མཐོང་ནས། །དབང་བཞི་བུམ་པ། གསང་བ། ཤེས་རབ། ཡེ་ཤེས་བདེ་བ་ཆེན་པོ་བསྐུར་


DNG019_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེ་བ་ཕྱི་མའི་ཚེ། །སངས་རྒྱས་ཐལ་བའི་དབང་པོར་ལུང་ཡང་བསྟན། །ཚེ་འདིར་སྲོག་སྙིང་ཕུལ་ནས་སངས་རྒྱས་ཀྱི། །དཀོན་མཆོག་བསྟོད་པའི་དབལ་བསྟན་སྲུང་མ་ཧཱ་ཀཱ་ལ་ཉིད། །ལྷ་སྲིན་སྡེ་བརྒྱད་དཔུང་གི་འཁོར་དང་བཅས། །དབང་ཕྱུག་མ་དང་མཁའ་འགྲོ་ལང་ཀའི་ཚོགས་དཔའ་བོ་དང་བཅས། །དཔའ་མོ་རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས་སུ་བསྐོས་ནས་གྲོགས་མཛད་དོ། །དངོས་སུ་རཱུ་ཏྲ་རང་རྒྱུད་པ་ཡང་ཡོད་དེ་དམ་ཉམས་པའི་འབྲས་བུའོ། །སངས་རྒྱས་མཛད་པས་ན། །རང་རྒྱུད་ཕྱི་ཡི་རཱུ་ཏྲ་ཡོད། །སེམས་ཅན་གདུག་པ་གང་གིས་ཀྱང་མི་འདུལ་བས། །སྤྲུལ་པ་སྤྲུལ་ནས་ནས་འདུལ་བར་གྱུར་པས་ན། །སྤྲུལ་པའི་རཱུ་ཏྲ་ཡོད་པ་ཡིན། །དེ་ཡང་སྤྲུལ་པའི་རཱུ་ཏྲས་སེམས་ཅན་རྣམས་ཁོ་ན་སངས་རྒྱས་ཀྱི་མཛད་པ་ཡིན་ནོ། །ནང་གི་རཱུ་ཏྲ་རྣམ་བཤད་པ། །རང་གི་སེམས་ཉིད་བླ་མ་རྒྱལ་བའི་འཁོར། །ལོའོ། །བདག་ཏུ་འཛིན་པ་ནི་སློབ་མ་དགེ་སློང་ནག་པོ་ཡིན་ནོ། །དུག་ལྔ་ལ་རྟོགས་པ་སྔ་ཕྱི་ལོང་བཏགས་པ་མང་པོ་ནི་རཱུ་ཏྲས་ཕྱི་ཡི་སྐྱེ་བ་བླངས། །སྨད་འཚོང་མ་ཡི་བུ་རུ་སྐྱེས། །མ་ཤི་ནས་བུ་མ་རོ་དང་ཆས་པ་ཤིང་ནལ་གྱི་སྡོང་ནག་ཞེས་པའི་རྩ་རུ་བུ་བཞག་ཅིང་བསྡད་པ་ནི། །རང་ལུས་དུག་གསུམ་ནི་ཤིང་བུ་ལ་ནལ་གྱི་སྡོང་ནག་ཡིན་ནོ། །ང་བདག་ནི་རཱུ་ཏྲ་ཡིན། ང་བདག་རྩལ་དྲག་པ་ནི་དྭ་བུ་རྩལ་དྲག་པས། །ཀུན་གཞི་མ་བག་ཆགས་བུ་ཡིན་བུས་མ་ཤ་ཟ་བ་ལྟར་བག་ཆགས་ཟའོ། །རཱུ་ཏྲའི་ཁ་ནས་ཚ་བའི་སྣ་ནས་གྲང་ནད་དང་སྔགས་བྱུང་ན་དེའི་གཟེར་གྱིས། །མ་མོ་མཁའ་འགྲོ་དབང་དུ་བསྡུས་པ་ནི་རང་གི་སྣ་ནས་རླུང་ཚ་གྲང་རྒྱུ་བའོ། །བདུད་ཀྱི་རྒྱལ་པོ་ང་རྒྱལ་སྐྱེས་པ་ནི་བདག་འཛིན་གྱི་མགོ་ལངས་པའོ། །ལངྈའི་ཡུལ་གྱི་རི་ལ་བབས་པ་ནི་རང་གི་ལུས་ཁོག་པ་ལ་བདག་འཛིན་བབས། །སྲིན་པོའི་རྒྱལ་པོ་དབང་དུ་བྱས་ཡུལ་ལ་བདག་འཛིན་གྱི་དབང་བྱས་སོ། །ལྟེ་བའི་ལངྈའི་རི་ཀྵ་ཡིག་སྲིན་པོ་གཏུམ་མོ་སྤོར་བདེ་བ་དབང་དུ་བྱས་སོ། །ལྷ་ཡི་དེད་དཔོན་ཀ་རུ་ཎ་བདེ་བས་སྡུག་བསྔལ་ཞི་བཏུལ་བའོ། །སྲིན་པོ་བཏུལ་བ་ཚོགས་དང་ལྷ་བཏུལ་བས་མཐོང་བའི་ལམ་དུ་སྦྱར། །གསུམ་པ་མཐོང་ལམ་སྦྱངས་པ་དང་རང་ལུས་བམ་རི་ཐོད་པའི་མཁར་དང་བསྟུན་ཏེ་རང་ལུས་སྦྱང་བའོ། །ལམ་དུ་བཀའ་སངས་རྒྱས་བཀའ་བགྲོས་བགྲོས་དེ་བཅད་པས་སྦྱོར་ལམ་མོ། །དོ། །


DNG019_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་བྱ་ར་སོ་བ་ནི་རྟ་མགྲིན་བྱ་ར་སོ་ལ་བཏང་བས། །དེ་ལས་མཐོང་ལམ་དུ་ཡེ་ཤེས་མཐོང་བས་ཤེས་རབ་སྐྱེས་པའོ། །སྲས་ལྷུམས་སུ་བཞག་པ་བཞི་པ་བསྒོམ་ལམ་སྲས་བལྟམས་འདམ་འཐུང་བ་བསྒོམ་ལམ་རྟོག་པ་བྱང་བ། །སྤྲུལ་པ་དངོས་པོ་རྣམ་རྟོག་ཡེ་ཤེས་སུ་ལངས་པ། བདུད་རྩིར་རོལ། །རྣམ་ཤེས་བརྒྱད་བུ་མོ་བརྒྱད་ཡུལ་བརྒྱད་མགོ་བརྙན་བརྒྱད་ལ་སོགས་ལོག་པར་བསྒྱུར། །ཚོགས་མ་མོ་བརྒྱད་ཡུལ་ཕྲ་མེན་བརྒྱད་ཕྱིན་ཅི་ལོག་བཞི་སྒོ་མ། །གསང་བའི་ཡུམ་བཞི་ནི་བག་ཆགས་བདག་འཛིན་དང་ང་རྒྱལ་དང་བདག་ཏུ་རྨོངས་པའོ། །ལྔ་པ་མཐར་ཕྱིན་ལམ་རྟེན་གྱི་སྟོབས་གཉེན་པོའོ་འགྱོད་པའི་དང་གཞན་གྱིས་སྤྱོ་བ་བྱས་པ་ཡིས། །སྟོབས་བཞིས་རྒྱུད་སྦྱངས་ཏེ་སྡིག་པ་སྦྱངས་པར་བྱས། །དེ་དག་ཐམས་ཅད་ཚོགས་ལམ་ལ་སོགས་ལམ་ལྔ་ལས། །མཚན་ཉིད་དང་སྒོ་བསྟུན་ནས་ནི་ཇི་ལྟར་གནས་པ་འདིར་རྟོགས་བྱ། །དེ་ལྟར་བསྟན་པའི་རཱུ་ཏྲ་དེས། །བཙན་ཐབས་དག་ཏུ་སངས་རྒྱས་སམ། །འོན་ཏེ་རིམ་འཇུག་སངས་རྒྱས་ཡིན། །ཇི་ལྟར་ཡིན་པ་ངེས་ཤེས་བྱོས། །ལངས་རྟོག་ཚད་ཕུལ་བ་ལྟ་བུའོ། །བློ་ཆུང་བ་རྣམས་རིམ་གྱིས་སངས་རྒྱས་པ་ཡང་ཡོད། དཀྱིལ་འཁོར་དུ་བཅུག་དབང་བསྐུར་སྒྲིབ་པ་སྦྱངས་ལུང་བསྟན་པས་སོ། །རྒྱུད་འདི་ནི་རཱུ་ཏྲ་སྤྱིར་དྲིས་པ་ཡིན་ལ། སངས་རྒྱས་ཀྱིས་སྟོང་གསུམ་གྱི་རཱུ་ཏྲ་དུས་གཅིག་ལ་བཏུལ་བས། བློ་ཆེ་བ་རྣམས་ཅིག་ཅར་སངས་རྒྱས་པ་ཡོད་དེ། ཞེས་པ་ལངྈའི་བདག་པོ་བློ་གྲོས་ཐབས་ལྡན་དག་གིས་དྲིས། །སྟོན་པ་གསང་བདག་རྡོ་རྗེ་འཛིན་པས་བཤད། །གོལ་འགྲོ་རྗེས་འཇུག་རཱུ་ཏྲ་གསུམ། །དང་པོ་གཞི་ལས་གོལ་བའི་རཱུ་ཏྲ་ནི། །འཇིག་རྟེན་ལོག་པའི་ལམ་ལ་ཞུགས་པ་མུ་སྟེགས་ཐེག་པའི་ལམ་པ་ཡིན། །རྒྱུ་ནས་གོལ་བའི་རཱུ་ཏྲ་ནི། །རྒྱུ་མཚན་ཉིད་ཀྱི་སྡོམ་པ་ཉམས་པ་བདུད་ལྷ་སྦྱིན་བདུད་ལྟ་བུའོ། །འབྲས་བུ་གོལ་བའི་རཱུ་ཏྲ་ནི། །གསང་སྔགས་ལྟ་བ་ལོག་པ་ཡིན། །ཐོས་བསམ་སྒྲོ་འདོགས་མ་བཅད་ཅིང་། །དོན་ལ་ངེས་པ་མ་སྐྱེས་ན། །སྲིན་པོ་རཱུ་ཏྲའི་གནས་སུ་ལྷུང་། །ཞེས་ནི་སྟོན་པ་གང་གིས་གདམས་ན་གསང་བའི་བདག་པོ་ཡིས། །འཁོར་གང་ལ་གདམས་ན་དམ་པའི་རིགས་ཅན་ལྔ་པོ་ལ། །ལུང་གང་གདམས་ན་ཁྲག་འཐུང་གལ་པོའི་ལུང་འདི་རུ། །མན་ངག་གང་


DNG019_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ན་རཱུ་ཏྲའི་སྤྱི་ཡི་གདམས་པར་གསུངས། །ལུས་ངག་ཡིད་གསུམ་ལ་བདག་ཏུ་འཛིན་པ་དེ་འཇོམས་པ་རཱུ་ཏྲ་སྤྱིའི་མན་ངག་བཤད་རྗེས་དེ་ནས་ལུས་ངག་ཡིད་གསུམ་ལ། །བདག་ཏུ་བལྟ་བའི་རཱུ་ཏྲ་གཞོམ། །དེ་ནས་དུར་ཁྲོད་བདག་པོ་དག་གནན་བྱ་མ་ཏྲཾ་ཡིན། །ཕྱག་རྒྱ་ཆེ་དང་ལྡན་པར་ནི། །རྣལ་འབྱོར་དཔལ་དུ་བསྐྱེད་པས། ལྟ་བས་མནན་པ། ཏིང་ངེ་འཛིན་གྱིས་མནན་པ། སྤྱོད་པས་མནན་པ་ཅི་རིགས་སུ་ནི་ལས་རྣམས་བྱ། །དེ་ཡང་རང་གི་རྣམ་རྟོག་བདག་འཛིན་ལས་གྱུར་པ། ཐར་པ་མྱང་འདས་ཀྱི་གེགས། ལས་ཀྱི་རཱུ་ཏྲ་རྣམ་པ་གསུམ་ཡང་། རང་གི་ལུས་ངག་ཡིད་གསུམ་ལ་གནས་ཏེ། བགེགས་ཐམས་ཅད་ཀྱི་བདག་པོའོ། །ལྟ་བས་གཟུང་འཛིན་རྟོག་པ་འཇོམས། །བལྟ་བས་མནན་པ་ནི་གཟུང་འཛིན་གྱི་རྣམ་རྟོག་སྟེ། གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་བློ་ལ་དྲན་ཅིང་ཡིད་ལ་གནས་པར་བྱའོ། །མ་ཏྲཾ་ཀ་རཱུ་ཏྲ་ནི། དེ་ཡང་ཕྱིའི་ཡུལ་དང་ལུས་དངོས་པོར་འཛིན་པ་བྱང་ཆུབ་ཀྱི་སེམས་སུ་རྟོགས་ཏེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་རྟོགས་པས་སྣོད་དང་ལུས་ལ་རང་བཞིན་མེད་པར་གནས་སོ། །དེས་ལུས་ལ་བདག་ཏུ་འཛིན་པ་མ་ཏྲཾ་རཱུ་ཏྲ་མནན་པའོ། །ཡུལ་དུ་སྣང་བ་ཆོས་ཀྱི་དབྱིངས། །སེམས་སུ་སྣང་བ་ཡེ་ཤེས་ཉིད། །ངག་གི་བདག་འཛིན་ཁ་ཊྭཱཾ་ག་རཱུ་ཏྲ་ནི། ནང་གི་སེམས་ལ་བདག་ཏུ་འཛིན་པ་ཡང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྣང་བ་ཆེན་པོར་རྟོགས་པར་བྱས་ནས། མཉམ་པ་ཆེན་པོའི་ངང་ལ་ང་དང་བདག་མེད་པའི་ཆོས་ཉིད་ལ་གནས་པར་བྱས་ལ་མནན་པའོ། །སྣང་དང་མ་སྐྱེས་ཕྱོགས་རིས་མེད། །སེམས་ལ་བདག་ཏུ་འཛིན་པ་ཨ་ཀཪྴ་རཱུ་ཏྲ་ནི། སྣང་བ་དང་མ་སྐྱེས་པ་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས། ཕྱོགས་རིས་མེད་པར་རྟོགས་པར་བྱ་བ་ནི། ཆོས་ཀྱི་དབྱིངས་ཡེ་ཤེས་སུ་སྣང་། མི་སྣང་ན་ནི་སེམས་དངོས་པོ་དང་མཚན་མར་མ་སྐྱེས། གཉིས་སུ་མེད་པ་ནི་ལུས་སེམས་རང་བཞིན་མེད་པར་ཆོས་ཉིད་སྟོང་པའི་ངང་ལས་མི་གཡོ་བར་གནས་པའོ། །དེས་ན་ཡུལ་དུ་སྣང་བ་དང་སེམས་མ་སྐྱེས་པ་ཡང་། ཡུལ་ཕྱོགས་སུ་དང་། སེམས་རིས་སུ་བཅད་པ་མེད་པས་མནན་ནོ། །སྟེགས་བུའི་སྟེང་ན་ཆོས་འབྱུང་ན། །སྟེགས་བུའི་སྟེང་དུ་ཨེ་གྲུ་གསུམ་བྲིས་པའི་ནང་དུ་མ་ཏྲང་གི་གཟུགས་ཐལ་ཆེན་གྱིས་བྱས་ལ་ཆེ་བ་བསྐྱེད་པ་དང་། ཐལ་བས་གདོང་གསུམ་སྣ་ཡོན་པོ། །ཁ་ཊྭཱཾ་བྱ་རོག་སྤྱང་ཀུ་གཡས། །གཡོན་ན་སྡིགས་མཛུབ་ཁྲ་དང་འུག་པ་ཅན། །བདག་ཉིད་ཕྱག་རྒྱ་བཞི་དང་ལྡན། །བདག་གཙོ་བོའི་སྐུ་ཕྱག་རྒྱ་ཆེན་པོ། གཡོན་དུ་ཡུམ་དམ་ཚིག་གི་ཕྱག་རྒྱ།


DNG019_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་ལས་ཀྱི་ཕྱག་རྒྱ། དེ་ཐམས་ཅད་ཆོས་ཉིད་ལས་མི་འདའ་བ་ཆོས་ཀྱི་ཕྱག་རྒྱའོ། །ཧཱུྃ་གསུམ་གྱིས་ཆེ་བའི་ང་རྒྱལ་བསྐྱེད་པ་ཅན། །ཏིང་ངེས་དགུག་པ་མ་ཏྲཾ་གཟུགས་ནི་བསྒོམ་པར་བྱ། །བདག་ཉིད་སྟོབས་དང་ལྡན་པས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ཛཿཧཱུྃ་བཾ་ཧོཿའི་སྔགས་བརྗོད་པས་དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་ག་གདོང་གསུམ་པ། ཐལ་བའི་མདོག་སྔོ་སྐྱ་སྣ་གཡས་སུ་ཡོ་བ། ཕྱག་གཡས་གསུམ་ན་རིམ་པ་བཞིན། ཁ་ཊྭཱཾ། བྱ་རོག །སྤྱང་ཀི། གཡོན་གསུམ་སྡིགས་མཛུབ་ཁྲ་འུག་པ་ཐོགས་པ། ལུས་རི་རབ་ཙམ་དུ་ཆེ་བ་གཅིག་བཀུག་སྟེ། བདག་གི་མདུན་ན་ཨེ་གྲུ་གསུམ། མཐའ་དབུས་མེད་པའི་ནང་དུ་ཚུད་པར་བསམས་ལ། གཟུགས་ལ་བསྡིམ་མོ། །དེ་ནི་མ་ཏྲཾ་ག་རཱུ་ཏྲའོ། །ཁ་ཊྭཾ་ག་རཱུ་ཏྲ་ནི་དེའི་ངག་རྩུབ་མོའོ། །ཨ་ཀཪྴ་རཱུ་ཏྲ་ནི་དེའི་སེམས་དེ་དང་བདག་ཏུ་འཛིན་པའོ། །ལུས་ངག་ཡིད་གསུམ་ལ་བདག་ཏུ་བལྟ་བ་དེ་གཞོམ་ན་ཕྱི་ནང་གསང་བའི་རཱུ་ཏྲ་འདུལ་བར་འགྱུར་བ་ཡིན་ནོ། །ཕྱག་རྒྱས་དགུག་པ་ལྕགས་ཀྱུའི་ཕྱག་རྒྱས་བཀུག་པ་བསྡིམ། །སྔགས་ཀྱིས་དགུག་པ་ཛཿཧཱུྃ་བཾ་ཧོཿ ལུས་དགུག་པ་མ་ཏྲཾ་ཀ་རཱུ་ཏྲ་ཛཿཛཿཧཱུྃ། ངག་ཁ་ཊྭཱཾ་ག་རཱུ་ཏྲ། ཡིད་ཨ་ཀཪྴ་རཱུ་ཏྲ། ཆེ་བའི་ང་རྒྱལ་ནི་རཱུ་ཏྲའི་སྐྱེ་གཞི་དང་རྒྱུ་བསྟན་པ་ནི། རིག་པ་ལ་འཆར་ནུབ་དང་ཐོག་མཐའི་ཕྱོགས་དང་བྲལ་བར་གསལ་བ་ནི། སེམས་ཉིད་མངོན་པར་དགའ་བའི་འཇིག་རྟེན་ཏེ། ཀུན་དགའ་བའི་འཇིག་རྟེན་དུ་གྱུར་བའོ། །ཧཱུྃ་ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་ལ་གཞན་ཡང་འཁོར་བར་འཁྱམ་དུ་འཇུག་པས་ན་ཡང་དག་པ་ཐར་པའི་ལམ་གཅོད་པར་བྱེད་པ་འོ། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །མ་རྟོགས་ཤིང་མཉམ་པ་ཉིད་དང་མི་ལྡན་པ་དག་ལ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། དྲན་རྟོག་ཕྲ་རགས་ཏེ། ངེས་པར་དུ་གཅོད་ཅིང་མཐུ་ཆེ་བའི་ལས་ལ་འཇུག་པའོ། །ཁྱོད་ནི་སྒྲིབ་པས་ཀུན་ནས་བསྒྲིབས། །དེའི་མཐུ་དང་ཉེས་པ་ནི་དངོས་པོ་རང་བཞིན་གྱིས་སྟོང་པ་ལ་ཞེན་ཅིང་བློ་ཡིས་གཞི་མེད་པ་ལ་ཡང་དག་པར་བཟུང་བས། རང་གི་ཉེས་པ་བྱས་ནས། དེ་བཞིན་ཉིད་མཐོང་བ་ལ་གོལ་ཞིང་སྒྲིབ་སྒྲུབ་པའི་དོན་ལ་སྒྲིབ་བོ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱིས། །དེའི་འདུལ་ཐབས་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱིས་མཁྱེན་པའི་ཡེ་ཤེས་ཀྱི་ཤེས་རབ་ཟབ་མོས་གཟིགས་ན། ཁུངས་བཅད་རྩད་བཅད་བདག་ལས་བྱུང་། །ཉོན་མོངས་པ་ལ་སོགས་པ་དེ་ཡང་གང་ལས་བྱུང་། ངོ་བོ་ཇི་ལྟ་བུར་


DNG019_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས། སེམས་ཉིད་ལས་བྱུང་བའོ། །ལས་ཉོན་མ་ལུས་པ་རྣམས་སྐྱེད་པར་བྱེད་པའི་རྩ་བ་རང་སེམས་ཡིན་པས་སོ། །བདག་འཛིན་བདག་གིར་རྟོག་པ་དེ། །ཤེས་པ་དང་ཡུལ་ཇི་སྙེད་པ་རྣམས་ཀྱང་བདག་དང་བདག་གིར་འཛིན་པ་ཡིན་ཏེ། རང་སེམས་ལས་ངར་འཛིན་པའི་བདག་ཡིན་ལ། ཡུལ་ལ་བདག་གིར་འཛིན་པས་གཟུང་འཛིན་ཅན་ནོ། །བདག་མེད་སྟོང་པའི་སྟོབས་ཀྱིས་གཞོམ། །ཕྱི་རོལ་ཐམས་ཅད་ཡུལ་དྲུག་ཏུ་འདུས་ལ། དེ་ཡང་བདག་ཉིད་ཀྱི་རིག་པ་ཡིན་པས་ཡུལ་མེད་པས་རིག་པ་ཉིད་ཇི་ལྟ་བུ་ཡིན་པ་མཐོང་བས། བདག་འཛིན་མེད་དེ། ཕྱི་ནང་གི་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་དབུས་ལས་འདས་པའི་ཕྱོགས་རིས་བྲལ་བར་རྟོགས་པའི་སྟོབས་ཀྱིས་གཞོམ་པར་བྱའོ། །བདག་འཛིན་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །བདག་ཏུ་འཛིན་པའི་ཐབས་ཀྱིས་ཡི་དྭགས་སུ་སྐྱེ་བ་དང་། བདག་འཛིན་གྱི་སྟོབས་ཀྱིས་དམྱལ་བར་སྐྱེ་བ་དང་། བདག་འཛིན་གྱི་བརྩོན་འགྲུས་ཀྱིས་བྱོལ་སོང་དུ་སྐྱེ་བས་ན། དཔེར་ན་དེད་དཔོན་ནི་ཚོང་བའི་ཚོགས་མང་པོའི་ཁ་ལོ་སྒྱུར་བ་ལྟར། བདག་དང་འཁོར་དུ་བཅས་པ་རྣམས་ངན་སོང་གསུམ་གྱི་ཁ་བརྒྱུད་པར་བྱེད་པས་ན། དེ་ཉིད་བརྟགས་པ་ཡིན་པས་ན། །བདག་འཛིན་དེ་ཉིད་རྩ་བ་བརྟགས་པས་ན། རྟག་པར་བལྟ་བ་ཡིན་ལ། དེའི་རྩ་བ་གང་ཡིན་བརྟགས་པས་བདག་མེད་པ་སྟོང་པར་ཤེས་པས་ན། དངོས་པོ་དང་མཚན་མར་འཛིན་པ་སྟེ། མི་རྟོག་པ་སྟོང་པ་ཉིད་ཀྱིས་འཇོམས་པ་ནི། བདག་མེད་སྟོང་པའི་ཐོ་བས་གཞོམ། །དཔེར་ན་ས་རྡོ་སྲ་བའི་གཉེན་པོར་ཐོ་བ་ཤར་བ་ལྟ་བུའོ། །ཨཱོཾ་ས་མནྟི་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། ཁོའི་ལག་ཆ་ཕྲོགས་པས་གཟི་བྱིན་བྲལ་ནས་འདུག་པར་བསམ་མོ། །དེ་ནས་ལག་པས་ཁ་ཊྭཱཾ་རྩེ་གསུམ་ཕྱག་རྒྱ་བཅའོ་སྟེ། །རཱུ་ཏྲའི་མིང་ནས་བོད་པ་མ་ཏྲཾ་བྱ་བ་སྡིག་ཅན་ཁྱོད། །སྔོན་བྱུང་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་གནས་བརྒྱད་དུ་བསྒྲུབ་གནས་མཛད་དོ། །ད་ཡང་རྣལ་འབྱོར་དབང་ཕྱུག་ངས་ཕའི་ལས་བུས་བྱེད་པ་ལྟར། །རཱུ་ཏྲ་བསྒྲལ་ནས་དུར་ཁྲོད་ཆེན་པོར་བསྒྲུབ་གནས་བྱའོ། །ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ། ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། སྔགས་འདི་བརྗོད་དེ་ཁ་ཊྭཱཾ་ག་སྐེད་པར་བརྒྱབ་པས་ཨེ་གྲུ་གསུམ་གྱི་ནང་དུ་ཉི་ཟླ་རྦབ་ཏུ་ལྷུང་བའམ། ཙནྡན་གྱི་སྡོང་གོག་རྦབ་ཏུ་བསྒྱུར་བ་བཞིན་སྲེ་ཧྲིལ་གྱིས་འགྱེལ་བར་བསམ་མོ། །


DNG019_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭཱཾ་བརྒྱབ་པས་ཡེ་ནང་དུ། །ཉི་ཟླ་སྡོང་རྒན་ལྟར་འགྱེལ་བ། །ཕྱག་ན་རྡོ་རྗེས་རྗེས་སུ་འཇུག་ལ་མ་ཏྲཾ་འདི་ལྟར་གནོན་ཅིག་ཅེས་གདམས་པར་གནང་། །རོ་བདག་དུར་ཁྲོད་ཆེན་པོ་རཱུ་ཏྲ་ཉིད་ནི། །འགྱེལ་བའི་རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །ཧེ་རུ་ཀ་ཡི་གཡོན་གྱི་ཞབས་ཀྱིས་རཱུ་ཏྲ་བཟུང་། །རོལ་པའི་སྟབས་ཀྱིས་མནན་ནས་ནི། །མགོ་བོ་སྲིན་པོའི་ཡུལ་ཡིན་པས་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བགེགས་ཀྱི་གནས་ཡིན་པས་བྱང་ཤར་མཚམས་སུ་བསྟན། །སྒྲོལ་གིང་གི་ཏ་ཀི་ཞབས་ཀྱིས་གཡས་པ་ཡི། །མ་མ་ཏྲཾ་གི་མཚན་མ་ཏྲཾ་ལིངྒ་མནན་ནས་ཀྱང་། །མཐར་བྱེད་ཆེན་པོའི་གཡས་བརྐྱང་གཡོན་བསྐུམ་པའི་འགྱིངས་སྟབས་ཀྱིས། །མ་ཏྲཾ་གི་ནི་སྙིང་གར་མནན། །ལག་པ་གཡས་པའི་རཱུ་ཏྲ་རང་གི་ཕྱག་མཚན་རྦོད་གཏོང་ཡིན་པས་མཁྲིག་མ་ལ། །ཁྲ་དང་སྤྱང་ཀི་འུག་པ་གནས། །ལག་པ་གཡོན་པའི་རཱུ་ཏྲ་རང་གི་ཕྱག་མཚན་རྦོད་བཏོང་དུ་འགྱེད་པ་མཁྲིག་མ་ལ། །ཀང་ཀ་བྱ་རོག་སྲེ་མོང་ཝ། །ཨོཾ་ཧེ་རུ་ནས་བསྒྲལ་བའོ། །ཤྲཱི་ཧེ་རུ་ཀ་ཧཱུྃ། དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། དཔལ་གྱི་ཟིལ་གྱིས་མནན་ནས་གཟི་བྱིན་ཕྲལ། །ལག་པ་གཡོན་པ་ལྕགས་ཀྱུའི་ཕྱག་རྒྱས་སྒོ་ཕྱེ་ནས། །བཛྲ་ཁཏྒས་ཁོག་སྦུབས་དྲལ། །བཛྲ་ཁངྒ་ཞེས་ཁ་ཊྭཱཾ་གིས་ཁོའི་ཁོང་པ་ཕུག་ནས་མ་རིག་པའི་ཁོག་སྦུབས་དྲལ་ནས། ཁོ་ཡི་རྣམ་པར་ཤེས་པ་ཏྲི་དུད་ཀ་གཅིག་ཏུ་གནས་པ་དེ། །བདག་གི་ཤངས་ཀྱི་རླུང་སྒྲོམ་ནས་ཨ་ཧཱུྃ་ཨཱོཾ་དུ་བྱིན་བརླབས་ལ། །ཨ་དེ་ཡང་ཧཱུྃ་དུ་བྱིན་གྱིས་བརླབས་པ་ཐུགས་ཀར་བསྡུས་ལ་ཧཱུྃ་དེ་བདག་གི་སྲོག་རྩའི་གསང་བརྒྱུད་དེ་བདག་གི་བྱང་སེམས་དང་འདྲེས་ནས། །རྡོ་རྗེའི་ལམ་ལས་བྱུང་ཡུམ་གྱི་མཁའ་ལ་ཧཱུྃ་དུ་གསལ། །སྔགས་འདིས་སྲས་བུ་བསྐྱེད་ལ་མ་ཧཱ་དྷ་བ་རཱུ་ཏྲ་ཛ་ཛ་ཧཱུྃ། སྒོ་བྱང་ལ་སྒོ་སྲུང་དུ་བསྡིམས་ལ་སྒྲུབ་པ་ཐོན་པ་དང་གནས་སྤར་རོ། །དེ་ནས་མ་ཏྲཾ་གི་ཁོག་པ་བྷཱུཾ་བྷཱུཾ་བི་ཤྭ་བི་ཤུདྡྷེ་མཎྜ་ལ་ཅེས་པས་ལས་གྱུར་པ་ཡི། །བསྒྲུབ་པའི་གཞལ་ཡས་ཁང་དུར་ཁྲོད་ཀྱི་གནས་སུ་བྱིན་གྱིས་བརླབ་པ་ནི། །དེ་ནས་རྡོ་རྗེ་རྒྱལ་པོས་སྣ་དྲངས་པ་དེ་རྣམས་ཀུན་གྱིས་ཕྱག་རྒྱ་དཔུང་མགོར་བསྣོལ་ཏེ་སྡིགས་མཛུབ་སྒྲེང་ནས། །སྔགས་འདི་བརྗོད་ཅིང་གཞལ་ཡས་ཁང་གི་བྷྲཱུཾ་བཛྲ་ཁ་ཏི་པྲ་བེ་ཤ་ཕཊ།


DNG019_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཕྱེ་ལ་ཧཱུྃ་ཧཱུྃ་ཞེས་འབར་བའི་བལྟ་བས་སྒྲུབ་པ་པོ་ཀུན་ཞུགས། །ཡུམ་ཀུན་རིམ་པས་བགེགས་ཀྱི་བདག་པོའི་ཁོག་པར་ཞུགས་པས་བགེགས་ཕྲ་མོའི་བར་ཆད་ཀྱིས་མི་ཚུགས་སོ། །རྡོ་རྗེ་རྒྱ་གྲམ་གྱི་སྒོ་བཅད་ནས་བཛྲ་ཨ་ཧ་སྒོ་བཅད་ནས། །ཧཱུྃ་ཧཱུྃ་སྟོང་གསུམ་ཐམས་ཅད་ཧཱུྃ་གིས་ཁེངས་པར་བསམ་ཞིང་གཞལ་ཡས་ཁང་དབང་དུ་བྱ། འདུས་པས་རྡོ་རྗེ་མེ་རིར་གྱུར་ཏོ། །ཁང་པ་མེ་དཔུང་གྱུར། །དེ་ནས་བདག་གི་སྨིན་མཚམས་ནས་བྷྲཱུཾ་བརྒྱད་སྤྲོས་ཏེ། །མ་ཏྲཾ་གི་གནས་བརྒྱད་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་གྱུར་པར་བསམ། །རང་བྱུང་གི་མཆོད་རྟེན་ཆེན་པོ་བརྒྱད་དང་བཅས་པར་བསྒོམ་མོ། །མཁའ་འགྲོ་མ་བརྒྱད་སྤྱན་དྲངས་གནས་སྲུང་བར་ལས་བཅོལ་ལོ། །རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པས་ཕྲིན་ལས་རྣམ་པ་བཞིའི། །བྲོ་ཡིས་ཡང་དག་པར་སྦྱང་བར་བྱ་འོ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞི་བ་ལ་ཤར་རྒྱས་པ་ལྷོ། དབང་ནུབ། དྲག་པོ་བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །དངུལ་ལམ་གསེར་རམ་སེར་པོའི། ཟངས་སམ་དམར་པོའི། ལྕགས་སམ་ནག་པོའི་དཀར་པོའི་ཤིང་རྣམས་ལ། །རྩེ་མོ་རྒྱ་མདུད་རྩེ་ཟླུམ་པོ་བཞི་ཟླ་ཁམ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ངོས་ལ་ཞི་བའི་རྒྱས་པའི། དབང་གི། དྲག་པོའི་ལྷ་བཀོད་དེ། །མཁས་པས་བསྒོམ་ཞིང་བཏབ་གྱུར་ན། །ཞི་བར་མ་རྒྱས་པར། དབང་དུ། དྲག་པོར་གྱུར་གང་ཡང་མེད། །ཞི་མཛད་རྒྱས་མཛད། དབང་མཛད། དྲག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །རྒྱས་པ་ལྷོ་ཞི་བས་འགྲེ་ཤེས་པར་བྱའོ། །སྟེ་གསེར་དབང་ནུབ། །ཟངས་ཏེ་དྲག་པོ་བྱང་ལྕགས་སུ། །མཁས་པས་རིམ་པར་སྦྱར་ཕྲིན་ལས་བཞིས་བར་བྱ། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་གི་གལ་པོ་ཆེན་པོ་ཞེས་བྱ་བའི་ལུང་ལས། དུར་ཁྲོད་བདག་པོ་མ་ཏྲཾ་རཱུ་ཏྲའི་མན་ངག་བཤད་པ་སྟེ་བརྟག་པ་བཅུ་པའོ།། །།དེ་ནས་དཔལ་ཁྲག་འཐུང་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པར། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འགེངས་པར་བྱེད་པ་འདི་གསུངས་སོ། །ཐེག་པ་འོག་མ་ཀྲི་ཡོག་ཀུན་ལ་མེད་པས་ལྷག་པར་དུར་ཁྲོད་ཀྱི་རྟགས་ཀྱིས་ཀུན་མཚན་ནས། །སྲིན་པོ་རཱུ་ཏྲའི་ཤ་ཁྲག་རུས་པ་དུག་གསུམ་སྐུ་གསུམ་དུ་སྒྲོལ་བས་


DNG019_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁྲག་འཐུང་ཆེན་པོ་བསྒྲུབ་པར་བྱ། །སློབ་དཔོན་ཡི་དམ་ལྷ་ལ་ནོད། །དང་པོ་སློབ་དཔོན་གྱི་རྟགས་ཡི་དམ་གྱི་ལྷ་ལ་ནོད་པ་དང་། ཡི་དམ་གྱིས་གནང་ནས། དེ་ནས་སློབ་མ་རྣམས་ཀྱིས་རྟགས་སློབ་དཔོན་ལ་ནོད་པའོ། ༈ །དེ་ནས་རབ་ཏུ་གདབ་བྱ་བ། །ལས་ཀྱི་མཁན་པོས་མངའ་དབུལ་གདབ། །དེ་ནས་ལས་མཁན་གྱིས་སློབ་དཔོན་ལ་དཔལ་གྱི་ཆས་བརྒྱད་མངའ་དབུལ་ལོ། །བླ་མས་འཁོར་ལ་རྟགས་གདབ་བོ། །གླང་པོའི་རྒྱན་ནི་བདུད་འདུལ་སྟོབས་ཆེན་ཐེག་པ་མཆོག་གི་རྒྱན། །འཇོམས་བྱེད་སྟོབས་བཅུས་ཕ་རོལ་བདུད་དཔུང་འཇོམས་ཉན་ཐོས་ཀྱི་ཐང་བ་ལྟ་བུའོ། །པའི་རྟགས། །སྨད་པ་ཐེག་པ་འོག་མ་བས་སྨད་ཀྱང་དོན་མཆོག་གི་དངོས་གྲུབ་ཐོབ་པ་ཆོས་སྐུའི་ཕྱག་རྒྱར་གསལ་ཏེ་མི་འབྱེད་པའི་གཏི་མུག་གོ། །མཆོག་རྣམས་དོན་གྱི་ཕྱག་རྒྱར་གསལ། །ལྟ་བའི་གཞུང་ཚུགས་བདེན་པ་ལྟ་དགོངས་མི་འགྱུར་བ། །རྣལ་འབྱོར་དབང་ཕྱུག་སྐུ་ལ་ཐང་བ་ནི་གླང་ཆེན་གྱི་ཀོ་རློན་ནོ། །ཕུལ་བ་ཡིས། །མི་འཁོར་བྱང་ཆུབ་སེམས་ཀྱི་རྒྱན་དུ་བཞེས། །ཞིང་ཆེན་གཡང་གཞི་རློན་པའི་སྟོད་གཡོགས་འདི། །དཔེ་ཉན་ཐོས་ལ་ཆོས་གོས་ཡོད་པ་ལྟར་ཁྲོ་བོའི་ཆོས་གོས་ནི་ཚུལ་ཁྲིམས་གོས་ཆེན་གཡང་གཞིར་བརྗོད་པ་སྟེ། །ཡན་ལག་རྣམ་ལྔ་སྣོད་ལྔ་ཡུམ་གྱི་དབང་། །མགོ་བོ་སངས་རྒྱས་སྤྱན། ལག་གཡས་དབྱིངས་ཕྱུག་མ། གཡོན་མཱ་མ་ཀཱི། རྐང་གཡས་གོས་དཀར་མོ། གཡོན་སྒྲོལ་མའོ། །མི་འཁོར་བྱང་ཆུབ་སེམས་ཀྱི་རྒྱན་དུ་བསྟན། །ཚུལ་ཁྲིམས་ཞིང་གི་གཡང་གཞིའོ། །དཔའ་བརྟུལ་ཟ་བྱེད་སྟག་གི་སྨད་གཡོགས་འདི། །བསྙེངས་པ་མི་མངའ་མཐའ་གཉིས་རྟག་ཆད་འཇོམས་པ་བརྗོད་ལས་འདས། །གདུལ་བྱའི་དོན་ཡལ་བར་མི་གཏོང་བར་ཡེ་ཤེས་དང་ཐུགས་རྗེས་དབྱིངས་སུ་སྡུད་པའོ། །གདོད་མཐའ་མེད་པར་སྒྲོལ་ཞིང་སྟག་དཔའ་བ་དང་། རྟུལ་ཕོད་པ་དང་། ཟ་བ་སྟེ། ཐུགས་རྗེ་དཔའ། ཡེ་ཤེས་རྟུལ་དབྱིངས་སུ་ཟ་བའོ། །ཟ་བར་བྱེད། །རྣལ་འབྱོར་དབང་ཕྱུག་སྐུ་ལ་དཔའ་རྟུལ་སྟག་གི་ཤམ་ཐབས་སོ། །ཤམ་ཐབས་བསྣམས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་གྱི་ཆུན་པོ་འདི། །རྒྱལ་རིགས་ཆེ་ཞིང་བརྗིད་པས་དབུ་ལ་བརྒྱན། བྲམ་ཟེ་དྲག་སྔགས་རྣོ་བས་མགུར་ཆུ།


DNG019_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིགས་དཔུང་བཟང་ལ་ལག་བཟོ་བས་ཕྱག་གདུབ། དམངས་རིགས་བྱ་བ་མང་བས་རྐང་གདུབ། གདོལ་བ་ཞེ་གནག་པས་ལུས་ཀྱི་ཚངས་སྐུད་བྱས་སོ། །དཔའ་བརྗིད་ཆེ་བས་བདུད་དཔུང་ཟིལ་གྱིས་ནོན། །གཉེན་ལྕུག་ཡན་ལག་འཁྲིལ་བས་སྦྲུལ་གྱི་ཚུལ། །དུག་ལྔ་དབང་བསྐུར་འཇིགས་ཚུལ་ཀླུ་རིགས་ལྔ་འཇོམས་པར་བྱེད་པས་སྐུའི་རྒྱན་དུ་བསྟན། །རྣལ་འབྱོར་དབང་ཕྱུག་སྐུ་ལ་བརྒྱན་པར་བྱ། །ཐོད་པ་སྐམ་རློན་ར་རིའི་ཕྲེང་བ་འདི། །ཐོད་སྐམ་དབུ་ལ་བརྒྱན་པས་ཆོས་སྐུ་སྟེ་གཏི་མུག་ཅན་གནས་སུ་འདྲེན། གསང་སྔགས་ནང་པའི་ཐེག་པ་གསུམ་འཆད་པར་མཚོན། ར་རིས་སྙན་ཆ་ལོངས་སྐུ་སྟེ་ཞེ་སྡང་གནས་སུ་འདྲེན། གསང་སྔགས་ཕྱི་པའི་ཐེག་པ་གསུམ་འཆད་པ་མཚོན། རློན་པའི་དོ་ཤལ་སྤྲུལ་སྐུ་སྟེ་འདོད་ཆགས་ཅན་འདྲེན། མཚན་ཉིད་སྡེ་གསུམ་འཆད་པ་མཚོན། ཁྲོ་བོ་སྐུ་གསུམ་ཐོབ་པའི་དབང་རྟགས་ཡིན། །ཐེག་པ་གསུམ་གྱི་ཆགས་པའི་དབང་རྟགས་ཏེ། །དུག་གསུམ་སེམས་ཅན་བླ་མེད་སྒྲོལ་བའི་དབང་། །རང་རིག་པ་རྣལ་མ་ལ་ཡེ་ཤེས་ཀྱི་བློས་འབྱོར་དབང་ཕྱུག་ཆོས་རྣམས་ལ་ཆོས་ཟག་པ་མེད་པས་ཆེན་པོའི་སྐུ་ཡི་རྒྱན། །ཆགས་པའི་ཚུལ་གྱི་སེམས་ཅན་རྣམས་ལ་ཐུགས་རྗེས་ཆགས་པའི་རྟགས་རཀྟའི་ཐིག་ལེ་འདི། །སྙིང་རྗེས་སེམས་ཅན་ལ་རོལ་པས་སྒྱུ་ལ་རོལ་པས་དོན་དུ་དོན་གྱི་རྟགས་སྐུ་ལ་ཐིག་ལེ་བཞག །མ་ཆགས་པདྨ་ཅན་གྱི་ས་མནན་ཏེ། །དེ་ཕྱིར་ཐུགས་རྗེ་ཆགས་པའི་སྤྱན་དུ་བསྟན། །སེམས་ཅན་གྱི་དོན་ལ་ཐུགས་རྗེས་ཆགས་ནས་དོན་མཛད་ཀྱང་སྦྱོར་སྒྲོལ་གྱི་སྐྱོན་གྱིས་མ་གོས་པས་ན་པདྨ་ཅན་གྱིས་ས་ནོན་པའོ། །རྣལ་འབྱོར་དབང་ཕྱུག་སྐུ་ལ་བརྒྱན་པར་བྱ། །གདུག་པ་ཅན་མ་ལུས་པ་རྣམས་འདུལ་བའི་རྟགས་ནི། ཕྲིན་ལས་བཞིས་ཐལ་བ་བཞིན་རྡུལ་ཕྲན་དུ་བརླག་པར་བྱེད་པས་ན་འདུལ་བྱེད་ཕྲིན་ལས་རྒྱན་གྱིས་བཏབ་པས་ནི། །འཇིགས་པར་བྱེད་པའི་ཕྲིན་ལས་རྒྱན་དུ་བསྟན། །ཡི་གེ་ཨཱ་ལི་ཀཱ་ལི་ལས་ལྷའི་དཀྱིལ་འཁོར་ཞི་ཁྲོའི་ལྷ་ཚོགས་མང་པོར་སྤྲུལ་ནས་འགྲོ་བ་མ་ལུས་པའི་དོན་ལ་ཆོ་འཕྲུལ་ཀྱི་སྤྱོད་པའི་ས་ནོན་པ་ཡིན་པས་ན་ཡི་གེ་འཁོར་ལོ་ཚོགས་ཆེན་ས་མནན་ཏེ། །འཁོར་ལོ་ཆོ་འཕྲུལ་གཅོད་པའི་ས་ཡང་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྐུ་ཡི་རྒྱན། །གཟི་བརྗིད་དོན་དམ་བཅུད་ཀྱི་རྒྱན་འདི་ནི། །བཅུད་དུ་གྱུར་པས་ཡོན་ཏན་གཟི་བརྗིད་འབར། །ཐུགས་ལ་


DNG019_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་དོན་དམ་པའི་བཅུད་མ་ནོར་བ་རྟོགས་པར་བྱས་ནས་མངའ་བས། དཔེར་ན་ནང་ན་བཅུད་ཡོད་ན་ཕྱིར་སྐུ་བརྗིད་པས་ན་རྒྱན་དུ་བཀྲ་བས་སྐུ་ལ་རྒྱན་དུ་ཆེ། །རང་སེམས་མ་བཅོས་པའི་རྣལ་རང་རིག་པའི་བློས་མ་འབྱོར་པའི་དུས་ཉིད་ན་ཕྱི་ནང་གི་ཆོས་མ་ལུས་པ་ལ་དབང་བྱས་ནས་ཆོས་ཉིད་ལ་ཟད་པ་མེད་པས་ཕྱུག་པའི་སྐུ་ལ་རྒྱན་དུ་བཞེས། །ཀྲོ་དྷཱི་ནི་ལ་ཀ་ཨ་བྷི་ཥིཉྩ་མ་ཧཱ་ཡ། ཐལ་ཆེན་གྱི་ཐིག་ལེ་ནི་བླ་མས་མཆེད་ལ་རྟགས་གསུམ་གདབ། །ཕྱོགས་བཅུ་ན་བཞུགས་ཧེ་རུ་ཀ་ཡི་གནས་བཅུ་དང་། །ཕྱོགས་མཚམས་བརྒྱད་ལ་དུར་ཁྲོད་ས་བརྒྱད་མནན་པ་དང་། །དེ་དག་ཏུ་འགྲོ་བའི་རྫུ་འཕྲུལ་ཐབས་ཀྱིས་སྒྲུབ་པ་དང་། །རང་སེམས་ཉིད་ཧེ་རུ་ཀར་ཤེས་པར་བྱས་ནས་དཔལ་ཆེན་ཐབས་ཀྱིས་བསྡུ་བར་བྱ། །ཐལ་ཆེན་ཆོས་སྐུ་མཚོན་པས་ཧེ་རུ་ཀ་དང་གཅིག་པའི་ཕྱིར། །དཔྲལ་བར་ཐལ་བའི་ཐིག་ལེས་ཚོམ་བུ་གསུམ་གྱི་མཚན་པ་འདི། །རྟགས་འདི་ཡང་སྔོན་གྱི་ཐ་ཚིག་དམ་ཚིག་ཡིན་ལ། །ད་ལྟའི་རྟགས་མཚན་འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །འདི་ཡང་རང་ཉིད་ལྷར་ཤེས་པའི་བདག་ཉིད་ཆེན་པོའི་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ། བཛྲ་གརྦ་སྟྭཾ་པ་སི་ཧོ། རཀྟའི་ཐིག་ལེ་དང་ཐལ་ཆེན་གྱི་ཚིག་གཉིས་མགོ་མཇུག་གཉིས་མཐུན་པས་དེ་བཞིན་ཚུལ་མཆོག་གདབ་པ་ཡང་། །མཁའ་འགྲོ་ཀུན་དང་གཅིག་པའི་ཕྱིར། །ཕྱི་ནང་མཁའ་འགྲོ་མ་དང་མཆེད་ལྕམ་གཅིག་པར་བྱ་བའི་རྟགས་ནི། རཀྟའི་ཐིག་ལེས་མཁུར་ཚོས་ལ་གདབ་བོ། །མཚན་པ་འདི། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྟ་སི་ཧོ། གིང་ཆེན་བཅོ་བརྒྱད་དང་མཆེད་ལྕམ་དྲལ་ཀུན་དང་དམ་ཚིག་གཅིག་པའི་ཕྱིར་ན། །ཞག་གི་ཟོ་རིས་ཁ་འགྲམ་དུ་གདབ་པ་ནི་དོན་དམ་བཅུད་ཀྱི་རྒྱན་ནོ། །མཚོན་པ་འདི། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སྟྭཾ་པ་སི་ཧོ། མཆེད་ལྕམ་ཀུན་ལ་རྟགས་གསུམ་གྱིས་མཚན་པ་ཡིས། །མཁའ་འགྲོ་གིང་ལྷ་དང་རྣལ་འབྱོར་གཉིས་སུ་མེད། །དཔེར་ན་དམག་གི་ཁྲོམ་དུ་བ་དན་ནམ་རུ་དར་ལྟར་རང་གི་རིགས་ངོ་ཤེས་པའི། །ལུག་གི་སྤུ་མཚན་བཙག་བཏབ་པས་ལུག་ཁྱུ་ནས་ངོ་ཤེས་པ་ལྟ་བུར་རྟགས་གདབ་པས་གསལ་བའོ། །སློབ་དཔོན་ལ་དཔལ་གྱི་ཆས་བརྒྱད་དང་ལྡན། །སློབ་མ་རྣམས་ལ་འཁོར་གྱི་རྟགས་རྣམ་གསུམ་གྱི་རྟགས་ཀྱིས་མཚན་ཏེ་གདབ་བོ། །འཇིག་རྟེན་ཁེངས་པའི་


DNG019_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན། །ཁྲོ་བོ་འབར་བའི་ཚོགས་ནི་རྣམ་པར་བསམ། །ཡེ་ཤེས་ལས་གྲུབ་པ་གལ་པོ་འདི་ཉིད་ནས་བཤད་པ་བཞིན་གྲུབ་པས་བསྟན་པའི་ལུང་བཞིན་དུ། །ཁྲོ་བོའི་ལྷ་ཚོགས་ཀྱི་སྐུ་མདོག་སོ་སོའི་ཕྱག་མཚན་དང་། །སྐུའི་དབྱིབས་ཕྱག་རྒྱ་དང་སྐུའི་རྒྱན་དང་ཆ་ལུགས་དག །བསྐྱེད་པའི་དུས་ན་རྫོགས་པར་གྲུབ་པ་ནི་ཆོས་སྐུ་གཟུགས་སྐུ་དབྱེར་མེད་དོ། །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཁྲོ་བོ་དཔལ་གྱི་སྐུར་གྱུར་པ། །སརྦ་ཏ་ཐཱ་ག་ཏའི་སྔགས་བརྗོད་པས་ཞི་བའི་དཀྱིལ་འཁོར་འོད་དུ་ཞུ་ནས་ཧཱུྃ་ལས་ཁྲོ་བོའི་དཀྱིལ་འཁོར་ཇི་བཞིན་པར་ལྷག་གིས་བསྐྱེད་དེ་སྤྱན་དྲངས་མཆོད་པའི་རིམ་པ་བྱའོ། །དེ་ནི་རྣལ་འབྱོར་པ་བློ་རབ་ཀྱི་སྤྱོད་ཡུལ་ཏེ། ལུང་ཨ་ནུ་ཡོ་གའི་དཀྱིལ་འཁོར་བསྐྱེད་ལུགས་མ་ནོར་བ་ཡང་ཡིན་ལ་ཞི་ཁྲོ་གནས་བསྒྱུར་གྱི་བྱ་བ་ཡང་ཡིན་ནོ། །ཞི་བའི་དཔེ་ནི་དྭངས་པའི་མཚོ་ལ་ཁྲོ་བོའི་དཔེ་རླབས་ཆེན་འཁྲུགས་པ་འམ། །ཞི་བའི་དཔེ་མཁའ་ལ་ཁྲོ་བོའི་དཔེ་དབྱར་གྱི་སྤྲིན་དག་མཆེད་པ་ལྟར། །སྐུའི་རྒྱན་སྦྲུལ་དང་ཐོད་ཕྲེང་ཉི་ཟླའི་དཀྱིལ་འཁོར་དང་། །ཀུན་ཀྱང་མི་བཟད་པ་སྟེ་གདན་རྡོ་རྗེའི་བྲག་སྟེང་གནོན། །བསྐལ་པའི་མེ་རི་སྲིད་པའི་རྩེ་མོར་འབར། །མི་བསྐྱོད་སྤྱན་གཟིགས་ཐུགས་ཀྱི་ཧཱུྃ་རིང་ལས། །བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པར་གསལ་བའི་ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་སྲིད་པ་གསུམ་ལ་ལན་ཅིག་གཟིགས་པས་གདུག་རྩུབ་དང་དུག་ལྔ་མེ་ལྟར་འབར་བ་དེ་ཞི་བས་མི་འདུལ་བར་མཁྱེན་ནས། ཐུགས་ཀ་ནས་ཧཱུྃ་རིང་པོ་བཞི་དབུགས་དང་དྲངས་ཏེ། སྤྱི་བོར་གསལ་བ་ལས་བསྐུལ་དོན་གཉིས་བྱས་ནས་སླར་འདུས་པ་ལས། ཨ་ཤ་སིདྡྷིའི་སྔགས་ཀྱིས་འོད་དུ་ཞུ་བ་ལས་རྩ་སྔགས་བརྗོད་དཔལ་ཧེ་རུ་ཀའི་སྐུར་བསྒོམ། དེའི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་གཅིག་འཕྲོས་པ་ལས། ཞི་བའི་སྔགས་ཀྱི་གཞལ་ཡས་ཁང་འོད་དུ་ཞུ་ནས། བྷྲཱུཾ་བི་ཤྭ་བི་ཤུདྡྷེའི་སྔགས་བརྗོད་པས་ཞི་བའི་གཞལ་ཡས་ཁང་དེ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་གྱུར་པར་བསམ། ཐུགས་ཀ་ནས་ཧཱུྃ་ཧ་ཧོ་ཕཊ་ཅེས་བརྗོད་པས་ཧཱུྃ་ལས་རིགས་ལྔ་ཡབ་ཡུམ་བཅུ་འོད་དུ་ཞུ་ནས་དབུ་རྒྱན་དུ་བྱ། ཧ་བརྒྱད་ཀྱིས་སེམས་དཔའ་བརྒྱད་ཀོའུ་རཱི་བརྒྱད་དུ་བསམ། ཧོ་བརྒྱད་ཀྱིས་སེམས་མ་བརྒྱད་ཕྲ་མེན་བརྒྱད་དུ་བསམ། ཧཱུྃ་གིས་སྒོ་བ་ཡབ་རྣམས་འོད་དུ་ཞུ་ནས་ཡུམ་ལ་ཐིམ་པས་སྒོ་མ་བཞི་བསྒོམ། ཀུན་བཟང་ཡབ་ཡུམ་ཐབས་ཤེས་རབ་ཀྱི་རང་བཞིན་ཐབས་ཤེས་རབ་ལ་འདུས་པས་


DNG019_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་ཐིམ། ཤེས་རབ་དབྱིངས་ལ་འདུས་པས་ཆོས་ཀྱི་དབྱིངས་སུ་བསམ། དབང་མོ་རྣམས་རང་བཞིན་གྱི་དཀྱིལ་འཁོར་དུ་འདུས། ཐུབ་པ་རྣམས་འགྲོ་བའི་དོན་ལ་གཤེགས། ཡང་ན་ཕྲ་མན་ཀོའུ་རཱི་ལ་ཐིམ་པས་འགྲོ་དོན་ལ་ཅིར་ཡང་སྣང་། སྒོ་བ་བཞི་ཡབ་ཡུམ་སྦྱོར་བ་མཛད་པའོ། །ཞི་བའི་ལས་ནི་ཁྲོ་བོར་རིམ་གྱིས་བསྒྱུར། །ཞི་བའི་དཀྱིལ་འཁོར་རྫོགས་བསྡུས་ནས། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱ། །ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒོམ་ཞིང་གསལ་བ་གལ་ཆེའོ། །དང་པོར་ཆོས་སྐུ་དྲི་མེད་ལས། །ཆོས་སྐུའི་དོན་བསྒོམ་པ་དེ་བཞིན་ཉིད་དོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ། །ལོངས་སྐུའི་དོན་བསྒོམ་པ་ཀུན་ཏུ་སྣང་ངོ་། །གསུམ་པ་སྤྲུལ་པའི་སྤྲུལ་སྐུའི་དོན་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ཡེ་ཤེས་སེམས་དཔའ་ཚོན་གང་བ་བསྒོམ་པའོ། །སྐུ་ཡིན་ཏེ། །སྐུ་གསུམ་ཏིང་འཛིན་རྣམ་གསུམ་བསྒོམ་ཏིང་ངེ་འཛིན་གསུམ་པོ་སྐུ་གསུམ་གྱི་དོན་བསྒོམ། །ཞེ་སྡང་དབྱིངས་གསལ་ཉོན་མོངས་པ་ཞེ་སྡང་འབྱུང་བ་ན་ནམ་མཁའ་ནི། །ཡུམ་བཛྲ་ཀྲོ་དྷཱི་མ་ཉིད་འབྱུང་བའི་རྒྱུ་ཡིན་ཕྱིར། །བསྒོམ་བྱའི་ཡུལ་ནང་དུ་བྷ་གའི་ཁ་དོག་མཐིང་ནག་བྷ་གའི་དཀྱིལ་འཁོར་ཉིད། །དབྱིབས་གྲུ་གསུམ་རང་བཞིན་ན་མེ་ལོང་ཡེ་ཤེས་གསལ་བར་ཤར། །རླུང་གི་དཀྱིལ་འཁོར་ནི་འབྱུང་བ་ན་རླུང་ནག་འཚུབས་མ་གཏམས་པའི་དཀྱིལ་འཁོར་ནི། །ཉོན་མོངས་པ་ན་ཕྲག་དོག་མཁའ་ལ་ཡུམ་ན་ཀརྨ་ཀྲོ་དྷཱི་སྒྲོལ་མཛད་ཡུམ། །བྱེད་པའི་ལས་འདེགས་པའི་ཤུགས་ལྡན་དབྱིབས་གཞུ་འདྲ། རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་དང་། །ཐོགས་མེད་བརྟེན་པའི་དཀྱིལ་འཁོར་ཆེ། །ཉོན་མོངས་པ་ན་འདོད་ཆགས་དབྱིངས་དག་ཁྲག་གི་རྒྱ་མཚོ། འབྱུང་བ་ན། ཆུའི་རང་བཞིན་རཀྟ་ནི། །ཉོན་མོངས་པའི་ཆགས་པ་མེད་པའི་ཆགས་པ་ཡུམ་པདྨ་ཀྲོ་དྷིའི་མཁའ་སྟེ་པདྨའི་ཀློང་། །དབྱིབས་དང་རྒྱ་ཁྱོན་ནོ། །མཐའ་དབུས་མེད་པའི་རྒྱ་མཚོ་ནི། །རྦ་ཀློང་འཕྱོ་བའི་རང་བྱུང་སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཤ་ཆེན་ས་གཞི་ནི་འབྱུང་བ་ན་ས་གཞི་འཁོར་བ་དར་བའི་ས་གཞི་ནི། །ཉོན་མོངས་པ་ན་གཏི་མུག་ཆོས་ཉིད་གསལ་བའི་ཕྱིར། །གསེར་འགྱུར་བསྒོམ་བྱ་ཞི་བའི་དུས་ཀྱི་གསེར་གྱི་ས་གཞི་དེ་ཁྲོ་བོ་ལ་མཆོག་ཕྲན་ས་གཞིར་བརྡལ། །ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསལ། །རི་རབ་བསྒོམ་པ་ནི་ཉོན་མོངས་པ་སྲིད་པའི་རྒྱུ་


DNG019_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ། སྲིད་རྒྱུ་ཡེ་ནས་དག་པའི་ཕྱིར། །རིན་ཆེན་རི་རབ་ཀེང་རུས་གསལ། །དབྱིབས་ཚད་མེད་རྒྱན་ལྡན་ཁ་བད་ཆེ། །རྒྱ་མཚོའི་ཀློང་ནས་ཀེང་རུས་ཤར་བས་ཕྱེད་རྒྱ་མཚོར་ནུབ་པ་ཕྱེད་གྱེན་དུ་སྦགས། །མེ་དཔུང་བསྒོམ་པ་ནི། རྒྱུའི་གནས་གང་ན་དུར་ཁྲོད་འབར་བའི་དཀྱིལ་འཁོར་ནི། །ང་རྒྱལ་ཉོན་མོངས་པ་ན་མཁའ་ལ་སྒྲོལ་མཛད་ཡུམ། །རཏྣ་ཀྲོ་དྷཱི། འབྱུང་བ་ན་མེ། ལས་ནི་རྨོངས་པའི་མུན་ནག་གཏན་ནས་སེལ། །ཡེ་ཤེས་ན་མཉམ་ཉིད། མེའི་ལས་ཐམས་ཅད་སྨིན་ཅིང་བརྟས་པར་བྱེད། །ཟླ་ཁམ་དབང་ཆེན་མཎྜལ་ལ། །དུར་ཁྲོད་ཡོན་ཏན་ཚོགས་ཀྱིས་བརྒྱན། །ཕྱི་ནང་མེད་པར་ཀུན་ཏུ་སྣང་། །བྷྲཱུཾ་མེ་དཔུང་སྟེང་དུ་གནས་པ་ལས་སྥ་ར་ཎ་ཕཊ་ཀྱིས་བྷྲཱུཾ་གྲངས་མེད་པ་སྤྲོས། དོན་མཛད་འདུས་ནས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དབང་དྲག་ཚུལ་དུ་སྨུག་ནག་ཁམ་སྒོ་གཅིག་པ་བྷནྡྷ་ཚར་གསུམ་ལས་གྲུབ་པ་གྲུ་ཆད་དང་སྒོ་བཞི་སྒོ་ཁྱུད་དང་ལྡན་པ་དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་ཆེ་བའི་ཡོན་ཏན་དུ་བརྒྱན་པ། ཞག་ཁྲག་གི་རྒྱ་མཚོར་འཁྲུགས་པ་ཁྱོན་ནམ་མཁའ་དང་མཉམ་པ། དཔངས་ཚངས་པའི་འཇིག་རྟེན་ལ་ཐུག་པ། ཕྱི་ནང་ཤིན་ཏུ་མི་བསྒྲིབ་པ་ཞིག་བསྒོམ་མོ། །ཡེ་ཤེས་གཞལ་ཡས་ནམ་མཁའི་རྒྱ། །དུར་ཁྲོད་ཆེན་པོའི་གཞལ་ཡས་སུ། །དྲེགས་པ་ཁྱོ་ཤུག་ཕོ་མོ་དང་། །གཞལ་ཡས་ཁང་གི་དབུས་སུ་ཉི་མའི་སྟེང་དུ་དབང་ཕྱུག་ཆེན་པོ་ཡབ་ཡུམ་བསྣོལ་ཞིང་ཁྱུ་མཆོག་གིས་བརྫིས་པའོ། །དེའི་སྟེང་དུ་ཉི་ཟླ་པདྨའི་གདན་ནོ། །ཕྱོགས་ཀྱི་ཀོའུ་རི་བཞི་ལ་ཞིང་ཆེན་བསྣོལ་དང་མཚམས་ཀྱི་ཀོའུ་རི་བཞི་ལ་ཞིང་རྒྱང་བའི་གདན། །རྡོ་རྗེ་སེམས་དཔའ་ཐུགས་ཀའི་ཧཱུྃ་གསལ་བར་བྱས་ཏེ། །ཧེ་རུ་ཀ་ཡི་སྣང་གླུ་ནི། །ཧཱུྃ་རིང་དབུགས་ཀྱི་རླུང་བཞི་ལས། །ཧཱུྃ་བཞི་སྔགས་ཀྱི་དགོངས་པ་ནི། །ཉི་མ་འབུམ་གྱི་གཟི་མདངས་འབར། །ཁྲོ་བོ་ཐམས་ཅད་འབྱུང་བར་བྱེད། །ཧེ་རུ་ཀའི་སྣང་གླུས་ཧཱུྃ་བཞི་ཁོང་རྒྱུད་ནས་དྲངས་ཏེ། གཡས་མེའི་རླུང་ལས་ཧཱུྃ་དམར་པོ་དང་། གཡོན་རླུང་གི་རླུང་ལས་ཧཱུྃ་ནག་པོ་དང་། སྣ་བུག་གཉིས་ཀ་ནས་ཆུའི་རླུང་གི་ཧཱུྃ་དཀར་པོ། གཉིས་ཀ་ནས་སའི་རླུང་ཐུར་དུ་རྒྱུ་བའི་ཧཱུྃ་སེར་པོ་སྟེ། དབུགས་དང་སྦྲགས་ནས་སྣའི་རྩེར་གསལ་བ་ལས་ཧཱུྃ་དང་པོ་འོད་ཟེར་དང་བཅས་ཏེ་ཕྱོགས་བཅུར་འཕྲོས་ཏེ་དུག་གསུམ་གཏན་ནས་སྦྱང་། སྲིད་པའི་དྲེ་ཁ་བཟློག །སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་འོད་དུ་གྱུར་ནས་ཐམས་ཅད་ཧཱུྃ་དུ་གསལ་ལོ། །


DNG019_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གཉིས་པས་ཤེས་པས་ཟིན་པ་དང་མ་ཟིན་པ་ཐམས་ཅད་ཧཱུྃ་དུ་དིར་གྱིས་སོང་ངོ་། །ཧཱུྃ་གསུམ་པས་ཧཱུྃ་ཐམས་ཅད་སླར་ཀྱི་ལི་ལི་འདུས་ཏེ། དང་པོའི་ཧཱུྃ་ལ་ཐིམ་པས་ཉི་མ་འབུམ་པས་གཟི་བྱིན་ཆེ་བར་བསྒོམ་མོ། །ཧཱུྃ་བཞི་པས་ཧཱུྃ་དེ་བདག་ལ་ཐིམ་པ་དང་བདག་ཉིད་འོད་དུ་འབར་བ་ལས་ཡེ་ཤེས་སེམས་དཔའ་དབབ་པའི་སྔགས་ཀྱིས་གདན་སྟེང་དུ་བབ་སྟེ་འོད་དུ་ཞུ་བས་ཁྲོ་བོ་འབྱུང་བའི་གླེང་གཞི་བརྗོད་དོ། །འདས་པའི་དུས་ན་སྔོན་བྱུང་བ། །དེ་ལ་དྲག་པོ་ཆེན་པོ་བྱུང་བའི་ལོ་རྒྱུས་ལ་བཞི་སྟེ། དུས་ནམ་བྱུང་བ་དང་། དེ་བྱུང་བར་ཁུངས་གང་གིས་བསྟན་པ་དང་། ཚུལ་ཇི་ལྟར་བསྟན་པ་དང་། དོན་གྱི་ངོ་བོ་གང་བསྟན་པའོ། །དེ་ལ་དང་པོ་ནི། དེ་ལ་འདས་པ་ཞེས་པ་ནི། ད་ལྟར་གྱི་དུས་ལ་ལྟོས་ན་འདས་པའམ་འགགས་པར་གྱུར་པའི་དུས་ཏེ། དེ་ལ་ཡང་གསུམ་སྟེ། དུས་འདས་པ། སེམས་ཅན་འདས་པ། བསྟན་པ་འདས་པའོ། །དང་པོ་ནི། ཇེ་རིང་ཇེ་རིང་གྱུར་པ་ལས། དེ་ཡང་སྔ་མ་སྔ་མ་འདས་ཤིང་ཕྱི་མ་ཕྱི་མ་འབྱུང་བས་ལོང་བཏགས་ནས། བར་དུ་རྫས་མང་པོས་བཅད་པའི། ཐ་མའི་མཚམས་ནས་བཟུང་བ་ཕན་ཆད་དེ། དེ་ཡང་ཇི་ལྟར་ཞེ་ན། དང་པོ་སྐད་ཅིག་དང་དེ་འདས་པ་ལས་དེའི་སྐད་ཅིག་དང་། དེའི་སྐད་ཅིག་བརྒྱ་ཉི་ཤུ་ལ་ཐང་གཅིག་དང་། ཐང་གཅིག་ལས་ཡུད་ཙམ་དང་། ཡུད་ཙམ་བགྲངས་པ་ལས་ཆུ་ཚོད་དང་། ཆུ་ཚོད་འདས་པ་ལས་ཉིན་བར་དང་། དེ་འདས་པ་ལ་ཉིན་མཚན་སྦྲེལ་བ་སྟེ་ཉིན་ཞག་དང་དེ་བགྲངས་པ་ལས་ཟླ་བ་དང་། དེ་བགྲངས་པས་ལོ་དང་ལོ་བགྲངས་པས་བསྐལ་པ་དང་། དེ་བགྲངས་པ་ལས་བགྲང་བ་ལས་འདས་པ་སྟེ། དེ་ལྟ་བུ་གྲངས་མེད་པ་དག་ཐལ་ཞིང་འགགས་པར་གྱུར་པ་ནི་དུས་འདས་པ་ཞེས་བྱའོ། །སེམས་ཅན་འདས་པ་ནི། གང་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་ཤིང་རིགས་དང་གནས་དང་ཁམས་ཐ་དད་པར་སྐྱེས་ཤིང་། ལས་དང་ལས་ཀྱི་བགོ་སྐལ་རྣམ་པ་མང་པོ་ལ་སོ་སོ་ནས་སྤྱོད་པའི་འགྲོ་བ་རྣམས་རྟེན་འདྲེལ་ཡན་ལག་བཅུ་གཉིས་ཀྱིས་བསྐྱེད་ཅིང་། ཤིང་རྟའི་འཕང་ལོ་བཞིན་དུ་བར་མཚམས་དང་། གདོད་མཐའ་མེད་པར་འཁོར་བས་དང་པོ་དང་ཐ་མ་འདི་ཞེས་འཁོར་བ་སྤྱིའི་དབང་དུ་ཚད་ངེས་པར་གཟུང་བར་མི་ནུས་ཀྱང་། ཁྱད་པར་གྱི་དབང་དུ་བྱས་ན་ཤིན་ཏུ་ཁྲོ་ཞིང་གདུག་པར་གྱུར་པའི་སེམས་ཅན་འབྱུང་བར་གྱུར་པའི་དུས་དེ་ནས་མཚམས་ཉེ་བར་བཟུང་ན། དེ་དག་དང་དེ་དག་གི་བུ་ཚ་དང་། བུ་ཚའི་རབས་བདུན་དང་། བརྒྱ་དང་སྟོང་ལ་སོགས་པ་ནས་ད་ལྟར་གྱི་བར་དུ་གྲངས་བགྲང་བ་མེད་པར་གྱུར་པ་དང་། དེའི་རྒྱུད་ལས་འགྲིབ་པ་དང་འཕེལ་བ་དང་འགགས་པ་བགྲང་ཞིང་ཚད་བཟུང་དུ་མེད་པར་གྱུར་ཏེ། དེ་ལྟ་བུའི་རྫས་མང་པོ་བར་དུ་གཅད་པ་ནི་སེམས་ཅན་འདས་པའོ། །བསྟན་པ་འདས་པ་ནི། གང་དེའི་དུས་ན་


DNG019_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པའི་འཇིག་རྟེན་གྱི་སྒྲོན་མེ་དག །དགའ་ལྡན་གྱི་གནས་ནས་གཤེགས་པ་དང་། འཛམ་གླིང་འདི་ཉིད་དུ་སྐྱེ་བ་བཞེས་པ་དང་། གཞོན་ནུ་རོལ་པ་མཛད་ཅིང་ཁབ་བཞེས་པ་དང་། ཁབ་ནས་མངོན་པར་བྱུང་ནས་སངས་རྒྱས་པའི་ཚུལ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་ཤིང་རིང་བསྲེལ་བཞག་པ་དང་། བསྟན་པ་གནས་པ་དེས་སེམས་ཅན་འདུལ་བ་དང་། བསྟན་པ་ནུབ་པ་དང་། དེ་བཞིན་དུ་སངས་རྒྱས་རིམ་པར་བྱུང་བ་ཡང་གྲངས་འདི་ཙམ་ཞེས་ཚད་གཟུང་དུ་མེད་པ་དུ་མས་བར་དུ་བཅད་པ་ནི་བསྟན་པ་འདས་པའོ། །དེ་ལྟ་བུའི་དུས་ན་སེམས་ཅན་དང་བསྟན་པ་གྲངས་མེད་པ་དག་འདས་པའི་དུས་ཀྱི་སྔོན་དུ་བྱུང་བའི་གཏམ་རྒྱུད་བརྗོད་པ་ལ་ནི། འདས་པའི་དུས་ན་སྔོན་བྱུང་བ་ཞེས་བྱའོ། །དེ་ལྟར་དུས་དང་སེམས་ཅན་དང་བསྟན་པ་གྲངས་མེད་པ་འདས་པའི་སྔོན་རོལ་ཏུ་བྱུང་བ་ཡིན་ན། སྐད་ཅིག་མ་ལ་སོགས་པའི་རྫས་མང་པོས་བར་དུ་བཅད་པ་དེའི་གཏམ་ད་ལྟར་གསལ་བར་བརྗོད་པར་འདོད་པ་དེ་གང་ཞེ་ན། བདག་ཉིད་ཅེས་བརྗོད་པའོ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །ཚུལ་ལམ་ཐབས་གང་གིས་རིག་ཅིང་ཤེས་པར་འགྱུར་ཞེ་ན་དེ་ལ་དོན་དྲུག་སྟེ། འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོར་བཞུགས་པས། རང་བཞིན་གཞན་དུ་མི་འགྱུར་བར་རྟག་པ་དང་། གཉིས་པ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་བཞུགས་པས་སྐུ་གསུམ་གྱི་ངོ་བོར་རྟག་པ་དང་། གསུམ་པ་ཐབས་ཤེས་ཟུང་འདྲེལ་གྱི་བདག་ཉིད་ཆེན་པོར་བཞུགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་མངའ་མཛད་པས་རྟག་པ་དང་། བཞི་པ་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་བཞུགས་པས་སྐུ་རྣམ་པ་བཞི་དང་ལྡན་པའི་ངོ་བོར་བཞུགས་པས་རྟག་པ་དང་། ལྔ་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་འདུས་མ་བྱས་ཤིང་དབྱེར་མེད་པའི་བདག་ཉིད་ཆེན་པོར་བཞུགས་ཀྱང་། སྒོ་གསུམ་ནས་སྤྱོད་པ་སྒྱུ་མ་ལྟ་བུ་རྒྱུན་མི་ཆད་པར་སྟོན་པས། ཡོན་ཏན་དམ་པ་དང་ལྡན་པའི་ཕྲིན་ལས་ཀྱིས་གཞན་ལ་ཕན་འདོགས་པར་མཛད་པའི་དགོངས་སྤྱོད་རྟག་པ་དང་། དྲུག་པ་མཚན་མ་མེད་པའི་བདག་ཉིད་ཆེན་པོའི་ངང་དུ་བཞུགས་ཀྱང་། མཚན་མའི་རྣམ་པས་གཞན་ལ་ཕན་འདོགས་པར་མཛད་པ་རྟག་པའི་ཕྱིར་ནའོ། །དེ་དག་ལ་ཡང་རྟག་པ་ཁོ་ནར་བཟུང་བ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་གསུང་རབ་ལ། །དེ་བཞིན་གཤེགས་པ་ནི་གཉིས་ཏེ། ཕྱི་ནི་དེ་ཁོ་ན་ཉིད་དུ་སོང་བའི་ཕྱིར་ན་དེ་བཞིན་གཤེགས་པ་སྟེ། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་མ་བཅོས་པའི་ངང་དུ་རིག་པའི་ཡེ་ཤེས་དེ་བཞིན་དུ་གཤེགས་པས་ཆོས་ཉིད་ཇི་བཞིན་པའི་དོན་དེ་བཞིན་དུ་རྟོགས་པས་ན། དེ་བཞིན་གཤེགས་པའོ། །ནང་གི་ལྟར་ན་དཔེར་ན་འཇིག་རྟེན་


DNG019_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་འདོད་ཆགས་དང་ལྡན་པའི་ཁུ་ཁྲག་དང་། རྒྱུ་དྲི་ཟ་ཉེ་བར་འཁོར་བ་ཕྲད་པ་ལས་ཕུང་པོ་ཉེ་བར་འགྲུབ་པ་དང་འདྲ་བས། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་ལྡན་པའི་བྱང་སེམས་དཀར་དམར་ཚོགས་པ་ལས། ཚོགས་གཉིས་རྫོགས་པའི་རྒྱལ་བ་མ་ལུས་པའི་སྐུ་འཁྲུངས་ནས་དེ་བཞིན་གཤེགས་པ་ཞེས་བྱ། གསུང་རབ་ནི་མཚན་ཉིད་སྡེ་སྣོད་གསུམ་དང་། སྔགས་ཕྱི་པ་གསུམ་དང་། སྔགས་ནང་པ་གསུམ་ལ་སོགས་དཔལ་ཁྲག་འཐུང་གིས་རིག་ཅིང་རྟོགས་པར་བྱ་བ་དེ་ལས་སོ། །ལ་ཞེས་པ་ནི་དེ་བཞིན་གཤེགས་པ་དང་འདྲ་བའི་སློབ་དཔོན་རྒྱལ་བའི་འཁོར་ལོས་གསུང་རབ་ཆོས་བཤད་པ་ལས། སློབ་མ་དགེ་སློང་ནག་པོས་བདག་ཉིད་ཆེན་པོ་རྟག་པར་བལྟས་པ་ལས་སོ། །དེ་ཡང་ནམ་བྱུང་ནི་འདས་པའི་དུས་ན་སྔོན་དུ་བྱུང་། གང་ཟག་གང་བྱུང་ན་དགེ་སློང་ནག་པོ་བྱུང་། རྒྱུ་གང་གིས་བྱུང་ན་བདག་ཉིད་ཆེན་པོ་རྟག་པར་བལྟ་བ་ལས་བྱུང་། རྐྱེན་གང་གིས་བྱུང་ན་དེ་བཞིན་གཤེགས་པའི་གསུང་རབ་ལ་བཀའ་བསྒོ་ལོག་པ་ལས་བྱུང་ངོ་། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཚུལ་ཇི་ལྟར་བྱུང་ན། དཔལ་ཁྲག་འཐུང་གི་གསུང་རབ་ཀྱིས་འདུལ་བ་དེའི་ཚེ་ན། སེམས་ཅན་ཐམས་ཅད་ཀུན་ཟེར་ཡང་འགྲོ་བ་ནི་དེའི་བསྟན་པས་འདུལ་བའི་འགྲོ་བ་རྣམས་སོ། །འགྲོ་བ་དེའི་ཚུལ་ནི་དོན་ལ་འཇུག་པའམ་དོན་གྱི་ཐོག་ཏུ་ཕེབས་པ་སྟེ། འགྲོ་བ་དེ་དག་གིས་ལྟ་བ་ཇི་ལྟ་བུའི་མཐའ་ལ་ཞེན་པ་དང་། སྤྱོད་པ་ཇི་ལྟ་བུ་འཆང་ཞིང་སྤྱོད་པའི་ཚུལ་དེ་སྟོན་པར་བྱེད་པའི་གཏན་ཚིགས་སྔོན་དུ་བྱུང་བ་དེ་སྟོན་པར་བྱེད་པའོ། །སེམས་ཅན་ཀུན་ཟེར་ཡང་ཤས་ཆེ་བ་ལ་གདགས་པ་སྟེ། བདག་ཏུ་རྨོངས་པས་བསྒྲིབས་ནས་ལས་དང་ལས་ཀྱི་འབྲས་བུ་ངོ་མི་ཤེས་པའི་རཱུ་ཏྲ་ཀུན་གྱིས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་དུ་གྱུར་པའོ། །དོན་གྱི་ངོ་བོ་གང་ཁོ་ན་བཞིན་དུ་བྱུང་ན་སེམས་ཅན་དུ་བྱུང་བའོ། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །རཱུ་ཏྲས་ཤིན་ཏུ་གསང་སྔགས་ལོག་པར་སྤྱད་པས་དང་། ཁྲོ་བས་ཕ་རོལ་ཞེར་འདེབས་པའི་ཚིག་སྨྲ། ལུས་གཏུམ་པས་ཕ་མ་དགེ་སྦྱོང་བྲམ་ཟེ་ལ་སོགས་པ་ལ་བརྡེག་པར་བྱེད། སེམས་གདུག་པས་སེམས་ཅན་ཐམས་ཅད་ལ་རྔོན་པ་རི་དྭགས་གསོད་པ་ལྟར་བྱེད་པས་སེམས་ཅན་ཀུན་ཡང་དེ་ལྟར་བྱེད་པར་འགྱུར་རོ། །ཤིན་ཏུ་གདུག་ཅིང་ཁྲོས་པ་ཡིས། །དེས་འབྲས་བུ་གང་ཡང་ཞེ་ན་གསང་སྔགས་ཤིན་ཏུ་ལོག་པར་སྤྱད་པས། སེམས་ཅན་ལོག་པར་བལྟ་བས་སེམས་ཅན་ལ་གསོད་སེམས་དང་ལྡན་པས་གདུག་ཅིང་། ངག་གཏུམ་སྐད་འབྱིན་པས་ཁྲོ་བོ་ཡིས་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་དེའི་ནུས་པས་དེ་ལྟར་དུ་གྱུར་པའོ། །འོ་དོད་འབོད་ཅིང་ལྟུང་


DNG019_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། །ལས་དང་ཉོན་མོངས་པའི་སྐད་ངན་ཝ་ལྔ་ཞེས་པའི་འོ་དོད་འབོད་ཅིང་དམྱལ་བར་ལྟུང་བར་འགྱུར། དེ་ལས་ཐར་ནས་བྱོལ་སོང་དུ་སྐྱེ། དེ་ལས་ཐར་ནས་ཡི་དྭགས་ལས་ཀྱི་སྲིན་པོར་སྐྱེས་པ་ནི་རཱུ་ཏྲ་ནག་པོ་ཞེས་བྱ་བར་གྱུར་པའོ། །ཤིན་ཏུ་གདུག་ཅིང་ཁྲོ་བ་ལ། །དང་པོ་དེ་ཐབས་ཇི་ལྟ་བུས་འདུལ་བ་ནི་ལུས་ཤིན་ཏུ་རིད་པ་སེམས་ཤིན་ཏུ་གདུག་ཅིང་ངག་ཤིན་ཏུ་ཁྲོ་བ་དེ་ལྟ་བུའི་སེམས་ཅན་དང་ཚུལ་རན་པ་དེ་དག་ལ་ནི། ཞི་བས་ཕན་པར་མི་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་དང་རྣམ་སྣང་ལ་སོགས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཞི་བའི་དཀྱིལ་འཁོར་དུ་བསྟན་པའི་སྒོ་ནས་དོན་མཛད་ཀྱང་གདུལ་བྱ་ཁྲོ་བོ་རྣམས་མཐའ་ཡུན་དུ་འདུལ་ཞིང་སྦྱོར་བར་མཛད་ཀྱང་འགྲུབ་པར་མི་འགྱུར་བས་སོ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །གཉིས་མེད་ཀྱི་དོན་འདྲེལ་བའི་བདག་ཉིད་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའམ་རང་བཞིན་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ལ་ཐུགས་རྗེ་ཆེན་པོས་ཕ་རོལ་ལ་ཕན་འདོགས་པའི་དོན་དུ་སྒྱུ་མ་ལྟ་བུའམ། རང་བཞིན་མེད་པའི་ངོ་བོ་ལས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་མཚན་མའི་རྣམ་པར་གསལ་བ་ནི་ཐབས་ཀྱི་ངོ་བོ་སྟེ། དེ་ལྟ་བུའི་ཐབས་ཤེས་རབ་ཀྱི་སྦྱོར་བ་རྩེ་གཅིག་ཏུ་གནས་པའི་ངོ་བོ་དེ་ལས། ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བས་ཁྲོ་བ་གཞོམ་པར་བྱ་བའི་དོན་དུ་དཔལ་ཁྲག་འཐུང་གི་ཕྱག་རྒྱ་ཆེན་པོར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དཔེར་ན་ཏིལ་གྱི་གང་བུ་ལྟར་དཔལ་ཁྲག་འཐུང་གི་སྐུ་ལ་བསྡུ་བར་མཛད་པའོ། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །ཁྲོ་བོའི་ཚུལ་ཅན་རཱུ་ཏྲ་ནག་པོ་ཁྲོས་པ་ཞེས་ཀྱང་བྱ། དེ་ཡང་འཇིག་རྟེན་པའི་ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་སྟེ། དྲང་སྲོང་ཆེན་པོ་སེར་སྐྱའི་སློབ་མ་བུར་སངས་ཁྲོས་པས་ཀྱང་། འཇིག་རྟེན་གསུམ་དག་སྲེག་བྱེད་ན། །ཁམས་གསུམ་མམ། སྲིད་པ་གསུམ་གྱི་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་སྲེག་པར་བྱེད་ནས་ལུས་ལ་ནད་ཀྱིས་འདེབས། ངག་ལ་ངན་སྔགས་གཏོང་། སེམས་ལ་དུག་མདའ་འཕྲོ་ན། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཉོན་མོངས་པ་དང་གཉེན་པོའི་དབང་དུ་དགོངས་ནས་ཐུགས་རྗེ་ཁྲོས་པ་ཡིས་ནི་སེམས་ཅན་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ལ་འགོད་པས་ན། །ཁམས་གསུམ་མ་ལུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུའི་ཉོན་མོངས་པ་སྦྱོང་ཞིང་འབྲས་བུའི་དུཿཁ་འཇོམས་པར་བྱེད་པ་སྨོས་ཅི་དགོས་ཏེ་འདུལ་ངེས་པའོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་རྡོ་རྗེ་སེམས་དཔའ་ཉིད་ཁྲོ་བོར་གྱུར་ནས་སེ་གོལ་གྱི་སྒྲས་སངས་རྒྱས་ཐམས་ཅད་དཔུང་ལ་བཞུགས་པ་དེས་སོ། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །རྩ་བ་དང་ཡན་ལག་གི་དམ་


DNG019_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བསྲུངས་ན་ངན་སོང་གསུམ་དུ་ལྟུང་བ་དེ་འདོན་པར་སྦྱོང་བའོ། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །ཕྱག་རྒྱའི་ཆ་ལུགས་ཇི་ལྟར་ཐོན་ན། དཔེར་ན་གཅིག་ལས་མི་འདྲ་བ་ཟློས་གར་མཁན་ལྟ་བུ་སྟེ་དུར་ཁྲོད་བདག་པོ་འདུལ་བ་ལ་ཅིར་ཡང་སྣང་བ་གར་མཁན་ལྟར་སྐུ་སྤྲུལ་པའི་སྐུར་གསལ་བའོ། །ཧེ་རུ་ཀ་ནི་དབུ་གསུམ་ལས་དབུས་མཐིང་ནག་སྐུ། །ཉེས་པ་དང་བྲལ་བས་ཞལ་གཡས་པ་དཀར་ལ་ཐུགས་རྗེའི་ཆགས་པས་ཞལ་གཡོན་པ་དམར། །ཕྱག་དྲུག་གི་གཡས་དང་པོ་གསེར་གྱི་འགྱུར་བ་མེད་པ་རྡོ་རྗེར་བསྟན་རྡོ་རྗེ་གཡས། །བར་མ་དུག་གསུམ་འཇོམས་པའི་ཁ་ཊྭཱཾ་རྩེ་གསུམ་པ། །ཐ་མ་སྟོང་གསུམ་མཁའ་འགྲོ་དབང་དུ་སྡུད་པས་མི་མགོའི་ཅང་ཏེའུ་རྔེའུ་ཆུང་འཁྲོལ། །གཡོན་པ་དང་པོ་ཆོས་ཉིད་ཟབ་མོ་སྒྲོག་པའི་དྲིལ་བུ་འཛིན། །བར་མ་དུག་གསུམ་གཏན་ནས་སྦྱོང་བའི་ཐོད་པ་ཁྲག་གིས་བཀང་། །ཐ་མ་རྒྱུད་དྲུག་འཁོར་བ་མི་གཏོང་བས་རྒྱུ་མའི་ཞགས་པ་བསྣམས། །ཚད་མེད་བཞི་དང་ལྡན་པས་ཞབས་བཞི་ཐབས་ཡེ་ཤེས་རབ་སྦྱོར་བས་ཡུམ་གྱི་སྐུ་ལ་འཁྲིལ། །གཡས་རྡོ་རྗེ་གཡོན་གྱིས་རཀྟ་དཀྲུག་ཅིང་འདྲེན། །དཔལ་ཧེ་རུ་ཀ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་པོ་སྟེ་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་གློ་བུར་དུ་ལམ་གྱིས་བྱས་པ་མ་ཡིན་ཏེ་ཡེ་ནས་ཡིན་པའི་ཕྱིར། །ཕྱག་རྒྱ་ཆེན་པོ་ཡེ་ནས་མངོན་རྫོགས་པར་བྱེད་པས་ན་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱས། དེ་ཡང་ཚིག་འདིས་དབང་བསྐུར་ནས། །སྐུ་གསུང་ཐུགས་སུ་དབང་ལྔ་བསྐུར། །དེ་ནས་སྣ་ཡི་རྩེ་མོ་ལས། །ཡེ་ཤེས་ལྔས་དབང་བསྐུར་བ་ནི་རང་གི་སྣའི་རླུང་གིས་སྤྱན་དྲངས། ཡིད་ནི་རླུང་ལྔ་རིགས་ལྔར་རྒྱུ་བ་ལ་སེམས་གཏད་ལ་བརྟན་པར་ཡང་དག་གཟུང་། །སྣ་ཡི་དབུགས་རིང་འགྲོ་བ་ལས། །རླུང་ལྔ་ནམ་མཁར་སྤྲོས་ནས་རིགས་ལྔ་ནམ་མཁར་སྤྱན་དྲངས། རྒྱལ་བའི་སྦྱོར་བའི་ཕྱག་རྒྱ་གསལ། །བདག་ལ་ཡེ་ཤེས་ལྔས་དབང་བསྐུར་བས་དབང་རྟགས་རིགས་ལྔ་སྤྱི་བོར་བསམ་མོ། །ཐུགས་ཀའི་རླུང་ལས་སྣ་ཡི་བུ་གར་དྲངས་ནས་བསྐྱེད་པ་དང་རླུང་འཕྱོ་བས། །རྒྱལ་བའི་འཁོར་ཡང་གསལ་བ་དང་། །ཡབ་ཡུམ་མཁའ་གསང་བསྣོལ་མ་རུ་བྱིན་གྱིས་བརླབས་ནས་བསྐྱེད་པ་དང་། །བྱིན་བརླབ་ཡུམ་གྱི་བྷ་གར་ཡབ་ཀྱི་ལིངྒ་གཞག །བྱང་སེམས་ལས་ས་བོན་ཧ་བརྒྱད་ལས་


DNG019_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤར་དུ་དཀར་མོ་དང་། །ལྷོར་རྐུན་མོ་དང་ནི་ནུབ་ཏུ་རྨོངས་མོ་དང་། །བྱང་དུ་ཐལ་བྱེད་མ་དང་ཤར་ལྷོར་སྦོས་མོ་དང་། །ལྷོ་ནུབ་ཏུ་མ་ཚོགས་ནུབ་བྱང་སྨེ་ཤ་བྱང་ཤར་གཏུམ་མོར་སྐུ་མདོག་ཕྱག་མཚན་ཕྱག་རྒྱ་གསལ་ལོ། །དེ་ནས་དེ་བཞིན་གཤེགས་པའི་ཁྲོ་བོ་གསུང་གི་དཀྱིལ་འཁོར་འདི་ཕྱུང་ངོ་། །མ་ཧཱ་སུ་ཁ་ཧཱུྃ། དེ་བཞིན་ཉིད། ཙིཏྟ་སྥ་ར་ཎ་ཕཊ། ཀུན་ཏུ་སྣང་། བཛྲ་ཙིཏྟ་ཧཱུྃ། རྒྱུའི་ཏིང་ངེ་འཛིན། ཨཱོཾ་བཛྲ་སཏྭ་ཧཱུྃ། ཡེ་ཤེས་སེམས་དཔའ་ནམ་མཁར་བསྒོམ། བྷྲཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། སྨིན་མཚམས་སུ་བྷྲཱུཾ་ལས་སྤྲོ་བསྡུ་བྱ་བ། ཨེ་ཡཾ་ར་བཾ་ཀེཾ་རཾ། འབྱུང་བའི་ས་བོན། ཨེ་ཨཱ་ཀ་ཤ་མཎྜ་ལ། ནམ་མཁའ། ཡཾ་ཀརྨ་རཀྵ་ཧཾ། རླུང་ནག །ར་རཀྟ་ཛྭ་ལ་ས་མུ་དྲ། ཁྲག་མཚོ། བཾ་སྨིནྟི་ཛྭ་ལ་མཎྜ་ལ། ཤ་ཆེན་ས་གཞི། ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ། རུས་པའི་རི་རབ། རཾ་ཛྭ་ལ་མཎྜ་ལ། བསྐལ་པའི་མེ་དཔུང་། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜ་ལ་བྷྲཱུཾ། གཞལ་ཡས་ཁང་། མ་ཧཱ་དེ་བ། གདན་ཡབ། ཨུ་མ་དེ་བཱི། གདན་ཡུམ། ཏི་ར་བཾ། དྲེགས་པ་ཁྱོ་ཤུག་གི་གདན། མ་སཱུརྱ་མཎྜ་ལ། ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ། ཟླ་བའི་གདན། པཾ་པདྨ་མཎྜ་ལ། པདྨ་མེ་ཏོག་གི་གདན། ཏི་ར་བཾ། རོའི་གདན། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་རིང་པོ་བཞི་ཁོང་ནས་བླང་བའོ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་། ཨ་ཧཾ་སིདྡྷི་ནཱཾ། ཡང་དག་གྲུབ་པའི་དབང་། སརྦ་ཏ་ཐཱ་ནཱཾ། ཐམས་ཅད་ཀྱི་ངོ་བོར་དབང་བསྐུར། སརྦ་ཤུདྡྷཱ་ནཱཾ། ཐམས་ཅད་དག་པར་དབང་བསྐུར། ཏྲཱཾ་སྭ་བྷཱ་བ་ནཱི། ཡོན་ཏན་འབྱུང་གནས་ཀྱི་དབང་། ས་མ་ཡ་བ་ཏཱི་ནཱཾ། དམ་ཚིག་གི་དབང་གི་འགྲོ་དོན་ལ་སེམས་དཔའི་དབང་། ཨཱོཾ་མ་ཧཱ་ཤྲི་ཧེ་རུ་ཀ །གཙོ་བོ་བསྐྱེད་པ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ། ཡུམ་བསྐྱེད་པ། དེ་བཱི་ཏ་ན་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་པདྨ་དྷ་ར་ཙནྟ་ཨཱཾ། ཡུམ་གྱི་མཁའ་དབྱིངས་བྱིན་གྱིས་བརླབ་པ། ཧཱུྃ་ཏིཥྛ་བཛྲ། ཡབ་ཀྱི་གསང་གནས་བྱིན་གྱིས་བརླབ་པ། རཏྣ་སཱུརྱ་ཨོཾ། ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ་བ། ས་མ་ཡ་སྟྭཾ། དམ་ཚིག་ཁྱོད། ས་མ་ཡ་ཧོ། དམ་ཚིག་ལ་གྱེས་པ། ར་ཧོ་ཧཾ། དམ་ཚིག་ལ་དགའ་བ། རཱ་ག་ཡཱ་མི། ཆགས་པས་མཉེས་པ། ཛཿཧཱུྃ་བཾ་ཧོཿ། ཕྱག་རྒྱ་བཞིས་རོལ། ཧཱུྃ་ཧཱུྃ་ཧཱུྃ། པདྨར་རྡོ་རྗེ་ལན་གསུམ་ཕུལ་ལོ། །སྐུ་གསུང་ཐུགས་མཉེས་པ། བཛྲ་གཽ་རཱི་ཧ། ཤར་དུ་དཀར་མོ། བཛྲ་ཙཽ་རཱི་ཧ། ལྷོར་རྐུན་མོ། བཛྲ་པྲ་མོ་ཧེ་ཧ། ནུབ་ཏུ་རྨོངས་མོ། བཛྲ་བེ་ཏཱ་ལཱི་ཧ། བྱང་དུ་ཐལ་བྱེད་མ། བཛྲ་པུཀྐ་


DNG019_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སཱི་ཧ། ཤར་ལྷོར་སྦོས་མོ། བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་མ་ཚོགས་མ། བཛྲ་སྨ་ཤ་ནཱི་ཧ། ནུབ་བྱང་སྨེ་ཤ་ཅན། བཛྲ་ཙཎྜ་ལཱི་ཧ། བྱང་ཤར་གཏུམ་མོ། ཛཿཧཱུྃ་བཾ་ཧོཿ། ཕྱག་རྒྱ་བཞི། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ། ཨ་གཏྟ་ཡ་ཨ་གཏྟ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། བཀའ་ཉན་བཛྲ་ཌཱ་ཀི་ནཱཾ་ཧྲྀ་ད་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ། བསྡུས་སྤྲོས། སྐུ་ལྔ་ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ། རྡོ་རྗེ་དཔལ་ཁྲག་འཐུང་ཆེན་པོའི་རྡོ་རྗེས་མ་རུངས་པ་ཐམས་ཅད། ས་མ་ཡ་མུ་དྲ། དམ་ཚིག་ཕྱག་རྒྱ། པྲ་བྷཉྩ་ཀྲ་རྣམ་པར་འཇིགས་པའི་འཁོར་ལོས་ཧཱུྃ་ཕཊ། ཨོཾ་བཛྲ་ཨེ་ཧྱེ་ཧི་བྷ་ག་བཱན། ཚུར་སྤྱོན་ཚུར་སྤྱོན་བཅོམ་ལྡན་འདས། ཛཿཧཱུྃ་བཾ་ཧོཿ། རུ་ལུ་རུ་ལུ། དཔལ་ཆེན་པོའི་སྐུ། དྲྀ་ཤྱ་ཧོ། གཟིགས་ཤིག །ས་མ་ཡ་ཧོ། དམ་ཚིག་དགྱེས། ས་མ་ཡ་སྟྭཾ། དམ་ཚིག་གི་དུས་ལ་བབ། ཛཿཧཱུྃ་བཾ་ཧོཿ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། ཤྲཱི་ཧེ་རུ་ཀ །ཨེ་ཧྱེ་ཧི་དྲྀ་ཤྱ་ཧོ། ས་མ་ཡ་ཧོ། དམ་ཚིག་ལ་དགོངས། ས་མ་ཡ་སྟྭཾ། དམ་ཚིག་དུས་ལ་བབ། ཨོཾ་ཨེ་དྲག་པོ་བཛྲ་རྡོ་རྗེ་ཨཱ་ར་ལི་ཧོ། འདས་པའི་མཁའ་འགྲོ་དཔལ་ཆེན་པོ་མཉེས་པར་མཛོད། ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཐལ་མོ་གསུམ་བརྡབ་སྟེ་བོད། ཛཿཧཱུྃ་བཾ་ཧོཿ། བཛྲ་ཤྲཱི་ཧེ་རུ་ཀ །རུ་ལུ་རུ་ལུ། སྲོག་ནས་དྲང་། པྲ་བེ་ཤ་ཡ་ཕཊ། འབྱེད་པར་བྱེད། ཨཱ་བེ་ཤ་ཡ་ཨ། བཞུགས་པར་བསྡིམ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧེ་རུ་ཀ་ཧ་ཧ། ཡུམ་ཆེན་མོ་ཁྲོ་མོ་དབང་ཕྱུག་ཁྲག་འཐུང་མ། རུ་ལུ་རུ་ལུ། སྲོག་ནས་དྲང་། པྲ་བེ་ཤ་ཕཊ། ཡེ་ཤེས་པ་བསྡིམ་མོ། ཨཱ་བེ་ཤ་ཡ་ཨ། ཡེ་ཤེས་པ་བསྡིམ་མོ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་སརྦ་དུཥྚཱཾ། མ་རུངས་པའམ་སྡང་བ། ས་མ་ཡ་མུ་དྲ། ཕྱག་རྒྱ། སྒོ་དབྱེ་བའམ་ཕོབ་ཅིག །པྲ་བེ་ཤ་ཡ་ཕཊ། ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཛཿཧཱུྃ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། པྲ་བྷཉྩ་ཀྲ་རྣམ་པར་འཇིགས་པའི་འཁོར་ལོ་ཧཱུྃ་ཕཊ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ས་མ་ཡ་ཧོ། སརྦ་དུཥྚཱན་ས་མ་ཡ་མུ་དྲ། པྲ་བྷཉྩ་ཀྲ་རྡོ་རྗེ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་དམ་ཚིག་ལ་དགྱེས་པས་སྡང་བ་ཐམས་ཅད། དམ་ཚིག་ཕྱག་རྒྱ། རྣམ་པར་འཇིགས་པའི་འཁོར་ལོས་ཧཱུྃ་ཕཊ། ཀཱ་ཡ་བཱཀ་ཙིཏྟ། སྐུ་གསུང་ཐུགས། ཏིཥྛ་བཛྲ། བརྟན་པའི་རྡོ་རྗེ། ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་སརྦ་དུཥྚཱ་ན།


DNG019_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་དཾཥྚ་དམ་ཚིག་མཆེ་བ་ཅན་གྱིས་ཨ་བ་སྟཾ་པ་ཀ་ཧཱུྃ་ཕཊ། ཨཱོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་སྟྭཾ། རྡོ་རྗེ་གསང་བ་ལྟོས་ཤིག་དམ་ཚིག་དུས་ལ་བབ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧོ། རྡོ་རྗེ་གསང་བ་གཟིགས་ཤིག་དམ་ཚིག་དུས་ཡིན་ནོ། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། ཛཿཧཱུྃ་བཾ་ཧོཿ། ཕྱག་རྒྱ་བཞི། ཤྲཱི་ཧེ་རུ་ཀ །མ་ཧཱ་སརྦ་དུཥྚཱཾ། ས་མ་ཡ་མུ་དྲ་པྲ་བྷཉྩཀྲ། རབ་ཏུ་འཇོམས་པའི་འཁོར་ལོ་ཅན། པཀྵ་ཡ། གཤོག་པ། པཀྵ་ཡ། རབ་ཏུ་གཤོག་པ། བི་ཏཾ་ས་ཡ། གདེངས་པ། བི་ཏཾ་ས་ཡ། རབ་ཏུ་གདེངས་པ། ཧེ་བྷ་ག་ཝཱན། ཀྱེ་བཅོམ་ལྡན། བུཌྜྷ་ཀྵེ་ཏྲེ། སངས་རྒྱས་ཀྱི་ཞིང་ལ། པྲ་ཏི་སྟམྦྷ་ཀ་ཡ་ཟིལ་གྱིས་གནོན་པ་ཧཱུྃ་ཕཊ། ཨོཾ་ཤྲཱི་བཛྲ་ཀ་ར་མུ་ཀ་ཤྭ་རཱ་ཡཱ་ཡ་ན་མཿ། དཔལ་གྱི་ལྷ་མོ་མདའ་གཞུ་འགེངས་པས་མི་གཏོང་བའི་ཡུམ་དེས་ཕྱག་བྱའོ། །ཨོཾ་ཤྲཱི་བཛྲ་རཱ་ག་ས་མ་ཡཱ་ཡ་ན་མཿ། དཔལ་གྱི་ལྷ་མོ་ཐུགས་རྗེ་ཆགས་པས་མི་གཏོང་བའི་ཡུམ་ཅེས་བྱ་བ། ཨོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཙ་ལ་ཡཱ་ཡ་ན་མཿ། རྡོ་རྗེ་ཁ་ཊྭཱཾ་བདུད་བཞི་འདུལ་བས་མི་གཏོང་བའི་ཡུམ་ཞེས་བྱ་བ། ཨོཾ་ཤྲཱི་བཛྲ་གྷཎྜ་པྲ་ཙ་ལ་ཡཱ་ཡ་ན་མཿ། གསུང་རབ་རྒྱ་མཚོ་སྒྲོགས་པས་མི་གཏོང་བའི་ཡུམ་ཞེས་བྱ་བ་དེས་ཕྱག་འཚལ་ལོ། །སརྦ་ཏ་ཐཱ་ག་ཏ། བནྡྷ་ནཱཾ་ཀ་རོ་ཡཱ་མི། ཕྱག་འཚལ་ལོ། །མ་ཧཱ་ཡོ་གཱི་ནཱི། རྣལ་འབྱོར་མ། ཨ་ཏི་པུ་ཧོ། ཤིན་ཏུ་དགྱེས་སམ། པྲ་ཏཱིཙྪ་ཧོ། མཆོད་པར་བཞེས། ཨ་ལ་ལ་ཧོ། ཁ་རཾ་ཟོ་ཁ་རཾ་རབ་ཏུ་ཟོ་ཁ་རཾ་མྱུར་དུ་ཟོ་ཁ་རཾ་འབར་བར་ཟོ། བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི། ཁྲོ་མོ་དབང་ཕྱུག་མ། ཨརྒྷཾ་པྲ་ཏཱིཙྪ་ཧོ། ཨརྒྷཾ་མཆོད་ཡོན། ཁ་རཾ་ཁཱ་ཧི། གསོལ་གསོལ་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། མཆོད་པས་དགྱེས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། སྐུའི་དངོས་གྲུབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་སིདྡྷི་ཨཱཿ། གསུང་གི་དངོས་གྲུབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྡྷི་ཧཱུྃ། ཐུགས་ཀྱི་དངོས་གྲུབ། ཛཿཧཱུྃ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །ཨི་དན། པུཥ྇། མེ་ཏོག །དྷཱུ་པེ། སྤོས། དཱི་པ། མར་མེ། གནྡྷེ། དྲི་ཆབ། བ་ལིནྟ། གཏོར་མ། པྲ་ཏཱིཙྪ་ཧོ། མཆོད་པར་རོལ། ཤྲཱི་པཉྩ། བདུད་རྩི། ཁ་ཁ་ཁ། ཟོ་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། རབ་ཏུ་གསོལ། ཛཿཧཱུྃ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། བརྟན་པར་བྱེད་རབ་ཏུ་བརྟན་པར་བྱེད། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། དགྱེས་པར་བྱེད་རབ་ཏུ་དགྱེས་པར་བྱེད། པྲ་ཏཱིཙྪ་ཧོ། མཆོད་པར་འབུལ། ཤྲཱི་པཉྩ་ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། དཔལ་ལྔ་


DNG019_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་རབ་ཏུ་གསོལ། ཛྭ་ལ་རཾ། སྒྲོལ་བ། ས་མ་ཡ་ཧོ། སྦྱོར་བ་དམ་ཚིག་ལ་དགྱེས། ས་མ་ཡ་སྟྭཾ། དམ་ཚིག་དུས་བབ། ཨ་ནུ་ར་ག་ཧོ། རྗེས་སུ་ཆགས་པ། ར་ག་ཡ་མི། ཆགས་པ་ལ་སྦྱོར། ཧཱུྃ་ཧཱུྃ། པདྨར་རྡོ་རྗེ་བསྣུན། བྱང་ཆུབ་སེམས་བོ་དེ་ཙིཏྟ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ། པདྨ་ཁ་འབྱེད་པར་བསྡིམ། ཨཱ་བེ་ཤ་ཡ། རབ་ཏུ་ཁ་འབྱེད་པར་བསྡིམ། པྲ་བེ་ཤ་ཡ། དབྱེ་བ། པྲ་བེ་ཤ་ཡ། རབ་ཏུ་ཕྱེ་ནས། པྲ་ཏཱིཙྪ་ཧོ། མཆོད་པས་མཉེས། ཤྲཱི་པཉྩ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཱན། ས་མ་ཡ་མུ་དྲ། མ་རཾ། གསོད་པ། ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧྲྀ་ད་ཡ། སྙིང་པོ་ཅན། པི་པ་ཧཱུྃ་ཕཊ། མཉེས་པར་བྱ། ཛཿཧཱུྃ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཱཾ་ས། ཤ ། མ་ཧཱ་རཀྟ། ཁྲག །མ་ཧཱ་ཙིཏྟ། སྙིང་། མ་ཧཱ་བ་སུ་ཏ། རྒྱུ་མ། མ་ཧཱ་པཉྩ་ཨ་མྲྀ་ཏ། བདུད་རྩི་ལྔ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ། མཆོད་ཡོན་རབ་ཏུ་བཞེས་ཤིག །ཁ་ཁ་ཁ། གསོལ། ལེ་ལེ་ལེ། མཉེས་པར་ཚིམ་པར། ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། སྐུ་གསུང་ཐུགས་འཁོར་བཅས། དྷརྨ་ཀཱ་ཡ་ན་མཿ། ཆོས་སྐུ་ལ་བསྟོད་པ། སམྦྷོ་ག་ཀཱ་ཡ་ན་མཿ། ལོངས་སྐུ་ལ་བསྟོད་པ། ནིརྨཱ་ཎ་ཀཱ་ཡ་ན་མཿ། སྤྲུལ་སྐུ་ལ་བསྟོད་པ། ཛྙཱ་ན་པཉྩ་ན་མཿ། ཡེ་ཤེས་ལྔ་ལ་བསྟོད་པ། ཀཱ་ཡ་བཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཧྲྀ་ད་ཡ་ན་མཿ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྙིང་པོར་གྱུར་པ་ལ་བསྟོད་པ། སརྦ་ཏ་ཐཱ་ག་ཏ་ན་མོ་ན་མཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཧེ་རུ་ཀ་ཐུགས་ཀྱི་དཀྱིལ་འཁོར་འདི་དག་གསུངས་སོ། །དབུས་ཀྱི་གཙོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ་ཆོས་སྐུ་ལ་ཉོན་མོངས་པ་མ་གོས་པས། །རྡོ་རྗེ་ཉོན་མོངས་པ་འཇོམས་ཁ་ཊྭཱཾ་སྐུ་གསུང་ཐུགས་ཀྱི་དུག་གསུམ་འཇོམས་རྔ་ཆུང་ཆོས་སྒྲ་སྒྲོགས་ཤིང་ཤེས་རབ་བསྐྱེད་གཡས། །དྲིལ་བུ་བསམ་གཏན་བྷན་དམར་ཡེ་ཤེས་ཐུགས་རྗེས་ཆགས་རྒྱུ་ཞགས་གཡོན་འཁོར་བ་གནས་ནས་འདྲེན། །དཔལ་ཆེན་ཡེ་ཤེས་སྙིང་རྗེ་ཡབ་ཐབས་ཀྱི་རྒྱ། །ཤེས་རབ་སྟོང་པ་ཡུམ་དབྱིངས་མའི་ཕྱག་རྒྱ་ནི། །ཆོས་དབྱིངས་ཞལ་གཅིག་ཐབས་ཤེས་ཕྱག་གཉིས་སྐུ་མདོག་མཐིང་མི་འགྱུར་བ། །གཡས་པ་ཤེས་རབ་ཐབས་ལ་ཡེ་ཤེས་རྡོ་རྗེས་འཁྱུད་བརྟེན། །གཡོན་པ་


DNG019_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དམར་གཙོ་ལ་དབྱིངས་ཀྱི་ཆགས་པ་སྟོབ། །ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །གནས་ཀྱི་མཁའ་འགྲོའི་ཕྱག་རྒྱ་ནི། །དཀར་མོ་གཽ་རཱི་ཕྱག་གཡོན་བྷན་དམར་གཡས་བྱིས་དབྱུག་སྐུ་མདོག་སྔོ། །རྐུན་མོ་ཙཽ་རཱི་ཕྱག་མཚན་མདའ་གཞུ་འགེངས་མ་སྐུ་མདོག་སེར། །རྨོངས་མོ་པྲ་མོ་ཕྱག་གཉིས་ཀྱི་ཆུ་སྲིན་རྒྱལ་མཚན་འཕྱར་སྐུ་མདོག་དམར། །རོ་ལངས་མའམ་ཐལ་བྱེད་མ་བེ་ཏཱ་གཡས་བྱི་ཟ་གཡོན་རྡོར་འཕྱར་སྐུ་མདོག་ནག །སྦོས་མོ་པུཀྐ་སྐུ་མདོག་དམར་སེར་ཞིང་རྒྱུ་འདྲེན། །སྨེ་ཤ་ཅན་གྷསྨ་གཡོན་དུང་དམར་ཁྲག་གཡས་རྡོ་རྗེས་དཀྲུག་ཅིང་འཐུང་སྐུ་མདོག་ལྗང་། །དུར་ཁྲོད་མའམ་མ་ཚོགས་མ་སྨ་ཤ་སྐུ་མདོག་མཐིང་ནག་ཕྱག་མཚན་བྱི་སྙིང་ཟ། །གཏུམ་མོ་ཙནྡྷ་སྐུ་མདོག་སེར་སྐྱ་ཕྱག་མཚན་མཆོག་ལུས་འདྲལ། །མེ་དཔུང་འབར་བའི་ནང་ནས་ཞིང་གི་གདན་གདན་ལ་བཞེངས་ནས་ཀྱང་། །རྣལ་འབྱོར་པའི་མཆོད་བཞེས་དམ་ཚིག་སྐོངས་འདིར་མཐུ་དང་ཕྱི་མར་དངོས་གྲུབ་སྩོལ། །ཐུགས་ཀྱི་ཕྱག་རྒྱ་ཟབ་མོ་བཅའ། །དང་པོར་བཞེངས་སུ་གསོལ་བ་ནི། །ལག་པ་སེ་གོལ་དཔུང་མགོར་བསྣོལ། །སྙན་གསན་དབབ་པ་འདུས་མ་བྱས་མཚོན་པ། །བཅའ་ཐབས་མཁའ་དབྱིངས་ཕྱག་རྒྱ་གནས་སྨིན་མཚམས་བཅའ། །སྤྱན་དྲངས་སོར་མོ་ནང་དུ་བསྣོལ། །སྐུ་གསུང་ཐུགས་ཀྱི་གནས་སུ་དབབ། །བཞུགས་གསོལ་མཐེ་བོང་རྩེ་སྤྲད་ཐུར། །འདུས་མ་བྱས་མཁའ་དབྱིངས་ཀྱི་ཕྱག་རྒྱ་ཁོ་ནའོ། །མཛུབ་མོ་གཉིས་ནི་མདུད་པར་བྱ། །གུང་མོ་རྩེ་སྤྲད་གཞན་མ་བརྐྱང་། །སྲིད་པ་གསུམ་ན་གནས་པ་བསྟན། །བརྟན་བཞུགས་ཕྱག་རྒྱ་སོར་མོ་བསྣོལ། །མཐེ་བོང་སོ་སོར་བསྒྲེང་བར་བྱ། །མི་གཡོ་སོར་མོ་གཞན་བསྐུམ་ལ། །མཐེ་བོང་མཐེའུ་ཆུང་གཉིས་བསྒྲེངས་ཏེ། །ཁ་འགྲམ་གཡས་དང་གཡོན་དུ་བཅས། །དམ་ཚིག་བདར་བའི་ཕྱག་རྒྱ་ནི། །ཐོད་པ་ཚར་གསུམ་ཕྱག་རྒྱ་བྱ། །མཛུབ་མོ་མཐེ་བོང་ནང་དུ་བཀུག །གུང་གཉིས་མཐེའུ་ཆུང་རྩེ་བཞི་སྤྲད། །སྲིན་ལག་བསྣོལ་བ་ཐོད་སྐམ་རྒྱ། །ཐོད་སྐམ་ཆོས་སྐུའི་ཕྱག་རྒྱར་བསྟན། །སྲིན་ལག་མཛུབ་གུང་ནང་དུ་དབྱུང་། །ཐོད་པ་རློན་པའི་ཕྱག་རྒྱ་ཡིན། །ཐོད་


DNG019_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རློན་སྤྲུལ་སྐུའི་ཕྱག་རྒྱར་བསྡིམ། །སྙིམ་པ་ལྟ་བུར་བྱས་པ་ནི། །ཐོད་པ་ཚལ་བུའི་ལོངས་སྐུ་ཕྱག་རྒྱའོ། །གཤོག་པའི་ཕྱག་རྒྱས་ཟིལ་གྱིས་མནན་པ་མཐེ་བོང་སྦྱར། །དཔུང་མགོར་གཤོག་པ་སོར་མོ་བརྐྱང་། །ཕྱག་འཚལ་ཕྱག་རྒྱ་ལྷ་མོ་བཞི། །ཐམས་ཅད་བདེ་བས་རྒྱས་འདེབས་མ་དམར་མོ་མདའ་གཞུ་འགེངས། །བདེ་བས་ཉོན་མོངས་པ་རྨོངས་པར་བྱེད་མ་དམར་མོ་ཁུ་ཚུར་འཁྱུད། །རྣམ་རྟོག་བདེ་བས་ཟ་བྱེད་སེར་མོ་ཁ་ཊྭཱཾ་ག །བདེ་བས་ཚེ་རིང་ཞིང་འཕེལ་བར་བྱེད་ལྗང་གུ་དྲིལ་བུ་ཐོགས། །མཐེབ་སྲིན་རྩེ་སྤྲད་ཨེ་ཡི་རྒྱ། །བདུད་རྩི་ཕུལ་ན་དངོས་གྲུབ་བླང་། །གཏོར་མ་རིན་ཆེན་འབར་བས་འབུལ་མཐེབ་མཛུབ་ཟླུམ་པོ་གུང་མོ་སྤྲད་གཞན་སོ་སོ། །རལ་གྲིའི་ཕྱག་རྒྱས་བསྒྲལ་བར་བྱ། །མཛུབ་མོ་གཉིས་ལྕགས་ཀྱུས་ལྟར་དགུག་རིག་མ་བཀུག་ལ་སྦྱར། །ཐོད་པས་སྙིམ་པ་བཀན་ནས་དམ་རྫས་བསྟབ་པར་བྱ། །དུག་གསུམ་མཆོད་པར་འབུལ་བ་ནི། །གཏི་མུག་མི་རྟོག་འདོད་ཆགས་བདེ་དང་ཞེ་སྡང་གསལ་བ་ཡི། །གཏི་མུག་ཤ་ཞེ་སྡང་རུས་འདོད་ཆགས་ཁྲག་ལ་བཟའ་བར་བྱ། །ཕྱག་ཏུ་རྡོ་རྗེ་དྲིལ་བུའི་འཛིན་པའི་ཕྱག་རྒྱ་མཐེ་བོ་ཐེའུ་ཆུང་སྦྲད་གསུམ་པོ་སྒྲེང་འཛིན། །ཡང་ན་དྲིལ་བུ་དང་ཅང་ཏེའུ་བསྣམས་པའི་སྒྲས། །བསྟོད་པ་མང་པོ་ནི་སྐུ་ལ་བསྟོད་པ་དང་གསུང་ལ་བསྟོད་པ་ཐུགས་ལ་བསྟོད་པ་ཡོན་ཏན་ལ་བསྟོད་པ་ལས་ལ་བསྟོད་པ། །ཆེ་བའི་ཁྱད་པར་ལ་བསྟོད་པ་རྣམས་ཀྱིས་བསྟོད། །ཐུགས་ཀྱི་མན་ངག་ཟབ་མོ་རྣམས། །རྩ་རླུང་བདུད་རྩིའི་ཡི་གེ་བསྒོམ། །ཐུགས་ཀྱི་མན་ངག་ཟབ་མོ་བསྒོམ་པར་བྱ་ན། གནས་པ་རྩ་འཁོར་ལོ་བཞི། གཡོ་བ་རླུང་བསྐྱོད་པས། ཁམས་བདུད་རྩི་འབེབས། སྔགས་ཡི་གེར་གྱུར་ནས་སླར་གསལ་བར་བྱེད་པ་སྟེ། སྣོད་ངན་ལ་རབ་ཏུ་གསང་བའོ། །རབ་ཏུ་གསང་བར་བྱ་བ་ཉིད། །དེ་ཡང་སྙོམས་འཇུག་བསྒོམ་པ་ནི། །སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་། །དར་དཀར་སྐུད་པ་སངས་རྒྱས་སྤྱན། །སྟོང་པ་ཆེན་པོའི་ཡེ་ཤེས་གསལ། །སྙིང་ག་ན་སའི་དྭངས་མ་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ནི་གདོད་མ་ནས་ཕུང་བོའི་རྟེན་བྱེད་པས་འབྱུང་བའི་དྭངས་མ་སྟེ། དེ་ལྟར་སྣང་སྟེ་ཡུམ་སངས་རྒྱས་སྤྱན་དུ་གསལ་ལོ། །དོན་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ་ཐམས་ཅད་ཀྱི་དབྱིངས་རྣམ་པར་དག་པའི་ངང་དུ་འགྱུར་བ་མེད་པའི་རྟེན་བྱེད་པའོ། །དར་དཀར་


DNG019_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུད་པ་དེ་ལ་ཁྲག་གི་དྭངས་མ་མཚལ་ལྕོག་ལ་མའི་ཁུ་བ་འདྲ་བས་གནས་པ་ནི་ཁྲག་གི་དྭངས་མ་རྒྱ་མཚལ་འདྲ། །གདོད་མ་ནས་ཕུང་པོ་ལོང་འདོགས་པས་འབྱུང་བའི་དྭངས་མ་སྟེ། ཆུ་ལྟར་སྣང་སྟེ་ཡུམ་མཱ་མ་ཀཱིའོ། །ཆུ་ཉིད་མཱ་མ་ཀཱི་ཡིན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྡུད། །མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཐམས་ཅད་བཀོད་པ་མེད་པའི་དབྱིངས་གཅིག་ཏུ་སྡུད་པའི་བདག་ཉིད་དོ། །དབུགས་ཀྱི་དྭངས་མ་ས་འོག་གསེར། །དེ་ལ་དབུགས་ཀྱི་དྭངས་མ་གསེར་ས་ལེ་སྦྲམ་ས་འོག་ན་ཡོད་པའི་རླངས་པ་ཙམ་གནས་པ་ནི་རླུང་ཉིད་དམ་ཚིག་སྒྲོལ་མ་ལ། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །གདོད་མ་ནས་ཕུང་པོ་ཡང་ཞིང་གཡོ་བའི་རྟེན་བྱེད་པའི་འབྱུང་བ་ཡང་རླུང་ལྟར་སྣང་སྟེ། ཡུམ་དམ་ཚིག་སྒྲོལ་མའོ། །དྲོད་དྭངས་མེ་ལོང་ཉི་མའི་ངད། །དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་གནས་པ་ནི། དཔེར་ན་མེ་ལོང་ཉི་མ་ལ་བཞག་པའི་ངད་སྤྲ་བ་ལ་བཏང་ན་མེ་འབར་བར་ནུས་པའོ། །སྨིན་བྱེད་མེ་ནི་སྒྲོན་མེའི་གོས། །དེ་ཉིད་ནི་གདོད་མ་ནས་ཕུང་པོ་སྨིན་པར་བྱེད་པའི་རང་བཞིན་ཏེ། འབྱུང་བ་མེ་ལྟར་སྣང་སྟེ་ཁ་དོག་སྣ་ལྔའོ། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོག་པའི་སྒྲོན་མ་ཡུམ་གོས་དཀར་མོའོ། །ཐིག་ལེ་ནམ་མཁའ་གསལ་བར་བྱེད། །དེའི་དཀྱིལ་ན་ཐིག་ལེ་ཆེན་པོ་བྱང་སེམས་བཞུགས་པ་ནི་དྭངས་མ་ཆེན་པོ་སྟེ། གདོད་མ་ནས་ཕུང་པོ་གསལ་བར་བྱེད་པའི་རྟེན་བྱེད་པ་སྟེ། འབྱུང་བའི་དྭངས་མ་སྟེ་རྩ་དེ་ནམ་མཁའ་ལྟར་སྣང་ངོ་། །དབྱིངས་ཕྱུག་མ་ཉིད་མེ་ལོང་གསལ། །དེ་ནི་ཐེག་པ་ཆེན་པོའི་ཡེ་ཤེས་ཏེ་ཡུམ་དབྱིངས་ཕྱུག་མ་ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བར་གོ་སྐབས་འབྱེད་པ། མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཡང་གསལ་བའོ། །ཐིག་ལེ་དེ་སྤྱིར་ཁམས་གསུམ་ཀུན་ལ་ཡོད་པ་དེ་ལ་ཁྱད་པར་རྣལ་འབྱོར་པ་ཐབས་ཤེས་སྙོམས་འཇུག་བྱེད་པ་ལ་ཡོད་དེ་བྱང་སེམས་ཀྱི་རང་བཞིན་དེ་ལ་རྒྱུན་དུ་བལྟ་ཞིང་དགུག་པར་བྱའོ། །དེ་ལ་བལྟས་ནས་བསྒོམས་ན་ཐ་དད་མེད། །དེ་ལས་དེ་ཉིད་ཁོ་ནའི་ཐིག་ལེ་སེམས། །ཡི་གེ་འོད་དུ་ཞུ་ནས་རང་བཞིན་མེད། །དེ་ལྟར་བསྒོམས་ན་ཅི་འོང་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་ལས་འོང་སྟེ། ནམ་མཁའི་གཟུགས་སུ་སྐྱེ་བ་འོང་སྟེ་རྣལ་འབྱོར་ཆེན་པོ་ཁམས་གསུམ་ཐམས་ཅད་ཐ་དད་པ་མ་ཡིན་པར་འགྱུར་རོ། །གང་ལས་འབྱུང་ན་ཐིག་ལེ་ཆེན་པོ་དེ་རྒྱུན་མ་ཆད་པ་ལས་འབྱུང་ངོ་། །དེ་བྱུང་ན་ཅི་ཡོད་ན། ཐིག་ལེ་བྱང་སེམས་ལས་སུ་རུང་སྟེ་འོད་ཅན་དུ་གྱུར་ཙ་ན་ཨོཾ་གྱི་གོང་དང་འོག་ན་ཨ་དང་ནྲྀ། ཨཱཿའི་


DNG019_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དང་འོག་ན་སུ་དང་ཏྲི། ཧཱུྃ་གི་གོང་དང་འོག་ན་པྲེ་དང་དུ་གནས་པ་འོད་དུ་འབར་ཏེ། ཐིག་ལེ་རང་བཞིན་མེད་པར་འགྲོ། དེ་བས་ན་ཨོཾ་ཨཱཿཧཱུྃ་བཟླས་པ། ཨ་ནྲྀ་སུ་ཏྲི་པྲེ་དུ་འཁོར་བ་སྟེ། འཁོར་འདས་དབྱེར་མེད་པར་གྱུར་ནས་རང་བཞིན་མེད་པར་བདེ་བ་འཆར་རོ། །དར་དཀར་སྐུད་པ་རྒྱ་མཚལ་ལྕོག་ལ་ཙམ། །དབུགས་ཀྱི་དྭངས་མ་མེ་ལོང་ཉི་མའི་དྲོད། །ཐིག་ལེ་ཆེན་པོ་གསེར་ཞུན་འདྲ་བ་དང་། །ཐིག་ལེ་རང་བཞིན་མེད་པས་རྩ་དར་དཀར་གྱི་སྐུད་པ་འདྲ་བ་རྟ་རྔ་བཅུ་ཚལ་ཙམ་ལ་མཚལ་ལྕོག་ལ་མའི་དྭངས་མ་གནས་པ་བདེ་བ་ཆེན་པོ་འཆར་བར་བྱེད་པ་ཡིན་ཏེ། དེ་འོད་དུ་འབར་བས་དེ་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་ཙམ་ཞིག་གནས་པ་ནི། བདེ་བ་ཆེན་པོ་གཡོ་བར་བྱེད་པ་སྟེ། དེ་འོད་དུ་འབར། དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་གནས་ཏེ་བདེ་བ་ཆེན་པོའི་དབྱིངས་སུ་བསྐྱོད་པའི་རང་བཞིན་ནོ། །དེའི་དཀྱིལ་ན་ཐིག་ལེ་བྱང་སེམས་ཐེག་པ་ཆེན་པོའི་ཡེ་ཤེས་ཡུམ་ཀུན་ཏུ་བཟང་མོར་སྣང་སྟེ། དེ་ཡང་ཐིག་ལེ་གསེར་ཞུན་མ་འདྲ་བ་ནི་ཤེས་རབ་སྟེ། ཡུམ་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །དེ་ལྟར་ན་འབྱུང་བ་ལྔའི་དྭངས་མ་ཡུམ་ལྔའི་རང་བཞིན་གྱིས་གདོད་མ་ནས་ཕུང་པོ་བསྐྱེད་པར་བྱེད་པར་གནས་སོ། །དེ་ལ་རིན་ཆེན་ཟེའུ་བཅུག་པ་འདྲ་བའི་ནི། །ཐབས་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་ཡབ་རྣམས་ཀྱི་ངོ་བོའོ། །དེ་ཡང་རིན་ཆེན་ཀེ་ཀེ་རུ་གདང་བཏགས་པ་འདྲ་བ་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་བྱང་ཆུབ་སེམས་ལ་བལྟས་མཐོང་མེད་པའི་ཚུལ་དུ་མཐོང་སྟེ། །ཡུམ་ཉིད་གང་ཡིན་ཡབ་ཉིད་དེ་ཡབ་གང་ཡིན་པ་ཡུམ་སྟེ། །ཐ་དད་མ་ཡིན་པ་འོད་ཅན་དུ་མཐོང་ངོ་། །ཐིག་ལེ་དྭངས་མ་རང་བཞིན་མེད། །ནམ་མཁའི་གཟུགས་སུ་ཁམས་གསུམ་ཀུན། །དེ་གང་ལ་ཡོད་ན་ཐིག་ལེ་ལ་ཡོད་དེ། དྭངས་མ་ཆེན་པོ་ཉིད་ཀྱང་རང་བཞིན་མེད་པར་སོང་སྟེ་ནམ་མཁའི་གཟུགས་སུ་སྐྱེས་ཙམ་ནས་ཁམས་གསུམ་ཐམས་ཅད་སོ་སོ་མ་ཡིན་པ། ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནམ་མཁའི་གཟུགས་སུ་བྱུང་བ་ལ། དེ་ལྟར་ནམ་མཁའི་གཟུགས་སུ་སྐྱེས་པ་ཉིད་ཐིག་ལེ་བྱང་སེམས་ཡིན་ཏེ་ཆོས་ཀྱི་སྐུའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་བསྒོམ་པ་འདི་དང་། གོང་དུ་དཔལ་ཆེན་པོའི་རང་བཞིན་བསྟན་པ་ནས་གནས་ཚུལ་རྣལ་འབྱོར་ཟབ་མོར་བཤད་པ་གཉིས་འདྲེལ་ཏེ་རྒྱུད་རྒྱུད་ཀྱིས་བཤད་པར་བྱའོ། །ལུང་ལུང་གིས་བཤད་པར་བྱའོ། །མན་ངག་མན་ངག་གིས་བཤད་པར་བྱའོ། །ཆོས་ཀྱི་སྐུ་ལ་རབ་ཏུ་གནས། །གང་ན་གནས་ན་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་གཉིས་ཀྱི་


DNG019_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་ཉི་མ་ལ་གནས། གང་ལ་གནས་ན་ཡུམ་ཀུན་ཏུ་བཟང་མོ་གསང་བ་ཤེས་རབ་ཀྱི་རང་བཞིན་ཐིག་ལེར་གནས་ཏེ་དེ་ཁོ་ན་ཆོས་ཀྱི་གནས་སམ་དབྱིངས་ཡིན་ནོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཉིད། །དྲུག་ཅུ་རྩ་གཉིས་ཀུན་བཟང་མོ། །ཐབས་དང་ཤེས་རབ་རང་བཞིན་བཞུགས། །རང་བཞིན་ཇི་ལྟ་བུ་ཡིན་ན། ཤེས་རབ་དང་ཐབས་ཏེ་ཐིག་ལེ་ལས་བྱུང་བ་ཐམས་ཅད་མཚན་ཉིད་འཛིན་པ་ནི་ཡབ་རྣམས་ཏེ་ཐབས་སོ། །ཐིག་ལེ་རང་བཞིན་མེད་སྟེ། ཆོས་ཀྱི་དབྱིངས་ཡིན་པ་ནི་ཤེས་རབ་སྟེ་ཡུམ་རྣམས་སོ། །ཁམས་གསུམ་སླར་ཡང་རྒྱས་བཏབ་པས། །དེ་ལྟར་ཐབས་ཤེས་དབྱེར་མེད་པའི་ཐིག་ལེ་ལ་བཞུགས་པ་ལ། ཐིག་ལེ་དེ་ལས་གཟུགས་དང་ཁམས་གསུམ་ཐམས་ཅད་འབྱུང་བ་ཡིན་ཏེ། འབྱུང་བ་དེ་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་དུ་མ་གྱུར་པ་མེད་དོ། །དཀྱིལ་འཁོར་དུ་གྱུར་པ་དེ་ཐམས་ཅད་ཀྱང་སླར་ཐིག་ལེ་ཆོས་ཀྱི་དབྱིངས་ཡིན་པས་ཀུན་ཏུ་རྒྱས་བཏབ་བོ། །དེ་ལ་ཡེ་ཤེས་ལྔ་ནི་ལྷུན་གྱིས་གྲུབ་སྟེ་གནས་པ་ལ་ཡེ་ཤེས་ལྔ་ལ་བལྟ་ཞིང་བསྒོམ་མོ། །ཆོས་འཁོར་དྭངས་མའི་དྲོད་ཕབ་ནས། །ཀུན་ཏུ་བཟང་མོ་ཐུར་དུ་འཕྲོ། །དེའི་དྲོད་མར་ལ་ཕབ་སྟེ་ཀུན་ཏུ་བཟང་མོའི་རང་བཞིན་ཐིག་ལེ་འོག་མ་ལ་ཐིམ་ལ་ཐུར་དུ་འཕྲོ་ཞེས་བྱ། ཀུན་ཏུ་བཟང་མོ་དྲོད་ཀྱི་རང་བཞིན་གྱིས་ཐིག་ལེ་གྱེན་དུ་འབར་ཏེ། སྙིང་གའི་དྭངས་མ་ཆེན་པོ་ལ་ཐིམ་པ་ལ་གྱེན་དུ་འབར་བ་ཞེས་བྱ། གོང་གི་དྭངས་མ་ཆེན་པོ་ལ་འོད་ཅན་དུ་གྱུར་ནས། །དྭངས་མ་གསེར་སྦྲམ་རྒྱུ་བ་མེད། །དེས་དྭངས་མ་ཆེན་པོ་གསེར་ས་འོག་ན་ཡོད་པའི་རླངས་པ་ཙམ་གནས་པ་དེ་འོད་དུ་འབར་ནས་ཐིག་ལེ་འོད་ཅན་དུ་གྱུར་ནས་དབུགས་ཀྱི་གཞི་མེད་པ་དེས་ཇེ་ཞན་ཇེ་ཞན་ནས་རྒྱུ་བ་མེད་དེ་མེད་ན་དེའི་འབྲས་བུ་རྒྱུ་བ་མེད་དེ། བདེ་བ་ཆེན་པོར་གནས་པ་ལས། བདེ་བ་ཆེན་པོར་མཆེད་པ་ཞེས་བྱའོ། །བདེ་བ་མཆེད་བསྐུལ་ཐིག་ལེ་མཉམ། །བདེ་བ་ཆེན་པོའི་དྲོད་དེས་གོང་གི་ཐིག་ལེ་ལ་ཐིམ་པས་ཐིག་ལེ་འོད་དུ་འབར་བ་ལ་བསྐུལ་བར་བྱས་པས་ཐིག་ལེ་གོང་འོག་མཉམ་པར་སྦྱོར་བའོ། །མགྲིན་པ་ལོངས་སྤྱོད་བཅུ་དྲུག་དཀྱིལ། །མཉམ་སྦྱོར་དྲོད་ཀུན་བདེ་ཆེན་རོ། །དཔལ་ཆེན་པོའི་འོད་དེས་མགྲིན་པ་ལོངས་སྤྱོད་ལ་མཉམ་པར་སྦྱོར་ཏེ། དེ་གང་ལ་བཞུགས་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དཀྱིལ་ན་པདྨའི་གེ་སར་ལ་བཞུགས་པའི་ཐིག་ལེའོ། །དེའི་འོག་གི་དྲོད་ཀྱིས་བསྐུལ་བས་འོད་དུ་འབར་བ་དེ་བདེ་བ་ཆེན་པོ་ལ་གནས་པ་ལ། བདེ་བ་ཆེན་པོའི་རོ་ཞེས་བྱའོ། །དགྱེས་སྟོབས་བདེ་བའི་ཕྲིན་ལས་འཕྲོ། །ཤེས་བྱ་བྱུང་ཟད་གཟིགས་མོར་རོལ། །དེས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་སྟེ་དེ་ལས་ཕྱིར་མི་


DNG019_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ལ་དགྱེས་པ་ཆེན་པོ་སྟོབ་པར་བྱ་ཞེས་བྱ། ཤེས་བྱ་ཡུལ་ཡིན་ལས་འབྱུང་ས་རྟོགས་པ་ཡིན་ཏེ་ཟད་པ་ཐིག་ལེ་འོད་ཅན་ཡིན་ཏེ་འོད་དང་ཐིག་ལེ་དེ་ལ་རྣམ་པར་རྟོགས་པ་ཟད་པའི་ཡེ་ཤེས་ཞེས་བྱ། ཐིག་ལེ་དེ་ཉིད་རང་བཞིན་མེད་དེ་བདེ་བ་ཆེན་པོ་ཉིད་སྣང་སྟེ། བདེ་བ་ཆེན་པོ་དེའི་འོད་ལ་རོལ་མོ་ཞེས་བྱ། རོལ་མོ་ལ་གཟིགས་མོ་ཞེས་དེས་བདེ་བ་ཆེན་པོའི་གནས་དང་ཐིག་ལེ་བཞུགས་པ་ལ་ཕོག་གོ། །སྤྱི་བོ་བདེ་བ་ཆེན་པོ་ན། །སུམ་ཅུ་རྩ་གཉིས་ནམ་མཁར་སོང་། །ཆོས་སྐུ་ཕྱོགས་དུས་སྐུ་གསུང་ཐུགས། །གཉིས་འདྲེས་ཀུན་དངོས་བདག་གྱུར་པ། །སྐུར་གྱུར་ཞལ་མཐོང་དབང་བསྒྱུར་གྲུབ། །མགྲིན་པ་ནས་ནམ་མཁར་སོང་བས་རྩ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་ན་ཟླ་བ་ལ་ཐིག་ལེ་བྱང་སེམས་གནས་སོ། །ཐིག་ལེ་དེ་ནི་སངས་རྒྱས་ཀུན་གྱི་དངོས་པོ་ཡང་ཡིན། དེ་ནི་ཆོས་ཀྱི་སྐུ་སྟེ་གཙོ་བོའི་ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་དུ་རྫོགས་སངས་རྒྱས་ཡང་ཐིག་ལེ་དེ་ཉིད་ཡིན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱང་ཐིག་ལེ་དེ་ཉིད་ཡིན། འདི་དང་མགྲིན་པའི་ཐིག་ལེའི་འོད་དེས་བདེ་བ་ཆེན་པོའི་ཐིག་ལེ་ལ་ཕོག་པས་འོད་དུ་ཞུ་ནས་སྤྱི་བླུགས་སུ་གྱུར་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་ཁམས་གསུམ་ཐམས་ཅད་སོ་སོ་མ་ཡིན་པར་གྱུར་ཏེ། ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེས་ཏེ་ཆོས་སྐུར་གྱུར་པ་ལ། ཀུན་གྱི་དངོས་པོར་བདག་གྱུར་པ་ཞེས་བྱའོ། །ཡེ་ཤེས་ཏིང་འཛིན་ཚོགས་གཉིས་རྒྱན། །དེ་ལྟར་འབྱོར་པ་ཆོས་སྐུར་གྱུར་ནས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་གཅིག་ཏུ་མཐོང་བ་ནི་རྣལ་འབྱོར་གང་ལྟར་ལས་སུ་རུང་ཕྱིན་ཆད་ཚེ་ལ་དབང་བ་ལ་སོགས་པ་གང་དགའ་བ་ལ་དབང་བསྒྱུར། དེ་ལྟར་གྲུབ་པ་དེ་ཡང་གཞན་མ་ཡིན། བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་པ་དེ་ལ་ལྷག་པའི་ཏིང་འཛིན་དེ་ལྟ་བུ་དཀྱིལ་འཁོར་དུ་གྱུར་པའོ། །དེ་ལ་ཚོགས་གཉིས་སུ་རྫོགས་པའི་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་དེས། ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པས་དེའི་ལོངས་སྤྱོད་དུ་མ་གྱུར་པའམ་རྒྱན་དུ་མ་གྱུར་པ་མེད་པས་རྒྱན་དུ་ཆེ་ཞེས་བྱའོ། །རོ་རྐྱང་ཀུན་འདར་འཁོར་འདས་རྩ། །སྲོག་ཤིང་རྣམ་པ་གསུམ་པོ་ལ། །སེམས་ཅན་གྱི་དོན་ཡང་མཛད་པ་ནི་གཡས་རོ་མ་གཟུང་བའི་རྩ་གཡོན་རྐྱང་མ་འཛིན་པའི་རྩ་སྟེ། དེ་གཉིས་འཁོར་བའོ། །དབུས་ཀུན་འདར་མ་གཟུང་འཛིན་སྤངས་པ་སྟེ་མྱ་ངན་ལས་འདས་པའི་རྩ་བ་ཐིག་ལེ་ཚུད་པས་སོ། །གཉིས་རྫོགས་སངས་རྒྱས་ཐུགས་རྗེ་ཡིས། །ཐིག་ལེ་ལས་སུ་རུང་ན་ཆོས་སྐུར་གྱུར་པ་དེ་ནི། ཚོགས་རྣམ་པ་གཉིས་རྫོགས་པ་ལས་བྱུང་བ་སྟེ་ཡེ་ཤེས་ཚོགས་ལས་ཆོས་སྐུར་བྱུང་བསོད་ནམས་ཚོགས་ལས་གཟུགས་སྐུར་བྱུང་ནས་དེ་ལྟ་བུའི་རྣལ་འབྱོར་པ་དེས་ནི། སྒྱུ་མའི་


DNG019_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྦྱོར་སྒྲོལ་འདུལ། །སྙིང་རྗེ་ཆེན་པོས་ཕྱོགས་བཅུ་དུས་བཞིའི་སེམས་ཅན་ཐམས་ཅད་ལ་རྨི་ལམ་སྒྱུ་མ་ལྟ་བུས་དོན་བྱེད་དེ་ཞིང་བཅུ་སྒྲོལ་གཟུངས་མ་ལ་སྦྱོར་སེམས་ཅན་རྣམས་འདུལ་ལོ། །འདུ་འཛི་གཡེང་བ་རབ་སྤངས་ནས། །མན་ངག་འདི་ལ་རྣལ་འབྱོར་པས་ཕྱི་ནང་འདུ་འཛིའི་གཡེང་བ་རྣམས་སྤངས་ནས་དུས་རྟག་ཏུ་མ་ཡེངས་པར་བསྒོམས་པས་ན། ཐིག་ལེ་འདི་ལ་བསྒོམ་པར་བྱ། །རང་ལུས་ལ་ཐིག་ལེ་བྱང་སེམས་གནས་པ་ལ་གནས་པར་ཤེས་པར་བྱས་ནས་བསྒོམས་ན་རང་རིག་པའི་དོན་མངོན་དུ་གྱུར་ནས་སངས་རྒྱས་ཏེ། སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །དེས་ནི་སྒྲུབ་པ་པོ་དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་དང་དེའི་སྲས། །བྱང་ཆུབ་སེམས་དཔས་ཐམས་ཅད་ཀྱི་བྱིན་གྱིས་རློབ། །མཁའ་འགྲོ་ཡབ་དཔའ་བོ་དཔའ་མོ་མཁའ་འགྲོ་མ་ཡུམ་ཀུན་གྱི་ལུས་ལ། །བདེ་བ་ཆེན་པོའི་བསྐྱེད་པར་བྱེད་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ནས་ཕྱོགས་བཅུ་དུས་གསུམ་གྱི་ཁྲོ་བོ་མ་ལུས་པ་ཐམས་ཅད་རྣམས། དཔལ་བཛྲ་ཧེ་རུ་ཀའི་ཚོགས་སུ་གྱུར་པས་ན་ཧེ་རུ་ཀའི་ཡོན་ཏན་ལས་གདུལ་བྱ་ལ་སྐུ་ཅིར་ཡང་སྣང་བ་དང་། འཁོར་མང་པོ་དང་། རཱུ་ཏྲ་ལ་སོགས་པའི་དབང་མོ་དང་། གནས་བཅུ་དང་། དུར་ཁྲོད་བརྒྱད་དུ་ཡང་སྣང་བའོ། །ཡོན་ཏན་གྱི་དཀྱིལ་འཁོར་དུ་མ་གྱུར་པ་མེད་པ་འདི་གསུངས་སོ། །དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི། །གཡས་དཀར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མཚོན་གཡོན་དམར་མཚན་མ་མེད་པ་མཚོན་མཐིང་གའི་ཞལ་སྨོན་པ་མེད་པ། །དང་པོ་རྡོ་རྗེ་རྩེ་དགུ་གཡས་ཁམས་གསུམ་ས་དགུའི་སྒྲིབ་པ་མ་ལུས་པ་འཇོམས་པས། །བར་མ་རྩེ་ལྔ་ཡེ་ཤེས་ལྔས་རྒྱུད་ལྔའི་ཉོན་མོངས་པ་འཇོམས་པས་ཐ་མ་ཞིང་དབྱུག་གིས་མ་མོ་དབང་དུ་སྡུད། །དང་པོ་དྲིལ་བུ་ཆོས་སྒྲ་སྒྲོགས་པས་ཐོད་ཁྲག་བར་བདུད་རྩིར་རོལ་པས། །ཐ་མ་འཇིག་རྟེན་གཡོན་པ་ན་འཇིག་རྟེན་རྒྱང་མར་འཕེན་པས་གནས་སྤོར་བས། །ཁྲོ་མོ་དབྱིངས་ཕྱུག་སྐུ་ལ་འཁྲིལ། །ཡུམ་ཆོས་ཀྱི་དབྱིངས་ཡིན་པས་དབྱིངས་ཡེ་ཤེས་ལ་ཆགས་པའོ། །རྡོ་རྗེ་ས་འཇོམས་གཡས་དུག་གསུམ་བཅོམ་ནས་གསོལ་བས་ལ་ཐོད་པ་གཡོན། །དེ་ཡི་འཁོར་གྱི་སྐུ་སངས་རྒྱས་ལ་དབུ་བྱོལ་སོང་དུ་སྤྲུལ་པས་ན་ཕྲ་མེན་མ། །སེང་གེའི་དབུ་སིང་ཧ་ཕྱག་གྱེན་དུ་བསྣོལ་ཏེ་ཁ་ན་རོ་འཛིན་ཁ་རོ་བསྣོལ་སྐུ་མདོག་སེར་སེང་། །སྟག་གི་དབུ་བྱ་གྷྲཱི་གནན་ལྟ་ཕྱག་གཉིས་མཁྲིག་མ་ཐུར་དུ་བསྣོལ་བསྣོལ་སྐུ་མདོག་དམར་སྟག །ཝའི་དབུ་སྲྀ་ལ་སྐུ་མདོག་ནག་མོ་


DNG019_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གི་ཁོག་པ་ཁ་ཕྱེ་ནས་ལྡག་ཝ། །སྤྱང་ཀིའི་དབུ་ཤྭ་ན་ཞིང་གི་ཁོག་པ་འདྲལ་ནས་ལྟ་སྐུ་མདོག་མཐིང་ག་ཁྱི་སྤྱང་ཡང་། །བྱ་རྒོད་དབུ་གྲྀ་ཌྷ་གཡས་གྲི་གཡོན་ཐོད་པ་དམར་རྒྱུ་མ་འདྲེན་ཁ་དོག་དཀར་འདྲེན་རྒོད། །དུར་བྱ་ཀང་ཀ་འི་དབུ་ཞིང་ཕྲག་སྐུ་མདོག་སྐྱ་སྣར་ཁུག་ཆོས་འདྲ་མགོ་རིང་། །བྱ་རོག་ཀཱ་ཀ་ཁ་ན་རོ་ཕྱག་ན་བྷན་དྷ་དང་རལ་གྲི་མདོག་ནག །འུག་པ་ཨུ་ལཱུ་སྐུ་མདོག་སྣ་ཚོགས་པ་ཁྲ་མོ་ཕྱག་ན་དུང་ལྕགས་ཀྱུའོ། །འུག །འདི་གཞན་ན། ཨུ་ལཱུ་མཐིང་ག་རྡོ་རྒྱུ་འུག །བྱུང་བ་བརྟག །ལྷ་དགུའི་དཀྱིལ་འཁོར་དཔལ་ཆེན་པོ་ལ་ཕྱོགས་བཞི་ན་མཆེ་བ་ཅན། མཚམས་བཞི་ན་གཤོག་པ་ཅན་ནོ། །གསལ་བར་ཤར། །ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་པ་ལ་སོགས་དང་བསྟོད་པ་འབུལ། །ཡང་ན་གདུལ་བྱའི་ངོ་སྣང་ལ། །དབུས་ཀྱི་ཁྲག་འཐུང་སྐུ་མདོག་མཐིང་ནག་ཆོས་སྐུ་ཆོས་ཉིད་འགྱུར་བ་མེད་པ་ལ་མངའ་བརྙེས་པས་ཆོས་ཀྱི་སྐུ་དང་སྦྱར། །ཉེས་པ་དང་བྲལ་བ་གཡས་པ་དཀར་ལ་ལོངས་སྐུ་གཡོན་པ་དམར་ཐུགས་རྗེས་ཆགས་པ་སྤྲུལ་སྐུ། །གཡས་ཀྱི་དང་པོ་ཁ་ཊྭཱཾ་ག་དུག་གསུམ་གཏན་ནས་འཇོམས་པ། །བར་མ་རྡོ་རྗེ་མ་རིག་པ་གཏན་འཇོམས་རྔེའུ་ཆུང་རྨད་བྱུང་ཆོས་སྒྲ་སྒྲོགས་པའི་དྲིལ་བུ་འོག །གཡོན་པ་མ་མོ་ལས་ལ་འབོད་པའི་ཏི་རིའི་ཞིང་གི་དབྱུག་པ་འཕྱར། །བར་མ་དུག་ལྔ་དུག་གསུམ་བདུད་རྩི་ཆེན་པོར་ལོངས་སྤྱོད་པས་ན་དུང་ཆེན་རཀྟ་གསོལ། །ཐ་མ་རྒྱུད་དྲུག་འཁོར་བར་གནས་ནས་འདྲེན་པར་མཛད་པས་བ་སུ་ཏ་ཡི་ཞགས། །ཞགས་བཞི་ཡབ་ཐབས་ལ་ཡུམ་ནི་ཤེས་རབ་སྦྱོར་བས་སྐུ་ལ་འཁྲིལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན། །དེ་ཡི་འཁོར་ན་གནས་པ་ནི། །ཤར་གྱི་ནི་དབུ་རྟ་གདོང་སྐུ་མདོག་སྔོན་མོ་ཕྱག་ན་ལྕགས་ཀྱུ་འཛིན་པའོ། །ལྷོ་ན་ཕག་གདོང་སྐུ་མདོག་ནག་མོ་ཕྱག་ན་མཆེ་ཞགས་ཅན། །ནུབ་ན་སྤྲེའུའི་དབུ་ཅན་ཕྱག་མཚན་ལྕགས་སྒྲོག་སྐུ་མདོག་དམར་མོ་ཉི་ཟླའི་སྤྱན། །བྱང་ན་སྤྱང་གདོང་མ་ཐལ་བྱེད་ཕྱག་མཚན་དྲིལ་བུ་སྐུ་མདོག་སྣ་ཚོགས་པའི་མདོག །ཤར་ལྷོ་ན་ལྕགས་ཀྱུ་མ་འཚོ་བྱེད་སྐུ་མདོག་དཀར་མོ་ཨཾ་ཀུ་ཤ་འགུགས་མ། །ལྷོ་ནུབ་ན་འཆིང་བྱེད་སྐུ་མདོག་སེར་མོ་པཱ་ཤ་ཧཱུྃ་འཆིང་བ། །ནུབ་བྱང་ན་རླག་བྱེད་སྐུ་མདོག་དམར་ནག་སྥོ་ཊ་བཾ་ལྕགས་སྒྲོག། །བྱང་ཤར་ན་རླུང་འབྱིན་སྐུ་མདོག་ལྗང་གུ་གྷཎྜ་ཧོཿ དྲིལ་བུ་དགྱེས་པ་བསྐྱེད་དོ། །


DNG019_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ལྷ་དགུ་རྣམ་པར་གསལ། །རང་བཞིན་དཀྱིལ་འཁོར་བསྐྱེད་བྱས་ལ། །གྲོལ་ལམ་གྱི་དབང་དུ་ན་ཡེ་ནས་རྒྱལ་བའི་རང་བཞིན་ཡིན་པར་ཤེས་ནས། རང་བཞིན་དཀྱིལ་འཁོར་འོག་མིན་གནས་ནས་སྤྱན་དྲངས་པ་གཞུག་པར་བྱ། །གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་འདུལ་ཕྱིར་འདི་ལྟར་སྣང་། །ཞལ་དབུས་མ་མི་འགྱུར་བ་ཀྱི་ཧེ་རུ་ཀ་ནི་སྔོ། །གཡས་པ་ཉེས་པ་དང་བྲལ་བས་དཀར་ལ་གཡོན་པ་དམར་སྙིང་རྗེ་ཆགས་པས། །ཕྱག་དྲུག་ཕ་རོལ་ཕྱིན་དྲུག་དང་ལྡན་པས་ཕྱག་ན་བསྣམས་པ་ནི། །བརྩོན་འགྲུས་རྩོམ་ཁ་ཊྭཱཾ་ཐོད་པ་སྦྱིན་པ་གཏོང་དྲིལ་བུ་དང་ཤེས་རབ་བོ། །ཅང་ཏེའུ་ཚུལ་ཁྲིམས་སྙན་ཞགས་པ་བཟོད་པས་འཆིང་ལྕགས་ཀྱུ་བསམ་གཏན་གྱིས་འདྲེན་ཐོགས། །ཡབ་ཐབས་སྙིང་རྗེ་ཆེན་པོ་ཡུམ་ཤེས་རབ་སྟོང་པ་དང་གཉིས་སུ་མེད་པར་འཁྲིལ། །གཡས་རྡོ་རྗེ་ཡབ་ལ་འཁྱུད་གཡོན་ཐོད་པ་ཡང་དག་ལྡན། །ཤར་དུ་གཽ་རཱི་དཀར་མོ་གཡས་སེར་དབུས་སྔོ་གཡོན་ལྗང་། །མ་མོ་བརྒྱད་པོ་འདི་དག་ཞལ་གསུམ་ཕྱག་དྲུག་པ་སྟེ་ཕྱག་མཚན་ཐམས་ཅད་གཙོ་བོ་དང་མཐུན་པའོ། །ལྷོ་རུ་བེ་ཏཱ་ཐལ་བྱེད་མ་གཡས་དཀར་དབུས་སྔོ་གཡོན་ལྗང་། །ནུབ་ཏུ་པྲ་མོ་རྨོངས་མོ་གཡས་སྔོ་དབུས་སེར་གཡོན་ལྗང་། །བྱང་དུ་ཙཽ་རཱི་རྐུན་མོ། གཡས་ལྗང་དབུས་སེར་གཡོན་དམར། །ཤར་ལྷོ་པུཀྐ་སྦོས་མོ་གཡས་དཀར་སེར་དབུས་ལྗང་དམར་གཡོན་སྨུག་ནག་སྣ་ཚོགས་མདོག །ལྷོ་ནུབ་ཙཎྜ་གཏུམ་མོ་གཡས་ལྗང་དབུས་སྔོ་གཡོན་སེར། །ནུབ་བྱང་གྷསྨ་སྨེ་ཤ་ཅན་གཡས་དུང་དབུས་སྔོ་གཡོན་ལྗང་། །བྱང་ཤར་སྨ་ཤ་དུར་ཁྲོད་མ་གཡས་དམར་དབུས་སྔོ་གཡོན་ལྗང་། །ལྷ་དགུ་དམ་ཚིག་དཀྱིལ་འཁོར་ལ། །ཐབས་ལམ་དབང་དུ་དམ་ཚིག་ལྷ་བླ་མའི་ཐུགས་ལ་བསྡིམ་པའོ། །ཡེ་ཤེས་དཀྱིལ་འཁོར་གཞུག་པའོ། །ཡེ་ཤེས་ཀྱི་ལྷ་འོག་མིན་གནས་ནས་སྤྱན་དྲང་བའོ། །ཡང་ནི་གདུལ་བྱ་ལ་སྣང་བ། །ཞལ་བཞི་ཕྲིན་ལས་ཀྱི་བཞི་མཛད་པ་སྟེ་མཐིང་ག་དྲག་པོ་དབུས་ཀྱི་སྐུ། །གཡས་པ་དབང་གིས་དམར་ལ་གཡོན་པ་ཞི་བ་དཀར། །སྟེང་གི་ཞལ་ནི་རྒྱས་པ་སེར་པོར་བཞུགས། །ཕྱག་བརྒྱད་གཡས་དང་གཡོན་པ་ན། །འཁོར་བ་ལས་རྒྱལ་བས་སྟོང་འཁོར་ལོས་སྒྱུར་བའི་པགས་པ་ཕྱག་གིས་བརྒྱངས་པའོ། །རྒྱལ་བའི་པགས་པ་འཛིན་པ་ལ། །གཡོན་གཉིས་པ་ཐོད་


DNG019_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ནི་གཡས་གཉིས་པ་ཁ་ཊྭཱཾ་འཛིན། །གཡས་གསུམ་པ་བྷནྡྷ་གཡས་བཞི་པ་རྡོ་རྗེ་གཡོན་གསུམ་པ་ཞགས་པ་དང་། །གཡོན་ཚངས་པའི་མགོ་བོ་བརྒྱད་པའོ། །དེ་འདྲའི་སྐུ་ལ་ཡུམ་ཕག་མོ་དམར་མོ་འཁྲིལ། །ཡང་ནི་འདུལ་ཕྱིར་ཧེ་རུ་ཀ །ཚད་མེད་བཞི་ཞལ་བཞི་ཕྲིན་ལས་ཕྱག་བཞི་རྫུ་འཕྲུལ་གྱི་ཞབས་བཞི་པ། །གཡས་དཀར་བྱམས་པ་གཡོན་ལྗང་སྙིང་རྗེ་སྟེང་མ་དཀར་དགའ་བ། །དབུས་མ་སྔོན་པོ་བཏང་སྙོམས་སྐུ་དང་མཐུན། །ཡེ་ཤེས་རྡོ་རྗེ་དབྱིངས་དྲིལ་བུས་ཡུམ་ལ་འཁྱུད། །གཡོན་འོག་མ་ཐོད་པ་དང་ནི་གཡས་འོག་མ་ཁ་ཊྭཱཾ་འཛིན། །ཡང་ནི་གདུལ་བྱ་འདུལ་བའི་ཕྱིར། །ཞལ་བརྒྱད་པ་རྣམ་པར་ཐར་པ་བརྒྱད་ལ་བཅུ་དྲུག་ཕྱག་དགའ་བ་བཅུ་དྲུག། །དབུས་སྐུ་དང་མཐུན་པར་སྔོ་གཡས་པ་ཞི་དཀར་རྒྱས་སེར་དབང་དམར་བའོ། །གཡོན་ཞལ་ཞི་དཀར་དང་དྲག་སྔོ་དང་རྒྱས་སེར། །སྟེང་གི་ཞལ་ནི་དབང་དུ་བྱེད་པ་དམར་པོ་ཡིན། །ན་ར་མི་ལ་འཇུག་ན་རའི་པགས་པ་སྟེང་དུ་སྟེ་གླང་པོའི་ཀོ་རློན་རྒྱངས་ནས་འཛིན། །གཡས་རྡོ་རྗེ་གཡོན་དྲིལ་བུའི་ཕྱག་རྒྱ་ཅན། །གཡས་ཐོད་པ་དང་ནི་གཡོན་ཁ་ཊྭཱཾ་འཛིན། །གཡས་རལ་གྲི་གཡོན་ལྕགས་ཀྱུ་རྣམ་པར་འཆང་བའོ། །གཡས་སྡིགས་མཛུབ་ཞགས་བཅས་གཡོན་འཁོར་ལོ་དང་། །གཡས་ཡིད་བཞིན་རིན་ཆེན་གཡོན་ཐོ་བ་དང་། །གཡས་མདུང་ཐུང་དང་ནི་གཡོན་རལ་གྲི་དང་། །གཡས་མགོ་དང་གཡོན་ཅང་ཏེའུ་རྣམ་པར་བསྣམས། །སྐུ་ལ་རྡོ་རྗེ་ཡུམ་དང་གཉིས་མེད་འཁྲིལ་བ་ལ། །ཤར་ན་འཁོར་འདོད་པའི་ཁྲོ་བོ་ཐོད་པ་སྔོ། །ལྷོ་ན་སྟོབས་ནི་དུད་ཀ་རྡོ་རྗེ་གཏོད། །ནུབ་མི་གཡོ་ངུར་སྨྲིག་སྡིགས་མཛུབ་ཅན། །བྱང་རྡོ་རྗེ་མདོག་དམར་ཁ་ཊྭཱཾ་འཛིན། །ཞལ་ནས་སུམྦྷའི་གསང་སྔགས་འདོན། །ཡང་ནི་གདུལ་བྱ་དག་ལ་སྣང་། །ཞལ་བཞི་པ་ལ་བཅུ་དྲུག་ཕྱག །གཡས་ཞི་དཀར་གཡོན་དབང་དམར་དབུས་དྲག་སྔོ་བ། །སྟེང་གི་ཞལ་ནི་རྒྱས་སེར་པོར་སྣང་། །གཡས་སྡིགས་མཛུབ་དང་ནི་གཡོན་རྡོ་རྗེ་གསོར། །གཡས་དྲིལ་བུ་དང་ནི་གཡོན་ཞགས་པ་དང་། །གཡས་བུམ་པ་དང་ནི་གཡོན་རལ་གྲི་དང་། །གཡས་མདུང་ཐུང་དང་ནི་གཡོན་དགྲ་སྟྭ་དང་། །གཡས་ཐོད་པ་དང་ནི་


DNG019_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ལྕགས་ཀྱུ་དང་། །གཡས་གཞུ་དང་གཡོན་ཁ་ཊྭཱཾ་ག་ཡང་བསྣམས། །གཡས་མདའ་ནི་གསོར་ཞིང་གཡོན་ཐོ་བ་འཛིན། །གཡས་འཁོར་ལོ་བསྣམས་དང་གཡོན་སྐྱབས་སྦྱིན་མི་འཇིགས་ཕྱག །སེམས་ཅན་ཐམས་ཅད་འཆི་བ་སློང་བར་བྱེད་པར་འི་ལས་མཛད་པའོ། །བཤད། །དེ་དག་བཀའ་ཡི་ལས་མཁན་ནི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཡིན། །ཤར་གྱི་དྲུག་ནི། སྲིན་པོའི་ཆུང་མའི་མིང་སྲིན་མོ་སྨུག་ནག་གཡས་རྡོ་རྗེ་གཡོན་ཐོད་རློན་འཆང་། །ལྷ་ཚངས་པ་འི་ཆུང་མའི་མིང་། སྐུ་མདོག་དམར་སེར་གཡས་རྡོ་རྗེ་གཡོན་པདྨ་བསྣམས། །ལྷ་ཆེན་ཀྱི་ཆུང་མ་དཀར་ལྗང་རྡོ་རྗེ་ཏྲི་ཤཱུ་ལ། །གཏོགས་འདོད་ཀྱི་ཆུང་མ་སྔོན་མོ་རྡོ་རྗེ་འཁོར་ལོ་འཆང་། །གཞོན་ནུ་དམར་སེར་གཡས་རྡོ་རྗེ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་གཡས་རྡོ་རྗེ་གཡོན་ཨིན་དྲ་ནཱི་ལའི་རྡོ་རྗེ་གདེངས། །ལྷོའི་དྲུག་རྡོ་རྗེ་སེར་མོ་རྡོ་རྗེ་ཙནྡ་གྱི་ཆུང་འཐུང་། །ལྷ་བདུད་རྩི་འི་ཆུང་མ་དམར་མོ་རྡོ་རྗེ་པདྨ་བསྣམས། །ཟླ་བ་འི་ཆུང་མ་དཀར་མོ་རྡོ་རྗེ་མེ་ཏོག་པུནྡ་རི། །བེ་ཅོན་ལྗང་ནག་རྡོ་རྗེ་དབྱུག་ཐོ་འཕྱར། །སྲིན་མོ་དམར་མོ་རྡོ་རྗེ་ཐོད་ཁྲག་འཐུང་། །ལྷ་ཟ་བྱེད་ཀྱི་ཆུང་མ་ཟ་བ་ལྗང་ནག་རྡོ་རྗེ་བ་སུ་འདྲེན། །ནུབ་ཀྱི་དྲུག་དགའ་བྱེད་ཀྱི་ཆུང་མ་བ་དཀར་མོ་རྡོ་རྗེ་ཀ་ཏར་བ་དན་ནོ། །འཆང་། །སྟོབས་ཆེན་དཀར་མོ་རྡོ་རྗེ་གཤོལ་འཛིན་མ། །རྡོ་རྗེ་སེར་མོ་རྡོ་རྗེ་སྤུ་གྲིས་གཅོད། །འདོད་པ་དམར་མོ་རྡོ་རྗེ་མདའ་གཞུ་འགེངས། །ནོར་སྲུངས་དམར་མོ་རྡོ་རྗེ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་རྡོ་རྗེ་བ་དན་འཕྱར། །བྱང་གི་དྲུག་གསོད་བྱེད་ནག་མོ་གཡས་རྡོ་རྗེ་གཡོན་རལ་གྲི་སོ། །མེ་ལྷའི་ཆུང་མ་མི་མོ་དམར་མོ་རྡོ་རྗེ་གསལ་ཤིང་འཆང་། །གཡོན་ཤིང་བུས་རོ་ཕུག་པ་ཕག་མོ་ནག་མོ་རྡོ་རྗེ་མཆེ་ཞགས་བསྣམས། །རྒན་བྱེད་དཀར་མོ་རྡོ་རྗེ་ཞིང་ཆུང་ཟ། །ལྷ་བི་ནཱ་ཡ་ཀའི་ཆུང་མ་གླང་པོ་སྣ་སྣ་ཆེན་དཀར་མོ་རྡོ་རྗེ་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་རྡོ་རྗེ་སྦྲུལ་འཛིན་མ། །ལྷ་ནག་པོའི་ཆུང་མ་ཤར་སྒོ་མ་རྡོ་རྗེ་ནག་མོ་རྡོ་རྗེ་གཡས་ལྕགས་ཀྱུ་གཡོན་འཛིན། །ལྷ་གདོང་གི་ཆུང་མ་ལྷོ་སྒོ་མ་རྡོ་རྗེ་སེར་མོ་རྡོ་རྗེ་ར་མགོ་ཞགས། །ལྷ་དམར་པོའི་ཆུང་མ་རྡོ་རྗེ་དམར་མོ་རྡོ་རྗེ་ལྕགས་སྒྲོག་སྡོམ། །ལྷ་ཟ་བྱེད་ཀྱི་ཆུང་


DNG019_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ་རྗེ་སྐུ་མདོག་ལྗང་ནག་གཡས་རྡོ་རྗེ་གཡོན་དྲིལ་བུ་འཁྲོལ་དགྱེས། །དཔལ་ཆེན་རྡོ་རྗེ་ཧེ་རུ་ལ། །གཽ་རཱི་ལ་སོགས་མ་མོ་བརྒྱད་ཀྱིས་བསྐོར་བ་དང་། །སིངྷ་ལ་སོགས་ཕྲ་མེན་བརྒྱད་ཀྱིས་བསྐོར་བ་དང་། །རྟ་གདོང་ལ་སོགས་སྒོ་མ་བཞི་ཡིས་བསྐོར་བ་རྣམས། །ལྷ་མོ་གཽ་རཱི་བརྒྱད་སིངྷ་བརྒྱད་དང་བཅུ་དྲུག་སྒོ་མ་བཞི་དང་ཉི་ཤུའི་འཁོར་དུ་འདོད། །དེ་བཞིན་དབང་ཕྱུག་མ་ཉེར་བརྒྱད་ཚོགས་ཀྱིས་བསྐོར། །དེ་རྣམས་དྲིལ་བས་འཁོར་བཞི་བཅུ་རྩ་བརྒྱད་གཙོ་བོ་ཡབ་ཡུམ་དང་རྩ་དགུ། །གདུལ་བྱ་རྣམས་ལ་སྣང་བར་འགྱུར། །ཧེ་རུ་ཀ་ཡི་གནས་བཅུ་ནི་ཕྱོགས་བཅུ་ལ་གདུལ་བྱ་སྟེ་སྐད་མི་གཅིག་པ་བཅུ་ནི། །ལྷའི་སྐད་དུ་གནས་བཅུ་དང་ལྷ་མ་ཡིན་གྱི་སྐད་དུ་ཉེ་བའི་གནས་བཅུ་དང་གཉིས་དང་། །སྲིན་པོའི་སྐད་དུ་ཡུལ་ནི་རོལ་པ་དྲི་ཟའི་སྐད་དུ་ཉེ་ཡུལ་རོལ་པ་བཅུ། །གནོད་སྦྱིན་གྱི་སྐད་ཞིང་དང་ཉེ་བའི་ཞིང་བཅུ་དང་ནི། །ཀླུའི་སྐད་དུ་འདུ་ས་བཅུ་གཤིན་རྗེའི་སྐད་དུ་ཉེ་བའི་འདུ་ས་བཅུ་དང་། །མིའམ་ཅིའི་སྐད་དུ་ཚནྡོ་བཅུ་ལྟོ་འཕྱེའི་སྐད་དུ་ཉེ་བའི་ཚནྡོ་བཅུ་ཡིན། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནི། །ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །མ་ག་དྷཱ། མཁས་ཤིང་སྙིང་སྟོབས་ཆེ་བའི་ཡུལ། མཆོད་རྟེན་བདེ་བྱེད་བརྩེགས། གཽ་རཱིའི་གནས། རཱུ་ཏྲའི་སྙིང་ལས་བྱུང་བའི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཡུལ་གྱི་མིང་ནི་སིངྒ་ལ། །གླིང་ཕྲན། མཐོང་ཐོས་རྫུ་འཕྲུལ་ཅན་གྱི་ཡུལ། མཆོད་རྟེན་རི་བོ་ཏ་ལ། ཙཽ་རཱིའི་གནས། མགོ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། །ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །བདེ་སྐྱིད་ལྡན་པའི་ཡུལ། མཆོད་རྟེན་ཀ་ནི་ཀ །པྲ་མོ་ཧེའི་གནས། རྐང་གཡོན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ། །ཡུལ་གྱི་མིང་ནི་ཐོ་གར་ཡུལ། །མཐུ་དབང་ཆེ་བ་གྱད་ཀྱི་ཡུལ། མཆོད་རྟེན་མགོ་མང་། བེ་ཏཱ་ལཱིའི་གནས། ལག་གཡོན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་གསང་ཆེན་རོལ། །ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །ལོངས་སྤྱོད་འབྱོར་ལྡན་དངོས་གྲུབ་འཐོབ་པའི་ཡུལ། གཟིའི་མཆོད་རྟེན་དྷརྨ་ཙཀྲ། གྷསྨ་རཱིའི་གནས། ཕོ་མཚན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་པདྨ་བརྩེགས། །ཡུལ་གྱི་མིང་ནི་བལ་པོའི་ཡུལ། །ཟས་ཀྱི་ལོངས་སྤྱོད་ཆེ་བའི་ཡུལ། མཆོད་རྟེན་བྱ་རི་ཁ་ཤོར། བུཀྐ་སཱིའི་གནས། ལག་པ་གཡས་པ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ལྷུན་


DNG019_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྩེགས། །ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །འབྱོར་པའི་ལོངས་སྤྱོད་ལྡན་པའི་ཡུལ། མཆོད་རྟེན་བདེ་བྱེད་གཞོན་ནུ། སྨ་ཤ་ནཱིའི་གནས། ནང་ཁྲོལ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ཁུ་བྱུག་ཀློང་། །ཡུལ་གྱི་མིང་ནི་ལི་ཡི་ཡུལ། །མེ་ཆུའི་རྫུ་འཕྲུལ་གྱི་ཡུལ། མཆོད་རྟེན་དེའུ་ཤན། ཙཎྜ་ལཱིའི་གནས། རྐང་གཡས་ལས་བྱུང་བའི་དུར་ཁྲོད་འཇིག་རྟེན་མངོན་རྫོགས་ཡིན། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པའི་ཆོས་ཉིད་དུ་ཐུགས་སུ་ཆུད་པས་ཚོགས་གཉིས་མ་བསགས་པར་རྫོགས་ནས་སངས་རྒྱས་པ་སྟེ་དཔལ་ཆེན་པོའི་ཚོགས་ཀྱིས། སངས་རྒྱས་ནས་ཀྱང་རང་གཞན་གྱི་དོན་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་ལ་དབང་བསྒྱུར་ནུས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་དོན་མ་ལུས་པར་གྲུབ་པ། ཕྲིན་ལས་ཀྱི་དཀྱིལ་འཁོར་འདི་དག་གསུངས་སོ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །བཞུགས་དང་བརྟན་དང་མི་གཡོ་དང་། །དཔེར་ན་འཇིག་རྟེན་གྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ལ་དབང་བྱེད་པའི་རྒྱལ་པོ་ཆེན་པོའམ། དེ་ལས་གཞན་པའི་དབང་ཆེ་བ་དག་ལ་རག་ལས་པའི་ཕྱིར། ཞུ་བ་གསོལ་ཞིང་བཀུར་སྡི་བསྐྱེད་པར་འདོད་ན། དང་པོར་གནས་ཡིད་དུ་འོང་བར་བྱི་དོར་དང་ཆག་ཆག་བྱ། དེ་ལྟར་ཉིད་ཀྱི་བཞུགས་གནས་དང་རང་གི་གྲོང་འདབ་ཏུ་བྱོན་ཟིན་གྱིས་ཀྱང་། ཡོ་བྱད་ཕུན་སུམ་ཚོགས་པ་སྟ་གོན་ལ་གནས་པར་བྱས་ནས། དང་པོར་རང་དམ་རང་དང་མཚུངས་པའི་ཕོ་ཉ་བཏང་ནས། བདག་གི་མགྲོན་དུ་གཤེགས་འཚལ་ལོ་ཞེས་སྙན་གསན་ཕབ་ཅིང་ཞུ་བ་གསོལ་དགོས་སོ། །དེ་ཙམ་གྱིས་ཀྱང་བྱོན་པ་མ་ཡིན་པས་དེའི་རྗེས་ལ་སྤྱན་འདྲེན་གྱི་ཕོ་ཉས་ཡང་དང་ཡང་དུ་བསྐུལ་ལ་གཤེགས་སུ་གསོལ་ཞིང་སྤྱན་འདྲེན་དགོས་སོ། །དེར་བཞུགས་སུ་གསོལ་བ་མ་ཡིན་གྱིས་རང་གི་མདུན་དུ་གཤེགས་སུ་གསོལ་དགོས་དེར་གཤེགས་ནས་བདག་ལ་གཞུག་པ་ཡང་། བདག་གི་ཁྱིམ་དུ་གཤེགས་ནས་ཀྱང་བཞུགས་སུ་གསོལ་བ་ཡང་ཕལ་བ་ལྟར་འགྲེང་ནས་བཞུགས་པ་མ་ཡིན་པར་བརྟན་པར་བཞུགས་སུ་གསོལ་དགོས་སོ། །དེ་ལྟར་བཞུགས་ཀྱང་ཡུན་ཐུང་བས་བྱ་བ་མི་འགྲུབ་པ་ཐུགས་རིངས་ཀྱང་བྱ་བ་མ་གྲུབ་བར་དུ་སྐུ་གསུང་ཐུགས་གཞན་དུ་མི་གཡོ་བར་བཞུགས་སུ་གསོལ་བའོ། །བཞུགས་ནས་ཀྱང་ཐུགས་ཡལ་བར་མི་འདོར་བར་གདུལ་བྱའི་འདོད་པ་ལ་ཐུགས་གཏད་ནས་ལེ་ལོ་ཡལ་ཡོལ་ཕྱད་ཕྱོད་མ་མཛད་པར་ཐུགས་ལ་དགོངས་ནས་བཞུགས་པ་སྟེ། སྤྱན་དྲངས་པའི་དམ་ཚིག་ལ་དགོངས་པ་དང་། གོ་སྐབས་ཀྱི་རིམ་པ་མཁྱེན་པས་གཞན་ཇི་ལྟར་འདུལ་བ་ལ་དགོངས་པ་ཉེ་བར་འཇོག་པར་མཛད་


DNG019_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟན་ནོ། །དམ་ཚིག་ཟིལ་གནོན་ཕྱག་བྱེད་དང་། །དེ་ལྟར་བཞུགས་སུ་གསོལ་ཟིན་ཡང་། གཟི་བྱིན་མེད་ཅིང་གོ་སྐབས་མི་མཁྱེན་པ་མ་ཡིན་ཏེ། གཟི་བྱིན་དང་ལྡན་པས་ནི་གཞན་ཟིལ་གྱིས་གནོན་ཅིང་གོ་སྐབས་ཀྱི་རིམ་པ་མཁྱེན་པས་ནི། གཞན་ཇི་ལྟ་བུ་འདུལ་བའི་དགོངས་པ་ཉེ་བར་འཇོག་པར་མཛད་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟན་ནོ། །དེ་ནས་ཕྲིན་ལས་ཀྱི་གོ་སྐབས་བསྟན་པ་དེ་ཡང་ཕལ་པའི་བསམ་པ་ལྟར་ཆད་མེད་མི་མཛད་པའམ། མཛད་ན་ཡང་ཡུན་ཐུང་ངུར་མཛད་པ་མ་ཡིན། ཇི་ལྟར་འདོད་པའི་དོན་ཇི་བཞིན་དུ་ཞུས་པའི་དོན་དེ་མི་མཛད་དུ་མི་རུང་ཞེས་ནན་ཏན་བསྐྱེད་པའོ། །དེ་ལྟར་ནན་ཏན་བསྐྱེད་ནས། གང་སྤྱན་ལམ་དུ་མི་མཛེས་པ་དང་། གདུལ་དཀའ་བའི་འགྲོ་བ་ཐབས་ཀྱིས་འདུལ་བའི་དགོངས་པ་འཇོག་ཅིང་ཕྲིན་ལས་བརྩམ་པར་མཛད་པ་དང་། ཇི་ལྟར་མཛད་པའི་དགོངས་པ་ཉེ་བར་མཛད་པའི་རྗེས་ལ། གདོད་གུས་པ་བསྐྱེད་ནས་ཕྱག་འཚལ་བ་དང་། ཕྱག་འཚལ་བའི་རྗེས་ལ། མཆོད་དང་ཞལ་ཟས་ལ་སོགས་པ་ཕྱི་ནང་གསང་བའི་ཡོ་བྱད་མ་ལུས་པས་སྐུ་གསུང་ཐུགས་ལ་མཆོད་པ་འབུལ་བ་དང་། དེ་ཡང་ཟས་ཀྱི་རིམ་པ་མང་དུ་འབུལ་བར་བྱེད་པ་ནི་མཉེས་པར་བྱ་བའི་ཕྱིར་རོ། །སྟོབ་དང་མཆོད་པ་དེ་ཉིད་ཀྱང་། ཐུགས་ཚིམས་པར་བྱ་བའི་ཕྱིར་ཡང་ནས་ཡང་དུ་དྲངས་ཏེ། དེ་ཉིད་ཞལ་དུ་སྟོབ་པར་བྱ་བ་དང་། དེ་ཡང་སྲི་ཞུ་དང་གུས་པས་ཟས་ཆུད་མ་ཟོས་པར་གནས་སུ་སྟོབ་པར་བྱའོ། །ཟ་བ་དང་། །ཇི་ལྟར་རྒྱལ་པོ་ལ་མཆོད་ནས་མཆོད་པ་ཞལ་དུ་སྟོབ་པ་དེ་བཞིན་དུ་འཁོར་རྣམས་ཀྱང་གཅིག་ལ་གཅིག་ཟར་གཞུག་དགོས་པས་ན་ཆོས་ཐམས་ཅད་ལ་མངའ་མཛད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལ་མཆོད་ནས། འཁོར་རྣམས་ལ་ཡང་སྟེར་བར་བྱེད་པས་ན་ཟ་བའོ། །ཚུལ་རིག་དེ་ལྟར་རྒྱལ་པོའི་ཆོས་བརྒྱད་ཀྱིས་རྒྱལ་པོ་ལ་སྔོན་འབྱུང་དུ་མཆོད་དགོས་པའི་ལོ་རྒྱུས་སམ། དངོས་སུ་མཐོང་བའི་ཚུལ་ཡང་རིག་ལ་གོམས་པའི་བློ་དག་གིས། །རང་གི་བླ་མས་ཉམས་སུ་བླང་བའི་མན་ངག་གི་དོན་ལ་ལག་ཏུ་བླང་བྱའི་ཆོ་གའི་རིམ་པ་ལ་གོམས་པར་བྱ་བའི་བློ་དག་གིས། ཅི་རིགས་སུ་ནི་བསྟན་པར་བྱ། །དོན་ཁོང་དུ་ཆུད་པར་བྱས་ནས་མཆོད་པ་རྒྱས་པ་དང་འབྲིང་དང་བསྡུས་པ་རྣམས་འགྲོ་བ་གང་ལ་གང་འདུལ་དུ་ཅི་རིགས་པར་བསྟན་པར་བྱའོ། །དམ་ཚིག་མཆོག་གི་མཆོད་པ་དང་། །དམར་གྱི་ཨརྒྷཾ་ནི་སྔོན་གྱི་དམ་ཚིག་གི་མཆོད་པ་ཡིན། མཆོག་གི་མཆོད་པ་བདུད་རྩི་ཡིན་ནོ། །སྐུལ་ཚིག་དབྱངས་ཀྱིས་དེ་དག་མཉེས། །ཐུགས་དམ་སྐུལ་ཚིག་བསྟོད་པ་དང་། གླུ་དབྱངས་སྙན་པོས་ལྷ་དེ་དག་མཉེས་


DNG019_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་གླུས་བསྟོད་པར་བྱའོ། །རྡོ་རྗེའི་སེ་གོལ་གཏོགས་པ་ཡིས། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་མཛད་པའི་གསང་བའི་རྡོ་རྗེ་སེ་གོལ་གྱི་སྒྲ་དང་ལག་པ་གཉིས་ཀར་བསྒྱུར་ལ་དཔུང་འགོ་གཡས་གཡོན་གཉིས་དབུས་དང་གསུམ་དུ་སེ་གོལ་ལན་གསུམ་བརྡབ་པའི་སྒྲས་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་སྲས་བཅས་ཁྲོ་བོ་ཁྲོ་མོའི་ཚོགས་ཐམས་ཅད་ཆོས་སྐུ་མཚན་མེད་ཀྱི་ངང་ལ་གནས་པ་ལས་གཟུགས་སྐུ་མཚན་མའི་རྣམ་པར་གསལ་བར་བཞེངས་སུ་གསོལ་ཞིང་གསལ་བར་བྱ་བ་སྟེ། དཔེ་ནམ་མཁའ་ལ་སྤྲིན་འདུས་པ་ལྟར་དུས་གསུམ་སངས་རྒྱས་རྣམས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་འདུས་ནས་བཞེངས་པར་བསམ་མོ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཐལ་མོ་ལེགས་པར་སྦྱར་བ་ཡིས། །ཐལ་མོ་ལན་གསུམ་བརྡབ་པར་བྱ། །གང་ནས་སྤྱན་དྲངས་ན་ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནས། །ལྷག་པ་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་ལྷ་མོ་ལྕགས་ཀྱུ་ཅན་གྱི་ཚོགས་མང་པོ་དང་། ལག་པ་སེ་གོལ་གཏོགས་པའི་སྲིན་ལག་དང་། མཐེ་བོང་གི་བར་ནས་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་ལྕགས་ཀྱུ་ཐོགས་པས་གདན་ལ་བཟུང་ནས། ཆོས་སྐུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སྤྱོད་ཡུལ་ནས་སྤྱན་དྲང་བའོ། །གོང་ལྟར་སྤྱན་དྲངས་ན་དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །ཐུན་མོང་གི་དཔལ་སེམས་ཅན་གྱི་དོན་མཛད། ཁྱད་པར་གྱི་ངང་ལ་རྣལ་འབྱོར་པ་ལ་དངོས་གྲུབ་སྟེར། ཟབ་མོའི་དཔལ་ལྷ་མོ་བརྒྱད་ལ་ལོངས་སྤྱོད་པས་ཆེན་པོ། དུག་གསུམ་ཤ་ཁྲག་རུས་པ་ཞལ་དུ་གསོལ་བས་ཁྲག་འཐུང་། འཁོར་ལྷ་མོ་བརྒྱད་དང་བཅས་པའོ། །གང་གི་ཕྱིར་སྤྱན་དྲངས་ན་སེམས་ཅན་དོན་སླད་དམ་ཚིག་དགོངས། །ཁམས་གསུམ་སྲིད་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བར་བྱ་བའི་དོན་དུ་འཁོར་བ་ལས་བསྒྲལ་བར་བྱ་བ་སྔོན་གྱི་དམ་ཚིག་དེ་ལ་དགོངས་ལ། གང་དུ་སྤྱན་དྲངས་ན་གནས་འདིར་མ་ལུས་གཤེགས་སུ་གསོལ། །སྤྱིར་སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང་ཁྱད་པར་དུ་ཏིང་ངེ་འཛིན་གྱི་གནས་འདིར། འཁོར་བཅས་མ་ལུས་པ་རྣམས་རང་བཞིན་གྲུབ་པའི་གནས་འོག་མིན་གྱི་གནས་ནས་གཤེགས་སུ་གསོལ་ལོ། །དེ་ཡང་ཐུན་མོང་གི་གནས་འཇིག་རྟེན་གྱི་ཁམས། ཁྱད་པར་ཅན་གྱི་གནས་འོག་མིན། ཕྲིན་ལས་ཀྱི་གནས་དུར་ཁྲོད། གསང་བའི་གནས་ཡུམ་གྱི་མཁའ་འོ། །དད་པ་དང་ནི་དམ་ཚིག་གིས། །བདག་དད་པ་དང་ལྡན་པས་སྤྱན་འདྲེན་ན། ལྷ་ཐུགས་དམ་ལ་གནས་པ་ནི་གཤེགས་སུ་གསོལ་ཞེས་པ་ནི། སྔོན་གྱི་ཐུགས་དམ་དང་འཕྲལ་གྱི་རྐྱེན་གྱིས་སྤྱན་དྲང་བའོ། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་


DNG019_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །རང་བཞིན་གྲུབ་པའི་གནས་ནས་ཡེ་ཤེས་བྱིན་གྱིས་བརླབས་པ་ལས་བྱུང་བའི་གནས་འདིར་ཚུར་གཤེགས། བདག་དམ་ཚིག་པར་བསྒོམ་པའི་གནས་འདིར་ཚུར་གཤེགས། ཧེ་དགྱེས་པ། རུ་ཁྲག་ལ་དགྱེས་པ། ཀ་པཱ་ལར་ཁྲག་འཐུང་བའོ། །ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །ཆོས་སྐུ་ལས་སྐུལ་བ་ནི། ཆོས་སྐུ་སྒྲིབ་པར་གྱུར་པ་མ་ལུས་པ་དང་བྲལ་བས་ན་ཞིང་། དེ་ཡང་ཐེག་པ་ཀུན་ཆོས་སྐུ་ཐོབ་པར་འདྲ་ཡང་ཐེག་པ་འདིའི་ལུགས་ཀྱིས་ཉོན་མོངས་པ་ཡེ་ཤེས་སུ་ཞི་བའི་ངང་ནས་གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །གཟུགས་སྐུར་བཞེངས་པར་བསྐུལ་བ་ནི་གཟུགས་སྐུ་ལ་གཉིས་ཏེ། ལོངས་སྐུ་དང་སྤྲུལ་སྐུའོ། །དེ་ལ་གཉིས་ཏེ་ཞི་བ་དང་ཁྲོ་བོའོ། །དེ་ལས་འཇིགས་བྱེད་ཆེན་པོ་ཁྲོ་བོའི་ཚུལ་དུ་སྐུ་བསྟན་དུ་གསོལ་བའོ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པ། །དེ་ཡང་གཟུགས་སྐུ་འཇིགས་བྱེད་ཆེན་པོའི་ཚུལ་དུ་བསྟན་ཀྱང་དེའི་སོ་ལ་གནས་པར་མི་མཛད་དེ། མི་དམིགས་པའི་ཐུགས་རྗེ་ཆེན་པོའི་ཡོན་ཏན་གྱིས་འགྲོ་བ་ཇི་ལྟར་འདུལ་བའི་ཐབས་ལ་མཁས་པའི་ཕྲིན་ལས་ཀྱིས། གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཉོན་མོངས་པ་གདུག་པ་དུག་དང་དགྲ་བོ་ལྟ་བུ་སྟེ། རང་གཞན་གྱི་ལུས་སེམས་ལ་གདུག་ཅིང་མ་རུངས་པར་བྱེད་པ་སྟེ། དེ་གདུལ་ཞིང་ཞི་བར་བྱ་བ་དང་། རཱུ་ཏྲ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ། ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་དཀྱིལ་འཁོར་གྱི་ཆེད་དུ་དགོངས་ནས་སྤྱན་དྲང་བ་ནི། མིའི་སྲིན་མོ་ལ་སོགས་པའི་ཚོགས་ཀྱི་རྗེ། གཽ་རཱི་ལ་སོགས་པའི་ཚོགས་ཀྱི་བདག །འཇིག་རྟེན་དང་འདས་པའི་ལྷ་མོ་རྣམས་ལ་ཉེ་བར་སྤྱོད་པས་ན་དཔལ་དང་ལྡན་ནོ། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །འཇིག་རྟེན་པའི་ལྷ་མོ་དབང་མོའི་ཚོགས་དང་། འདས་པའི་ལྷ་མོ་གཽ་རཱིའི་ཚོགས་ཀྱི་སློབ་དཔོན་དུ་གྱུར་པ་སྟེ། འཁོར་བ་དང་ངན་སོང་དུ་རང་རྒྱུད་མི་བརླག་པའི་དཔོན་མཛད་པས་ནའོ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །འཇིག་རྟེན་པའི་རྒྱལ་པོས་འགྲོ་བ་རང་དབང་མེད་པར་དམག་ཏུ་བསྡུས་པ་ལྟ་བུ་མ་ཡིན་ཏེ། དབྱིངས་ཡེ་ཤེས་རྟོགས་པའི་སྐབས་ནས་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ་ཐོབ་པའི་ཁྱད་པར་ལས། སྤྲུལ་པ་མང་པོའི་ཚོགས་དང་གཤེགས་སུ་གསོལ། །དེའི་ཁྱད་པར་ལས་ཡེ་ཤེས་ཀྱི་སྤྲུལ་པ་དང་། སྤྲུལ་པའི་ཆོ་འཕྲུལ་མང་པོ་ནི་ཞར་ལ་རང་བཞིན་གྱིས་འབྱུང་བར་འགྱུར་ཏེ། ཡེ་ཤེས་ཀྱི་སྤྲུལ་པ་ཡུམ་དང་རོལ་པ་ལས། སྲས་མང་པོ་ཅིར་ཡང་སྤྲུལ་ཞིང་གཤེགས་སུ་གསོལ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །གཞལ་ཡས་ཁང་དུ་སྤྱན་དྲང་བ་ནི། རིག་པའི་ཡེ་ཤེས་


DNG019_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཀྱི་དབྱིངས་རྟོགས་ནས། ཆོས་ཀྱི་དབྱིངས་སུ་རིག་པ་བདེ་བླག་ཏུ་གཤེགས་པ་ལ་དེ་ཁོ་ན་ཉིད་དུ་སོང་བ་ཞེས་བྱ། རང་བཞིན་གྱི་ཕོ་བྲང་། ཏིང་ངེའི་ཕོ་བྲང་། དམ་ཚིག་སེམས་དཔའ་ལུས་ངག་ཡིད་ལས་བརྒྱུད་པའི་ཕོ་བྲང་ངོ་། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །ཏིང་ངེས་བསྐྱེད་པའི་ཕོ་བྲང་འདིར་གཤེགས་པ་ཡང་བདག་གཅིག་པུའི་དོན་མ་ཡིན་ཏེ། ཕྱོགས་བཅུའི་ནམ་མཁས་ཁྱབ་པའི་འགྲོ་བ་མ་ལུས་པ་འཁོར་བ་ནས་བསྒྲལ་བའི་ཕྱིར་རོ། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །ཁམས་གསུམ་འཁོར་བའི་འགྲོ་བ་མ་ལུས་པ་བསྒྲལ་ནས་ཀྱང་འབྲས་བུ་མི་གནས་པའི་མྱང་འདས་ཀྱི་ས་ལ་འགོད་པར་བྱ་བའི་དོན་གྱི་དབང་དུ་དགོངས་ནས་ཀྱང་། འཁོར་བཅས་རབ་འབར་གཤེགས་སུ་གསོལ། །དབུས་ཀྱི་གཙོ་བོ་འཁོར་མཁའ་འགྲོ་དང་བཅས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བས་ལས་ཉོན་གྱི་བག་ཆགས་རབ་ཏུ་བསྲེག་པར་མཛད་པ་སེམས་ཅན་དོན་དུ་གཤེགས་སུ་གསོལ། ཞེས་པ་བར་འདིར་བརྟན་པར་བཞུགས་སུ་གསོལ་བས་སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་ཞེས་པ་ཡང་སྦྱར་རོ། །གོང་དུ་ཞི་བའི་བརྟག་པ་ན་གསལ་ལོ། །ཆེ་མཆོག་མཉམ་སྦྱོར་འབར་བའི་དཀྱིལ་འཁོར་འདིར། །འཇིག་རྟེན་པའི་ལྷ་ཆེན་པོ་དང་། འདས་པའི་ལྷ་ཆེན་པོ་རྣམས་ཀྱི་ནང་ནས་ཆེན་པོར་གྱུར་པ་མཚན་ཉིད་ཀྱི་ཐེག་པ་སངས་རྒྱས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་དང་སྐུ་གསུང་ཐུགས་མཉམ་ཞིང་དབྱེར་མེད་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། དེ་ལྟ་བུ་ཁྲོ་བོའི་དཀྱིལ་འཁོར་འདིས། གདུག་པ་འདུལ་མཛད་ཐུགས་རྗེ་ཁྲོས་པ་ཡིས། །ལས་ཀྱི་རཱུ་ཏྲ་དུག་གསུམ་གྱི་མཐར་ལྷུང་བས་དེས་བསྐྱེད་པའི་འབྲས་བུ་ཁྲོ་ཞིང་གདུག་པའི་ཆ་ལུགས་འཆང་བས་གཞན་ལ་གནོད། དེ་འདུལ་བ་ཡང་ཞེ་སྡང་གིས་མ་ཡིན་ཏེ། ཐུགས་རྗེས་ཁྲོས་པའོ། །གསང་སྔགས་རྨད་བྱུང་དྲག་པོའི་ཕྲིན་ལས་རྣམས། །རྡོ་རྗེ་ཐེག་པ་སྣོད་ངན་ལ་གསང་བ། ནུས་པ་ཁྱད་པར་དུ་བསྔགས་པ་དེ་ལྟ་བུ་ལས་ནི་ལས་རྣམ་པ་བཞི་གསུངས་ཀྱང་དྲག་པོའི་ཕྲིན་ལས་ཏེ། བསད་པ་དང་། སྤྱུག་པ་དང་། འདུ་ཤེས་བསྒྱུར་བ་དང་། གནན་པ་ལ་སོགས་པས་སོ། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟ་བུའི་ཕྲིན་ལས་བདག་ཅག་བགྱིད་པ་ལ། བར་གཅོད་མེད་ཅིང་རང་ལ་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པ་དེ་ལ། རྣོ་ལ་ངར་གྱིས་བཏགས་པ་ལྟར། བྱིན་གྱིས་རློབ་ཅིང་ནུས་པ་བསྐྱེད་དུ་གསོལ་ཞེས་གསོལ་བ་བཏབ་ཅིང་ལམ་ལ་གཞུག་པར་བྱའོ། །དམ་ཚིག་པ་ལ་བཞེངས་པ་ཡི། །འགྲོ་བ་ཐམས་ཅད་སྐུ་གསུང་


DNG019_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་དངོས་གྲུབ་བསྒྲུབ་ཅིང་ཐོབ་པར་འདོད་པ་རྣམས་ལ་དེ་སྦྱིན་ནོ་བར་ཐུགས་དམ་དུ་བཅས་པ་དེའི་ངང་ལ་གནས་པ་ནི་དམ་ཚིག་པ་དེ་ནས་བཞེངས་པའི་སྐུ་ནི། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །ཟབ་པ་དང་རྒྱ་ཆེ་བའི་དཔལ་དང་ལྡན། རང་གཞན་དཔལ་ཕུན་སུམ་ཚོགས་པའི་ངོ་བོར་བཞུགས་ཐུགས་རྗེ་དང་ཡེ་ཤེས་ཆེན་པོར་ལྡན་པའི་དཔལ་ཆེན། སེམས་ཅན་གྱི་དུག་གསུམ་གྱི་ཉོན་མོངས་པ་འཇོམས་ཤིང་ཟད་པར་བཞེས་པ་ན་ཁྲག་འཐུང་། འཁོར་མཁའ་འགྲོ་དང་བཅས་པ། དམ་ཚིག་ཚུལ་བཞིན་མ་གཤེགས་སམ། །སྔོན་ཇི་ལྟར་དམ་བཅས་པའི་ཚུལ་བཞིན་དུ་གནས་འདིར་མ་གཤེགས་སམ། གདུལ་བྱའི་རྒྱུད་ལ་ཞུགས་པར་མཛད་པའི་ཕྱིར་མ་གཤེགས་སམ། སེམས་ཅན་གྱི་རྒྱུད་ལ་བྱིན་གྱིས་རློབ་ཅིང་དབང་བསྐུར་དུ་མ་གཤེགས་སམ། དངོས་གྲུབ་མཆོག་དག་མ་སྩལ་ན། །གང་དག་འདོད་པའི་དངོས་གྲུབ་ཐུན་མོང་དང་མཆོག་གི་དངོས་གྲུབ་བདག་སྒྲུབ་པ་པོ་ལ་མ་སྩལ་ན་ནི་སྔོན་གྱི་ཐུགས་དམ་ལྟར་སྐུ་གསུང་ཐུགས་ཀྱི་སྒོ་ནས་དངོས་གྲུབ་གཉིས་སྦྱིན་པར་ཞལ་གྱིས་བཞེས་ན། སྐུ་གསུང་ཐུགས་དང་འགལ་བར་རོ། །ཉིད་ཀྱི་ཐུགས་དམ་དུ་བཅས་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་འགལ་བ་ཡིན་པས། དེ་ལས་མི་འགལ་བའི་ཕྱིར། བདག་སྒྲུབ་པ་པོ་ལ་མཆོག་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་དམ་པ་སྩལ་དུ་གསོལ། ཞེས་པའོ། །སྐུ་གསུང་ཐུགས་དང་བདག་སྦྱོར་བས། །བདེ་བར་གཤེགས་པ་ཁྱེད་ཀྱི་སྐུ་གསུང་ཐུགས་དམ་ཚིག་སེམས་དཔའ་གནས་ཏེ་ལུས་ངག་ཡིད་གསུམ་མཉམ་པར་སྦྱོར་བས། ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་ཀྱང་ཡེ་ཤེས་རང་སྣང་ལ་མ་གཏོགས་པ་གཞན་གུད་ན་མེད་པས་བདག་ཉིད་གཞལ་ཡས་དང་འཁོར་ཐམས་ཅད་རང་ཉིད་ལས་སྤྲུལ་པའོ། །ང་ནི་བདུད་ཀྱི་བདག་པོ་སྟེ། །དཔལ་ཧེ་རུ་ཀ་ང་ནི་བདུད་བཞི་འཇོམས་པའི་ནུས་སྟོབས་དང་ལྡན་པས་ན་སེམས་ཅན་གྱི་བདུད་རཱུ་ཏྲ། དེའི་བདུད་བདག་ཉིད་དུ་གྱུར་པའོ། །བདུད་ཀྱི་བདག་པོར་གྱུར་པས་ན་རཱུ་ཏྲ་སྟོབས་ཀྱིས་ཟིལ་གྱིས་མནན་པའོ། །མཁའ་འགྲོའི་ཚོགས་བཅས་ངས་བསྡུས་སོ། །བདུད་བྱས་ཏེ་དབང་མོ་རྣམས་ཆུང་མར་བྱས་ཏེ་འཁོར་གྱི་མཁའ་འགྲོ་དང་བཅས་པས་ཧེ་རུ་ཀ་ངས་དབང་དུ་བསྡུས་པའོ། །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །ཆོས་ལ་བདག་མེད་པར་རྟོགས་པས་གཟུང་བའི་ཡུལ་མ་སྐྱེས་པས་ནི་བདག་གི་ཕྱོགས་དང་བྲལ་ལ། གང་ཟག་བདག་མེད་པར་རྟོགས་པས་འཛིན་པའི་སེམས་མེད་པས་ནི་གཞན་གྱི་ཕྱོགས་དང་བྲལ་ལ། དེས་ཆོས་ཐམས་ཅད་སྟོང་ཉིད་དུ་མཉམ་པར་


DNG019_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སུ་ཆུད་དོ། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་། །རྒྱུའི་དུས་ན་བྱམས་སྙིང་རྗེས་གཞི་བཟུང་བའི་ཚད་མེད་བཞི་བསྒོམས་པས་དགྲ་ཟུན་མེད་པར་བྱམས་པས་སྦྱོར། སྙིང་རྗེས་སྒྲོལ་ཏེ། བྱམས་པས་བདག་གི་ཡུམ་ལ་སྦྱོར། གཞན་ཐུགས་རྗེས་བཟུང་ནས་སྦྱོར། སྙིང་རྗེས་རྟོགས་པས་བདག་སྒྲོལ་ཐུགས་རྗེས་གཞན་སྒྲོལ་བས་དགྲ་ཟུན་མེད་དོ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཞི་བས་མི་འདུལ་བའི་གདུག་པ་ཅན་རྣམས་ཡོངས་སུ་གདུལ་བར་བྱ་བའི་ཕྱིར་འཇིགས་བྱེད་ཆེན་པོའི་ཆ་ལུགས་སུ་བསྟན། ཁྲོ་བོས་འདུལ་བའི་དུས་མཁྱེན་པས་ཁྲོ་བོར་སྤྲུལ་པ་ལས་མི་འདའ་བའོ། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མ་རུངས་པ་ཐམས་ཅད་འཇིགས་ཤིང་སྐྱི་བུང་བར་བྱེད་པས་འཇིགས་བྱེད། ཧེ་ནི་དགྱེས་པའམ་རོལ་པ། རུ་རུ་དྷི་གཉིས་ནི་ཁྲག །ཀ་ཀ་པཱ་ལ་ནི་ཐོད་པ་སྟེ། དགྱེས་པ་ཆེན་པོས་ཐོད་པར་བཅས་པའི་ཁྲག་ལ་རོལ་པའོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལས། །དབུའི་རིགས་ལྔ་ལ་ཕྱག་འཚལ་བ་ནི། མཐའ་ལ་མི་གནས། ཀུན་རྫོབ་ཏུ་མི་དམིགས། ཆོས་སྐུ་དྲི་མ་མེད་པ་དག་པའི་ངང་ནས་གདུལ་བྱ་ལ་ཤར་བ་ནི། བདུད་རཱུ་ཏྲ་འདུལ་བའི་ཕྱིར་འཇིགས་བྱེད་ཁྲོ་བོ་མཆོག་ཏུ་གྱུར་པ་ཡེ་ཤེས་ཀྱི་ཁྲོ་བོར་གི་སྐུར་སྤྲུལ་པ། །གཞན་ལས་ཁྱད་པར་དུ་གྱུར་པར་བསྟན་ཏེ་ཐུགས་རྗེ་གཟི་ལྡན་གདུག་པ་བདུད་མ་ཏྲཾ་ཀ་རུ་ཏྲ་ལ་སོགས་པ་གསང་སྔགས་ཐབས་ཀྱིས་འདུལ་བར་མཛད་པས་ན། །བཅོམ་ལྡན་ཁྲོ་རྒྱལ་ལ་ཡང་ཕྱག་འཚལ་ལོ། །དབུ་ལ་བཀོད་པ་རིགས་ལྔ་ཁྲག་འཐུང་རྣམས་ལ་ཕྱག་འཚལ་བའམ། ཡང་ན་གོང་མ་རང་དོན་དུ་ཕྱག་བྱ་བ། འདི་གཞན་དོན་དུ་ཕྱག་འཚལ་བའོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཡུམ་ལ་ཕྱག་འཚལ་བ་ནི། ཡུམ་ཁྲོ་མོ་དབང་ཕྱུག་མ་ནི་ཡང་དག་པར་ན་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་ཁྲོ་མོའི་སྐུར་བསྟན་ནས་སྐུ་ལ་འཁྲིལ་བ་སྟེ། ཐབས་སྙིང་རྗེ་ཆེན་པོ་ལས་ཡབ་རང་ཤེས་རབ་སྟོང་པ་ཉིད་ཡུམ་དེ་གཉིས་ནི་སྟོང་ཉིད་སྙིང་རྗེའི་བདག་ཉིད་དུ་འདྲེལ་བའི་དཀྱིལ་འཁོར་འདིར། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །དོན་ཆོས་ཉིད་སྐྱེ་བ་མེད་པ་ནི་ནམ་མཁའ་འདྲ་ལ། རིག་པ་རྟེན་མེད་འགྲོ་བ་ནི་ཉི་ཟླ་འདྲ་སྟེ། ཡོན་ཏན་ཁྱད་པར་དུ་གྱུར་པས་ན་མི་བཟད་པ་སྟེ། དབྱིངས་སྟོང་ཉིད་ལས་སྙིང་རྗེས་བཞེངས་པས་གནས་དང་བདག་པོའི་བར་ནས་འཁོར་གྱི་ཚོགས་སྤྲོ་བ་ནི། དཔེར་ན་མེ་འབར་བ་ལས་དུད་པ་འཕྲོ་བའམ་ནམ་མཁའ་སྟོང་པའི་ངང་ནས་སྤྲིན་ཚོགས་མང་པོ་འབྱུང་ཞིང་ཕྱོགས་བཅུར་འཕྲོ་བ་ལྟར་རོ། །གདུག་


DNG019_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ཡུམ་གྱི་བྷ་ག་ལས་ཁྲོ་བོ་མང་པོ་སྤྲོས་ནས། རཱུ་ཏྲ་ལ་སོགས་པའི་གདུག་པ་ཅན་འདུལ་བས་ན་དེ་ལ་ཕྱག་འཚལ་བ་སྟེ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འཁོར་མཁའ་འགྲོ་མ་ལ་ཕྱག་འཚལ་བ་ནི། དཔལ་ལྷ་མོ་གཽ་རཱི་ལ་སོགས་ལ་ཕྱག་འཚལ་བ། དཔེར་ན་ནམ་མཁའི་རང་བཞིན་གྱིས་ནི་མ་ཁྱབ་པ་མེད་པ་ལྟར་ལྷ་མོས་ནམ་མཁའ་དང་མཉམ་པའི་གདུལ་བྱ་ལ་ཁྱབ་ལ། བགྲོད་མི་དགོས་པར་གར་ཡང་ཕྱིན་པའོ། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ནམ་མཁའ་ལ་རང་བཞིན་མེད་ཀྱང་སྤྲིན་དང་ཆར་གྱིས་སེམས་ཅན་ལ་འདོད་པ་བསྒྲུབ་པ་ལྟར་མཁའ་འགྲོ་མ་ནམ་མཁའ་ལྟ་བུས་རྣལ་འབྱོར་པ་ལ་དངོས་གྲུབ་ཇི་ལྟར་འདོད་པ་ཆར་ལྟར་འབེབས་པའོ། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ། །རྣལ་འབྱོར་པ་བལྟ་བ་དང་ལྡན་པ་རྣམས་ལ། མ་ལྟར་བྱམས་ལ། ཚུལ་ཤིས་ཤིང་གདུང་བས་ནི་སྲིང་མོ་ལྟར་དགོངས་ནས་སྟོང་གྲོགས་མཛད་པས་ན། ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱི་ནི་འཇིག་རྟེན་པའི་མཁའ་འགྲོ་མ་སྟེ། དབང་མོ་ཉེར་བརྒྱད། ནང་ནི་འདས་པ་སྟེ། དཀར་མོ་ལ་སོགས་པའོ། །ཕྱག་ནི་གདུལ་བྱ་གཉེན་པོའི་ཕྱག་ལུས་ཀྱིས་བྱ། དབྱངས་སྙན་གདུང་བའི་ཕྱག་ངག་གིས་བྱ། རྟོགས་པ་དོན་གྱི་ཕྱག་ཡིད་ཀྱིས་འཚལ་བར་བྱའོ། །རང་བྱུང་གདོད་ནས་དག་པ་ཡི། །སྒྲུབ་པ་པོ་རང་གི་ལུས་ལ་བྱུང་བའི་དམ་རྫས་ལྔ་ནི། དྲི་ཆེན། དྲི་ཆུ། ཤ་ཆེན། རཀྟ། བྱང་སེམས་དང་ལྔ་ཡང་གདོད་མ་ནས་དག་པ་མི་གཙང་བར་མི་བལྟ། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན་བདུད་རྩི་ལྔ་པོ་རེ་རེ་ལ་སྦས་པ་ནང་གི་བཞི། མངོན་པ་ཕྱིའི་བཞི་སྟེ་རྩ་བ་བརྒྱད། །དེའི་སྐྱོབས་དང་ཕྲད་དུ་སྨན་ཡན་ལག་རྣམས་ཀྱང་དོན་ཆོས་ཉིད་སྐྱེ་མེད་དང་སྦྱར་བས་རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །རྡོ་རྗེ་སེམས་དཔའི་ཚིག་དངོས་ནི་བྱང་སེམས་རྣམ་སྣང་གི་དྲི་ཆེན་སྣང་མཐའ་པདྨ་རཀྟ། རིན་འབྱུང་གི་ཤ་ཆེན་དོན་གྲུབ་ཀྱི་དམ་ཚིག་དངོས་དྲི་ཆུ། ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །དྲི་ཆེན་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྫོགས་པས་རྣམ་སྣང་གི་སྒྲུབ་རྫས་ཡིན། བྱང་སེམས་ལ་མེ་ལོང་། ཤ་ཆེན་མཉམ་ཉིད། པདྨ་རཀྟ་སོ་སོར་རྟོག་པ། དྲི་ཆུ་བྱ་བ་གྲུབ་པའི་ཡེ་ཤེས་རྫོགས་པས་དོན་གྲུབ་ཀྱིའོ། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དྲི་ཆེན་གཏི་མུག་བྱོལ་སོང་སྒྲོལ། བྱང་སེམས་ཞེ་སྡང་དམྱལ་བ། ཤ་ཆེན་སེར་སྣ་ཡི་དྭགས། རཀྟ་འདོད་ཆགས་མི། དྲི་ཆུ་ཕྲག་དོག་ལྷ་དང་ལྷ་མ་ཡིན་སྒྲོལ་


DNG019_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དུག་ལྔ་སེལ་བའི་བདུད་རྩི་འདི། །གཏི་མུག་དྲི་ཆེན་གྱིས་ཆོས་དབྱིངས་ཡེ་ཤེས་སུ་སེལ། ཞེ་སྡང་བྱང་སེམས་ཀྱིས་མེ་ལོང་། ང་རྒྱལ་ཤ་ཆེན་གྱིས་མཉམ་ཉིད། འདོད་ཆགས་རཀྟས་སོར་རྟོག །ཕྲག་དོག་དྲི་ཆུས་བྱ་བ་གྲུབ་པའི་ཡེ་ཤེས་སུ་སེལ་ལོ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཕྱི་ནང་སྟེ་རྒྱུད་སོ་སོ་ནས་སངས་རྒྱས་པའི་ཕྱོགས་བཅུ་དུས་བཞིས་བསྡུས་པའོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཕྱི་ཕར་ཕྱིན་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་དང་། ནང་ཀྲི་ཡོག་ཡེ་ཤེས་ལས་སྐྱེས་པ་དང་། གསང་བ་ཡབ་ཡུམ་གྱི་བྱང་སེམས་ལས་སྐྱེས་པའི་ཁྱེའུ་དང་། བུ་མོར་སྣང་བའོ། །ཐུགས་དམ་དབྱིངས་ཉིད་སྐུལ་བའི་མཆོག །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡེ་ཤེས་དང་ཐུགས་རྗེས་སེམས་ཅན་དང་ཆོས་ཉིད་ལ་དགོངས་པ་ཡང་གཞན་དུ་མི་འདའ་བ་རིན་པོ་ཆེ་དབྱིག་ལྟ་བུར་རབ་ཏུ་དག་པ་དེས་རེ་བ་བསྐང་བས་ན་སེམས་ཅན་དོན་ལ་བསྐུལ་ལོ། །འདི་ནི་སྔོན་གྱི་ཐ་ཚིག་གོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་བསྐྱེད་པའི་དུས་ན་ཡང་དམ་བཅའ་ལྕེ་ཐོག་ཏུ་བཞག་པའི་དམ་ཚིག་གོ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངང་ཉིད་དམ་དམ་པར་གྱུར་པའི་བདུད་རྩི་འདི་ཡེ་ཤེས་ལྷ་ལ་དང་བའི་དད་པས་འབུལ། བླ་མ་ལ་འདོད་པའི་དད་པས། ཆོས་ལ་ཡིད་ཆེས་པའི་དད་པས་འབུལ་བ་ཞེས་བྱའོ། །དམ་ཚིག་སེམས་དཔའ་སྒོམ་པའི་རྣལ་འབྱོར་པ་བདག་ཅག་ཅེས་ཕྱིས་འབྱུང་དང་སྦྱར་ལ་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །རང་བཞིན་ལྷུན་གྱིས་གྲུབ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་ལ་ལྷ་ཐིམ་པར་བཞེས་ལ་སྐུ་གསུང་ཐུགས་དགྱེས་པར་མཛོད། མཉེས་ཤིང་ཚིམ་པར་མཛོད། མཆོག་ཐུན་མོང་གི་བསྡུས་པའི་དངོས་གྲུབ་ཐམས་ཅད་ཀྱི་རབ་བམ་ཕུལ་དུ་གྱུར་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྩལ་དུ་གསོལ་ཞེས་སྦྱོར་འབུལ་བའོ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །བདུད་རྩི་སོ་སོར་འབུལ་བས་ཡབ་ལ་འབུལ་བ་དཔལ་ཆེན་བཛྲ་ཧེ་རུ་དང་། །ཡུམ་ལ་འབུལ་བ་ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་ལ། །དམ་རྫས་གང་འབུལ་ན་རྣམ་དག་བདུད་རྩི་ལྔ་འབུལ་བའོ། །དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་བྱིན་བརླབས་གང་ཞུ་ན་སློབ་མ་ལ་དབང་དང་རང་ལ་དངོས་གྲུབ་སྩོལ། །འཁོར་མ་མོ་བརྒྱད་ལ་འབུལ་བ་མཐིང་གའི་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །གཽ་རཱི་


DNG019_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ་རྣམ་དག །ཐུགས་རྗེ། །གཞན་ཡང་མཁའ་འགྲོ་མ་ལུས་ལ། །བདུད་རྩིས་མཉེས་པར་བྱ་བའོ། །སྣ་ཚོགས་གདོང་ཅན་ཟ་བྱེད་མཆེ་གཤོག་ཅན། །སིངྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག །ཐུགས་རྗེ། སྒོ་བཞིར་རབ་རྔམས་རྡོ་རྗེ་སྲིད་འགྲོ་མ། །ལྕགས་ཀྱུ་ལ་སོགས་སྒོ་མ་བཞི་རྣམས་ལ། །རྣམ་དག །ཐུགས་རྗེ། ནམ་མཁའི་བདེ་སྦྱོར་ཅི་བགྱིའི་བཀའ་ཉན་ཚོགས། །དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག །ཐུགས་རྗེ། མ་བདུན་སྲིང་བཞི་འབར་མ་དགུ་ལ་སོགས། །མཁའ་འགྲོ་སྒྲོལ་གིང་འཁོར་བཅས་ཐམས་ཅད་ལ། །རྣམ་དག །ཐུགས་རྗེ། ཞེས་པའམ་ཡང་ན་དཔལ་ཆེན་མི་ཕམ་རྡོ་རྗེ་དང་། །མ་ཚོགས་དབང་ཕྱུག་འཁོར་གྱི་རྐྱེན། །གཽ་རཱི་ལ་སོགས་བརྒྱད་རྣམས་དང་། །སིངྷ་ལ་སོགས་བརྒྱད་རྣམས་ལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །སྒོ་མ་ཆེན་མོ་བཞི་རྣམས་དང་། །མ་མོ་ཆེན་མོ་བདུན་རྣམས་དང་། །སྲིང་མོ་ཆེན་མོ་བཞི་རྣམས་ལ། །ཞེས་ཀུན་ལ་འབུལ་བའོ། །བདེ་ཆེན་དབྱིངས་ནས་རྒྱལ་བའི་སྐུར་ཆོས་ཉིད་བདེ་བ་ཆེན་པོའི་ངང་ནས་རྒྱལ་བའི་སྐུར་བཞེངས་པ་བཞེངས་པ། །དཔལ་ཆེན་ཁྲག་འཐུང་ཐུགས་ནི་མ་སྐྱེས་རིན་པོ་ཆེ། །དཔལ་ཧེ་རུ་ཀར་སྣང་ཡང་ཐུགས་ཆོས་སྐུ་ཡིད་བཞིན་ནོར་བུ་ལྟར་སྣང་བ། ཐུགས་ཀ་ནས་དངོས་གྲུབ་ཀྱི་རྩ་བ་སྔགས་ཀྱི་ཕྲེང་བ་དང་ལྡན་པས་རུ་ལུ་རུ་ལུའི་ཕྲེང་བས་འཁོར་ལོ་བསྐོར། །ལྷ་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་ཐ་མི་དད་པར་མཉམ་པར་སྦྱར་ན། །རྩེ་གཅིག་ཏིང་ངེ་འཛིན་ལ་མ་ཡེངས་པར་བསྒྲུབ་པའི་ཏིང་འཛིན་ཟབ་མོའི་མཐུས། །དེང་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དུས་འདི་ཉིད་དུ་བདག་ལ་སྩལ་དུ་གསོལ། །གནས་གང་ནས་སྤྱན་དྲངས་ན་ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་གོང་དུ་བཤད་ཟིན་ནས། །གང་སྤྱན་དྲང་ན་ཡི་དམ་གྱི་ལྷ་དཔལ་ཆེན་འཁོར་བཅས་སྤྱན་འདྲེན་ཏེ། །གནས་གང་དུ་སྤྱན་དྲང་ན་དུར་ཁྲོད་མཆོག་གི་བསྒྲུབ་པའི་གནས་འདི་རུ། །མཆོད་རྫས་གང་གནས་སུ་སྟོབ་ན་ཞིང་ཆེན་ཤ་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཁྲག་གི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །འཁོར་གང་དང་བཅས་པ་ལ་འབུལ་ན་མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །འབུལ་ཚུལ་ཇི་ལྟར་འབུལ་ན་མ་ལུས་བཞེས་ནས་བསྣམས་སུ་གསོལ། །


DNG019_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཟ་བར་བྱེད་ན་ང་ནི་ཟ་བྱེད་ཆེན་པོ་སྟེ། །གང་ལ་ཟ་བར་བྱེད་ན་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་ཁམས་གསུམ་གྱི་གདུག་པ་ཅན་རྣམས་ཞི་བས་མི་འདུལ་བ་རྣམས་མ་ལུས་འདུལ་བའི་ཕྱིར། །གཏི་མུག་དག་པ་ཤ་ཞེ་སྡང་དག་པ་རུས་ལ་སོགས་འདོད་ཆགས་དག་པ་ཁྲག་བཟའ་བར་བྱ། །སེམས་ལ་ལས་དཀར་ནག་གི་བག་ཆགས་སོགས་པའི་ཆ་ནས་ཀུན་གཞི་ཡིད་རང་བྱུང་གི་ཡེ་ཤེས་ཀུན་གཞིའི་ཀློང་ནས་རང་བྱུང་ཡེ་ཤེས་ཤར། །ཇི་ལྟར་སྣང་བ་དེ་ལས་ཤར་བ་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་དུ། །དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་ནོངས་པའི་ལས་སུ་གྱུར་པ་འི་སྡིག་པ་ཐམས་ཅད་ཀུན། །འཁོར་བ་ཉིད་མྱ་ངན་ལས་འདས་པར་གནས་པས་ན་གཉིས་སུ་མེད་པའི་ངང་དུ་བཤགས་པར་བགྱི། །ཆོས་སྐུ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་དེ། མཉམ་ཉིད་ངང་ལས་མ་གཡོས་ཀྱང་། །ཡེ་ཤེས་ཐབས་དང་དབྱིངས་ཤེས་རབ་ཐབས་ཡང་། དབྱིངས་ཡུམ་འདྲེལ་བའི་བྱིན་རླབས་ལས། །འགྲོ་བའི་མ་ལུས་འདུལ་བ་དོན་དུ་ཁྲོ་བོའི་སྐུར་སྤྲུལ་པ། །དཔལ་ཆེན་ཡབ་ཐབས་ཡེ་ཤེས་ཆེན་པོར་གསལ་བ་དང་ཡུམ་ཤེས་རབ་ཆོས་ཀྱི་དབྱིངས་སུ་གསལ་བའོ། །སྐུ་ལ་ཕྱག་འཚལ་བསྟོད། །འཁོར་ལ་བསྟོད་པ་ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས། །ཚེ་འདིར་ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད། །དངོས་གྲུབ་རྣམ་གཉིས་མ་མོ་མཁའ་འགྲོས་གྲོགས་མཛད་ནས་མྱུར་དུ་སྟེར་བར་མཛད་པའོ། །ཕྱི་མར་ཕྱག་རྒྱ་ཆེན་པོ་མཆོག་ལ་སྦྱོར། །གྲོགས་མཛད་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། ༈ །དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་ཞུགས་མར་གཅིག་པ་འདི་གསུངས་སོ། །བསམ་དུ་མེད་དོ་སེམས་ཉིད་ནམ་མཁའ་ཆེ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རང་གི་སེམས་ཉིད་ངོ་བོར་རང་གིས་སྟོང་པས་ན་ནམ་མཁའ་དང་འདྲ་བའོ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །རང་སེམས་ནམ་མཁའ་ལྟ་བུ་ལ་རང་གི་རང་ལ་བསམ་དུ་མེད་དེ་སྟོང་ཉིད་ཀྱི་སྟོང་ཉིད་དུ་བལྟ་བ་དང་བྲལ། བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །འོ་ན་སེམས་དྲན་རིག་ཏུ་སྣང་ལ། ནམ་མཁའ་བེམ་སྟོང་ངོ་ཞེ་ན། རིག་སྟོང་གིས་གང་རིག་ན་ཆོས་ཀྱི་དབྱིངས་རིག །རིག་པའི་དུས་ན་བསྒོམ་བྱ་དང་བྲལ། ནམ་མཁའ་མི་དམིགས་


DNG019_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་དམིགས་སུ་མེད། །ནམ་མཁའ་སྟོང་ཉིད་ཡིན་པས་མི་དམིགས་སོ་སྙམ་དུ་ཡང་བསམ་དུ་མེད་པའོ། །དེས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའོ། །རང་བཞིན་ཡེ་ཤེས་དབྱིངས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་བསྒོམ་པ་ནི་ཡེ་ཤེས་ཀྱི་རང་བཞིན་འོད་དམར་སྨུག་ཤར་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་ལ་ཁྱབ་པའི་ཐུགས་རྗེ་འབྱུང་། །ཡེ་ཤེས་དེ་ཉིད་སྙིང་རྗེ་སྒྱུ་མའི་འོད་ཀྱི་སེམས་ཅན་ཀུན་ལ་ཁྱབ་པའོ། །ས་ལེ་གསལ་ཞིང་ཕྱོགས་མེད་མཐའ་དང་བྲལ། །འོད་དམར་སྨུག་པ་ལས་སྙིང་རྗེ་སྒྱུ་མར་གསལ་ཡང་ཕྱོགས་ཆར་འཛིན་པ་མེད་པས་ན་མཐའ་བྲལ་ལོ། །དབྱིབས་མེད་དང་ཁ་དོག་མེད་དངོས་པོ་མེད་པའི་ཡེ་ཤེས་འོད། །གཞི་རྩ་མེད་པའི་སེམས་ཉིད་དག་པ་ལ། །རྒྱུའི་ཏིང་ངེ་འཛིན་ནི། རང་སེམས་གཞི་རྩ་བྲལ་བའི་ཆེན་པོའི་དེ་ལ་ཡེ་གདོད་མ་ནས་སངས་རྒྱས་ཀྱི་དགོངས་པར་གསལ། སེམས་ཀྱི་རང་བཞིན་ཡི་གེ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཧཱུྃ་དུ་གསལ། །བཟུང་བས་མི་ཟིན་དེ་བཞིན་ཆུ་ཟླའི་ཚུལ། །ཧཱུྃ་དེ་ཡང་གསལ་ལ་བཟུང་དུ་མེད་པའི་དཔེ་ཆུ་ནང་གི་ཟླ་བ་ལྟར་རོ། །ཐིག་ལེའི་དབྱིངས་ནས་རང་བྱུང་སྐུ་རུ་ཤར། །ཆོས་སྐུ་ཐིག་ལེ་ཆེན་པོ་ལས་ལྷ་སྐུའི་ངོ་བོ་ཡེ་ཤེས་སེམས་དཔར་གསལ་ལོ། །འབྱུང་བ་ཆེན་པོ་ལྔ་ནི་བཅོམ་ལྡན་འདས། །རིགས་ལྔའི་ཡུམ་དུ་གནས་པ་ངོ་བོ་ཉིད་ཀྱི་སངས་རྒྱས་སོ། །འགྲོ་བ་ཀུན་ལ་ཡེ་ཤེས་རང་བཞིན་གནས། །འགྲོ་བ་སེམས་ཅན་གྱི་ལུས་སེམས་འབྱུང་བ་ལྔར་ཡེ་ནས་གནས་པའོ། །ཕྱིན་ཅི་ལོག་ཏུ་དེ་ལྟར་མ་རྟོགས་པར་རྣམ་པར་བརྟགས་པར་གྱུར་ཀྱང་། །འགྲོ་བ་རང་གྲོལ་རང་བྱུང་གཞན་ལས་མིན། །སངས་རྒྱས་ནས་འབྱུང་བ་ལྔ་སངས་རྒྱས་ཀྱི་ཡུམ་དུ་ལྔར་གྲོལ་བ་ལས་གཞན་ནས་འབྱུང་བ་མེད་དོ། །རང་སེམས་ཀུན་གཞི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་སེམས་ཅན་ཐམས་ཅད་ཀུན་གྱི་གནས་སོ། །དེའི་གཏིང་བློས་དཔག་ཅིང་ཚད་གཞལ་དུ་མེད་པས་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །སེམས་ཉིད་ཆོས་དབྱིངས་རྣམ་པར་དག་པའི་ངང་ལ་དུས་གསུམ་བདེ་གཤེགས་བཞུགས་པའི་གནས་སེམས་ཕོ་བྲང་དུ་གྱུར་པ་སྟེ། །ཕྱི་སེམས་ཅན་ཉིད་ནང་ཀུན་གཞི་གསང་བ་ཡུམ་གྱི་བྷ་ག་རྣམས་འདུ་འབྲལ་མེད་དོ་ཡུམ་གྱི་མཁའ་ལ་རྫོགས། །བདེ་གཤེགས་སེམས་ཉིད་སངས་རྒྱས་སུ་རང་གི་ངང་གིས་རབ་ཏུ་གསལ་བའི་ཕོ་བྲང་དུ། །ཐབས་ཀྱི་སྐུའི་


DNG019_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་མང་པོ་གདུལ་བྱ་རྣམས་ལ་ཅིར་བསྟན་ཀྱང་། །གཉིས་མེད་འབྲས་བུ་ཁམས་གསུམ་རྒྱས་བཏབ་ནས། །སངས་རྒྱས་ཐམས་ཅད་ཐུགས་ཡེ་ཤེས་ཆེན་པོ་ཐིག་ལེ་ཆོས་ཀྱི་སྐུར་གཅིག །སེམས་ཅན་ཐམས་ཅད་སེམས་ཉིད་དུ་གཅིག །སེམས་དང་ཡེ་ཤེས་གཉིས་སེམས་ལ་ཡེ་ཤེས་ཀྱི་རྒྱས་བཏབ། འཁོར་བ་ལ་མྱང་འདས་ཀྱི་རྒྱས་བཏབ། མི་འགྱུར་ཡུམ་གྱི་ཀློང་ན་རྫོགས་པ་ཆེ། །ཆོས་ཉིད་འགྱུར་བ་མེད་པའི་ངང་དུ་སྐུར་རྫོགས། ཐིག་ལེའི་ཆོས་སྐུ་དབྱིངས་ནས་རང་བྱུང་མངོན་སངས་རྒྱས། །སེམས་ཉིད་རང་བྱུང་ཡེ་ཤེས་ལྷར་མངོན་སངས་རྒྱས། སྣང་སྲིད་མ་བཅོས་དཔལ་ཆེན་ཧེ་རུ་ཀ །ཧེ་ནི་ཡུལ་དུ་སྣང་བ་སྣོད་འབྱུང་བ་བཞི་ཡང་ཧེ་རུ་ཀ །ཡུལ་ལ་དགྱེས་པའོ། །རུ་ནི་སྲིད་པ་བཅུད་དུ་སྣང་བ་ཡང་ཧེ་རུ་ཀ་སྟེ་ཆགས་པའོ། །ཀ་ནི་ཡུལ་སེམས་གཉིས་མེད་རྟོགས་པའོ། །སྣོད་བཅུད་ཀུན་ལ་ཁྱབ་པས་གཟུགས་སྐུ་དཔལ་ཆེན་ཏེ་ཞལ་ཕྱག་ཅན་དུ་སྣང་། །དོན་ལ་ཀུན་ཏུ་བཟང་པོ་ཐུགས་ཀྱི་མ་འགགས་པའི་རོལ་པས་སྤྲོས་མེད་ཆོས་ཀྱི་སྐུ། །ཐུགས་ཆོས་སྐུའི་རང་བཞིན་ནོ། །ཡེ་ཤེས་ཆེན་པོ་ཧཱུྃ་ལྔ། བྷྲཱུཾ་ལྔ་བསྒོམ་པ་ཡེ་ཤེས་ལྔའི་དབང་བསྐུར། །གསང་དབང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །དེ་བཞིན་ཉིད་སྒོམ་པའི་སྔགས་ཨོཾ་སརྦ་དྷརྨཱ་བི་ཤུདྡྷེ་སརྦ་བི་ཤུདྡྷེ་ཧཾ། ཀུན་ཏུ་སྣང་ཡེ་ཤེས་སྒྱུ་མ་ལྟ་བུར་སྒོམ་པའི་སྔགས་ཨོཾ་སྭ་བྷཱ་བ་ཤུཌྜྷཿཔྲ་བྷཱ་བ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། རྒྱུའི་ཏིང་ངེ་འཛིན་ཡི་གེ་ཧཱུྃ་བསྒོམ་པའི་སྔགས་ཏྲི་སརྦ་ཀྲ་སྟཾ་མ་ཧཱ་སུ་ཁ་ཧཱུྃ། ཧཱུྃ་ལས་ཡེ་ཤེས་སེམས་དཔའ་ནམ་མཁར་སྒོམ་པ་ཛྙཱ་ན་སཏྭ་ཀྲོ་དྷ་ཧཱུྃ་ཡཾ། གཞལ་ཡས་ཁང་གདན་དང་བཅས་པའི་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་དྷརྨ་དྷཱ་ཏུ་ཨ་ཨ། གདན་སྟེང་དུ་ཡེ་ཤེས་སེམས་དཔའ་དབབ་ཅིང་བཞུ་བ་ཛྙཱ་ན་སཏྭ་ཀྲོ་དྷ་ཧཱུྃ་ཨ་ཨ། ཧེ་རུ་ཀའི་སྐུར་བསྐྱེད་པ་ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཡུམ་ཁྲོ་མོ་དབྱིངས་ཕྱུག་མའི་ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང་དུ་སྤྱན་དྲང་བའི་ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་གརྦྷ་སུ་ཁ་སཾ་ཧ་ར་ན་ཧཱུྃ། དམ་ཚིག་པ་ལ་ཡེ་ཤེས་པ་བསྡིམས་ནས་བཞུགས་སུ་གསོལ་བའི་ཨོཾ་ཤྲཱི་ཧེ་རུ་ཀ་དྷརྨ་དྷཱ་ཏུ་པྲ་བྷཱ་བ་མ་ཧཱ་སུ་ཁ་ཧཱུྃ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །མ་སྐྱེས་པ་ཆོས་དབྱིངས་ནས་བོས་ཏེ་སྤྱན་དྲང་བའོ། །ཧེ་ནི་བོད་པ་དང་པོའི་སྒྲ། །རུ་ནི་སེམས་ཅན་དོན་ལ་སངས་རྒྱས་ཆོས་ཀྱི་དབྱིངས་སུ་འདུས་པའོ། །དབྱིངས་


DNG019_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྡུད་པའི་དོན། །ཀ་ནི་བྱང་ཆུབ་སེམས་ཆེན་པོ། །སྣང་བ་རང་བཞིན་མེད་པའི་སྐུ་ཆུ་ཟླ་ལྟར་གསལ་བའོ། །ཟླ་བ་གསལ་བར་ཤར་བ་ལ། །སྣང་སྟོང་དབྱེར་མེད་ཀྱི་སྐུ་མཚན་མ་ལས་གྲོལ་བ་ནི་མཁའ་ལ་མཚོན་དུ་མེད་པ་བཞིན། །སེམས་ཉིད་ཡེ་ནས་རང་སེམས་ཡེ་ནས་སངས་རྒྱས་ཀྱི་བདག་ཉིད་ལ་ཧེ་རུ་ཀའི་སྐུར་གསལ་བས། །རྣལ་འབྱོར་པས་སྤྱན་འདྲེན་པ་དང་སངས་རྒྱས་གཤེགས་སུ་གསོལ་བར་མི་དམིགས་ཏེ། །སྐྱེས་ཀྱང་ཆོས་ཉིད་དུ་སྐྱེས་ལ་ཤི་ཡང་ཆོས་ཉིད་ངང་དུ་ཤི་བར་ཤེས་པ་ནི་སྐྱེ་ཤི་མེད་པའི་ལམ་ཞེས་བྱ། །སངས་རྒྱས་ལས་ཀྱང་ཡང་སངས་རྒྱས་པའི་ས་ལ་ཕྱིན། །བསམ་དུ་མེད་དོ་སྟོང་གསལ་རིག་པ་ཆོས་སྐུ་ནམ་མཁའ་འདྲ། །བརྗོད་དུ་མེད་དོ་རྣམ་པར་ཤེས་པ་ནི་རང་བཞིན་དངོས་པོར་བརྗོད་དུ་མི་བཏུབ་པ་ལྐུགས་པས་བུ་རམ་ཟོས་པ་འདྲ་རྣམ་ཤེས་གཟུགས་དང་བྲལ། །སེམས་ཉིད་ལྷ་དང་འདུ་འབྲལ་མེད་དོ་ཡུམ་གྱི་མཁའ་ལ་བྷ་ག་ཆོས་ཀྱི་དབྱིངས་སུ་རྫོགས། །རིག་པ་རྟོགས་པའི་དུས་ན་གར་སྐྱེས་ཀྱང་གནས་ལས་འཕོ་བ་མེད། །མཚན་མ་འདུས་བྱས་ཀྱི་སྤྲོས་པ་མེད་པ་རྣམ་རྟོག་དང་བྲལ་བ་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་དག་པ་ལ། །སྐྱེ་མེད་དེ་ལས་འགྱུར་མེད་རྡོ་རྗེའི་སྐུ་སྣང་བ་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ། །འགྲོ་བ་སེམས་ཅན་རྣམས་ཀྱི་མགོན་པོ་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །རྟོགས་པའི་དུས་ན་འདུ་འབྲལ་མེད་པའི་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་གཅིག་གིས་འཁོར་འདས་ཀུན་ལ་ཁྱབ་པས་གདལ་བའི་ཆེན་པོ་སྐུ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །ཆོས་སྐུ་དྲི་མ་མེད་པས་གཡས་དཀར་སྤྲུལ་སྐུ་ཐུགས་རྗེ་ཆགས་པས་གཡོན་དམར་ཆོས་སྐུ་མི་འགྱུར་རྡོ་རྗེའི་སྐུ་དབུས་མཐིང་ནག །རྡོ་རྗེ་མེ་ལོང་ཡེ་ཤེས་ཁ་ཊྭཱྃ་སོ་སོར་རྟོག་པ་རྔེའུ་ཆུང་མཉམ་ཉིད་གཡས། །དུང་དམར་ཆོས་དབྱིངས་རྒྱུ་ཞགས་བྱ་གྲུབ་ཁྱུང་ཁྲ་འདའ་ཀ་ཐུགས་ཀྱི་ཡེ་ཤེས་གཡོན། །ཡུམ་ནི་ལུས་དང་གྲིབ་མ་ལྟར་འདུ་འབྲལ་གཉིས་སུ་མེད་པར་འཁྲིལ། །བཏགས་པའི་མིང་དང་བསམ་པའི་རྟོག་པ་ལ་མིང་དང་ཐ་སྙད་ལས་འདས་པས་མི་གནས་པའི། །སྐུ་ཕྱག་རྒྱ་ཆེན་པོ་ཆོས་སྐུ་ལས་དགོངས་པ་མི་གཡོ་བ་ནི་སྐུ་ཡི་རྒྱ། །མཆོད་པ་ལྷ་གང་ལ་དབུལ་བར་བྱ་ན་དུས་གསུམ་བདེ་


DNG019_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་རྒྱལ་བའི་དཀྱིལ་འཁོར་ལ། །མཆོད་པ་གང་འབུལ་ན་དངོས་སུ་འབྱོར་བ་རྫས་དང་ཡིད་ཀྱིས་ཏིང་ངེ་འཛིན་གྱི་མཆོད་པ་སྤྲུལ་པ་ཡིས། །མཆོད་པ་བླ་ན་མཆིས་པ་ཕྱི་ནང་ཀུན་དང་མཐུན་པ་དང་མ་མཆིས་པ་གསང་སྔགས་ནང་པ་ལ་ཡོད་པ། །རྫས་ལ་སེར་སྣ་མ་ཆགས་དགོངས་པ་ཏིང་ངེ་འཛིན་ལས་མི་གཡོའི་བལྟ་བའི་སྟོབས་དང་ལྡན་པ་ཀྱིས་མཆོད་པར་འབུལ། །ཀུན་གྱི་དཔལ་ཆེན་ཧེ་རུ་ཐབས་ཡབ་ཤེས་རབ་ཡུམ་ལ། །སྐྱོན་རྣམ་པར་དག་པ་འཆི་གསོའི་རྐྱེན། ནད་གསོའི་སྨན་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ལྷ་ཐུགས་རྗེ ས་བརྩེ་བར་དགོངས་དབང་བསྐུར་དང་དངོས་གྲུབ་སྩོལ། །བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་སངས་རྒྱས་ཐམས་ཅད་ཐུགས་ཆོས་སྐུར་དབྱེར་མེད་ཀྱི་ངང་། །སྐྱེ་བ་མེད་པའི་དོན་རྟོགས་པ་མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང་པོ་ནི། །རྒྱུའི་དུས་ན་ཐབས་སྙིང་རྗེ་ལ་མཁས་པའི་ཁྲོ་རྒྱལ་ལམ་གྱི་དུས་ན་དབང་བསྐུར་སྣང་། འབྲས་བུའི་དུས་ན་ཡེ་ཤེས་ཀྱི་སྐུར་བསྟན་པ། །སངས་རྒྱས་ཐམས་ཅད་དབྱེར་མེད་པས་ན་སྤང་བླང་དང་བྲལ་བའོ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཡུམ་ནི་ཆོས་ཀྱི་སྐུ་རྣམ་དག་སྐུ་ལ་ཐ་མལ་གྱི་ཞེན་ཆགས་དང་བཅས་པའི་འདོད་ཆགས་མི་མངའ་ཡང་། །དགྱེས་བྱེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དགྱེས་པ་ཆགས་པས་དཔལ་ཆེན་སྐུ་ལ་འཁྲིལ། །ཡབ་ཡུམ་གཉིས་མེད་བདེ་ཆེན་རྫོགས་པའི་སྐུ། །ཡབ་ཀྱི་བདེ་བ་ཡུམ་ལ་ཤར། ཡུམ་གྱི་བདེ་བ་ཡབ་ལ་ཤར་བས་ཟུང་དུ་འཇུག་པའི་སྐུ། ཡུམ་ཆེན་དཔལ་འབར་མ་རྒྱུའི་དུས་ན་སྟོང་པ་ཤེས་རབ་ལམ་གྱི་དུས་ན་ཡུམ་འབྲས་བུའི་དུས་ན་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བསྟོད། །སྲོག་རྩ་ཀུན་འདར་མ་ལས་སྲིད་པ་ནི་རྩ་སྲོག་ཙིཏྟ་ལུས་ངག་ཡིད་གསུམ་པོ། །གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད། །སྐུ་གསུང་ཐུགས་གསང་བའི་རྩ་སྲོག་ཤིང་གསུམ་གཙོ་བོའོ། །ཀུན་གཞིའི་ཆོས་ཉིད་ཀྱི་ཀློང་ནས་ཡིད་རང་བྱུང་ཡེ་ཤེས་ཤར། །ཤེས་རབ་ཞན་པས་དབྱིངས་ཡེ་ཤེས་དེ་ལྟར་མ་རྟོགས་ཏེ། །ཀུན་གཞི་ཡུམ་ཆོས་ཉིད་ཡིད་རང་བྱུང་གི་ཡེ་ཤེས་ཡབ་ཏུ་རྟོགས་པས་ན་དོན་དམ་ཐིག་ལེ་གཉིས་སུ་མེད་པར་བཤགས། །ཇི་ལྟར་སྣང་བ་སྣོད་ཡབ་དང་བཅུད་ཡུམ་དུ་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་དུ་ཤེས་པས། །སྙིང་པོ་བརྗོད་པས་དཔེར་ན་མཚོ་དྭངས་པ་ལས་ཉ་འཕར་བ་ལྟར་


DNG019_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བརྗོད་པ་ཙམ་གྱིས་སྐུར་གསལ་བའོ། །ཐམས་ཅད་རྫོགས་པའི་ཚུལ། །ཀུན་གཞི་ཡུམ་ཆོས་ཉིད་དང་ཡིད་རང་བྱུང་གི་ཡེ་ཤེས་ཡབ་གཉིས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུར་གྱུར་ཅིག །ཐབས་ལ་མཁས་པས་བདག་ལྷ་གཉིས་སུ་མེད་པར་རྟོགས་པའི་ངང་དུ་བཤགས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་རིམ་པ་ལྔའི་དགོངས་པ་འདི་དག་གསུངས་སོ། །ཨོཾ་ཨཱཿཧཱུྃ་རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །རང་ལུས་ཀྱི་སེམས་དང་སེམས་ལས་བྱུང་བ། བདག་བྱིན་བརླབ་ལྷར་བསྒོམ་པ་དང་འོད་གསལ་སེམས་ཉིད་ལ་བལྟ་བ་དང་། །སྣང་སྟོང་འདྲེས་པ་ཟུང་དུ་འཇུག་དང་འདི་ལྔ་ལ། །ལྔ་བོ་རེ་རེ་ལ་ཡང་ཐ་མལ་བ། ལམ་དུ་ཁྱེར་བ། འབྲས་བུ་གསུམ་གསུམ་ཡིན། །ཐ་མལ་སེམས་ཅན་ཀུན་ལ་ཡོད་དང་ནི་ལམ་དུ་འཁྱེར་རྣལ་འབྱོར་པ་ལ་ཡོད། །འབྲས་བུར་སངས་རྒྱས་ལ་ཡོད་འཁྱེར་བ་རྣམ་གསུམ་ལ། །རེ་རེ་ལ་ཡང་ལྔ་ལྔར་བཤད། །དེ་གསུམ་རིམ་པ་ལྔ་པོ་རེ་རེ་ལ་ཡང་ཁྱབ་པར་གནས་སོ། །ཐ་མལ་རྡོ་རྗེའི་བཟླས་པ་ནི། །འགྲོ་བ་རྣམས་ཀྱི་དབུགས་འདི་ནི། །འགྲོ་བ་མཐའ་དག་ལ་རླུང་ལྔ་རིགས་ལྔར་གནས་པ་ལས། ཕྱིར་འགྲོ་བ་ཨོཾ་སྟེ་ལུས་གནས། ནང་དུ་འོང་བ་ཧཱུྃ་སྟེ་ཐུགས་ཡིད་དུ་གནས། ཁོང་དུ་གནས་པ་ཨཱཿསྟེ་ངག་ཏུ་གནས། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བས་རྡོ་རྗེ་བཟླས་པ་ཉི་ཁྲི་དྲུག་བརྒྱར་གནས་པ་དེ་མ་ཤེས་པས་ཐ་མལ་བ་ཞེས་སོ། །ཕྱིར་འགྲོ་ནང་འོང་གནས་པ་དང་། །ལུས་ངག་ཡིད་དུ་གནས་པ་ནི། །རྡོ་རྗེའི་བཟླས་པ་ཐ་མལ་ཏེ། །དེ་ནི་མ་རྟོགས་ཞེས་སུ་བྱ། །གོང་མའི་དོན་རྟོགས་ནས་ལམ་དུ་འཁྱེར་བ་སྟེ། འཇུག་པ་ཧཱུྃ་ལ་སོགས་ལམ་དུ་འཁྱེར་བའི་བཟླས་པ་ནི། །འཇུག་དང་གནས་དང་ལྡང་བ་ལ། །ཡན་ལག་དྲུག་ཏུ་ཚང་བསྒོམ་པ། །རྡོ་རྗེའི་བཟླས་པ་ལམ་དུ་འཁྱེར། །ཕྱིར་ལྡང་བ་ཨོཾ་ལ་སྤྲོ་བསྡུ་གཉིས་ནང་དུ་འཇུག་པ་ཧཱུྃ་ལ་སྤྲོ་བསྡུ་གཉིས་ནང་དུ་གནས་པ་ཨཱཿལ་སྤྲོ་བསྡུ་གཉིས་སོ། །འབྲས་བུ་རྡོ་རྗེའི་བཟླས་པ་ན། །ཡི་གེ་གསུམ་པོ་རྣམ་དག་ནས། །སྐུ་གསུང་ཐུགས་སུ་གནས་པའོ། །ཨོཾ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། །ཨཱཿགསུང་། ཧཱུྃ་ཐུགས་སུ་གསལ་ལོ། །ཐ་མལ་སེམས་ལ་དམིགས་པ་ནི། །འདོད་བདེ་བར་ཤར་ཆགས་ཞེ་སྡང་གསལ་བར་ཤར་གཏི་མུག་མི་རྟོག་པར་ཤར་བ་དང་། །རྣམ་ཤེས་ཚོགས་


DNG019_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། གཟུགས་ལ་རྒྱུའི་གཟུགས་བཞི་འབྲས་བུའི་གཟུགས་བཅུ་གཅིག །ཚོར་བ་གསུམ། འདུ་ཤེས་གསུམ། འདུ་བྱེད་སེམས་དང་ལྡན་པ་ལ་ལྔ་བཅུའོ། །རང་བཞིན་བརྒྱད་ཅུར་ཤར་བ་དང་། །ཐབས་རྡོ་རྗེ་ཕོ་དང་ཤེས་རབ་སྟོང་པ་མོ་དང་ཐབས་ཤེས་དབྱེར་མེད་མ་ནིང་ནི། །ཐ་མལ་སེམས་ལ་དམིགས་པའོ། །ལམ་དུ་བསྒོམ་པའི་དམིགས་པ་ནི། །ལུས་སྐུར་བདེ། ངག་གསུང་དུ་སེམས་ཐུགས་སུ་བདེ་བ་གསུམ་དང་དགའ་བ་མཆོག་དགའ་དགའ་བྲལ་གྱི་དགའ་བ་ལྷན་སྐྱེས་ཀྱི་དགའ་བ་བཞི། །འོད་ཀྱི་སྣང་བ་གསུམ་མེ་ལོང་འོད་ཀྱི་སྣང་བ་ཞལ་ཕྱག་མེ་ལོང་ནང་དུ་བལྟ། ཉི་མ་འོད་ཀྱི་སྣང་བ་ཐུགས་རྗེ་ཉི་མ་ལ་བལྟ། མར་མེ་འོད་ཀྱི་སྣང་བ་དགོངས་པ་མར་མེ་ལ་བལྟ། མེ་ལོང་ནང་གི་བཞིན་ལྟར་གཟུགས་གསལ་མར་མེ་ལྟར་དགོངས་པ་གསལ་ཉི་མ་ལྟར་ཐུགས་རྗེ་གསལ་བཅས་པ། །དེ་ལྟར་བསྒོམ་པ་ལམ་ཡིན་ནོ། །འབྲས་བུའི་སེམས་ལ་དམིགས་པ་ནི། །རྣལ་འབྱོར་པ་གང་ཞིག་ལྷ་ཡི་ང་རྒྱལ་འཆང་བྱེད་བདེ་ལ་ལུས་སྐུར་གསལ་ཁམས་བདུད་རྩིར་བདེ་སྔགས་དང་རླུང་གིས་བྱིན་གྱིས་རློབ་པའོ། །མི། །སྐུ་རང་ལུས་རྩ་ལས་ལྷ་སྐུའི་དབྱིབས་གྲུབ་དང་ཁམས་བདུད་རྩི་ལས་བདེ་བ་སྔགས་དང་རླུང་གིས་བྱིན་གྱིས་རླབས་གསུམ། །རྩ་སྐུར་གསལ། བདེ་སྔགས། རླུང་ཐུགས་སུ་གསལ་བ་ནི་འབྲས་བུའི་སེམས་ལ་དམིགས་པའོ། །ཐ་མལ་པ་ཡི་བདག་བྱིན་བརླབ། །སྣང་བ་རང་ལུགས་སེམས་ཅན་ལུས། །ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་སྣང་བ་ལ་རང་ལུགས་སུ་འབྱུང་བ་ལྔའི་རིགས་ལྔ་རང་བཞིན་གྱིས་གནས་པའོ། །མི་ལུས་གྲུབ་སོགས་ཐ་མལ་པ། །དེའི་ནང་ནས་མི་ལུས་ཁྱད་པར་ཅན་ཐོབ་པ་ནི་རྡོ་རྗེའི་ཐེག་པའི་ཆོས་དང་ཕྲད་པས་སོ། །དེ་ལས་ལམ་དུ་ཁྱེར་ཙམ་ན། །རྡོ་རྗེའི་ལུས་ཉིད་དག་པ་ནི། །དང་པོར་བལྟ་བས་རང་ལུས་རྡོ་རྗེར་སྔགས་ཀྱི་ཐེག་པས་སངས་རྒྱས་སུ་གཏན་ལ་ཕེབ་པས་ཡེ་ནས་དག་པའོ། །རང་ཉིད་དམིགས་ཤིང་ཡིད་འཇོག་པ། །དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད་རྣམས་ཡི་དམ་གྱི་ལྷར་དམིགས་ཤིང་བསྒོམ་པ་ལས་འཇོག་པའོ། །སྤྱོད་ལམ་ཉིད་ཀྱང་སྒྱུ་མར་བལྟ། །སྤྱོད་ལམ་དུས་བཞིའི། ཡང་ལྷའི་སྐུ་ཕྱག་རྒྱ་སྒྱུ་མར་བལྟ་བའོ། །དེ་ནི་རབ་ཏུ་བསྒོམ་པའོ། །ལམ་དུ་བསྒོམ་པ་ཡིད་ལ་འཇོག་སྤྱོད་པ་དང་མ་བྲལ་བའོ། །འབྲས་བུའི་བདག་བྱིན་བརླབ་པ་ནི། །སྒྱུ་མ་དང་ལྷ་སྐུས་དོན་མཛད་ཅིང་ལྷ་སྐུར་སྣང་ཡང་སྒྱུ་མ་དང་འདྲ་བའོ། །ནི་ཆུ་ཟླ་དང་། །སྣང་ལ་རང་བཞིན་མེད་པ་ཆུ་ཟླ་འདྲ། གསལ་ལ་རྟོག་པ་མེད་པས། འཇའ་


DNG019_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་བཞིན་དུ་དངོས་མེད་པ། །དེ་ལྟར་དཔལ་ཧེ་རུ་ཀའི་འབྲས་བུའི་སྐུར་སྣང་བ། །མཚན་ཁྲོ་བོའི་གར་དབུ་དང་དཔེ་བྱད་ཆས་བརྒྱད་ཀྱི་རྒྱན་གྱིས་བརྒྱན། །དེ་ནི་གདུལ་བྱ་ལ་སྐུ་ཞི་ཁྲོར་སྣང་བ་འབྲས་བུའི་རིམ་པའོ། །སེམས་ཉིད་རང་བཞིན་གྱིས་འོད་གསལ་བར་གྲུབ་ནས་གནས་པ་དེ་འོད་གསལ་བ་ཡི་མཚན་ཉིད་ནི། །ཐ་མལ་ལས་གྲུབ་རང་བཞིན་སྟོང་། །ཐ་མལ་ལ་སེམས་རང་གིས་མ་བཅོས་པ་ཡོངས་ཀྱིས་འོད་གསལ་བར་གྲུབ་པའོ། །ལམ་ཡང་རང་བཞིན་སེམས་ངང་གིས་འོད་གསལ་བས་མཁྱེན་པ་མ་འགགས་མེད་པ་སྟེ། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་ཉིད། །ངང་གི་མ་བཅོས་པས་རང་བཞིན་སྟོང་། འབྲས་བུ་ཡང་ནི་འོད་གསལ་ལོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡེ་ཤེས་ཀྱི་སྐུར་གནས་པ་སངས་རྒྱས་སོ། །དེ་ནི་ཐེག་པ་ཐུན་མོང་ཐམས་ཅད་ཀྱང་དེ་ལྟར་སངས་རྒྱས་པར་འདོད་པས་སོ། །ཐ་མལ་ཟུང་དུ་འཇུག་པ་ནི། །ཐོག་མའི་དུས་དང་ཐ་མའི་དུས། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །གཉིས་སུ་མེད་པས་ཡེ་སངས་རྒྱས། །ཐོག་མ་སེམས་ཅན་དུ་གནས་པའི་དུས་ན་ཡང་སེམས་ཉིད་བདེ་གཤེགས་སྙིང་པོ་ཡིན་ལ། ཐ་མ་སངས་རྒྱས་སུ་གནས་པའི་དུས་ན་ཡང་སེམས་ཉིད་བདེ་གཤེགས་ཉིད་སངས་རྒྱས་པས་གཉིས་མེད་དེ་ཟུང་འཇུག་གོ། །ཡེ་སངས་རྒྱས་པས་བླང་དོར་མེད། །སེམས་ཅན་ལ་ངན་པར་བལྟས་ནས་དོར་དུ་མེད་སངས་རྒྱས་ལ་བཟང་པོར་བལྟས་ནས་བླང་དུ་མེད་དོ། །བླང་དོར་མེད་པས་ལམ་དུ་ཁྱེར། །ཟུང་དུ་འཇུག་དཔེར་ན་རྨོད་གླང་གཉིས་གཤིབས་ནས་ཞིང་རྨོད་པར་ནུས་པ་ལྟར་ཡབ་ཡུམ་གཉིས་བསྡེབས་པ་དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲུབ་པར་བལྟ་བའོ། །པས་གཉིས་སུ་བསྡེབ། །འབྲས་བུ་ཉིད་ཀྱང་དབྱིངས་ཡུམ་ལ་ཡེ་ཤེས་ཡབ་ལ་འཇུག་པའོ། །ཟུང་དུ་འཇུག །ཟུང་འཇུག་གོ་འཕང་ལ་གནས་ན། །ཆོས་སྐུའི་དགོངས་པ་ལ་གནས་པར་གྱུར་པས་ན། སླར་ཞིང་གང་ཡང་མི་སློབ་བོ། །སློབ་པའི་ཟུང་འཇུག་དང་མི་སློབ་པའི་ཟུང་འཇུག་ལས་སྟོང་ཉིད་ཆོས་སྐུ་ལས་ཡར་ལ་གཤེགས་པའི་དགོངས་པ་གཞན་ཡོད་པ་མ་ཡིན་པས་ན། དགུང་ལས་སླར་གཤེགས་དོན་མ་མཆིས། །ཧེ་རུ་ཀའི་གལ་པོ་ལས། ཁྲོ་བོའི་དཀྱིལ་འཁོར་གཏན་ལ་ཕབ་པ་སྟེ་བརྟག་པ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་པ་འདི་དག་གསུངས་སོ། །བསྙེན་པར་གནང་


DNG019_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་བསྐུར་བའི་དུས་སུ་བསྙེན་པའི་དབང་ཐོབ་ནས། །བླ་མས་སློབ་མ་ལ་བསྒོམ་པའི་རིམ་པ་དང་དབྱངས་ཀྱི་རིམ་པ་དང་ཡི་གེ་འབྲུ་བརྒྱད་ཀྱི་དོན་བསྟན་ནས། །ཕྱིར་བསྐྱེད་རིམ་བསྒོམ་པའི་དུས་སུ་ནི་དཔལ་ཆེན་པོ་འཁོར་དང་བཅས་པའི་མཆོད་པ་རྫོགས་ནས་ཀྱང་། །བསྙེན་པ་ལ་འཇུག་པའི་དུས་སུ་ནི་བསྙེན་པའི་ལུང་བཞིན་རུ་ལུ་སྤྲོས་པའི་བརྟན་པ་འདི་ལ་བརྩོན་པར་འབད་ནས་བཟླས་པའོ། །རྒྱུད་ལུང་མན་ངག་ཤེས་པ་ཡོན་ཏན་ལྡན་པའི་བླ་མ་ལ། །བསྙེན་པའི་དབང་བསྐུར་གྱི་དབང་ལུང་མན་ངག་མ་ཐོབ་པར། །ཇི་ལྟར་རང་དགར་འཇུག་པར་བྱས་ནས་བཟླས་བརྗོད་བརྩོན་འགྱུར་ཡང་། །རང་གིས་འབད་རྩོལ་བྱས་ཀྱང་ངལ་བ་དོན་ཆུང་ཞིང་སླར་གོལ་བར་ཏེ་ལྟུང་བའི་གནས་སུ་འགྱུར་རོ། །འབྲུ་བརྒྱད་བཟླས་བརྗོད་སྒྲ་མ་དག་པ་ཚིག་མི་གསལ་བ་ལ་སོགས་པའི་སྐྱོན་སྤངས་ཏེ། །ཡིད་བཞིན་རིན་ཆེན་གཏེར་རྙེད་དགོས་འདོད་འབྱུང་བ་ལ་དང་བ་བཞིན། །རུ་ལུ་དཀྱིལ་འཁོར་དུ་ཤེས་པ་ལ་སོགས་ཅིར་ཡང་བསྒྱུར་དུ་བཏུབ་པའི་ཕྱིར། །མཆོག་ཐུན་མོང་གི་དངོས་གྲུབ་ཡོན་ཏན་མཐའ་ཡས་མཆོག་ཏུ་བསྟན། །སྔགས་ཀྱི་ངོ་བོ་ལྷ་ཡི་སྐུ་ཡིན་ཏེ་དངོས་སུ་གྲུབ་པའོ། །ལྷའི་སྐུ་རྣམ་རྟོག་མཚན་མ་ལས་དབེན་པ་དང་སྨྲ་བ་དང་བསམ་པ་ལས་འདས་པས་བརྗོད་བྲལ་དུ་གནས་སོ། །དོན་དམ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མི་འགྱུར་བའོ། །ཡང་དག་ཀུན་རྫོབ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ། །ངེས་ཚིག་ཤེས་པ་དང་སྐྱོབས་པ་དང་ལྡན་པ་སྟེ། །ངན་སོང་གི་གནས་ངན་ལེན་ལས་སྐྱོབ་པ་དང་། །སྐུ་གསུམ་འབྲས་བུ་ཐོབ་པར་བྱེད་པ་སྟེ་ཤེས་སྐྱོབས་དང་ལྡན་པས་ན་གསང་སྔགས་ཀྱི་ངེས་ཚིག་གྲུབ་པའོ། །ཤེས། །མཚན་ཉིད་སྐུ་གསུམ་དང་ཡེ་ཤེས་ལྔ། །སྐུ་རྣམ་པར་བརྗིད་པས་གསུང་སྨྲ་བརྗོད་འབྱུང་བས་ཐུགས་ཐམས་ཅད་མཁྱེན་པ་དང་ཡོན་ཏན་བྱ་བ་བྱེད་པས། ཕྲིན་ལས། །མཆོག་སྐུ་གསུམ་ཐོབ་པ་དང་ཐུན་མོང་ཆུ་ལས་མི་འབྱིང་བ་ལ་སོགས་དངོས་གྲུབ་ལྡན། །དབྱེ་བ་ཤེས་རབ་གསལ་བ་རིག་སྔགས་ཐབས་ཤས་ཆེ་གཟུངས་སྔགས་དང་། །ཐབས་ཤེས་ཆ་མཉམ་པ་གསང་སྔགས་དག་ཏུ་གསུངས་པ་ཡིན། །རིག་སྔགས་མ་རིག་མུན་ནག་སེལ། །བུད་མེད་གཟུགས་དབྱིབས་ཕྱག་རྒྱ་


DNG019_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ། །ལྷ་མོ་ཤས་ཆེ་སྟེ། སྒྲོལ་མ། འོད་ཟེར་ཅན། སོར་འབྲང་ལ་སོགས་སོ། །འཁོར་ཡང་ལྷ་མོ་ཤས་ཆེ་བ་ངད་། ཉུང་ཡང་ཤེས་རབ་ཤས་ཆེའོ། །གཟུངས་སྔགས་མཐའ་རིག་པས་ཆད་མཐའ་སེལ། ཡུལ་གྱི་རྟག་མཐའ་སེལ་གཉིས་ལྟུང་བ་འཛིན། །ལྷ་ཕོ་ཤས་ཆེ་བ་ཐབས་རྐྱང་བ་གཙོར་སྟོན་པ་སྐྱེས་པའི་གཟུགས་ཀྱིས་འདུལ་འགྱུར་བ་ཡིན་ནོ། །སློབ་མ་གསང་སྔགས་སྣོད་མ་ཡིན་ལ་གསང་། །ཤེས་རབ་སྟོང་པ་ན་དོན་དམ་པར་སྙིང་པོ་ཆོས་ཀྱི་སྐུ་ར་འདོད་པ་དང་། །ཐབས་སྙིང་རྗེ་ལས་ཡང་དག་པའི་ཀུན་རྫོབ་ལྷ་དང་སྔགས་ཀྱི་ས་བོན་ཡིག་འབྲུ་དང་སྐྱེད་རྐྱེན་གྱི་སྔགས་ལས། །ལྷ་ཡི་དཀྱིལ་འཁོར་དུ་གསལ་བའོ་ར་སྣང་བ། །དེ་ལྟར་སྔགས་ཀྱི་བྱིན་རླབས་བསྟན་པ་ནི། །འབྲུ་བརྒྱད་ལས་ཡང་དག་ལྷ་དགུའི་དཀྱིལ་འཁོར་དུ་གསལ་ཞིང་བྱིན་རླབས་ནི། །མི་འཇིགས་སེང་གེའི་སྒྲ་དང་མཚུངས། །སེང་གེ་དང་ཆོས་མཚུངས་པ་ནི་སེང་གེས་སྒྲ་བསྒྲགས་ན་རི་དྭགས་ཕྲན་རྣམས་སྐྲག་པ་ལྟར་རུ་ལུས་རུ་ཏྲ་སྐྲག་གོ། །གཟི་བྱིན་ཆེ་བས་ཉི་ཟླ་དང་རྒྱུན་མི་འཆད་པས་རྒྱ་མཚོའི་རྒྱུན་དང་འདྲ་བ། །ནམ་མཁའི་དང་ཆོས་མཚུངས་ཏེ་སྤྲིན་བཞིན་མཁའ་ལས་ཆོ་འཕྲུལ་སྤྲུལ། །ཨོཾ་ནི་སྐུ་དང་ཡེ་ཤེས་ཉིད། །དཔལ་ཆེན་འབར་བ་སེང་གེས་བརྗིད། །རུ་ལུ་ཉི་ཟླ་དང་མཚུངས་ཏེ་ཉི་ཟླས་འོད་གཞན་ཟིལ་གྱིས་གནོན། ནམ་མཁའ་དང་མཚུངས་ཏེ་དངོས་པོར་མ་གྲུབ་པར་སྤྲིན་སོགས་འབྱུང་བ་ལྟར་མཁའ་འགྲོ་འབྱུང་། རྒྱ་མཚོའི་གླིང་ལ་རིན་ཆེན་ཡོད་པ་ལྟར་རེ་བ་སྐོང་མ་མོ་ནམ་མཁར་འཕྲོ། །མ་ཚོགས་སྤྲིན་དང་སྐར་ལྟར་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་རྒྱུན་འདྲ། །མ་ནོར་རེ་སྐོང་མཁའ་ལ་འགྲོ། །སྔགས་ཀྱི་ཡོན་ཏན་ཁྱད་པར་འཕགས། །རུ་ལུ་འདི་ནི་ལས་ཉོན་གྱི་སྒྲིབ་པ་མ་ལུས་པ་སྦྱོང་། །ལས་ཀྱི་སྒྲིབ་པ་སྦྱངས་ནས་སྤྲུལ་སྐུའི་ཞལ་མཐོང་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་ནས་ལོངས་སྐུ་མཐོང་ཤེས་བྱའི་བག་ཆགས་སྦྱངས་ནས་ཆོས་སྐུ་མཐོང་འཇོམས། །རུ་ལུ་འདི་ནི་རང་སེམས་སྐུ་དང་ཡེ་ཤེས་གསལ་བས་རྟོགས་པ་སྐྱེ། །བསྒོམ་ཉམས་སེམས་ལ་རྣམ་པར་འཕེལ། །ལྷ་སྐུའི་ཞལ་ཕྱག་གསལ་བ། རྣམ་པ་བདེ་བ། ངོ་བོ་སྟོང་པ། རང་བཞིན་རིག་པའོ། །རུ་ལུ་འདི་ནི་ཕྲིན་ལས་བཞི་འགྲུབ་པས་ན་ཡ་མཚན་ཆེ། །བདུད་དང་བར་ཆོད་མུ་སྟེགས་རཱུ་ཏྲ་འདུལ་བས་ཡ་མཚན་ཆེ། །ཕྱི་ནང་གསང་བའི་དྲོད་གསུམ་བལྟ་བསྒོམ་སྤྱོད་པའི་ཚད་


DNG019_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཟུགས་སྒྲ་དྲིའི་རྟགས་གསུམ་འབྱུང་། །ཕྱི་འི་དྲོད་ལུས་ཡོད་དུ་མི་ཚོར་ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་གསང་བའི་དྲོད་བདེ་བ་སེམས་ལ་འབར་བ་དང་ལྡན། །དང་པོར་མར་མེ་ལྟར་གསལ་བ་བལྟ་བའི་ཚད་བར་དུ་རྒྱ་མཚོ་ལྟར་མི་གཡོ་བ་སྒོམ་པའི་ཚད་ཐ་མར་ཤིང་བལ་ལྟར་ཡང་བ་སྤྱོད་པའི་ཚད། །བརྟག་པ་གསུམ་ནི་རབ་ལྷའི་གཟུགས་དང་འབྲིང་སྒྲ་གསུམ་དང་ཐ་མ་དྲི་ཞིམ་པོ་ཡང་སྟོན། །སྔགས་ཀྱི་རང་བཞིན་བསྟན་པ་ནི། །འཇིགས་བྱེད་ཧེ་རུ་ཀ་འབར་བའི་རང་བཞིན་ནི། །ཀུན་ཏུ་བཟང་པོ་ཧེ་རུ་ཀ་ཡིན། །དེའི་དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་ནི། །ཡེ་ཤེས་གསང་སྔགས་སྙིང་པོ་འབྲུ་བརྒྱད་དུ་ལྡན་པར་སྣང་བའི། །རྡོ་རྗེ་སྔགས་ཀྱི་སྒྲ་བཤད་པ་ནི། །ཨཱོཾ་ནི་དཔལ་ཆེན་པོ་ཡེ་ཤེས་སྐུ་ཕྱག་རྒྱར་གསལ། །རུ་ནི་ཡེ་ཤེས་འབར་བ་ལོག་པའི་འདོད་ཆགས་བསྲེག་ཡང་དག་པའི་བདེ་སྟོང་ལ་ཆགས་པའི་ངང་ངོ་། །ལུ་ནི་ལུམ་བི་ནིའི་ཚལ་དང་འདྲ་བར་ཀུན་སྐྱེ་བའི་གནས་ཀུན་བཟང་ཡུམ་གྱི་ཚལ། །ཧཱུྃ་ནི་འཁོར་འདས་དབང་དུ་སྡུད་པ་ཡང་ཐུགས་ཧཱུྃ་ལས་སྤྲུལ་པ་བྱུང་ནས་དབང་དུ་སྡུད་པའོ། །བྷྱོ་ནི་ཡེ་ཤེས་ཀྱི་ལྷ་མོ་རྣལ་འབྱོར་མ་རུ་ཉེར་བརྒྱད་ཀྱི་སྲོག་བསྟན། །ཧཱུྃ་ནི་ཚད་མེད་བཞིས་འགྲོ་དོན་མཛད་པའི་ཏན་གཎ་མཆོག །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། །ཡེ་ཤེས་ལྷའི་སྲོག་གི་སྙིང་པོ་ཞེས་བྱ་བ་འབྲུ་བརྒྱད་སྤྲོ། །འབྲུ་བརྒྱད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སུ་བསྟན་པ་དང་། །སྲོག་གི་སྙིང་པོ་བྱེ་བྲག་ཏུ་བརྒྱད་སྤྱིར་དྲིལ་བས་དགུ་ཚང་བར་ཡོད། །དེ་ནི་རུ་ལུ་དང་ཡེ་ཤེས་ཀྱི་ལྷ་དབྱེར་མེད་དུ་གནས་པས་ན་དཀྱིལ་འཁོར་རང་བཞིན་ཡིན། །དཀྱིལ་འཁོར་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་རིག་པའི་ཡེ་ཤེས་ཀྱིས། །སྣོད་དབྱིངས་དང་བཅུད་ཡེ་ཤེས་གཉིས་སུ་མེད། །འབྲས་བུ་སྐུ་གསུམ་དངོས་གྲུབ་ཐོབ། །རུ་ལུའི་བྱེ་བྲག་བསམ་མི་ཁྱབ། །དབྱངས་དྲུག་བླངས་པས་དོན་དྲུག་འགྲུབ། །དབྱངས་ཤ་ཏ་པ་ཡི་གླུ་སྔོན་བྱུང་དཔལ་ཆེན་པོས་དུར་ཁྲོད་སོ་སའི་གླིང་དུ་བླངས། རཱུ་ཏྲ་ཁ་ཊྭཱཾ་གས་བསྒྲལ་ཅིང་བླངས། རྗེས་འཇུག་ཏུ་དུས་ཐམས་ཅད་དུ་བླང་། གཡའ་གསེབ་ནས་ཆུ་འབབ་པ་བཞིན་འབྲུ་མི་གསལ་བར་བླང་ངོ་། །བླངས་པས། །དཔེ་རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱིས། །འབྲས་བུ་དགོས་པ་གདུག་


DNG019_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་སྤ་ཡང་བཀོང་། །གླུ་གང་བླང་བ་གརྫ་པ་ཡི་གླུ་རི་མ་ལ་ཡའི་རྩེ་མོ་ལ་ཕྱིན་དུས་སུ་བླངས། རྗེས་འཇུག་དུས་དྲུག་གི་ཚོགས་དང་ཉུ་ལེ་མ་ཟློག་དུས་སུ་བླང་བླངས་པས། །དཔེ་ཇི་ལྟར་ཟབ་ཅིང་འབྲུག་ལྟར་སྒྲ་སྒྲོགས་པས། །འབྲས་བུ་གང་འགྲུབ་ན་གཏུམ་པོ་གདུག་པ་ལྷན་ནེར་འགྱུར། །གླུ་གང་བླངས་ན་ཅང་དེའུ་ཡི་གླུ་རྗེས་འཇུག་གསོ་བ་དང་མཚམས་སྦྱོར་གྱི་དུས་སུ་བླང་། རང་གི་ཐོས་ཙམ་ཚིག་གསལ་བར་བཟླས་བླངས་པས། །འཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད། །པང་ཀ་དེའུ་གྱི་གླུ་བདེ་བར་གཤེགས་པ་རྣམས་ཀྱི་བཀའ་བསྒོ་ནས་རི་མ་ལ་ཡའི་བྱང་ཕྱོགས་སུ་བླངས། རྗེས་འཇུག་ཏུ་སྲོད་ལ་བླང་མཆུ་ཅུང་ཟད་བཙུམ་ལ་རྔ་མོ་བུ་སྟོར་བའི་ཚུལ་དུ་བླང་བླངས་པས། །འཁུན་ཅིང་གདུང་བའི་སྒྲ་འབྱིན་གྱིས། །གནོད་བྱེད་མ་ལུས་དབང་དུ་སྡུད། །དྲེང་ངེ་བ་ཡི་གླུ་རཱུ་ཏྲ་གནས་སྤར་བའི་དོན་དུ་བླངས། ཐོ་རངས་བླངས་པས། །སྔགས་ཀྱི་ཡི་གེའི་སྒྲ་སྒྲོགས་པས། །དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད། །ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་བཞིན་མེད་པར་གསལ། དུང་ངེ་བ་ཡི་གླུ་རཱུ་ཏྲའི་གནས་སུ་བྱས་ཏེ་བླངས་པས། །རྗེས་འཇུག་ཐོ་རངས་བླང་ཚངས་པ་དབྱངས་ཀྱི་འདྲེན་ཞི་བའི་སྐད་གདངས་ལ་འདྲིལ་ཞུགས་ཀྱི་དེའུ་དང་བཅས་པར་བླང་ཚུལ་གྱིས། །དམ་ཅན་བསྟེན་པར་ཤིས་པས་འཁོར་རྣམས་ཐམས་ཅད་དབང་དུ་སྡུད། །རུ་ལུའི་དཀྱིལ་འཁོར་དག་ཏུ་ཤེས། །ཡུམ་གྱི་བྷ་ག་གསང་བའི་མཁའ་ལ་ལྷ་དགུའི་དཀྱིལ་འཁོར་རྫོགས། །དཀྱིལ་འཁོར་གྱི་རང་བཞིན་ཀུན་བཟང་མཁའ་དབྱིངས་ཡངས་པའི་གཞལ་ཡས་སྤྱིར་ཡུམ་ཀུན་ཏུ་བཟང་མོའི་བྷ་ག་སུ། །བྱེ་བྲག་ཏུ་འབྱུང་ལྔ་ཡུམ་ལྔའི་བྷ་ག་རྣམས་འདུས་པའི་གཞལ་ཡས་ཁང་དཀྱིལ་འཁོར་གྱིས། །སྐུ་དང་ཡེ་ཤེས་ངོ་བོར་རང་གསལ་བས་ན་རྒྱལ་བའི་དཀྱིལ་འཁོར་མཛེས་པའི་མཆོག་བཀོད་ནས། །རཀྟའི་རྦ་ཀློང་འདོད་ཆགས་ཁྲག་མཚོ་འཁྱིལ་ཅིང་འཁྲུགས་པའི་འབྱུང་བ་རིམ་བརྩེགས་དབུས། །ཞེ་སྡང་ཀེང་རུས་གསར་རྙིང་བརྩིགས་པའི་རི་རབ་སྟེང་། །ང་རྒྱལ་རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལ། །དཀྱིལ་འཁོར་གྱི་རྒྱུ་བྷན་དྷ་གསར་རྙིང་བརྩིགས་པའི་གཞལ་ཡས་ཁང་། །ཡོན་ཏན་ཆེ་རྒྱས་དབྱིབས་གང་ན་གྲུ་བཞི་ལྷམ་པའི་དབྱིབས། །གཟེར་གང་གིས་བཏབ་ན་གནམ་ལྕགས་


DNG019_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་མོའི་གཟེར་ཆེན་ཏ་ལ་ལ། །ཀ་བ་དུ་ཡོང་ན་མཆོག་བརྒྱད་ལྡན་པའི་རེའུ་ཆ་དགུ། །རྒྱན་གང་དང་ལྡན་ན་རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་བཅས། །འོད་གང་འཕྲོ་ན་བསྐལ་པའི་མེ་ལྟར་འབར་བའི་འོད་ཟེར་འཕྲོ། །ཆགས་བཅས་དབུས་ཀྱི་དབྱིབས་གཙོ་བོའི་གནས་ཟླ་ཁམ་པདྨ་དབང་གི་ཚུལ། །འཁོར་གྱི་བཞུགས་གནས་རིན་ཆེན་འཁོར་ལོ་རྩིབས་བརྒྱད་རྒྱས་པའི་དབུས། །གདན་གང་པདྨ་འདབ་བརྒྱད་དབུས་ཀྱི་དཀྱིལ་འཁོར་དུ། །གདུག་པ་གང་དྲེགས་པ་ཁྱོ་ཤུག་བསྣོལ་ཞིང་གདན་གང་བཏིང་ཞིང་རྐྱང་བཏིང་། །རབ་གསལ་ཉི་ཟླ་འབར་བའི་གདན་བཤམས་པ། །ལྷ་གང་བསྐྱེད་ན་བསོད་ནམས་མཐུས་གྲུབ་ཡེ་ཤེས་ཀྱི་ལྷ་དང་ཏིང་འཛིན་སྟོབས་ཀྱིས་བསྐྱེད་པ་དམ་ཚིག་ལྷ། །ཡེ་ཤེས་རང་སྣང་ཡུལ་དུ་སྣང་བ་འདི་ཁོ་ན་དཀྱིལ་འཁོར་དམ་པ་ལས། །བདག་དམ་ཚིག་དཀྱིལ་འཁོར་གི་རྣམ་སྤྲུལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་ཀྱི་མཐུས་བཞེངས་ཤིག །དང་བའི་མཆོད་སྤྲིན་གསལ་བའི་ནམ་མཁའ་བཞིན། །དོན་དངོས་པོའི་མཚན་མ་གཏན་སྤངས་རྣམ་དག་དྲི་མ་མེད་པའི་ཐུགས་མངའ་བ། །ཐུགས་རྗེ་འཆར་ཚུལ་ཡེ་ཤེས་ཆོས་ཀྱི་དབྱིངས་ཆོས་སྐུ་ལས་མི་གཡོ་ཡང་། །ཐུགས་རྗེ་བྱུང་ཚུལ་སྨོན་ལམ་དབང་དང་འཕྲལ་གྱི་དུས་མཁྱེན་པས། །མཚོ་ལས་རྫིས་བསྐྱོད་ནས་རླབས་དང་མཁའ་ལས་གསལ་བ་རྟེན་མེད་དུ་འགྲོ་བ་ཉི་ཟླ་བཞིན། །སྐུར་སྣང་བ་དངོས་ནི་ལུས་དང་ཕྱག་ཞབས་སྟོང་ཁམས་རྡུལ་སྙེད་ཀྱི། །སྐུའི་ངོ་བོ་ནི་འཇིགས་བྱེད་ཁྲོ་རྒྱལ་འབར་བའི་སྐུར་སྟོན་པ། །སྐུའི་མཛད་པ་ཞི་ཁྲོ་ལ་སོགས་ཚུལ་དང་རྔོམ་བརྗིད་བཅས། །དུར་ཁྲོད་རྒྱན་ཆས་ནི་ཐོད་སྦྲུལ་གཡང་གཞི་ལ་སོགས་རྒྱན་ཆས་ལྡན། །ཕྱག་མཚན་རྡོ་རྗེ་དུང་ཆེན་ཁ་ཊྭཱཾ་ལ་སོགས་བསྣམས། །གནས་ནི་རབ་འཇིགས་དུར་ཁྲོད་བསྐལ་པའི་མེ་དཀྱིལ་ན། །འཁོར་ནི་དཀར་མོ་ལ་སོགས་ཚོགས་ཀྱི་དཀྱིལ་འཁོར་མཛེས། །དབང་མོ་ལ་སོགས་བཀའ་ཉན་མངག་གཞུག་ཕོ་ཉ་གཡོག་འཁོར་བཅས། །གདུལ་བྱ་ལ་སྣང་ཚུལ་ནི་གདུལ་བྱའི་ཡུལ་དུས་ངན་ཐ་མའི་གདུལ་བྱའི་རྒྱུད་སྦྱོང་བའི། །དཔལ་ཆེན་དཔའ་བོ་ཡབ་ཡུམ་འཁོར་བཅས་ལ། །འདུལ་བྱེད་ཀྱི་སྔགས་ནི་གསང་ཚིག་འབྲུ་བརྒྱད་ལེགས་པའི་མཆོད་པ་འབུལ། །སྐྱེས་དང་སྐྱེས་ལེན་གྱི་ཚུལ་


DNG019_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདག་ལ་དགོངས་ཤིང་བྱིན་རླབས་དངོས་གྲུབ་སྩོལ། །གནས་གཞལ་ཡས་ཁང་དང་བརྟེན་ལྷ་དུ་བཅས་པ་ཡི། །འབར་ཆེན་ཀློང་གི་ལྷའི་དཀྱིལ་འཁོར་དུ་རྫོགས། །རུ་ལུ་ལྷར་ནི་ཤེས་པ་ཡང་། །འབྲུ་བརྒྱད་ལྷ་མ་མོ་བརྒྱད་ཧེ་རུ་ཀ་དང་དགུ་རྣམས་ཕྱག་རྒྱར་གསལ། །རྟག་ཆེན་གཡུང་དྲུང་ནམ་མཁའི་རང་བཞིན་ངོ་བོ་ཉིད་ཀྱིས་རྟག་པ་ལས། །ཐུགས་མཆོག་ཡེ་ནས་གསུང་ཡིག་འབྲུ་ཧཱུྃ་ལས་ཐུགས་ཕྱག་མཚན་རྡོ་རྗེར་གསལ། །སྐུ་དངོས་ནི། ཀུན་ཏུ་འོད་ཆོས་སྐུ་པདྨ་ཅན་ལོངས་སྐུ་ཡི་གེ་འཁོར་ལོ་སྤྲུལ་སྐུ་སྐུ་གསུམ་ས་ནོན་ཡོན་ཏན་ཕྲིན་ལས་རྫོགས། །ཟད་མེད་ཡེ་ཤེས་ནོར་བུ་རིན་ཆེན་འདྲ་བའི་ཆོས་སྐུ་ལས་དབྱིངས་ཀྱི་གཏེར། །དེ་ཉིད་ལས་ནི་སྐུ་དངོས་ལོངས་སྐུ་དཔལ་ཆེན་སྐུ་རུ་བསྐྱེད། །སྐུའི་ཆ་ལུགས་རབ་འཇིགས་ཁྲོ་བོའི་ཆ་ལུགས་ཅིར་ཡང་སྟོན། །རྒྱན་བསྟན་པ་ནི་ཉི་ཟླ་ཐོད་ཕྲེང་སྦྲུལ་ནག་གཡང་གཞིས་རྒྱན། །ཀུན་བཟང་ཆོས་ཉིད་རྣམ་དག་ཆོས་ཀྱི་དབྱིངས་ཡངས་པ་ལས། །གཟུངས་མ་ཆོས་ཀྱི་དབྱིངས་མཚོན་ཤེས་རབ་ཡུམ་གྱི་སྐུར་བསྟན་ནས། །གདུལ་བྱ་ལ་སྣང་ཚུལ་གང་ཡང་ཐོགས་མེད་ཆ་ལུགས་ཐ་དད་ཅིང་། །གཙོ་མཆོག་ཐབས་ཀྱི་སྐུ་ལ་དགྱེས་པར་འཁྲིལ། །ཞི་ཁྲོའི་ཡུམ་ཞི་བའི་དུས་དང་ཁྲོ་བོའི་དུས་ན་ཚུལ་སྟོན་སྤྱོད་པ་བསམ་ཡས་ཀྱང་། །རང་བཞིན་ཆོས་ཀྱི་དབྱིངས་ལས་གཞན་དུ་མི་གཡོ་བར། །གསང་བའི་ཡུམ་གྱི་བྷ་ག་དཀྱིལ་འཁོར་དེ་ལྟར་འདོན་པའི་འབྱུང་གནས་མཛད། །སྲས་སྟོན་པ་ཡང་མ་མོ་བརྒྱད་ལ་སོགས་པ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་ཡུམ་རྣམས་ལ། །མཆོད་པ་གང་གིས་འབུལ་བ་ན་སྔགས་ཚིག་འབྲུ་བརྒྱད་རགས་པའི་མཆོད་པ་འབུལ། །རྟོག་པའི་སྐྱོན་བྲལ་མཚན་མ་གཏན་སྤངས་གཟུང་འཛིན་གྱི་ཆགས་པ་མེད ཀྱང་། །ཡབ་ཡེ་ཤེས་ཡུམ་ཆོས་ཀྱི་དབྱིངས་ལས་མི་འབྲལ་ཞིང་། །ཡབ་ཐབས་ཀྱི་སྐུ་ལ་ཡུམ་ཤེས་རབ་དགྱེས་པར་འཁྲིལ། །རྣམ་ཐར་བརྒྱད་ལྡན་པདྨ་ཡུམ་གྱི་བྷ་ག་པདྨ་འདབ་བརྒྱད་དུ་གསལ་བའི་གེ་སར་ལ། །ཆགས་མེད་ཡེ་ཤེས་ཡབ་ཀྱི་རྡོ་རྗེ་ཡེ་ཤེས་ལྔར་མཉམ་གཞག་ནས། །ཉི་མ་དམར་པོ་ཡུམ་གྱི་བྱང་སེམས་ཟླ་བ་དཀར་པོ་ཡབ་ཀྱི་བྱང་སེམས་དཀར་དམར་


DNG019_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའི་འོད་ཟེར་གྱིས། །གཟུང་འཛིན་སྐྱོན་བསྲེག་འགྲོ་ལ་གསང་བའི་དབང་བསྐུར་ཞིང་། །རྒྱལ་བའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ཡུམ་གྱི་བྷ་ག་ནས་གསལ་བར་བསྐྱེད་མཛད་པ། །དེ་རྣམས་གང་གིས་བྱེད་ན་སྔགས་ཚིག་འབྲུ་བརྒྱད་རགས་པའི་མཆོད་པ་འབུལ། །ལྷ་སྐུ་གཅིག་ལ་ཀུན་ཚང་བས་ན་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ། །ཡབ་ཐབས་དང་ཡུམ་ཤེས་རབ་ཟུང་དུ་འདྲེལ། །རུ་ལུ་སྤྱན་དྲངས་ཤེས་པ་ནི། །རང་བཞིན་གྱི་དཀྱིལ་འཁོར་ནས་སྤྱན་དྲང་བ་ནི་འོག་མིན་གྲུབ་པའི་གནས་ནས་དགུག །བརྗོད་པ་སྔགས་ཀྱི་ཕྱག་རྒྱ་བཞིས་སྤྱན་དྲང་བ་ཛཿཧཱུྃ་བཾ་ཧོཿགསང་སྔགས་ཕྱག་རྒྱ་བཞིས། །བསམ་པའི་ཏིང་འཛིན་ཕྱག་རྒྱའི་ལྷ་མོ་བཞིས་སྤྱན་དྲང་བ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །བཅའ་བའི་དམ་ཚིག་ཕྱག་རྒྱ་བཞིས་རབ་ཏུ་བཅིངས་ནས་ནི། །མཚོན་པ་དཔེའི་ཕྱག་རྒྱ་བཞིས་སྤྱན་དྲང་བ་ནི་རྒྱལ་བའི་དཀྱིལ་འཁོར་འབྲུ་བརྒྱད་སྔགས་ཀྱིས་དགུག ། རྒྱལ་པོ་སྤྱན་འདྲེན་པ་ལྟ་བུའོ། །རུ་ལུ་མཆོད་པར་ཤེས་པ་ནི་སྔགས་ཀྱི་རུ་ལུ་ཟེར། །ཏིང་འཛིན་ལས་ལྷ་མོ་སྤྲོས་པས་མཆོད་པའི་གཏེར། །མཆོད་པ་བཞི་ནི་མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེ་བཅས། །དར་གྱི་རྒྱུ་ལས་གྲུབ་པའི་མཆོད་པ་ལྔ་བླ་རེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས། །སིལ་སྙན་རྔ་སྒྲའི་མཆོད་པ་དང་ནོར་བུ་མུ་ཏིག་ཕྲེང་བའི་མཆོད་པ། །གཟུགས་སྒྲ་དྲི་རོ་རེག་སོགས་འདོད་ཡོན་དྲུག་ལྷ་མོའི་ཚོགས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་གསང་བའི་མཆོད་པ་མཆོད་སྤྲིན་རྣམས། །ཕྱི་རྫས་ཀྱི་མཆོད་པ་དངོས་སུ་བཤམས་ཤིང་ནང་ཏིང་ངེའི་མཆོད་པ་སེམས་ཀྱིས་མངོན་སྤྲུལ་ཏེ། །གང་ལ་འབུལ་ན་ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ། །གང་གིས་འབུལ་བ་འབྲུ་བརྒྱད་འཕྲོ་འདུས་འབུལ་ན་མཆོད་པར་བཞེས། །སྐུ་ལ་བསྟོད་པ་སྐུ་མཆོག་གང་འདོད་གཟུགས་སུ་དེ་བཞིན་སྣང་། །གསུང་ལ་བསྟོད་པ་གསུང་མཆོག་རྣམ་དག་སྔགས་ཀྱི་ཡིག་འབྲུར་གསལ། །ཐུགས་ལ་ཐུགས་མཆོག་ཡེ་ཤེས་དམ་ཚིག་ཕྱག་རྒྱར་གསལ། །ཡོན་ཏན་ལ་ཡོན་ཏན་རིན་ཆེན་བདག་གཞན་དགོས་འདོད་བསྐང་། །ཕྲིན་ལས་ལ་ཕྲིན་ལས་རྣམ་བཞིས་འགྲོ་དྲུག་རྣམ་པར་སྒྲོལ། །སྤྱིར་བསྟོད་པ་ལེགས་པ་མཆོག་རྣམས་ཡོན་ཏན་མངའ་མཛད་ལ། །


DNG019_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་མཁན་གྱི་ཚུལ་དང་བས་རབ་བསྟོད་འབྲུ་བརྒྱད་དྲགས་པས་མཆོད། །མཆོད་དང་བསྟོད་པའི་མཆོད་པ་ཡང་། །རང་གི་ཏིང་འཛིན་གྱི་མཐུས་སྤྲུལ་པ་མཆོད་པའི་གཏེར། །རུ་ལུ་ཕྱག་རྒྱར་ཤེས་པ་ནི། །ཆོས་དམ་ཚིག་ལས་ཆོས་ཉིད་ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པའི། །གཙོ་བོ་ཆོས་སྐུ་ཕྱག་རྒྱ་ཆེན་པོར་གནས། །དམ་ཚིག་གི་ཕྱག་རྒྱ་ཡུམ་ནི་སྐུ་ལ་འཁྲིལ། །ལས་ཀྱི་ཕྱག་རྒྱ་ནི་མཁའ་གསང་འཁོར་རྣམས་བསྐྱེད། །ཞི་བ་ཆོས་ཉིད་ཕྱག་རྒྱས་རང་བཞིན་མེད། །ཕྱག་རྒྱ་བཞི་དང་ལྡན་པའི་གཙོ་འཁོར་རྣམས་རྫོགས་པའི་སྐུ། །རྒྱས་བཏབ་པ་ནི་རྣལ་འབྱོར་ལུས་ལ་འདེབས་བྱེད་ནི་ལྷ་སྐུས་རྒྱས་བཏབ་གསལ། །རུ་ལུ་ཕྲིན་ལས་ཤེས་པར་བྱ་བ་ནི། །ཐུགས་ཀྱི་འོད་ཟེར་ཕྲིན་ལས་མཆོག །ཐུགས་ལས་ཕྲིན་ལས་བཞིའི་འོད་འཕྲོ་བའོ། །སྟོང་གསུམ་ཕྱོགས་བཞིའི་འཇིག་རྟེན་ན། །ཤར་ཞི་བ་ལྷོ་རྒྱས་ནུབ་དབང་བྱང་དྲག་པོ། འབྲུ་བརྒྱད་ཡོན་ཏན་བསམ་མི་ཁྱབ། །དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས། །ཡུན་རིང་དུས་ནས་བསྙེན་བསྙེན་པ། །ཉེ་བའི་དུས་སུ་མཆོད་མཆོད་པ། །བསྙེན་མཆོད་འབྲས་བུ་མཆིས་པར་མཛོད། །དཀྱིལ་འཁོར་འདི་ལ་བྱིན་ཕོབ་ལ། །སྤྱིར་ནི་ཕྲིན་ལས་བཞི་བདག་ཅག་རྣམས་ལ་དངོས་གྲུབ་སྩོལ། །བྱམས་མགོན་ཤེས་ལྷའི་ཐུགས་ལ་བྱ་བཙལ་མི་མངའ་ཡང་། །སྒྲུབ་པ་པོ་བདག་ཅག་རེ་སྨོན་འགྲུབ་པར་མཛད་སླད་དུ། །ཕྲིན་ལས་རྣམ་བཞིས་འདུལ་ཐབས་ཞི་བ་ལ་ཡིག་འབྲུ་ཁ་དོག་དཀར། རྒྱས་པ་སེར། དབང་དམར། དྲག་པོ་ནག་པོ་བསྒོམ་ཇི་བཞིན་པས། །གདུལ་བྱ་རབ་རཱུ་ཏྲ་ལ་སོགས་གདུག་པ་ཅན་འབྲིང་རྒྱལ་བློན་ཐ་མར་མི་ཕལ་བ་གྱུར་པ་རྣམས། །ལྷ་དང་བགེགས་འགྲོ་དྲུག་བཟང་ངན་ཕན་གནོད་རྩེ་གཅིག་སེམས་པ་ཡི། །ལྷ་བགེགས་དང་པོར་ཕན་གནོད་བྱེད་པ་དངོས་གང་ཡིན་ན་ལེགས་ལྷ་ཉེས་བགེགས་བྱེད་པ་གང་ཡང་རུང་། །སྦྱོར་བ་ངན་པའི་བག་ཆགས་དེའི་ནུས་པ་ཇི་ལྟར་གཞོམ་ན་གཏན་སྤངས་ནས། །ཐ་མར་གང་ལ་འགོད་ན་བྱང་ཆུབ་སེམས་མཆོག་སྐྱེ་བར་བསྒྲུབ་པ་དང་། །ཐུགས་རྗེའི་ཞིང་གྱུར་འགྲོ་དྲུག་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོ་མཐའ་རིང་མཚོ་ལས་བསྒྲལ་


DNG019_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ། །གང་གི་ཕྲིན་ལས་བྱེད་ན་བཟླས་བརྗོད་འཕྲོ་འདུས་བསྐུལ་ནས་ཕྲིན་ལས་མཛོད། །འབྱུང་བ་རིམ་བརྩེགས་དང་འདོད་ཆགས་རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་པའི་དབུས། །ཞེ་སྡང་ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང་། །གཏི་མུག་རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལ། །རབ་འཇིགས་རྡོ་རྗེ་འབར་བའི་གཞལ་ཡས་ཁང་། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ལྷའི་སྐུ་དངོས་ནི་དཔལ་ཆེན་འཁོར་ཚོགས་མཐའ་ཡས་བཞུགས་པ་ནི། །ཡེ་ཤེས་ཚད་མེད་ཐུགས་རྗེའི་མཛད་པ་སྤྲུལ་པའི་ཐབས་མངའ་བས། །གདུལ་བྱ་གང་མོས་དག་ལ་དེ་བཞིན་སྐུར་སྣང་ཞིང་། །འདུལ་ཚུལ་ཅི་ལ་ཅིས་འདུལ་བཞིན་དུ་ཆ་ལུགས་སྟོན། །ཐུགས་ཀྱི་འདུལ་ཐབས་ནི་ཐུགས་མཚན་སྣ་ཚོགས་མཚོན་ཆའི་ཆར་འབེབས་ཤིང་། །གསུང་གི་འདུལ་ཐབས་ནི་རུ་ལུ་སྔགས་ཀྱི་སྒྲ་སྒྲོགས་འབྲུག་སྟོང་ལྡིར། །སྐུ་འདུལ་ཐབས་ནི་གཟི་བརྗིད་སྤྱན་བཟློག་མེ་སྟག་ཚ་ཚ་འཕྲོ། །ཞལ་གདངས་མཆེ་གཙིགས་དུག་གསུམ་གཏི་མུག་ཤ །ཞེ་སྡང་རུས། འདོད་ཆགས་ཁྲག་ཞལ་དུ་རྔུབ། །འཁོར་གྱི་འདུལ་ཐབས་ནི་མངག་པའི་ཕོ་ཉ་མགྱོགས་བྱེད་གློག་སྟོང་འགྱུ། །མཆོད་ཚུལ་ནི་བདུད་རྩི་དམར་གྱི་ཨརྒྷཾ་རྒྱུན་གྱིས་མཆོད། །བསྐུལ་ཚུལ་ནི་འཛབ་དབྱངས་སྔགས་ཀྱི་ཕྲེང་བས་རྒྱུད་བསྐུལ་ནས། །གདུལ་བྱ་གང་ཡིན་ན་འདུལ་འོས་བསྒྲལ་བའི་ཞིང་དུ་འགྱུར་རོ་འཚལ། །ཕྲིན་ལས་དངོས་གང་གིས་འདུལ་ན་བྱིན་རླབས་ཚམ་རྔམས་དྲག་པོས་གདུག་པ་བསྒྲལ་དུ་གསོལ། །ཐུགས་ཀྱི་ཕྲིན་ལས་བཞིས་བདུད་བཞི་འཇོམས་པའོ། །དང་པོར་ཐུགས་དམ་བསྐུལ་བ་བསྐུལ་དང་བར་དུ་ལས་བཞི་བཅོལ་ཐ་མ་དྲག་པོས་བཅོལ། །རུ་ལུ་སྒྲར་ནི་ཤེས་པ་ནི། །རུ་ལུ་སྒྲ་དབྱངས་དྲུག་དཀྱིལ་འཁོར་ལྷ་ཕར་འཕྲོ་ཚུར་འདུ་གསལ། །ཨཱོཾ་ནི་དཔལ་ཆེན་པོའི་ས་བོན་རྩ་བ་ལ་སྲོག་སྔགས་སྐུ་གསུང་ཐུགས། །རུ་ལུ་མ་མོ་བརྒྱད་ཀྱི་ས་བོན་ནི་སྲོག་སྔགས་གནས་ཀྱི་ཕྱག་རྒྱ་ཡིན། །རུ་ལུ་ཕྲ་མེན་གནས་ཀྱི་ཡུལ་ཡང་ཡིན། །ཧཱུྃ་ནི་ཐབས་ཀྱི་སྒོ་མ་བཞི་འི་ས་བོན་ནམ་སྲོག་སྔགས། །བྷྱོ་ནི་མ་སྲིང་རྒྱ་མཚོའི་དབང་མོ་ཚོགས། །ཧཱུྃ་ནི་འཁོར་འདས་དབང་དུ་བྱེད་ཐམས་ཅད་སྡུད་པར་བྱེད། །ཟུར་བརྒྱད་སྙིང་སུལ་བརྒྱད་ཀྱི་ལོགས་ལ་འབྲུ་བརྒྱད་གསལ། །འབྲུ་བརྒྱད་དབུས་


DNG019_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེའི་ལྟེ་བར་ཧཱུྃ་འབྲུ་གཅིག་གསལ། །དེ་ལ་འབྲུ་བརྒྱད་ཀྱི་སྔགས་ཀྱི་འཕྲོ་འདུས་བཅོལ་བསྐུལ་མཆོད། །ཨཱོཾ་ནི་སྐུ་མཆོག་གཽ་རཱི་མ་དཀར་མོ། །རུ་ནི་ཡོན་ཏན་ཙཽ་རཱི་མ་རྐུན་མོ། །ལུ་ནི་གསུང་ཉིད་པྲ་མོ་ཧེ་རྨོངས་མོ། །རུ་ནི་ཕྲིན་ལས་བེ་ཏཱ་ལཱི་ཐལ་བྱེད་མ། །ལུ་ནི་ཞི་བྱེད་པུཀྐ་སཱི་སྦོས་མོ། །ཧཱུྃ་ནི་རྒྱས་མཛད་གྷསྨ་རཱི་སྨེ་ཤ་ཅན། །བྷྱོ་ནི་དབང་སྡུད་སྨ་ཤ་ནཱི་དུར་ཁྲོད་མ། །ཧཱུྃ་ནི་དྲག་པོ་ཙཎྜ་ལཱི་གཏུམ་མོ། །ཡིག་འབྲུ་བརྒྱད་པོ་ཀུན་འདུས་དཔལ་ཆེན་ཉིད་ཀྱི་ངང་། །དཀྱིལ་འཁོར་དབང་མོ་བརྒྱད་དཔལ་ཡབ་ཡུམ་དང་ལྷ་དགུ་ཉིད་དུ་གསལ། །དུག་ལྔ་རྣམ་པར་དག་སྟེ་ཡེ་ཤེས་ལྔར་གནས་འགྱུར་བའི་མངའ་བརྙེས་ཤིང་། །སྐུ་ལྔར་ལྡན་པས་ཞེ་སྡང་རྡོ་རྗེའི་སྐུ་གཏི་མུག་ཆོས་སྐུ་རྣམ་སྣང་ང་རྒྱལ་ལོངས་སྐུ་རིན་འབྱུང་འདོད་ཆགས་སྤྲུལ་སྐུ་འོད་དཔག་མེད་ཕྲག་དོག་མངོན་པར་བྱང་ཆུབ་སྐུ་དོན་གྲུབ་ཏུ་སྦྱར་རོ། །དུག་ལྔའི་འགྲོ་བ་སྒྲོལ། །རབ་འབར་ཆ་ལུགས་འཇིགས་པ་ཀུན་འདུལ་བ། །ཁྲག་འཐུང་ཡབ་ཧེ་རུ་ཀ་ཡུམ་ཀྲོ་དྷཱི་ཤྭ་རཱི་གནས་མ་མོ་ཡུལ་ཕྲ་མེན་ཕྱག་རྒྱར་བཅས། །སྒོ་བ་ལ་དོན་གྱི་ཁྱོ་ཡོད་པས་སྟངས་དཔྱལ་དབང་ཕྱུག་མ་ཉེར་བརྒྱད་འབངས་ཡང་བྲན་དང་གཡོག་ཡང་གཡོག །བཀའ་ཉན་ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ཁྲོ་བོ་ཁྲོ་མོ་ལ། །སྔགས་གང་གིས་མཆོད་པར་འབུལ་འབྲུ་བརྒྱད་རགས་པས་འཕྲོ་འདུས་མཆོད་པར་འབུལ། །གསང་དབང་ཡབ་ཡུམ་གྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་བྱིན་གྱིས་རླབས་དང་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །སྐུའི་འཕྲོ་འདུའི་སྒྲ་ནི་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐུ་ཡི་སྤྲུལ་པ་བསམ་ཡས་ཀྱང་། །ཧེ་རུ་ཀ་ཡབ་ཡུམ་འཁོར་བཅས་ཀྱི་བླ་མེད་སྐུ་མཆོག་རྡོ་རྗེ་ལ། །འབྲུ་བརྒྱད་གསལ་བའི་མཆོད་པ་འབུལ། །གསུང་གི་འཕྲོ་འདུའི་སྒྲ་ནི་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གསུང་གི་སྤྲུལ་པ་བསམ་ཡས་ཀྱང་། །ཧེ་རུ་ཀ་ཡབ་ཡུམ་འཁོར་བཅས་ཀྱི་བླ་མེད་གསུང་མཆོག་རྡོ་རྗེ་ལ། །འབྲུ་བརྒྱད་རགས་པའི་མཆོད་པ་འབུལ། །ཐུགས་ཀྱི་འཕྲོ་འདུའི་སྒྲ་ནི་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཐུགས་ཀྱི་སྤྲུལ་པ་བསམ་ཡས་ཀྱང་། །ཧེ་རུ་ཀ་ཡབ་ཡུམ་འཁོར་བཅས་ཀྱི་བླ་མེད་ཐུགས་མཆོག་རྡོ་རྗེ་ལ། །འབྲུ་བརྒྱད་རགས་པའི་མཆོད་པ་འབུལ། །


DNG019_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ན། །སྐུའི་ངོ་བོ་གང་སྤྲུལ་ན་ཡེ་ཤེས་སྤྲུལ་པ་བསམ་མི་ཁྱབ། །ཡང་དག་ལྷ་དགུའི་ཐུགས་ཀྱི་དཀྱིལ་འཁོར་འོད་ཟེར་འབར། །གསུང་གི་གནས་གང་ནས་སྤྲུལ་ན་གསང་བའི་མཁའ་ལས་འབྲུ་བརྒྱད་འཕྲོ། །གདུལ་བྱ་གང་ན་ཁམས་གསུམ་འོད་སྤྲོས་པས་སེམས་ཅན་སྡུག་བསྔལ་བསལ། །འོད་ཚུར་འདུས་པས་རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ། །ཕར་འཕྲོས་པས་རྒྱལ་བ་ལ་བླ་མེད་མཆོད་པ་དམ་པས་མཉེས། །ཚུར་འདུས་པས་དང་པོའི་གནས་སུ་ཐིམ། །སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་། །ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །སྔགས་ནི་རུ་ལུ་འབྲུ་བརྒྱད་རགས་པའི་མཆོད་པ་འབུལ། །རུ་ལུའི་ལས་ཀྱི་སྒྲ་དང་རྟོགས་པའི་ཡེ་ཤེས་འབྲུ་བརྒྱད་ཀྱིས། །ཉོན་མོངས་མ་ལུས་བདུད་བཞི་ཕུང་པོའི་བདུད་ན་ཚ། ཉོན་མོངས་པའི་བདུད་ནི་ལོག་ལྟ། ལྷའི་བུའི་བདུད་བར་ཆོད་དང་། འཆི་བདག་གི་བདུད་སྐྱེ་ཤི་འཇོམས། །ཡིད་བཞིན་ནོར་བུ་ལྟར་འདོད་པ་འབྱུང་བ་འཁྱིལ་བའི་འོད་ཟེར་འདི། །གསལ་བར་འཁོར་འདས་ཀུན་ལ་ཁྱབ་པ་དང་། །རུ་ལུ་ལས་ཅིར་ཡང་སྣང་སྟེ་སེམས་ལས་འཁོར་འདས་སུ་སྣང་བ་ལྟར་ཅིར་ཡང་བསྒྱུར་དུ་བཏུབ་པ་དང་། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་སྐུ་མཆོག་རིན་པོ་ཆེ། །བསྟོད་ཚིག་གི་སྒྲ་དང་འབྲུ་བརྒྱད་འདི་ལྟར་རུ་ལུ་འཕྲུལ་ཆེ་བའི་འཕྲུལ་པོ་ཆེ། །དུས་གསུམ་སངས་རྒྱས་ཡིན་པ་དང་རྒྱལ་བའི་སྐུ་གསུང་ཐུགས། །ཕྲིན་ལས་བཞིས་གདུལ་བྱའི་ལས་རྣམས་ཐམས་ཅད་བྱེད་པ་ཡིན། །དངོས་གྲུབ་ཐམས་ཅད་སྡུད་པ་རྣལ་འབྱོར་པས་ཡི། །བསམས་པ་ཙམ་གྱིས་གང་འདོད་འཕེལ་བསམ་འཕེལ་འབྲུ་བརྒྱད་མཁའ་ལ་སྤྲུལ། །འཁོར་ཚོགས་རྒྱ་མཚོ་ནམ་མཁའ་སྟོང་པ་ལ་སྤྲིན་ལྟར་འདུ་བ་ལྟར་སྡུད། །དངོས་པོ་རྟག་པར་མ་གྲུབ་པས་རང་བཞིན་སྒྲ་ཚིག་བརྗོད་ལས་འདས། །རུ་ལུ་ཆོས་ཉིད་ཤེས་པ་ནི། །ཆོས་ཐམས་ཅད་ཡེ་གདོད་མ་ནས་སྟོང་པས་ན་སྐྱེ་མེད་གདོད་ནས་སྤྲོས་དང་བྲལ། །སངས་རྒྱས་ཀྱི་སྐུ་གསུང་ཐུགས་ནི་མཚན་མ་མེད། །འཁོར་བ་སྣོད་བཅུད་དུ་སྣང་ལ་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རུ་ལུ་དངོས་གྲུབ་ཤེས་པ་ནི། །སྐུ་དང་གསུང་ཐུགས་མཁའ་སྤྱོད་ཀྱི་གནས་ལ་འགྲོ་བས་ན་མཁའ་ལ་འགྲོ། །ཇི་ལྟར་འཁོར་འདས་སུ་སྣང་བ་ཐམས་ཅད་ཀུན། །འཁོར་བ་ཐུན་མོང་དངོས་


DNG019_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འདས་པ་མཆོག་གི་དངོས་གྲུབ་ཀྱི་གཏེར་དུ་གྱུར། །འབྲུ་བརྒྱད་ཀྱི་ནི་ཕྲེང་བ་དག །རིན་ཆེན་སྣ་ལྔའི་གསེར་སེར་དངུལ་དཀར་ཟངས་དམར་ལྕགས་ནག་མ་རྒད་ལྗང་དོ་ཤལ་བཞིན། །སྣ་ལྔའི་འོད་ཟེར་གསལ་བར་འགྲོ། །ཙ་སྲན་མ་ཉུང་དཀར་ཙམ་པ་ན་ཀ་ཡི་འབྲུ་ཚད་ཙམ། །ཡིག་འབྲུ་ཡང་ན་ཏིལ་འབྲུ་ཙམ་ཐུགས་མཚན་ཕྱག་རྒྱའི་ཚོགས། །ཁ་དོག་གསལ་འོད་འཚེར་རི་བྲག་ལ་སོགས་ལ་ཐོགས་པ་མེད་འཁོར་འདས་ཀུན་ཏུ་ཁྱབ། །ཕར་འཕྲོས་པས་ནི་འགྲོ་བའི་སྒྲིབ་པ་སྦྱོང་གཞན་དོན་རྫོགས། །ཚུར་འདུས་པས་ནི་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བདག་དོན་འགྲུབ། །རྣམ་པར་མཆོད་པའི་དངོས་པོར་སྤྲོས་པས་རྒྱུ་བསོད་ནམས་ཚོགས། །རང་བཞིན་སྟོང་པར་རྟོགས་པས་འབྲས་བུ་ཡེ་ཤེས་ཚོགས། །ཚོགས་གཉིས་རྫོགས་པས་སྐུ་གཉིས་སུ་མངོན་སངས་རྒྱས། །འབྲས་བུར་སྨིན་པས་ཆོས་ལོངས་སྤྲུལ་སྐུ་གསུམ་ཐོབ། །བསྡུས་པས་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་ཆེ། །སྐུ་གསུམ་གྱི་དངོས་གྲུབ་མཆོག་གི་གཏེར་དུ་འགྱུར། །དེ་ནས་གསང་སྔགས་རུ་ལུ་ཡི། །འཛབ་བསྙེན་འཕྲོ་འདུ་བསྟན་པ་ནི། །ཕྲ་མོའི་ཏིང་འཛིན་རིག་པ་ཡིད། །གསལ་བས་རང་གི་གནས་སྦྱང་བ། །རང་གི་ཐུགས་ལ་ཏིང་འཛིན་རྩལ་སྦྱངས་ཏེ། །དེ་ལ་རང་གི་གནས་བསྙེན་ཞེས་ནི་བྱ་བ་འདི། །གནས་གང་དུ་བསྒོམ་ན་བཅོམ་ལྡན་དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་སེམས་དཔའ་གང་བསྒོམ་ན་སྐུ་མཆོག་ཚོན་གང་རིན་པོ་ཆེ། །ཚུལ་ཇི་ལྟར་བསྒོམ་ན་ཐུགས་གསལ་བའི་ཚད་དྲན་དང་སྲོག་ཆགས་གསལ་བ་གསུང་གསུང་ལྷ། །སྐུའི་རྐྱེན་གསལ་བའི་ཚད་སྙན་ཆ་མགུར་ཆུ་ཡན་ལག་འགུལ་འགུལ་འདྲ། །ཡེ་ཤེས་སེམས་དཔའི་ཐུགས་ལ་ཇི་ལྟར་བསྒོམ་ན་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་དཀྱིལ་འཁོར་ནས། །དཔལ་ཆེན་སྙིང་དཔལ་བེའུ་རིན་ཆེན་ཟུར་བརྒྱད་པའི་སྟེང་། །བཞིན་ལ་དཔལ་བེའུའི་དབུས་སུ་ཐུགས་རྡོ་རྗེ་གསུང་ཡིག་འབྲུ་འབར་འབར་ལྟ། །ཟུར་བརྒྱད་སྟེང་ན་རུ་ལུ་འབྲུ་བརྒྱད་པོ་ཉུང་འབྲུ་ཙམ། །ཡི་གེ་གསལ་བའི་ཚད་གུག་སྐྱེད་ཀླད་ཀོར་ཚེག་བར་ཟུར་ཕྱིན་ཏེ། །ཡེ་ཤེས་སེམས་དཔའི་ཐུགས་རྡོ་རྗེ་ཡིག་འབྲུ་རྣམ་གསུམ་དུས་གཅིག་ཡིད་ལ་གསལ་སེམས་ཏེ། །


DNG019_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གསལ་བའི་ཚད་དམ་དཔེ་ར་རི་ཁལ་ཁོལ་མེད་པར་དྲན་གསལ་རིག །སྐུ་ཆོས་སྐུར་གསལ་བས་ཆོས་ཀྱི་རྡོ་རྗེའི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་ལྷར་གསལ་བ་རུ་ལུའི་གླུ་བླངས་པས། །སེམས་ཉིད་གསུང་གི་རང་བཞིན་ལ། །གསུང་སྔགས་ཉིད། ཐུགས་གསལ་བའི་ཏིང་ངེ་འཛིན་ཡིད་ལ་གསང་སྔགས་བརྗོད་པ་ནི། །གསང་སྔགས་དག་ཅིང་ཡིག་འབྲུ་གསལ། །སྐུ་གསུང་ཐུགས་གཅིག་ནས་གཅིག་ཏུ་མི་འདྲེན་པར་རང་རང་གི་གནས་ནས་འཕྲོ་འདུ་གསལ་བ་ལ་དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས་བདག་ཧེ་རུ་ཀའི་ཐུགས་ཀར་ཉི་ཟླ་ལ། །ཡེ་ཤེས་སེམས་དཔའི་ཚད་ཚོན་གང་ཧེ་རུ་ཀ །ཡེ་ཤེས་སེམས་དཔའི་ཐུགས་ཀ་དཔལ་བེའུ་རིན་ཆེན་ཟུར་བརྒྱད་ནི། །སྲོག་ཟུར་བརྒྱད་ལ་གི་སྙིང་པོ་འབྲུ་བརྒྱད་པོ། །གསེར་གྱི་བ་ཐག་གཟིངས་པ་མདོག་སེར་པོ་སྐར་ཁུང་གི་རྡུལ་འདྲ་བའོ། །ཉི་ཟེར་གྱི་རྡུལ་བཞིན། །ཕར་སྤྲོས་པས་ནི་སངས་རྒྱས་ཀྱི་ཐུགས་དམ་བསྐུལ། །སླར་འདུས་རྣལ་འབྱོར་པའི་རིན་ཆེན་དཔལ་བེའུ་བསྐང་། །བདག་དང་ལྷ་གཉིས་སུ་མེད་པ་བྱང་ཆུབ་སེམས་སུ་ཐིམ། །མགྲིན་པ་པདྨར་དཔལ་ཆེན་གསུང་གི་དཀྱིལ་འཁོར་ནས། །སྲོག་གི་སྙིང་པོ་པདྨ་འདབ་བརྒྱད་ལ་འབྲུ་བརྒྱད་པ། །གསང་བ་གནས་ཀྱི་ལམ་དུ་བྱུང་ཐུགས་ཀ་ནས་ཕྱུང་སྟེ་ལྗགས་ལས་དཀན་དུ་ཤར། །གསང་བ་མགྲིན་སྒོ་ནས་སྤྲོས་པས་དབུགས་ཀྱི་རླུང་གིས་བསྐྱོད། །པདྨའི་ལྟེ་བར་གསུང་གི་རིགས་ལྔ་གསལ་སྣང་བ་མཐའ་ཡས་ཐུགས་དམ་བསྐུལ། །སྣ་སྦུག་ནས་སྤྲོ་བ་ཤངས་ཀྱི་རླུང་སྒྲོམ་ཆེན་པོར་བསྡམས། །མགར་བའི་སོལ་མལ་ནས་ཞུན་མའི་ལྕགས་ཀྱི་ཚ་ཚ་བརྡབས་པ་བཞིན། །ཕར་འཕྲོས་པས་ནི་ཕྱོགས་བཅུ་རྒྱལ་བའི་གསུང་ལ་ཐིམ། །སླར་འདུས་རྣལ་འབྱོར་པ་བསྒོམ་པའི་ལྗགས་ཀྱི་པདྨ་བསྐང་། །བདག་དང་ལྷ་གཉིས་སུ་མེད་པས་འགག་མེད་གསུང་། །དཔལ་ཆེན་སྐུ་ཡི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ནས། །ཟླ་བ་ལ་གནས་པའི་རུ་ལུ་འབྲུ་བརྒྱད་འོད་ཟེར་འཕྲོ། །མགྲིན་པ་ནས་སྤྱི་བོར་འོང་རླུང་གི་རྟ་ལ་ཞོན་ནས་གསང་བ་ཡེ་ཤེས་རླུང་གིས་བསྐྱོད། །སླར་འདུས་སྤྱི་བོར་ཀླད་པ་དུད་ཁང་གཞལ་ཡས་སུ། །སྐུའི་རིགས་རྣམ་པར་སྣང་མཛད་ཐུགས་དམ་བསྐུལ། །རྣམ་སྣང་ཐུགས་ཀ་ནས་རུ་ལུ་འབྲུ་བརྒྱད་འོད་དུ་འཕྲོ། །ཚངས་པའི་བུ་ག་ནས་ཧཱུྃ་མགོ་ཐུར་དུ་བསྟན་པ་གནས་པ་ལས་རྡོ་རྗེ་ཧཱུྃ་རིང་སྒྲ་ཡིས་དྲངས། །སྤྱི་


DNG019_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཚངས་པའི་བུ་ག་འདི་ལ་དབུགས་སོང་ནས་འཁོར་བ་ཁྱོད་ཕྲིན་ལས་ཚངས་པས་ན་ནས། །འོད་ཀྱི་འཕྲོ་འདུ་མགལ་མེ་ཀླད་ལ་བསྐོར་བ་བཞིན། །ཕར་འཕྲོས་པས་ནི་ཕྱོགས་བཅུའི་སངས་རྒྱས་སྐུ་ལ་ཐིམ། །སླར་འདུས་རྣལ་འབྱོར་པ་རང་གི་སྐུ་ཡི་དཀྱིལ་འཁོར་གང་། །བདག་དང་ལྷའི་དངོས་གྲུབ་གཉིས་སུ་མེད་པར་འགྱུར་མེད་སྐུ། །ཙིཏྟ་སྙིང་སུལ་བརྒྱད་ཡིད་བཞིན་རིན་ཆེན་ཟུར་བརྒྱད་ཀྱི། །རིག་པ་ཉིད་དཀྱིལ་འཁོར་དུ་གནས་ཀྱང་རྟོགས་དཀའ་བས་གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །རུ་ལུ་འབར་བའི་ཡིག་འབྲུ་བརྒྱད་རིན་པོ་ཆེའི་ཐུགས་ཀ་ན་གནས་པ་ལས། །མགྲིན་པ་གསུང་གི་པདྨའི་ལམ་དུ་ཕྱུང་། །རླུང་ལྔ་སངས་རྒྱས་ཡིན་པར་རྟོགས་དཀའ་བས་གསང་བ་དབུགས་ཀྱི་རླུང་གིས་བསྐྱོད། །རིན་ཆེན་འཁོར་ལོའི་རྩ་ཐུགས་ཡིད་བཞིན་ནོར་བུ་འདྲ་བའི་རྩ་ཀུན་འདར་མ་དང་ལ་ལ་ནཱ་དང་ར་ས་ནཱ་ནས་དྲངས། །དབུ་ཐོད་པ་དུང་ལྟ་བུ་ཀླད་པ་དུང་ཁང་གཞལ་ཡས་སུ། །ཡིག་འབྲུ་འོད་ཐུགས་ཀར་འོད་མཐིང་ག་གཙོ་ཆེ་མགྲིན་པ་དམར་སྤྱི་བོ་དཀར་དེ་རེ་རེ་ལས་འོད་ལྔ་ཚང་བའོ། །ཀྱི་འཕྲོ་འདུ་གསལ། །སྣ་ནས་རླུང་ལྔ་རང་བཞིན་གྱི་རྒྱུ་བས་ན་ཤངས་ཀྱི་རླུང་སྒྲོམ་ཆེན་པོ་ནས། །རྡོ་རྗེ་སྔགས་ཀྱི་ལས་རྣམས་ཧཱུྃ་གིས་བྱེད་པས་ཧཱུྃ་རིང་སྒྲ་ལས་དྲངས། །སྐུ་གསུང་ཐུགས་རང་ས་ན་གནས་ཡི་གེ་མི་འགྱུར་འོད་ཟེར་གྱི་ཕྲེང་བར་འགྱུར། །དྲིལ་བུའི་སྒྲ་ལྟར་རྒྱུན་མི་ཆད། །དཔལ་གྱི་ཐུགས་དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀའི། །འབྲུ་བརྒྱད་ཡེ་ཤེས་སེམས་དཔའི་ཐུགས་གསང་བའི་ལམ་བརྒྱུད་དེ། །འོད་ཟེར་རྣམས་སླར་འདུས་དཔལ་བེའུ་ཉིད་ལ་གསལ། །བསྙེན་པའི་ཏིང་འཛིན་འཕྲོ་འདུ་ནི། །དུང་ཁང་དཀར་པོའི་སྐུ་ནི་དབུའི་གནས་གཞལ་ཡས་ཁང་། །གསུང་གི་གནས་མགྲིན་པ་པདྨའི་གནས་ཆེན་ལས། །ཐུགས་ཀྱི་གནས་ཐུགས་ཀ་གསང་བའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད། །འགྱུར་བ་མེད་པ་རུ་ལུ་གསེར་ཕྲེང་དགོས་འདོད་འབྱུང་བ་རིན་པོ་ཆེ། །ཧཱུྃ་གཅིག་ལས་མ་སྤྲོས་འབྲུ་བརྒྱད་དབུས་དང་དགུ་རུ་ལྡན། །གང་བསམ་འབྱུང་བས་བསམ་འཕེལ་འབྲུ་བརྒྱད་ཡིད་བཞིན་རིན་པོ་ཆེ་འདྲ། །དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིག །གདོད་ནས་དྲི་མ་མེད་པའི་ཡེ་ཤེས་རང་ཤར་བས་ཡེ་ཤེས་


DNG019_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བས། །ཡེ་ཤེས་ལྷའི་ཐུགས་ཀྱི་བྱིན་རླབས་འབྲུ་བརྒྱད་ཕྱག་རྒྱར་གསལ། །ལུས་ལ་དྲོད་ཚད་སེམས་ལ་རྟགས་རབ་འབྲིང་ཐ་མ་གསུམ་དང་ལྡན་པ་ཡི། །ཆོས་ཉིད་སྤྲོས་བྲལ་དེ་བཞིན་ཉིད་དུ་ཤེས་པར་བྱ། །འབྲུ་བརྒྱད་ཡེ་ཤེས་མཁའ་ལ་འཕྲོ། །བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པའི། སྐུ་གསུམ་སྐུ་མི་འགྱུར་བ། གསུང་མི་འགག་པ། ཐུགས་མ་སྐྱེས་པ་འབར་བའི་རྒྱ་མཚོ་ནི། །སྲོག་གི་སྙིང་པོ་འབྲུ་བརྒྱད་གསལ། །བདག་དང་ལྷ་གཉིས་མེད་སྐུ་གསུང་ཐུགས་ཀྱི་ངང་། །དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལས། །རུ་ལུ་འབྲུ་བརྒྱད་འཕྲོ་འདུ་སྤྲོ། །སྐུའི་འོད་འཕྲོ་འདུ་སེར་པོ་གསེར་གྱི་བ་ཐག་གཟིངས་པ་བཞིན། །ཕར་འཕྲོས་པས་ནི་སྐུ་ལ་ཐིམ། །ཚུར་འདུས་པས་ནི་དཔལ་བེའུ་བསྐང་། །དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལས། །རུ་ལུ་རིན་ཆེན་འབྲུ་བརྒྱད་འཕྲོ། །གསུང་གི་འཕྲོ་འདུ་དམར་པོ་མགལ་མེ་ཀླད་ལ་བསྐོར་བ་བཞིན། །ཕར་འཕྲོས་པས་ནི་སྐུ་ལ་ཐིམ། །སླར་འདུས་པས་ནི་འབྲུ་བརྒྱད་བསྐང་། །ཡིད་བཞིན་རིན་ཆེན་ཟུར་བརྒྱད་ལས། །རུ་ལུ་རིན་ཆེན་འབྲུ་བརྒྱད་འཕྲོ། །ཐུགས་ཀྱི་འོད་ཟེར་མཐིང་ག་ལྕགས་ཀྱི་ཚ་ཚ་བརྡབས་པ་བཞིན། །ཕར་འཕྲོས་པས་ནི་ལྗགས་ལ་ཐིམ། །སླར་འདུས་པས་ནི་དཔལ་བེའུ་བསྐང་། །ཀུན་གཞིའི་རྣམ་ཤེས་ཡུལ་ལས་སྐུར་གསལ་བ། །དཔལ་ཆེན་ཡབ་ཡུམ་ཀུན་གཞིའི་ཡུམ་ཡིན་ལ་རྣམ་ཤེས་ཡབ་སྟེ་ཀུན་གཞི་ནི་རྣམ་ཤེས་ཀུན་གྱི་རྩ་བར་གནས་སོ། །གཉིས་མེད་སྐུ་གསུང་ཐུགས། །ཐུགས་དམ་མཛད་པས་ན་ཀྱི་ཡོན་ཏན་ཡིད་བཞིན་འབྱུང་བའི་གཏེར། །ཐུགས་ལྷ་ནི་མཆོག་རྡོ་རྗེ་ཧེ་རུ་ཡབ་ཡུམ་ལ། །ཐུགས་ཀྱི་དཔལ་བསྒོམ་བྱའི་སྔགས་དོན་ནི་བེའུ་རིན་ཆེན་ཟུར་བརྒྱད་ལ། །རུ་ལུ་འབྲུ་བརྒྱད་འོད་ཟེར་འཕྲོ་ཞིང་འདུ། །འོད་ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཡེ་ཤེས་ལྷ་ལ་བསྙེན་པ་འབུལ། །འོད་བསྡུ་བ་སླར་འདུས་ཐུགས་ཀྱི་དཔལ་བེའུ་གང་། །དངོས་གྲུབ་མཆོག་གི་གཏེར་དུ་འགྱུར། །རྣམ་ཤེས་དབང་པོ་གནས་འགྱུར་ན་ཁྲོ་མོའི་སྐུར་སྣང་བ། །ཕྱག་རྒྱ་སྐུའི་ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །སྤྲུལ་ཚུལ་ནི་གདུལ་བྱའི་དབང་གིས་ཅིར་ཡང་སྤྲུལ་པ་ཡི། །རྣམ་གྲངས་ནི་ཀཽ་རཱི་ལ་སོགས་ཁྲོ་མོ་བརྒྱད་


DNG019_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། ༈ །ཡི་གེ་བསྒོམ་གནས་ནི་དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལ། །རུ་ལུ་འབྲུ་བརྒྱད་ཀྱི་འོད་ཟེར་ཕར་འཕྲོ་ཞིང་ཚུར་འདུ། །འོད་ཟེར་ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཡེ་ཤེས་ལྷ་ལ་བསྙེན་པ་འབུལ། །སླར་འདུས་པས་ནི་ཐུགས་ཀྱི་དཔལ་བེའུ་གང་། །དངོས་གྲུབ་མཆོག་གི་གཏེར་དུ་འགྱུར། །ལྷ་གཞན་ལ་སྦྱར་བ་ལྷ་དགུ་རྩ་བའི་དཀྱིལ་འཁོར་ལྟར། །ཚུལ་མཆོག་དཔལ་བེའུ་རིན་ཆེན་ཟུར་བརྒྱད་མན་ཆད་ཀུན་ལ་དེ་བཞིན་སྦྱར། །ཡུལ་བཞི་དུས་བཞི་གནས་འགྱུར་ན་ཕྲ་མེན་སྐུར་སྣང་བ། །མགོ་བརྙན་ཚོགས་ཀྱིས་ལས་གང་མཛད་ན་དུར་ཁྲོད་ཟ་མཛད་ཅིང་། །ངོ་བོ་གང་བྱུང་ན་རྡོ་རྗེ་མཆེ་གཤོག་ཕྲ་མེན་མགོ་བརྙན་ཚོགས། །སིངྷ་ལ་སོགས་རྣམ་གྲངས་དུ་ཡོད་ན་ཕྲ་མེན་བརྒྱད་རྣམས་ལ། །དཔལ་བེའུ་རྡོ་རྗེ་ཚུལ་མཆོག་རུ་ལུའི་སྤྲོ་བསྡུ་ནི། །ཀུན་ལ་རབ་ཏུ་སྦྱར་བའོ། །གནས་འགྱུར་གྱི་རིམ་པ་ནི་ཕྱིན་ཅི་ལོག་བཞི་གནས་སུ་དག་འབྱུང་སྟེ། །སྤྱིའི་ལས་གང་མཛད་ན་ཚད་མེད་བསྡུ་བ་བཞི་ཡི་ངང་ཚུལ་ཅན། །ཁྱད་པར་དུ་འགུགས་བྱེད་འཆིང་སྡོམ་བྱེད་པའི་ལས་མཁན་མ། །ལས་དང་ངོ་བོ་རྣམ་གྲངས་ནི་དཀྱིལ་འཁོར་བསྲུང་བའི་སྒོ་མ་བཞི་རྣམས་ལ། ༈ །དཔལ་གྱི་སྤྱན་སྔར་དམ་བཅས་ཚུལ་ནི་དཔལ་གྱི་བཀའ་ཉན་དམ་ཚིག་གཉན་བསྲུང་ཞིང་། །རྣལ་འབྱོར་པ་ལ་གྲོགས་མཛད་ཚུལ་ནི་མ་སྲིང་རྒྱ་མཚོའི་ཚུལ་གྱིས་བརྩེ་དགོངས་ཏེ། །ཕྲིན་ལས་མཛད་ཚུལ་ནི་གྲོགས་ལ་བལྟ་ཞིང་འགལ་བ་ཚར་གཅོད་པ། །མ་ཚོགས་དབང་ཕྱུག་རྣམ་གྲངས་ཉི་ཤུ་རྩ་བརྒྱད་ལ། ༈ །ངོ་བོ་ཆ་ལུགས་ཁྲོ་འཇིགས་སྤྱོད་པ་རབ་མཛེས་པ། །སྤྱིར་མཛད་པའི་ལས་ནི་གཞན་དག་སྲེག་མཛད་གཙོ་ལ་མཉེས་སྟོབ་མ། །ཁྱད་པར་གྱི་མཛད་པ་རྣམ་དག་ཕ་རོལ་སྒྲོལ་མཛད་མ། །དཀྱིལ་འཁོར་སྐྱོང་བའི་སྲུང་མ་རྣམ་གྲངས་སྲིང་མོ་བཞིའམ་གསང་བའི་ཡུམ་བཞི་རྣམས་ལ། ༈ །གཤེགས་བཞུགས་མི་མངའ་བགྲོད་ཚུལ་ནི་གང་ཡང་ཐོགས་མེད་ཅིང་། །དགོངས་པ་ནི་རྟོག་པ་ཀུན་བྲལ་ཐམས་ཅད་ས་ལེ་མཁྱེན། །བྱ་བཙལ་མེད་བཞིན་ཕྲིན་ལས་ནི་གཞན་དག་ཚར་གཅོད་མཁས། །ངོ་བོ་ནི་བཀའ་ཉན་མངག་གཞུག་ཕོ་ཉ་རྡུལ་སྙེད་ལ། ༈ །གནས་ནི་ཕྱོགས་བཅུའི་ས་དང་ནམ་མཁའི་འཇིག་རྟེན་ན། །


DNG019_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལུགས་ནི་ལྷ་དང་ལྷ་མིན་ཕྲ་རགས་གཟུགས་འཆང་ཞིང་། །དགོངས་པའི་ཐུགས་དམ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་གཉེར་བླངས་པ། །ངོ་བོ་ནི་རིག་འཛིན་སྔགས་འཆང་རྣལ་འབྱོར་ཐམས་ཅད་ལ། ༈ །གནས་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །སྣ་ཚོགས་སྣང་བ་ཐབས་མཆོག་ཡབ། །མ་སྐྱེས་པ་ཉིད་ཤེས་རབ་ཡུམ། །ཐབས་ཤེས་རབ་འདྲེལ་བས་གཉིས་མེད་གཅིག་ལ་ཟུང་དུ་འདྲེལ། །ཐབས་ཤེས་རབ་ཏུ་འདུས་ཚུལ་ཇི་སྙེད་བརྗོད་པའི་ཆོས་རྣམས་ཀུན། །ཐབས་དང་ཤེས་རབ་རང་བཞིན་ཏེ། །མཆོད་ལུགས་ཡེ་ཤེས་ལྷ་དང་དབྱེར་མེད་ཅིང་། །འབྲུ་བརྒྱད་སྔགས་ཀྱི་ཡི་གེ་གསུང་། །སྤྲོ་ཐབས་སྤྲོས་པས་བླ་མེད་མཆོད་པ་འབུལ། །བསྡུས་པས་དངོས་གྲུབ་བསྡུ་ལུགས་བྱང་ཆུབ་སེམས་སུ་གནས། །དངོས་གྲུབ་མཆོག་གི་གཏེར་དུ་འགྱུར། །ཡབ་ཡུམ་གསང་བའི་གནས་གང་ནས་བླངས་ན་མཁའ་དབྱིངས་ལ། །འཕྲོ་འདུ་གང་གིས་ན་འབྲུ་བརྒྱད་དཀྱིལ་འཁོར་འཕྲོ་འདུ་ནི། །བྱ་ཐབས་གང་གིས་མ་ཕྱི་ནང་གསང་བའི་དབྱིབས་བརྒྱུད་དེ། །དངོས་གྲུབ་འབྲས་བུ་གར་རྫོགས་པ་གསང་བའི་མཁའ་ལ་རྫོགས། །པདྨ་རཱ་ག་ཡུམ་གྱི་བྷ་ག་རཱ་གའི་མདོག་འོད་ཀྱི་མ་དྷལ་ནས། །བྱི་རུ་དམར་པོ་དབང་གི་མཎྜལ་ལ། །གསང་བ་ཡུམ་གྱི་མཁའ་གེ་སར་སྟོང་གིས་བརྒྱན་པའི་དཀྱིལ་འཁོར་ནས། །བསྒྲུབ་བྱ་ལྷའི་ཐུགས་དཔལ་ཆེན་ཧེ་རུའི་ཐུགས་ཀྱང་རིན་པོ་ཆེ། །སྒྲུབ་མཆོག་བདག་གི་སྒྲུབ་བྱེད་རྣལ་འབྱོར་པའི་ཐུགས་ཀྱང་རིན་པོ་ཆེ། །བསྒྲུབ་པའི་ཆོས་གདོད་ནས་མ་སྐྱེས་ཐུགས་ཀྱང་རིན་པོ་ཆེ། །འཁོར་འདས་ཐམས་ཅད་མ་ལུས་ཡུམ་གྱི་བྷ་ག་བདེ་ཆེན་དབྱིངས་སུ་རྫོགས། །མཚན་མེད་སྤྲོས་བྲལ་བདེ་ཆེན་དབྱིངས་སུ་ཐིམ། །དཔེ་བསྟན་པ་ཇི་ལྟར་འཇའ་ཚོན་གསལ་འགྱུར་ཡང་། །ནམ་མཁའི་ངང་ལས་ཡོངས་ཀྱིས་འབྱུང་། །དོན་བསྟན་པ་ཕྱག་རྒྱའི་ཆོ་འཕྲུལ་གསལ་འགྱུར་ཡང་། །མ་སྐྱེས་ངང་གིས་འབྱུང་བའི་ཆོ་འཕྲུལ་ཡིན། །ཡེ་ཤེས་ནི་རང་རིགས་ཡེ་ཤེས་མཉམ་ཉིད་རོལ་པ་ལས། །དབྱིངས་ནི་མ་སྐྱེས་ངང་གིས་རྫོགས་པས་སྐུ་གསུང་ཐུགས། །དབྱིངས་སུ་བསྡུ་རང་རིག་རྩོལ་དང་བྲལ་བས་དབྱིངས་སུ་རྫོགས། །སེམས་སུ་བསྡུ་ཐམས་ཅད་ཡེ་རྒྱས་བཏབ་པས་བྱང་ཆུབ་


DNG019_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །དབྱེར་མེད་དུ་བསྡུ་སྐྱེ་མེད་གདོད་ནས་དག་པའི་རང་བཞིན་ལ། །འབྲུ་བརྒྱད་ཕྱག་རྒྱ་ཆོ་འཕྲུལ་ཡིག་འབྲུ་ལྷ་ཅིར་ཡང་སྣང་། །ཐམས་ཅད་དབྱེར་མེད་སེམས་ཉིད་བྱང་ཆུབ་སེམས་ཀྱི་ངང་། །ཚིག་ལས་འདས་པས་བརྗོད་བྲལ་དུ་གནས་མ་བཅོས་ལྷུན་གྱིས་གྲུབ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡིད་བཞིན་ནོར་བུ་ལྟ་བུ་ཡི། །ཨ་ལ་ཨོས་ན་རོ་བརྒྱན་མ་གཞི་མའི་འ་ལ། ཐིག་ལེ་དང་བཅས། །ཨཱོཾ་སྐུ་སྐུ་རྣམས་མ་ལུས་འདུས་པ་ཡིན། །ར་དང་ལ་ནི་དབྱངས་དང་གསལ་བྱེད་ཀུན་ལ་ཁྱབ། །ཞབས་ཀྱུ་ཨུ་བཞིས་སྤྲས་པ་རྣལ་འབྱོར་གྱི། །རྣལ་འབྱོར་མ་མོ་མ་རྣམས་ཀྱི་སྲོག་སྔགས་སོ། །སྲོག་སྔགས་ཟབ་མོ་ཤེས་པ་ཡིན། །གཞི་ཧ་ཨཱུ་ཞབས་ཁྱུད་ཐིག་ལེ་ཧཱུྃ་སྒོ་མའི་དོན། །སྡེ་ཚན་བཞི་ཀ་ཙ་ཊ་ཏ་པའི་གསུམ་པ་ནི་བ་ཡིན་ལས། །བཞད་བྱེད་ཧ་ཡ་ཡ་ཏ་ན་མ་བྷྱོ་མ་མོ་སྲོག་སྤྲོས། །གྲེ་བ་ནས་བྱུང་བ་ཧ་ཨཱུ་ཞབས་ཁྱུད་དང་ཐིག་ལེ་ཧཱུྃ་ལྷའི་ཐུགས་སོ། །སྔགས་རྣམས་བཏུ་བ་གསང་བ་ནི། །བློ་ལྡན་སྔགས་པས་ཤེས་ནས་བཟླས། །ཡང་ན་ཨོཾ་ཨཱཿཧཱུྃ་རྡོ་རྗེའི་བཟླས་པར་འགྱུར། །ལུས་བསྲུང་བ་ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །སྟོང་པའི་ཉིད་དུ་ཤེས་པ་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་སྟོང་པའི་ངང་བཅོམ་ནས་ཀྱང་། །བདུད་བགེགས་ཀྱི་མི་ཚུགས་ཐམས་ཅད་ཀུན་ཏུ་རྒྱལ་བར་གནས། །སྐུ་གསུང་ཐུགས་གོ་བགོ་བའི་སྔགས་ཨཱོཾ་བཛྲ་ཀཱ་ཡ་བཱ་ཀ་ཙིཏྟ་ས་མཱཉྫ་ཧཱུྃ། །ཨོཾ་བཛྲ་ཀ་ཝ་ཙ་ཡ་མ་ཧཱུྃ། ཡང་བྱུང་། མིང་དང་མཚན་མ་མ་གྲུབ་པས། །མི་གནས་མ་བྱས་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན། །རྒྱལ་བས་ཀྱང་ནི་མི་མཐོང་ངོ་། །ཨཱོཾ་ཧཱུྃ་སུ་ར་ཏ་བཀྵ་ཧཾ། རྨད་བྱུང་གསང་སྔགས་དམ་ཚིག་ནོས་པ་ལས། །ཉོན་མོངས་དུག་ལྔ་འདུས་པའི་དབང་སོང་ནས། །བལྟ་བ་དམས་ཤིང་སྤྱོད་པ་རྩིངས་པ་ཡིས། །རྩ་བ་ཞིག་ཅིང་ཡན་ལག་ཉམས་པ་ཡིས། །སློབ་དཔོན་གྲོགས་མཆེད་ཐུགས་དང་ཅི་འགལ་བ། །ཡེ་ཤེས་ལྷ་འབངས་དངོས་གྲུབ་ཡལ་ལ་སོགས། །ནོངས་པ་མཆིས་ཀྱང་འགལ་བར་མ་མཐོང་བ། །རྒྱལ་བའི་དཀྱིལ་འཁོར་རྣམས་ལ་འདིས་བཤགས་ན། །འབྲུ་བརྒྱད་རགས་


DNG019_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་པ་འདི་བཞེས་ལ། །ཚངས་ཏེ་དངོས་གྲུབ་དམ་པ་སྩལ་དུ་གསོལ། །བསྒྲུབ་པའི་དཀྱིལ་འཁོར་འབྲས་བུ་འཐོབ་བྱའི་ཕྱིར། །རོལ་པའི་འཕྲོ་འདུ་ལ་སོགས་གནས་བསྒྱུར་ཏེ། །བསྙེན་པའི་ལུང་བཞིན་དབྱེ་བ་མེད་པ་ཡི། །ལས་ཀྱི་བྱེ་བྲག་བཞིན་དུ་བསྒྲུབ་པར་བྱ། །སྟོན་པ་ཐབས་མཁས་ཐུགས་རྗེ་ཆེ་བ་ཡིས། །ཕྱི་རབས་རྣལ་འབྱོར་དོན་དུ་གསུངས་པའོ། །ཧེ་རུ་ཀའི་གལ་པོ་ལས། རུ་ལུ་སྤྲོས་པའི་བརྟག་པ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་རྣམས་ཀྱིས། རྡོ་རྗེ་ཐེག་པས་བདག་གཞན་ཐམས་ཅད་འཁོར་བ་ལས་ཡོངས་སུ་བསྒྲལ་བར་བྱ་བའི་ཐབས་འདི་དག་གསུངས་སོ། །གསང་སྔགས་རྡོ་རྗེའི་ཐེག་པ་ནས། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །རྟོགས་པས་བདག་བསྒྲལ་ཐུགས་རྗེས་གཞན། །རྡོ་རྗེ་བམ་བསྒྲུབ་གནས་མཆོག་བྱ། །དང་པོ་བསམ་གཏན་ཆོས་དགུ་ནི། །ལུས་ངག་ཡིད་གསུམ་སྦྱང་བར་བྱ། །ལུས་དང་ངག་སེམས་གཏན་ལ་དབབ། །བྱང་སེམས་ཡི་དམ་བླ་མ་དྲན། །འདི་དགུ་རྣལ་འབྱོར་ཅན་གྱིས་བྱ། །ཕྱི་ནང་གསང་བའི་མཚམས་བཅད་ནས། །བསྲུང་བའི་འཁོར་ལོ་ཡང་དག་གནས། །ལུས་ཁམས་བདུད་རྩི་ཆེན་པོ་ལ། །སྨན་དང་གཏོར་མ་རཀྟ་ཡིན། །ཕྱི་ནང་གསང་བའི་བཤགས་པ་ཡིས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །དང་པོར་སྟོང་ཉིད་བསྒོམས་པས་ནི། །རང་ལུས་དཀྱིལ་འཁོར་ཉིད་དུ་བསྒོམ། །རྩ་ནི་གཞལ་ཡས་སྤྲུལ་པའི་སྐུ། །ཡི་གེ་སྔགས་ནི་ལོངས་སྤྱོད་རྫོགས། །ལུས་ཁམས་བདུད་རྩི་ཆོས་ཀྱི་སྐུ། །ངོ་བོ་ཉིད་སྐུ་སྙིང་པོ་རླུང་། །སྐུ་བཞི་རང་གནས་ལྷ་རུ་རྫོགས། །ལས་ཀྱི་རླུང་ལ་འཇུག་པ་བཞི། །ཉམས་སུ་བླང་བའི་གནད་རྣམས་ནི། །བདུན་ཅུ་ཐམ་པའི་མན་ངག་གནས། །གནས་སྦྱོང་བཞི་བཅུ་རྩ་གཉིས་ཡིན། །ཕོ་མོ་མ་ནིང་ཐོད་རྒལ་རླུང་། །ཁམས་ནི་འདུས་པ་དང་པོ་ལ། །རྒྱུན་རླུང་ལག་ཆ་ཅན་དག་གིས། །རྩ་བྲལ་ལུས་སེམས་རྨི་ལམ་དུ། །ཉམས་སུ་སྣང་བ་འབྱུང་བ་ཡིས། །ཕྱིར་ལྡང་གསུམ་དང་ནང་འཇུག་


DNG019_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །ཁོང་གནས་ཁ་སྦྱོར་དབུགས་གཅིག་བདུན། །གཞི་ནི་རྩ་བའི་རླུང་ལྔ་ལ། །ཡན་ལག་ལྔ་སྟེ་རྣམ་དབྱེ་བཅུ། །བཅུ་ཡི་མིང་གནས་ལས་དང་བཅས། །ཟིན་པའི་ཟུག་དང་ཏིང་ངེ་འཛིན། །རེངས་སྐྱོན་བཅོས་ཐབས་བདུན་གྱུར་པས། །མན་ངག་གནད་ནི་བདུན་ཅུར་གསུངས། །དེ་དག་ཕན་ཡོན་བཅས་པས་ནི། །རྣལ་འབྱོར་རྣམས་ཀྱིས་བསླབ་པར་བྱ། །རླུང་དང་ལུས་ཁམས་བདུད་རྩི་གཉིས། །རྩ་སྔགས་གསུམ་གྱིས་ལམ་ཡང་ཁྲིད། །ཁམས་ནི་འདུས་པ་བར་མ་ལ། །ལག་ཆ་བྲི་བའི་རླུང་གིས་དྲལ། །མཐོང་སྣང་རེ་དོགས་བྲལ་བའི་ལམ། །སད་པ་བཞི་དང་དགྲ་ལངས་ཡིན། །ཁམས་འདུས་ཐ་མ་ལག་ཆ་བྲལ། །སྐུ་བཞི་གནས་པར་འགྱུར་བའོ། །དེ་ནས་འཇིག་རྟེན་འདས་པའི་ལམ། །ས་རྣམས་ནོན་པར་རྒྱལ་བས་གསུངས། །ཕྱི་རབས་རྣལ་འབྱོར་ཐམས་ཅད་ལ། །རྡོ་རྗེ་འཆང་གིས་རྒྱས་པར་བཤད། །ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་ཐུན་མོང་མཚམས་དང་འདས། །འཇིག་རྟེན་པ་དང་འཁོར་ལོ་བསྐོར། །འཁོར་འདས་ཐུན་མོང་ལམ་བཤད་ན། །སྣང་བ་གསུམ་དུ་བསྟན་པའི་ལམ། །ཀུན་གཞི་འདུས་དང་ཕྱག་རྒྱ་ཆེ། །རྒྱུ་རྒྱུད་ཐབས་རྒྱུད་འབྲས་བུའི་རྒྱུད། །བླ་མ་སྒྲུབ་པ་བདེ་གཤེགས་དངོས། །མན་ངག་ཉམས་མྱོང་ལུང་འདྲེལ་ཚད། །གདམས་ངག་དྲུག་ཏུ་བསྟན་པ་དང་། །སྙན་བརྒྱུད་བཞི་ཡིས་གཏན་ལ་ཕབ། །རྟེན་ཅིང་འདྲེལ་བར་འབྱུང་བ་ལྔ། །ཐབས་དང་ཤེས་རབ་མཐར་ལྷུང་བའི། །བསྲུང་བའི་བྱེ་བྲག་བསྟན་པས་ན། །རྣལ་འབྱོར་པ་ཡི་ལམ་ཤེས་བྱ། །འཇིག་རྟེན་འཁོར་ལོ་འཚམས་པའི་འཆའ་བའི་ཡང་ལམ། །ཁམས་ཀྱི་འདུ་ལུགས་རྣམ་པ་གསུམ། །ཚོམ་བུ་རྣམ་པ་དྲུག་ཏུ་བཅད། །མདོར་བསྡུས་གཉིས་སུ་བསྟན་པ་ཡང་། །སྙིང་པོ་དྲུག་གི་ལམ་ཡང་ཁྲིད། །ཁམས་ཀྱི་བདུད་རྩིས་ཁྲིད་པ་དང་། །རྩ་ཡི་ཡི་གེས་ལམ་ཁྲིད་དོ། །ལམ་ལྔ་ལྟ་བུར་བགྲོད་པ་ནི། །ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་ཡིན། །བྱང་ཆུབ་


DNG019_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྟར་བགྲོད་པ་ནི། །ལམ་ལྔའི་ཡན་ལག་ཉིད་དུ་འགྱུར། །དབུགས་གཅིག་རྫོགས་པའི་བྱང་ཆུབ་ནི། །བླ་མ་ཉིད་ལ་ཞུས་བྱས་ཏེ། །དབུགས་ཀྱི་རྒྱུ་བ་གཡས་གཡོན་ཤེས། །སྲོག་རྩོལ་ཉམས་སུ་བླང་བྱས་ལ། །མཐར་ཕྱིན་ཡོན་ཏན་སྐྱོན་སེལ་བྱེད། །ཕྱིར་འགྲོ་གཏང་བར་བྱ་བ་ཡང་། །རྩོལ་བ་བཀག་ལ་སྲོག་ནས་གཏང་། །ཤུགས་བསྐྱེད་སྣ་བུག་གཉིས་ནས་གཏང་། །ཁ་ནས་སྒྲ་བཅས་གཏང་བའོ། །དགང་བའི་ཡན་ལག་རྣམ་པ་གཉིས། །རྩོལ་བ་བཀག་ལ་སྲོག་ནས་དགང་། །ཁ་ནས་སྒྲ་མེད་དགང་བར་བྱ། །དེ་ནས་རླུང་གཉིས་ཁ་སྦྱར་ལ། །ཉམས་སུ་བླང་ཞིང་བསྒོམ་པར་བྱ། །མན་ངག་བདུན་ཅུ་ཐམ་པ་ཡང་། །སྲོག་འཛིན་ནམ་མཁའི་རླུང་ཉིད་ལ། །མེ་དང་ནུས་པ་མཉམ་པས་ནི། །མེ་ཡི་རླུང་དུ་ཡང་དག་གནས། །ཐུར་དུ་སེལ་བའི་རླུང་ཞེས་པ། །ས་དང་འདྲེས་པ་ཡིན་ཞེས་བྱ། །གྱེན་ལ་རྒྱུ་བའི་རླུང་དེ་ནི། །རླུང་གི་རླུང་སྟེ་སྣ་བུག་གཉིས། །ཁྱབ་བྱེད་རླུང་ནི་ཆུ་ཉིད་ལ། །ཀུན་ལ་ཁྱབ་པར་གནས་པའོ། །ཡན་ལག་རླུང་ལྔ་རྒྱུ་བ་ནི། །མེ་ཡི་རླུང་སྟེ་སྤྱན་རབ་གསལ། །རབ་ཏུ་རྒྱུ་བ་རྣ་བའི་རླུང་། །ཤིན་ཏུ་རྒྱུ་བ་སྣ་རླུང་ས། །མངོན་པར་རྒྱུ་བ་ཆུ་རླུང་ལྕེ། །ཡང་དག་རྒྱུ་བ་ནམ་མཁའི་རླུང་། །རྩ་ནི་དེ་ཉིད་ལ་དོར་གནས། །རླུང་ལ་སྔོན་ཐགས་བྱིན་རླབས་དང་། །སེམས་དྲོད་བྱིན་རླབས་དྲུག་པོ་དང་། །སྟེང་འོག་བདེ་བ་རྣམ་གཉིས་བསྒོམ། །ལམ་གྱི་ཁྲིད་ལུགས་རབ་བཤད་ན། །རླུང་ལྔ་རང་གནས་ཐིམ་པའི་ཉམས། །འབྱུང་ལྔའི་རླུང་སྟོབས་འཕེལ་བའི་ཉམས། །འབྱུང་བ་བཞི་ནི་ཆ་མཉམ་དང་། །འབྱུང་བ་བཅུ་དྲུག་ཆ་མཉམ་སྟེ། །འབྱུང་བ་རླུང་ལྔ་དབང་བསྒྱུར་བྱེད། །ལུས་ཁམས་བདུད་རྩི་ཆེན་པོ་ལྔ། །བཞི་མཉམ་གླ་རྩི་ཆེན་པོ་དང་། །སི་ཧླ་ཉི་མ་མ་ལས་བྱུང་། །ག་པུར་ཟླ་བ་ཕ་ལས་བྱུང་། །མཱཾ་ས་ཆུ་དང་བཅས་པ་ནི། །དེ་བཞིན་སངས་རྒྱས་སྣང་བའོ། །རྩ་གནས་ལམ་ནི་སྲོག་ཤིང་གསུམ། །དཀྱིལ་འཁོར་བཞི་ལ་གནས་པ་དང་། །ཉམ་ང་མྱ་ངན་འདྲེ་ཡི་རྩ། །གཡལ་དང་མཆི་མའི་རྩ་རྣམས་


DNG019_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡི་གེས་ལམ་ནི་ཁྲིད་པ་ཡང་། །ཚ་གྲང་དམྱལ་བ་ཏྲི་ནག་པོ། །དུད་འགྲོ་བྱོལ་སོང་དུ་དུད་ཀ །ཡི་དྭགས་བཀྲེས་སྐོམ་པྲེ་ཡིག་དམར། །ནྲྀ་ཡིག་སྔོན་པོ་གླིང་བཞིའི་མི། །སུ་སེར་ལྷ་མིན་རི་རབ་ནང་། །ལྷ་ཡི་ཨ་དཀར་རི་རབ་རྩེ། །འདོད་པ་ཁམས་ཀྱི་ས་བོན་ནོ། །བསམ་གཏན་ཨཱོཾ་ནི་གཟུགས་ཀྱི་ཁམས། །རྟོག་དཔྱོད་དགའ་བདེར་སྣང་བའོ། །གཟུགས་མེད་ཁམས་ནི་ཡི་གེ་ཨཱཿ། །སྐྱེ་མཆེད་མུ་བཞི་སྣང་བའོ། །སྐུ་ཡི་ཨཱོཾ་ལ་གསུང་གི་ཨཱཿ། །ཧཱུྃ་ནི་ཐུགས་ཏེ་ཡོན་ཏན་སྭཱ། །ཕྲིན་ལས་ཡི་གེ་ཧཱ་ཡིན་ལ། །དཀར་དམར་མཐིང་སེར་ལྗང་གུ་ཡིན། །བྷྲཱུཾ་ནི་གཏི་མུག་ཞེ་སྡང་ཧཱུྃ། །ཁཾ་ནི་ང་རྒྱལ་འདོད་ཁམས་ཧྲཱྀཿ། །ཕྲག་དོག་ཨཾ་ཉིད་དུག་ལྔར་གནས། །བྷྲཱུཾ་ར་ཧ་ནི་དུག་གསུམ་སྔགས། །ཨཱོཾ་དང་ཨཱཿདང་ཧཱུྃ་ལས་ནི། །མི་ཟད་རྒྱན་གྱི་འཁོར་ལོར་གནས། །སྙིང་པོ་ཨཱཿདང་ཟུང་འཇུག་ཧཱུྃ། །དབྱིངས་དང་ཡེ་ཤེས་ཆོས་སྐུར་གནས། །ཁམས་ནི་འདུས་པ་བར་བ་ལ། །ལྟེ་ལྐོག་ཀྵ་ཡི་ཡི་གེ་ལས། །སྲིན་པོ་རཱུ་ཏྲའི་སྣང་བ་ཡིས། །ཁྲག་འཐུང་འདུལ་བའི་ཉམས་སུ་སྣང་། །མཉེན་ལྕུགས་རྣམ་པ་བཞི་པོ་ལས། །ཡི་གེའི་མན་ངག་ཨ་ཀྵ་ར། །དངོས་གྲུབ་རང་ཡིན་རེ་བ་མེད། །བར་ཆད་དངོས་གྲུབ་དོགས་པ་མེད། །སད་མ་པ་ཡང་བཞི་ལས་སྟོང་པ་ལྔ། །ལྷ་སྔགས་རྒྱན་དང་སྟོང་པ་དྲན། །ཆོག་ཤེས་བདུད་ལས་བྱིང་ཆེན་འཕྲེང་། །ཡང་དག་སྤོང་བའི་གཉེན་པོ་བཞི། །ཁམས་ཀྱི་འདུས་པ་ཐ་མ་ལ། །རྣམ་རྟོག་སྤོང་བ་པད་ཅན་ཡུལ། །དལ་རྒྱུ་ཡིད་འཇུག་རྣམ་རྟོག་སྤོང་། །རྡོ་རྗེ་སྐྱིལ་ཀྲུང་ལུས་ངག་ཡིད། །ཐིག་ལེ་རླུང་ཡང་ནོན་པའོ། །ཆོས་ཤེས་བདུད་ཆོམས་སྦྱོར་ལམ་དྲོད། །ནང་གི་སངས་རྒྱས་སྲིད་རྩེ་གཉིས། །མ་སྐྱེས་བཟོད་ཐོབ་སྦྱོར་ལམ་གསུམ། །འཁོར་བའི་ཆོས་འདས་ལམ་རྫོགས་སོ། །སྐྱོན་ཅན་སྐྱོན་མེད་རླུང་སེམས་འདུས། །ངོ་བོ་རང་བཞིན་མཚན་ཉིད་ཡིན། །འཇིག་རྟེན་པ་ཡི་ལམ་ཡིན་ནོ། །འཁོར་ལོ་བསྐོར་བ་འཇིག་རྟེན་འདས། །


DNG019_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བསྒོམ་ལས་ནི་བདུན་དང་བརྒྱད། །ས་དྲུག་རླུང་འཇུག་དྭངས་མ་རྟོགས། །རིམ་པས་ལས་རྣམས་ཀུན་ལྡན་པ། །ས་གཞི་དབང་ལུང་བདུད་རྩི་བཅུད། །ཡེ་དག་བྱིན་རློབ་ལོངས་སྐུ་ཉིད། །ས་གཉིས་དཀྱིལ་འཁོར་ཆོས་སྐུ་སྟོང་། །སྟོབས་ལྔ་དྭངས་མ་ཆེ་དག་པ། །ས་ཕྱེད་རྡོ་རྗེ་ངོ་ཉིད་གཤེགས། །རླུང་རྩ་བདུད་རྩི་ཡི་གེ་ཁྲིད། །མཐར་ཕྱིན་པའི་འབྲས་བུའི་འགྲོས་བཞི་ཐིམ། །མི་ཕྱེད་མཐར་གནས་གྱུར་པའོ་པ་སྟེ། །རྩའི་འགྲོས་ཐིམ་པས་རྩ་ཐམས་ཅད་དབུས་ཀུན་འདར་མའི་གནས་སུ་ཐིམ་པས་སྤྲུལ་སྐུར་གྱུར་ཏོ། །ཡི་གེའི་འགྲོས་ཐིམ་པས་ཨ་ཧཾ་ཟུང་དུ་འཇུག་པས་ལོངས་སྐུར་གྱུར་པའོ། །ལུས་ཀྱི་ཁམས་བདུད་རྩིའི་འགྲོས་ཐིམ་པས་ཆོས་སྐུར་གྱུར་པའོ། །སྙིང་པོ་རླུང་གི་འགྲོས་ཐིམ་པས་ངོ་བོ་ཉིད་ཀྱི་སྐུར་གྱུར་པའོ། །དེ་ཡང་སྐུ་ནི་སྤྲུལ་སྐུ། གསུང་ནི་ལོངས་སྐུ། ཐུགས་ནི་ཆོས་སྐུ། སྐུ་གསུང་ཐུགས་དབྱེར་མེད་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེས་འཇིག་རྟེན་འདས་པ་ལ་ལམ་དང་ས་དང་འབྲས་བུ་གསུམ་མོ། །དེས་ནི་རྟོགས་པས་བདག་བསྒྲལ་བར་བསྟན་ནོ། །དེ་ནས་ཞིང་བཅུ་བསྒྲལ་བར་བྱ། །སྒྲུབ་རྫས་བཀྲ་ཤིས་གཙང་མ་ལ་སོགས་པའི་དམིགས་ཀྱིས་གང་བསྒྲལ་བ་དེ་དག་བྱིན་གྱིས་བརླབ། །གང་གིས་བྱིན་གྱིས་རློབས་ན་དམིགས་པ་མེད་པ་ཆོས་ཀྱི་སྐུ་སྟོབས་ཀྱི་གདེང་དུ་གྱུར་པ་ཅན་གྱིས་སོ། །ཆོས་སྐུ་གདེང་ཅན་དུ་གྱུར་པའི་ངང་ལས་འགགས་མེད་ཡེ་ཤེས་ཀྱི་སྐུ་སྐུ་མཆོག་འབར་བའི་དཔལ་ཧེ་རུ་ཀ་ཚུལ་དུ་གསལ་བར་བསམ། །ཁམས་གསུམ་སྐྱེ་བའི་རྒྱུ་བཅད་ཅིང་འབྱུང་བའི་སྒོ་དགག་ཅེས་བྱ་སྟེ། སྐྱེ་རྒྱུ་བཅད་པ་ནི་ཁམས་གསུམ་འཁོར་བའི་རྒྱུ་ཉོན་མོངས་ལྔ་སྟེ། འདོད་ཆགས་ཁྲག་ལ་གནས་ཏེ། སྲིད་པ་ཐམས་ཅད་ཁྲག་ཏུ་བསྡུས་ཏེ། ཞལ་དུ་རྔུབས་ནས་འདོད་ཆགས་ཀྱི་རྩད་བཅད། ཁམས་གསུམ་དུ་འཁོར་བའི་སྐྱེ་བའི་རྒྱུན་བཅད་པའོ། །ཁྲག་ཏུ་དམིགས་ནས་ཀྱང་། །དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །ཨཱོཾ་དང་ཨཱཿཧཱུྃ་སྭཱ་ཧཱ་བཀོད། །འབྱུང་བའི་སྒོ་དགག་པ་ནི། འབྲས་བུ་ལ་དགོངས་ལ་སེམས་ཅན་གྱི་གཟུགས་སྐུ་སྨིན་པའི་ཕྱིར། སྤྱི་བོར་ཨཱོཾ། ཁར་ཨཱཾ། སྙིང་གར་ཧཱུྃ། ལྟེ་བར་སྭཱ། རྐང་མཐིལ་དུ་ཧཱ། སྙིང་པོ་འབྲུ་ལྔ་བཀོད་ནས། སྟོངས་པ་ལྔ། བསྐོང་པ་ལྔ། མཉེས་པ་ལྔ། འབྲས་བུ་ལྔ་སྟེ། དང་པོ་རྐང་མཐིལ་གྱི་ཧ་ལྗང་གུ་ཕྱོགས་བཅུར་འཕྲོས་པས་དམྱལ་བའི་གནས་སྟོངས། ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་། དོན་ཡོད་གྲུབ་པ་ཡབ་ཡུམ་


DNG019_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས། སླར་འདུས་པ་ལས་རྡོ་རྗེ་རྒྱ་གྲམ་བསྒྲིལ་མར་གྱུར། དེ་འཕྲོས་འདུས་པས་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་སྐུར་གྱུར། ཡབ་ཡུམ་གཉིས་སུ་མེད་པའི་རོལ་པ་མཛད་པས་ཡབ་ཡུམ་བྱང་ཆུབ་སེམས་སུ་ཞུ་ནས་སྭཱ་སེར་པོ་ལྟེ་བ་ལ་གནས་པ་ལ་ཕོག་པས། སྭཱ་སེར་པོ་ཕྱོགས་བཅུར་འཕྲོས་ཏེ། ཡི་དྭགས་ཀྱི་གནས་སྟོངས། རིན་ཆེན་རིགས་ཀྱི་ཐུགས་དམ། རིན་འབྱུང་ཡབ་ཡུམ། སླར་འདུས་པས་རིན་པོ་ཆེ་བསྒྲིལ་མར་གྱུར། དེ་ལས་འཕྲོས་འདུས་རིན་འབྱུང་ཡབ་ཡུམ་དུ་གྱུར། དེ་གཉིས་སུ་མེད་པའི་རོལ་པ་མཛད་པས་བྱང་ཆུབ་སེམས་སུ་ཞུ་འོད་དང་བཅས་ཏེ་ཡས་འཕྲོས་པས། སྙིང་གའི་ཧཱུྃ་ལ་ཕོག་ཧཱུྃ་སྒྲ་དང་བཅས་ཏེ་ཕྱོགས་བཅུར་འཕྲོས་པས་བྱོལ་སོང་སྟོངས། རྡོ་རྗེ་རིགས་ཀྱི་ཐུགས་དམ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སླར་འདུས་རྡོ་རྗེ་བསྒྲིལ་མར། དེ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ཡབ་ཡུམ་གཉིས་མེད་རོལ་པ་ལས་ཡབ་ཡུམ་ཡང་ཞུ་ནས་བྱང་སེམས་དང་བཅས་པ་འཕྲོ་བ་ནས་ཁའི་ཨཱཾ་ལ་ཕོག །ཨཱཾ་སྒྲ་དང་བཅས་ནས་མིའི་གནས་སྟོངས། པདྨ་རིགས་ཀྱི། སྣང་མཐའ་ཡབ་ཡུམ་མཉེས། སླར་པདྨ་བསྒྲིལ་མར། གཉིས་སུ་མེད་པར་སྣང་མཐའ་ཡབ་ཡུམ་དུ་གྱུར། རོལ་པ་མཛད་ནས་བྱང་སེམས་སུ་ཞུ་ནས། སྤྱི་བོར་ཨོཾ་ལ་ཕོག་པས། ཨོཾ་སྒྲ་དང་འོད་དུ་བཅས་ནས་ཕྱོགས་བཅུར་འཕྲོས་པས། ལྷའི་གནས། དེ་བཞིན་རིགས་ཀྱི། རྣམ་སྣང་ཡབ་ཡུམ་མཉེས། སླར་འཁོར་ལོ་བསྒྲིལ་མར་གྱུར་ནས། རྣམ་སྣང་ཡབ་ཡུམ་གྱི་སྐུར་གྱུར་ཏེ་གཉིས་སུ་མེད་པའི་རོལ་པ་མཛད་ནས་ཆོས་ཉིད་དུ་གྱུར་ནས། རིགས་ལྔའི་ཁ་དོག་ཚོན་གྱི་དྲུ་བུ་བཞིན་བཙུགས་ནས་གནས་པ་དང་། དེ་ལས་རཾ་ཡཾ་ཁཾ་གསུམ་བྱུང་སྟེ། རཾ་ལས་ཡེ་ཤེས་ཀྱི་མེས་བསྲེག །ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས་ཏེ་སྦྱངས་ནས། སྟོང་པ་ལྔ་དང་བསྐང་བ་ལྔ། །མཉེས་པ་ལྔ་དང་འབྲས་བུ་ལྔ། །རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་འཐོར། །དངོས་ནི་ཨ་རུ་རཾ་ཡཾ་ཁཾ་གིས་སྦྱངས་པའི་སེམས་ཉིད་དེ་ཨ་དཀར་པོར་གསལ་བར་གྱུར་པ་ལ་ནི་སེམས་ཉིད་ཡི་གེ་ཨར་བྱིན་གྱིས་བརླབས་ནས་ཞེས་བྱ་ལ་བྱིན་བརླབས་ནས། །ཏིང་འཛིན་གསལ་ཞིང་སེམས་ལས་སུ་རུང་བས་ནི་ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིད་བཞིན་རིན་པོ་ཆེ་ལྟར་འདོད་པ་འབྱུང་བར་སེམས་གསལ་བར་ཤར་བ་དང་རིན་ཆེན་གསལ་བར་ཤར་བ་དང་། །ཨ་དེ་ལས་ཕྱོགས་བཅུར་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ་བ་སྟེ་སྤྲོ་བར་བྱའོ། །མོས་པའི་ཐུགས་ལ་མཉེས་བསམ་ནས། །ཕྱོགས་བཅུ་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་རྒྱལ་བ་རྣམས་


DNG019_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སེམས་ཅན་འཁོར་བ་མྱ་ངན་ལས་འདས་པའི་ཞིང་དུ་སྒྲོལ་བར་མོས་པ་རྣམས་ཀྱི་ཐུགས་ལ་མཆོད་པས་མཉེས་པར་བསམ། འགྲོ་བ་སེམས་ཅན་མ་ལུས་པ་རྣམས་ཀྱི་ཡང་དོན་མ་ལུས་པར་མཛད་པ་རྫོགས་པར་བྱས་ནས། འོད་འདུས་ཐོག་པའི་གཟུགས་ལ་གཟུང་། །འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་པའི་འོད་ཟེར་དེ་དག་སྔར་ཚུར་འདུས་པ་ལས། ཐོག་མའི་ལུས་ངག་ཡིད་གསུམ་ལ་ཕོག་ནས། སྦྱངས་པ་ནི་གཟུགས་ལ་གཟུད་པའོ། །དེ་ཡང་ཡི་གེ་ཨར་གནས་པའི་གཟུགས་ལ་གཟུད་པ་ཁོ་ན་ཐོག་མའི་གཟུགས་མ་ནོར་བ་ཡིན་ནོ། །ཕྱག་མཚན་སྙིང་པོ་ཕྲ་མོ་དག །གོང་གི་རང་རྒྱུད་ཀྱི་ཡི་གེའི་སྟེང་དུ་དཔའ་བོ་འབྲུ་ལྔ་དག་ཕྱག་མཚན་ལྔར་གྱུར། དེ་རྣམས་གཅིག་ཏུ་འདུས་ནས་ཡི་དམ་གང་ཡང་རུང་བའི་ཕྱག་མཚན་སྙིང་པོ་ཕྲ་མོ་དང་། སྐུར་གྱུར་པར་བསམ་པ་དག་གོ། །བརྟན་པར་རེད་ནས་མཁའ་ལ་བཞག །གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་སུ་རྫོགས་པ་རྣམས་བསྟན་པར་རེད་ནས། ཡུམ་ཀུན་ཏུ་བཟང་མོ་མཁའ་དབྱིངས་རྣམ་པར་དག་པ་ལས། དེའི་སེམས་ཧཱུྃ་དུ་གྱུར་པར་བཞག་གོ། །བསྐུལ་བའི་རང་བཞིན་ཀུན་འདུས་པས། །ཧཱུྃ་དེ་ཕྱོགས་བཅུར་འཕྲོས་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ན་བཞུགས་པ་རྣམས། འགྲོ་དོན་ལ་ཐུགས་དམ་བསྐུལ་བ་རྣམས་ཀྱང་འོད་ཀྱི་རང་བཞིན་དུ་ཧཱུཾ་ལ་འདུས་པ་ལས་སྐུར་བསྐྱེད་པར་བྱ་བ་ནི། དེས་ཀྱང་སྤོར་བའི་ལས་རྣམས་བྱེད། །ཧཱུྃ་བཛྲ་དྷྲྀཀ །བཛྲ་སཏྭ་ས་མ་ཡ་ཞེས་པས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་ཀྱི་སྐུ་མངོན་དུ་བསྐྱེད་ནས། རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་ཟླ་བའི་གདན་བཏིང་ལ། དེར་བཞུགས་ཏེ་འོག་ནས་རླུང་གི་དཀྱིལ་འཁོར་དུ་གྱུར་པས་བཏེགས་ནས་མི་གཡོ་བའི་དབྱིངས་འོག་མིན་གནས་སུ་འཕང་ངོ་། །དེ་ལ་སྤྲུལ་པ་འབྱུང་བའི་སྤྱོད་པས་ཕ་རོལ་བོ་སྒྲོལ་ནུས་སོ། །དངོས་ནི་མཆོད་པའི་རྫས་སུ་བསྔོ། །དེའི་ཕུང་པོ་དངོས་ནི་རིན་པོ་ཆེ་ལྟ་བུ་མ་ཆད་པའི་རྫས་སུ་བསྔོ་སྟེ། ཤ་ཁྲག་མཆོད་རྫས་སུ་རོལ་པའོ། །དེ་ཡན་ཆད་ཐུགས་རྗེས་གཞན་བསྒྲལ་བའོ། ༈ །དཔལ་རྡོ་རྗེ་སེམས་དཔས་བམ་སྒྲུབ་བཤད་དེ། ཚེ་འདས་ལ་ཕན་གདགས་པར་བྱ་བའི་དོན་དུ་གསུངས་པའོ། ༈ །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་བམ་གྱི་སྒྲུབ་པ་བཤད། །དངོས་གྲུབ་ཆེན་པོ་བླང་བ་ནི། །ལས་ལ་གྲུབ་པའི་དངོས་གྲུབ་ཅན། །དང་པོར་རབ་ཏུ་ཤེས་པ་ནི་གསུམ་སྟེ། རོའི་རིགས་བརྟག་པ་ནི། རོ་ལ་ལས་ལ་གྲུབ་པའི་དངོས་གྲུབ་ཡོད་པ་སྟེ། རབ་སྐྱེ་བ་བདུན་པ། འབྲིང་རྒྱལ་རིགས་རྗེའུ་རིགས། ཐ་མ་སྐྱེས་པ་གྲིར་ཤི་བའི་རོ་ཡིན་པས་དངོས་གྲུབ་ཡོད་པའོ། །ཤི་ནས་རབ་ཞག་གསུམ་མམ་འབྲིང་བདུན་ནམ་ཐ་མ་


DNG019_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ན་བླང་དེ་ལས་མང་ན་དངོས་གྲུབ་ཡལ་ལོ། །དེ་ནས་རོ་བཙལ་བ་ནི་ཁྲོ་བོ་རོལ་པ་ས་བཙལ་བར་བྱ་བ་སྟེ་རྣམ་པར་རྒྱལ་བ་དང་སྟོབས་པོ་ཆེ་དང་བདུད་རྩི་འཁྱིལ་པར་བསྒོམ་པའི་སློབ་མས་བཙལ་ལོ། །དང་། །ཕྲ་མེན་འབྱོན་ཚུལ་བཙལ་བར་བྱ་ནི་སློབ་མ་རྣམས་མ་མོ་དང་ཕྲ་མེན་དུ་བསྒོམས་ནས་བཙལ་བར་བྱའོ། །གཅན་གཟན་རྒྱལ་པོ་ཤ་མི་འབག་སྔགས་པ་དབང་བསྐུར་ཐོབ་པའི་རོ་མི་བླང་། །སྟག་གཟིག་རོལ་པའི་གདོང་མི་བསྡུ་གཅན་གཟན་གྱི་ཟོས་པའི་འཕྲོའམ་མགོ་དང་སྙིང་མེད་པའི་རོ་མི་བླང་། །རིགས་ངན་སྨེ་ཤ་རིམས་རོ་དང་། མཛེ་ཅན་སྔགས་པ་ནང་དམེའི་རོ་སྤང་བྱས་ནས། །དེ་ལྟར་ཁུང་ནས་དངོས་གྲུབ་བླང་བ་ནི་རོ་ཁུང་ནས་རོ་ཡིད་བཞིན་ནོར་བུར་ཤེས་ནས་བླང་གཤེད་དང་དབྲལ་རྟ་མགྲིན་དུ་བསྒོམས་པས་ཕྱི་ན་འབྲང་བའི་གཤེད་དང་དབྲལ་བ་ནི་རྣམ་པར་རྒྱལ་བར་བསྒོམ་པའི་ཕུར་བ་རོ་ཁུང་དུ་བཏབ་ལ་གཤེད་ཤ་རིད་ལ་སྦྲང་མ་འདུ་བ་ལྟ་བུ་དེ་དབྲལ་གཤིན་རྗེ་གཤེད་དུ་བསྒོམ་པའི་ཕུར་པ་བཏབ་ལ་ལྷན་ཅིག་གནས་པའི་གཤེད་དང་དབྲལ། །ཁུར་བའི་དུས་སུ་གཞལ་ཡས་ཁང་དུ་ཤེས་པ་སྟེ། བྷྲཱུཾ་ལས་རིན་པོ་ཆེའི་རོ་རུ་གཟིགས་ནས་གཞལ་ཡས་ཁང་དུ་བསྐྱེད་ནས་ཕྱི་ནས་ས་བདག་ཐོག་ཏུ་སོང་བ་ཡང་འགལ་བ་མེད་དེ་རིན་པོ་ཆེའི་གཞལ་ཡས་ཁང་ན་མི་གནས་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །རོ་རང་གི་གནས་སུ་སླེབ་པ་དང་སློབ་དཔོན་གྱི་རྣམ་འཇོམས་སམ་རིགས་ཀྱི་ཡུམ་གྱི་གཟུངས་ཆུའི་ཁྲུས་ཀྱིས་བཀྲུ་བར་བྱ་བ་མི་གཙང་བ་གཙང་བར་འགྱུར་བ་དང་མ་མོ་མཁའ་འགྲོ་དགྱེས་པར་འགྱུར་བས་སོ། །དང་། །རིགས་དྲུག་འགྲོ་བའི་གནས་ཀྱང་སྦྱང་། །དེ་ནས་རིགས་དྲུག་གི་མཎྜལ་བྱས་ནས་རིགས་དྲུག་ནས་རིམ་པར་དྲང་བར་བྱ་སྟེ། རིགས་དྲུག་ནས་འདྲེན་པའི་ཆོ་ག་རྒྱས་པར་བྱའོ། །དེ་ནས་རྒྱུ་དྲུག་ས་བོན་སྦྱང་བ་དང་། །ལྷའི་ཨ་དཀར་པོ། ལྷ་མིན་གྱི་སུ་སེར་པོ། མིའི་ནྲྀ་སྔོན་པོ། དུད་འགྲོའི་དུ་དུད་ཀ །ཡི་དྭགས་ཀྱི་པྲེ་དམར་པོ། དམྱལ་བའི་ཏྲི་ནག་པོ་རྣམས་དཔའ་བོ་འབྲུ་ལྔ་དེ་ནས། དུག་ལྔའི་གནས་ལམ་སྦྱངས་ཏེ་གཏི་མུག་ཨོཾ་གྱིས་འདོད་ཆགས་ཨཱཿཞེ་སྡང་ཧཱུྃ་ང་རྒྱལ་སྭཱ་ཕྲག་དོག་ཧཱས་སྦྱངས་དག་པར་བྱ་སྟེ་རིགས་ལྔས་སྦྱང་ངོ་། །ཚེ་འདས་ཀྱི་རྣམ་ཤེས་བར་དོར་འཁྱམས་པ་དེ། །ཁྲོ་བོའི་སྤྲུལ་པས་བཀུག་ལ་རོ་ཉིད་ལ་བསྡིམ་པར་བྱ་སྟེ་ཕོ་ཉས་དགུག་གོ། །རྣམ་པར་ཤེས་པ་དེ་རྟེན་རོ་ལ་དགུག་པ་ཡང་དང་པོ་ནས་འགུགས་པ་དང་ཞག་གསུམ་ན་འགུགས་པ་གཉིས་སོ། །དེ་ནས་ངན་སོང་སྦྱོང་བའི་སྔགས་ཀྱིས་ལས་དང་ཉོན་མོངས་སྒྲིབ་པ་སྦྱང་བའོ་ནང་ཞི་བས་སྦྱང་བ་དང་གསང་བ་ཁྲོ་བོས་


DNG019_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་སྟེ་རྟོག་ཚོགས་ལྷར་བསྒོམ་པའོ། །ཚོགས་ཀྱི་དྲུང་དུ་ཟན་སྐལ་གཏད་ལ་ཡི་དམ་གྱི་ལྷ་གང་ལ་མོས་པ་ངོ་བསྟན་ཏེ་རོ་ཤར་ལྷོ་ནུབ་བྱང་གང་ནས་བླངས་པ་དེའི་རིགས་ཀྱི་དམ་རྫས་ཡིན་པས་ལྷ་ངོ་བསྟན་པའི་ཆོ་ག་ཡང་བྱའོ། །སློབ་མར་ཤེས་པ་ཆས་སུ་གཞུག་པ་དེ་བདུད་རྩི་བྱུག་ཁར་བླུགས་ལ་ཕྲིན་ལས་བཞིའི་བྲོས་སྦྱངས་དཀྱིལ་འཁོར་དུ་བཅུག་པས་ངན་སོང་དུ་མི་འགྲོ་བའི་དབང་བསྐུར་ཡི་དམ་ལྷའི་ཐུགས་ཀར་འཕངས་ཡང་ན་རིག་པ་འོག་མིན་གནས་སུ་ལམ་བསྟན་པའི་ཆོ་ག་བྱའོ། །བྲོས་སྦྱངས་དཀྱིལ་འཁོར་དབང་བསྐུར་བྱ། །རཱུ་ཏྲ་དགྲ་བགེགས་བཀུག་ལ་བསྡིམ། །བམ་བཀྲོད་པའི་དུས་སུ་རོའི་ལྷ་གཤེགས་ལ་འདུལ་བྱེད་ཧེ་རུ་ཀར་གནས་བསྒྱུར། དགྲ་བགེགས་བཀུག་ལ་རོ་ལ་བསྡིམ། འཁོར་ལོས་གཏི་མུག་མགོ་ནས་བཀྲོད། རྡོ་རྗེས་ཞེ་སྡང་སྙིང་། པདྨས་འདོད་ཆགས་ཁ་ནས། རིན་ཆེན་ང་རྒྱལ་ལྟེ་བ་ནས། ཕྲག་དོག་རལ་གྲིས་གསང་གནས་ནས་བཀྲོ་སྟེ་བྲི་ལ་གཟུགས་བྲིས་བཀྲོ་བར་བྱ། ལྷ་གཤེགས་མཚོན་ཆས་གནས་ནས་བཀྲོ། །ལྷ་རུ་ཤེས་པ་དཀྱིལ་འཁོར་དུ། །དཀྱིལ་འཁོར་ཞི་བ་དང་སྦྱར་ན་ཞི་བའི་རྡུལ་ཚོན་དཀྱིལ་འཁོར་བྲིས་ལ་རྫས་དགོད་པ་ནི། རྡོ་རྗེ་སྙིང་རྡོ་རྗེ་སེམས་དཔའ་ནམ་མཁའི་ཁམས་སོ། །ལ་མཁལ་མཁལ་མ་ཆུ་སྟེ་ལུས་འཆུས་པ་བསྲུང་བ་རྣམ་སྣང་བདེ་གཤེགས་སོ། །མ་གཤེགས། །རིན་ཆེན་མཚེར་པ་ས་རིན་འབྱུང་པདྨ་མཆིན་པ་མེ་འོད་དཔག་མེད། །གློ་བ་རླུང་དོན་གྲུབ་ལས་ཀྱི་རིགས་ཏེ་རིགས་རྣམས་ནི། །དཀྱིལ་འཁོར་དག་ཏུ་དབང་པོ་རྣམས་སེམས་དཔའ་སེམས་མའི་དམ་རྫས་སུ་དགོད་པར་བྱ། །རིལ་བུ་བསྒྲུབ་པའི་དུས་ན་རྫས་སོ་སོ་ལྷར་བསྐྱེད་དེ་སྦྱང་བར་བྱའོ། །ཡང་ན་ལྷར་ཤེས་པ་ལ་གཉིས་ཏེ་ཞི་བ་ལ་རིལ་པོར་བསྒྲུབ་པའི་དུས་ན་རྟོགས་ཚོགས་ལྷར་བསྒོམ་པར་བྱ་བ་དང་བསྒྲུབ་ཞི་བ་ཆ་གསེས་ཁྲོ། །དེ་ཡང་ཁྲོ་བོའི་དུས་ན་སྙིང་ནི་བཛྲ་ཧེ་རུ་ཀ་ར་བསྒོམ་པར་བྱ་སྟེ་ཟླ་ཁམ་དབུས་སུ་གཞག་པར་བྱའོ། །ཁྲོ་བོ་ལ་ཆ་གསེས་ས་མཆེར་བ་ལས་གཽ་རཱི་བསྐྱེད་ཆུ་མཁལ་མ་ཙཽ་རཱི་མེ་མཆིན་པ་པྲ་མོ་ཧེ་རླུང་གློ་བ་བེ་ཏཱ་ལཱི་ལ་བསྐྱེད་ཕྱོགས་བཞི་ཁྲོ་ར་གནས་གནས་སུ་བསྡོམས་ཏེ་ལུས་འཆུས་པ་བསྲང་བའོ། །རྣ་བ་གྷསྨ་རཱི་མིག་པུཀྐ་མཱི་སྣ་ཙཎྜ་ལཱི་ལྕེ་སྨ་ཤ་ནཱི་མཚམས་མ་སྟེ། །རྫས་དེ་རྣམས་ལྷར་བསྐྱེད་ལ་ཕྱི་ཤ་རྣམས་ལ་གཏོར་མ་བྱས་ལ་དབུལ་བར་བྱའོ། །གསང་བ་འི་དབང་པོ་ཡུམ་གྱི་ལྷ་ཀྲོ་དྷཱི་ཤྭ་རཱིའི་སྐུར་བསྒོམ་སྟེ། ༈ །ཡང་དག་ལྷ་དགུར་བསྒོམ་པར་ཤེས་པར་བྱའོ། །གཞན་མ་རྣམས་ལ་གཏོར་མ་བྱས་ཏེ་མཆོད་པ་འབུལ་ལོ། །དེ་ལྟར་ངོ་ལྷར་བསྐྱེད་ནས་སྦྱངས་པས་ཚེ་འདས་ཀྱི་ཤེས་པ་ལྷ་དང་གཉིས་སུ་མེད་པར་བསྒྲུབ་པར་བྱའོ། །


DNG019_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལ་དམ་རྫས་འབྱུང་བས་ན། །དམ་རྫས་ཐམས་ཅད་རོ་ལས་གྱུར་པ་ཡིན་ཏེ། གསང་སྔགས་པ་དུར་ཁྲོད་རྫས་སྤྱོད་པའོ། །ཀ་པཱ་ཀླད་པོར་ལ་ནི་དངོས་གྲུབ་སྣོད་ཡིན་པ་དང་སངས་རྒྱས་མཆོད་པའི་ཞལ་བུ་ཡིན་པས་སོ། །མགོ་བོ་ཐོད་པ་འོག་མ་ལ་འཆི་བདག་གཤིན་རྗེའི་གཟུགས་རང་བྱུང་དུ་ཡོད་པས་ན་དེའི་ཁ་རུ་ཞལ་དུ་བསྟབ་ནས་དམ་སྲི་གནན་པར་བྱའོ། །བདུད་རྩི་དྲི་ཆེན་དྲི་ཆུ་བྱང་སེམས་རྒྱུངས་པ་དང་ཁྲག་དང་ཤ་དང་ལྔ་ལ་མཆོད་པའི་རྫས་སོ། །བརླའི་རྐང་ལ་གླིང་བུས་བྱས་པ་ནི་མ་མོ་མཁའ་འགྲོ་བོད་ཅིང་ལག་པའི་རྐང་ལ་མཆོག་གི་ཕུར་པས་བྱས་པ་ནི་ཡུལ་དགྲ་བགེགས་གཉིས་བསྒྲལ་བའི་རྫས་ཡིན་ནོ། །པགས་པ་ཞིང་གི་གཡང་གཞི་ལ་རཀྟའི་ཐིག་ལེ་དགུ་བྱས་པ་ནི་བླ་རེར་དབུབ་ཅིང་རྒྱུས་པ་རྐང་ལ་ལྕག་བྱས་པ་ནི་ཉུ་ལེ་བཟློག །སྒལ་ཚིགས་ལ་དབང་མོ་མཉེས་པའི་སྦྱིན་བསྲེགས་བྱས་ལ་ཐལ་བ་སྐུ་གདུང་དགེ་བར་ཚ་ཚར་གདབ་སྟེ་དགེ་བ་ཕྱི་ལྟར་བཞེངས་པའོ། །དགེ་བའི་རྩ་བ་ནང་ལྟར་བཞེངས་པ་ནི་ཤ་རྣམས་ཀྱིས་དཔལ་ཆེན་འཁོར་བཅས་ལ་མཆོད་པ་བྱའོ། །བདེ་བར་གཤེགས་པ་མཆོད་པར་བྱ། །ཤ་ཁྲག་རུས་པ་མཆོད་པས་རྒྱུ་བསོད་ནམས་ཀྱི་ཚོགས་སེམས་ཉིད་ལྷར་བསྐྱེད་ནས་གནས་སྤར་བས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་སངས་རྒྱས་ཐོབ་འགྱུར། །དེ་ཡན་ཆད་རྡོ་རྗེ་བམ་བསྒྲུབ་པའི་ཆོ་ག་བསྟན་ནོ། །བཅོམ་ལྡན་སྟེང་གི་གནས་མཆོག་འོག་མིན་གནས་ན་བཞུགས་ནས་ན། །ཉོན་མོངས་འཁོར་བའི་སེམས་ཅན་རྣམས་བྱང་ཆུབ་སངས་རྒྱས་ས་ལ་འགོད་མཛད་པའི། །སྒྲོལ་བ་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཐུགས་དམ་སེམས་ཅན་ཚེ་ཟད་པ་ངན་སོང་གསུམ་ནས་འདོན་པར་མཛད་པའི་ཕྲིན་ལས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །དང་པོ་ཕུན་སུམ་ཚོགས་པ་བཞིས་སྒྲུབ་པའི་གཞི་བཟུང་བ་ནི། སྟོན་པ་མཁྱེན་པ་ཕུན་སུམ་ཚོགས་པ་ནི་ཆོས་འདི་ཤེས་པ་དང་། འཁོར་ཕུན་སུམ་ཚོགས་པ་འདིའི་ལས་ལ་མཁས་པ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་རྫས་རྣམས་ཚང་བ་དང་། དུས་ཕུན་སུམ་ཚོགས་པ་ཤི་ནས་ཞག་གསུམ་ལས་མ་ལོན་པ་དང་། དེ་བཞི་དང་ལྡན་པའོ། །དང་པོར་བརྟགས་པའི་གནས་ཆེན་དུ། །བླང་སྦྱང་བྱིན་རླབས་ཀུན་བྱས་ཏེ། །གཉིས་པ་སའི་ཆོ་ག་བྱ་བ་ནི། དང་པོར་ས་བརྟག་པ་ནི་གནས་དབེན་པའམ་ཤི་བའི་གནས་དེ་ཉིད་དུ། ས་སྣང་བ་མི་དང་། མི་སྣང་བ་ས་བདག་ཀླུ་ལ་བསླང་བ་དང་། ས་སྦྱང་བ་དང་། ལས་དང་བྱ་བ་ཏིང་ངེ་འཛིན་གྱིས་སྦྱང་བ་དང་།


DNG019_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ་ནི་འོག་མིན་གནས་སམ་ལྕང་ལོ་ཅན་གྱི་ཕོ་བྲང་ངམ་ལྷ་གནས་ཀྱི་འོག་མིན་ནམ། བདེ་བ་ཅན་ནམ་པདྨ་ཅན་ནམ་གསང་བའི་གནས་སུ་བྱིན་གྱིས་བརླབ་པར་བྱའོ། །གསུམ་པ་མཚམས་བཅད་པ་ནི། འཁོར་བའི་གནས་སུ་ལོག་པར་འདྲེན་པ་བསྐྲད་པའི་ཕྱིར་ན། དཔལ་ཆེན་པོ་ལས་ཁྲོ་བོ་མང་པོའི་སྤྲུལ་པ་བྱུང་ནས་ཕྱོགས་མཚམས་མ་ལུས་པར་ཁྲོ་བོ་བཀྲམ་ནས་ཕྱོགས་སྐྱོང་བཅུ་ལ་སོགས་ཚར་བཅད་དེ་དྲ་བ་དང་ར་བས་བསྲུང་བ་ནི་ཁྲོ་བོ་མང་པོ་བཀྲམ་ནས་ནི། །བགེགས་རྣམས་རྡུལ་བཞིན་བརླགས་ཤིང་ཁྱེར། །བར་བྱེད་པ་སྟེ། སྲུང་བའི་འཁོར་ལོ་མཚམས་བཅད་པའི་མན་ངག་གིས་བགེགས་རྣམས་ཚར་གཅད་པར་བྱའོ། །སྔགས་མཁན་བྱ་བ་ཀུན་བྱས་ཏེ། །སྔགས་མཁན་གྱིས་ཕྱི་ནང་གི་ཁྲུས་བྱས་ནས་སྲི་ཞུའི་མགྲོན་དང་ཡོན་ཏན་གྱི་མགྲོན་དང་ལན་ཆགས་དང་སྙིང་རྗེའི་མགྲོན་ལ་གཏོར་མ་བཏང་བ་སྟེ། གསུམ་པ་ཕྱོགས་སྐྱོང་བཞི་པ་ལན་ཆགས་ཀྱི་གཏོར་མ་བཏང་བ་ནི་ལན་ཆགས་གཏང་བར་བྱ། །བསྐང་སོ་ཚངས་པ་ནོད་ཕྱིར་བོད། །ལྔ་པ་བཤགས་པ་བྱ་བ་ནི། དམ་ཚིག་ཉམས་ཆགས་བསྐང་བའི་ཕྱིར་ན་བཤགས་པ་བྱ། བསྐང་གསོའི་ཆོ་ག་བྱ། དམ་ཚིག་གསོ་ཞིང་ཚངས་པ་ནོད། རྡོ་རྗེའི་གྲལ་དུ་བོད་པའི་ལུང་བྱའོ། །དཀྱིལ་འཁོར་བྲི་བ་ནི་གསུམ་སྟེ། དང་པོར་བླུགས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ནི། དབུས་འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ་དང་ལྕགས་རིར་བཅས་པ་བྲིས་པ་ཁྲོ་བོ་ལྷ་དགུ་དག་གོ། །དཀྱིལ་འཁོར་བརྒྱད་པ་ཚུལ་བཞིན་གཞག །གསང་མཚན་བྲི་བ་ནི་ཤི་བ་དེའི་ཡི་དམ་ལྷ་ཉིད་མ་ནོར་བར་བྱས་ལ་ཤིང་ལ་བྲིས་པ་ལྷོ་སྒོར་གཟུག་མ་ནོར་ལྷ་ནི་བསྙེན་བྱས་ལ། །གསང་མཚན་མ་ཤེས་ན་སློབ་དཔོན་གྱི་སྤྱི་བོར་རྣམ་སྣང་བསྒོམ། མགྲིན་པར་སྣང་མཐའ། སྙིང་གར་མི་བསྐྱོད་པ་ལྟ་བར་རིན་འབྱུང་གསང་བར་དོན་གྲུབ་བསྒོམས་ལ་དེ་ལ་བསྙེན་པ་ཞག་གསུམ་བྱ། ཡང་ན་བརྒྱ་རྩ་བརྒྱད་བྱས་པ་དེར་རོ་བདག་གིས་མེ་ཏོག་འཕངས་ལ། ཤི་བ་དེར་བསྒོམས་ལ་མེ་ཏོག་གང་ལ་ཕོག་པ་ལྷའི་གསང་མཚན་བྲིས་ལ་དཀྱིལ་འཁོར་དུ་དགོད་དོ། །ཆ་མེད་སངས་རྒྱས་ཀུན་ཞུས་ནས། །འཕངས་ལ་བསྒོམ་གཏོར་གང་ཕོག་བྲི། །བུམ་པ་བྱིན་རླབས་བུམ་པ་ཀུན་ཏུ་བཟང་མོར་བྱིན་རླབས། རྫས་ལྷར་བསྒོམ། བུམ་རྫས་དང་རྒྱན་གྱིས་བརྒྱན་ནོ། །བཟང་མོས་བརྒྱན། །རྫས་ལ་དབྱེ་བའི་ལྷ་གཉིས་གཅིག །ལས་ཀྱི་བྱ་བས་བསྐྱེད་ཅིང་དགོད། །དུང་ཕོར་རམ་ཀ་པཱ་ལར་རྫས་དྲི་ཆབ་བླུགས་ལ་ཡེ་ཤེས་ལྷའི་སྔགས་མཇུག་ལ་ངན་སོང་གསུམ་སྦྱོང་བའི་ལས་སྔགས་བཏགས་ཏེ་བཟླས། ཁྲོ་བོས་ཚེ་འདས་དགུག །ཞི་བ་བུམ་པའི་ལྷས་སྒྲིབ་པ་སྦྱོང་བར་བསམས་ཏེ། བུམ་པར་ཆུ་བླུགས་པས་ལྷ་གཉིས་དོན་གཅིག་པར་བྱ་ཞིང་བུམ་པ་ལྷར་བསྐྱེད་ཅིང་དཀྱིལ་འཁོར་


DNG019_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དགོད་དོ། །འོག་མིན་གྱི་གནས་སངས་རྒྱས་ཞི་བའི་སྐུ་མཐོང་བར་བྱ་བའི་ཕྱིར་ན་དཀྱིལ་འཁོར་གྱི་རྒྱན་མདའི་ར་བའི་སྟེང་དུ་རས་བྲིས་དྲེ་བ་ནི་མཐོང་ཕྱིར་རྒྱན་དུ་དྲེ་བ་ནི། །རས་ལ་ཞི་བའི་དཀྱིལ་འཁོར་བྲིས་ལྷའི་སྔགས་གནས་གནས་སུ་བཀོད་ལ་གཟུགས་བརྙན་རྡུལ་ཚོན་གྱི་སྟེང་ནས་ཁ་ཐུར་དུ་སྦུབ་ལ་དགབ་བོ། །རི་མོ་བྲིས་པའི་གཞལ་མེད་ཁང་། །དར་གྱི་ལྗིང་བུ་ལ་སོགས་དྲེ། །གནས་སྦར་བ་ཆོས་སྐུའི་དཀྱིལ་འཁོར་དར་ལ་ཡི་གེ་ཨ་བྲིས་ལ་ཞི་བའི་དཀྱིལ་འཁོར་སྟེང་དུ་ལྡིང་བུར་གདུང་ལ་འཕྱང་དུ་གཞུག་གོ། །ཏིང་ངེའི་དཀྱིལ་འཁོར་གསལ་བར་རྫོགས་པ་དང་བྱིན་ཕབ་ལ་རྫས་རྣམས་ལ་ཡེ་ཤེས་ཀྱི་བྱིན་བརླབ་བསྡིམ་མཆོད་རྫས་དང་ཁྱད་པར་དུ་བྱས་ལ། །དམ་ཚིག་དང་ཐུགས་རྗེས་ཡེ་ཤེས་ཀྱི་ལྷ་བཀུག་ལ་དམ་ཚིག་ལྷའི་སྒྲིབ་པ་དྲལ་ཡེ་ཤེས་ལྷ་བསྡིམ་པ་ལ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒྲུབ་པར་བྱའོ། །དེ་ནས་རྡུལ་ཚོན་དང་ཁྲོ་བོ་བསྒྲུབ་པ་དང་མཆོད་པ་དང་འཕགས་པའི་ཚོགས། །ལུང་བཞིན་ལས་རྣམས་མཐར་ཕྱིན་བྱ། །ལས་ཀྱི་བུམ་ཆུ་བསྒྲུབ་པ་དང་ཆོས་སྐུ་ཨའི་ལྗིང་བུ་བལྟ་བས་བསྒྲུབ་པ་བྱ་སྔགས་ཀྱི་སྟོང་ཚིག་མཆོད་པ་དང་འཕགས་པའི་ཚོགས་མཆོད་པ་ལུང་འདིའི་ཡན་མན་ནས་འབྱུང་བ་ལྟར་མཐར་ཕྱིན་པར་བྱའོ། །སྐུ་བསྒོམ་པ་དང་ངག་དབྱངས་དང་མཆོད་པ་དང་བསྟོད་བསྐུལ་གྱི་ཐུན་བར་རྣམས་སུ་ཚེ་འདས་དེ་ལམ་ནས་ནི། །རྒྱུད་ལྔའི་ལམ་ནས་འཁྱམས་པ་དེ་ཁྲོ་བོས་བཙལ་སྤྲུལ་པས་དྲག་ཏུ་དགུག་སྟེ་མངལ་ན་གནས་ན་དྲལ་ནས་ཡོང་། སྒོ་ང་ན་གནས་ན་བཅག་ནས་ཡང་བར་དོ་ནས་དྲང་བར་བྱའོ། །དེ་ནས་རྒྱལ་བའི་སྲས་སུ་གྱུར་པར་ལམ་ཡང་ནས་ཡང་དུ་བསྟན་ཡང་དང་ཡང་། །རྒྱུད་དྲུག་ལམ་ནས་རིགས་དྲུག་གི་དཀྱིལ་འཁོར་ལྷོར་བྲིས་ལ་རིགས་དྲུག་ནས་ཕོ་ཉས་དྲག་ཏུ་དགུག་དྲག་པོར་དགུག །གསལ་བས་ཐུགས་རྗེའི་སེམས་ལ་གཟུད། །གཤིན་གྱི་ལུས་སུ་གསལ་བར་བྱས་ལ་ཡེ་ཤེས་ལྷའི་ཐུགས་རྗེས་སེམས་ཉིད་མཚན་བྱང་ལ་གཟུད་དོ། །ལྟ་བས་བསྒྲལ་དུ་མེད་ལུང་དབོག །ལྟ་བས་ཐག་བཅད་པ་ནི་སེམས་ཉིད་སྐྱེ་ཤི་མེད་པ་ལ་ཡང་དག་པར་བསྒྲལ་དུ་མེད་པར་བལྟ་བས་ལུང་དབོག་གོ། །སངས་རྒྱས་གང་ཡིན་ཡི་དམ་ལྷའི་སྲས་སུ་ལུང་གསང་མཚན་གིས་བསྐྱེད། །ཏིང་ངེ་འཛིན་གྱི་ལྷ་དེ་རང་གིས་བསྒྲལ་བར་བྱས་ལ། ཙིཏྟ་ལ་ནི་ལྷན་ནེ་བོས། །བསྒྲལ་བའི་སྙིང་ལ་ལྷ་དེ་ཉིད་བསྡིམ་པ་ཡི་དམ་ལྷ་དང་གཉིས་སུ་མེད་པར་བྱས་ལ། རང་ཉིད་ཁྲོ་བོའི་ཕྱག་ཏུ་ཐབས་དང་ཤེས་རབ་ཀྱི་མདའ་


DNG019_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་ཐོགས་ལ་སྙིང་གི་སྲས་སུ་བསྐྱེད་པའི་ལྷ་མདེའུའི་རྩེས་བླངས་ལ་མ་གོས་པའི། །གྲུ་གསུམ་རྣམ་ཐར་སྒོ་གསུམ་དུ་གཞུག་པ་དེ་བླངས་ཏེ་ཆོ་ག་དང་སྔགས་དང་ཕྱག་རྒྱས་འོག་མིན་དུ་འཕང་ངོ་། །པས་ནི་བསྒྲལ་བར་བྱ། །ལུང་བཅས་སྔགས་དང་ཕྱག་རྒྱ་ཡི། །སེམས་ཉིད་སངས་རྒྱས་ཀྱི་སྲས་དེ་འོག་མིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བའི་སྲས་སུ་འཕངས་ལ་བཏང་ངོ་། །གནས་སུ་ཕཊ་ཀྱིས་འཕང་། །བོ་དྷི་ཙིཏྟ་ལ་སོགས་དབང་། །གྲལ་བཀོད་ལོངས་སྤྱོད་སྨོན་ལམ་བསྐུལ། །སྲས་དེ་ཡང་སླར་མཚན་བྱང་ལ་ཕབ་ནས། གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་གསང་སྔགས་རྡོ་རྗེའི་གྲལ་དུ་བཀོད་ལ་ཚོགས་ཀྱི་ལོངས་སྤྱོད་དྲངས་ལ་སྒྲུབ་པ་བྱེད་ཅིང་སེམས་དོན་མཛད་པར་སྨོན་ལམ་གདབ། འགྲོ་དོན་ལ་བསྐུལ་བར་བྱའོ། །སྦྱིན་བསྲེག་བྱ་བའི་དགོས་པ་ལས་ཀྱི་བག་ཆགས་གཏན་སྦྱང་ཕྱིར། །ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཏིང་འཛིན་ལ། །ཚད་མེད་བཞིའི་ཐུགས་རྗེའི་སངས་རྒྱས་ཀྱི་སྐུ་བཞུགས་ནས། །རང་བྱུང་ཡེ་ཤེས་ཀྱི་མེ་ཡིས་ཉོན་མོངས་པའི་བག་ཆགས་བསྲེག་མཛད་ཕྱིར་ན་སྦྱིན་བསྲེག་བྱ་བ་སྟེ། །མཐའ་དབུས་མེད་པའི་དཀྱིལ་འཁོར་ནི་ཆོས་ཀྱི་དབྱིངས་ཉིད་གྲུ་གསུམ་ཟླ་ཁམ་མུ་ཁྱུད་འཁོར་ལོ་རྩིབས་བརྒྱད་པ་གྲུ་ཆད་སྒོ་དང་བཅས་པའོ། །གཞལ་ཡས་ཁང་། །རིམ་པའི་སྣོད་དང་དཀྱིལ་འཁོར་གྱི་རྒྱན་དང་རལ་གྲི་རྣོན་པོ་དང་རྒྱལ་མཚན་དྲེ་དང་བ་དན་དང་མདའ་དང་དར་ལ་སོགས་པས། །དཀྱིལ་འཁོར་ནི་སྒྲིབ་པ་གཅོད་པའི་འཁོར་ལོ་རྩིབས་བརྒྱད་ནང་དུ། །ཞལ་ཉིད་ཧོམ་ཁུང་འབར་བ་རུ། །ལྟེ་བ་གྲུ་གསུམ་བྲུས་པ་ཉིད་ཁྲོ་བོའི་བསྲེག་ཁང་ན། སྦྱིན་སྲེག་གི་ཡམ་ཤིང་སྤུངས་པ་ཉིད། ལྷ་རྣམས་ཡམ་ཤིང་ཉིད་དུ་སྤུངས། །མཆོད་རྫས་དངོས་དང་ཚོགས་ཀྱི་ཡོ་བྱད་མཆོད་པ་འབུལ་བའི་ཕྱིར་དགྲམ། །འཁོར་བའི་བཤལ་ཐག་བྱེད་པ་ཡི་བགེགས་རྣམས་སྟངས་སྟབས་ཀྱིས་མཚམས་གཅད་པར་བྱ་བ་དང་། །མཆོད་རྫས་དང་དཀྱིལ་འཁོར་རྒྱན་བཀོད་པ་རྣམས་བྱིན་གྱིས་བརླབས་ཏེ། །སྲེག་ཁང་གཞལ་ཡས་ཁང་དུ་རྫོགས་པའི་བྱས་ལ་ལུང་གིས་བསྐུལ་ཏེ་ལྷ་བསྐྱེད་པ་དང་ཡམ་ཤིང་ལྷར་བསྐྱེད་ལ་ཡམ་ཤིང་ཡང་ཡང་བསྣན་བྱས་ལ། །མཆོད་རྫས་དང་བསྲེག་རྫས་ལྷོ་ཉིད་དུ་འབུལ་བ་འམ་ཚེ་འདས་དངོས་ཀྱི་ལྷ་ལ་འབུལ་བར་བསམས་ལ། །དེ་མཐུན་པའི་ལྷ་ཚེ་འདས་ཀྱི་ཡི་དམ་གང་ཡིན་པའི་ལྷའི་དཀྱིལ་འཁོར་ལ་བཀྲམ་སྟེ་དབུལ་བར་བྱས་ནས། །ད་ནི་ལས་ཀྱི་རིམ་པ་སྦྱིན་བསྲེག་བྱ་བ་ནི་ཏིང་འཛིན་བསྐྱེད་པའི་རིམ་བཞིན་


DNG019_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་། །ཕྲིན་ལས་ལ་འཇུག་པའི་ཚུལ་ནི་སྔ་མ་གོང་དུ་སྒྲོལ་བའི་ཆོ་ག་བཞིན། །མེ་ལོང་ལ་མཚན་བྱང་ཁྲུས་བྱས་ཡང་ན་དངོས་སུ་བྱ། ཡང་ན་ལྷ་ལ་མེ་ལོང་ལ་སྐུ་ཁྲུས་གསོལ་མཚན་བྱང་དངོས་སུ་བསྐྱེད་ལས་དང་སྦྱར་བའི་དབང་བསྐུར་སྨོན་བཏབ་ནས། །དེ་ནས་དུར་ཁྲོད་ཀྱི་ཤིང་ལས་བྱས་པའི་ཡམ་ཤིང་མེ་སྤར་ཏེ། །བསྲེག་རྫས་རྣམས་ལ་བར་ཆད་འབྱུང་བས་ནའམ་ཡང་ན། ལས་ཀྱི་སྒྲིབ་པ་ངན་པས་བར་དུ་གཅོད་པའམ་བགེགས་ལ་ཡང་མཚམས་བཅད་ལ། །བསྲེག་ཁང་གི་ལྷ་དང་གསལ་གདབ་པ་རྫོགས་པར་བྱ་རང་བཞིན་པ་སྤྱན་དྲངས་བསྡིམ་ལ་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་བརྟན་པ་གལ་ཆེའོ། །མཆོད་རྫས་བུམ་རིལ་དུ་ཅིག་ཅར་བར་བསྲེག་ཁང་དུ་བཞག་ལ་འབུལ་ལུགས་རིམ་གྱིས་མཆོད་པ་ནི་གཉིས་འབུལ་ལོ། །ལྷ་སོ་སོའི་བསྲེག་རྫས་ལ་མཚན་བྱང་དུ་བྲིས་ལ་འབུལ་བའོ། །བསྲེགས་རྫས་དང་མིང་བྱང་བྲིས་ལ་དབུལ་ཏེ་སོ་སོའི་ཐ་དད་པ་ལུང་མཐུན་རྫས་གང་འབྱོར་པས་རྣམས་འབུལ། །རྫས་ཀྱིས་སྒྲིབ་གཅོད་ཉུང་དཀར་གྱིས་སྒྲིབ་པ་རྒྱུན་བཅད། ལྷ་སོ་སོའི་སྔགས་ཀྱིས་སྒྲིབ་པ་བཅད། ལྷ་སོ་སོའི་ཞབས་དྲུང་དུ་སྐྱེ་བའི་སྨོན་ལམ་གདབ་པར་བྱའོ། །དེ་ཡན་ཆད་གཞུང་དོན་ནོ། །ཚོགས་མཆོད་བྱས་ལ་ཚོགས་ཟན་གཤིན་པ་ཟས་སྐལ་དུ་གཏད་པའི་ཕྱིར་ན་རྡོ་རྗེའི་གྲལ་དུ་བོད་གདུང་བ་ནི། །ལུང་ཨ་ནུའི་ལམ་འཕར་ནས་ཐར་པའི་ཕྱིར་ན་རྫོགས་པ་ཆེན་པོའི་ཚིག་གིས་བསྐུལ་ནས་མཐར་ཆོས་སྐུ་སྐྱེ་བ་མེད་ཅིང་དྲི་མ་མེད་པ་ལ་ཕྱིན་པར་སྨོན་ལམ་བཏབ་ཕྱུང་ལ། །ལྷག་མ་གཏོར་མ་ཆ་གསུམ་ལ་ཆ་གཅིག་ལ་བཤགས་སྦྱང་བ་བྱ་ཆ་གཅིག་སྨོན་ལམ་གདབ་ཅིང་གཏེར་དུ་སྦ་དམོད་བཅོལ་ཆ་གཅིག་མཁའ་འགྲོ་མ་བསྐྱང་། །གཏང་རག་གསོལ་ཞིང་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་ཕྱིར་གཏེར་དུ་སྦ། །སེམས་ཅན་ཀྱི་དོན་དུ་བསོད་ནམས་སྤེལ་སྨོན་ལམ་གདབ་ཅིང་སློབ་མ་རྣམས་ཀྱི་ཚེ་བྱིན་བསྲུང་། །དམ་ཚིག་གི་དཀྱིལ་འཁོར་བསྡུ་ཞིང་རུ་ལུའི་བརྟག་པ་ལྟར་ལུས་བསྲུང་གོ་བགོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལས་ཀྱི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་བསྔོ་བ་བྱ། །དུས་གནས་ཐར་པའི་གང་ཟག་དང་བདག་དང་སློབ་མ་རྣམས་གསུམ་དུ་མི་འབྲལ་བར་འགྲོགས་པའི་སྨོན་ལམ་གདབ། །དེ་ལྟར་དུ་གདུང་དང་རྫས་རྟགས་བསྡུས་ནས་ཀྱང་། །རུས་པ་དང་ཐལ་བ་བརྟགས་ལ། གདུང་བྱུང་ན་རྒྱལ་མཚན་གྱི་རྩེར་མོ་བཏགས་ལ་མཆོད་པ་དང་བསྟོད་ལ། །རུས་པའམ་ཐལ་


DNG019_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཚ་ཚ་བཏབ་ལ་ལྷའི་སྐུ་ཕྱག་རྒྱ་བྱས་པ་འགྲོ་དོན་བསྐུལ་བར་བྱའོ། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་ཆེན་པོའི་གལ་པོ་ལས། བསྒྲལ་བར་བྱ་བའི་བརྟག་པ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོས། འཁོར་འདས་ཀྱི་ཆོས་མ་ལུས་པ་ལ་ལོངས་སྤྱོད་པས་ནའོ། །རྒྱལ་པོ་སྦྱིན་པའི་རྒྱལ་སྲིད་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་ལ་ཞུགས་ནས་རིམ་པར་བགྲོད་པ་འདི་གསུངས་སོ། །དཔེར་ན་རྒྱལ་པོ་རྒྱལ་སར་བཏོན་ནས་རྒྱལ་སྲིད་ལ་གཉེར་གཏད་པས་རིན་པོ་ཆེ་སྣ་བདུན་ལ་ལོངས་སྤྱོད་པ་ལྟར་སློབ་མ་ཡང་བླ་མས་གདན་སར་འདོན་པར་དབང་བསྐུར་བ་མངའ་གསོལ་ལོ། །སྤྱིར་དབང་ལ་བསྐུར་ལུགས་གཉིས་ཏེ་བསྒྲུབ་དབང་དང་བསྐུར་བ་དང་། དབང་ཞུ་བའོ། །དང་པོ་ནི། བླ་མ་དང་མཆེད་ཀུན་གྱིས་བསྒྲུབས་ནས་གྲུབ་པའི་ནུབ་ཐ་མ་ལ་དབང་བསྐུར་བ་དང་དངོས་གྲུབ་ལེན་པའོ། །གཉིས་པ་ནི་ཞག་གསུམ་སྟེ། དང་པོས་ཆོག་བར་མ་ལྟ་གོན་ཐ་མ་དབང་བསྐུར་རོ། །རྟོགས་པའི་བློ་ཅན་དེ་དག་གིས། །བླ་མ་མཉེས་པར་བྱ་བའི་དོན་དུ། ཤེས་རབ་ཀྱིས་མཉེས་ཏེ། རྟོགས་པའི་བློ་ཆེ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་སེམས་ལ་དང་བ་བསྐྱེད་པར་འགྱུར་བའོ། །དེས་དབང་ཐམས་ཅད་ཀྱི་གཞི་མ་ལྟ་བུར་གྱུར་པས་དང་པོར་གཅེས་པ་ཡིན་ནོ། །འབྲིང་གིས་ནི་རང་གི་སྲོག་ནཱ་མ་ལ་ཕུལ་ནས་བླ་མའི་བྱ་བ་མ་ལུས་པར་བྱས་ནས། ཐ་མར་རིན་ཅི་རིགས་པས་བླུས་ནས་འབུལ་བའོ། །ཐ་མ་རྫས་ཀྱིས་མཉེས་ཏེ་བླ་མ་ལ་རྫས་ཀྱི་རྣམ་པ་ལྕི་བ་རིན་པོ་ཆེ་དང་ཡང་བ་རིན་པོ་ཆེ་ལ་སོགས་ཏེ། རྟ་དང་གླང་པོ་ལ་སོགས་པའོ། །སྲོག་ལུས་མན་ཆད་རྫས་ཀྱི་རྣམ། །དེར་ཡང་མ་ཟད་སྟེ་རང་གི་རྒྱལ་སྲིད་དང་། བུ་དང་ཆུང་མ་ནོར་གྱི་རྒྱན་དང་། ནོར་གྱི་དབྱིག་རང་ལ་གཅེས་པ་དང་། བླ་མའི་ཐུགས་དང་འཐད་པ་རྣམས་དབུལ་བའོ། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །ད་ལྟར་བླ་མ་དེ་ཡང་རབ་ཤེས་རབ་ཀྱིས་མཉེས་པར་བྱ་སྟེ། ཤེས་རབ་ཅན་ཆོས་མ་ལུས་པ་ཤེས་པས། སེམས་ཅན་མ་ལུས་པའི་བླ་མར་འགྱུར་བས་ཤེས་རབ་གཙོ་ཆེ་བ་དང་། འབྲིང་རང་ལུས་ཀྱི་མཉེས་པར་བྱ་སྟེ་བླ་མའི་བྱ་བ་མ་ལུས་པར་འགྲུབ་པར་བྱ་བ་དང་། བླ་མ་ནོར་རྫས་ཀྱིས་མཉེས་ཏེ་རང་ལ་གཅེས་པ་དང་། བླ་མའི་ཐུགས་དང་འཐད་པ་རྣམས་དངུལ་ལོ། །དངོས་གྲུབ་འདོད་པར་གསོལ་བ་གདབ། །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་ཡིན་པས་དབང་ཞུ་བ་ཡང་ཆོས་སྒོ་དབང་གིས་འབྱེད་པ་ཡིན་ལ། དབང་སྒོ་ཡོན་གྱིས་འབྱེད་པ་ཡིན་པས་ཡོན་ཕུལ་རང་དབང་གང་འདོད་པ་དེ་ལ་གསོལ་བ་གདབ་བོ། །ཤར་ནས་རྡོ་རྗེ་ཤུགས་ཀྱིས་འདེགས། །དང་པོར་རྣལ་འབྱོར་དབང་ཕྱུག་འཇུག །དཔལ་དང་ལྡན་པའི་བྷནྡྷ་མཆོག །


DNG019_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསང་བའི་ལྕང་ལོ་ཅན། །བདུད་རྩིས་བཀང་བ་ཚེ་མཆོག་སྟེ། །ཐམས་ཅད་དབང་གི་རང་བཞིན་ལ། །བདག་ཉིད་དབུས་སུ་འདུག་ནས་ནི། །རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ཕྱི་མའི་དུས་ལ་མི་གཞེས་པར། །ད་ལྟ་ཉིད་དུ་བདག་ལ་སྩོལ། །དཀྱིལ་འཁོར་ཡི་དམ་ལྷ་མཆོད་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དེ་ནས་སློབ་མར་གསོལ་བ་གདབ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བང་རིམ་གསུམ་པ་དག་ལ་སྟེགས་བཅས་ཤིང་། །ཟླ་ཁམ་དམར་པོའི་སྟེང་དུ་དབང་ནོད་མ། །མར་མེ་དགུ་པ་དག་གིས་མདངས་ཕྱུངས་ནས། །བྷནྡྷ་མཚན་ལྡན་དག་ལ་ཐ་ཚིག་བསྒོ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །བདག་ཅག་སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ། །ཞེས་བརྗོད་གར་གྱི་བྲོ་ཡིས་བསྐོར། །དུར་ཁྲོད་གསང་བ་མཆོག་གི་བདག་པོ་ནི། །ཡེ་ཤེས་སྐུ་མཆོག་རྫོགས་པའི་དཀྱིལ་འཁོར་ལ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །གཉིས་མེད་རིག་པའི་དབྱིངས་སུ་ཐིམ་ནས་ཀྱང་། །བདག་ལུས་བེམ་པོ་དུས་འདིར་སྦྱང་བ་དང་། །དཔལ་ཆེན་སྐུར་གྱུར་དངོས་གྲུབ་སྩལ་དུ་གསོལ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དུར་ཁྲོད་རྫས་ཀྱི་མེ་ཏོག་ཁོར་ནས་ཀྱང་། །སྐལ་ལྡན་རྣལ་འབྱོར་འདི་རུ་འདུས་པ་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དུར་ཁྲོད་རྫས་ཀྱི་མེ་ཏོག་འདི་དོར་བས། །སྔོན་ཚེ་བསྒྲུབས་པའི་ལྷ་ནི་གང་ཡིན་པའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེའི་ལམ་ནས་དྲངས་ནས་ཀྱང་། །གཞུང་བཞིན་བསྒྲུབ་པའི་རྣལ་འབྱོར་ཁྱེད་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན་པར་བྱ། །ཞེས་བརྗོད་དབང་རིམ་སྟེང་དུ་བཞག །དང་པོ་དཀྱིལ་འཁོར་བྱ་བ་བསྟན་ནོ། །དེ་ཡང་བླ་མ་དབུས་སུ་བཞུགས་ལ་སློབ་མ་ཕྱོགས་ཕྱོགས་ནས་ཕྱོགས་བཞིར་


DNG019_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ནས་ཕྱོགས་རྫས་སུ་དབང་བསྐུར་བར་བྱའོ། །དབུས་སུ་བྱང་སེམས་མཎྜལ་བྱ། །ཤར་དུ་དྲི་ཆེན་མཎྜལ་ཟླུམ། །ལྷོ་རུ་ཤ་ཆེན་གྲུ་བཞི་ཉིད། །ནུབ་ཏུ་རཀྟ་ཟླ་ཁམ་ལ། །བྱང་དུ་དྲི་ཆུ་གྲུ་གསུམ་བྱ། །སློབ་དཔོན་དེ་ཡང་སློབ་དཔོན་ཉིད་བལ་གྱི་འབོལ་སྟན་ནམ། ཉི་ཟླ་པདྨའམ། གཟུངས་མ་མཚན་ལྡན་ལ་བཞུགས་པའོ། །དགོས་པ་ནི། སྟན་བདེ་ན་ལུས་བདེ་དེས་སེམས་བདེ། དེས་ན་སྒོ་གསུམ་གྱི་གྲུབ་པའི་མཐའ་གཅིག་པའོ། །ཇི་བཞིན་སྟན་བདེར་གནས། །ཀྲི་ཡ་བས་ཕྱག་ན་རྡོ་རྗེའི་ཚུལ་དུ་དབང་བསྐུར་བ་དང་། ཡོ་ག་པས་འཁོར་ལོས་སྒྱུར་བའི་ཚུལ་དུ་དབང་བསྐུར་བ་དང་། གསང་སྔགས་ནང་པ་ཐབས་ཀྱི་རྡོ་རྗེ་ཐེག་པ་རྡོ་རྗེའི་ཚུལ་དུ་དབང་བསྐུར་བ་དང་གསུམ་ལས་འདི་ནི་ཕྱི་མའོ། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ཆོས་དབྱིངས་ཡུམ་གྱི་བུམ་པ་ན། །རྫས་བུམ་པ། ལྷ་སངས་རྒྱས་ཀུན་འོད་དུ་ཞུ་བ། བསྐུར་གནས་དབུའི་སྟེང་། བསྡིམ་གནས་ལུས་སྤྱིར་བསྡིམ། ནུས་པ་བག་ཆགས་ལ་འདུས་པ་འཁྲུ་བར་བྱེད་དོ། །རྒྱལ་བའི་དཀྱིལ་འཁོར་ཕོ་བྲང་བཞུགས། །གཉིས་མེད་བྱང་ཆུབ་སེམས་བརྟགས་ཆུས། །སྤྱི་ནས་བསྡིམ་ཞིང་དབང་བསྐུར་བས། །ལུས་ལ་སངས་རྒྱས་གཏམས་པར་ཤོག །ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ། སངས་རྒྱས་ཀུན་གྱི་རིན་ཆེན་ཆེ། །རྫས་དབུ་རྒྱན། བསྐུར་གནས་མགོ། བསྡིམ་གནས་ཀུན་གཞི། ནུས་པ་རིགས་ལྔ་དང་ཡེ་ཤེས་ལྔའོ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སྭ་མཾ་ཏྲཱཾ་ཏྲཱཾ་ཏྲཱཾ། རྫས་དབུ་རྒྱན་དང་བསྐུར་གནས་དབུ་རྒྱན་ལ་དར་སྣ་ལྔའི་ཅོད་པན་བཅིངས་ནས་དབུལ། བསྡིམ་གནས་ཀུན་གཞི་ནུས་པ་ཡེ་ཤེས་ལྔའོ། །དབུ་རྒྱན་མི་འགྱུར་མངའ་བརྙེས་པས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་རཏྣ་མུ་ཀུ་ཊ་ཨ་བྷི་ཥེ་ཀ་ཧཱུྃ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །རྫས་རྡོ་རྗེ་དྲིལ་བུ། སྐུར་གནས་ལག་པ། ལྷ་མེད་དེ་དབྱིངས་ཡེ་ཤེས་ཀྱི་ཕྱག་མཚན་གྱི་དབང་། རུས་པ་དབྱིངས་ཡེ་ཤེས་རྟོགས་པའོ། །རྟོགས་དང་ཡེ་ཤེས་གཉིས་མེད་པས། །ཐུགས་མཆོག་རྟོགས་པའི་རིག་པའི་དབང་། །མྱ་ངན་འདས་པའི་ཆོས་ལ་སྤྱོད། །ཐབས་ལ་མཁས་པས་སྤྲུལ་པའི་སྲས། །ཚོགས་གཉིས་རྫོགས་པར་དབང་


DNG019_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ། །ཉོན་མོངས་འཇོམས་པའི་རྡོ་རྗེ་དང་། །རྫས་རྡོ་རྗེ་དྲིལ་བུ་གོང་མ་ཉིད་གནས་ལག་པ་གཡས་གཡོན་ནམ་རྡོ་རྗེ་ལྟག་ཁུང་། དྲིལ་བུ་རྣ་སྟག་གཡོན་དུ་བསྐུར། རྡོ་རྗེ་སྣང་བ་མཐའ་ཡས། དྲིལ་བུ་དོན་གྲུབ་བོ། །རིག་པའི་དབང་ལྔ་ནི། བུམ་པ་མི་བསྐྱོད་པ། ཅོད་པན་རིན་འབྱུང་། རྡོ་རྗེ་སྣང་མཐའ། དྲིལ་བུ་དོན་གྲུབ། མིང་རྣམ་སྣང་ངོ་། །ཆོས་སྒྲ་སྒྲོགས་པའི་དྲིལ་བུ་ཡིས། །དེ་རིང་ཁྱེད་ལ་དབང་བསྐུར་བས། །ཐབས་དང་ཤེས་རབ་འདྲེལ་བར་ཤོག །ཨཱོཾ་པྲཛྙཱ་ས་མ་ཡོ་ག་བཛྲ་སིདྡྷི་གྷཎྜ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐུ་གསུང་ཐུགས་བྱིན་གྱིས་རླབས་པའི་དབང་བསྟན། རྫས་ཨོཾ་ཨཱཿཧཱུྃ་བྲིས་པ། ལྷ་རྣམ་སྣང་སྣང་མཐའ་མི་བསྐྱོད་པ་གནས་སྤྱི་མགྲིན་སྙིང་ག་བསྡིམ་གནས་ལུས་ངག་ཡིད་ལ། ནུས་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་མི་ཟད་རྒྱན་གྱི་འཁོར་ལོར་གྱུར་ཏོ། །དཔལ་ལྡན་རྡོ་རྗེས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། །ཨཱོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཱཾ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཨཱོཾ་བཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱཿ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཨཱོཾ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །སྐུ་གསུམ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་གསུང་ཐུགས་སུ་མཛད་དུ་གསོལ། །བཻ་རོ་ཙ་ན་ཨཱོཾ། ཨ་མི་དེ་བ་ཧྲཱྀཿ། བཛྲ་སཏྭ་ཧཱུྃ། འདི་ནི་རིན་ཆེན་ཕྲེང་བ་སྟེ། །རྫས་ནས་ཀྱི་ཕྲེང་བ། ལྷ་བཛྲ་ཧེ་རུ་ཀ །གནས་མགོ། བསྡིམ་པ་ཀུན་གཞི། མཚུངས་ལྡན་ཨ་བ་དྷཱུ་ཏཱིའི་རྩ་མདུད། ནུས་པ་གཟུངས་དང་ཏིང་ངེ་འཛིན། རིན་ཆེན་རྒྱུ་ལས་བྱས་པ་ཡི། །བྱང་ཆུབ་ཡན་ལག་ཕྲེང་བ་སྟེ། །འཕགས་མཆོད་འགྲོ་དོན་བྱེད་པ་ལ། །བསམ་པ་ཡིད་བཞིན་སྒྲུབ་པ་དང་། །བར་ཆད་མེད་པར་དབང་བསྐུར་རོ། །ཨཱོཾ་བཛྲ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཨ། མཚན་མའི་སྤྲོས་བྲལ་


DNG019_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡྷའི་རྫས་མཆོག་འདི། །རྫས་བྷནྡྷ་དཔལ་ཆེན་པོ་འཁོར་དང་བཅས་པ། གནས་པུས་ལ་ལྷ་བཀོད་པའི་དུས་སུ། བསྡིམ་གནས་རྣམ་ཤེས་ཚོགས་བརྒྱད། ནུས་པའི་མཐུ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དབྱེར་མེད་པར་ཐོབ། སྔོན་གྱི་སྐྱེས་མཆོག་བསྒྲུབ་པའི་རྫས་མཆོག་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དཔལ་ཆེན་སྐུ་གསུང་དངོས་གྲུབ་ཐོབ་པར་ཤོག །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། བཛྲ་ཀ་པཱ་ལ། དྷརྨ་ཀཱ་ཡ། ནིརྨ་ཎ་ཀཱ་ཡ། སམ་བྷོ་གཱ་ཀཱ་ཡ། ཨ་བྷི་ཥིཉྩ་ཨ། བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །རྫས་དར་དམར་པོ་དང་མཐིང་ག །གནས་མགོ། མཚུངས་ལྡན་ལ་ལ་ནཱ་དང་རས་ནཱ། ལྷ་རྡོ་རྗེ་སེམས་དཔའ་དང་སྣང་མཐའ། བསྡིམ་གནས་ཀུན་གཞི། ནུས་པ་ཆོས་ཀྱི་རྒྱལ་སྲིད་ཐོབ་པའོ། །ཡེ་ཤེས་ལྔ་ལྡན་ཅོད་པན་འདི། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ཨོཾ་བཛྲ་ཕཊ་ལཾ་བ་ན་ཨ་བྷི་ཥིཉྩ་ཧྲཱྀཿ། རྫས་དྲི་ཆེན་བུ་རམ་ལ་རུ་ལུ་བྱས་པ། བསྐུར་གནས་ལྕེ། ལྷ་རྣམ་སྣང་དུ་རབ་གནས་བྱས་པ། བསྡིམ་གནས་གཟུགས། ནུས་པ་ཆོས་ཀྱི་དབྱིངས་སོ། །བདེ་བར་གཤེགས་པའི་སྒྲུབ་རྫས་དྲི་ཆེན་འདིས། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་གྱུར་ནས། །དེ་བཞིན་རིགས་ཀྱི་དངོས་གྲུབ་འཐོབ་གྱུར་ཅིག །རྫས་བྱང་སེམས་བག་ཕྱེ་དང་རིལ་བུ་བྱས་པ། བསྐུར་གནས་ལྕེ། ལྷ་རྡོ་རྗེ་སེམས་དཔའ། བསྡིམ་གནས་ཁམས་གསུམ་གསལ་བྱེད་རྣམ་ཤེས་ལ། ནུས་པ་མེ་ལོང་ཡེ་ཤེས་སོ། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པས་གཉིས་མེད་བྱང་ཆུབ་སེམས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །རྫས་ཤ་ཆེན་ཀ་ར་དང་སྦྱར་ནས་བཏགས་པའམ། སྒོག་པ་དང་བཅའ་ལྒ་དང་སྦྱར་ནས་རིལ་བུ་བྱས་པ། བསྐུར་གནས་ལྕེ། བསྡིམ་གནས་ལུས་ཀྱི་ཚོར་བ། ལྷ་རིན་འབྱུང་ནུས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མ་རིག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །དུག་གསུམ་བསྒྲལ་བའི་རྫས་མཆོག་ཤ་ཆེན་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དངོས་གྲུབ་འཐོབ་གྱུར་ཅིག །གསུང་མཆོག་དབང་གི་རྫས་མཆོག་


DNG019_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་འདི། །རྫས་པདྨ་རཀྟ་སྟར་བུ་བག་ཕྱེ་དང་བསྲེས་པ། གནས་ལྕེ། བསྡིམ་གནས་འདུ་ཤེས། ལྷ་འོད་དཔག་མེད། ཡེ་ཤེས་སོ་སོར་རྟོག་པའོ། །ཆགས་མེད་བདེ་བར་བྱེད་པའི་རང་བཞིན་གྱིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །པདྨ་རིགས་ཀྱི་དངོས་གྲུབ་འཐོབ་གྱུར་ཅིག །རྫས་དྲི་ཆུ་ཤིང་ཚ་དང་རི་ལུ་བྱས་པ་བསྐུར་གནས་ལྕེ་ལ། ལྷ་དོན་གྲུབ། བསྡིམ་གནས་འདུ་བྱེད། ནུས་པ་བྱ་བ་གྲུབ་པའི་ཡེ་ཤེས་རྟོགས་སོ། །ལས་མཆོག་བསྒྲུབ་པའི་དམ་རྫས་བདུད་རྩི་འདི། །ཕྱི་ནང་གསོས་གྱུར་བདུད་རྩིའི་རང་བཞིན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མཱཾ། རྫས་ཁ་ཊྭཱཾ་ག་ལ་ཐོད་པའི་ཌཱ་མ་རུ་བཏགས་ནས་སམ། གནས་གཡས་སུ་ཁ་ཊྭཱཾ་ག་གཡོན་དུ་དྲིལ་བུ། བསྡིམ་གནས་ལག་པ། དོན་ཐབས་ཤེས་གཉིས་སུ་མེད་པར་བསྟུན་ནུས་སོ། །ཁ་ཊྭཱཾ་ག་ནི་ཐབས་ཀྱི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཐབས་དང་ཤེས་རབ་དབང་བསྐུར་བས། །སྟོང་ཉིད་སྙིང་རྗེའི་དབང་ཐོབ་ཤོག །ཨོཾ་དྷཱ་ཏུ་ཀ་རུ་ཎ་ཨ་བྷི་ཥིཉྩ་མཱཾ། རྫས་གཙོ་བོའི་མར་མེ། བསྐུར་གནས་ཐུགས། བསྡིམ་གནས་ཀུན་གཞི། མཚུངས་ལྡན་སྙིང་ལ་ཡོད། ཡེ་ཤེས་དགུར་བྱིན་བརླབ། ནུས་པ་ཡེ་ཤེས་དགུའི་སྣང་བ་འཆར་རོ། །དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་བསྡུས་པ། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེ་གསལ་བས། །སྐུ་གསུང་ལྷུན་རྫོགས་དག་པའི་མར་མེ་འདི། །ཀུན་གཞི་གནས་འགྱུར་སྤྱན་དགུའི་ཡེ་ཤེས་སྦྱིན། །ལུས་ངག་ཡིད་ལ་གནས་པའི་བག་ཆགས་རྣམས། །སྒྲིབ་པ་ཕྱིར་བསལ་ཡེ་ཤེས་གསལ་བར་ཤོག །ཨཱོཾ་མ་ཧཱ་དཱི་པ་ཨཱ་ལོ་ཀེ་ཨཱ་བྷི་ཥིཉྩ་ཧཱུཾ། བདུད་རྩི་འཁྱིལ་པའི་ར་སཱ་རྫས་བུམ་པ་ཡིན་ཏེ་བདུད་རྩིའི་བུམ་པ། བསྐུར་གནས་མགོ། བསྡིམ་གནས་ལུས་ཀྱི་ཁམས་བདུད་རྩི་ལྔ། ལྷ་རིགས་ལྔ། ནུས་མཐུ་ཁམས་བདུད་རྩི་ལྔ་སངས་རྒྱས་ལྔར་སྟོན་ཅིང་འཆར་རོ། །ཡ་ན་ནི། །སྲིད་གསུམ་དབང་སྡུད་ལོངས་སྤྱོད་ཆེན་པོའི་རྐྱེན། །རང་བྱུང་དག་པའི་སྒྲུབ་རྫས་བདུད་རྩི་ལྔ། །རྒྱུད་ལྔ་རྩད་གཅོད་སྐྱེ་ཤི་མེད་པའི་དབང་། །གྲུབ་ནས་ཡེ་ཤེས་ལྔ་ཡི་རང་བཞིན་འདིས། །རིགས་མཆོག་རྒྱལ་བ་ལྔ་རུ་དབང་བསྐུར་སྦྱིན། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་བེ་ཤ་


DNG019_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཨ་དྷིཥྛ་སྭ་མཾ། ཐུགས་རྗེའི་ངང་ཉིད་ཞི་བའི་རང་བཞིན་ལས། །རྫས་ཕུར་པ། བསྐུར་གནས་ལག་པ། ལྷ་སྤྲུལ་པའི་ཁྲོ་ཆུང་། བསྡིམ་གནས་རིག་པ། མཚུངས་ལྡན་རང་གི་ལུས་ལ་རྐང་ཕུར་ཡོད་པ་རྣམས། ནུས་པ་དགྲ་བགེགས་འཇོམས་པའོ། །མ་གཡོས་ཆོས་ཀྱི་སྐུ་མཆོག་སྐུ་གསུང་ཐུགས་མངའ་བ། །སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེ་མི་ཕྱེད་དབྱིངས་སུ་སྒྲོལ་མཛད་པ། །བར་ཆད་བྱེད་པའི་བགེགས་ཆེན་བཤིག་པའི་ཕྱིར། །ཁྲོ་རྒྱལ་འབར་བའི་བྱིན་རླབས་དབང་བསྐུར་རོ། །ཨོཾ་བཛྲ་ཀཱི་ལ་ཡ་དྷ་རོད་བྷ་བ་ཨ་དྷིཥྛ་ན་ཧཱུྃ། ཁྲོ་རྒྱལ་ཡབ་ཡུམ་གསང་བའི་ཐུགས་ཀ་ནས། །རྫས་ཉུང་དཀར། བསྐུར་གནས་མགུལ་དུ་ཉུང་དཀར་གྱི་ཐུམ་པ་གདགས། ལྷ་སྤྲུལ་པ་མང་པོ་སྤྲུལ། བསྡིམ་གནས་བ་སྤུའི་བུ་གར་བསྡིམ། ནུས་པ་གོ་ཆ་སྟེ་བགེགས་དང་ལོག་འདྲེན་གྱིས་མི་ཚུགས་པར་འགྱུར་རོ། །ཐལ་བྱེད་སཪྵ་པ་ཡི་མཚོན་ཆར་ལྡན། །བར་ཆད་བགེགས་ཀྱི་ཚོགས་འཇོམས་སྒྲུབ་རྫས་འདི། །དབང་བསྐུར་བསྲུངས་པས་མི་ཚུགས་གོ་ཆར་ལྡན། །ཉུང་དཀར་རྒྱལ་པོས་བྱིན་རླབས་ཤ་རཱི་རམ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་སྦྱིན། །ཨཱོཾ་ཨ་ང་ཏ་སཪྵ་པ་ཨ་བྷི་ཥིཉྩ་ཀུ་རུ་རཀྵ་ཧཾ། རྫས་རོ་བསྲེག་པའི་ཐལ་ཆེན། རྒྱན་གྱི་དབང་ཡིན་པས་ལྷ་མེད། བྱིན་རླབས་ཆོས་སྐུའི་དགོངས་པ་བྱ། གནས་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་གསུམ་གདབ། ནུས་པས་གིང་ཆེན་བཅོ་བརྒྱད་བྲན་དུ་འཁོལ་ནུས་སོ། །ལྷག་པའི་ཐལ་ཆེན་མཚན་མ་འདི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །གིང་ཆེན་ཀུན་དང་གཅིག་པ་དང་། །རྫུ་འཕྲུལ་ཆེན་པོ་བསྐྱེད་པ་དང་། །དབང་ཆེན་ཐབས་ཀྱིས་བསྡུ་བའི་ཕྱིར། །འདི་ནི་བདག་ཉིད་ཆེན་པོའི་རྟགས། །འདི་ནི་སྔོན་གྱི་དམ་ཚིག་སྟེ། །གྲུབ་པའི་དམ་རྫས་ཆེན་པོའི་དབང་། །རྟགས་ཀྱི་དབང་རྫས་ཆེན་པོ་སྦྱིན། །ཨོཾ་ཧཱུྃ་བྷསྨི་སིདྡྷི་ཨ་བྷི་ཥིཉྩ་ཀུ་རུ་ཧཱུྃ། རྫས་རཀྟ་བྱིན་བརླབས་ཐུགས་རྗེ་ཆགས་པར་བྱིན་རླབས། གནས་སྣ་རྩེ་དང་མཁུར་ཚོས་གཉིས་སུ་ཐིག་ལེ་བྱ། ནུས་པ་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པར་ནུས་སོ། །ཐུགས་རྗེའི་དབང་གིས་ཆགས་པའི་རཀྟ་ནི། །པདྨ་རཀྟ་དཔའ་མོ་རྣལ་འབྱོར་མའི། །དུར་ཁྲོད་མངའ་མཛད་མ་དང་མཁའ་འགྲོ་རྣམས། །མ་ལུས་དབང་དུ་སྡུད་པའི་དབང་ཐོབ་ཤོག །ཨོཾ་ཌཱ་ཀི་ནི་མ་ཧཱ་


DNG019_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་ཨ་བྷི་ཥིཉྩ་མཱཾ་ཧཱུྃ་བྷྱོ། ཀུན་རྫོབ་སྣང་བ་དོན་དམ་བཅུད་ཀྱིས་ཁྱབ། །རྫས་མིའི་ཞག་ཆེན། བྱིན་རླབས་དོན་དམ་སྐྱེ་མེད་དུ་བྱིན་གྱིས་བརླབ། གནད་ལ་འགྲམ། ནུས་པ་དོན་དམ་གྱི་བཅུད་རྟོགས་སོ། །བཅུད་ལེན་ཞག་གིས་ཉོན་མོངས་ཐ་བ་འདུལ། །རྟོགས་ཚད་འབུལ་བའི་ལངྈ་ཀུན་དང་གཅིག །ཆོས་ཉིད་དབྱིངས་ལ་གནས་པའི་དབང་ཐོབ་ཤོག །ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་མ་ཧཱ་མཱཾ་ས་ཨ་བྷི་ཥིཉྩ་ཨ། དབྱིངས་ལས་ཡེ་ཤེས་སྒྲོགས་བྱེད་གབ་པའི་གསུང་། །རྫས་རྗེའུ་ཆུང་། བསྐུར་གནས་ལག་པ་བྱིན་བརླབས་དབྱིངས་ལས་རིགས་པའི་སྒྲ་འབྱུང་བར་བྱིན་གྱིས་བརླབ། ནུས་པ་མ་མོ་དང་དབང་མོ་དབང་དུ་བྱེད་ཅིང་བདུད་དང་མུ་སྟེགས་ཀྱི་བར་ཆོད་ཟིལ་གྱིས་གནོན་ཅིང་ཀླད་པ་ཚལ་བར་འགེམས་སོ། །དམ་ལ་སྡུད་ཅིང་ཕ་རོལ་ཟིལ་གྱིས་གནོན། །ཡེ་ཤེས་དབྱིངས་སུ་སྒྲོལ་མཛད་མཆོད་པའི་གཏེར། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་སྦྱིན། །ཨོཾ་ཀ་པ་ལཱ་གྷཾ་ཌེ་ཧོཿཨ་བྷི་ཥིཉྩ་ཨ། འཇིག་རྟེན་འདི་ན་སྲིད་པའི་ཞལ་ཟས་ལ། །རྫས་འཇིག་རྟེན་གྱི་ཞལ་ཟས་ཚོགས་ཚད། གནས་ལྕེ་ལ། བསྡིམ་གནས་ངག་ལ། ནུས་པ་འཇིག་རྟེན་གྱི་ཞལ་ཟས་གང་ལ་གསོལ་ཡང་བྱིན་རླབས་དང་ལྡན་པར་འགྱུར་རོ། །འདོད་པའི་ཡོན་ཏན་རྣམ་ལྔ་མི་ཟད་གཏེར། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིད་བཞིན་འདོད་དགུའི་གཏེར་ལ་དབང་སྦྱིན་ནོ། །ཨོཾ་ལོ་ཀ་ཨ་ལི་ཨུ་ལི་ཨ་བྷི་ཥིཉྩ་མཱཾ། རྫས་ནི་འཇམ་དེས་ཞེས་བྱ་སྟེ་མར། བསྐུར་གནས་ལྕེ། བསྡིམ་གནས་ལུས་ཀུན་གཞི། ནུས་པ་རྒྱུད་ལ་ཞི་གནས་འཆར་བའོ། །མར་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །དགྲ་བགེགས་ཐམས་ཅད་ཞི་བར་གྱུར་ནས་ཀྱང་། །བྱང་ཆུབ་སེམས་ཀྱི་དོན་དམ་རྟོགས་པར་ཤོག །ཨཱོཾ་སརྦི་ས་ཨ་བྷི་ཥིཉྩ་མཱཾ། རྫས་འོལ་སྐོམ། བསྐུར་གནས་ལྕེ། བསྡིམ་གནས་ཀུན་གཞི། ནུས་པས་སེམས་ཅན་གྱི་དོན་བྱེད་ཅིང་ཏིང་ངེ་འཛིན་གྱི་ནུས་པ་མཐུ་དང་ལྡན་པར་འགྱུར་རོ། །རྣལ་འབྱོར་དབང་ཕྱུག་གལ་ཕྱིས་དབང་བསྐུར་བས། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད་པ་དང་། །འགྲོ་བའི་སེམས་ཅན་ཉོན་མོངས་གནས་སུ་འཇོམས། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་མཐུ་ལྡན་ཤོག །ཨོཾ་བྷཀྷ་ཨ་བྷི་ཥིཉྩ་མཱཾ། རྫས་ཆང་། བསྐུར་གནས་ལྕེ། ནུས་པ་ཁམས་གསུམ་དབང་དུ་སྡུད། བསྡིམ་གནས་ཀུན་གཞི་


DNG019_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྡིམ་པའོ། །འབྲུ་བཅུད་ཀུན་གྱི་ཛ་གད་དཔའ་བོ་ཡིས། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །འགྲོ་བ་ཐམས་ཅད་དབང་དུ་སྡུད་པ་དང་། །ཐམས་ཅད་བྲན་བཞིན་དབང་དུ་སྡུད་པར་ཤོག །ཨཱོཾ་མ་ཧཱ་སུ་ར་ཨ་བྷི་ཥིཉྩ་མཱཾ། ཁམས་གསུམ་དབང་སྡུད་ཟླ་ཁྲམ་དབང་གི་ཟས། །རྫས་ཟླ་ཁྲམ། བསྐུར་གནས་ལྕེ། ནུས་པ་ཁམས་གསུམ་མ་ལུས་པ་དབང་དུ་སྡུད་པར་ནུས་སོ། །ཡང་ན་རྫས་ཟླ་ཁྲམ། བསྐུར་གནས་ངག་ལ། བསྡིམ་གནས་མགུལ། ནུས་པ་ཁམས་གསུམ་གྱི་མ་མོ་དབང་དུ་སྡུད་པའོ། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་གཉིས་རྫོགས་ཏེ། །ལོངས་སྤྱོད་ཆེན་པོའི་རྟེན་དུ་འགྱུར་བར་ཤོག །ཨཱོཾ་ཀི་ལཱ་ཌ་ཨ་བྷི་ཥིཉྩ་མཱཾ། རྫས་གཟུགས་སྒྲ་དྲི་རོ་རེག་བྱ། ལྷ་འདོད་ཡོན་ལྷ་མོ་རྣམས། བསྡིམ་གནས་དབང་པོ་ལྔ། བསྐུར་གནས་ལག་པ་ལ་སོགས་པ། ནུས་པ་འདོད་ཡོན་ལྔ་ལ་མ་རྨོངས་པར་འཆར་རོ། །གཟུགས་སོགས་བུད་མེད་ལྷ་མོའི་ཚོགས། །འདོད་པ་ལྔ་ཡི་ཡོན་ཏན་དག །ཆོས་ཉིད་དབྱིངས་ཀྱི་རྒྱན་ཡིན་པས། །དགའ་མགུར་སྤྱོད་པའི་དབང་བསྐུར་རོ། །ན་མོ་ཧ་ར་ན་གུ་ཎ་པཉྩ་ཨ་བྷི་ཥིཉྩ་ཨ། སྐྱེ་ཤི་མེད་པ་རྡོ་རྗེ་ཚེ་ཡི་དབང་། །རྫས་ཆེ་ཟན། བསྐུར་གནས་མགོ། བསྡིམ་གནས་སྙིང་། ལྷ་ཚེ་དཔག་མེད་ལ་གསང་བའི་ཡུམ་བཞིས་བསྐོར་བ། བསྙེན་པ་དང་རབ་གནས་ལྷ་དེ་རྣམས་ཞུ་བའོ། །ནུས་པ་ཚེ་རིང་བར་འགྱུར་བའོ། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་ནས་ཀྱང་། །དུས་གསུམ་རྒྱལ་བ་ཀུན་ཀྱང་འདིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་སྦྱིན། །དེ་ཉིད་རྡོ་རྗེ་ལྟ་བུའི་ཡེ་ཤེས་སྐུ། །སྐྱེ་ཤི་འཁོར་བའི་སྡུག་བསྔལ་བྲལ་བར་ཤོག །ཨཱོཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཏྲཱཾ། དེ་ནས་གཟུངས་མ་མཚན་ལྡན་ཏེ། །ཡུམ་སྐྱེ་བ་དག་པ་རང་རྒྱུད་ཀྱི་རིགས་བཟང་བ་ལ་སྐྱེ་འབྲས་ལེགས་པ་དང་། སྤྱད་པས་དག་པ་ཆོས་ཤེས་ཤིང་དབང་ཐོབ་ནས་རྩ་རླུང་འབྱོངས་པ། ཤུགས་ཀྱིས་ཡབ་རྡོ་རྗེ་སློབ་དཔོན་ཡང་ཐབས་ལམ་གྱི་མན་ངག་ལ་མཁས་པ་སྟེ། གནས་པ་རྩ་དང་། གྲུབ་པ་སྔགས་དང་ཁམས་བདུད་རྩི་དང་སྙིང་པོ་རླུང་གི་གདམས་ངག་ལ་མཁས་པར་འགྱུར་བ་དེས་ནི། སློབ་མ་ལ་དབང་བསྐུར་ན་སློབ་མ་གསང་དབང་ལ་དད་པའམ། ཤེས་རབ་ཀྱི་ཡེ་ཤེས་ཀྱི་དབང་ལ་དད་པ། བདེ་བ་ཆེན་པོའི་དབང་ལ་མོས་པ། གང་ཡིན་པ་དེ་ལ་སློབ་མ་དབང་ཇི་ལྟར་འདོད་པ་ལྟར་སྦྱར་བར་བྱའོ། །རྡོ་རྗེ་སློབ་དཔོན་ཆེན་པོ་ཡི། །གཡོན་ཕྱོགས་


DNG019_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་ཚུལ་བཞིན་དུ། །གསང་དབང་ཤེས་རབ་བདེ་ཆེན་པོ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །དེ་བཱིར་བྱིན་གྱིས་བརླབ་པ་ཡང་། །གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དཔེར་ན་གར་མཁན་གྱི་ལུས་གཅིག་ལ་གར་སྣ་ཚོགས་བྱེད་པའམ། སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་ལ་རྟ་གླང་དུ་སྤྲུལ་པ་དང་འདྲ་བར། ཡུམ་ལྔ་གནས་ལྔར་གསལ་བ་ཡང་། །དེ་ལ་འཇའ་ཚོན་བཞིན་དུ་གསལ། །ཡུམ་གྱི་སྤྱི་བོར་སངས་རྒྱས་སྤྱན། མགྲིན་པར་གོས་དམར་མོ། སྙིང་གར་དབྱིངས་ཕྱུག་མ། ལྟེ་བར་མཱ་མ་ཀཱི། གསང་བར་སྒྲོལ་མ་ལྔ་བསམས་ལ་རྒྱུ་དེ་རྣམས་ནམ་མཁའི་འཇའ་ལྟར་གསལ་བར་བསྒོམ་མོ། །ཁ་དོག་མ་འདྲེས་པར་ཡང་གསལ་ལོ། །དེ་བཞིན་དུ་ཤུགས་ཀྱིས་ཡབ་ཀྱི་གནས་ལྔར་ཡང་རིགས་ལྔའི་ཡབ་ལྔ་བསྒོམ་པར་བྱའོ། །ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས། །དེས་ན་བླ་མ་དང་ཡབ་ཡུམ་གཉིས་སྦྱོར་བ་བྱ། ཡུམ་གྱི་རིགས་ལྔ་དང་ཡབ་ཀྱི་རིགས་ལྔ་ཡང་སྦྱར་བར་བྱའོ། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་སེམས་ཀྱི་འདོད་ཆགས་ཀྱི་འོད་ཀྱིས་སེམས་ཅན་ཚིམ་པར་བྱས། སངས་རྒྱས་མཆོད་ནས། རིགས་ལྔ་ཡེ་ཤེས་ཀྱི་སྐུ་གསལ་བར་སྤྱན་དྲངས་ལ། འབར་བ་སྣ་ཚོགས་འཁྲིགས་པའི་འོད། །རིགས་ལྔ་མདུན་གྱི་ནམ་མཁའ་ལ་ཡབ་ཡུམ་སྦྱོར་བ་མཛད་པས་བྱང་ཆུབ་འོད་འབར་བ་སྣ་ཚོགས་པ་སྤྲིན་ལྟར་འཁྲིགས་ནས། ཐིམ་པའི་རྒྱལ་མོར་བྱིན་གྱིས་བརླབས། །བདག་ཡབ་ཡུམ་ལ་ཐིམ་པས་བག་ཆགས་སྦྱངས་ལུས་ཀྱི་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་སྒྲིབ་པ་དག །ནམ་མཁའི་རིགས་ལྔ་ལ་ཐིམ་པས། ཡུམ་ཀྲོ་དྷཱི་ཤྭ་རཱི་ཁྲོ་མོའི་རྒྱལ་མོར་བྱིན་གྱིས་བརླབ་བོ། །ཡབ་ཡུམ་བསྣོལ་མར་བསྐུལ་བྱ་བ། །དང་པོ་ཡབ་ཀྱི་བརྡས་བསྐུལ། དེ་ནས་ཡུམ་གྱི་བརྡས་བསྐུལ་བར་བྱ་སྟེ། འཁོར་གྱི་སྦྱོར་བ་མི་རིག་པས་ན་གསང་བའོ། །ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །ཡབ་ཡེ་ཤེས་ཆེན་པོའི་རང་བཞིན་དཔལ་གྱི་སྐུར་གསལ་བ་ལ་ཡུམ་ཆགས་པའི་དམ་ཚིག་ལས་མི་འབྲལ་བར་སྐུ་ལ་འཁྲིལ་བ་སྟེ། བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། ༈ །ཡབ་ཀྱིས་ས་མ་ཡ་ཧོཿ། ཞེས་བརྗོད་པས་དམ་ཚིག་ལ་དགྱེས་སམ་ཞེས་བརྡས་མཚོན། ཡུམ་གྱིས་ས་མ་ཡ་སྟྭཾ་ཞེས་བརྗོད་པས་དམ་ཚིག་དུས་ལ་བབ་པོ་ཞེས་བསྐུལ་ནས། རཱ་ག་ཡཱ་མི། ཆགས་པའི་བདེ་བ་འདོད་དམ། རཱ་ག་ཧོཿས་ཆགས་པ་ལ་དགྱེས་སོ་ཞེས་བདེ་མཆོག་སྒྱུ་མའི་བརྡས་མཚོན་ནས། ཡབ་ཀྱིས་ཡུམ་གྱི་བྷ་ག་བྱིན་བརླབ། ཡུམ་གྱིས་ཡབ་ཀྱི་ལིངྒ་བྱིན་བརླབ་བོ། །མཁའ་གསང་བསྣོལ་མར་བྱིན་རླབས་པ། །པདྨ་རིན་ཆེན་ལྡན་བྱས་ནས། །ཡུམ་གྱི་བྷ་ག་ཨ་ལས་པདྨ་འདབ་བརྒྱད་པར་བྱིན་བརླབ་པ་དང་། ཡབ་ཀྱི་


DNG019_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་རིན་པོ་ཆེ་ལྟ་བུ་འདོད་པ་འབྱུང་བའི་རྡོ་རྗེར་བྱིན་གྱིས་བརླབ་བོ། །སྦྱོར་བའི་བྱང་སེམས་བབས་པ་ནི། །ཡབ་ཀྱི་སྤྱི་གཙུག་ཆོས་ཀྱི་དབྱིངས་ན་ཁུ་བ་བདེ་བའི་མཆོག་འབྱུང་བ་དེ་ཡང་སྤྱི་བོ་བདེ་ཆེན་ནས་ཁུ་བ་ཡེ་ཤེས་ཀྱི་འོད་དུ་ཤར་ནས་སྒལ་ཚིགས་ཀྱི་རྟ་བརྒྱུད་ནས་འབྱུང་བ་ཡང་། རང་རིག་པའི་ཡེ་ཤེས་བདེ་གསལ་མི་རྟོག་པ་ཡེ་ཤེས་ཀྱི་ཉམས་དང་ལྡན་པ་འོད་དུ་ཤར་ནས། དབྱིངས་ཀྱི་བདེ་མཆོག་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལ་འོད། །ཡུམ་གྱི་བྷ་ག་ལ་བབས་པའི་དུས་ན་ཡང་། བདེ་སྟོང་དུ་གསལ་བའི་ཉམས་ནི་སྟོང་པ་ནམ་མཁའ་འདྲ་ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་པས་འཚེར། ༈ །གསལ་བ་ནམ་མཁའ་ལ་ཉི་མ་ཤར་བ་འདྲ་སྟེ། ཉི་མ་ལ་སྤྲིན་མེད་པ་ལྟར་འདོད་ཆགས་ཐ་མལ་གྱི་དྲི་མ་མེད་པར་ཡེ་ཤེས་ཉི་མའི་འོད་ལྟར་འཚེར་བ་གསལ་ལོ། །བྱང་ཆུབ་སེམས་ནི་ཀུན་ཏུ་དག །ཉི་མ་ལྟར་གསལ་བས་དྲི་མ་བྱང་། ནམ་མཁའ་ལྟར་སྟོང་པས་ཟབ་པ་ཆུབ། སེམས་བདེ་སྟོང་གི་རྣམ་པར་གསལ་བས་ཀུན་ཏུ་དག་པར་གནས་སོ། །སྒྲིབ་སྦྱང་མཆོད་དོན་བྱ་བ་ཡང་། །ཡུམ་གྱི་མཁའ་ནས་བྱང་སེམས་སྤྲོ་བསྡུ་བྱ་བ་ནི། འོད་འཕྲོས་པས་འདོད་ཁམས་གནས་རིས་ཉི་ཤུ་དང་། གཟུགས་ཁམས་གནས་རིགས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞིས་བསྡུས་པའི་སྟོང་གསུམ་ཀུན་འདས་པར་འོད་ཀྱིས་ཁྱབ་པས་ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་སྟོང་གསུམ་དང་ཁམས་གསུམ་སྲིད་གསུམ་གྱི་སེམས་ཅན་རྣམས་ལ་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་བ་རབ་ཏུ་མཉེས། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ལ་འདོད་ཆགས་ཀྱི་མཆོད་པས་རབ་ཏུ་མཉེས་པར་བྱས་ནས། འོད་འདུས་ཐོག་མའི་གཟུགས་ལ་གཟུད། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་སེམས་ཅན་གྱི་དགའ་བ་དང་སངས་རྒྱས་ཀྱི་བདེ་བ་ཡང་བསྡུས་ནས་འོད་འདུས་ཏེ་ཐོག་མ་ཡུམ་གྱི་བྷ་གའི་ཐིག་ལེ་ལ་གཟུད་དོ། །ཡུམ་གྱི་བྷ་གའི་ཐིག་ལེ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་སྦྱོར་བ་བྱས་པའི་ཡེ་ཤེས་ཀྱི་ཁུ་བའི་བཅུད་ཐིམ་ནས། དེས་སློབ་བུ་ལ་དབང་བསྐུར་བར་བྱའོ། །ཡེ་ཤེས་ཁུ་བའི་བཅུད་ཐིམ་ནས། །ཡབ་ཡུམ་གཉིས་ལྷན་ཅིག་སྐྱེས་པའི་ཁུ་བ་ནི། དངོས་པོ་ལྷན་ཅིག་སྐྱེས་པ། བདེ་སྟོང་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །དེ་དག་ཡབ་ཡུམ་གྱི་ཁུང་དེས་ནི་གསང་སྔགས་གསང་བའི་དངོས་གྲུབ་ཆེན་པོ་ཡིན་ཏེ་མཆོག་ཐུན་མོང་མ་ལུས་པར་འདི་ལས་བྱུང་པས། །དེ་ལ་སྐུ་གསང་བའི་དབང་གསུང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐུགས་བདེ་བ་ཆེན་པོའི་དབང་དང་གསུམ་མོ། །དབང་སློབ་མ་དེ་གང་འདོད་པ་དེ་སྦྱིན་ཏེ། །ཇི་ལྟར་འདོད་པར་ནན་ཏན་བྱ། །གསང་དབང་འདོད་


DNG019_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྩ་རླུང་ཐིག་ལེས་སྦྱིན། ཤེས་རབ་ཡེ་ཤེས་ཀྱི་དབང་འདོད་ན་རྩ་དཀྱིལ་འཁོར་བཞི་ལ་བརྟེན་ནས་སྦྱིན། བདེ་བ་ཆེན་པོའི་དབང་འདོད་ན་རྩ་སྲོག་ཤིང་གསུམ་ལ་བརྟེན་ནས་སྦྱིན་ནོ། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །རྫས་བྱང་སེམས་བུ་རམ་དང་རི་ལུ་བྱས་པའོ། །བསྐུར་གནས་སློབ་མའི་ལྕེ་ལ་བཞག་པའོ། །ལྷ་རྡོ་རྗེ་སེམས་དཔའ་འོ། །བསྡིམ་གནས་ཁམས་གསུམ་གསལ་བྱེད་རྣམ་ཤེས་སོ། །ནུས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་བདེ་བའོ། །དཀར་ལ་དག་པས་གཉིས་མེད་བྱང་ཆུབ་སེམས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཡབ་ཡུམ་སྦྱོར་བའི་མཆོད་པ་འདིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཉེས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པས་མཉེས་པས་ཐབས་ཆེ་བས་ཐབས་ལམ་ཡིན་པ་དང་སེམས་ཅན་གྱི་སྡུག་བསྔལ་དུ་གྱུར་པ་ལམ་དུ་བྱས་པས་སྡུག་བསྔལ་ལས་གྲོལ་བས་ལམ་དུ་གྱུར་ཏེ་ཐབས་ཆེ་བ་དང་ལྡན། །ཐེག་པ་ཆེན་པོ འི་ནང་ནས་ཟབ་མོ་སྔགས་ལ་རབ་དགའ་བས། །འདོད་ཆགས་འཆིང་བ་ལས་གྲོལ་ནས་བྱང་ཆུབ་ལམ་དུ་མཛད་ཅིང་འགྱུར་བ་དང་། །སྦྱོར་བའི་མཆོད་པ་ཐབས་ལམ་དུ་སོང་སྟེ་མདོར་ན་ཡོན་ཏན་མཐའ་དག་དང་ལྡན་པས། སྦྱོར་བའི་མཆོད་པ་དང་དུ་བླང་ངོ་། །མཆོག །དབང་ཐོབ་མཛེས་པ་སློབ་དཔོན་ཡོན་ཏན་ལྡན་པས་ན། སློབ་མ་སྣོད་ལྡན་ལ་དབང་བྱིན་ནས་སྐྱེས་བུ་ལ་རིན་པོ་ཆེས་བརྒྱན་པ་དང་འདྲ་བར་སློབ་མ་དེ་ཡོན་ཏན་དང་ལྡན་པར་གྱུར་པས་ན་མཛེས་པའོ། །དེ་དག་གིས། །དུལ་བའི་སེམས་སུ་བཞག་ནས་ནི། །དེའི་དུས་ན་ལུས་ངག་ཡིད་གསུམ་དུལ་ཏེ་སྤྱོད་ལམ་དུལ་ཞིང་ཁྲེལ་འཛེམ་ཆེ་བར་གྱུར་པའོ། །དམ་ཚིག་ཆེན་པོ་བདེ་བར་གནས། །བསྙེན་བསྒྲུབ་ཀྱི་དུས་སུ་བསྲུང་བའི་དམ་ཚིག་དང་། བསྒྲུབ་པའི་དམ་ཚིག་སྟེ་བསྲུང་བའི་དམ་ཚིག་ནི། ལེ་ལོ་གཉིད་དབང་དུ་མི་གཏང་བ་དང་། སློབ་དཔོན་གྱི་བཀའ་ཁྱད་པར་དུ་གཉན་པར་བྱ་བ་དང་། སྤྱོད་ལམ་ཡངས་པ་མཆེད་ལྕམ་དུ་ཚིག་གི་མཚོན་མ་ཤོར་བ་དང་། དམ་རྫས་ལ་བློ་ཡི་ཁུ་འཕྲིག་མེད་པར་སྤྱད་པ་དང་། ལྷ་གསལ་བར་བྱ་ཞིང་སྙིང་པོ་བར་ཆད་མེད་པར་བྱ་བ་དང་། ཁམས་གསུམ་ཡོངས་སྒྲོལ་སྲིད་གསུམ་དབང་དུ་བསྡུས་ཏེ་ཆོས་ཉིད་ཀྱི་དམ་ཚིག་ཆེན་པོ་ལ་གནས་པར་བྱའོ། །དབང་དོན་བསྒོམ་བསྒྲུབ་ཉམས་སུ་བླང་། །བུམ་པའི་དབང་དོན་བསྒོམ་པ་དང་། གསང་དབང་གི་དབང་དོན་བསྒོམ་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དོན་བསྒོམ་པ་དང་། བདེ་བ་ཆེན་པོའི་དབང་དོན་བསྒོམ་པར་བྱ་བའོ། །དེ་ཡང་བུམ་པའི་དབང་རིག་པའི་དབང་ལྔའོ། །གསང་སྔགས་ཟབ་མོའི་དབང་གསུམ་མོ། །བུམ་དབང་


DNG019_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་དབྱིངས་ཀྱི་ལམ། །ལམ་བསྐྱེད་པའི་རིམ་པ་དབྱིབས་རྩའི་ལམ་སྟེ། གསང་བ་མེ་རླུང་གི་དཀྱིལ་འཁོར་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ་པ་དང་། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་དུ་རིན་འབྱུང་ཡབ་ཡུམ་བསྒོམ་པ་དང་། སྙིང་ག་ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ་པ་དང་། མགྲིན་པ་ལོངས་སྤྱོད་ཀྱི་དཀྱིལ་འཁོར་དུ་སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམ་པ་དང་། སྤྱི་བོ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་རྣམ་སྣང་ཡབ་ཡུམ་བསྒོམ་པ་དང་། དེ་ཡང་རྩ་ལ་གནད་དུ་བསྣུན་པས་སྐུ་དབྱིབས་གསལ་བ་དང་། ཁམས་བདུད་རྩི་ལ་གནད་དུ་བསྣུན་པས་རྣམ་པ་བདེ་བ་དང་། ཡིག་འབྲུ་ལ་གནད་དུ་བསྣུན་པས་རང་བཞིན་སྟོང་པ་དང་། རླུང་ལ་གནད་དུ་བསྣུན་པས་ངོ་བོ་ཟུང་དུ་འཇུག་པ་དང་། སྤང་བྱ་ཉོན་མོངས་ལྔ་མ་སྤངས་པར་ཐོབ་པ་འབྲས་བུ་ཡེ་ཤེས་ལྔ་འཐོབ་པར་བྱས་པས་བསྒོམ་པའོ། །གསང་ལྟ་སྙིང་མགྲིན་སྤྱི་བོ་རུ། །ལས་རིན་རྡོར་ཆོས་རྣམ་པ་དང་། །ཡུམ་དང་བཅས་སྐུ་དབྱིབས་རྣམ་པ་བདེ་རང་བཞིན་སྟོང་ངོ་བོ་ཟུང་དུ་འཇུག །ངོ་བོ་ཉིད་གསུམ་བལྟ་བ་ནི། །སྣང་དང་སྟོང་དང་ཟུང་དུ་འཇུག །ལོག་བྲལ་ངོ་བོ་གཅིག་པ་དང་། །སྣང་ཕྱོགས་ཀྱི་ངོ་བོ་ཉིད་ཡུལ་ལས་འཆར། སྟོང་ཕྱོགས་ཀྱང་ངོ་བོ་ཉིད་ལུས་ལས་འཆར། ཟུང་འཇུག་ངོ་བོ་ཉིད་སེམས་ལས་འཆར། དེ་གསུམ་རེ་རེ་ལ་ཡང་གསུམ་དུ་ལྡན་པར་གནས་ཏེ། ཆོས་ཅན་མ་རིག་པའི་སྣང་བ་ལས་ལོག་པ་དང་། ཆོས་ཉིད་ཀུན་བརྟགས་དང་བྲལ་བ་དང་། དེ་ཡང་ངོ་བོ་གཅིག་ཚུལ་གྱིས་ཐ་དད་དོ། །སྣང་སྟོང་གཉིས་བལྟ་བ་ངན་པས་གོལ་ས་ཟུང་འཇུག་གོལ་ས་དང་བྲལ་བའོ། །མཐོང་ལམ་དང་བསྒོམ་ལམ་དང་མཐར་ལམ་གསུམ་སྦྱར་རོ། །གྲུབ་མཐའ་འཁོར་འདས་དབྱེ་བ་མེད། །ས་དྲུག་རྟགས་དང་ལྡན་པའོ། །འཇིག་རྟེན་ལས་འདས་པའི་ལམ་ས་དྲུག་ལ་སྟོང་གསུམ་ཉུང་འབྲུར་ཆུད་པ་ཁ་ཆེ་ཆུང་མེད། གྱང་དང་རྩིག་པ་དང་རི་ལ་སོགས་པ་ལ་ཐོགས་པ་མེད། ཆུ་བོ་གྱེན་ལ་ལྡོག །ཉི་ཟླ་གཏིང་བར་འཛིན། གཅིག་ལས་མང་པོར་སྤྲུལ། མང་པོ་གཅིག་ཏུ་བྱེད་དོ། །བར་ཆོད་འདའ་ཀ་རྣམ་པ་གསུམ། །སྣང་བ་བསྒྱུར་བའི་འདའ་ཀ་མ་ནི། ཡི་དམ་ལྷ་དང་བླ་མ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས། རང་ཉིད་ལྷར་བསྒོམས་ལ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ་དེ་ལ་ཡོད་པ་ཐམས་ཅད་སྔོན་དུ་བཏང་། མེད་ན་ཡིད་ཀྱི་མཆོད་པ་བྱ། དམ་ཚིག་ཉམས་ཆག་བཤགས། དེ་ནས་མདུན་དུ་ལུས་ལེན་པའི་སྣང་བ་བྱུང་བའི་ཚེ། རང་ཉིད་ལྷར་བསྒོམས་ལ་མདུན་གྱི་སྣང་བ་དེ་ལྟར་དྲན་པར་བྱ། ལྷའི་སྣང་བ་དང་བདག་གི་ཤེས་པ་གཉིས་རོ་གཅིག་ཏུ་བསྒྱུར་རོ། །དེས་བར་དོའི་སྣང་བ་མི་འཆར་བར་རིགས་འཛིན་དུ་འགྱུར་རོ། །རྒྱ་དང་རྒྱའི་ཚུལ་བཞིན་ནོ། །སྣང་བ་བསྒྱུར་བའི་འདའ་ཀ་མ། །གཉིས་པ་འོད་ཀྱི་གོང་བུས་འཕོ་བ་ནི། ལུས་ཙོག་པུ་ལ་ལག་པ་གཉིས་ལྟག་ཁུང་ནས་སྦྱོར་ནས། རྒྱབ་བརྟེན་དྲན་པར་བྱས་ལ་སྔོན་འགྲོ་


DNG019_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་བྱའོ། །དེ་ནས་སྙིང་གི་ནང་དུ་འོད་ཀྱི་གོང་བུ་མཐེབ་ལོང་ཙམ་བསྒོམ། དེ་ལས་འོད་ཆད་པས་གཤང་གཅིའི་ལམ། ལྟེ་བ་ཁ་སྣ་བུག་མིག་རྣ་བ་མཛོད་སྤུ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱི་ཐིག་ལེས་བཀག་ལ། ལྟེ་བར་རླུང་གི་དཀྱིལ་འཁོར་ཟླ་བ་ལ་ཧཱུྃ་མཐིང་ནག་བསྒོམ། དེ་ནས་ཧཱུྃ་དྲག་ལ་རིང་བ་བཅུ་དགུ་འམ་ཉི་ཤུས་ཟླ་བ་དང་ཧཱུྃ་བཅས་པ་མགྲིན་པའི་བར་དུ་དྲངས་ལ། ཉེར་གཅིག་པས་སྤྱི་བོ་ཚངས་པའི་བུ་ག་ནས་མདུན་གྱི་ཡི་དམ་གྱི་ཐུགས་ཀར་འཕང་ངོ་། །རིག་འཛིན་དུ་སྐྱེ་བར་འགྱུར་རོ། །འོད་ཀྱི་གོང་བུས་འཕོ་བ་དང་། །སྒྲ་ཡིས་འཕོ་བའི་འོག་ན་སྒྲ་ལ་གོམས་པར་བྱས་ན་ཡོད་འདའ་ཀ་མ། །གནས་སྐབས་འབྲས་བུ་འཕོ་བས་རིག་འཛིན་ཐོབ་པའོ། །འབྲས་བུ་རིག་འཛིན་འཐོབ་པ་དང་། །རང་ལུས་རྩ་ལས་གྲུབ་པས་ན། །རྩ་ཉིད་སྤྲུལ་སྐུར་ལྷུན་གྲུབ་ཐོབ། ༈ །མཐར་ཐུག་ལམ་ལ་བར་ཆད་མ་བྱུང་ན་རང་ལ་ཡེ་ནས་སྤྲུལ་སྐུར་གནས་པས་རྩ་ཉིད་སྤྲུལ་སྐུར་གྱུར་ནས་སྤྲུལ་སྐུ་ཐོབ་པ་སྟེ། རྒྱལ་བ་ཞི་ཁྲོ་སྤྲུལ་པའི་སྐུར་རང་ཉིད་ཀྱི་ལུས་ལ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །གསང་དབང་བདག་བྱིན་རློབ་པའི་ལམ་རིམ་པའོ། །རླུང་གི་གཞུ་ལ་མེ་སུམ་མདོའི་རླུང་གཞུ་དང་འདྲ། ལྟེ་ལྐོག་གི་མེ་མདའ་དང་འདྲ་ཡི་མདའ། །བྱང་སེམས་ཧཾ་གི་འབེན་ལ་བརྡེག །སྤྱི་བོའི་ཧཾ་འབེན་དང་འདྲ་བ་ལ་བརྡེག་པའོ། །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །བདེ་བའི་ཡེ་ཤེས་མྱུར་དུ་འཆང་ཞིང་ལུས་ཀུན་ལ་ཁྱབ་པའོ། །བསྐྱར་བའི་སྦྱོར་བ་མེད་པའོ། །ཐུན་རེ་ལ་ཐེབས་རེ་བྱས་ནས་དེ་ནས་འབབ་པ་ལ་འཇོག་པའོ། །རླུང་རན་པར་ཁ་སྦྱར་ལམ་སྦྱང་ལྟ་བ་བསྐྱང་། །དྲོད་ཡང་བྱུང་རྒྱལ་བཏང་བ་དང་། །ཐུན་ནི་གྲངས་ཆད་མེད་པ་ལ། །ཡིད་ཀྱི་འཇུག་ཡུལ་ཁམས་ཚོད་གཟུང་། །གཡས་གཡོན་དུ་བ་མུན་སོགས་བརྟག །རྣམ་པ་དེ་ལ་བློ་གནས་པ་ཚོགས་ལམ་ཡིན་ལ། རྟགས་བྱུང་བ་ནི་སྦྱོར་ལམ་སྟེ། རླུང་གཡས་ཀྱི་དབང་དུ་བྱས་ན། ས་རླུང་དུ་བ། ཆུ་རླུང་སྨིག་རྒྱུ། མེ་སྲིན་བུ་མེ་ཁྱེར། རླུང་གི་རླུང་མར་མེ་འབར་བ། ནམ་མཁའི་རླུང་ཟིན་ན་ནམ་མཁའི་སྤྲིན་མེད་དོ། །གཡོན་གྱི་རླུང་གིས་ནི་བཟློག་པས་མུན་ནག་དང་། འཇའ་ཚོན། གློག་ཟླ་བའི་འོད་ཟེར་ཉི་མའི་འོད་ཟེར་ལྟ་བུ་བྱུང་སྟེ། མཐོང་སྣང་དང་རྨི་ཉམས་ཅི་རིགས་པར་འབྱུང་ངོ་། །ལྟ་བ་རང་བྱུང་ཡེ་ཤེས་བཞི། །ཉོན་མོངས་པ་དང་རྣམ་པར་རྟོག །སྣྲེལ་ཞི་གསལ་ཞིང་ཡང་བའོ། །ཉོན་མོངས་པ་རང་བྱུང་གི་ཏིང་ངེ་འཛིན་ནི། ཡུལ་ལས་མ་བྱུང་བར་སྙིང་གའི་ཡིག་འབྲུ་ལ་རླུང་སེམས་འདུས་པས་ཉོན་མོངས་ལྔ་སྐྱེ་བའོ། །རྣམ་རྟོག་


DNG019_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་ཏིང་ངེ་འཛིན་རྩ་རོ་རྐྱང་གཉིས་སུ་རླུང་སེམས་འདུས་པས་གཟུང་འཛིན་གྱི་རྣམ་རྟོག་སྐྱེ་བའོ། །སྣྲེལ་ཞི་རང་བྱུང་གི་ཏིང་ངེ་འཛིན་ནི། དབུ་མའི་སྣ་རྩེར་ཨ་ལ་རླུང་སེམས་འདུས་པའོ། །གསལ་ཞིང་ཡང་བ་རང་བྱུང་གི་ཏིང་ངེ་འཛིན་ནི། ཟུང་འཇུག་གི་ཧཱུྃ་ཧཱུྃ་ལ་འདུས་པས་སེམས་གསལ་ལུས་ཡང་འབྱུང་བ་ཡིན་ནོ། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་པས། །ས་གཞི་རིགས་དྲུག་སྐད་ཀྱང་ཤེས། །རིགས་དྲུག་གི་རྒྱུ་འབྲས་སམ་སོ་སོར་ཤེས་པ་དེ་དག་གི་སྐད་དུ་ཆོས་སྟོན། ཨཱ་ལི་ཀཱ་ལི་ལ་དབང་ཐོབ། ཚིག་མཆོག་གྲུབ་ཐ་སྙད་ལས་འདས་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ། ཚངས་པའི་དབྱངས་སུ་འགྱུར་བ་ལ་སོགས་པའི་ཡོན་ཏན་རྒྱུད་ལ་འཆར་རོ། །གྲུབ་མཐའ་མ་སྙོགས་འདའ་ཀ་མ། །རླུང་ནི་དབུ་མར་ཐིམ་པའོ། །གྲུབ་མཐའ་མ་སྙོགས་འདའ་ཀ་མ་འོད་གསལ་བ་ནི། འཆི་ཀ་མར་རླུང་གི་རྐྱེན་བྱས་ནས་རླུང་ཐམས་ཅད་དབུ་མར་ཞུགས་ཏེ་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་སྐྱེ། རྩ་བྲན་གྱི་རླུང་ཐམས་ཅད་རྩ་ཕོ་བྲང་བཞིར་འདུས་ཏེ། དེ་ཚོ་ཡང་རྩ་གཙོ་བོ་གསུམ་དུ་འདུས། དེ་གཉིས་དབུ་མར་ཐིམ་སྟེ། བསྒོམ་ཉམས་རང་བྱུང་གི་ཏིང་ངེ་འཛིན་དང་འདྲེས་ནས། བར་དོ་མེད་པར་གྲུབ་མཐའ་སྙོགས་ཏེ་རིག་འཛིན་འཐོབ་པའོ། །འབྲས་བུ་ལུས་ཀྱི་ཡི་གེ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་གྲུབ་ཐོབ། །རང་གི་ལུས་ལ་སྔགས་ཡི་གེར་གནས་པ་ཉིད་ཡེ་ནས་ལོངས་སྤྱོད་རྫོགས་པའི་སྐུར་གནས་པ་ལ། དེ་ཉིད་ཐོབ་པས་ན་འབྲས་བུ་ལོངས་སྤྱོད་ཀྱི་རྫོགས་པའི་སྐུ་ཐོབ་པའོ། །མན་ངག་གི་གནད་ཀྱིས་ཟིན་པའོ། །ཤེས་རབ་ཡེ་ཤེས་དབང་དོན་བསྒོམ། །དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ། །ལམ་ན་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་ཡིན་ནོ། །དེ་ལ་ལྔ་སྟེ་ལུས་ངག་མཉམ་པ་དང་། འདོད་པ་མཉམ་པ་དང་། བྱིན་རླབས་མཉམ་པ་དང་། རིག་ལ་དག་པ་དང་། མན་ངག་གནད་ཀྱིས་ཟིན་པའོ། །ལུས་ངག་ལུས་ངག་མཉམ་པ་ནི་ཡབ་ཡུམ་གཉིས་ཀ་ལྷ་བསྒོམ་པ་དང་སྔགས་བཟླས་པའོ། །འདོད་པ་འདོད་པ་མཉམ་པ་ནི་ཡབ་ཡུམ་གཅིག་ལ་གཅིག་བརྟེན་ནས་སངས་རྒྱས་འདོད་པའོ། །བྱིན་རླབས་མཉམ། །བྱིན་རླབས་མཉམ་པ་ནི། ཡབ་ཡུམ་མཁའ་གསང་བསྣོལ་མར་བྱིན་གྱིས་རློབ་ནུས་པའོ། །སྐྱེ་བ་དག་པའི་རིགས་མ་རྣམས། །སྐྱེ་བ་དག་པ་ནི་སྔར་བཤད་པ་ལྟར་དང་བྱེ་བྲག ༈ ། རི་དྭགས་ཅན་མ་ནི་རི་དྭགས་ཀྱི་རོ་སྟོད་འདྲ་སྟེ་ནུ་མ་མཁྲང་བ། རི་དྭགས་ཀྱི་རོ་སྨད་འདྲ་སྟེ་སྨད་ཤ་རྒྱས་པ། རི་དྭགས་ཀྱི་སྐེད་པ་འཕྲ་སྟེ་ཕྲ་ལ་འགྲོས་དལ་བ། ལྟ་སྟངས་སྐྱེས་པ་མཐོང་ན་མིག་མི་འཛུམ་པ། དབུགས་དང་དྲི་ལ་གླ་རྩི་བྲོ་བ་སྟེ། མདོར་ན་རི་དྭགས་གླ་བ་དང་ཡུམ་ཆོས་མཐུན་པའོ། །དུང་ཅན་མ། །དུང་ཅན་མ་སྤྱིར་རུས་པ། རཀྴ་འཇམ་ལ་དཀར་བ་ལྟེ་བ་ནང་དུ་གཡས་སུ་འཁྱིལ་པའི་རི་མོ་ཡོད་པ། ལུས་སྟོབས་ཆེ་ཞིང་མྱུར་བ་སྐད་གདངས་


DNG019_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང་རིང་བའོ། །མདོར་ན་དུང་གི་ཆོས་དང་ཡུམ་དེ་མཐུན་པའོ། ༈ །གླང་པོ་ཅན་མ་ནི་སྤྱིར་ལུས་ཀྱི་ཤ་ཆེ་ཞིང་ཡན་ལག་ཐུང་བ་སྟོབས་ཆེ་ཞིང་མིག་ཆུང་བ། རྣ་ཤ་ལ་རིང་བ། རྔུལ་བྱུང་བའི་ཚེ་དྲི་ཞིམ་པ་ལོག་ཤེས་ཆེ་ལ་འཛངས་པ། ཁྱད་པར་དུ་བུ་སའི་ཚོགས་སྡང་བའོ། །དང་རི་མོ་ཅན་མ་ནི་ཤ་ཆུང་ལ་དམར། ལྟེ་བའི་སྟེང་ན་རི་མོ་འགྲེང་བུ་གསུམ་ཡོད་པ། མཛོད་སྤུ་ན་རི་མོ་འགྲེང་བུ་གཅིག་ཡོད་པ། མུར་གོང་གི་མཐའ་གཉིས་ན་དར་ཐོད་ལྟ་བུའི་རི་མོ་ཡོད་པ་སྤྱིར་ཚིགས་ཐམས་ཅད་རིང་བ་འདི་ནི་ཁྱད་པར་དུ་བསྔགས་སོ། །སྣ་ཚོགས་མ་ནི་དེ་དག་བཞི་གའི་ཡོན་ཏན་དང་ལྡན་པའམ་གསུམ་མམ་ཡང་ན་གཉིས་ཀྱི་ཡོན་ཏན་དང་ལྡན་པའོ། །དང་སྦྱངས་པས་དག་པ་ནི་ཐོས་བསམ་དང་བསླབ་པས་རྒྱུད་ཡོངས་སུ་དག་པ་དང་། དབང་གིས་དག་པ་དང་། རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས་དག་པའོ། །དེ་ཡང་སྐྱེ་བས་དག་པས་མཚན་དང་ལྡན་པ། སྦྱངས་པས་དགང་སྣོད་དུ་རུང་བར་བྱས་པའོ། །བསྙེན་པ་སྐད་ཅིག་དང་པོ་ལ། །དགའ་བའི་ཡེ་ཤེས་སྐྱེ་བ་ནི། །གཟུགས་དང་དྲི་ལས་བདེ་བ་བསྒོམ། །དང་པོར་དབབ། དེ་ནས་བཟུང་། དེ་ནས་བཟློག །དེ་ནས་ཁྱབ་པར་བྱ། མཐར་མི་ཉམས་པར་བསྲུང་ངོ་། །དེ་ལ་དང་པོ་ནི། རྟེན་ཡོངས་སུ་དག་པའི་ཡུམ་དེ་ཉེ་རིང་རན་པར་བྱས་ལ། དེའི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བལྟ་ཞིང་། དེས་འདོད་ཆགས་ཀྱི་མེ་འབར་བས་ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐས་བསྲུང་། བལྟ་བའི་འགྱུར་བས་བསྲུང་། གསང་ཐུབ་པར་བྱ། དེ་ཐམས་ཅད་ལ་བདེ་བ་དང་། མི་རྟོག་པའི་ཉམས་ཅི་སྐྱེས་པ་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་། དེ་ལྟར་ཐིག་ལེ་དབབ་ཅིང་། སྤེལ་ཞིང་བཟུང་། བཟུང་ཞིང་རིམ་གྱིས་བཟློག་ཅེས་བྱ་བ་གསུམ་འདྲེལ་བ་ཅན་དུ་འབྱུང་། དེ་ནི་བྱ་བ་མང་ལ་བདེ་བ་ཆུང་བས་ན་སྐད་ཅིག་མ་དང་རོ་ལ་དགའ་བའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་སྐད་ཅིག་མ་དང་པོ་ལ་བསྙེན་པ་བྱ་བའོ། །ཉེ་བའི་བསྙེན་པ་བྱ་བ་ཡང་། །བྷོ་ལ་ཀ་ཀོ་ལ་སྦྱར་ཞིང་། །སྐད་ཅིག་གཉིས་པ་མཆོག་དགའ་ཡི། །ཡེ་ཤེས་ཐིག་ལེ་འབར་བའི་དྲོད། །དེ་ནས་ཉེ་བའི་བསྙེན་པ་ལ། བྷོལ་དང་ཀ་ཀོ་ལ་མཉམ་པར་སྦྱར་ཞིང་། ཡང་འདོད་ཆགས་ཀྱི་མེས་ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐའ་དང་བལྟ་བའི་འགྱུར་བས་བསྲུང་། གསང་ཐུབ་པར་བྱ། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་གཉིས་པ་ལ་བྱ་བ་ཆུང་བདེ་བ་ཆུང་བས་མཆོག་དགའི་ཡེ་ཤེས་སོ། །དགའ་བ་དང་མཆོག་དགའ་དེ་གཉིས་ནི་ཐིག་ལེ་དབབ་ཅིང་བདེ་བ་ཤུགས་ཆེ་བས་ཐིག་ལེ་འབར་བའི་དྲོད་ཅེས་བྱའོ། །དེ་ལ་བསྙེན་པ་ཞེས་ཀྱང་བྱའོ། །སྒྲུབ་པ་བསྲུངས་པས་སྐད་ཅིག་གསུམ། །དགའ་བྲལ་བདེ་བ་གཡོ་བའི་དྲོད། །ཟིན་རྟགས་བྱུང་ནས་རྩ་བཙལ་ལ། །རྡོ་རྗེ་པདྨ་རྩ་དང་ནི། །ཐིག་ལེ་རླུང་དང་བད་


DNG019_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆུད། །སྒྲུབ་པ་ནི་དེ་ནས་རྡོ་རྗེས་པདྨ་བསྲུབས་པས། བདེ་བ་མི་རྟོག་པ་དང་ལྡན་པར་འགྱུར་ཏེ། སྔ་མ་བཞིན་ཐིག་ལེ་དབབ་པའི་བདེ་བ་དང་མི་རྟོག་པ་བསྒོམ། བགྲད་པའི་མཐའ་བསྲུང་། གསང་ཐུབ་པར་བྱ་བ་གཅེས། འདིའི་དུས་སུ་བདེ་བ་མི་རྟོག་པ་དང་ལྡན་པས། སྐད་ཅིག་མ་གསུམ་པ་ལ་དགའ་བྲལ་གྱི་དགའ་བ། ཐིག་ལེ་ཅུང་ཟད་གྱེན་དུ་གཡོ་བས་ན་ཐིག་ལེ་གཡོ་བའི་དྲོད་ཅེས་ཀྱང་བྱའོ། །དེ་ཙམ་ན་ཐིག་ལེ་བཟུང་དཀའ་བར་གྱུར་ན། སྟེང་རླུང་རྣམ་པར་འགོག་པ་རྩོལ་བ་བཀག་ནས་སྲོག་ནས་དྲང་བའམ། འགྱུར་བ་རྣམ་པ་དྲུག་ལ་སོགས་པས་འདིར་ཐིག་ལེ་བསྲུང་། བསྲུང་བ་སླ་ན་སྐད་ཅིག་མ་བཞི་པ་བསྲུང་། དེ་ཙམ་ན་སྲིན་པོའི་ལམ་བེམ་བེམ་ལྕེ་ཡོར་ཡོར་བྱེད། །ཙུབ་ཙུབ་བྱེད་པ། དྲི་ཆེན་དྲི་ཆུ་ཡང་རེས་མི་ཐོན། རེས་མི་ཐེས་སམ། བདེ་བ་བཟོད་པས་སྐྲ་རྩ་སང་སང་བྱེད་པ། གཡལ་དང་མཆི་མ་འབྱུང་། ཅི་རིགས་པ་འབྱུང་བའི་ཚེ་ཐིག་ལེ་ཟིན་པ་ཡིན་ནོ། །དེ་ཙ་ན་རྟེན་ཡོངས་སུ་དག་པའི་བུད་མེད་ལ་རྒ་གཏད་པ་ལ་སོགས་པས་རྩ་བཙལ་ལ། བྱིན་གྱིས་རླབས་པ་གསུམ་སྔོན་དུ་སོང་བས། རྡོ་རྗེ་དང་པདྨ་གཉིས་ཁ་སྦྱོར། རྩ་གཉིས་ཁ་སྦྱོར། ཐིག་ལེ་གཉིས་པ་སྦྱོར་རླུང་གཉིས་ཁ་སྦྱར་དུ་གྱུར་པས་བདེ་སྟོང་ཟུང་དུ་ཆུད་ཅིང་བདེ་བ་ངོས་བཟུང་དང་བྲལ་བའི་ཏིང་ངེ་འཛིན་སྐྱེ་སྟེ། འདིར་ཡང་ཏིང་ངེ་འཛིན་དེ་བསྐྱང་། བགྲད་པའི་མཐའ་ལ་སོགས་པས་བསྲུང་། གསང་ཐུབ་པར་བྱ་བ་གཉིས་པ་གཅེས་སོ། །བདེ་བ་བརྟག་པར་བྱ་བ་གཅེས། །དེ་ལ་མི་མཁས་པ་ནི་སྤྱིར་བཞི་ལས་དབབ་པ་དག་ལ་མ་མཁས་ན། །ཐིག་ལེ་མྱུར་དུ་ཉམས་པར་འགྱུར། །དེའི་གཉེན་པོར་སྤྱིར་མཁས་པ་བཞི་ལས་དབབ་པ་ལ་མཁས་པ་ནི་རུས་སྦལ་འགྲོས། །རྒྱ་མཚོར་རི་རབ་ལོག་ལ་ལྟོ་བ་སྒལ་བ་ལ་སྦྱར་སྐམ། །གླིང་བཞི་དབང་དུ་བསྡུ་བ་ཡན་ལག་བཞི་ལུས་མ་མོ་ལ་བསྐུམ་དང་། །རོ་འཛིན་རང་ག་གནས་སུ་སྦྱར་ལྕེ་ཡར་དཀན་ལ་སྦྱར། །དབང་པོའི་མཆོག་ནི་སྟེང་དུ་མིག་གཉིས་གྱེན་ལ་བཟློག་སྟེ་ཐོད་པའི་ནང་དུ་དྲིལ་བཞག །ངག་སྟོབས་ཧཱུྃ་དྲག་ཏུ་རིང་དུ་དྲང་། །ཏིང་འཛིན་ཐིག་ལེ་ཧཱུྃ་དྲག་གཞུ་ལ་ཕཊ་ཀྱིས་འཕུལ་བའི་མདའ་བརྡེག་སྟེ་དྲུག་པོ་དུས་གཅིག་ལ་འོང་གཞུ་འཕང་། །ཡང་ན་འདི་ལུས་ཀྱི་སྤྱོད་ལམ་ལྡན་བྱས་ནས། །ལག་གཡས་ཉི་མ་གཡོན་པ་ཟླ། །པུས་མོ་གཉིས་ལ་བསྣོལ་མར་གདབ། །ཧཱུྃ་ཐུང་ཧཱུྃ་རིང་མདུན་དུ་དགུག །གཡས་གཡོན་དག་ཏུ་གསུམ་གསུམ་སྟེ། །བུད་པ་གསུམ་བསྟུད་མར་བྱ་དང་རྔུབ་པ་གསུམ། །འཁོར་བ་དག་ཏུ་སྦྱར་བར་བྱ། །ཉི་མ་དག་ནི་གསུམ་པ་ལ། །


DNG019_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཟིན་ན་ཐིག་ལེ་ཟིན་སྦ་བ་སྦུབས་སུ་ནུབ་པར་འགྱུར། །ཡང་ན་བྱིན་གྱིས་བརླབ་རྟེན་རིག་མ་བྱིན་གྱིས་བརླབ་པ་དང་ལུས་ངག་གི་འགྱུར་བ་བྱ་སོགས་བྱས་ནས་ནི། །སྲིན་པོའི་ལམ་ནི་ཅུང་ཟད་བསྡམ་བསྲུང་བ་ནི་བཤང་གཅིའི་ལམ་བསྡམ། །གུང་མཛུབ་གཉིས་ནི་དྲག་ཏུ་ཁར་གཞིབས། །མིག་གཉིས་སྟེང་དུ་བགྲད་པར་བྱ་ཐོད་པའི་ནང་དུ་བསྒྲིལ་བ། །འདིས་ནི་ཐིག་ལེ་འཛིན་པར་འགྱུར། །ཡང་ན་ཧལ་ཧལ་ངག་ཏུ་འདྲེན་པ་ཞི་དྲག་ལས་དྲག་ཏུ་དྲང་བའོ། །དྲག་ཏུ་བརྗོད། །ལུས་ཀྱི་འཁྲུལ་འཁོར་གཞན་ཡང་བྱ། །ཁམས་བདུད་རྩི་ཐིག་ལེ་ཉིད་རླུང་དང་འདྲེས་ནས་གནས་པས་རླུང་ཟིན་ན་ཐིག་ལེ་ཡང་འཛིན་པ་སྟེ་ལུས་གནད་དོ། །འདིས་ཀྱང་ཐིག་ལེ་འཛིན་པར་འགྱུར། །གཟུང་བའི་མན་ངག་མ་མཁས་ན། །ཐ་མལ་བའི་ལུགས་དང་མཐུན་པར་འགྱུར་བའོ། །བདེ་བ་ཡུན་ནི་ཐུང་བ་ཡིན། །གཟུང་བ་དག་ལ་མཁས་པ་ལ། །ལུས་ངག་འགྱུར་བ་གསུམ་དང་གཅིག །སྒྲུབ་པ་ཆེན་པོ་ནི་སྐད་ཅིག་བཞི་པ་ལ། །ཐིག་ལེ་བརྟན་པའི་དྲོད་ཡིན་ནོ། །རི་དྭགས་ཀྱི་འགྱུར་བ་བཞིས་བསྲུང་བ་ནི་གླང་ཆེན་ཧིང་དང་སྟག་མོའི་ཚང་མ་དུར། །གཅན་གཟན་སྐྱུག་པ་ལྟར་ལྟོ་བ་སྐོང་སྐོང་བྱ་བ་དང་ཝ་ལྟར་བསྣོམ་བསྣོམ་བྱ། །ལྟེ་ཧིག་སྙིང་ཧག་མགྲིན་གཅན་གཟན་པ་སྤྱི་གཙུག་ཝ་ལྟར་བསྣོམ་དྲང་། །བཟློག་པ་མ་མཁས་ན་ཐིག་ལེ་ཆུ་དང་བསྡོངས་ནས་འཛག། །བཟླག་མཁས་དུད་འགྲོའི་འགྱུར་བ་བཞི། །དེ་ནས་ལུས་ཀྱི་འགྱུར་བ་བྱ་བ་ནི་རླུང་གི་སྐེ་རགས་ལག་པ་སྐད་པ་ལ་བཅིང་། །དེ་བཞིན་དུ་ལག་པ་ཞགས་པ་འཕང་བ་ལྟར་བྱ་བ་དང་། །ལུས་ཀྱང་གཏུན་ཤིང་གི་འཁོར་ལོ་ལྟར་བསྐོར། །བུ་ཆུང་ལྟར་མགོ་གཡས་གཡོན་དུ་འཇོག་འཇོག་བྱ་སྤྱོད་ལམ་བྱས་པས་ནི། །ལུས་ལ་དགྲམ་པར་སེང་གེ་ཁྱི་ཚུགས་སུ་འདུག་པ་ལྟར་བྱ་བྱས་པས་ཁྱབ། །རྣམ་གྲོལ་རྒྱ་སེང་གེ་གངས་ཀྱི་སྟོད་དུ་འགྲོ་བ་ལྟར་འཕྱོང་བར་བྱ་ཡི་ལུས་ལ་དགྲམ། །ལུས་ལ་ཐིག་ལེ་དགྲམ་པ་མ་མཁས་ན་ནད་དུ་འགྱུར། །ཁྱབ་པར་མཁས་པ་རྣམ་གྲོལ་རྒྱ། །བདེ་བ་སྐྱེས་ནས་གང་བས་འཛག་པ་ནི། །འགྱུར་བ་དྲུག་དང་། ངག་འདྲེན་བཞི་དྲག་དང་། ཁྱད་པར་སྟོབས་ཀྱི་ཧཱུྃ་གིས་བསྲུང་། གདོན་དང་བག་ཆགས་རྨི་ལམ་འཛག །གུ་གུལ་ནག་པོ། མིའི་ཀླད་པ། ཉུང་དཀར་བསྲེག་


DNG019_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐལ་བ། པདྨ་རཀྟས་བསྲུང་། ནད་གཞི་ཆུ་དང་བསྡོངས་ནས་འཛག །ཁ་ཟས་བཅུད་ཅན་དང་། རྩ་བ་གསུམ་གྱི་ཕྱི་མ་བསྟེན། རིག་མའི་རྐྱེན་གྱིས་ཆགས་སྐྱེས་འཛག ། འགྱུར་བ་དྲུག་དང་བགྲད་པའི་མཐས་བསྲུང་། ཁ་ཟས་མི་མཐུན་རང་ཉམས་འཛག །མེ་ཏོག་འབྱར་བྱེད་སྨིན་པ་དེ་ཞིབ་པར་བཏགས་པ་ལ་མ་ལ་བཏབ་ལ་ལྟོར་གཏང་། སྤྱོད་ལམ་རྔུལ་དང་བསྡོངས་ནས་འཛག །ལུས་མ་རྔུལ་བར་བྱ ལྟ་བ་ལྷན་ཅིག་སྐྱེས་དགའ་ནི། །གོ་རིམ་ལྟོས་པའི་དགའ་བ་བཞི། ༈ །དགའ་བ་བཅུ་དྲུག་ཏུ་འགྱུར་ཏེ། དེ་ལ་གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ནི་གོང་དུ་བསྟན་པ་སྟེ། སྐད་ཅིག་མ་དང་བ་དགའ་བའི་ཡེ་ཤེས། གཉིས་པ་མཆོག་དགའི་ཡེ་ཤེས། གསུམ་པ་དགའ་བྲལ་གྱི་ཡེ་ཤེས། བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཏེ་བདེ་བ་བཞིའོ། །ཕྱི་ནང་གནས་ཀྱི་དགའ་བ་བཞི། །གཉིས་པ་གནས་ལ་ལྟོས་པ་ལ་གཉིས་ལས། ཕྱིའི་གནས་ལ་ལྟོས་པ་དང་། ནང་གི་གནས་ལ་ལྟོས་པའོ། །ཕྱིའི་གནས་ལ་ལྟོས་པ་ནི། ལུས་ཀྱི་གནད་ཁོལ་བུ་ཁོལ་བུར་སྐྱེ་བ་དགའ་བ། ལུས་ཕལ་ཆེར་སྐྱེས་ནས་མཆོག་དགའ། ལུས་ཐམས་ཅད་ལ་ཁྱབ་པར་སྐྱེས་ན་དགའ་བྲལ། སྣང་བའི་དངོས་པོ་ཐམས་ཅད་བདེ་བར་འཆར་ན་ལྷན་ཅིག་སྐྱེས་དགའ་འོ། །ནང་ལ་ལྟོས་པ་ནི། སྤྱི་བོ་ནས་མགྲིན་པའི་བར་དུ་དགའ་བ། མགྲིན་པ་ནས་སྙིང་གའི་བར་དུ་མཆོག་དགའ། སྙིང་ག་ནས་ལྟེ་བའི་བར་དུ་དགའ་བྲལ། ལྟེ་བ་ནས་གསང་གནས་བར་དུ་ལྷན་སྐྱེས་སོ། །བདེ་བས་སྤང་བྱ་སྤོང་བ་བཞི། །གསུམ་པ་སྤང་བྱ་ལ་ལྟོས་པ་བཞི་ནི། གཟུང་འཛིན་གྱི་རྣམ་རྟོག་རགས་རིམ་འགོག་པ་ནི་དགའ་བ། བདག་གི་རྣམ་རྟོག་རགས་རིམས་འགོག་པ་མཆོག་དགའ། ཕྱག་རྒྱའི་རྣམ་རྟོག་འགོག་པ་དགའ་བྲལ། དགའ་བ་གསུམ་པའི་རྣམ་རྟོག་འགོག་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །རང་གི་ངོ་བོ་ཤར་བའོ། །བཞི་པ་ངོ་བོ་ཉིད་བཞི་ནི། བདེ་བའི་ཉམས་མྱོང་ཆུང་བ་དགའ་བ། བདེ་བ་ཆེར་འབར་བ་མཆོག་དགའ། བདེ་བ་མི་རྟོག་པ་དང་ལྡན་པ་དགའ་བྲལ། བདེ་བ་སྟོང་པ་དང་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆུང་ཞིང་། །བཅུ་གཅིག་བཅུ་གཉིས་ས་ནི་མྱང་འདས་ལ་སོགས་པ་ངོ་བོ་ཅི་རིགས་པ་རྣམས་བདེ་སྟོང་དུ་རྟོགས་པ་འབྱུང་སྟེ། ས་བཅུ་གཅིག་པ་དང་བཅུ་གཉིས་པའོ། །པའོ། །འདའ་ཀར་རྡོ་རྗེ་སེམས་བྱོན་འགྱུར། ༈ །དང་པོ་འབྱེད་པ་དང་། བར་དུ་གནས་པ་དང་། ཐ་མ་འཆི་བ་ཐམས་ཅད་ལས་ཀྱི་རླུང་གིས་བྱེད་པས་འཆི་བ་ལས་ཀྱི་རླུང་གིས་རྐྱེན་བྱས་ནས་ལས་ཀྱི་རླུང་ལོག་པས་རྩ་མདུད་རྣམས་དྲལ། དེས་སེམས་ཀྱི་རྟེན་ཁམས་ཐིག་ལེ་ལྷན་ཅིག་ཏུ་ཚོགས་ཏེ། ཁུ་བ་ཅུང་ཟད་ཞུགས་པ་ལས། འཆི་ཁར་བདེ་སྟོང་


DNG019_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྐྱེ་སྟེ། རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ། དེ་སྔར་གྱི་བདེ་སྟོང་གི་བལྟ་བ་དང་འདྲིས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པའོ། །ལུས་ཁམས་བདུད་རྩི་ཆོས་སྐུ་ར་གནས་པ་སྟེ་དེ་རྟོགས་ནས་གྲོལ་བའོ། །ཐོབ། །བདེ་བ་ཆེན་པོའི་དབང་བསྒོམ་ན། །བདེ་བ་ཆེན་པོའི་དབང་ལྔ་སྟེ། ལམ་ནི་རྡོ་རྗེའི་རྦ་རླབས་ཏེ། །ལམ་དང་བལྟ་བ་དང་གྲུབ་མཐའ་དང་། འདའ་ཀ་མ་དང་། འབྲས་བུའོ། །དེ་ལ་དང་པོ་ལུས་སྦྱང་བ་ལ་སོགས་པ་སྔོན་དུ་སོང་ནས། བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱ་སྟེ། སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས། འོག་རླུང་བསྐྱེད་པ་ལུས་ཀྱི་རྦ་རླབས། དེ་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་བསྒོམ་སྟེ། ཡང་རབ་ཡུམ་པདྨ་ཅན་དངོས་སམ། འབྲིང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལམ་སྦྱང་བ་ལས། དེ་ལ་གསུམ་དང་པོ་ཐབས་རྒྱུད་དག་པར་བྱ་བ། དེ་ནས་ཤེས་རབ་རྒྱུད་དག་པར་བྱ་བ། དེ་ནས་གཉིས་ཀའི་རྒྱུད་སོ་སོར་དག་པར་བྱའོ། །དེ་ཡང་ལུས་ངག་མཉམ་པ་ལ་སོགས་པ་གསུམ་ཤེས་རབ་ཡེ་ཤེས་ཀྱི་ལམ་དང་འདྲ་བར་བྱས་ལ། དེ་ནས་སྐད་ཅིག་གིས་ཐབས་ཤེས་རབ་ལ་སྙོམས་པར་ཞུགས་པ་ལས་ཡབ་ཡུམ་གཉིས་ཀྱི་ཁམས་དྭངས་མ་མཆོག་གི་ཟེ་བར་བྱོན། ཐིག་ལེ་འོད་ཟེར་གྱི་ཁྲོ་བོའི་རྣམ་པར་འགྱུར། རྩ་གཡས་ཀྱི་རོ་མ་ནས་སོང་ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་སལ་སལ། གློ་བ་བུས་པ་བཞིན་དུ་ལྟར་ལྟར། ཡང་གཡས་རོ་མ་ནས་སོང་ནས་སྙིང་གར་བྱོན། ཆོས་གསུམ་ལྡན་དུ་དྲན་ཡང་རོ་མ་ནས་སོང་། རྣ་བ་གཡས་ནས་འོད་ཟེར་རྣམ་པར་འཕྲོས། འོད་ཟེར་གྱི་སྣང་བ་ལས་ལྷག་པའི་ལྷའི་དཀྱིལ་འཁོར་སྤྲོ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབང་བཞི་བསྐུར། སེམས་ཅན་རྣམས་ལྷག་པའི་ལྷར་བྱས། གཉིས་འདྲེས་བདུད་རྩིའི་བཅུད་དུ་གྱུར། བདག་གི་རྒྱུད་སྐུ་ལྔར་བསྒྱུར་ནུས་པས་ཚངས་པའི་སྒོར་ཞུགས། སྤྱི་བོར་ཆོས་གསུམ་ལྡན་དུ་དྲན། མགྲིན་པར་བྱོན་རཀྟ་གཙོ་བས་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་གར་བདུད་རྩི་གཙོ་བས་འོད་ཁ་དོག་ལྔར་གྱུར། རྩ་དག་བའི་ལམ་ལྟ་བ་ནས་བྱུང་ནས། ལྟེ་བ་རྩ་མདུད་ཡངས་པ་ནས་ཡུམ་གྱི་མཁར་སྔ་མ་བཞིན་དུ་གནས་སོ། །དེ་ནི་གཡས་བཟུང་བའི་རྦ་རླབས་རེངས་པ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཞེས་བྱ་བ་འབྲས་བུ་དང་པོའོ། །དེ་བཞིན་དུ་གཡོན་དུ་ཡང་བྱ་སྟེ། འཛིན་པའི་རྦ་རླབས་རེངས་པ། རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་སྟེ་འབྲས་བུ་གཉིས་པའོ། །དེ་བཞིན་དུ་དབུ་མར་ཡང་བྱ་སྟེ། བྱོན་པའི་དུས་སུ་ཐིག་ལེ་ཉུང་དཀར་ཙམ་དུ་དབབ་བོ། །གཟུང་འཛིན་གཉིས་ཀའི་རྦ་རླབས་རེངས་པ། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དེ་འབྲས་བུ་གསུམ་པའོ། །ཐབས་རྒྱུད་དག་པར་བྱ་བ་བསྟན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་རྒྱུད་ལ་ཡང་རྩ་


DNG019_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་གཉིས་ནས་ནི། རྣ་བ་གཉིས་ཀྱི་སྒོར་བྱོན་པ་ཙམ་ལས་ཕྱིར་འཕྲོ་བ་ནི་མེད་དོ། །དབུ་མ་ནས་སོང་སྟེ། ཚངས་པའི་སྒོ་ནས་སྤྲོ་བ་དང་བསྡུ་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ་འདྲ་བར་བཞེད་དོ། །རྦ་རླབས་གསུམ་རེངས་པ་དང་། རྣམ་ཐར་སྒོ་གསུམ་དང་སྦྱོར་བ་ཡང་སྔ་མ་བཞིན་ཤེས་པར་བྱའོ། །ཡབ་སྦྱོར་བའི་དུས་སུ་ཡང་ཡུམ་གྱིས་ཡང་ཡབ་སྦྱར་ལ། ཡུམ་ལ་དེས་འགྲེའོ། །དེ་ནས་ཐབས་ཤེས་ཀྱི་རྒྱུད་སོ་སོར་དག་པར་བྱ་བའི་ཕྱིར། ཡབ་ཉིད་ཀྱི་དབུ་མ་ནས་ཁམས་དྭངས་མ་དེ་འོད་ཟེར་གྱི་རྣམ་པར་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཡུམ་གྱི་ཡང་དེ་བཞིན་དུ་ཐིམ་སྟེ། གཉིས་ཀ་ཡང་སྐུ་ལྔ་ལྷུན་གྱིས་གྲུབ་པར་དྲན་པ་ཙམ་བྱའོ། །ཉམས་དེ་གང་དུ་སྐྱེ་བ་ནི་ངེས་པ་མེད་དོ། །ཅི་སྐྱེས་བྱུང་རྒྱལ་དུ་གཏང་ངོ་། །པདྨ་ཅན་ལ་ལུས་ངག་ཡིད། །ཐབས་ཤེས་གཉིས་ཀའི་རྒྱུད་དག་པས། །སྲོག་ཤིང་གསུམ་ལས་རྣམ་ཐར་སྒོ། །ཆོས་རྣམས་ཤིན་ཏུ་རྣམ་དག་པའི། །དེ་ཁོ་ན་ཉིད་བལྟ་བ་ནི། །མས་བརྟན་པ་ཡི་དགའ་བ་བཞི། །རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །དེ་ཉམས་སུ་མྱོང་བ་ལུས་ཀྱི་རྟགས་ནི། ལུས་སེམས་གཉིས་ཀ་གང་བྱུང་གི་རྟགས་ནི། ལྟེ་བའི་འཁོར་ལོ་ཁེངས་པས་འགྲོ་བ་ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། དེ་ཡང་སེམས་འབའ་ཞིག་ལ་བཞེད་པའི་རྟགས་ནི། དང་པོ་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཤས་ཆུང་སྟེ་ལྟེ་བའི་འཁོར་ལོའི་རྟགས་སོ། །སྙིང་གའི་འཁོར་ལོ་ཁེངས་པས་མངོན་ཤེས་ཅུང་ཟད་ཙམ་འཆར་རོ། །གཉིས་པ་སྙིང་གར་བདེ་སྟོང་འབྲིང་ངོ་། །རྣམ་པར་སྨིན་པས་སྟོབས་སྟེར་བྱེད། །སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །མགྲིན་པའི་འཁོར་ལོ་ཁེངས་པས་དཔུང་པ་དང་ལྕེ་དང་ལྕེའུ་ཆུང་འཕེལ་ཏེ། འཇིག་རྟེན་གྱི་ཁམས་ཀྱི་རོ་ཐམས་ཅད་ལ་ལོངས་སྤྱོད་ནུས་པའོ། །གསུམ་པས་མགྲིན་པར་བདེ་སྟོང་ཆེན་པོའོ། །དྲི་མ་མེད་པས་ནི་འཆི་མེད་འགྱུར། །སྐྱེ་བོའི་འཁོར་ལོ་ཁེངས་པ་ཚེ་ཉི་ཟླ་དང་མཉམ། རྫུ་འཕྲུལ་ཅུང་ཟད་སྟོན་ནོ། །བཞི་པ་སྤྱི་བོར་བདེ་སྟོང་ཆེན་པོའི་ཡང་ཆེན་པོར་འགྱུར་རོ། ༈ །གྲུབ་མཐས་མ་སྙོགས་འདའ་ཀ་མ། །ཕྱག་རྒྱ་ཆེན་པོར་འཕོ་བར་བྱ། །ཉེར་གཅིག་ཁུག་པ་བཅུ་བདུན་ལ། །སྐྱེ་དང་འབྲི་བས་རླུང་རྣམས་སྦྱང་། ༈ །དེ་ལ་སྦྱང་བ་ནི། རླུང་སྦྱངས་ཏེ། གང་ཡང་རུང་བའི་ཉི་མ་དང་པོ་ལ་སྲོག་རྩོལ་གྱི་རླུང་ཁུག་པ་བཅུ་བདུན་ཐུན་བཞིའི་ངེས་པས་བྱ། དེ་བཞིན་དུ་ཉི་མ་རེ་རེ་ལ་ཁུག་པ་རེ་རེ་སྤེལ་ལ། ཞག་ཉེར་གཅིག་གི་བར་དུ་སྦྱངས་ཏེ། ཉི་མ་ཐ་མ་ལ་སྲོག་རྩོལ་གྱི་རླུང་ཁུག་པ་སུམ་ཅུ་


DNG019_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བདུན་དུ་འགྱུར་རོ། །ཡང་ཉི་མ་དང་པོ་ལ་གཅིག་འབྲི། དེ་བཞིན་དུ་ཉི་མ་རེ་རེ་ལ་རེ་རེ་བྲི་བས་ཞག་ཉེར་གཅིག་ན་ཡང་སྔར་གྱི་ཚད་དུ་འགྱུར་རོ། །དེ་ལྟར་བཞི་བཅུ་རྩ་གཉིས་སུ་རླུང་སྦྱངས་པས་གཡས་དང་གཡོན་ནས་རླུང་རྒྱུ་བས་གསལ་བ་དང་། མེ་རླུང་རྣམ་པོ་རྒྱུ་བ་ལ་སོགས་པའི་རྣམ་པར་ངེས་པ་འབྱུང་ངོ་། །སྒྲ་ལ་གོམས་པར་རབ་བྱས་ནས། ༈ །གོམས་པ་ལ་གཉིས་ཏེ། སྒྲ་ལ་གོམས་པར་བྱ་བ་དང་། ཡི་གེ་ལ་གོམས་པར་བྱ་བའོ། །སྒྲ་ལ་གོམས་པར་བྱེད་པས་ལུས་གནད་ལ་ཕབ་ལ་ཧི་ག་ཅེས་པ་ཉེར་གཅིག་གིས་དྲང་ཞིང་། ཀི་ཧི་ག་ཅེས་པ་ཉེར་གཅིག་གིས་ངལ་གསོལ། དེ་ལྟར་ཐུན་བཞིར་ངེས་པས་ཞག་བདུན་སྦྱང་ངོ་། །ཡི་གེ་གོམས་པར་བྱེད་འདོད་ན། །ཡི་གེ་ལ་གོམས་པ་ལ་ཕྱི་ནང་གཉིས་སོ། །ཕྱི་ནི་དྲི་ཆེན་གྱི་ལམ་དུ་དམྱལ་བའི་སྒོ་འགེགས་པའི་ཡི་གེ་སྔོན་པོའོ། །དྲི་ཆེན་གནས་སུ་སྔོན་པོ་དམྱལ། །། བྱོལ་སོང་གི་སྒོ་འགེགས་པའི་སྨྻུཾ་དུ་བསྒོམ་མོ། །སེར་པོ་དྲི་ཆུའི་ལམ། །སྨྻུཾ། ལྟེ་བར་སྨྻུཾ་སྔོན་པོ་འདོད་ལྷ་འི་སྒོ་འགགས་པ་ཉིད་བསམ་མོ། །སྨྻུཾ། ཡི་དྭགས་མགོ་སྤྲད་ལྕེའུ་ཆུང་ཟླ། །སུམ་དཀར་དག་ཏུ་གནས་པའོ། །ལྕེའུ་ཆུང་གི་རྩ་བར་ཡི་དྭགས་ཀྱི་སྒོ་འགེགས་པའི་ཟླ་བ་ལ་སུཾ་དཀར་པོ་མགོ་སྤྲད་པའོ། །སྔོན་པོ་གནོད་སྦྱིན་སྣ་རུ་བཟླས། །སྣ་རུ་ཟླ་བ་གནོད་སྦྱིན་གྱི་སྒོ་འགེགས་པའི་ཡྃ་སྔོན་པོ་བསམ་མོ། །ཡྃ། རྣ་བ་གཉིས་དམར་གྲུབ་པའི་ལྷ། །རྣ་བ་གཉིས་སུ་གྲུབ་པའི་ལྷའི་ས་བོན་ཡུཾ་དམར་པོ་བསྒོམ་པའོ། །ཡུཾ། མི་དང་མི་རྒྱལ་སྔོན་པོ་མིག ། མིག་གཉིས་སུ་ཟླ་བ་ལ་ཧཱུྃ་སྔོན་པོ་མི་དང་མིའི་རྒྱལ་བར་སྐྱེ་བ་དགག་པའི་ཕྱིར་བསྒོམ་པའོ། །ཧཱུྃ། མཛོད་སྤུ་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དགག་པ་ནི་ཧཱུྃ་སྔོ་དཀར་བ། །། སྤྱི་བོའི་གཙུག་ཏུ་ཁ་དོག་དཀར་པོ་འི་ཀྵུྃ། །ཀྵུྃ། ཡི་གེ་མ་བུའི་སྦྱོར་བས་དགག །དེ་ལྟར་བརྩེགས་པའི་ཡི་གེ་བཞི་དང་རྐྱང་བའི་ཡི་གེ་བཞི་སྟེ་བརྒྱད་ཀྱིས་སྒོ་ཐམས་ཅད་དགག་པར་བྱའོ། །ནང་དུ་དཀྱིལ་འཁོར་ནང་གི་ཡི་གེ་ལ་གོམས་པར་བྱ་བ་ནི་འཁོར་ལོ་བཞི་སྟེ་རང་གནས་དཀྱིལ་འཁོར་བཞི་ལ་འབྱུང་བ་བཞི་དགག་གོ། །རྣམ་བཞི་ལ། །ཨཱ་ལི་གྱེན་ལྟ་ཀཱ་ལི་ཐུར། ༈ །རྩ་གཡས་གཡོན་གཉིས་སུ་ཨཱ་ལི་བཅུ་དྲུག་མདོག་དམར་པོ་མགོ་གྱེན་ལ་བལྟས་པ་རེ་དང་། ཀཱ་ལི་དཀར་པོ་མགོ་མཐུར་ལ་བལྟས་པ་གཉིས་གཉིས་སྤེལ་མར་བཀོད་པས། རྩ་གཡས་གཡོན་གཉིས་དགག་པ་སྟེ། དེ་ཡང་རྩོལ་བའི་དུས་སུ་མས་ཡར་གསལ་གདབ། སྲོག་གི་དུས་སུ་ཡས་མར་གསལ་གདབ་བོ། །གཡས་གཡོན་རྩོལ་བ་སྲོག་གི་དུས། །དེ་ཡང་ཐུན་བཞི་པས་ཞག་བདུན་དུ་གོམས་པར་


DNG019_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་འོ། ༈ །དེ་ནས་ལས་ལ་སྦྱར་བར་བྱ། །བདེ་འགྲོ་དག་ལ་སྦྱར་བར་བྱ། །མི་འདོད་སྒོ་བཀག་འདོད་སར་འབྱིན། ༈ །དང་པོར་བདེ་འགྲོ་ལ་སྦྱར་བ་ནི། །ངེས་པར་འཆི་བའི་ཚེ། སྔོན་འགྲོ་བུམ་དབང་གི་འདའ་ཀ་མ་བཞིན་བྱས་པའམ། མ་བྱས་ཀྱང་རུང་སྟེ། ལུས་ཙོག་པུར་གནད་ལ་ཕབ་ལ། རྩ་དབུ་མ་སྤྱི་གཙུག་ནས་འོག་སྒོར་གསལ་བ་ལས། རླུང་ལྡང་འཇུག་གནས་པ་སྦྱང་ངོ་། །ཕྱི་སྒོ་ཐམས་ཅད་ཡི་གེས་བཀག་ལ། མིག་ལ་སོགས་པ་བདེ་འགྲོ་གང་འདོད་པའི་སྒོ་དེ་སྟོང་པར་བཞག་ལ། སྙིང་གར་རླུང་དང་ཟླ་བའི་སྟེང་དུ་སེམས་ཀྱི་རྟེན་ཧཱུྃ་གསལ་གདབ། ཧིག་གི་སྒྲ་ཉི་ཤུས་མགྲིན་པའི་བར་དུ་དྲངས། རྩ་གཅིག་པ་ལ་མངོན་པར་འདོད་པའི་སྒོ་དེ་ནས་འཕངས་ན། སྒོ་དེའི་རྟེན་འདྲེལ་ཉིད་ཀྱིས་བདེ་འགྲོ་དེ་དང་དེར་ལས་ལ་སྦྱང་བ་འགྲུབ་པར་འགྱུར་རོ། །གྲོང་གཞན་སྦྱར་བ་རྒྱལ་བུ་སོགས། །ལུས་ཀྱི་རྟེན་ལ་གཞུག་པ་དང་། །རྟགས་བྱུང་ཞི་དྲག་བྱ་བ་དང་། །དེ་ནས་དྲིན་ལན་བསབ་པར་བྱ། ༈ །གྲོང་གཞན་ལ་སྦྱར་བ་ནི། རྒྱལ་པོའི་བུ་ལ་སོགས་པའི་རོ་རྨ་མེད་པ། མ་རུལ་བ། ན་ཚོད་དང་རྗེས་སུ་མཐུན་པའི་རོ་རྙེད་ནས་རབ་ཡིན་པས་བླ་མ་ལ་ཁྲུས་བྱ། གུ་གུལ་ཀྱི་དུད་པས་བདུག །ལྷར་བསྐྱེད། གནས་གསུམ་བསྲུང་། ནུབ་དང་པོ་ལ་བསྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། གཉིས་པ་ལ་རྟེན་དེ་གནས་དབེན་པར་བཞག་ལ། དམ་ཚིག་མཁའ་འགྲོ་དང་ཤ་ཟ་མཁའ་འགྲོ་ལ་སོགས་པ་མཆོད་པས་མཉེས་པར་བྱ། ཉིན་གསུམ་པ་ལ། རང་གི་རླུང་ཤུགས་དང་། ཏིང་ངེ་འཛིན་གྱི་རླུང་ཤུགས་བརྟགས་ལ། ཉེ་རིང་ཚོད་ཟིན་པར་བྱས་ཏེ། ལུས་ཅི་རིགས་པ་གནད་ལ་ཕབ་ལ། ཕྱི་སྒོ་ཐམས་ཅད་སྔ་མ་བཞིན་ཡི་གེས་དགག །སྣའི་སྒོ་གཉིས་སྟོང་པར་གཞག །དེ་ནས་སྔར་སྦྱངས་པའི་རྩོལ་བའི་རླུང་གཉིས། སེམས་ཀྱི་རྟེན་སྙིང་ག་ན་གནས་པ་དེ་ལས་ཧཱུྃ་གཅིག་ཀྱེ་སྟེ། རྟེན་དེའི་སྣ་བུག་གཡོན་ནས་བཅུག་ལ་སྙིང་གར་བཞག །སྲོག་རླུང་ཅི་བདེར་འོད་དུ་གཞུག །དེ་བཞིན་དུ་ཡང་ནས་ཡང་དུ་བྱས་པས། རྟེན་དེའི་སྙིང་གར་དྲོད་བྱུང་བ་དང་། སྤྱི་བོར་ཡང་དྲོད་འབྱུང་། དེ་ནས་ལུས་ཐམས་ཅད་ལ་ཁྱབ་པ་དང་། མིག་འབྱེད་འཛུམ་དང་། སྨྲ་བ་ལ་སོགས་པ་འབྱུང་སྟེ། དེ་ཙམ་ན་སེམས་གཅིག་གིས་རྟེན་གཉིས་གཟུང་བའི་དུས་ཞེས་བྱ་སྟེ། དེ་ནས་དྲག་པོར་བྱེད་ན་ཧི་ག་ཉི་ཤུས་མགྲིན་པར་དྲངས་ལ་རྩ་གཅིག་པ་ལ་སྣ་བུག་གཡས་ནས་བྱུང་སྟེ། རྟེན་དེའི་གཡོན་ནས་ཞུགས་ནས་སྙིང་གར་ཞུགས་པར་བསམ། ཞི་བས་བྱེད་ན། རྩོལ་བ་ཉིད་ཀྱི་སེམས་ཀྱིས་རྟེན་དེ་མགྲིན་པའི་བར་དུ་དྲངས་ཤིང་། ཐུལ་ཕུལ་ཟེར་ལ་སོགས་པ་བྱ། ཐ་མ་སྣ་གཡས་ནས་བཏོན་ལ། རྟེན་གྱི་གཡོན་ནས་བཅུག་ལ་སྙིང་གར་གཞུག་སྟེ། སྲོག་འཇུག་པ་དང་བྲལ་བར་བྱས་ན་ངེས་པར་ལས་ལ་སྦྱོར་ཏེ་འགྲུབ་བོ། །དེ་ནས་དྲིན་ལན་བསབ་པའི་ཕྱིར།


DNG019_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་རྙིང་པ་སྦྱང་ཞིང་། རྟེན་གསར་པས་འགྲོ་བའི་དོན་སྤྱོད་པ་ལ་སོགས་པ་བྱའོ། །གླིང་དང་སྐྱེ་གནས་གཞན་སྦྱར་བ་ནི། །ལུས་ལ་སོགས་པ་གནད་ལ་དབབ་པར་བྱས་ལ། ཕྱི་སྒོ་ཐམས་ཅད་ཡི་གེས་དགག །ཚངས་པའི་སྒོ་འབའ་ཞིག་སྟོང་པར་བཞག །སྙིང་གར་རླུང་དང་ཟླ་བའི་སྟེང་དུ་སེམས་ཀྱི་རྟེན་ཧཱུྃ་མཐིང་ནག་བསམས་ལ། ཧིག་ཉི་ཤུས་མགྲིན་པའི་བར་དུ་དྲངས་ལ། རྩ་གཅིག་པ་ལ་གནད་གསུམ་འདྲེས་པའི་ཚུལ་གྱིས་ཚངས་པའི་སྒོ་ནས་འཕངས་ཏེ། རླུང་སྦྱང་བདེ་བ་ཅན་དང་ནི། །པདྨ་མངལ་དུ་བྲམ་ཟེ་རྒྱལ། །གང་མངོན་པར་འདོད་པའི་བདེ་བ་ཅན་ལ་སོགས་པའི་གླིང་དང་། སྐྱེ་གནས་ལས་ཀྱང་རྫུས་སྐྱེས་སུ་འདོད་ན་ཨུཏྤ་ལའམ་པདྨ་ལ་སོགས་པ་སྐྱེ་གནས་ཀྱི་སྙིང་པོའམ། མངལ་སྐྱེས་སུ་འདོད་ན་བྲམ་ཟེ་དང་རྒྱལ་པོ་ལ་སོགས་པའི་བཙུན་མོའི་མངལ་དེ་ཡིད་ཀྱི་ཡུལ་དུ་བྱས་ཏེ། རང་གི་རིག་པ་རླུང་འབྱོངས་པའི་རྩལ་གྱིས་བུད་མེད་ཀྱི་མངལ་དེར་ཏིང་ངེ་འཛིན་གྱིས་འཕངས་ན། མདའ་དང་སྒྱོགས་བཞིན་འཁྲུལ་འཁོར་འཕེན། །དཔེར་ན་མདའ་གཞུ་དང་སྒྱོགས་ཀྱིས་འཁྲུལ་འཁོར་ལྟ་བུས་ལས་ལ་སྦྱར་ཏེ། འབྲས་བུ་དེ་ནི་ངེས་པར་འགྲུབ་བོ། །དེ་ལྟ་བུའི་ལས་སྦྱོར་གསུམ་པོ་དེ་ནི་དབང་བཞི་ཀའི་འདའ་ཀ་ཐུན་མོང་མ་ཡིན་པར་བཞེད་དོ། །ཤིན་ཏུ་ཟབ་པའོ། །བཞི་པ་ཕྱག་རྒྱ་ཆེན་པོར་འཕོ། །ཕྱི་ཡི་སྒོ་རྣམས་བཀག་བྱས་ནས། ༈ །བཞི་པ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ་ནི། བདེ་བ་ཆེན་པོའི་དབང་ཁོ་ནའི་འཕོ་བ་ཡིན་ཏེ། ལུས་སྐྱིལ་ཀྲུང་དུ་གནད་ལ་ཕབ་ལ། ཕྱིའི་སྒོ་ཐམས་ཅད་ཡི་གེས་བཀག་སྟེ། དེ་བཞིན་ནང་གི་སྒོ་ཐམས་ཅད་ཀྱང་བསྒོམས་པ་བཞིན་ཡི་གེས་བཀག་ལ། རང་གི་སྲོག་རྩོལ་དབུ་མར་ཡིད་ཀྱིས་གཞུག །རྩོལ་བའི་དུས་སུ་ཕྱི་དབྱིབས་ཀྱི་ཨ་ནས་སྤྱི་གཙུག་གི་ཧཾ་གི་བར་དུ། དབུ་མར་ཡིད་ཀྱིས་གཞུག །ཡང་སྲོག་གི་དུས་སུ་ཧཾ་ནས་ཕྱི་དབྱིབས་ཀྱི་ཨའི་བར་དུ་ཡང་དབུ་མ་ནས་གཞུག །དེ་བཞིན་དུ། འཆི་ཁར་རང་གིས་ངང་གི་དབུ་མར་འཇུག་པ་དང་། རང་ཡིད་ཀྱིས་ཀྱང་ཡང་དང་ཡང་དུ་དེ་ལྟར་བྱས་པས། སྲོག་རྩོལ་གྱི་རླུང་དབུ་མར་ཟད་དེ། ལམ་མཆོག་དེར་ཐིམ་ནས། རྒྱ་ཆེན་རིག་པ་འཛིན་པར་འགྱུར། །ཕྱག་རྒྱ་ཆེན་པོ་བདེ་སྟོང་ཤིན་ཏུ་དག་པའི་དེ་ཁོ་ན་ཉིད་རྟོགས་ནས་སྔར་གྱི་ཉམས་མྱོང་དང་འདྲེས་པའི་ཚུལ་གྱིས་གྲུབ་མཐའ་སྙོག་པའམ། རིག་པ་འཛིན་པར་འགྱུར་རོ། །འབྲས་བུ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དབྱེར་མེད་པ་ར་འགྱུར་བ་ནི། །ཆུ་དང་ལན་ཚ་སྒོག་པ་དབྱེར་མེད་པ་ལྟར་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ། །ངོ་བོ་ཉིད་ཀྱི་སྐུ་ཐོབ་པ། །བཅུ་བཞི་ས་ལ་རབ་གནས་པ་ནི། །བཅུ་བཞི་པ་རྡོ་རྗེ་འཛིན་པའི་ས་ལ་གནས་པ་སྟེ། རྡོ་རྗེ་ལྟ་བུའི་དགོངས་པ་འཛིན་པས་ན་རྡོ་རྗེ་འཛིན་པའི་ས་ལ་གནས་པ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་


DNG019_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་གྲུབ་པའོ། ༈ །ཁྲག་འཐུང་གལ་པོའི་དཀྱིལ་འཁོར་འདིར། །དབང་བསྐུར་བ་ཡི་བླ་མ་ལ། །དེ་ལ་ཇི་ལྟར་བལྟ་བར་བྱ། ༈ །སློབ་དཔོན་རྡོ་རྗེ་འཛིན་པ་ལ། །ལྷ་མངོན་ཤེས་ཅན་དང་བྱིན་རླབས་ཅན་རིག་པ་འཛིན་པ་ཡིས། །དེ་ལ་བསྔགས་པ་འདི་སྐད་བརྗོད། ༈ །སྟོན་པ་རྡོ་རྗེ་སློབ་དཔོན་འདི། །བདག་ཅག་རྣམས་ཀྱི་ཕ་ནོར་རྫས་འབྱོར་པ་སྟེར་བས་ཆོས་ཀྱི་དབུལ་བསལ་ལགས་སོ། །བདག་ཅག་རྣམས་ཀྱི་ལུས་སེམས་རྟོགས་པ་སྐྱེས་པས་མ་ལགས་སོ། །ཐུགས་ཀྱི་སྲས་ཕོ་མོར་དགོངས་བུ་དང་བུ་མོ་སྲིང་བཀའ་དྲིན་གྱི་སྐྱོབ་ནུས་གཉེན་ལགས། །ལམ་སྟོར་རྣམས་ཀྱི་སངས་རྒྱས་ཀྱི་ལམ་འཚོལ་ས་མཁན་ལགས། །ལོང་བ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་འབྱེད་པའི་དམིགས་བུ་ལགས། །འཁོར་བའི་ཆུ་བོ་ལས་སྒྲོལ་བའི་གྲུ་ཆེན་ལགས། །སྐུ་དང་ཡེ་ཤེས་ཀྱི་རིན་ཆེན་ལེན་པའི་གཟིངས་ཆེན་ལགས། །སེམས་ཅན་རྣམས་ཀྱི་ཡིད་ལ་འདོད་པ་སངས་རྒྱས་སྒྲུབ་པའི་དེད་དཔོན་ལགས། །མ་ལུས་འགྲོ་བའི་དུས་གསུམ་རྒྱལ་བ་བགྲོད་པར་བྱེད་པའི་ལམ་ཆེན་ལགས། ༈ །མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ་ལགས། །དུག་ལྔ་ཡེ་ཤེས་སུ་བསྒྱུར་བས་གསེར་འགྱུར་རྩི་ཡི་མཁན་པོ་ལགས། །དུག་གསུམ་སྐུ་གསུང་ཐུགས་སུ་སྒྱུར་མ་གི་ཏ་ཆེན་ལགས། །སྤྲུལ་པ་འབྱུང་བའི་སྣང་བ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་བསྒྱུར་བའི་སྒྱུ་མ་མཁན་ལགས། །འཁོར་བའི་གཡུལ་ངོ་ཟློག་པའི་དཔའ་བོ་ལགས། །ལྟ་བ་ངན་པའི་ནད་གཅོང་འབྱིན་པའི་སྨན་པ་ལགས། །འདོད་པ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བའི་ཡིད་བཞིན་ལགས། །པཎྜི་ཏ་ལ་ལྟ་བ་སྒྲོ་འདོགས་ཕྱི་ནས་གཅོད་པ་ལྷ་ཡི་དཔག་བསམ་ཤིང་ཆེན་ལགས། །ཀུ་ས་ལཱི་པ་ལྟར་སྒྲོ་འདོགས་ནང་ནས་གཅོད་གནོད་སྦྱིན་བུམ་པ་བཟང་པོ་ལགས། །ལྟ་བ་ནམ་མཁའ་ལྟ་བུར་མཐའ་དབུས་དང་བྲལ་བ་བརྟན་པ་ལགས། །སྒོམ་པ་རྒྱ་མཚོ་ལྟ་བུར་བྱིང་རྒོད་བྲལ་བར་གནས་པ་ལགས། །སྤྱོད་པ་རི་བོ་ལྟ་བུར་མི་འགྱུར་བར་བརྟན་པ་ལགས། །ཉི་ཟླའི་ལྟ་བུ་སྐུ་གཟི་མདངས་དང་ལྡན་པ་


DNG019_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །གསུང་ཆོས་ཀྱི་འཁོར་ལོ་འབྲུག་སྒྲ་ཆོས་དུང་གསུང་སྨྲ་ལགས། །ཐུགས་འགྱུར་བ་མེད་པ་རྡོ་རྗེའི་ཐུགས་ཅན་ལགས། །ཡོན་ཏན་ས་གཞི་ལྟར་འདོད་པ་འགྱུར་བ་མངའ་བ་ལགས། །ཕྲིན་ལས་ཐབས་མཁས་ལ་འགྱུར་བ་གར་མཁན་གློག་འདྲ་ལགས། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་གཞན་ཟིལ་གནོན་སེང་གེ་འདྲ་བ་ལགས། །ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པ་འི་བླ་མས་བུམ་དབང་བསྐུར་ལགས། །ནང་རང་བྱུང་ཡེ་ཤེས་སྟོན་པ་འི་བླ་མས་གསང་དབང་བསྐུར་ལགས། །གསང་བ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྟོན་པའི་བླ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དགོངས་པ་ལགས། །དེ་ཁོ་ན་ཉིད་ཆོས་རྣམས་དེ་ཉིད་ཤིན་ཏུ་དག་པར་སྟོན་པའི་བླ་མས་བདེ་བ་ཆེན་པོའི་དབང་སྟོན་པ་ལགས། །ཁམས་གསུམ་གནས་ཀྱི་དབང་ཕྱུག་འདིས། །ལྷ་དང་བཅས་པའི་འཇིག་རྟེན་འདིར། །ཆོས་ཉིད་དོན་གྱིས་རྣལ་མ་ལ་རིག་པ་ཡེ་ཤེས་ཀྱི་བློས་འབྱོར་འཁོར་འདས་ཀྱི་ཆོས་ལ་བལྟ་བ་དབང་སྤྱོད་ནུས་པ་ཕྱུག་འབྲས་བུ་ཐོབ་པར་ནུས་པ་ཆེན་པོ་འདི། །བདག་ཅག་རྣམས་ལ་ཆོས་ཀྱི་སྟོན་པའོ། །ཞེས་གསུངས་པས། གྲལ་ནས་བརྩིས་ན་བླ་མ་བསླབ་བྱ་ནས་བརྩིས་ན་རྡོ་རྗེ་སློབ་དཔོན་དགོངས་པ་ནས་བརྩིས་ན་དམ་པ་རྗེ་འབངས་ནས་བརྩིས་ན་རྗེ་དྲག་ཞན་ནས་བརྩིས་ན་བཙན་ཕན་པར་བྱ་ནས་བརྩིས་ན་ལྷ་རྗེས་ཀུན་ལ་ཐུགས་ཀྱིས་དགོངས་པར་གྱུར་ཏོ། །དཔལ་ཧེ་རུ་ཀའི་གལ་པོ་ལས། གསང་བའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་བརྟག་པ་སྟེ་བཅུ་བཞི་པའོ།། །།དེ་ནས་བཞུགས་གནས་ཕྱོགས་བཅུ་དུས་བཞིའི་ར་གཤེགས་པ་སངས་རྒྱས་འདས་པ་མ་ལུས་ད་ལྟ་བ་མི་ལུས་ལུས་མ་འོངས་པ་པ་མེད་པ་ཐམས་ཅད་ཀྱིས། སྐུ་གསུམ་ཐོབ་པ་མཆོག་དང་གྲུབ་ཆེན་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་དེ་དག་བསྒྲུབ་པའི་རྣལ་འབྱོར་པ་ལ་བར་དུ་གཅོད་པའི་བདུད་ངོས་བཟུང་ཞིང་འདུལ་བ་འདི་དག་རྣལ་འབྱོར་སྒྲུབ་པ་པོའི་ཆེད་དུ་གསུངས་སོ། །བར་ཆད་བྱེད་པའི་བར་ཆད་ཀྱི་བགེགས་ངོས་བཟུང་ཞིང་བཟློག་པ་ནི་ཡེ་ཤེས་ལ་ཡེ་ཤེས་སྐྱེ་བའི་བགེགས་སམ་སྒྲུབ་པའི་བར་དུ་གཅོད་པའི་བགེགས་ཏེ་ཁྱད་པར་དུ་ཡང་དུས་དྲུག་གི་ཉུལ་ལེ་མ་དྲུག་ཡིན་ནོ། །བགེགས་ཆེན་ཡང་། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག ༈ ། སྐྱེ་བ་མེད་པའི་དབྱིངས་ལས་ཕྱག་རྒྱ་ཆེན་པོའི་སྐུར་གསལ་བར་བསྒོམས་པ། དམ་


DNG019_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་ཕྱག་རྒྱ་བསྟན་པའམ། ཡང་ན་སྐྱེ་བ་མེད་པའི་ཆོས་ཉིད་བསྒོམས་ཏེ་བསྟན་པ་ཙམ་གྱི་གཞན་ཕམ་མོ། །དངོས་གྲུབ་སྦྱིན་པའི་གཟུགས་ཅན་ཡང་། །ཐུན་མོང་དང་མཆོག་གིས་བསྡུས་པའི་དངོས་གྲུབ་སྟེར་བར་བྱེད་པའི་ཡེ་ཤེས་ཀྱི་ལྷ་ལ་བྱའོ། །རེ་དང་དོགས་དང་དགའ་བ་ཡི། ༈ །ལྷ་ཡིན་དུ་རེ་བ་དང་། དངོས་གྲུབ་ཐོབ་སྙམ་ནས་དགའ་བ་དང་། བགེགས་ཡིན་དུ་དོགས་པའི་སེམས་མེད་པར་བྱ་སྟེ། རེ་དོགས་གཉིས་ཀྱི་བློ་དང་བྲལ་བའོ། །ངན་པའི་དོན་གྱིས་སེམས་མི་དབྱུང་། ༈ །རེ་དོགས་དང་བཅོས་པ་ནི་སེམས་ངན་པ་ཡིན་པས་ན། སེམས་དེ་ལྟ་བུ་མི་འབྱུང་བས་ནང་ན་སེམས་དང་བྲལ་བའོ། །ནོར་བུ་རིན་ཆེན་རྐུན་མ་མང་། །དེ་ཡང་ནི་ཡང་དག་པའི་དངོས་གྲུབ་ལ་བར་དུ་གཅོད་པ་མང་སྟེ། དཔེར་ན་ནོར་བུ་རིན་ཆེན་ལ་རྐུན་མ་མང་བ་ལྟ་བུའོ། །བདུད་དང་བར་ཆོད་ངོས་བཟུང་བཟློག ༈ ། བཛྲ་ཧེ་རུ་ཀའི་ཐུགས་ཀྱི་བསྒྲུབ་པའི་བསྒྲུབ་པ་བྱེད་པའི་རྣལ་འབྱོར་པ་ལ་བདུད་དང་བར་ཆོད་འབྱུང་བས། དེ་ངོས་བཟུང་ཞིང་བཟློག་པར་བྱའོ། ༈ །དེ་ལ་བདུད་ནི་བཞི་སྟེ་ཕུང་པོའི་དང་ཉོན་མོངས་པའི་དང་འཆི་བདག་དང་ལྷའི་བུའི་བདུད་དོ། །རྣམ་པར་རྟོག་པ་ཕུང་པོའི་བདུད། །ལུས་སེམས་ལས་སུ་མི་རུང་བྱེད། །ཕུང་པོའི་བདུད་ནི་ལུས་སེམས་ལས་སུ་མི་རུང་བ་སྟེ། རྣམ་རྟོག་ཐམས་ཅད་དོ། །རྟོག་པས་དངོས་གྲུབ་ལ་བར་ཆད་བྱེད་པས་སོ། །དེ་ལ་ལུས་སེམས་ལས་སུ་རུང་བའི་སྨན་དང་ཡོ་བྱད་བསྟེན་པ་དང་། གཉིས་མེད་ཀྱི་བློ་དང་ལྡན་པར་བྱ་བའོ། །ཉོན་མོངས་བདུད་ནི་དུག་ལྔ་ཉིད། ༈ །ཉོན་མོངས་པའི་བདུད་ནི། ཞེ་སྡང་ལ་སོགས་པའི་དུག་ལྔས་དངོས་གྲུབ་ལ་བར་ཆད་དུ་འགྱུར་བ་སྟེ། དེ་ལ་ཉོན་མོངས་པའི་གཉེན་པོ་བསྟེན་པ་ཞེ་སྡང་ལ་བྱམས་པ་བསྟེན་པ་ལྟ་བུའོ། །ཉོན་མོངས་པ་ལམ་དུ་འཁྱེར་བའི་མན་ངག་ནི་དུག་སྨན་དུ་བཏུལ་བ་ལྟ་བུའོ། །ཉོན་མོངས་པའི་རང་བཞིན་ཤེས་པར་བྱ་སྟེ། དེ་ནི་དུག་གི་རང་བཞིན་ཤེས་པ་ལྟ་བུ་ཉོན་མོངས་པའི་དབང་དུ་མི་གཏང་ངོ་། །ཉོན་མོངས་པའི་དབང་དུ་འགྲོ་བ་ནི། གཏི་མུག་གིས་སྟོང་པ་ཉིད་ལ་ཁུངས་ཕྱུང་ནས་ཅི་ཡང་མི་འགལ་ཟེར་བ་དང་། ཞེ་སྡང་གི་དབང་གིས་བླ་མ་དང་སྤུན་གྲོགས་ཀྱི་སྲོག་ལ་རྒོལ་བ་དང་། འདོད་ཆགས་ཀྱི་དབང་གིས་བླ་མའི་གཟུངས་མ་ལ་གཟུང་བའོ། །དེ་དག་རཱུ་ཏྲའི་གནས་སུ་ལྟུང་བས་སྤང་བར་བྱ་བའོ། །རང་སར་གྲོལ་བར་བྱ་བའོ། །འཆི་བདག་བདུད་ནི་ཚེ་སྲོག་འཕྲོག །འཆི་བདག་གི་བདུད་ནི། འཆི་བདག་གི་གཟུགས་ཀྱིས་རྣལ་འབྱོར་པའི་སྲོག་ལ་གནོད་པ་མཐའ་དག་སྟེ། གནས་བཀྲ་མི་ཤིས་པ་དང་། གདོན་དྲག་པོ་དང་། དུག་དང་དགྲ་ལ་སོགས་པ་སྟེ། དེ་དག་སྤང་ཞིང་བསྲུང་བ་དང་། ཚེ་ལ་ཕན་པའི་བཅུད་ལེན་དང་། ཚེ་སྒྲུབ་ལ་སོགས་པ་བྱའོ། །ཚེ་སྒྲུབ་སྲོག་ནི་


DNG019_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་པར་བྱ། །ལྷ་བདུད་གཞན་འཕྲུལ་དབང་བྱེད་ནི། །བདུད་ཀྱི་རྒྱལ་པོ་འགའ་རབ་དབང་ཕྱུག་བཙུན་མོ་པདྨ་འཕྲེང་དང་བཅས་པ་བློན་པོ་བཞི་དང་འཁོར་དུ་བདུད་སྡིག་ཏོ་ཅན་རྣམས་ཏེ་བདུད་ཀྱི་རིགས་རྣམས་སོ། །དགའ་རབ་དབང་ཕྱུག་བདུད་ཀྱི་རིགས། །དེ་དག་གི་གཏི་མུག་དང་ཞེ་སྡང་གིས་རབ་ཏུ་འཁྲུགས་ཏེ་སེམས་ཅན་ཐམས་ཅད་བྲན་དུ་མཐོང་སྟེ། བདུད་ཀྱི་རིགས་རྣམས་ཀྱིས་བྲན་མེད་ཀྱིས་དོགས་འཁོར་བ་སྟོངས་ཀྱིས་དོགས་ནས་བར་དུ་གཅོད་པ་སྟེ། འཁོར་ཟད་བདེ་བ་ཐོབ་ཀྱིས་དོགས། །གསང་སྔགས་ཟབ་མོའི་བཀའ་བཞིན་དུ་བསྒྲུབ་པས་སེམས་ཅན་རྣམས་ཐར་པ་ལ་བཀོད་ཀྱིས་དོགས་བར་ཆད་སྣ་ཚོགས་བརྩམ་མོ། །བུ་གཅིག་འཆི་བའི་མྱ་ངན་ཙམ། །གང་ཟག་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ན་བདུད་དེ་དག་བུ་གཅིག་པུ་ཤི་བ་ཙམ་དུ་མྱ་ངན་སྐྱེས་ནས་བར་དུ་གཅོད་པའོ། །དེ་ཡན་ཆད་བདུད་བཞི་ངོས་བཟུང་ནས་བཤད་པ་སྟེ་སྤྱི་དོན་དང་པོའོ། །བར་ཆད་དངོས་དང་སྤྲུལ་པ་འབྱུང་། །དངོས་སུ་འབྱུང་བ་དང་བྱིན་གྱིས་བརླབས་ནས་འབྱུང་བའོ། །དེ་ཡང་དམ་པ་ལ་དངོས་སུ་འོང་། དམ་པ་མ་ཡིན་པ་ལ་བྱིན་གྱིས་བརླབས་ནས་འོང་ངོ་། །དེ་ལ་དངོས་ནི་གཉིས་ཏེ་བདུད་ཀྱི་གཟུགས་དངོས་སུ་འོང་བ་དང་སྤྲུལ་པ་དངོས་སུ་འོང་བའོ། །དེ་ཡང་བྲིད་པ་དང་བསྡིག་པའོ། །ཕ་མ་སློབ་དཔོན་ཆ་བྱད་ཅན། །དམ་པ་ཏིང་ངེ་འཛིན་དྲོད་ཐོབ་པ་ལ་བདུད་སློབ་དཔོན་དང་ཕ་མའི་ཆ་བྱད་དུ་བྱས་ཏེ་འོང་ངོ་། །རང་གི་ལྟ་སྤྱོད་དེས་བར་ཆད་བྱེད་ལུགས་ནི་ལྟ་སྤྱོད་དང་བསྒྲུབ་པ་ལ་བར་གཅོད་བྱེད་པས། མི་དེ་ཡང་ལྟ་སྤྱོད་དང་བསྒྲུབ་པ་ལས་བཟློག་པས་གཉེན་པོ་ཡང་ལྟ་སྤྱོད་དང་བསྒྲུབ་པ་ལ་འབད་པར་བྱའོ། །གཉེན་པོ་ཡིས། །དངོས་སུ་བྱུང་ན་བཟློག་པར་བྱ། །དེའི་གཉེན་པོ་ནི་བལྟ་བ་སེམས་སངས་རྒྱས་སུ་བལྟ། སྤྱོད་པ་སྦྱོར་སྒྲོལ་གྱི་ཆོས་ཉིད་དབང་དུ་བསྒྲུབ་པ་ཧེ་རུ་ཀ་བསྒྲུབ་པར་བྱ་སྟེ་བཟློག་གོ། །བདུད་དངོས་སུ་ཡོད་པའོ། །བདུད་ཀྱིས་དངོས་སུ་བྱིན་རློབས་པ། །བཙུན་མོ་ལ་གཉིས་ཏེ། དང་པོ་ནི། བདུད་ཀྱི་བཙུན་མོ་པདྨ་འཕྲེང་གི་བར་དུ་གཅོད་པ་དེ་ལ་འཕྲེང་བ་རེག་པས་ཉོན་མོངས་པ་འཕེལ་ཏེ། རབ་ཏུ་འཕེལ་བས་དམ་ཚིག་ལ་སོགས་པ་དང་འདྲེལ་ལོ། །ཇི་ལྟར་འདྲེལ་ན་འཕྲེང་བས་འདོད་ཆགས་ལྡང་ཞིང་། སྦྱོར་བའི་དམ་ཚིག་ལ་དགར་སོང་ནས་ཐབས་ཀྱིས་མ་ཟིན་པའི་སྦྱོར་བ་རང་དགར་སྤྱོད་པའོ། །པད་འཕྲེང་སྤྱི་བོར་རེག །གཉིས་པ་ཆད་དམ་དཔྱད། བློན་པོ་འཐབ་གཡེང་ཆགས་འདུ་ཤེས། །བློན་པོ་བཞི་སྟེ། འཐབ་བྱེད། གཡེང་བྱེད། ཆགས་བྱེད། འདུ་ཤེས་ཟློག་པ་དང་བཞིས་བར་དུ་གཅོད་དེ། འཐབ་བྱེད་ཀྱི་རྣལ་འབྱོར་པ་ནང་འཐབ་མོ་ལ་སྦྱོར། གཡེང་བྱེད་ཀྱི་གཡེང་བ་ལ། ཆགས་བྱེད་ཀྱི་ཆགས་པ་ཚུལ་མ་ཡིན་པ་བླ་མའི་བཙུན་མོ་དང་། ནོར་རྫས་ལ་ཆགས་པར་བྱེད་དོ། །


DNG019_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཟློག་པས་རྣལ་འབྱོར་པ་ལོག་ལྟ་དང་འཁྲུལ་པ་སྣ་ཚོགས་ལ་སེམས་སྦྱོར་རོ། །གཉེན་པོས་ཡང་དག་ཆོས་སྐུར་ཤེས། །དེ་དག་གི་གཉེན་པོ་ནི་ཉོན་མོངས་པའི་དབང་དུ་མི་གཏང་བ་དང་། སྙིང་རྗེས་ཀུན་ལ་ཁྱབ་པར་བྱ་བ་དང་། མཐུན་འཇུག་ཐབས་ཀྱི་ཁྱད་པར་བྱ་བ་དང་། ཡང་དག་པའི་བློས་ཐམས་ཅད་ཆོས་སྐུར་མཐོང་བའོ། །རྒྱུད་ནས་བྱིན་གྱིས་རློབས་པ་ཡང་། །མི་དང་མི་མ་ཡིན་པའོ། །མི་ནི་དགྲ་ལྟ་བུ་དང་། གཉེན་ལྟ་བུའོ། །མི་མ་ཡིན་པ་ནི་དུད་འགྲོ་ལྟ་བུ་དང་། འབྱུང་བ་མེ་ཆུ་ལྟ་བུ་ལ་སོགས་པ་དང་། ཡི་དྭགས་ལྟ་བུའོ། །རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ་ནི། །གནོད་པ་དངོས་སུ་བྱེད་པ་དང་ཕན་བལྟར་སྣང་ཞིང་དོན་ལ་གནོད་པའོ། ༈ །ཚོར་དང་མ་ཚོར་བར་ལུས་ངག་ཡིད་གསུམ་ལ་འཇུག་པ་རྣམས། །དེ་དག་གིས་དམ་ཚིག་ལ་སོགས་པ་ལས་བཟློག་པར་བྱེད་པའོ། །བདུད་དེ་དག་གི་གཉེན་པོ་ནི་སྟོང་ཉིད་སྙིང་རྗེ་དང་མ་བྲལ་བ་དང་མཐུན་འཇུག་ཐབས་ཀྱི་སྤྱོད་པ་མཁས་པ་དང་སངས་རྒྱས་ཀྱི་བྱིན། །རླབས་པའི་ཐབས་སྣ་ཚོགས་སོ། ༈ །བར་དུ་གཅོད་པ་འབྱུང་བའི་རྒྱུ། །ཡང་བྱིན་གྱིས་རློབས་པའི་བདུད་བར་དུ་གཅོད་པའི་བགེགས་འབྱུང་སྟེ། དེ་ཡང་སློབ་དཔོན་ལ་དགོངས་པ་མེད་པ་དང་། མཆེད་ལྕམ་དམ་ཚིག་མི་གཙང་བ་དང་། དབེན་གནས་བཀྲ་མི་ཤིས་པ་དང་། ཡོ་བྱད་དང་ཆོ་ག་ལྷག་ཆད་དུ་གྱུར་པས་བདུད་ཀྱི་རྒྱུ་བྱས་པའོ། །ཉུལ་ལེ་དམ་འབྱུང་དུས་དྲུག་འབྱུང་། ༈ །བར་ཆད་ཀྱི་ངོ་བོ་ནི་ཉུལ་ལེ་མ་དྲུག་དང་དམ་སྲི་བཞི་དང་འབྱུང་པོ་ཕལ་བ་འབྱུང་སྟེ། དེ་ཡང་སྲོད་དང་ཐོ་རངས་གཉིས། སྔ་དྲོ་དགོངས་ཀ་གཉིས། ནམ་ཕྱེད་ཉིན་གུང་གཉིས་ཏེ་དྲུག་གོ། །རྟགས་དང་ཆོ་འཕྲུལ་དུ་མ་འབྱུང་། །དེ་ཡོད་པའི་རྟགས་རེ་དང་ཆོ་འཕྲུལ་རེ་འབྱུང་སྟེ། དགོངས་ཉི་མ་ནུབ་པའམ། མྱུར་ཁན་སྲིན་པོ་ཤ་དྲེད་གསེར་བུའི་བུ་མོ་རྫུ་འཕྲུལ་བྱ་རོག་སྐད་བསྒྱུར་བ་བྱ་བ་དང་། སྲོད་ལ་རླུང་ལྷ་ཕྱོགས་སྐྱོང་གི་བུ་མོ་ཁ་ཐུན་གྱི་མ་རུ་ཙེ་བྱ་བ་དང་། ནམ་གུང་ལ་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་བུ་མོ་པྲ་མ་ན་དུན་ཏི་བྱ་བ་དང་། ཐོ་རངས་གཟའ་སྟོང་སྟོང་གི་བུ་མོ་ཏིང་ཏིང་གི་མ་རུ་ཙེ་བྱ་བ་དང་། ཉི་མ་ཤར་ཀར་ནམ་མཁའ་ལྡིང་གི་བུ་མོ་བློ་གྲོས་སྤྱན་གཅིག་མ་དང་། ཉིན་ཕྱེད་ན་ཀླུ་རིགས་བཞིས་བར་ཆད་བྱེད་པས་སྔགས་དང་ཕོ་ཉ་ཏིང་འཛིན་གྱི་རང་རང་གི་གཉེན་པོས་བཟློག་གོ། །དེ་ལ་གཉེན་པོས་བཟློག་པར་བྱ། །ཤ་ཏྲང་བུ་མོ་བྱ་རོག་མས། །དགོངས་གྲིབ་སོ་ནག་པོ་ལ་ལྷོ་ནུབ་ནས་སྲིན་པོ་ཤ་དྲེད་གསེར་བུའི་བུ་མོ་རྫུ་འཕྲུལ་གྱི་བྱ་རོག་སྐད་སྒྱུར་མ་བྱ་བས་བར་གཅོད་བྱེད་དུ་འོང་སྟེ། བྱིང་བསྲེས་སྙིང་རྗེ་ཆུང་བ་དང་། །སྔ་རྟགས་སུ་ཤ་ཁྲག་འདོད། སྙིང་རྗེ་ཆུང་། གཉིད་དབང་དུ་འགྱུར་ཞིང་ཐིབས་ནས་འོང་། དེ་ལ་གཉེན་པོས་བཟློག་གོ། །རླུང་ལྷ་ཁ་ཐུན་མ་རུ་ཙེས། །དཀྱིལ་འཁོར་བྱིན་མེད་སེང་པོ་དང་། ༈ །སྲོད་ལ་


DNG019_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྷ་ཕྱོགས་སྐྱོང་གི་བུ་མོ་ཁ་ཐུན་གྱི་མ་རུ་ཙེ་བྱ་བ་རུས་སྦལ་ནག་པོ་ཞོན་ནས་འོང་སྟེ། རྟགས་དཀྱིལ་འཁོར་བྱིན་མེད་སེང་སེང་པོར་འགྲོ། ཆོ་འཕྲུལ་རླུང་ནག་འཚུབས་མས་དཀྱིལ་འཁོར་འཐོར་དུ་འོང་། དེ་གཉེན་པོས་བཟློག་གོ། །ཚངས་པ་པྲ་མ་སྙིང་མི་དགའ། །ལོག་པའི་ཆགས་པ་སྐྱེ་བར་བྱེད། །ནམ་ཕྱེད་ན་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་བུ་མོ་པྲ་མ་ན་དུན་ཏིང་བྱ་བ་ཤིང་དར་སྲུབ་མེད་ཀྱི་ལའུ་གོན་ནས་བར་དུ་གཅོད་དུ་འོང་སྟེ། རྟགས་སྙིང་མི་དགའ་ཞིང་འགྲོ་སྙིང་འདོད། ཆོ་འཕྲུལ་ལོག་པའི་ཆགས་པ་སྐྱེ། དེ་གཉེན་པོས་བཟློག་གོ། །གཟའ་ཡི་བུ་མོ་ཏིང་ཏིང་མས། །སྒྲུབ་པོ་ཁྲོ་ཞིང་ཚིག་པ་ཟ། །སྐྱ་རེངས་ཤར་ཙམ་ན་གཟའ་སྟོང་སྟོང་གི་བུ་མོ་ཏིང་ཏིང་གི་མ་རི་ཙེ་བྱ་བ། བར་དུ་གཅོད་འོང་སྟེ། ལྕགས་ཀྱི་རི་ལི་གསུམ་སྒྲིལ་གོང་ཆུབ་བྱེད་དུ་འོང་སྟེ། རྟགས་སྒྲུབ་པོ་ཁྲོ་ཞིང་ཚིག་པ་ཟ། ཆོ་འཕྲུལ་འོད་འབྱུང་། དེ་གཉེན་པོས་བཟློག་གོ། །གསེར་མིག་བུ་མོ་སྤྱན་གཅིག་མ། །དེས་ནི་ཉམ་ཆུང་བྱིང་བའོ། །ཉི་མ་ཤར་ཀའི་ཟེར་ལ་ནམ་མཁའ་ལྡིང་གསེར་མིག་ཅན་གྱི་བུ་མོ་བློ་གྲོས་ཀྱི་སྤྱན་གཅིག་མ་དངོས་གྲུབ་འཕྲོག་ཏུ་འོང་སྟེ། རྟགས་སྒྲུབ་པ་པོ་ཉམ་ཆུང་ལ། ཆོ་འཕྲུལ་སྒྲུབ་པོ་ཀུན་བྱིང་པོར་འོང་བའོ། །དེ་ཡང་གཉེན་པོས་བཟློག་གོ། །ཉིན་མོ་རྒྱུ་བ་ཀླུ་ཆེན་བཞིས། །འཚུབས་མ་ནད་དྲག་སྙིང་ཡང་གཅུས། །ཉིན་ཕྱེད་ན་ཉིན་མོ་རྒྱུ་བའི་ཀླུ་ཆེན་རིགས་བཞི་འོང་སྟེ། རྟགས་ནི་འཚུབས་མ་ཆེན་པོའམ། ནད་དྲག་པོས་བཏབ་པའམ། སྙིང་གཅུ་ཞིང་ན་བ་འོང་། ཆོ་འཕྲུལ་སྦལ་ལྕོང་ཉ་སྦྲུལ་རྨི་ལམ་དུ་རྨི་བས། དེའི་གཉེན་པོས་བཟློག་གོ། །གནམ་གྱི་ཐེའུ་བྲང་དཀར་པོ་གཏི་ཕུར་ལྟེ་ཕུར་གྱི་གློག་མོ་སྲིན་ཀླུ་གཉན་ནག་པོ་ཚོགས། །དཔོན་ལོག་པ་ལ་སོགས་པའི་རཱུ་ཏྲ་ནག་པོ་རང་གི་རང་ལ་ཟ་ཞེས་བྱ་བའི་དམ་སྲི་ནག་པོ་དང་བཞིའོ། །འོད་བཞི་དམ་སྲི་བཞི་རུ་བཟུང་། །དེའི་རྟགས་ནི་འོད་སྐྱ་ཧོད་ཧོད་པོ་དང་། འོད་ནག་པོ་ཆུ་རིས་ཅན་དང་། དམར་ཁྲ་རི་མོ་ཅན་དང་། ཁམ་ནག་དུད་ཁ་དང་འོད་རིགས་བཞི་འོང་ཆོ་འཕྲུལ་མི་རིགས་རྨི་ལམ་དུ་ཡོང་ངོ་། །འབྱུང་པོ་ཕལ་པ་རྒྱལ་འགོང་དང་། །དམ་མེད་རྟགས་ཀྱིས་ངོས་བཟུང་ངོ་། །གཞན་ཡང་འབྱུང་པོ་ཕལ་གྱིས་བར་དུ་གཅོད་དེ། རྣལ་འབྱོར་པ་ལ་རྒྱལ་འགོང་དམ་མེད་དང་། དམ་ཉམས་དམ་མེད་དང་། སྔར་གང་གནོད་པ་དེས་བར་དུ་གཅོད་དོ། །ལས་ལས་སྐྱེས་པའི་དམ་སྲི་དང་། རྐྱེན་ལས་གྱུར་པའི་དམ་སྲི་དང་། གནོད་པར་སེམས་པའི་དམ་སྲི་དང་། དེ་དག་རྟགས་དང་། རྨི་ལམ་གྱིས་གང་ཡིན་ངོས་གཟུང་བར་བྱའོ། ༈ །རྣམ་པར་མི་རྟོག་པས་བཟློག་པ་ཆོས་ཉིད་དཔལ་ཆེན་སྐུ། །སྔགས་དང་ཕྱག་རྒྱ་རབ་ལྡན་པའི། །ཕོ་ཉ་མགྱོགས་བྱེད་མང་པོ་དང་། །རང་


DNG019_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གཉེན་པོས་བཟློག་པར་བྱའོ། ༈ །དང་པོ་དགོངས་ཀ་བཟློག་པའི་གདུལ་བྱ་ནི་དགོངས་ཀའི་ཏིང་འཛིན་མི་གསལ་ན། །སྔོན་གྱི་དུས་ཉུལ་ཆེན་མོ་ནི། །གྲིབ་སོ་སྡུད་པའི་དབང་མོ་ཆེ། །རྫུ་འཕྲུལ་བྱ་རོག་སྐད་སྒྱུར་མ། །དེ་ཡི་འདུལ་བྱེད་ནི་འདུལ་སྐལ་ཆེན་མོ་ནི། །ཁ་དོག་ནུབ་ཀའི་དམར་ཐག་འདྲ། །རལ་པ་སེར་སྤྲིན་འཁྲིགས་པ་བཞིན། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །ཨ་ལ་ལ་ཡི་ཕྱག་མཚན་ནི། །གནམ་ལྕགས་ཞུན་མའི་ཁྲོ་ཆུ་བསྐོལ། །ཁྲོས་ནས་གཉེན་པོར་རྦད་པའི་ཚེ། །ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབས། །སྲིད་པའི་གནམ་ས་དཀྲུག་པ་སྐད། །སྲིན་པོའི་འཇིག་རྟེན་རྦ་ལ་གཡེང་། །དམ་ལས་འདས་ལ་བཙོ་བསྲེག་བྱེད། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །དགོངས་ཀའི་བར་ཆད་བྱེད་པ་ཡི། །བདུད་བྱེད་ཐམས་ཅད་ཐལ་བར་རློགས། ༈ །སྲོད་ཀྱི་ཏིང་འཛིན་མི་གསལ་ན། །གདུལ་བྱ་ནི་སྔོན་གྱི་ཉམས་ལེན་ཆེན་མོ་ནི། །ཕྱོགས་སྐྱོད་བུ་མོ་མ་རུངས་པ། །འདུལ་བྱེད་དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཐོགས་མེད་རླུང་ལྟར་རྒྱུ་བ་མོ། །སྲིད་པའི་རྒྱལ་མོ་སྲོག་གི་བདག །སྲེད་བདག་ཆེན་མོ་ཀུན་གྱི་རྗེ། །ཡེ་ཤེས་འོད་འབར་རྫུ་འཕྲུལ་ཅན། །རྩེ་གཅིག་བསྒྲུབ་པའི་གྲོགས་མཛད་མ། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །སྲོད་ལ་བར་ཆད་བྱེད་པ་ཡི། །བདུད་བྱེད་ཐམས་ཅད་རྡུལ་དུ་རློགས། ༈ །གདུལ་བྱ་བསྟན་ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །དཀར་མོ་ཕྱོགས་ཀྱི་མ་རུངས་པ། །དེ་ཡི་འདུལ་བྱེད་འདུལ་སྐལ་ཆེན་མོ་ནི། །རལ་གྲིའི་ལུས་ལ་རྐང་ལག་གློག །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །སྔགས་པས་གདུངས་ཤིང་བོས་པའི་ཚེ། །མཆི་མ་ཐུལ་ཐུལ་ཆར་དུ་འབེབས། །ཐུལ་ཐུལ་ཐིགས་པ་རེ་རེས་ཀྱང་། །དཀར་པོའི་བུ་བྲན་མང་པོ་ཀུན། །གཞོབ་སྒོག་རྡོག་པས་བརྫིས་པ་བཞིན། །གསོ་གླགས་མེད་པར་དམྱལ་ཐག་གཅོད། །རྒྱལ་བའི་ངག་ཉན་དམ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་བརླག་པར་མཛོད། ༈ །གདུལ་བྱ་ནི་ཐོ་རངས་བར་ཆད་བྱེད་པའི་བགེགས། །ཧོར་སྟོན་བུ་མོ་གདུག་པ་ཅན། །དེ་


DNG019_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འདུལ་བྱེད་འདུལ་སྐལ་ཆེན་མོ་ནི། །མགོ་ནི་སེང་གེའི་མགོ་བོ་ལ། །ཧུར་མོ་སེང་གེའི་ངར་སྒྲ་སྒྲོགས། །སྲིད་པའི་གནམ་ས་གྲུམ་པ་སྐད། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱལ་བའི་བཀའ་ཉན་དམ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ཐོ་རངས་བར་ཆད་བྱེད་པའི་བགེགས། །བདུད་བགེགས་བར་ཆད་ཐལ་བར་རློགས། ༈ །ཤར་ཀའི་ཏིང་འཛིན་མི་གསལ་ན། །ཤར་ཀའི་ཟེར་ལ་བར་གཅོད་པ། །གདུལ་བྱ་སྲབ་མདའ་རིང་ལ་ཞོན་པ་མོ། །དེ་ཡི་འདུལ་སྐལ་འདུལ་བྱེད་ཆེན་མོ་ནི། །དུང་གི་མགོ་ལ་ཤེལ་གྱི་ལྕེ། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །གནམ་ལྕགས་ཐོག་གི་སེར་ཆེན་འབེབས། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱལ་བའི་བཀའ་ཉན་ཐ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ། །ཤར་ཀའི་རྩེ་ལ་བར་གཅོད་པའི། །བདུད་བགེགས་ཐམས་ཅད་ཐལ་བར་རློགས། ༈ །ཉིན་ཕྱེད་བར་ཆད་བྱེད་པ་ནི་གདུལ་བྱ། །བྱིང་འཐིབ་ཀླུབ་པའི་ནད་ཀྱི་བདག །དེ་ཡི་འདུལ་སྐལ་ཆེན་མོ་ནི། །འདུལ་བྱེད་སྐུ་ནི་དུང་གི་འཁོར་ལོ་ལ། །དཀར་ནག་གྱོན་པའི་ཡ་མཚན་ཅན། །སྲིད་པའི་གནམ་ནི་གོས་སུ་གྱོན། །དྲེགས་པའི་ས་ནི་གདན་དུ་བཏིང་། །ཁམས་གསུམ་འཇིག་རྟེན་པང་དུ་ཁྱེར། །སྲིད་པ་གསུམ་ནི་ཁུར་དུ་ཁུར། །ཉི་མའི་སྐྱིན་ཐང་སྤྱན་ནས་འཆར། །ཟླ་བའི་དམར་དྭངས་ཞལ་ནས་འཆར། །ལག་ན་རི་རབ་རྩེ་དགུ་འཐོར། །ཤིན་ཏུ་མི་བཟད་གཏུམ་ཆེན་མོ། །ཀླུ་འདུལ་ཆེན་མོའི་དུས་ལ་བབ། །འདི་ནི་དཔལ་གྱི་ཕོ་ཉ་སྟེ། །དུས་ལ་བབ་པོ་ཨེ་ཀ་མ། །ཨཱོཾ་རག་ཤ་རཱུ་ཏྲ། ཡག་ཤ་ཚལ་བ། ཧ་ན་ཧ་ན་ཧཱུྃ་ཕཊ། བརྗོད་ནས་བླ་མ་དང་ལས་མཁན་གཉིས་གཅིག་གིས་གཡས་ནས་བསྐོར་གཅིག་གིས་གཡོན་ནས་བསྐོར་ཏེ་བཟློག ༈ །གནས་སྐབས་ཀྱི་བརློག་པ་ནི་བག་ཟན་ནམ་ར་སོག་ལ། །དེ་ལ་ལིངྒ་རབ་ཏུ་བྱ། །ཕུད་སྟེགས་ལ་དམ་ཅན་ཕུད་གཏང་ཡེ་ཤེས་ཀྱི་སྲུང་མགོ་རི་དང་། །ལས་དང་འདྲེལ་བ་དབང་མོ་དང་རང་དང་འདྲེལ་བའི་སྲུང་མ་དྲག་ཏུ་བསྐུལ་ལ། །སྦམས་ཕུར་བླངས་ཏེ་ཕུར་པ་བྱིན་གྱིས་བརླབས་ནས་ནི། །རཀྟ་ས་སྦལ་ནུབ་ཙམ་བྱུག་གུ་གུལ་དང་


DNG019_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་ཆེན་གྱིས་བདུག་ལ་ཕོ་ཉས་ཁྲོ་བོས་ལིངྒ་ལ་དགུག་བསྡིམ། །ཕུར་བསྐོར་བྱ་ལིངྒ་ལ་གདབ་རྡོ་རྗེས་བརྡུང་མཚོན་གྱིས་གཏུབས་བཏབ་པ་བྱས་སྟེ་གཟིར་མནན་དྲག་པོ་བྱའོ། །བསྒྲུབ་པ་བྱེད་པའི་རྣལ་འབྱོར་པ་ལ། །བར་དུ་གཅོད་པའི་བགེགས་འདུལ་བསྲུང་བའི་ཕྱིར། །ལྷ་གང་གིས་བསྲུང་ན་བདེ་གཤེགས་ནུས་པ་དྲིལ་བ་གསུངས། །བསྙེན་པ་བྱ་བ་བསྟན་དོན་ལ་གནས་པའི་རྣལ་འབྱོར་པས། །ཁྲོ་རྒྱལ་འབར་བའི་སྐུར་བསྒོམས་ལ། །བར་དུ་གཅོད་པའི་བགེགས་བྱུང་ན། །ལས་ལ་སྦྱར་བ་ནི་བདག་ཉིད་ལྷ་དཔལ་ཆེན་ཧེ་རུ་བསྒོམ། །སྤྱི་བོར་གཤིན་རྗེ་གཤེད་པོ་རྡོ་རྗེ་ཐོགས་མེད་སྐུའི་ལྷ་དཀར་པོ་གཡས་འཁོར་ལོ་གཡོན་སྡིགས་མཛུབ་བསྒོམ། །མགྲིན་པར་རྟ་མགྲིན་རྒྱལ་པོ་དབང་ཆེན་འབར་བ་གསུང་གི་ལྷ་དམར་པོ་གཡས་སྦྲུལ་ཞགས་གཡོན་སྡིགས་མཛུབ་ལ། །སྙིང་གར་བཛྲ་ཧེ་རུ་ཀ །ཆེ་མཆོག་རྣོན་པོ་ཐུགས་ཀྱི་ལྷ་མཐིང་ག་རྡོ་རྗེ་དྲིལ་བུ། ལྟེ་བར་རྡོ་རྗེ་གཞོན་ནུ་ཕྲིན་ལས་རྒྱལ་པོ་ལས་ཀྱི་ལྷ་ལྗང་གུ་གཡས་ཕུར་པ་གཡོན་སྡིགས་མཛུབ་བསམ། །དེ་ལས་ཡེ་ཤེས་མེ་ཡི་འོད་སྔགས་ཀྱི་འཕྲོ་འདུ་བསྟན། །རྡོ་རྗེའི་རང་བཞིན་ཕྲ་མོ་ཡིས། །གང་ལ་བྱ་བའི་བགེགས་རྣམས་ཀུན། །བྱ་སྒྲོ་མེ་ཡིས་བཅུམ་བཞིན་བསམ། །རྡོ་རྗེ་སྲིན་པོའི་ངུར་སྒྲ་ཡིས། །དྲག་ཏུ་བཟླས་ཤིང་གདུག་པ་བཟློག །གྲངས་ཚད་བསྟན་བརྒྱ་ལས་འདས་ན་བགེགས་རྣམས་བཟློག ། གསུང་ཐུགས་དྲག་པོའི་ཕྲིན་ལས་སྔགས། །པདྨ་ཧེ་རུ་ཀ་རྟ་མགྲིན་དབང་གི་སྐུ་ཨཱོཾ་པདྨ་ཀྲོ་དྷཱི་ཤྭ་རཱི། ཡུམ་ཆེན་མོ་རྣམས། བཛྲ་ཀཱི་ལ་ཡ། ཀརྨ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུ། མ་ཧཱ་ཡཀྴ། རཏྣ་ཧེ་རུ་ཀ་ཆེ་མཆོག་རྣོན་པོ་གཤིན་རྗེ། ཀཱ་ལ་རཱུ་པ། ནག་པོའི་གཟུགས་ཅན། ཕྲིན་ལས་གཤིན་རྗེ་གཤེད་ཀརྨ་རཾ་རཾ་བཛྲ་ཛྭ་ལ་རཾ་བགེགས་བསྐལ་པའི་མེས་བསྲེགས་ཧཱུྃ་ཕཊ། གསང་སྔགས་རྒྱལ་པོ་འདི་དག་ནི། །གང་ལ་བསྲུང་བའི་ཡུལ་བསྟན་རང་གི་ཁམས་རྣམས་འཁྲུགས་པ་དང་། །ཕྱ་སངས་ཁྱེར་ལ་སྐབས་སུ་བཟླས། །བདེ་གཤེགས་སྤྱིར་དྲིལ་བར་ཆད་བསྲུང་། ༈ །དམ་ཚིག་ཁྲུས་ལུང་རྒྱལ་མཚན་གྱིས། །དགོས་ཆེད་མཆེད་ལྕམ་ཉམས་གྲིབ་སྦྱང་བའི་ཕྱིར། །བར་ཆོད་བཟློག་པའི་དོན་དུ་གསུངས། །སྔགས་བཟླས་པའི་ཡུལ་དང་སྔགས་བསྟན་ཉམས་དང་ཉེ་ན་འདི་བཟླས་སོ། །ཨཱོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་


DNG019_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཧེ་རཾ། བྷི་ཧེ་རཾ། བི་ན་རཾ། ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། སྦལ་བུས་རྒྱ་མཚོ་རྙོགས་བྱས་ཀྱང་། །དམ་ཉམས་ཀྱིས་གནོད་པར་མི་ནུས་པའི་ནུས་པ་ནི། རྙོག་མ་མེད་འདྲར་གནོད་མི་ནུས། །ཁྲུས་བྱེད་བཟླས་ཤིང་ཉམས་ཆག་བཀྲུ། །དག་བྱེད་ཁྲུས་ཀྱི་མན་ངག་ཡིན། ༈ །ཡུལ་གང་བསྲུང་བ་བསྟན་སྒྲུབ་པོ་དྲག་པོའི་ནད་བཏབ་བམ། །ཁམས་འཁྲུགས་སྙིང་ཡང་ཕྱ་སངས་ཁྱེར། །བགེགས་ཞུགས་ཉམས་ལེན་བཟློག་པར་བྱ། །ལྷ་གང་གིས་བསྲུང་བ་ནི་རྡོ་རྗེ་གནོད་སྦྱིན་སྔགས་ཀྱིས་བརྡེག །སྔགས་གང་གིས་བསྲུང་བ་བསྟན་ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡ་ཀཱ་སེ་ན་བ་ཏ་ཡེ། རགྴ་རཱུ་ཏྲ། ཡཀྴ་ཚལ་པ། ཧ་ན་ཧ་ན་ཧཱུྃ་ཕཊ། གདུག་པའི་དགྲ་བགེགས་དར་བ་ན། །གཽ་རཱི་ནག་མོས་བསད་པའི་ལས། །སྒྲུབ་པ་པོ་དོན་དང་ལྡན་པའི་རྣལ་འབྱོར་པས། །དུས་བསྐལ་པ་དུས་ཀྱི་ཐ་མ་ལ། །བར་དུ་གཅོད་པའི་དགྲ་བྱུང་ན། །ཡེ་ཤེས་ཐུགས་ཀྱི་གཽ་རཱི་མས། །གཉིས་མེད་ངང་དུ་བསྒྲལ་བའི་ཕྱིར། །ཞིང་ཆེན་རས་ལ་ལིངྒ་དགྲ་གཟུགས་བྲི། །ཕྱག་རྒྱ་བཞི་ཡིས་གཟུགས་ལ་དབབ། །རྫས་དང་དཀྱིལ་འཁོར་བསྟན་མཚན་ངན་རབས་ཆད་ཐོད་པར་གཞུག །འབྲུབ་ཁུང་ནག་པོ་ཨེ་རྩང་ལྡན། །ལྷའི་གྲངས་སྲིན་མོ་བརྒྱད་ཀྱི་དམོད་མོ་བྲི། །རྒྱུ་དུས་ཉི་ཤུ་གསུམ་གྱི་ནམ་ཕྱེད་ན། །བཟླས་པ་བྱ་ཐབས་བཟླས་ལ་ལིངྒ་གཏོར་མར་དབུལ། །གཏོར་མ་དགྲ་ཕྱོགས་ཟོར་དུ་འཕང་། །བརླག་པར་ངེས་ཏེ་གསང་བར་རིགས། །སྔགས་བསྟན་ཨོཾ་ཨཱཿཧཱུྃ། གཙོ་བོ་ཧ་ཧེ་ཕཊ། གཽ་རཱི་མ་བཞི་ཧཱུྃ་ནི་རི་མ་ཙི་ཏ་ཙི་ཏ་ཙ་རོ་མ། རྡུལ་ཕྲན་རྡུལ་ཕྲན། ཀེང་ཀེང་རག་ཏ་རག་ཏ། མ་རི་ཤ་སྙིང་ལ་ཤད་ཤད། བུཀྐ་སཱི་ལ་སོགས་བཞི་ཙིན་དང་མ་ཁྲག་ལ་ཀེཾ་ཀེཾ། ཧཱུྃ་ཏྲི་ཤ་རྦད་རྦད། ཛཿཧཱུྃ་བཾ་ཧོཿ། དབུགས་ལ་འུབ་འུབ། ཨ་ཧཱུྃ་ཧེ། མ་མོ་བྷྱོ་ཛ་ཛ། རུ་ལུ་རུ་ལུ་རག་མོ་བྷྱོ་ཛ། སྔགས་གྲངས་དང་ནུས་པ་ལན་གསུམ་ལུས་ངག་ཡིད་དབང་བྱེད། །ལྔས་ནི་ལྔ་ཕུང་རྡུལ་དུ་རློག །བརྒྱད་ཀྱིས་རྣམ་ཤེས་འབྲལ་བར་ངེས། །ཞི་ཁྲོ་འབར་བ་མན་ཆད་ནས། །དབང་ཕྱུག་མཁའ་འགྲོ་ཡན་ཆད་ཀྱི། །དམོད་པའི་དྲག་སྔགས་གསུངས་པ་འདི། །སྲིན་མོ་རྒྱུ་བའི་དུས་


DNG019_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱ། །གཽ་རཱི་ནག་མོ་ཉི་འཁོལ་གྱིས། །དགྲ་བགེགས་སྒྲོལ་བའི་ལས་གསུངས་པས། །གང་ལ་དམིགས་པ་གསོད་པར་བྱེད། །ཡང་དག་དོན་ལ་གནས་པ་ལ། །བར་དུ་གཅོད་པའི་གནོད་བགེགས་རྣམས། །བཟློག་པར་བྱ་བའི་མན་ངག་གསུངས། །བདག་ཉིད་དཔལ་གྱི་སྐུར་བསྒོམས་ལ། །པྲ་མོ་ཧེ་ནི་རྨོངས་མོ་ཡིན་ཏེ་ལས་ལ་མངགས་པར་བྱ། །དཔེར་ན་མདའ་གཞུས་བརྡེག་པ་ལྟར་དེ་འདྲའི་ཆུ་སྲིན་གྱིས་ཟིན་པས་འཕེན། །ཨཱོཾ་བཛྲ་པྲ་མོ་ཧ་ཡ། དེ་མོ་ཧ་ཡ། ཨ་ཀ་རི་ཤ་ཡ། སརྦ་དུཥྚན། ཧྲྀ་ད་ཡ། པྲ་མོ་ཧེ་ནི་ཧཱུྃ་ཕཊ། སྔགས་འདི་གང་གིས་ཁྲི་བཟླས་ན། །མི་བཟློག་པ་ནི་གང་ཡང་མེད། །ཆུ་སྲིན་རྒྱལ་མཚན་འཕྱར་ལ་བཟླས། །དེ་ནི་ཐམས་ཅད་བཟློག་པར་བྱེད། ༈ །སྒྲུབ་པ་པོ་ལ་ཕན་པར་བྱེད་པ་ནི་ལྷ་ཡིན་ལ་གནོད་པར་བྱེད་པ་འདྲེ་ཡིན་པས་ཕན་གནོད་བྱེད་པ་རྣམ་གཉིས་པོ། །གཟུགས་དང་སྒྲ་དང་དྲི་དང་ནི། །བར་ཆད་ཀྱི་འདྲེ་ཡིན་ན་གཟུགས་སྡུག་ཅིང་སྒྲ་སྙན་ཡང་དྲི་མི་ཞིམ། ལྷ་ཡིན་ན་གཟུགས་མི་སྡུག་ཅིང་སྒྲ་མི་སྙན་ཡང་དྲི་ཞིམ། དེ་ཡང་ལུས་ཀྱི་གཟུགས་དང་། ངག་གི་སྒྲ་དང་། ཆོ་འཕྲུལ་དྲི་དང་གསུམ་པོ་གང་བྱུང་བ་བརྟག་པར་བྱའོ། །རྣམ་པ་གསུམ་པོ་བྱུང་བ་ན། །འདྲེ་ཡིན་པར་དོགས་པ་དང་ལྷ་ཡིན་དུ་རེ་བས་ཆགས་པའི་སེམས་སྤངས་ཏེ། །རང་གི་སྐུ་ཕྱག་རྒྱ་གསལ་བའི་ཉམས་ཀྱི་དངོས་གྲུབ་བླང་ངོ་། །དེ་ལྟར་བར་ཆད་འདྲེ་དང་དངོས་གྲུབ་ལྷའི་བྱེ་བྲག་ཏུ་ནི་ཤེས་པར་བྱ། ༈ །གཟུགས་སྟོན་པའི་བར་ཆད་ནི་ངང་པར་སྟོན་པ་ཡང་། །ཁ་དོག་ལྔ་ཡི་དབྱིབས་དང་མདོག་གི་གཟུགས་ནི་དཀར་སེར་དམར་ལྗང་མཐིང་ལ་སོགས་པ་བར་སྣང་གི་འཇའ་ཚོན་ལྟ་བུར་སྣང་བའོ། །དབྱིབས་ཀྱི་གཟུགས་ནི་སྐུར་སྣང་བ་དང་། ཕྱག་མཚན་དུ་སྣང་བའོ། །སྒྲ་ནི་སྙན་དང་མི་སྙན་དང་། །ཅེ་སྤྱང་བུང་བ་རྔ་ཡི་སྒྲ། །སྒྲ་བརྗོད་པའི་བར་ཆད་ནི་སྒྲ་སྙན་པ་ཚངས་པའི་གསུངས་དང་མི་སྙན་པ་ཡི་དྭགས་ཀྱི་སྐད་དེ། ཅེ་སྤྱང་གི་སྒྲ་དང་། བུང་བའི་སྒྲ་དང་། རྔའི་སྒྲ་དང་། འབྲུག་གི་སྒྲ་ལ་སོགས་པ་དུ་མར་སྣང་བའོ། །དྲི་བསུང་ཚོར་བའི་བར་ཆད་ནི་ཞིམ་པའི་དྲི་ནི་གླ་རྩི་ལ་སོགས་པ་སྒོག་པ་སོགས་མི་ཞིམ་པ། །ཞིམ་དང་མི་ཞིམ་བཅས་པའོ། །སྤོས་དྲི་ཅན་ལ་སོགས་པ་སྣ་ཚོགས་པ་སྟེ། མདོར་ན་ག་བུར་ནས་བཟུང་ནས་ཐ་མ་སྒོག་དྲི་ཡན་ཆད་དེ། དྲིའི་རྣམ་པ་དུ་མ་ཡོད་པ་རྣམས་སོ། ༈ །རེ་དོགས་བར་ཆད་བསལ་བ་ནི། བགེགས་ཡིན་གྱི་དོགས་པ་ཡང་ངན་སེམས་ཡིན་ཏེ། ཆོས་ཉིད་ཀྱི་གཤིས་ལས་ཁ་དོག་མ་གྲུབ་པས་


DNG019_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་དངོས་གྲུབ་ཏུ་ཤེས་སྐྱོན་ཡོན་ཏན་ཏུ་ཤེས་པའོ། །བགེགས་སུ་དོགས་པས་ཟིན་པ་དང་། །ལྷ་ལ་ཆགས་པས་བཅས་པའི་སེམས། །ཡི་དམ་ལྷའི་གྲུབ་རྟགས་བཟང་པོ་མ་ཆགས་པ་ཡང་བཟང་སེམས་ཡིན་ཏེ། ཆོས་ཉིད་ཀྱི་གཤིས་ལ་མ་གྲུབ་པས་དངོས་གྲུབ་མཆོག་ཏུ་གྱུར་པའོ། །རེ་དོགས་གཉིས་མེད་ཡེ་ཤེས་ཀྱི་ལྷས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར་དུ་རེ་བ་དང་འཇིག་རྟེན་པའི་ལྷས་བར་དུ་བཅད་དོགས་པ་གཉིས་ཆོས་ཀྱི་དབྱིངས་སུ་གཅིག་པར་བལྟ་བའོ། །ཆོས་ཀྱི་དབྱིངས། །བལྟ་སྤྱོད་དངོས་གྲུབ་ཀྱི་རྫས་ལ་ཡེ་ཤེས་སྒྱུ་མ་ཙམ་དུ་ཤེས་ནས་སྤྱོད་ཅིང་རོལ་པ་ནི་བྱེ་བྲག་ཡིན་ནོ། །མཁས་པས་ཤེས། །བལྟ་བ་རྟོགས་པ་ཡི་དམ་གྱི་སྐུ་གསལ་བར་བསྒོམ་པ་སྤྱོད་པ་བདུད་རྩི་ལ་རོལ་པ་དེ་ནི་མཁས་པའོ། ༈ །ཉམས་ཀྱི་ཕྱག་རྒྱས་རང་དོན་སད། ༈ །ལྷ་ཡིན་པར་རེ་བ་དང་འདྲེ་ཡིན་པར་དོགས་པའི་སེམས་སྤངས་ཏེ་རང་ལྷའི་སྐུ་ཕྱག་རྒྱར་གསལ་བའི་ཉམས་ཀྱིས་དངོས་གྲུབ་བླང་བའོ། །གལ་ཏེ་འབྱུང་པོ་གནན་པར་བྱ། །སྒྲུབ་པ་པོ་ལ་རེ་དོགས་ཀྱི་སེམས་མེད་ཀྱང་གལ་ཏེ་རྟགས་རྩུབ་མོ་བྱུང་ན་མནན་པའི་ཆོ་ག་བྱའོ། །ཤར་དྲི་ཟ། ལྷོ་གྲུལ་བུམ། ནུབ་ཀླུ། བྱང་གནོད་སྦྱིན་མནན་ནོ། །མོས་དང་ཉམས་ཀྱིས་འཇུག་པ་ལ། །ལམ་འཇུག་འཇིག་རྟེན་བར་ཆད་ཆོས། །དང་པོ་ཐབས་ལམ་གྱི་བར་ཆད་ནི། མཚན་བཅས་མོས་པས་འཇུག་པས་ལྟུང་བ་དང་། མཚན་ཉིད་སྣ་ཚོགས་པའི་ཉམས་ཀྱི་ལྟུང་བའོ། །གང་ཟག་དེ་ལ་དུས་བཞིར་བར་ཆད་བཞི་འཇུག་སྟེ། ལམ་ལ་འཇུག་པ་ན་འཇིག་རྟེན་པའི་ཆོས་ཀྱི་བར་ཆད་ནི་གཉིས་ཏེ། གཉེན་འདུན་དང་འདྲེལ་བ་ལ་སོགས་པའི་བར་ཆད་བྱུང་ན་ཟང་ཟིང་གི་སྦྱིན་པ་ཕྲ་མོ་སྔོན་དུ་འགྲོ་བའི་དད་པ་བརྟན་པས་བསྲུང་ངོ་། །བླ་མ་དང་གྲོགས་ཀྱི་བར་ཆད་ནི་ཟང་ཟིང་གི་སྦྱིན་པ་དང་། བརྩེ་སེམས་སྔོན་དུ་འགྲོ་བས་བསྲུང་ངོ་། །དེ་ནི་ཁམས་འདུས་པ་དང་པོ་ལ་བསྲུང་བའོ། །ལམ་དུ་ཞུགས་ན་ཕྱི་རོལ་གྱི། །བདུད་ཀྱི་བར་ཆད་བསྲུང་བ་དང་། ༈ །ལམ་ལ་ཞུགས་ན་ཕྱི་རོལ་བདུད་ཀྱི་བར་ཆད་ནི་རྡོ་རྗེ་རྭ་བའི་སྲུང་འཁོར་དང་། སུམ་བྷ་ནིའི་སྔགས་དང་། བླ་མ་དང་གྲོགས་གཞན་གྱི་རྐྱེན་ལ་ལྟོས་པའི་སྔགས་མདུད་ཀྱིས་བསྲུང་ངོ་། །དེ་ནི་ཐབས་ཀྱི་བར་ཆད་ཀྱི་བསྲུང་བ་བཞིའོ། །བྱ་བ་མང་བས་ན་ཐབས་ཡིན་པས་སོ། །སེམས་ནི་ཅུང་ཟད་བརྟན་པ་ན། །བདུད་སྟོབས་འཕེལ་བའི་བར་ཆོད་ནི་སྲུང་བའི་འཁོར་ལོ་གོ་འཕོ་བ་ཡིན་ཏེ། བར་དུ་གཅོད་པའི་བདག་དང་། གཅོད་བྱེད་བདུད་དང་། བར་ཆོད་གསུམ་གོ་སེམས་སུ་ཤེས་པ། སྒྱུ་མར་ཤེས་པ། རང་བཞིན་མེད་པར་ཤེས་པ་དང་གསུམ་གྱིས་བསྲུང་སྟེ། འདི་ནི་ཐབས་ཀྱི་བར་ཆད་ལ་ཤེས་རབ་ཀྱི་བསྲུང་བ་གསུམ་


DNG019_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །སྟོང་པར་ཤེས་པས་ནི་ཤེས་རབ་བོ། །དེ་གཉིས་ནི་ཁམས་འདུས་པ་བར་པ་ལ་འོང་ངོ་། །དང་། །སེམས་བརྟན་པ་ནི་ཏིང་ངེ་འཛིན། །ང་མ་ཤེས་པའི་བར་ཆོད་ནི་ལྟེ་ལྐོག་ཀྵ་ཡིག་ཏུ་རླུང་སེམས་བརྟན་པར་འདུས་པས་རཱུ་ཏྲ་སྲིན་པོ་དང་ཤ་སྡིག་པ་ལ་སོགས་པ་མི་འཚམས་པའི་ལྟས་དུ་མ་བྱུང་བ་ན་ཏིང་ངེ་འཛིན་དེ་ཤེས་པས་བསམ་གཏན་གྱི་གེགས་སེལ་བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་སྐྱོན་ཡོན་ཏན་དུ་སླང་ཤེས་བར་ཆད་དངོས་གྲུབ་ཏུ་ལེན་ཤེས་པས་བར་ཆད་ཞི་སྟེ་བར་ཆད་མེད་དོ། །ཁམས་འདུས་པ་ཐ་མ་ལ་འོང་ངོ་། །དོ། །ཤེས་རབ་མོས་ཉམས་གཟུགས་སྒྲ་ལྷ། །ཏིང་འཛིན་སྔགས་ལྟ་ཉམས་ཀྱི་སད། །ཤེས་རབ་ཀྱི་བར་ཆད་བསྲུང་བ་ནི། སྟོང་པ་ཁོ་ན་ལ་མོས་པ་དང་འཇུག་པས་ཤེས་རབ་ཀྱི་ཕྱོགས་སུ་ལྟུང་བ་དང་། སྟོང་ཉམས་ཀྱི་ཤེས་རབ་ཀྱི་ཕྱོགས་སུ་ལྟུང་བའོ། །དེ་གཉིས་ཀ་ལ་བར་ཆད་བཞི་སྟེ། སེམས་ཉམས་ལུས་ཀྱི་སྡུག་བསྔལ་བསྐྱེད་པའི་བར་ཁམས་འདུས་པ་དང་པོ་ལ་འབྱུང་། གཟུགས་དང་བར་སྟོན་པའི་བར་ཆད་དང་། སྒྲ་བརྗོད་པའི་བར་ཆད་གཉིས་ཁམས་འདུས་པ་བར་པ་ལ་ཡོང་། ལྷ་གྲུབ་རྒྱུར་གནས་པའི་བར་ཆད་ཁམས་འདུས་པ་ཐ་མའོ། །བསྲུང་བ་སད་པ་བཞི་ནི་ཉམས་ཀྱིས་སད། ཏིང་ངེ་འཛིན་གྱིས་སད། སྔགས་ཀྱིས་སད། ལྟ་གྲུབ་ཀྱིས་སད་དོ། །གཟུགས་ཀྱི་ཕྱི་ནང་བདུད་ཡིན་ལ། །ཕྱིའི་བདུད་དང་པོ་ནས་ནག་པོའི་ཕྱོགས་བར་ཆད་འབའ་ཞིག་བྱེད་པའོ། །ནང་གི་བདུད་ཕན་འདོགས་གནོད་པ་ལ་ཚར་གཅོད་རྗེས་བཟུང་བྱ་བའོ། །གཟུགས་དེ་ལ་ཉམས་ཀྱིས་སད་པ་དང་། ལྟ་གྲུབ་ཀྱིས་སད་པ་གཉིས་ཀྱིས་བསྲུང་ངོ་། །ཉམས་དང་བལྟ་བས་སད་པ་གཉིས། །སྒྲ་ནི་ཀ་ལ་ཤ་ཨ་དང་། །སྒྲ་བརྗོད་པའི་བར་ཆད་ལ་ངག་བརྡས་བསྲུང་སྟེ། ཀ་ད་ཤ་ཨ་བུམ་དབང་གི་བརྡའོ། །ཡ་ར་ལ་ཝ་ཞེས་པ་དང་། །གསང་བའི་དབང་གི་བརྡའོ། །རྩ་འཁོར་ལོ་བཞིའི་ཡིག་འབྲུའོ། །གཏུམ་མོ་བསྒོམ་པའོ། །ཨཱོཾ་དང་ཨཱཿཧཱུྃ་འབྲུ་གསུམ་དང་། །འབྲུ་གསུམ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བརྡའོ། །ལུས་ངག་ཡིད་གསུམ་མཉམ་པར་གནས་པའོ། །ཨཱོཾ་བཞི་རྣམ་པར་ཤེས་པས་བསྲུང་། །བདེ་བ་ཆེན་པོའི་དབང་བརྡ་སྟེ། དབང་བཞི་ཐོབ་མ་ཐོབ་ཀྱི་བརྡ་བསྟན། ལྷ་ཡིན་ན་ཐོབ། འདྲེ་ཡིན་ན་མ་ཐོབ་པའོ། །རྩ་དབུ་མར་གནོན་པའོ། །ལུས་བརྡ་ནི། སོར་མོ་གཡས་པ་ལྔ་བསྡུས་རྩེ་མོ་གཡོན་པས་དེ་མནན་པ་དང་ནི་བུམ་དབང་རིག་པའི་དབང་ལྔ་ཐོབ་བམ་ཞེས་བྱའོ། །མཐེབ་སྲིན་རྩེ་སྤྲད་པས་གྲུ་གསུམ་ཨེ་ཡུམ་གྱི་བྷ་ག་སྟེ། གསང་དབང་དངོས་བླངས་སམ་ཞེས་བྱའོ། །ལ་རིག་བྱེད་གཅིག །ཆང་བར་མཛུབ་མོ་བཅུག་པ་རྣམ་སྣང་བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །ཡུམ་ལ་རོལ་པ་བྱས་སམ་ཞེས་བྱའོ། །མཛུབ་མོ་ནམ་མཁའ་མཚོན་པའོ། །བདེ་བ་ཆེན་པོའི་དབང་བདེ་སྟོང་ནམ་མཁའ་ལྟ་བུ་


DNG019_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བམ་ཞེས་བྱའོ། །ཡན་ལག་གི་བརྡ་ནི་བུམ་དབང་ཐོབ་ན་སོར་མོ་ལྔ་ནི་ཕྲལ་ཏེ་བསྟན་པས་བུམ་དབང་ཐོབ་ཅེས་ལན་ནོ། །གསང་དབང་ཐོབ་ན་ནི་རྡོ་རྗེ་ཁུ་ཚུར་ཡུམ་དང་མི་ཕྱེད་པའི་ལན་ནོ། །འགྱུར། །རྡོ་རྗེ་རྩེ་གསུམ་བྱས་ཏེ་བསྟན། །ལུས་ངག་ཡིད་གསུམ་རོལ་པས་ཤེས་རབ་ཡེ་ཤེས་དབང་ངོ་། །དེ་ཐོབ་ཅེས་པའི་བརྡ་ཕྱག་རྒྱ་བསྟན་པའོ། །མཛུབ་མོ་ནམ་མཁའ་མཚོན་པའོ། །བདེ་སྟོང་མཚོན་པ་བདེ་བ་ཆེན་པོའི་དབང་ངོ་། །ཕྱག་རྒྱ་བསྟན་པས་ལྷ་དང་གེགས་ཤན་འབྱེད་དོ། ༈ །ཐབས་དང་ཤེས་རབ་ཐུན་མོང་ནི། །གྲིབ་མ་དྲུག་ཏུ་གནས་པ་དང་། །གྲིབ་མ་དྲུག་ནི་དང་པོ་དམ་ཚིག་གི་གྲིབ་མ་ཆེན་པོ་སྟེ། སྲོག་འཕྲོག་པས་དབང་གིས་སེལ་ལོ། །གདོན་གྱི་གྲིབ་མ་དང་། གྲོགས་ངན་པའི་གྲིབ་མ། ཟས་ཀྱི་གྲིབ་མ། གནས་ཀྱི་གྲིབ་མ་དང་བཞི་འབྲིང་པོ་སྟེ། ལུས་སེམས་ལ་སྡུག་བསྔལ་བསྐྱེད་པས་ཚོགས་ཀྱིས་སེལ་ལོ། །རོའི་གྲིབ་མ་ནི། མི་བླང་བའི་རོ་བླངས་པ་གྲིབ་མ་ཆུང་ངུ་སྟེ། ཏིང་ངེ་འཛིན་འཕྲོག་པས་ན་ཁྲུས་ཀྱིས་སེལ་ལོ། །གྲིབ་མ་དྲུག་གོ། །གདོན་གྱི་གྲིབ་མ་ཆེན་པོ་དྲག་པོའི་སྦྱིན་བསྲེག་གིས་སེལ། འབྲིང་རྒྱས་པས་སེལ། ཐ་མ་ཞི་བའི་སྦྱིན་བསྲེག་གིས་སེལ་ལོ། །ཐིག་ལེ་འཛག་པ་དྲུག་ཡང་བསྲུང་། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་བཤད་ཟིན་ཏོ། །སྒྲིབ་གཉིས་བསྲུང་བར་བྱ་བ་ཡང་། །སྒྲིབ་པ་གཉིས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའོ། །དང་པོ་ནི་རྣམ་རྟོག་རྒྱུན་ཆགས་སོ། །དེ་ནི་འཇུག་པ་སེལ་བ་ལ་སོགས་པས་བསྲུང་ངོ་། །ཤེས་སྒྲིབ་ནི། ཡིད་ཏིང་ངེ་འཛིན་ཡིན་ཡང་ཉམས་སྐྱོན་བརྒྱད་དེ། དབང་གི་ལྟ་བ་རྣམས་སོ། །དེ་དག་བྱུང་རྒྱལ་གྱི་གནད་ཀྱིས་སྐྱོན་མེད་གསུམ་གྱིས་བསྲུང་ངོ་། །སྐྱོན་མེད་མ་སྐྱེས་ན། བསམ་གཏན་གྱི་དུག་ཤེས་བྱའི་སྒྲིབ་པ་སྟེ། སྐྱོན་མེད་སྐྱེ་བར་བྱ་བའི་ཕྱིར། ཡུལ་སྣང་སྟོང་ཟུང་འཇུག་སྐྱེ་བར་བྱ་བའི་ཕྱིར། སྔར་རྗེས་སྤྱོད་ལ་ངོ་བོ་ཉིད་སྐྱོང་བ་བཞིན་ཆུ་ནང་གི་གཟུགས་བརྙན་ནམ། མེ་ལོང་གི་གཟུགས་བརྙན་ལ་སོགས་པ་ལ་སློང་དང་གོམས་པར་བྱས་ཤིང་བསྐྱང་ངོ་དེས་སྐྱོན་མེད་མི་སྐྱེ་མི་སྲིད་དོ། །ཤེས་པ་གསལ་སྟོང་དུ་མ་གྱུར་ན། གནས་ཁང་ཅུང་དཔངས་མཐོ་བར། ལུས་ལ་སོགས་པ་གནད་ལ་ཕབ་ལ། མིག་འབྱེད་འཛུམ་རན་པར་བྱས་ཏེ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངག །ཐབས་ཤེས་དབྱེར་མེད་དུ་ཤེས་པར་བྱའོ། །བྱུང་རྒྱལ་དུ་བསྐྱངས་ན། གསལ་སྟོང་ཟུང་འཇུག་མི་སྐྱེ་མི་སྲིད་དོ། །ཡང་ལུས་བདེ་སྟོང་ཟུང་དུ་མ་ཚུད་ན། བསྒོམ་གཏོར་རྐྱེན་གྱིས་གཅལ་ཞིང་ལོངས་སྤྱོད་ཀྱི་རྦ་རླབས་སྟོན་ཏེ། བདེ་སྟོང་མཆོག་སྐྱེ་བར་འགྱུར་རོ། །ཉོན་མོངས་པ་ཡི་སྒྲིབ་


DNG019_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཤེས་བྱའི་སྒྲིབ་པ་བསྲུང་བའོ། །ཞེས་གསུངས་སོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་གལ་པོ་ཆེན་པོ་ལས། བར་ཆད་བགེགས་ཆེན་བཟློག་པའི་བརྟག་པ་སྟེ་བཅོ་ལྔ་པའོ།། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྒྲུབ་པ་པོ་དོན་ཡོད་པར་བྱ་བའི་ཕྱིར་མཆོག་ཐུན་མོང་གི་དངོས་གྲུབ་དམ་པ་བླང་བར་བྱ་བ་འདི་གསུངས་སོ། །དངོས་གྲུབ་རྣམས་ཀྱི་ནང་ནས་དམ་པ་ཞིག་བླང་ན་མཆོག་དང་ཐུན་མོང་ངོ་། །དམ་ཤིང་བླང་བའི་ཕྱིར། །སྔ་མ་ལས་ནི་དཀྱིལ་འཁོར་དང་རྫས་དང་ལྷ་དང་མཆོད་པ་དང་འཕྲོ་འདུ་རྣམས་གནས་བསྒྱུར་ནས། །སྒྲུབ་པ་ཆེན་པོ་ཡིན་པས་དངོས་གྲུབ་ལེན་པའི་ཆོ་ག་ཁོ་ན་བརྩམ་པར་བྱ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །དུས་ཉི་མ་ནུབ་ནས་བསྒྲུབ་པའི་ཆོ་ག་ལ་ཞུགས་ནས། ཐོ་རངས་སྐྱ་རེངས་འཆར་བའི་བར་དུ་དངོས་གྲུབ་བསྒྲུབ་པའི་ཆོ་ག་བྱའོ། །ཞག་གྲངས་སུ་བྱས་པ་དང་དུས་ཀྱི་བསྙེན་པ་དང་ནི་བརྟག་པ་འམ། །རྟགས་བྱུང་བ་དངོས་གྲུབ་ཀྱི་མཚན་མ་བརྟན་པོ་བྱུང་ནའོ་དངོས་གྲུབ་བླང་བར་བྱ། ༈ །རྣལ་འབྱོར་གྲལ་དང་དཀྱིལ་འཁོར་ལྷ། །དཀྱིལ་འཁོར་གནས་བསྒྱུར་བ་ནི་དབུས་ཟླ་གམ་སྒོ་ནུབ་ཏུ་བསྟན་པ་དེ་ཤར་དུ་བསྟན་པ་བྲི། ལྷ་གནས་བསྒྱུར་བ་ནི། དཔལ་གྱི་ཞལ་ནུབ་ཏུ་བསྟན་པ་དང་། ཞལ་དུ་ཁ་ཤར་དུ་བསྟན། གཽ་རཱི་མའི་ཞལ་བུ་ཡང་ཤར་དུ་བསྟན་ནོ། །གཞན་མ་རྣམས་དེས་འགྲེའོ། །བསྒྱུར་ནས་ཆ་ལུགས་ཁྲོ་བོར་བསྒྱུར། །དང་པོ་གནས་འགྱུར་གྱི་རིམ་པ་བྱས་ལ་དངོས་གྲུབ་ཀྱི་ཞལ་ཟས་བསག་པའོ། །རྣལ་འབྱོར་པ་གནས་བསྒྱུར་བ་ནི། སློབ་དཔོན་ནུབ་ན་ཡོད་པ་ཤར་དུ་བྱོན་ལ། མཆེད་ཀྱང་འགྲེའོ། ༈ །བཀྲ་ཤིས་ཀྱི་ཞལ་ཟས་ནི་མར་ལ་སོགས་པ་དཀར་པོའི་རྣམ་པ་རྣམས་ཞི་བ་ཤར་ཏེ་འཕྱུར་བ་ལ་སོགས་སེར་བའི་རྒྱས་པའི་རྫས་རྣམས་ལྷོ། །ཕྱོགས་སུ་དགོད་པར་བྱའོ། །ཤ་ལ་སོགས་པ་དབང་གི་རྫས་དམར་བ་རྣམས་ནི་ནུབ་ཏུ་དགོད་ལ་དྲག་པོ་འི་རྫས་ཆང་ལ་སོགས་པ་རྣམས་བྱང་དུ་བཞག་གོ། །རྫས་རྣམས་ཞིང་ལྤགས་ཀྱིས་དགབ་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲི་དེར་རྟ་མགྲིན་བསྒོམས་ལ་དང་མཆོད་པ་འི་རྫས་རཀྟ་དང་སྨན་བཤམ་པའོ། །སྲུང་བའི་འཁོར་ལོས་མཚམས་གཅད་པར་བྱ་སྟེ་དངོས་གྲུབ་བསྒྲུབ་ལ་བར་གཅོད་པ། །སྲུང་བའི་འཁོར་ལོས་གནམ་འཁོར་ལོ་རྩིབས་བརྒྱད་དུ་གནས་པས་བར་སྣང་བསྲུང་། ས་པདྨ་འདབ་བརྒྱད་དུ་གནས་པས་ས་གཞི་བསྲུང་། རྣལ་འབྱོར་པའི་ལུས་ལ་བསྲུང་བ་རང་གནས་པས་དཀྱིལ་འཁོར་


DNG019_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བསྲུང་བར་བྱ། །རྣལ་འབྱོར་པའི་ལུས་ངག་ཡིད་ནི་མ་དག་པ་ན། །མི་གཙང་སྣོད་བཅུད་དག་པར་བཀྲུ། ༈ །སྣོད་མ་དག་པའི་ནང་དུ་བཏུང་བ་ཁྱད་པར་ཅན་བླུག་ཏུ་མི་རུང་བ་ལྟར། སྒྲུབ་པ་པོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དག་པར་བྱ་བའི་དོན་དུ་རང་རང་གི་བཤགས་པ་བྱ། སྨན་ལ་མ་དག་པར་བལྟས་པ་ལྟ་སྤྱོད་ལོག་པས་བཤགས་པ་བྱས་ལ་དག་པར་བྱའོ། །གང་གིས་བྱིན་གྱིས་བརླབ་ན་རྣལ་འབྱོར་ཆེན་པོ་མཆོག་གི་ཆོས། །གང་བྱིན་གྱིས་བརླབ་ན་བདུད་རྩི་ཆེན་པོར་ཡེ་ནས་སྦྱར། །གཙོ་བོའི་ཐུགས་དམ་སྐོང་བའོ། །ཁམས་གསུམ་ཐུགས་རྗེས་བསྒྲལ་བས་ན། །ཆགས་པ་རཀྟ་རྒྱ་མཚོར་བསྐྱིལ། །མཁའ་འགྲོའི་ཐུགས་དམ་སྐོང་བའོ། །རྒྱུ་མཚན་ཉིད་དང་སྔགས་ཕྱི་པ་ལས་ཁྱད་པར་དུ་གྱུར་པས་ཁྱད་པར་ཆེན་པོ་སྒྲུབ་པ་རྒྱལ་བའི་བཀའ། །བདུད་རྩི་དང་ཆང་རྒྱུ་གཉིས་རྐྱེན་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་སྦྱང་བའི་བདུད་རྩི་འདི། །སྣང་བ་སྣོད་སྲིད་པ་བཅུད་སྣང་བ་བདུད་རྩི་ཆེན་པོར་རང་ཤར་བའི་རྫས། །རྒྱལ་བ་རྒྱུད་སྡེ་བསམ་ཡས་པ་ནས་བཤད་པའི་ལྷ་ཐམས་ཅད་ཀྱང་ཞི་ཁྲོ་གཉིས་སུ་མ་འདུས་པ་མེད་པས་ཞི་ཁྲོའི་ཚོགས་ལ་མཆོད་པར་འབུལ། །ཧཱུྃ་དང་པོ་སྣང་སྲིད་རཀྟའི་རྒྱ་མཚོ་གཉིས་པས་དོན་དབང་གི་གནས་སམ་རང་བཞིན་དུ་གྱུར། །གསུམ་པ་མཆོད་རྫས་ཀྱི་རང་བཞིན་སྣ་ཚོགས་པ་བདུད་རྩིར་གྱུར་རོ་མཆོག་བརྒྱ་ལྡན་བདུད་རྩི་ཆེན་པོར་གནས། །སྟོང་གསུམ་སྟོང་གི་དཀྱིལ་འཁོར་ན། །སྐུ་རུ་སྣང་བ་སྐུའི་དཀྱིལ་འཁོར་ཞི་ཁྲོའི་སྐུ། །གསུང་དུ་སྣང་བ་གྲག་པ་གསུང་གི་དཀྱིལ་འཁོར་ཞི་ཁྲོའི་གསུང་། །ཐུགས་སུ་སྣང་བ་དྲན་རྟོགས་ཐུགས་ཀྱི་དཀྱིལ་འཁོར་ཞི་ཁྲོའི་ཐུགས། ༈ །སྟོང་ཚིགས་འཛབ་མཆོད་གཞི་སྟོང་ཚིགས་ཀྱིས་མཆོད་པ་ལ་བརྟེན་པའོ། །དགུག་པ་ཡན་ལག་དོན་སྤྱན་དྲང་དང་། །ཕྱག་མཆོད་བཤགས་བསྟབ་དངོས་གྲུབ་བླང་། ༈ །བསྙེན་པའི་ལྷ་ཞི་བ་སྒྲུབ་པའི་ལྷ་ཁྲོ་བསྙེན་བསྒྲུབ་མཚམས་ཀྱི་ལྷའོ། །སྦྱོར་བའི། །ལྷ་རྣམས་དངོས་གྲུབ་བསྡུས་ལ་བླང་། །ཡེ་ཤེས་ལྷ་དང་རིག་འཛིན་མཁའ་འགྲོའི་ཚོགས། །དུས་ཀྱི་བསྙེན་པ་ད་ནི་ཞག་གི་གྲངས་ཀྱང་ཚང་ལགས་སོ། །མཚན་མའི་བསྙེན་པ་བསྒྲུབ་པའི་ནམ་ཡང་ལངས་ལགས་སོ། །བཟླས་བརྗོད་ཀྱི་བསྙེན་པའི་གྲངས་ཀྱང་ཚང་ལགས་སོ། །ཞག་ཏུ་


DNG019_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་དུས་དྲུག་གི་ཆོ་ག་ཚང་བས་ན་མཆོད་པའི་གྲངས་ཀྱང་ཚང་ལགས་སོ། །ཞག་གྲངས་དམ་བཅས་བསྙེན་པ་མཐར་ཕྱུང་སྟེ། །དགོངས་པའི་ཚད་ནི་ཡེ་ཤེས་འོད་ཟེར་འཁྲུགས་ཚུལ་མཆོག་བསྣོལ་ནས། །བཟླས་བརྗོད་བསྙེན་པའི་གྲངས་ནི་ཁྱེད་ལ་འབུལ། །དམིགས་བསམ་གྲུབ་པའི་དངོས་གྲུབ་བདག་ལ་གསོལ། །མཁས་རྟོགས་ཆོས་ཀྱི་དངོས་གྲུབ་བདག་ལ་གསོལ། །གཡུང་དྲུང་ཚེ་ཡི་དངོས་གྲུབ་བདག་ལ་གསོལ། །དབང་ཐང་བུ་ཚའི་དངོས་གྲུབ་བདག་ལ་གསོལ། །མཛོད་ལྡན་ནོར་གྱི་དངོས་གྲུབ་བདག་ལ་གསོལ། །རྒྱ་མཚོ་ཀླུ་ཡི་དངོས་གྲུབ་བདག་ལ་གསོལ། །མཐུ་དང་རྩལ་གྱི་དངོས་གྲུབ་བདག་ལ་གསོལ། །སྤྲུལ་པ་འགྱེད་པའི་དངོས་གྲུབ་བདག་ལ་གསོལ། །ཕྲིན་ལས་བཞི་ཡི་དངོས་གྲུབ་བདག་ལ་གསོལ། ༈ །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །སྒྲུབ་མཆོག་དམ་ལས་མི་འདའ་ཡིས། །དམ་ཚིག་པ་ལ་བཞེངས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་ཀྱང་། །དམ་ཚིག་གཉན་ལས་མ་འདའ་ཞིག །དམ་ཚིག་གཉན་པོ་སྲོག་གཟུང་ཕྱིར། །བདག་གི་དམ་ཚིག་རྡོ་རྗེ་མཆོག་གསུམ་པའོ། །ཡེ་ཤེས་རྩ་བ་ལྷ་ཡི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་བདག་བསྲུང་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཡན་ལག་གི་དམ་ཚིག་བསྲུང་བའི་སྒོ་ནས་དངོས་གྲུབ་བླང་བའོ། །མི་སྤོང་བ་ཡི་དམ་ཚིག་བདག་བསྲུང་ན། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། །ཡོན་ཏན་ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །དང་དུ་བླང་བའི་དམ་ཚིག་བདག་བསྲུང་ན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་གསོལ། །སྤྱོད་པའི་དམ་ཚིག་བདག་བསྲུང་ན། །དངོས་གྲུབ་མཆོག་གསོལ་ཡེ་ཤེས་ལྷ། །ཤེས་པར་བྱ་བའི་དམ་ཚིག་བདག་བསྲུང་ན། །སྒྲུབ་པ་པོ་ལ་དབང་དང་དངོས་གྲུབ་གསོལ། །འབྲས་བུ་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་སྒོ་ནས་དངོས་གྲུབ་བླང་བའོ། །སྐུ་དང་གསུང་དང་ཐུགས་དང་གསུམ། །མི་ཟད་རྒྱན་གྱི་འཁོར་ལོའི་དངོས་གྲུབ་གསོལ། །འབྲས་བུ་སྐུ་བཞིའི་


DNG019_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་དངོས་གྲུབ་བླང་བའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །ངོ་བོ་ཉིད་ཀྱི་སྐུ་ཡི་དངོས་གྲུབ་གསོལ། །ཞེས་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྗེ་བཙུན་དམ་པ་དེས། ཕྱི་རབས་ཀྱི་སྒྲུབ་པ་པོ་བློ་དམན་པས་གོ་ཞིང་རྟོགས་པར་བྱ་བའི་ཕྱིར། ལུང་དུ་བསྟན་པའི་དགོངས་པས་དངོས་གྲུབ་བླང་བའི་ཆོ་ག་གསུངས་པའོ། །ཧེ་རུ་ཀའི་གལ་པོ་ལས། སྒྲུབ་པ་ཆེན་པོའི་བརྟག་པ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་སྣ་ཚོགས་ཀྱི་དངོས་གྲུབ་བསྒྲུབ་པ་འདི་གསུངས་སོ། །ལས་ཀྱི་བྱ་བ་མ་ལུས་པ། །བསྒྲུབ་ཕྱིར་དངོས་གྲུབ་མ་ལུས་པ། །ཧེ་རུ་ཀ་ལས་འབྱུང་བས་ན། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒྲུབ། ༈ །གང་ཞིག་འཆི་བ་བསླང་འདོད་ན། །ཧེ་རུ་ཀ་ནི་ཞལ་བརྒྱད་པ། །གཡས་ཀྱི་ཞལ་གསུམ་སྔོ་དང་དམར་དང་སེར། །གཡོན་གྱི་ཞལ་གསུམ་ལྗང་དམར་བ་དུད་ཀའི་མདོག ། སྟེང་ཞལ་གཅིག་སེར་པོ་ཞི་བ་སྟེ། །རྩ་ཞལ་དང་སྐུ་ལུས་དུང་གི་མདོག་ཅན་མདངས། །གཡས་དང་པོ་སྡིགས་མཛུབ་གཡོན་དང་པོ་རྡོ་རྗེ་གཡས་འོག་དྲིལ་གཡོན་འོག་ཞགས་འཛིན། །གཡས་གསུམ་པ་བུམ་པ་གཡོན་གསུམ་པ་རལ་གྲི་བཞི་པ་མདུང་ཐུང་དང་། །ལྔ་པ་དགྲ་སྟྭ་ཐོད་པ་དང་དྲུག་པ་ལྕགས་ཀྱུ་གཞུ་དང་། བདུན་པ་ཁ་ཊྭཱཾ་མདའ་དང་ཐོ་བ་དང་། །ཐ་མ་གཡས་གཡོན་བརྒྱད་པ་ན་འཁོར་ལོ་དང་མི་འཇིགས་དངོས་གྲུབ་གསོལ། ༈ །གསལ་ནས་སྔགས་འདི་ཁྲི་བཟླས་ན། །འཆི་བ་ཐམས་ཅད་འཚོ་བར་བྱེད། །དུས་མིན་མཚོན་དང་ཆུ་དང་གཡང་ལ་ལྷུང་བ་སོགས་འཆི་བ་ཞི་འགྱུར་ཞིང་། །འཆི་བ་ལས་ནི་ངེས་པར་སློང་། །ཨོཾ་ཨ་མྲྀ་ཏ་སཾ་ཛཱི་བ་ནི་མ་ཧཱ་ཨ་མྲྀ་ཏ་སུ་ལུ་ཁེ་ཛཱི་བཾ་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བཛྲ་པདྨ་ས་མ་ཡོ་གེ་བོ་དྷི་ཙིཏྟ་ཐ་བི་ཏི་མུར་ཏེ་ཧཱུྃ་ཧཱུྃ་ཨ་ཨཱ་ཨ་ཨཱ་སྭཱ་ཧཱ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི། །དབུས་སུ་ཨ་ལ་སྔགས་ཀྱིས་བསྐོར། །བར་དོ་ནས་དྲངས་ཤི་བ་ཡི། །ལུས་ལ་རྣམ་ཤེས་ཐིམ་འགྱུར་བ། །ཞག་བདུན་དག་གིས་འཆི་བ་བསླང་། །ཡང་ན་ཞག་གསུམ་དག་ན་


DNG019_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་རྨད་བྱུང་རོལ་པའི་སྔགས་ཀྱི་འཆི་བདག་བསྐྲད་པ། ༈ །ཧི་ཧི། འདོན་པའོ། །ཧ་ཧ། མགུ་བ། ཧོ་ཧོ། དགྱེས་པ། ཧེ་ཧེ། སྔགས་བརྗོད་པའོ། །ཧཱུྃ་ཧཱུྃ། རྫོགས་པའོ། །ཕཊ་ཕཊ། གསོད་པ། ཧཱུྃ་ཧཱུྃ། ཕུར་བུ་རྡེག་པ། ཛ་ཛ། འགུགས་པ། ས་ས། བསྙེན་བསྐུར་རོ། །ཧཱུྃ་བྷྲཱུཾ། རིགས་ལྔ་སྐུ། ཧཱུྃ་བྷྲཱུཾ། གསུང་། ཧཱུྃ་བྷྲཱུཾ། ཐུགས། ཧཱུྃ་བྷྲཱུཾ། ཡོན་ཏན། ཧཱུྃ་བྷྲཱུཾ། ཕྲིན་ལས། ཧ་ཧ། འཕར་བའོ། །བྷྲཱུཾ་བྷྲཱུཾ། འབར་བའོ། །ཏྲིཾ་ཏྲིཾ། འགུགས་པའོ། །ཁྣི ་ཁྣི ། མཆོད་པའོ། །སང་སང་། དངོས་གྲུབ་སྟེར། ཧི་ཧི། རྨོངས་པ། ལཾ་ལཾ། ཤིས་པ། དྷཱཾ་དྷཱཾ། འཛིན་པ། ཛི་ཛི། འགུགས་པའོ། །ཧཱུྃ་ཧཱུྃ། འཁོར་བའོ། །ཧྲི་ཧྲི། སད་པ། ཛཾ་ཛཾ། འཛིན་པ། ཧོ་ཧོ། སྡོམ་པ། ཧཾ་ཧཾ། དབང་དུ་བྱེད་པ། ཧོ་ཧོ། རེངས་པ། ཊཾ་ཊཾ། འབྱུང་བ། གྷུཾ་གྷུཾ། འཆིང་བ། གཾ་གཾ། སྐྲོད་པ། རཾ་རཾ། སྲེག་པའོ། །གར་གྱིས་རབ་ཏུ་རོལ་མཛད་པའི། །རྨད་བྱུང་སྔགས་ཀྱིས་འཆི་བདག་སྐྲོད། །ཐུན་བར་དག་ཏུ་རོ་ལ་ནི། །ཉུང་དཀར་དག་གིས་བརྡེག་ཅིང་བྲབ། །འཆི་བདག་ལག་ནས་ཤོར་ནས་ནི། །རང་ལུས་ཞུགས་ནས་ལྡང་བར་འགྱུར། ༈ །དེ་ནས་རྣལ་འབྱོར་སྒྲུབ་པ་པོས། །ཆར་པ་འབེབས་པར་འདོད་པ་ན། །པདྨ་འདབ་བརྒྱད་ལྟེ་བ་ལ། །ཧེ་རུ་ཀ་ནི་ཞལ་བཞི་པ། །ཕྱག་བརྒྱད་གཡས་གཡོན་དང་པོ་རྡོ་རྗེ་སྡིགས་མཛུབ་ཞགས། །དེ་འོག་གཉིས་ཐོད་པ་ཁ་ཊྭཱཾ་དེ་འོག་གསུམ་ལ་ལྕགས་ཀྱུ་མདུང་། །དེ་འོག་བཞི་པ་བརྒྱ་བྱིན་པགས་པ་ཅང་ཏེའུ་བསྣམས། །སྐུ་ལུས་མདོག་ནི་སྔོན་པོ་ལ། །ཞལ་བཞི་ལ་གཡས་ཞལ་དུད་པ་དམར་པོ་ལ། །གཡོན་པ་དུད་པ་ལྗང་གུ་ཡིན། །སྟེང་ཞལ་ཀླུ་བདུད་ཁྱུང་གི་གདོང་། །ཆུ་ལྷའི་གདན་ལ་རབ་ཏུ་བཞུགས། ༈ །མཐའ་ཡས་དཀར་པོ་ནོར་རྒྱས་སྔོ། །འཇོག་པོ་དམར་ལ་པདྨ་ལྗང་། །པདྨ་ཆེན་པོ་སེར་པོ་སྟེ། །དུང་སྐྱོང་དུ་བའི་མདོག་ཅན་ལ། །སྟོབས་རྒྱུ་ལྗང་གུ་མ་དྲོས་སེར། ༈ །གཙོ་བོའི་ཐུགས་ཀར་འཁོར་ལོ་ལ། །ཧཱུྃ་སུཾ་ནཾ་ཧཱུྃ་སྐུ་གསུང་ཐུགས། །ཀླུ་རྣམས་སྙིང་ལ་བཀོད་པ་ནི། །ཧཱུྃ་ནི་ཧཱུྃ་ནྃ་རྣམ་པར་དགོད། །སྔགས་འདི་ཐུན་བཞིར་སྟོང་ཕྲག་བཟླས། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ནཾ་ནཱ་ག་བར་ཤ་པ་ལ་བར་ཤ་པ་ལ་ཧཱུྃ་ཕཊ། ནཱ་ག་རཱ་ཛ་བྷ་རི་ཤ་ཡ་དྷ་ཀི་ནི་ཛྭ་ལ་ཤམ་པ་ར་


DNG019_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ་སྭཱ་ཧཱ། བུམ་པ་འོ་མས་ཡོངས་བཀང་བཟླས། །ཆུ་མིག་ཏུ་བླུག་ལ་ཀླུས་ཁྲུས་བྱས་པར་བསམ་མོ། །འོ་མ་ཁྲུས་རང་ཉིད་བཏུང་ཆར་མ་ཕེབས་ན་འོ་མས་སྦྱིན་སྲེག་བྱ། །དངུལ་སྣོད་ཉུང་དཀར་ཆུ་བླུག་བཟླས། །ཀླུ་སྨན་བཟླས་ལ་ཆུ་མིག་གམ་ཀླུ་གནས་པའི་སར་སཱ་འོ། ༈ །ཨོཾ་ཨཾ་ཨ་ནན་ཏཱ་ཡ་མཐའ་ཡས་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་བྃ་བཱ་སུ་ཀི་ནོར་རྒྱས་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ཏཾ་ཏ་ཀྵ་ཀ་འཇོག་པོ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་པཾ་པདྨ་པདྨ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་མཾ་མ་ཧཱ་པདྨ་པདྨ་ཆེན་པོ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ཤཾ་ཤང་ཁ་པཱ་ལ་དུང་སྐྱོང་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ཀཾ་ཀར་ཀོ་ཊ་སྟོབས་ཀྱི་རྒྱུ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ཨཾ་ཨ་ན་བ་ཏཔྟ་མ་དྲོས་པ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་བཾ་བ་རུ་ཎཱ་ཡ་དབུས་ཀྱི་གདན་ཆུ་ལྷའི་སྔགས་ནཱ་གཱ་དྷི་པ་ཏ་ཡེ་ནཱ་གཾ་བཪྵ་པ་ཡ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་རབ་བཟླས་ན། །ཆར་པ་འབེབས་ཤིང་ལོ་ཐོག་རྒྱས། ༈ །ཨོཾ་ཨུ་གྲ་ཤཱུ་ལ་པ་ཏི་བཪྵ་བ་ཡ་ཤཱི་གྷྲཾ། ཨཱོཾ་ཛྱོ་ཏི་ནི་ར་ཎཱ་བཪྵ་བ་ཡ་ཤཱི་གྷྲཾ། ཨོཾ་ནཱཾ་སྭཱ་ཧཱ། སྐུལ་ཚིག་ལྡན་པའི་ཕྲེང་སྔགས་འདི། །བཟླས་ན་ཆར་པ་འབེབས་པར་འགྱུར། ༈ །འབྱོར་པའི་ལོངས་སྤྱོད་འཕེལ་འདོད་ན། །གནོད་འཛིན་ནག་པོ་ཞལ་གཅིག་པ། །གཡས་ན་ཐོད་པ་ཁྲག་བཀང་འཛིན། །གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས། །གཅེར་བུ་རྒྱན་མེད་ཞབས་ཀྱིས་ནི། །རྣམ་ཐོས་སྲས་ནི་སེར་པོ་མནན། ༈ །ནང་པར་བྱ་རོག་མ་ལངས་དུས། །གཙང་མའི་སྣོད་དུ་ཆུ་སྦྱིན་གཏང་། །ཆུ་ནི་གཏོར་མར་བཅས་པ་འབུལ། །སྔགས་འདིས་ཁ་ཡང་བྱིན་གྱིས་བརླབ། །ཨོཾ་ཨིནྡྲཱ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ལག་གཡས་མཐེ་བོང་མཛུབ་མོ་སྦྱར། །སྐྱོང་མོ་ཁ་བསྟན་ལན་གསུམ་བཟླས། །ལག་གཡས་ཐོད་པ་བུམ་པར་བཅས། །རྒྱུན་སྔགས་འདི་ནི་དགོད་པར་བྱ། །ཨོཾ་ཛམ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཤིན་ཏུ་མཉེས་པར་བྱ་བའི་ཕྱིར། །གནོད་སྦྱིན་དབང་མོ་ཆེན་མོ་ལ། །བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་བྱ། །འདོད་པའི་ལོངས་སྤྱོད་ཆར་པ་འབེབས། །ཨཱོཾ་ཛཾ་ལུཾ་སྭཱ་ཧཱ། འདི་ནི་དབུལ་བ་


DNG019_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སེལ་བའི། །ལོངས་སྤྱོད་ཡིད་བཞིན་བང་མཛོད་ཅན། །དབེན་གནས་བསྟེན་པས་ཀུན་སྡུད་པ། །སྒྲུབ་རྫས་འགུགས་པའི་མཆོག་ཏུ་འགྱུར། ༈ །དེ་ནས་རྣལ་འབྱོར་སྒྲུབ་པ་པོས། །ལོ་ཐོག་བསྲུང་བ་རྒྱས་མཛད་པའི། །སྐུ་མདོག་ནག་མོ་ཕྱག་ན་རྡོ་རྗེ་འཛིན་མ་དང་། །ཁྱབ་འཇུག་སྐུ་མདོག་ནག་པོ་ཕྱག་ན་འཁོར་ལོ་འཆང་བ་དང་། །བརྒྱ་བྱིན་དཀར་པོ་ཕྱག་ན་རྡོ་རྗེ་ཁ་གདེངས་དང་། །གཤིན་རྗེ་ནག་པོ་ཕྱག་ན་བེ་ཅོན་འཆང་བྱེད་ཅིང་། །དུས་ཀྱི་སྐུ་མདོག་སེར་མོ་ཕྱག་ན་ཞགས་པས་བཅིང་བ་ཡི། །དྲིལ་ཀ་ཀི་དང་ལྷ་ལྔ་སྤྱི་ཡི་ཀཱ་ལི་བཛྲ་སྔགས། །ལས་བཅོལ་ཕུར་བན་དི་ཤཾ་ཕྱོགས་བཅིང་བར་བྱའོ། ༈ །ཨཱོཾ་ཀ་ཀི་ཀ་ཀི། བན་དྷ་ཡ་བན་དྷ་ཡ། གུར་མ་ཡ་ཡཱ། བི་དྷྭནྶ་ཡ་ཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་ཀཱ་ལི་བཛྲ་དྷ་རཱི། ནག་མོ་རྡོ་རྗེ་འཛིན་མ། ལོ་ཀ་ན་ཧ་ན། འཇིག་རྟེན་སྐྱོང་མ། བིཥྞུ་ཙཀྲ་ཧ་ན། ཁྱབ་འཇུག་གི་འཁོར་ལོས་རྒྱོབ། ཨིནྡྲ་བཛྲ་ཧ་ན། བརྒྱ་བྱིན་གྱི་རྡོ་རྗེས་རྒྱོབ། ཡ་མ་དཎྜ་ཧ་ན། གཤིན་རྗེའི་བེ་ཅོན་གྱིས་རྒྱོབ། ཀཱ་ལ་པཱ་ཤེན་ཧ་ན། དུས་ཀྱི་ཞགས་པ་ནག་པོས་རྒྱོབ། ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་རིགས་ལྔ་པོ་ཁྱོད་ཀྱིས་སྲུངས། ཉུང་དཀར་ཐལ་ཆེན་བཟླས་བྱས་ནས། །འབུམ་དུ་བཟླས་ནས་གཏོར་བྱས་ན། །ཡུལ་ཁམས་གང་ནས་འབྱུང་བ་ཡི། །སེར་བ་གཅོད་པར་ཐེ་ཚོམ་མེད། ༈ །སྔགས་འདི་རྣམས་གཞི་ལེགས་སྦྱར་ཡིན་འདུག་ཀྱང་ཡིག་ནོར་ཚན་ཆེར་འདུག་པས་སླར་དཔྱད་དགོས།  སྲིན་པོ་ཟ་སྣས་ཤར་བཅིང་བ་པཱུརྦཱཾ་དི་ཤཾ་བནྡྷ་མི། པྲ་ད་ཀྵ་སྣོ་ནི། དྲག་པོ་གདོང་གིས་ལྷོ་བཅིང་བ་མ་ར་ཀྵ་དཀྵྀ་ཎ་དི་ཤམ་བྷནྡྷ་མི། སྲིན་པོ་གདོང་གིས་ནུབ་བཅིང་བ་ཨ་ཏ་ཧ་སོ་ན། ན་མ་རཀྵ་ས་པཤྩི་མེ་དྷི། ཤ་བ་ཏྲ་མི། བི་ཏི་གནོད་སྦྱིན་གྱིས་བྱང་བཅིང་བ་ཤ་ན་མ་རཀྵ་ས། ཨུཏྟ་ར་པས་དི་ཤམ་བན་དྷ། བན་དྷ་ཀ་ར་སྣོ། སྤྱིར་དྲིལ་ཏེ་སྟེང་བཅིང་བ་ན་མ་རཀྵ་ས། ཨཱུ་བན་དྷ་མི། ཀ་ར་ཀོ་ཏ་ཀོ། བུད་ད་མ་ནི་གཙུག་ན་ནོར་བུས་འོག་བཅིང་བ། ས་ཏ་མ་བ་ན་དྷ་མི། མི་ན་ནཱ་ག་རཱ་ཛ། དི་ཤམ་བན་དྷ་མི། བི་དི་ཤམ་བན་དྷ་མི། དྲག་ཤུལ་ཅན་གྱིས་མཚམས་བཅིང་བ་ར་ཏ་ར་ཨོཾ་ཧེ་རུ། ཏི་ཀ་ཡི། བན་ཏ་རེ་ཏ་ཀེའུ། ཀན་ཏ་རེ། ཀན་ཏ་ར་ཏ་ཡ་ཏི། ན་དི་ན་དི་


DNG019_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧི། བན་དྷ་མི་ན་མ་སྭཱ་ཧཱ། སྟེང་འོག་ཕྱོགས་མཚམས་སུ་མ་གནས་པར་སོང་ཞིག །བུམ་པ་གཙང་མར་ལོ་ཏོག་ཕུད། །མངར་གསུམ་དཀར་གསུམ་བླུགས་ནས་ནི། །ལྷ་ཡི་ཚོགས་ལ་འབུལ་ཞིང་བསྔོ། །བཅོམ་ལྡན་ཚོགས་ཀྱི་གཙོ་བོ་ཡིས། །ཟླ་བ་རེ་ལ་དུས་བརྒྱད་ཀྱི། །སེར་བ་གཏོང་བ་བསྲུང་བའོ། ༈ །རྣལ་འབྱོར་ལས་རྣམས་ཀུན་བསྒྲུབ་ན། །དབེན་པའི་གནས་སུ་མཎྜལ་བྱ། །ཁྲག་གི་ཟླ་གམ་སྟེང་དུ་ནི། །སྲིན་མོའི་ལྟོ་བར་མ་མོའི་སྐུ། །ཐོད་པའི་ནང་ན་བཞུགས་པ་ལ། །མདུན་ན་ཝ་ཤའི་དམ་རྫས་དགྲམ། །ཨོཾ་བཛྲ་ཀྲོ་དྷ་ཡ་ཀེ་ན་ཤཾ་ཀི་མ་པྲ་དུ་ཧ་མ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ། སྲིན་མོ་འོད་འདུས་ཤང་ཀ་ཏིའི། །ཉི་ཤུ་གསུམ་ལ་དབུ་བཙུགས་ནས། །གནམ་སྟོང་བར་དུ་བསྒྲུབ་པར་བྱ། །གྲུབ་ནས་བསྲུང་བཟློག་བསད་པ་འགྲུབ། ༈ །བཟློག་ན་ཐལ་ཆེན་ཉུང་དཀར་ལ། །སྔགས་བཟླས་ཕྱོགས་བཅུར་གཏོར་བ་ན། །ལྷ་སྲིན་དམ་སྲིའི་བར་ཆད་དག །ཇི་ལྟར་འདོད་པ་བཟློག་པར་འགྱུར། །ཨོཾ་བཛྲ་པྲ་མོ་ཧ་ཨ་ལོ་ཀེ་ནག་མོ་བམ་མ་ཐུན་བཟློག་ཛ་ཧཱུྃ་བྷྱོ་བྷྱོ། བསྲུང་ན་གཏོར་མའི་དབུས་དག་ཏུ། །བྱ་མོ་ནག་མོའི་སྒོ་ངའི་ནང་། །ཉུང་དཀར་ཐལ་ཆེན་སྔགས་བཟླས་ན། །ནོར་རྫས་སྲིའུ་གང་འདོད་བསྲུང་། །ཨོཾ་བཛྲ་པྲ་མོ་ཧ། ཧ་དུ་ལིང་ནག་མོས་སྲུང་ས། ཨ་ནུ་ཏ་མ་ཕཊ། གསང་བར་འདོད་ན་གཏོར་མ་ཡི། །ནང་དུ་གཟུགས་བཞག་སྐྱེ་ཚེ་དང་། །ཉུང་དཀར་ཉུང་ནག་སྙིང་ཁྲག་བསྲེས། །གནག་པ་གང་ཡིན་བཀུག་ལ་བྲབ། །ཛཿ ཡཀྴ་ནག་མོ། རཀྴ་ཡ་ནག་མོ། སྙིང་ལ་ཤད་ཤད་བྷྱོ། ཆེ་གེ་མོ་མུགས་ནྲྀ་རྦད་བྷྱོ། སྙིང་ཁ་རག་ཚལ་བ་རྦད་བྷྱོ། མ་མ་ཧཱུྃ་ནན། བམ་སྨུགས། ཧེ་རག་མོ་ཁ་ཚེ་ད་ར་ཡ་མཐུན་བྷྱོ་བྷྱོ། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །རྒྱ་མཚོའི་མིང་ནི་མ་ག་དོ། །དུར་ཁྲོད་མིང་ནི་ཧེ་ཆེན་བརྡལ། །མཆོད་རྟེན་མིང་ནི་ཀ་ནི་ཀ །མ་མོ་འོད་འདུས་ཤང་ཀ་ཏི། །གནས་ནི་དུར་ཁྲོད་ཧེ་ཆེན་བརྡལ། །བསྲུང་ནི་མཆོད་རྟེན་ཀ་ནི་བསྲུང་། །དམར་ནག་འབར་བའི་རལ་པ་ཅན། །


DNG019_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ནི་མི་གཅིག་ཁ་ཆེའི་སྐད། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །བརྡ་ནི་མི་ཕྲད་ལྷོ་བལ་མོ། །མཆེད་ལ་གདུང་ཞིང་དམ་ལ་གནས། །གདུང་བའི་མཆི་མ་ཁྲག་ཏུ་འཛག །ཞིང་ཆེན་གཡང་གཞིའི་དཀྱིལ་འཁོར་དུ། །དམར་ཆེན་དམ་ལ་གཤེགས་སུ་གསོལ། །དུས་འདིར་སྒྲུབ་པ་སྩལ་དུ་གསོལ། །བཀའ་དང་དམ་ལས་འདས་གྱུར་ན། །དཔལ་ཆེན་ཧེ་རུ་ཐུགས་ཁྲོས་ནས། །དམར་སྨུག་ནང་དུ་ཚིག་ག་རེ། །ཨོཾ་བཛྲ་པྲ་མོ་ཧ་བ་ལིཾ་ཏ་པྲ་ཏིཙྪ་ཁ་རཾ་ཡོ་གི་ནི་ཁ་རཾ་ཌཱ་ཀི་ནི་ཁཱ་ཧི་ཁཱ་ཧི། མ་ཧཱ་མཱཾ་ས་རཀྟ་ཨཱ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་ཧོ། སངས་རྒྱས་བསྟན་པ་གནས་འདོད་ན། །རྣལ་འབྱོར་མ་གསུམ་བསྟེན་པར་བྱ། །སྐྱེས་པ་གྲིར་ཤིའི་ཀ་པཱ་ལར། །གླིང་གསུམ་ནང་དུ་བསག་པ་ནི། །གནམ་གྱི་ཡེ་དྷར་ཆེན་མོ་ལ་གླང་ནག་སྙིང་དང་ཡུམ་གྱི་པདྨའི་ཁྲག །བར་གྱི་གློག་མ་སྲིན་ལ་འུག་པའི་མིག་འབྲས་སྦྲུལ་ནག་སྙིང་། །སའི་ཕུང་བྱེད་མ་ལ་བྱན་ལག་སྙིང་དང་ར་རོག་སྙིང་། །ཕག་པ་རོག་པོའི་སྙིང་དང་ནི། །བུད་མེད་གྲིར་ཤིའི་ཀླད་ཁྲག་བསག ༈ །གཡས་དཀར་གཡོན་དམར་མཐིང་ནག་དབུས། །གསེར་གྱི་རྡོ་རྗེ་རྒྱ་གྲམ་གཡས། །ཤེས་རབ་དྲིལ་བུ་གཡོན་པ་ན། །གཡས་བར་མ་ཏི་ར་ཞིང་དབྱུག །ཐ་མ་ཁ་ཊྭཱཾ་ག །གཡོན་པ་བར་ཐོད་ཁྲག་རཀྟ་གཡོན་ཐ་མ་རྒྱུ་ཞགས་བསྣམས། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙན་དྷ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ། སྔོན་དུ་བདུན་འབུམ་རང་ལུས་བསྲུང་། ༈ །གནམ་གྱི་ཡེ་དྷར་མ་བུད་མེད་དབུ་དགུ་ཁྱུང་ཞོན་ནག །བར་གྱི་གློག་མ་སྲིན་དམར་མོ་ཀླེའུ་གདོང་དྲུག་ཞོན། །ས་ཡི་ཕུང་བྱེད་ནག་མོ་ནག་མོ་ཀང་ཀང་མགོ་དགུ་ཞོན། །མདའ་གཞུ་ཞིང་དབྱུག་ནད་རྐྱལ་ནི། །གསུམ་ཀའི་ཕྱག་བཞི་དག་ན་འཛིན། ༈ །སྲོག་ལ་སྒྲུབ་པའི་ངག་སྔགས་དང་། །བོད་པས་མ་མོ་ཁུག་པར་བྱ་བ་འབུམ་བཟླས། རང་ཉིད་དང་མ་མོ་རྟག་ཏུ་མི་འབྲལ་བར་འགྲོག་ཀོ་ལོང་དང་ལྡོག་པ་དམ་མོ། །མཚོན་ཆ་འབར་བའི་དྲག་སྔགས་བཟླས། །སྲོག་ལ་སྒྲུབ་པའི་སྔགས་དུ་རི་དུ་ན་ཏིང་དུ་ལ་ཡ་ཛཿ། དུ་རུ་ཛ་ལ་ནི་ཧ་ན་ཛཿ། དུ་མ་ར་ཧ་ཏེ་ཙ་བྷྱོ་ཛཿ། མཚོན་ཆ་འབར་


DNG019_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྲག་སྔགས་ཛ་དུ་ར་ཛཿས་མ་ཡ་ཛཿ། ཛ་ཨེ་དུ་ལི་ས་མ་ཡ་ཛཿ། ཛར་པྲ་ཏེ་ས་མ་ཡ་ཛཿ། དབྱེ་བའི་སྔགས་ནི་རྣམ་པ་གསུམ། །ལྷ་དང་དབྱེ་བ་སྟོང་དང་དགྲ་དགུག་པ་སྟོང་དང་བསྐྲད་པའོ་སྟོང་བཟླས་སོ། །ཧཱུྃ་དུ་ལྷ་དབྱེ་བའི་སྔགས་སོ། །རཾ་པྲ་བེ་ཤག །དགྲ་འགུགས་པའི་སྔགས་དུ་རི་པྲ་བ་ཆུ་མ་རིལ། ཧཱུྃ་མཱ་ར་ཡ་བསྐྲད་དུ་ན་ཕཊ། རྣམ་ཤེས་ལིངྒ་ལ་བསྡིམ་པ་སྟོང་གཟུགས་ལ་བསྡིམ་ཞིང་ལིངྒའི་གཟུགས་ལ་དབབ་པ་སྟོང་། །གསང་བ་རབ་ཏུ་བཤད་པའོ། །གཟུགས་ལ་བསྡིམ་པའི་སྔགས་མ་ཧཱ་ཏི་རུ་ན་ཤག །དུ་ན་ཚལ་པ་ཛཿ། གཟུགས་ལ་དབབ་པའི་སྔགས་ཧུར་ཏུ་ཧུར་ཏུ་ཤག །ཤག་ཚལ་པ་ཚལ་པ་ཛཿ། པྲ་མ་ཀུས་ཏི་པྲ་མ་ཀུས་ཏི་ཧེད་ཧེད་ཛཿ། བསད་པ་སྲོག་ལ་དབབ་པ་དང་ཞག་བདུན། །ལས་བཅོལ་བས་ན་མི་ལྡང་བའི་སྔགས་ཞག་ལྔ། །དཀྲུགས་སྔགས་གནད་ལ་དབབ་པ་བྱོལ་གྱིས་གདབ་པ་དང་ཞག་གསུམ་བྱའོ། །ཐོག་དང་སེར་བ་དབབ་པའོ་འི་སྔགས་ཉུང་དཀར་ལ་བཟླས། །བསད་པ་སྲོག་ལ་དབབ་པའི་སྔགས་ཤང་ཀ་ད་རི་དུ་ན་ཏི་ན་ཤག །ཀང་ཀང་རི་དུར་མི་ཙི་ཏ་སད། ཤ་མ་པ་རི་ན་ཙད་ཀ་རི་ཧེད། ལས་བཅོལ་བའི་སྔགས་མི་ལྡང་བའོ། །མ་དུ་ནི་ཤག་ཧེ་ར་ནི་ཤག །ཀུ་ལ་དུ་མ་ཧེ་ར་མ་ཧེ་ར་ཤག །ཧེ་རམ་ཐུམ་རིལ་མུག་ཏ་ཤག་ཤག །དུ་ན་དུ་ན་ཚལ་པ་ཚལ་པ། སྲོག་ནས་དཀྲུགས་པའི་སྔགས་དུ་ནི་ཛ་ལ་ཧ་དེ་ནི་ཛ། དུན་ཏིང་དུ་རུ་ཧ་ན་ནི་ཛ། དུ་ལ་མ་བྷྱོ་དུ་མཱ་ར་ཡ། དཀྲུགས་སྔགས་ཀྱི་དགྲ་ཡུལ་དུ་བརྡབས་ན་ཕུང་བའི་ལས་སྣ་ཚོགས་འོང་ངོ་། །དུ་ནི་བྱོལ་གྱི་གདབ་པའི་སྔགས་སོ། །ཏིལ་ཡ་ནི་ཧ་ན་ཧ་དེ་བྷྱོ། ཐོག་སེར་དབབ་པའི་སྔགས་སོ། །ཡ་མ་ཤ་ཤོ་ཕོབ། མུ་ཤ་ཕོབ། པྲ་མ་ཤ་ནི་ཕོབ། ཕྲོམ་ཤར་ཧྲིལ་དྲག་ཏུ་ཕོབ། འབྲུབ་ཁུང་ལིངྒ་གནས་པ་ལ། །དུག་སྣ་ཁྲག་སྣ་ཐུན་སྔགས་ཉུང་དཀར་ལ་བཟླས་ལ་ཐུན་གྱི་བྲབས་ན། །དགྲ་བོ་གང་ཡིན་གཏན་ནས་བརླག །ཐོག་སེར་འབེབས་ན་སྔགས་ཐུན་ལྷ་ཀླུ་རྟེན་ལ་དབབ་ན་ལོ་ནད་ཐོག་སེར་འབྱུང་། ༈ །གསང་བའི་དྲག་སྔགས་རབ་བཤད་བྱ། །རྟེན་དང་དུས་དང་སྒྲུབ་པ་ཡི། །ཁྱད་པར་ཀུན་གྱིས་ཤེས་བྱ་སྟེ། ༈ །རྟེན་ནི་སྒྲུབ་པའི་རྣལ་


DNG019_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས། །དུས་ངན་འདི་ལ་གནས་འགྱུར་ན། །བསྟན་པ་གཉན་པོ་འཇིག་པ་དང་། །བླ་མའི་སྐུ་ལ་བསྡོ་བ་ཀུན། །དུས་ནི་གཟའ་སྐར་ངན་ལ་འཇུག །བསྒྲུབ་པའི་ཁྱད་པར་གང་ཡིན་པ། །གྲུ་གསུམ་ཐུར་དུ་བརྐོས་ལ་ནང་སུམ་བརྩེགས་སུ་བྱས་ལ། །ཨ་པ་ར་ཏ་ཡི་མགོ་བོ་གཡག་གི་མགོ་བོ་རྭ་དང་བཅས་པ དང་། །ཤ་བ་རི་ཡི་ནལ་བུའི་རྐང་ལག་དང་། །ཁྲུ་ཁྲུའི་གཟུགས་ནལ་བུའི་རྐང་སོར་གསུམ་དང་ལག་སོར་གསུམ་ནི་རྣམ་གསུམ་དང་། །བཅུ་དྲུག་སོར་གྱིས་རྟ་ནག་པོའི་ལག་མིག་རྐང་དང་བཅས་པས་བརྡེག་པར་བྱ། །མ་མོའི་སྔགས་ནི་ཨོཾ་ཏཱ་རེ་དང་ཨེ་ཀ་ཛ་ཊི་ལ་བཟླས་པ་འབུམ་དུ་བྱ། །ལྷག་མ་ཨོཾ་བཛྲ་ཤྲཱི་ལ་རང་ལ་བཞི་ཁྲིའོ། །ཧེ་རུ་ཀའི་སྔགས་ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙན་དྷ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ལྷ་མོ་ཞི་བའི་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་འགྲུ་ཁྲ་རེ་སཱ་ཧཱ། བོད་པའི་སྔགས་འདི་གཉིས་དྲིལ་བལ་འབུམ་མོ། །ལྷ་མོ་ཁྲོ་མོའི་སྔགས་ཨེ་ཀ་ཛ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ། ཧེ་ར་ཤོག་ལས་སྦྱོར་བསད་པའི་སྔགས ། ཧེ་ར་མ་ཤོག །ཧེ་ར་མ་ཐུམ་རིལ་ཤོག །ཤེ་འདིར་ཐུམ་ཙིཏྟ་རྦད། ཐུམ་རིལ་སྙིང་ཁ་ལ་རགྴ་ཕྲིག་ཕྲིག་དུན་བྷྱོ། ཙིཏྟ་རྦད་ཡམ། ཤིག་ཙིཏྟ་རྦད། ཙིཏྟ་རྨུགས་རྦད། ཧཱུྃ་བྷྱོ་རྦད། ཐུམ་ཛྭ་ལ་གུར་པ་ཏྲི་རྦད། བསྒྲུབ་བྱའི་ཁྱད་པར་བསྟན་པ་ལ། །གྲུབ་པའི་རྟགས་ན་མངོན་སུམ་འོང་བ་དང་། །བ་སྤུ་ལྡང་དང་ཆུ་ལ་འོང་། །རྨི་ལམ་བུད་མེད་ལེགས་མ་དང་། །མེ་ཏོག་ཨུཏྤལ་འོང་བ་དང་། །ཞག་ལྔ་དག་ན་དངོས་སུ་འོང་། །ནག་པོ་དང་ནི་དམར་པོར་འོང་། ༈ །གྲུབ་ཀྱང་ལས་མི་བྱེད་པ་ནི། །གོང་མ་བཞིན་དུ་རྟགས་བྱུང་ནས། །ཞག་བཞི་པ་ནས་མེད་དེ་འགྲོ། །མི་རོ་ལྷག་མ་རྣམས་གཡག་མགོ་དང་དེར་ནི་བླུགས་ལ་རྟ་སུག་གིས་བརྡུང་། ༈ །མ་གྲུབ་པར་ནི་རྟགས་མི་འོང་། །མ་གྲུབ་ལས་ཀྱང་བྱེད་པ་ནི། །ནུབ་བཞི་པ་ནས་འོང་བའོ། ༈ །མ་གྲུབ་དབང་དུ་འདུས་པ་ནི། །དང་པོ་ཉིད་ནས་འོང་བ་སྟེ། །ཉི་མ་ལྔ་འམ་ཞག་ལྔ་འམ། །ཞག་ལྔ་ལ་ནི་བརྡེག་པའོ། ༈ །གྲུབ་རུང་དེ་ནི་མ་གྲུབ་རུང་། །ལས་ནི་


DNG019_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་གྱུར་པ་ནི། །རྟགས་མ་བྱུང་ཡང་དགྲ་བོ་འཆི། ༈ །མཐེ་བོ་དང་ནི་མཛུབ་མོ་ཡིས། །གཏོར་མ་ཆུ་ལ་ཉལ་བ་ཡོད། །ལྕེ་པདྨའི་སྟེང་ན་སངས་རྒྱས་སྨན་ལྷ་བཞུགས་པར་བསམ། མཆིལ་མ་བདུད་རྩིར་བསམས་ལ་གཏོར་མ་ཆུའི་ནང་དུ་མཆིལ་མ་གདབ་བོ། ༈ །ལྷ་མོ་རལ་པ་གཅིག་མ་ཡི། །འགལ་བ་ཆམ་ལ་འབེབས་པ་ནི། །སྒྲོལ་བྱེད་ཆེན་མོས་གཡག་མགོར་བསད། །རྟ་ནག་ལག་པས་བརྡུང་བར་བྱ། །རཱུ་ཏྲའི་ས་བོན་རྒྱུན་ཡང་འཆད། །ཆོས་ཀྱི་འཁོར་ལོ་རྒྱས་པར་འགྱུར། ༈ །སྲིན་མོ་སྨུག་ནག་ཁྲོས་མ་ཡིས། །ཐོག་དང་སེར་བ་དབབ་པ་ནི། །དཀྱིལ་འཁོར་གྲུ་གསུམ་དབུས་དག་ཏུ། །རམས་དང་ར་ཁྲག་ཐུན་ལ་བསྒྲུབ། ༈ །བསྙེན་པ་སེར་བའི་རྒྱུ་བཙལ་བའི་སྔགས་ཨོཾ་མ་ཧཱ་ཙ་དུ་ཉེ་ཁ་ལུ་ཡཾ་མུན་ཤར་ཕེ་ཤ་ཤལ་མུར་པ་ཙེ་ཧུ་ཧེ་ཙུ་སྭཱ་ཧཱ། མ་མོ་གཡས་ན་ཟོར་བ་ལ། །གཡོན་ན་ཞགས་པ་བསྣམས་པར་བསྒོམ། ༈ །ཙ་རའི་རཱུ་པ་རྣམ་གསུམ་དུ། །ཐུན་རྫས་བླུག་ལ་ཆུ་འདྲིལ་སྔགས། །སྒྲུབ་པ་ཆུ་དྲིལ་གྱི་སྔགས་ཏྲག་རཀྴ་སྙིང་ཁྲག་ལོ་ལ་ཁཱ་ཧི། ས་མ་ཡ་བྷྱོ་བྷྱོ་ཕྲོམ་ཕྲོམ། ར་ཡི་རུ་བ་རྣམ་གསུམ་པོ། །གནམ་གཏའ་རི་རྩེ་བར་གཏའ་ལྷ་དང་ས་གཏའ་ཞིང་དཀྱིལ་སྦ། ༈ །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས། །ཐོག་དང་སེར་བ་འཁྲུག་ཅིང་འབེབས། །དབབ་པ་གཏའི་སྔགས་ཏྲག་རཀྴ་སྙིང་ཁྲག་ལོ་ལ་ཙི་ཏ་མཱ་ར་ཡ་ཕོབ། རག་མོ་རག་མོ་ཆེ་གེ་མོའི་ཡུལ་དུ་ཕོབ་ཡ། ཕྲོམ་ཤར་ཧྲིལ་ཤར་ཕོབ་ཡ། གནད་ལ་འབེབས་ན་མ་མོ་ཡི། །) སྙིང་ལ་སྔགས་འདིས་དཀྲུག་པར་བྱའོ། །མ་མ་སརྦ་དུཥྚཱཾ་ཙིཏྟ་རྦད་ནན། གདུག་བྱེད་ཆེན་མོ་ཁྲོས་པ་ནི། །ཐོག་དང་སེར་བ་འཁྲུག་ཅིང་འབེབས། །ཞེས་ཆོ་འཕྲུལ་སྣ་ཚོགས་ཀྱི་བདག་པོས་གསུངས་སོ། །ཧེ་རུ་ཀ་གལ་པོ་ཆེན་པོ་ལས། གསང་བ་མན་ངག་གི་བརྟག་པ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཀྱི་སྐུའི་རྒྱུ་མཐུན་ཆེན་པོ་འདི་གསུངས་སོ། །གང་ཞིག་


DNG019_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གདུང་རིང་བསྲེལ་ནི། །རྣལ་འབྱོར་ཀུན་གྱི་སྒྲུབ་པའི་རྟེན། །དངོས་མེད་མེ་ལ་སྦྱངས་པ་ཡིས། །དངོས་ཅན་གདུང་དུ་འབྱུང་བར་འགྱུར། ༈ །དང་པོར་ལྷ་ཀླུ་ཞི་བྱས་ནས། །སྣང་དང་མི་སྣང་ས་བླངས་ལ། །དཀྱིལ་འཁོར་ཆེན་པོའི་དབུས་ཉིད་དུ། །མཆོད་རྟེན་རིན་ཆེན་སྣ་བཞིས་བྱས། །འོག་ཁང་རྨང་གཞིར་གནས་པ་ལ། །བར་ཁང་བང་རིམ་སྒོ་བཞི་པ། །སྟེང་ཁང་བུམ་པ་རོ་ཡི་གནས། །མཁས་པས་རབ་ཏུ་མཛེས་པར་བྱ། ༈ །བཟང་དྲུག་དྲི་ལྡན་རས་སྦངས་ནས། །རོ་ལ་རབ་ཏུ་དྲིལ་བར་བྱ། །སངས་རྒྱས་དཔའ་བོ་འབྲུ་ལྔ་དང་། །འགྲོ་བའི་ས་བོན་དྲུག་པོ་དང་། །དུག་ལྔ་དུག་གསུམ་ལ་སོགས་པའི། །འཁོར་འདས་སྔགས་རྣམས་གདགས་པར་བྱ། །སྦྱང་བྱ་རེ་དང་སྦྱོང་བྱེད་རེས། །རོ་ལ་རབ་ཏུ་བརྒྱན་བྱས་ནས། །ལྷ་དང་རྟོག་པ་བྲང་སྤྲད་ལ། ༈ །རྡོ་རྗེ་ས་འཛིན་བླ་མ་དང་། །དཀར་བྱང་བསྔོ་དང་ནག་བྱང་བསྲེག །ལས་མཁན་ལ་སོགས་གཟུངས་ཐག་བཟུང་། །གསང་བའི་སྔགས་ཀྱིས་གདབ་པར་བྱ། །དམྱལ་བ་སྦྱོང་བ་ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཡི་དྭགས་སྤྱོད་པ་ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། དུད་འགྲོ་སྦྱོང་བ་ཨཱོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། རིགས་དྲུག་སྤྱིར་སྦྱོང་བ་ཨཱོཾ་ཨ་ནྲྀ་སུ་ཏྲི་པྲེ་དུ་ཧཱུྃ་ཕཊ། ཞི་བའི་དཀྱིལ་འཁོར་ཤར་དུ་བྱ། །ཧོམ་ཤིག །འོ་མ་ཅན་ནམ་རྩེ་མོའི་ཤིང་། །ཏིང་ངེ་དང་བའི་སེམས་དང་རབ་ལྡན་པས། །ཡུམ་གང་ལ་བྱ་བ་ལྕུག་ཕྲན་མ་ཡི་བུ་མོ་ལ། །ཕུར་བ་གང་གིས་བྱ་བ་དངུལ་ལམ་དཀར་པོའི་ཕུར་པས་གདབ། །རླུང་གང་རྒྱུ་བའི་དུས་ལ་བྱ་བ་ཆུ་རླུང་རྒྱུ་བའི་དུས་སུ་སྦྱར། །གདུལ་བྱ་གང་གི་དོན་དུ་བྱ་བ་གཏི་མུག་ཅན་གྱི་སེམས་ཅན་རྣམས། །འབྲས་བུ་གང་འགྲུབ་པ་ནད་དང་གདོན་བགེགས་ཞི་བར་འགྱུར། །ཨ་མུ་ཀ་སྱ། ཆེ་གེ་མོ་ཞིག་གི། སརྦ་གྲ་ཏ་བིགྷ་ནཱན། གདོན་བགེགས་ཐམས་ཅད། སརྦ་ཛྭ་ར་ནཱན། རིམས་ཐམས་ཅད། སརྦ་བྱ་དྷི་ནཱན། ནད་ཐམས་ཅད། སརྦ་བི་ཥ་ནན། དུག་ཐམས་ཅད། སརྦ་དུ་རྣི་མི་ཏན་ན། ལྟས་ངན་པ་ཐམས་ཅད། སརྦ་ཨ་མངྒ་ལ་ནན། བཀྲ་མི་ཤིས་


DNG019_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད། སརྦ་པཱ་པཾ་ལས་ཀྱི་སྒྲིབ་པའི་སྡིག་པ་ཐམས་ཅད་ཞི་བར་ཀརྨ་ཎ་པ་ར་ཎ་ནན། ཞི་བར་མཛོད་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་སེར་པོ་ལྷོ་རུ་བྱ། །ཡལ་ག་ཤིང་ངམ་གསེར་ཤིང་དང་། །དགའ་བའི་སེམས་ལྡན་ཕན་གླང་ཅན། །གསེར་རམ་སེར་པོའི་ཕུར་བུ་ལ། །གྲོ་ཡི་ཁུར་བའི་གཏོར་མ་དང་། །ས་རླུང་རྒྱུ་བའི་དུས་ཉིད་དུ། །ང་རྒྱལ་ཅན་གྱི་གདུལ་བྱ་རྣམས། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཨ་མུ་ཀ་སྱ། ཆེ་གེ་མོ་ཞིག་གི། པུཎྱ་སྱ། བསོད་ནམས་དང་། ཛྙཱ་ན་སྱ། ཡེ་ཤེས་དང་། ཤྲི་ཡཿ། དཔལ་དང་། ཏེ་ཛ་སྱ། གཟི་བྱིན་དང་། ཨཱ་ཡུ་ཥེ། ཚེ་དང་། བ་ལ་སྱ། མཐུ་དང་། སརྦ་སམ་བྷོ་ག་སྱ། ལོངས་སྤྱོད་ཐམས་ཅད། པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པར་མཛོད་ཅིག ༈ ། དབང་ནི་ནུབ་ཏུ་ཟླ་གམ་དམར། །སྡོང་པོའི་ཤིང་ངམ་སེང་ལྡེང་ཅན། །ཆགས་པའི་སེམས་ཀྱིས་སྡོང་གཅིག་མའི། །བྷ་གར་ཟངས་ཀྱི་ཕུར་པས་གདབ། །རམ་བུའི་གཏོར་མ་དམར་པོ་འབུལ། །འདོད་ཆགས་ཅན་གྱི་བུད་མེད་དང་། །ཡུལ་ཁམས་རྒྱལ་བློན་དབང་དུ་འགྱུར། །མེ་རླུང་རྒྱུ་བའི་དུས་དང་བསྟུན། །ཨ་མུ་ཀ་སྱ། ཆེ་གེ་མོ་ཞིག་གི། སརྦ་གྲ་ཧ་བི་གྷ་ནཱན། གདོན་ཐམས་ཅད། སརྦ་ཛྭ་ར་ནན། རིམས་ཐམས་ཅད། སརྦ་བི་ཥ་ནན། དུག་ཐམས་ཅད། སརྦ་པཱ་པཾ་ཀརྨ་ཎ་པ་ར་ཎ་ནཱན། ལས་ཀྱི་སྒྲིབ་པའི་སྡིག་པ་ཐམས་ཅད། ཡི་ཀེ་ཙི་ཏེ། གང་སུ་ཡང་རུང་སྟེ། ན་ཏ་བྱི་བ། མ་བཞག་པར། ཚ་ལི་བ། ཕྱུང་ཞིག །ཕེ་ལི་བ། ཐོན་ཅིག །ཨཱ་ཀཪྵ་ཡ། དྲོངས་ཤིག །ཨ་མུ་ཀཾ་དུཥྚ་བི་ནཱན། བདག་ལ་སྡང་བའི་སེམས་དང་ལྡན་པ། སརྦ་གྲ་ཧ་བི་གྷ་ནཱན། གདོན་བགེགས་ཐམས་ཅད། སརྦ་ཛྭ་ར་རིམས་ནད་ཐམས་ཅད་གྲ་ཡོ་ག་ཏ་བི་གྷ་ནཱན་གདོན་བགེགས་མ་ལུས་པ་རྣམས ། ཨ་ཀྲ་མ་ཏིཥྛ་གཙྪ་གཙྪ། འདི་ནམ་གནས་པར་སོང་ཞིག །དྭེ་ཥ་ཎ་སརྦ་གྲ་ཧ་བིགྷ་ནཱན། གནོད་བྱེད་ཀྱི་གདོན་བགེགས་ཐམས་ཅད། ཨུ་ཙ་ཏ་ཡ། སྐྲོད་ཅིག །ཨ་མུ་ཀ་སྱ། ཆེ་གེ་མོའི། ཀཱ་ཡ་ཙིཏྟ། ལུས་དང་། སེམས་དང་། ཨཱ་ཡུཿཤྲཱི། ཚེ་དང་། དཔལ་དང་། ཏེ་ཛཿ། གཟི་བྱིན། སརྦ་རཀྵ། ཐམས་ཅད་སྲུང་། ཨ་མུ་ཀཾ། ཆེ་གེ་མོ་ཞིག་ལ། པི་ཏ་ཡན་ཏི། སིདྡྷྱནྟུ་ཡིན་ནམ་གནོད་པར་བྱེད་པའི།


DNG019_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་གྲ་ཧ་བི་གྷ་ནཱན། གདོན་བགེགས་ཐམས་ཅད། ཨཱ་ཀཪྵ་ཡ། ཁུག་ཅིག །དྷ་ར། ཟུང་ཞིག །ཨ་གཙྪ། དྲོངས་ཤིག །བནྡྷ་བནྡྷ། ཆིངས་ཤིག །སཱི་མཱ་བན་དྷ་མ་ཀུ་རུ། མཚམས་ཆོད་ཅིག །བཛྲ་ཤྲྀ་ད་ཁ་ལེ་ན་བནྡྷ་ཡ། རྡོ་རྗེའི་ལྕགས་སྒྲོག་ཏུ་ཆིངས་ཤིག །མོ་ཧ་ཡ་མོ་ཧ་ཡ། རྨོངས་ཤིང་མྱོས་པར་གྱིས་ཤིག །ཀུ་རུ་བ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། དབང་དུ་གྱུར་ཅིག ༈ ། བྱང་དུ་དྲག་པོ་གྲུ་གསུམ་ནག །རྩ་བའི་ཤིང་ངམ་ཚེར་མ་ཅན། །ཡུགས་ས་རླུང་གི་རླུང་རྒྱུའི་དུས། །ཁྲོས་པའི་སེམས་ལྡན་ལྕགས་ཕུར་གདབ། །ཤིང་ཤིང་ནག་པོ་ཤ་ཁྲག་གམ། །དུག་གི་གཏོར་མ་མི་ཤ་ཁྲག །ལིངྒ་ཁྲག་གིས་བྲིས་པ་དང་། །གཏུམ་ཞིང་ཁྲོས་པ་གསོད་པར་བྱེད། །ཨ་མུ་ཀ་སྱ། ཆེ་གེ་མོ་བདག་ལ་གནོད་པ་ལ། བཛྲ་མུཏྒ་རེ་ཎ། རྡོ་རྗེ་ཐོ་བ་དང་། མུཏྒ་རེ་ཎ། ཐོ་བ་དང་། དཎྜ་ན། དབྱུག་པས། ཏ་ཏ་ཡ། ཆོད་ཅིག །ཧ་ན། རྒྱོབ་ཅིག །བི་ཙི་ཏྲ། སྣ་ཚོགས། པྲ་ཧ་རེ་བྷྱཿ། རབ་ཏུ་འཕྲོག་པའི། ཧ་ན་ཧ་ན། རྒྱོབ་ཅིག་རྒྱོབ་ཅིག །ཁཱ་དྷ་ཕཊ། ཟོ་ཤིག་རབ་ཏུ་ཟོ་ཤིག །ཙྪེ་ད་ཡ། ཆོད་ཅིག །ད་ཧ་ན། སྲེགས་ཤིག །མཱ་ར་ཡ། སོད། མ་ཧཱ་ཀྲོ་དྷ། ཁྲོ་བོ་ཆེན་པོ། ཛྭ་ལེ་ན། མེ་དབལ་འབར་བ། ད་ཧ་ད་ཧ། སྲེགས་ཤིག་སྲེགས་ཤིག །བྷསྨི་ཀུ་རུ། ཐལ་བར་རློགས། བ་ར་བིདྱཱ་ན་ཚེན་ཡ། གཞན་གྱི་རིག་སྔགས་གཅོད་པ། མནྟྲ། གསང་སྔགས། ཀྲྀཏྱ་ཀ་ཁོ་དི་ནཱ་ནཱ་པྲ་ཡོ་ག་བྱད་བྱེད་པ་ལ་སོགས་པའི་བསམ་པ་ངན་པ་དུཥྚ་གདུག་པ ། བ་ལཱ་ནཱཾ། ནུས་པའི་དབལ་དང་། སརྦ་ཏེ་ཛོ་ནཱཾ། གཟི་བྱིན་འབར་བ་ཐམས་ཅད། བྱ་བ་དྷ་ཡ། བཟློག་ཅིག ། ཨ་མུ་ཀ་སྱ། ཆེ་གེ་མོ་ཞིག་ལ། སརྦ་གྲ་ཧ་བི་གྷ་ནཱཾ། གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད། ཀཱི་ལ་ཡཱ་མི། ཕུར་བུས་གདབ་པོ། །སྟྭམ་བྷ་ཡཱ་མི། མནན་ནོ། །ཨ་དྷ་མེ། གདོན་ཕོབ། བ་ཤང་ཀུ་རུ། བདག་གི་དབང་དུ་གྱིས་ཤིག །གྲྀཧྞ། ཟུང་ཞིག །ས་ཧཱ་ཡ་ཏ་ཧི་ཏ་ན། གྲོགས་དང་ཕྲོལ་ཞིག །ཛྭ་ལ་བ་ཡཱ། སྨྲར་ཆུག་ཅིག །ཨོཾ་ཙ་ཙ་ད། མྱོགས་པར་གྱིས། ཨཱ་བེ་ཤ །ཕོབ་ཅིག །ཚིན་དྷ་པ་ཏ་ཡ། གཏུབས་ཤིག །གཟེར་ཅིག །ཀྵ་ན་ཧ་ར། ཕྲོགས་ཤིག །ས་ཧ་སྲ་ར་སྨི། འོད་ཟེར་སྟོང་གིས། བཛྲ་མ་བྷ་བ་ཏུ། རྡོ་རྗེར་གྱུར་ཅིག །ནིརྨ་ཎ། སྤྲུལ་པ། ཨ་པྲ་མེ་ཡ། གཞལ་དུ་མེད་པ། ཨངྐུ་ཤ །ཁུག་ཅིག །


DNG019_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཀཪྵ་ཡ། དྲོངས་ཤིག །ཚེ་ད་ཡ། ཆོད་ཅིག །སཱ་དཱ་ཡ། རོལ་ཅིག །ཚིན་དྷ་ཡ། གཏུབས་ཤིག །སྟྭམ་བྷ་ཡ། ནོན་ཅིག །ཨ་མུ་ཀཾ། ཆེ་གེ་མོ་ཞིག་གི། ཨ་ལ་ཏྲ་ཏཾ། གནོད་པར་བྱེད་པའི། སརྦ་གྲ་ཧ་བིགྷ་ནཱཾ། གདོན་བགེགས་ཐམས་ཅད། བ་ལ་མེ་ལ་ཀ །མཐུ་དང་། དཔུང་དང་། སརྦ་མི་སྥོ་ཏ་ཡ། ཐམས་ཅད་ཤིག་ཅིག །ཀྲོ་དྷ་ཀྲོ་དྷཱི། ཁྲོ་བོ་ཁྲོ་མོས། སརྦ་དུ་ཏི་ནཱཾ། ཕོ་ཉ་མོ་ཐམས་ཅད་ཀྱིས། ཨ་ཙི་རེ་ན་ཀརྨ་ཀུ་རུ། ཕྲིན་ལས་མྱུར་དུ་མཛོད་ཅིག །མཱ་ར་ཡ་མཱ་ར་ཡ། སོད་ཅིག་སོད། ཞི་བའི་མེ་ནི་འབར་ཞིང་དཀར། །རྒྱས་པ་འོད་འཕྲོ་རབ་ཏུ་གསལ། །དབང་ལ་དམར་ལ་དྲི་ཡང་ཞིམ། །དྲག་པོ་འུར་སྒྲ་ཆེ་བ་ཡིན། །འབར་དུ་མི་ཉན་འཆི་བ་དང་། །ཙེག་སྒྲ་འཕྲོ་དང་དུ་བས་འཚུབས། །བརྟུལ་ཞུགས་བསྐྱེད་ལ་བློ་ལྡན་པས། །ལས་དང་མཐུན་པར་ལས་ལ་སྦྱར། ༈ །མེ་ལྷ་ར་སྐྱེས་ཞོན་པ་ལ། །དྲང་སྲོང་ཕྱག་བཞི་བགྲང་ཕྲེང་དང་། །མེ་ཐབ་ཞུགས་ཤིང་སྦྱིན་པ་གཏོང་། །མེ་ལྷའི་ལྟོ་བར་བསྐྱེད་པ་གསལ་བའི་དཀྱིལ་འཁོར་རམ་ལྷ་མཆོད་པ་དང་། །མེ་ལྷ་དཔང་པོར་གནས་ལ་ལྷ་མཆོད་པ་དབུལ་བ་ནི། །ཕྲིན་ལས་རྣམ་བཞིའི་དགང་གཟར་ནང་། །བླུགས་གཟར་བདུན་ནམ་གསུམ་ཤོང་བས། །སྦྱིན་སྲེག་བདུན་ནམ་ཉི་ཤུ་གཅིག །བརྒྱ་རྩ་བརྒྱད་དུ་དབུལ་བར་བྱ། །ལས་དང་རིམ་པར་ལྡན་པ་ཡིན། ༈ །ཆོས་ཉིད་རྣམ་དག་ཧོམ་ཁུང་ནང་། །ཆོས་ཅན་མཚན་མའི་སྦྱིན་བསྲེག་ཐིམ། ༈ །སྣང་སྲིད་སྣང་བའི་ཧོམ་ཁུང་དུ། །བཅུད་ཀྱི་སེམས་ཅན་སྦྱིན་བསྲེག་ཐིམ། ༈ །རིག་མ་ཡུམ་གྱི་བྷ་གའི་ཀློང་། །བྱང་སེམས་ས་བོན་སྦྱིན་བསྲེག་ཐིམ། ༈ །ཀུན་གཞི་སྲིད་པའི་ཧོམ་ཁུང་དུ། །ཡིད་ཀྱི་རྣམ་ཤེས་སྦྱིན་བསྲེག་ཐིམ། ༈ །ཡི་གེ་ཨེ་ནི་དྲག་པོའི་ལས། །བཾ་གྱིས་དབང་དུ་སྡུད་པར་འགྱུར། །མ་ཞེས་བྱ་བ་རྒྱས་པར་བྱེད། །ཡཱ་ནི་ཞི་བ་ཆེན་པོར་གནས། ༈ །ལྐོག་མ་གྲུ་གསུམ་དྲག་པོ་ལ། །རོ་སྟོད་གྲུ་བཞི་རྒྱས་པ་སྟེ། །ལྟེ་བ་ཟླུམ་པོ་ཞི་བ་ཉིད། །གསང་བ་ཟླ་


DNG019_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་དབང་དུ་བྱེད། །ཐལ་བ་བསྡུས་ཏེ་སྐུ་གདུང་གདབ། །ཆོས་ཉིད་དོན་གྱི་སྐུ་གདུང་ལས་གྱུར་པ་མེད་པར་གནས་པས། །འབྱུང་བ་རྟགས་ཀྱི་སྐུ་གདུང་ཤར་བ་གང་ཞེ་ན། །ཕྱི་ནི་དབུས་ཀྱི་རི་རབ་ལྷུན་པོར་གྲུབ་རིན་པོ་ཆེ་སྣ་བཞི་པ། །ནང་ནི་གཟུགས་ཀྱི་ཕུང་པོར་ཤར་རང་ལུས་མཆོད་རྟེན་གྱི་དབྱིབས་སུ། །གསང་བ་བྷ་གར་འི་ནང་དུ་ས་བོན་འབྱུང་བ་ཆགས་མཆོད་རྟེན་དུ། །དེ་ཉིད་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་ཀློང་དང་བཅས་པའི། །རྟོགས་ནས་ཚོགས་ཆེན་བསག་པར་བྱ་བ་རང་དོན་དུ་གདབ། །གཞན་དོན་དུ་གདབ་པ་ཕྲིན་ལས་རྣམ་བཞི་སྒྲུབ་པ་དང་། །འཇིག་རྟེན་ཐུན་མོང་གི་ངག་མནན་པ་ལ་སོགས་པ་ལས་རྣམས་མ་ལུས་འགྲུབ། །ཚེ་འདས་ཀྱི་དོན་དུ་སྒྲིབ་པ་སྦྱོང་བར་བྱེད། །ཆེ་ཆེའི་རྒྱུ་ནི་སྲོག་ཆགས་བྲལ་བའི་ས་དང་ཆུ། །རིན་ཆེན་ལྔ་བ་དང་དྲི་སྣ་ཚོགས་པ་དང་རབ་ལྡན་པས། །གདབ་ཐབས་ཀྱི་བྱ་བ་རྒྱར་བཀོས་ཕོར་དུ་གཞུག་བརྡུང་ཞིང་དབྱུང་བ་དང་། །བཞུགས་ལ་རབ་ཏུ་གནས་པ་དང་། །གཤེགས་ནས་ཚོགས་བསག་བཟོད་པར་གསོལ། །ཐམས་ཅད་གསང་སྔགས་བཤད་པར་བྱ། །ཨཱོཾ་དྷརྨ་དྷཱ་ཏུ་གརྦྷེ་སཱ་ཧཱ། རྒྱར་གཞུག་པའི་སྔགས། ཨཱོཾ་བཛྲ་མུཏྒ་ར་ཨ་ཀོ་ཊ་ཡ་སྭཱ་ཧཱ། བརྡུང་བའི་སྔགས། ཨཱོཾ་དྷརྨ་དྷཱ་ཏུ་སྭཱ་ཧཱ། རྒྱ་ནས་དབྱུང་བའི། ཨཱོཾ་ཨ་པྲ་ཏི་ཏིཥྠ་བཛྲ་སྭཱ་ཧཱ། བཞུགས་སུ་གསོལ་བའི། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པ་ཏེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། རབ་ཏུ་གནས་པའི་སྔགས་ནས་ལ་བཟླས་ལ་གཏོར། གཤེགས་སུ་གསོལ་བ་ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷེ་ཨཱ་ཧ་ར་ཨཱ་ཧ་ར་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བསྐོར་བ་བྱ་བའི་སྔགས་ན་མོ་ཕྱག་འཚལ་ལོ། །བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། བཅོམ་ལྡན་འདས་རིན་ཆེན་ཏོག་གི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ་ལ། ཨཪྷ་ཏེ་བྷྱཿ། དགྲ་བཅོམ་པ་རྣམས་ལ། སཾ་མྱཀ་སཾ་བུདྡྷཱ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་རཏྣ་རཏྣ། རིན་པོ་ཆེ་རིན་པོ་ཆེ། མ་ཧཱ་རཏྣ། ཆེན་པོ་རིན་པོ་ཆེ། རཏྣ་རིན་པོ་ཆེ་བི་ཛ་ཡེ་རྣམ་པར་རྒྱལ་བ་ལ་སྭཱ་ཧཱ། མཆོད་པར་གསོལ་བའི་སྔགས་ཨཱོཾ་ཨ་གརྦྷེ་སྭཱ་ཧཱ། མཆོད་པ་རྣམ་པ་ལྔ་ཡང་དབུལ། །ནས་འབྲུ་ལ་རྟེན་འདྲེལ་གྱི་གསང་སྔགས་


DNG019_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ལ་སྟག་པའི་ནང་དུ་བླུག་ལ་གདབ་པོ། །བྱས་ནས། །ནང་དུ་བླུགས་ལ་སྟག་པ་ཡེ་ཤེས་སྒྱུ་མའི་ངང་ལས་ནང་ན་ཡི་དམ་ལྷ། །གཞལ་ཡས་ཁང་ན་བཞུགས་པར་བསམ། ༈ །མཐར་ཐུག་འབྲས་བུའི་སྐུ་གདུང་ནི། །སྐུ་གསུམ་ས་ལ་གནས་པ་ནི། །ཡེ་ཤེས་རྣམ་ལྔས་བརྒྱན་པར་འགྱུར། །བཅུ་གཅིག་ཀུན་དུ་འོད་ལ་ཆོས་སྐུ། བཅུ་གཉིས་མ་ཆགས་པདྨ་ཅན་ལོངས་སྐུ། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་སྤྲུལ་སྐུ་ཆོས་ཀྱི་སྐུ་ལ་རབ་ཏུ་བཞུགས། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། གདུང་བསྲེག་ཕྲིན་ལས་ཀྱིས་སྐུ་གདུང་བཞེངས་སུ་གསོལ་བའི་བརྟག་པ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གསང་བ་ཚེའི་ལས་འདི་འགྲོ་བའི་ཆེད་དུ་གསུངས་སོ། །རང་དོན་དུ་ཚེ་ལོ་སྟོང་དྲུག་བརྒྱ་ཐུབ་པ་ལ་གཞན་དོན་དུ་བསྒྱུར་ནས་བཞུགས་པའོ། །ཚེ་དབང་རིག་འཛིན་བསྒྲུབ་པའི་ཕྱིར། །རྡོ་རྗེ་གཡུང་དྲུང་གསང་བའི་མཁར། །འགྱུར་བ་མེད་པའི་ཚེ་ནི་རྡོ་རྗེ་ཕ་ལམ་ལྟ་བུའོ། །སྐུ་ཚེ་རིང་བའི་དཔེའོ། །ཉི་ཟླ་བཞིན་དུ་རབ་གནས་པ། །ཚེ་མཆོག་གསང་བ་འཆི་མེད་དཔལ་ཚངས་པའི་ཚེ་ལོ་ལྟར་ཐུབ་པའམ། ལྷའི་དབང་པོའི་ཚེ་ལྟར་ཐུབ་པའོ། །ཚེ་ལོ་སྟོང་དྲུག་བརྒྱར་གནས་པའི་རིག་འཛིན་ནོ། །འགྲུབ། ༈ །གསང་སྔགས་གསང་བ་བསྒྲུབ་པའི་གང་ཟག་གིས། ༈ །དང་པོ་ཚེའི་དངོས་གྲུབ་ཀྱིས་རང་སྐལ་གྱི་ཚེ་ལས་ཁྱད་པར་དུ་འཕགས་པ་འགྲུབ་སྟེ། ཚེ་ལོ་བརྒྱ་པ་ཡིན་ན་ཉིས་བརྒྱར་གནས་པའམ། ཚེ་ལོ་དྲུག་ཅུ་པ་ཡིན་ན་བརྒྱར་གནས་པ་ལྟ་བུའོ། །དང་པོར་ཚེ་ཡི་དངོས་གྲུབ་མ་ཐོབ་ན། །བགེགས་ཀྱི་རྐྱེན་གྱིས་ཚེ་སྲོག་བར་བཅད་ནས། །བླ་ན་མེད་པའི་བྱང་ཆུབ་མི་འཐོབ་པས། ༈ །དང་པོར་བདག་དོན་ཚེ་ཡི་བསྒྲུབ་པ་བྱ། །ཧཱུྃ་ཞེས་བརྗོད་པས་ཕྱི་ནང་སྣོད་བཅུད་དང་ལུས་ངག་ཡིད་གསུམ། །བསྲེགས་ནས་སྟོང་པའི་ངང་ལས་གཉིས་བསམ་པ་སྔགས་འདི་བརྗོད་པ་བ། །བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་པ་ཕྱི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ལ་ནང་འཁོར་ལོའི་རྩིབས་བརྒྱད་སྟེང་འོག་གཉིས་ཏེ་བཅུ་པ། །ཁྲོ་བོ་མེ་རི་


DNG019_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་འབྱོར་སྒོ་ངའི་སྦུབས་ལྟ་བུའི་ནང་ན་ཁྲོ་བོ་བཅུ་མེ་རི་མེ་དཔུང་འབར་བའོ། །དེ་འི་དབུས་སུ་ཧྲཱྀཿ ཞེས་པས་ཧྲཱྀཿ ལས་དཔལ་རྟ་མགྲིན་ཞལ་གསུམ་པ། །སྐུ་མདོག་དམར་པོ་ཕྱག་དྲུག་པ་འཇིགས་པ་དབྱུག་པ་གཡུ་འབྲུག་བསྣམས། །དེའི་ཐུགས་ཀར་ཨེ་གྲུ་གསུམ་ལས་ཆོས་ཀྱི་འབྱུང་གནས་བསྒོམ་དེའི་དཀྱིལ་དུ་བྷྲཱུཾ་ལ། །གཞལ་ཡས་ཁང་དེའི་ནང་དུ་དཔལ་ཆེན་ཧེ་རུ་ཀ །ཞལ་གསུམ་ཕྱག་དྲུག་པ་བསྒོམ་དེ་ཡི་ཐུགས་ནང་དུ། །བདག་ཁྲག་འཐུང་ཞལ་གཅིག་ཕྱག་གཉིས་པ་བསྒོམ་རྡོར་དྲིལ་འཆང་། །དེ་ཡི་སྙིང་གི་དཀྱིལ་དུ་པདྨ་འདབ་བརྒྱད་པ་ལ། །དེའི་དཀྱིལ་དུ་ཡི་གེ་ཨ་དང་ནྲྀ་བསམ། འདབ་མ་བརྒྱད་ལ་ཨོཾ་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿཞེས་པ་བརྒྱད་བསམ། དེ་ལ་ནྲྀ་ལྗང་གུ་གནས་པ་ནི་ཐོག་མ་མེད་པ་ནས་ཉོན་མོངས་པས་བཅིངས་པས་འཁོར་བའི་ར་སྐྱེ་བ་དང་ལོག་པར་འཁྲིད་པ་རྒྱུ། །དེ་ལ་ཨ་དཀར་པོ་ནི་མཐོ་རིས་ཐར་པར་འགྲོ་བའི་གཞི་ཡིན་ནོ། །དེ་ལ་ནྲྀ་སྦྱོང་བའི་ཕྱིར་པདྨ་ནས་ཡིག་འབྲུ་རྣམས་ཡིད་ལ་གསལ་བར་དགོང་བརྒྱད་པར་གནས། །ཨཱོཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ། ཨོཾ་ལས་དྲངས་པའི་གསང་སྔགས་བརྒྱ་རྩ་བརྒྱད་ཀྱིས་གཏི་མུག་སྦྱང་། །ཧཱུྃ་ལས་དྲངས་པ་བརྒྱ་རྩ་བརྒྱད་ཀྱིས་ནི་ཞེ་སྡང་སྦྱང་ཏྲཱཾ་ལས་དྲངས་པ་བརྒྱ་རྩ་བརྒྱད་ཀྱིས་ནི་ང་རྒྱལ་སྦྱང་ལ། །འདོད་ཆགས་ཧྲཱྀཿ ལས་དྲངས་པ་བརྒྱ་རྩ་བརྒྱད་ཀྱིས་འདོད་ཆགས་སྦྱང་ལས་ཕྲག་དོག་ཧཱ་ལས་དྲངས་པ་བརྒྱ་རྩ་བརྒྱད་ཀྱིས་ཕྲག་དོག་སྦྱང་ཞེས་བྱ། །དེ་ལྟར་འོད་ལྔ་དཀར་དམར་སེར་མཐིང་ལྗང་ལས་འོད་འཕྲོས་ཏེ་ནྲྀ་ལ་ཕོག་པས་དུག་ལྔ་སྦྱོངས། །ཡེ་ཤེས་ལྔ་དང་ལྡན་པའི་ནྲྀ་ཡང་ཁ་དོག་ལྔ་འི་རང་བཞིན་དུ་གནས་པ་དེ། །ཕར་འཕྲོས་ནས་དོན་གཉིས་བྱས་ཚུར་འདུས་ཏེ་ནྲྀ་ལ་ཐིམ་པས་ཧཱུྃ་དུ་གྱུར། །ཨ་ལས་འོད་ཡི་འཕྲོ་པས་འདུས་པས་ཟླ་བ་འི་གབ་ཚེ་ཁ་སྦྱོར་དུ་གྱུར་པ་དང་ཧཱུྃ་དུ་གྱུར་ཧཱུྃ་ལས་འོད་འཕྲོས། །བསྐུལ་དོན་གཉིས་བྱས་འོད་ཕུང་ཆེན་པོར་གནས་པར་འགྱུར། །སྔགས་འདི་བརྗོད་པས་ཡེ་ཤེས་སེམས་དཔའ་སྐུ་ཚོན་གང་བར་གྱུར་པར་བསམ་སྥོ་ཊ་བཛྲ་སཏྭ་ཨ་ཨཱོཾ། ཡེ་


DNG019_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་ཚོན་གང་བ་དེ་ལ་དབང་བསྐུར་བ་བྱིན་བརླབ་བྱ་དབང་བྱིན་ནས། །ཟླ་བ་གབ་ཚེ་འི་ནང་ན་པདྨའི་ཡིག་འབྲུ་གསལ་བར་བྱ། །དེ་ལས་འོད་འཕྲོས་པས་བདེ་གཤེགས་ཀྱི་སྐུ་དང་ཡེ་ཤེས་དང་། །ཁམས་གསུམ་གྱི་འགྲོ་བའི་བཀྲག་དང་གཟི་མདངས་དང་། །རྩི་བཅུད་ཐམས་ཅད་བསྡུས་ནས་ཡེ་ཤེས་སེམས་དཔའ་ཟླ་བར་བཅས་པ་ལ། །འུབ་འུབ་འདུས་ཏེ་ཐིམ་པར་བསམ་མོ། །མ་གསལ་བར་དུ་བཟླས་པ་བྱ་འོ། །འདི་ནི་ཡང་དག་ཐུགས་ཀྱི་ཚེ་སྒྲུབ་ཡིན། །རྫས་དང་ཡོ་བྱད་དག་ལ་རག་མ་ལུས། །ཐུགས་ཡེ་ཤེས་ཀྱི་མན་ངག་གི་བསྒྲུབ་པའོ། །བསྒྲུབ་པའི་དུས་ནི་གུང་སངས་ནས་ཉི་མ་མ་ཤར་བའི་བར་དང་། །ཉི་མ་ནུབ་ནས་ས་ནི་མ་སྲོས་པའི་བར་དུ་བྱ་སྟེ། །འདིས་ནི་ཚེ་ལ་དབང་བའི་རིག་འཛིན་འཐོབ་པར་བྱེད་པའི། །ཡེ་ཤེས་ཐུགས་ཀྱི་མན་ངག་བསྒྲུབ་པའོ། ༈ །གཞན་དོན་བྱེད་པར་འདོད་པའི་རྣལ་འབྱོར་པས། །ལིང་ཚེ་དགུ་པའི་དབུས་སུ་གཙོ་བོ་ལེའུ་ཚེ་བརྒྱད་ལ་ལྷ་མོ་བརྒྱད་དཀྱིལ་འཁོར་བར་ཁྱམས་ལ་ཁྲོ་བོ་བཅུ་སྒོ་དང་བཅས། །བུམ་པ་ཚེ་ཆང་ཟན་ལ་མདའ་དར་དམར། །དཀྱིལ་འཁོར་ཡང་ན་ཅི་རིག་བཀོད་པ་དང་། །མཚམས་བཅད་དཔལ་གྱི་དཀྱིལ་འཁོར་བསྐྱེད་བྱས་ནས། །སྨ་ཤ་ནག་མོ་ཚེ་ཡི་ཕོ་ཉ་མངགས། །ཚེ་བདག་ཆེན་མོ་ཧེ་རུ་ཀ་ཐུགས་མཆོག། །དབང་དུ་སྡུད་མཛད་ཚེའི་སྲུང་མ་རྟ་མགྲིན་དཔལ། །གཟའ་སྐར་འཇོམས་པའི་སྟེང་ཕྱོགས་ཉི་ཟླ་གཟའ་སྐར་ལག་ནས་ཚེ་འགུགས་པའི་ལྷ་ཧཱུྃ་ཀཱ་ར། །ཤར་ཕྱོགས་དྲི་ཟ་འི་ལག་ནས་ཚེ་འགུགས་པའི་ལྷ་འདུལ་བ་རྣམ་པར་རྒྱལ། །ཤར་ལྷོ་དྲང་སྲོང་མེ་ལྷའི་ལག་ནས་ཚེ་འགུགས་པ་དབྱུག་སྔོན་དྲང་སྲོང་མེ་ལྷ་འཇོམས། །ལྷོ་འཆི་བདག་གི་ལག་ནས་སྲོག་འཕྲོག་པ་ཚར་གཅོད་གཤིན་རྗེ་གཤེད། །ལྷོ་ནུབ་སྲིན་པོ་འི་ལག་ནས་ཤ་ཁྲག་འགུགས་པ་འདུལ་བ་མི་གཡོ་མགོན། །ནུབ་ཕྱོགས་ཀླུ་རྣམས་ཀྱི་ལག་ནས་དཔལ་འཕྲོག་པའི་


DNG019_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་མཛད་རྟ་མཆོག་དཔལ། །ནུབ་བྱང་རླུང་ལྷ་འི་ལག་ནས་དབུགས་འཕྲོག་པའི་འཇོམས་པའི་གཞན་མི་ཐུབ། །བྱང་ཕྱོགས་གནོད་སྦྱིན་གྱི་ལག་ནས་ལོངས་སྤྱོད་འགུགས་པའི་ལྷ་དབང་བསྒྱུར་བདུད་རྩི་འཁྱིལ། །བགེགས་རྣམས་ཀྱི་ལག་ནས་སྲོག་འཕྲོག་པ་བསྲུང་མཛད་ཁམས་གསུམ་རྒྱལ། །སྟོབས་ཆེན་གྱིས་ཀླུ་གཉན་ས་བདག་གི་ལག་ནས་ཚེ་འདྲེན་འདུལ། །མཁའ་འགྲོ་མ་བརྒྱད་སྐུལ་བ་ཤར་ནས་དཀར་མོ་ཞི་མཛད་མ། །ལྷོ་ནས་རྐུན་མོ་རྒྱས་མཛད་མ། །ནུབ་ནས་རྨོངས་མོ་དབང་སྡུད་མ། །བྱང་ནས་ཐལ་བྱེད་གསོད་ལ་བརྩོན། །སྦོས་མོ་དང་ནི་སྨེ་མོ་དང་། །གཏུམ་མོ་ཆེན་མོ་མ་ཚོགས་མ། །སྨ་ཤ་ནག་མོ་ཚེ་ཡི་ཕོ་ཉ་བདག །ཚེ་བདག་ཆེན་མོས་ཚེ་དྲོངས་ལ། །འཆི་མེད་རྡོ་རྗེ་དཔལ་གྱི་བེའུ་རུ། །མི་འགྱུར་བརྟན་པར་མཛད་དུ་གསོལ། །ལྷ་རང་རང་གི་སྙིང་པོའི་ཞབས་ལ་སྔགས་འདིས་དགུག་གོ། །ཨཱ་ཡུརྫྙཱ་ན་བྷྲཱུཾ་ནྲྀ་ཛཿ། དུས་གསུམ་བདེ་བར་གཤེགས་པ་མཆོད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །འགྲོ་བ་རིགས་དྲུག་གི་སྒྲིབ་པ་སྦྱང་། །སྐུ་དང་ཡེ་ཤེས་མཐུ་དང་བྱིན་རླབས་དང་། །བཀྲག་དང་གཟི་མདངས་ཐམས་ཅད་བསྡུས་ཏེ་ཐུགས་ཀྱི་ག་འུར་བསྡུ། །བསྡུས་པ་ཁྲོ་བཅུས་སྲིད་པའི་རླུང་གིས་ཡང་མི་ཐར་བར་བསྲུང་སྟེ་བཟླས་བརྗོད་བྱའོ། ༈ །དེ་ནས་དཀྱིལ་འཁོར་བསྡུ་བར་འདོད་ན་སྣང་གྲགས་ཆོས་རྣམས་ཐམས་ཅད་གཞལ་ཡས་ཁང་ལ་བསྡུད་རྟ་མགྲིན་ལ་བསྡུ་གཞལ་ཡས་འདུས། །རྟ་མགྲིན་ཡང་ཁྲག་འཐུང་ཐུགས་ཀྱི་ལྷ་ལ་ཧེ་རུ་ཀ་ལ་བསྡུ་དེ་ཡང་ཡེ་ཤེས་སེམས་དཔར་འདུས། །དེ་ཡང་ཧཱུྃ་ལ་བསྡུ་ཧཱུྃ་གི་དེ་ཡང་རིམ་པས་ཐིག་ལེ་སྤྱི་གཙུག་ཚངས་པར་འི་བུ་ག་ཐིམ་པས་དབུའི་གཙུག་ཏོར་གྲུབ་པའོ། །འཆི་བདག་བདུད་བཅོམ་དབུ་ཡི་གཙུག་ཏོར་འགྲུབ། །ཐུགས་ཀྱི་ཧཱུྃ་ཉིད་སྐུ་ཡི་གཙོ་བོར་གྱུར། །ཚེ་ཡི་རིག་འཛིན་ཉི་ཟླའི་ཚེ་དང་མཉམ། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། རྡོ་རྗེ་ཚེ་བསྒྲུབ་པ་སྟེ་བརྟག་པ་བཅུ་དགུ་པའོ།། །།


DNG019_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ངན་སོང་ནས་དྲང་བའི་དགོངས་པ་འདི་དག་གསུངས་སོ། །གང་ཞིག་ཚེ་འདས་ནས་ཞག་གསུམ་བརྒྱལ་བ་ལྟར་ཆོས་ཉིད་རང་ལུགས་སུ་གནས་པའོ། །དེ་ནས་ཞག་གསུམ་བར་རང་གི་ལུས་ཡིན་སྙམ་པའི་བག་ཆགས་ཀྱིས་སྲིད་པ་བར་དོའི་གནས་སུ་འཁྱམ། །གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་ལས་ཀྱི་མེ་ལོང་མཐོང་ནས་འཆི་བདག་བྲན་བྱས་ལས་ཀྱིས་ཁ་ལོ་བསྒྱུར། །བག་ཆགས་ཁམས་གསུམ་འཁོར་བར་ཡང་ཡང་སྐྱེ། །ལས་དགེ་སྡིག་གི་དབང་དུ་འགྲོ་བས་ན་བདུན་ཚིགས་ཞེས་བྱའོ། ༈ །བར་དོའི་གནས་ནས་ཐུགས་རྗེས་དྲང་བའི་ཕྱིར། །རྩ་བའི་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ། །དམྱལ་བ་གྲུ་གསུམ་སྒོ་གཅིག་དབུས་ནི་ཏྲི། །ཡི་དྭགས་ཟླ་གམ་སྒོ་གཅིག་དྲེ་དམར་དབུས། །དུད་འགྲོ་ཟླུམ་པོ་དུ་ནི་རྒྱ་མཚོའི་དབུས། །སོག་ཀ་སྒོ་གཅིག་ནྲྀ་དབུས་གླིང་བཞིའི་མི། །འཁོར་ལོ་རྩིབས་བཞི་ལྷ་མིན་སུ་སེར་པོ། །པདྨ་འདབ་བརྒྱད་ཨ་དཀར་ལྷ་ཡི་གནས། ༈ །བུམ་པ་རྫས་དང་གཟུངས་ཐག་ཁ་རྒྱན་བཅས། །ཁྱད་པར་གྱི་མཆོད་པ་སྨན་རཀ་གཏོར་མ་གསུམ་དང་ཐུན་མོང་མཆོད་པ་ལྔ། །འགུགས་པ་ལྕགས་ཀྱུ་བགེགས་བསྐྲད་པ་གུ་གུལ་ཉུང་དཀར་སྔགས་ཀྱི་མདའ། །རྒྱབ་རྟེན་དང་ཕྲལ་བའི་གཤེད་འབྲལ་ལོ། ༈ །མཚན་ལྷ་ཡི་ཐུབ་པ་བརྩོན་འགྲུས་ཆོས་སྟོན་ཕྱག་མཚན་པི་ཝང་བསྣམས། །མཚན་ལྷ་མིན་ཐུབ་པ་བཟོད་པའི་ཆོས་སྟོན་ཕྱག་མཚན་གོ་ཆ་གྱོན། །མི་ཡི་ཐུབ་པ་གསེག་པར་ཚུལ་ཁྲིམས་བསྲུང་། །བྱོལ་སོང་ཐུབ་པ་པོ་ཏི་ཤེས་རབ་སྒྲོན། །ཡི་དྭགས་ཐུབ་པ་སྦྱིན་གཏོང་རིན་ཆེན་སྒྲོམ། །དམྱལ་བའི་ཐུབ་པ་བསམ་གཏན་མེ་དང་ཆུ། ༈ །དམྱལ་ཁམས་རྡོ་རྗེ་གདན་གྱི་འོག་ནས་འདྲེན་གནས་གང་ན་གནས་ན། །དམྱལ་བའི་སྲོག་སྙིང་ས་བོན་ཡི་གེ་ཏྲི་ནག་པོ། །ཡི་དྭགས་གནས་གྲོང་ཁྱེར་སེར་སྐྱའི་གནས་ནས་དྲོངས། །བཀྲེས་སྐོམ་སྲོག་གི་


DNG019_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དྲེ་དམར་པོ། །དུད་འགྲོ་ཕྱི་ཡི་རྒྱ་མཚོ་ཆེན་པོའི་ནང་། །གླེན་ལྐུགས་སྲོག་སྙིང་དུ་ནི་དུད་ཀར་གནས། །མི་ཡི་གནས་ནི་གླིང་བཞི་གླིང་ཕྲན་བཅས། །འགྱུར་བྱེད་ནྲྀ་ལྗང་མི་ཡི་ཐུབ་སྙིང་ཡིན། །རི་རབ་ཁོང་སེང་ནང་ན་ལྷ་མིན་གནས། །འཐབ་རྩོད་ལྷ་མིན་སྲོག་སྙིང་སེར་པོ་སུ། །ལྷ་ཡི་གནས་ནི་རི་རབ་རྩེ་ལ་གནས། །དེ་ཡི་སྲོག་སྙིང་ཨ་དཀར་འདོད་ཡོན་ཆགས། ༈ །ལྷ་ཡི་ཡོན་ཏན་ནི་མངོན་པར་ཤེས་པ་མངའ། །ལྷ་མ་ཡིན་གྱི་ཡོན་ཏན་ནི་མགོ་བཅད་འབྱར་བར་འགྱུར། །མི་ལ་དམ་ཚིག་སྡོམ་པས་ལམ་སྣ་འདྲེན། །བྱོལ་སོང་རྣམས་ནི་ལྟོ་གོས་བཙལ་བར་སླ། །ཡི་དྭགས་ཟས་སྐོམ་བསྔོས་པས་ཚིམས་པར་འགྱུར། །དམྱལ་བ་སྔོན་གྱི་ལས་དྲན་སྔ་ཕྱི་ཤེས། ༈ །ཚེ་རིང་ལྷ་ཡིན་ལྷ་མིན་རྟག་ཏུ་འཐབ། །བདེ་སྡུག་འགྱུར་བ་མི་ལ་ལྟོ་གོས་གཉིས་ཀྱིས་སྦྱངས། །སྡུག་བསྔལ་གྱི་སྡུག་བསྔལ་བརྩེག་མར་སྤྱོད་པའི་བྱོལ་སོང་དང་། །བཀྲེས་སྐོམ་ཡི་དྭགས་ཚ་གྲང་དམྱལ་བའི་གནས། ༈ །རང་བཞིན་གནས་པའི་བར་དོ་གནས་ལུགས་ཀྱི་དོན་རྟོགས་པར་བྱ་གཞི་རུ་གནས། །ཆོས་ཉིད་བར་དོ་བལྟ་བ་ཐག་གཅད་པ་དག་ལ་གནས་པ་དང་། །ཏིང་འཛིན་བར་བསྒོམ་པ་ཉམས་སུ་བླང་བ་དོ་འབྱོངས་པའི་རྣལ་འབྱོར་པས། །སྲིད་པའི་བར་མ་དོ་ན་ལས་ཀྱི་འཕྲོ་བརྒྱུད་འཁྱམས་པ་རྣམས། །བདུན་ཚིགས་ཕན་པའི་དཔེ་གདུང་ཆེན་མི་བརྒྱས་ཐེག་པར་མི་འགྱུར་ཡང་། །གདུང་ཆེན་དེ་ལྟེང་ཀའི་ཆུར་གནས་ན་མཛུབ་མོ་རེག་ཙམ་གྱིས་གར་འདོད་འདྲེན། །གསོན་པོ་འི་དུས་ན་དགེ་བ་ཆེན་པོ་བྱས་པ་ལས་གཤིན་པའི་དུས་སུ་དགེ་བ་ཆུང་ངུ་ཕན་པ་ཆེའོ། །མི་བརྒྱས་མི་ཐུབ་ལམ་ལོག་ཀྱང་། །ཁུགས་པའི་དཔེ་ཏིང་འཛིན་ཕྲ་མོས་རང་གི་གནས་སུ་འགུགས། །སྐྱེ་བ་རྣམ་བཞི་ནས་འགུགས་ཐབས་སྒོང་སྐྱེས་བཅག་ནས་མངལ་གྱི་ནང་ནས་འདྲལ། །སྐྱེ་བ་བླངས་ནས་ཁྲོ་བོར་སྤྲུལ་ནས་བསྒྲལ། །རྫུས་སྐྱེས་དེ་མ་ཐག་ཏུ་འགུགས་པ་དང་། །


DNG019_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་པའི་དཔེ་ལྕགས་ཀྱི་གཏུན་བུ་ཆུང་ཡང་ཆུའི་གཏིང་དུ་འགྲོ། །དེ་ཉིད་ཐབས་ལ་མཁས་ན་སླ་ང་ལྟར་བྱས་ན་མཁའ་ལ་འཕྱོ། ༈ །དུག་ལྔ་རྣམ་དག་ཡེ་ཤེས་ཆེན་པོའི་ཁྲུས་རྣམ་ཤེས་ཐུགས་ཀྱི་ཁྲུས་གསོལ་ཕུང་པོ་རྣམ་དག་པའི། །དང་པོ་བྲིས་སྐུ་ལ་སོགས་ལ་མེ་ལོང་གིས་ཁྲུས་གསོལ། དེ་ནས་མིང་བྱང་ལ་ཁྲུས་བྱ། ཆུ་དེ་ཆུ་བོའམ་གཙང་སར་བསྐྱལ་ལོ། །མེ་ལོང་ཡེ་ཤེས་སྐུ་ཁྲུས་ཀྱིས། །ཞེ་སྡང་ཉོན་མོངས་བག་ཆགས་བཀྲུས། །མི་བསྐྱོད་རྡོ་རྗེ་སེམས་དཔར་འགྱུར། །གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་དབྱིངས་ཡེ་ཤེས་ཁྲུས་གསོལ་བས། །མ་རིག་གཏི་མུག་བག་ཆགས་སྦྱང་། །རྣམ་པར་སྣང་མཛད་སྐུ་ཐོབ་ཤོག །ཡོན་ཏན་གྱི་ཚོར་བའི་ཕུང་པོ་རྣམ་དག་པའི། །མཉམ་ཉིད་ཡེ་ཤེས་ཁྲུས་གསོལ་བས། །ང་རྒྱལ་དྲི་མ་དག་གྱུར་ནས། །རིན་ཆེན་འབྱུང་ལྡན་སྐུར་འགྲུབ་ཤོག །གསུང་གི་སྐུ་ཁྲུས་འདུ་ཤེས་ཕུང་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཆུས། །འདོད་ཆགས་ཉོན་མོངས་དག་གྱུར་ནས། །སྣང་བ་མཐའ་ཡས་སྐུ་མཆོག་བརྙེས། །ཕྲིན་ལས་འདུ་བྱེད་ཕུང་པོ་རྣམ་དག་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཆུས། །ཕྲག་དོག་ཉོན་མོངས་བྱང་གྱུར་ནས། །དོན་ཡོད་གྲུབ་པའི་སྐུ་ཐོབ་ཤོག །དུག་གསུམ་སྐུ་གསུང་ཐུགས་ཀྱི་ཁྲུས་གསོལ་ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །རྣམ་རྟོག་དྲི་མ་སྦྱོང་བྱེད་པས། །དུག་གསུམ་སྒྲིབ་པ་དག་གྱུར་ནས། །སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ཧཱུྃ་ཧཱུྃ་ཀ་ལ་ཀྵ་ཁཾ་ཁྲུས་བྱ་བའི་སྔགས ། ལས་དང་ཉོན་མོངས་བག་ཆགས་རྣམས། །སྦྱོང་བར་བྱེད་པ་སྔགས་ཡིན་པས། །གསང་སྔགས་རབ་ཏུ་བཤད་པར་བྱ། །བཟླས་བརྗོད་བརྩོན་པས་འཕྲོ་འདུ་བྱ། །སྔགས་རྣམས་ཐམས་ཅད་བསྡུས་པའི་མཆོག །སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་གསུང་ཐུགས་ཀྱི་གནས་སུ་སྔགས་བཀོད་ནས་རྡོ་རྗེའི་བཟླས་


DNG019_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་མཆོག །མི་ཕྱེད་སྐུ་གསུམ་དཀྱིལ་འཁོར་དང་། །སྐུ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་གསུང་ལྕེ་ལ་པདྨར་ཨཱཿདམར་ཐུགས་སྙིང་གར་ཉི་མ་ལ་ཧཱུྃ་མཐིང་ག །སངས་རྒྱས་ཡེ་ཤེས་འཐོབ་འགྱུར་བ། །སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་འགྲུབ་པའི་ཨོཾ་ཨཱཿཧཱུྃ་ལ་རྡོ་རྗེ་བཟླས་པའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་བྱིན་རློབ་པ། །གསང་སྔགས་རྡོ་རྗེའི་བཟླས་པ་འདི། །རབ་ཏུ་འབད་ནས་བསྙེན་པར་བྱ། །ཨོཾ་རླུང་ཕྱིར་ལྡང་བ་ཨཱཿ ཁོང་དུ་གནས་པ་ཧཱུྃ། ནང་དུ་འཇུག་པ ། སྔགས་ཀྱི་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་སྐུ་རྡོ་རྗེ་སྤྱི་བོར་ཟླ་བ་ལ་ཨོཾ། གསུང་ལྕེ་ལ་པདྨར་ཨཱཿ། ཐུགས་སྙིང་གར་ཉི་མ་ལ་ཧཱུྃ་གསུམ་གྱི་མཚན། །རྡོ་རྗེ་དབྱེ་བ་གསུམ་གྱི་མཐར་སྭཱ་ཧཱ་སྦྱར། །བཀོད་པ་རྡོ་རྗེ་གསུམ་ཞེས་བྱ། །ཨོཾ་སྐུ་ཨཱཿ གསུང་ཧཱུྃ་ཐུགས་སྭཱ་ཡོན་ཏན་ཧཱ་ཕྲིན་ལས ། སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ། །སྤྲོ་སྐུ་ཚངས་པའི་བུ་ག་ནས་ཨོཾ་དཀར་པོ་སྤྲོ། གསུང་མགྲིན་པ་ནས་ཨཱཿདམར། ཐུགས་སྙིང་ག་ནས་ཧཱུྃ་མཐིང་ག་སྤྲོ་བ་རྣམ་པ་གསུམ་དག་བྱ། །རྡོ་རྗེའི་བཟླས་པ་འདི་ཡིས་ནི། །རྡོ་རྗེ་སྐུ་རྡོ་རྗེ་འགྱུར་བ་མེད། གསུང་རྡོ་རྗེ་འགག་པ་མེད། ཐུགས་རྡོ་རྗེ་སྐྱེ་ཤི་མེད་པར་འགྱུར་རོ། །གསུམ་གྱི་ཐུགས་འདྲར་འགྱུར། །ཨོཾ་ཧཱུྃ་སྭཱ་ཧྲཱྀཿ ཨོཾ་ཨཱཿཧཱུྃ། ཡང་བྱུང་། ཨ་ཕཊ་ཛ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཨོཾ་ཨཱཿཧཱུྃ་བསྒོམ། །བསྒོམས་ནས་མཆོད་པའི་མཆོག་བྱའོ། །བརྟག་པ། །ཡེ་ཤེས་རྡོ་རྗེ་བྱས་ན་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། །ཨོཾ་ཨཱཿཧཱུྃ་ཕཊ་ཛ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསམ་ནས་གཟུགས་ཀྱི་མཆོག་བརྟག་པ། །ཡེ་ཤེས་རྡོ་རྗེར་རབ་ཏུ་བྱ། །འདི་ནི་བྱང་ཆུབ་མཆོག་ཐོབ་པའོ། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་ནྲྀ་སུ་ཏྲི་པྲེ་དུ། ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ་སྭཱ་ཧཱ། དང་པོ་རྟེན་བཅས་མི་འི་ལུས་སུ་དགུག་ལ་ཚོགས་བསགས། །གཉིས་པ་ལྷ་དབང་སྟ་གོན་


DNG019_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚོགས་རྫོགས་ནས་ལྷའི་ལུས་ཀྱི་དཀྱིལ་འཁོར་དུ་ཞུགས། །གསུམ་པ་དཀྱིལ་འཁོར་རང་གི་སྐལ་བ་དང་སྦྱར་ནས་དབང་བསྐུར་ནས། །བཞི་པ་དབང་ཐོབ་ནས་ཞི་བས་བསྙེན་པ་བྱ། །བསྙེན་པ་རྫོགས་ནས་ལྔ་པ་ཁྲོ་བོ་བསྒྲུབ་པ་ལ། །དྲུག་པ་ཨ་ལས་སྒྲུབ་པའི་འབྲས་བུ་རང་དོན་དུ་ཆོས་སྐུ་འཐོབ། །བདུན་པ་གཞན་དོན་དུ་གཟུགས་སྐུ་འགྲོ་དོན་མཛད། །བདུན་ཚིགས་ཞེས་ནི་མགོན་པོས་གསུངས། །ཧེ་རུ་ཀའི་གལ་པོ་ཆེན་པོ་ལས། བར་དོ་ནས་སངས་རྒྱ་བའི་བརྟག་པ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་འདི་དག་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་བཞུགས་པའི་བྱིན་རླབས་ཅན། །འཁོར་བའི་འབྱུང་བ་ལྷ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། ༈ །དང་པོ་སྐར་མ་རྒྱལ་ལ་ཞུགས། །དབེན་པའི་གནས་སུ་མཎྜལ་ནི། །པདྨ་བཞི་པ་བྲིས་པ་ལ། ༈ །བུམ་པ་ལྔ་ནི་གཞག་པར་བྱ། །མེ་ལོང་ངོས་ལ་ཙནྡན་ཆུས། །རྟེན་འདྲེལ་ཡི་གེ་བྲིས་ནས་ནི། །བརྒྱ་བརྒྱ་ཚང་ནས་བུམ་པར་བླུག །རིན་ཆེན་སྣ་ཚོགས་སྨན་གྱི་ཆུ། །སྔགས་ལྡན་བུམ་པ་གང་བ་ལ། །གཟུངས་ཐག་སྔགས་པ་ལྔས་བཟུང་ནས། །རིགས་ལྔ་སྤྱི་འམ་སོ་སོ་རུ། །བསྐྱེད་ཅིང་སྤྱན་དྲངས་མཆོད་པ་དང་། །རིགས་ལྔའི་སྔགས་ལ་རྟེན་འདྲེལ་གདགས། །ཞག་གསུམ་རབ་ཏུ་བཟླས་པ་བྱ། །ཡང་ན་མ་འབྱོར་གཅིག་གིས་བསྒྲུབ། ༈ །ཆོས་སྐུའི་རྟེན་ནི་མཆོད་རྟེན་ལ། །ཕྱི་རྒྱུའི་ཆོས་ལམ་ལྔ་ས་བཅུ་རྫོགས་རྒྱུ་ནང་ལ་འབྲས་བུའི་ཆོས་སྐུ་གསུང་ཐུགས་རྫོགས་འབྲས་ཆོས་རྣམས་རྫོགས་པར་བསྒོམ། །རིན་ཆེན་སྣ་བཞིའི་མཆོད་རྟེན་ནང་། །མཆོད་རྟེན་ཉིད་ལྷ་ཁང་ཡིན་ཏེ་ལྷ་ཁང་དང་མཆོད་རྟེན་རབ་གནས་འདྲའོ། །སྐུ་གསུམ་སངས་རྒྱས་དུས་གསུམ་བཞུགས། །གཟུགས་སྐུའི་སྐུ་གཞིའི་ལྷ་ནི་རྟེན་ནི་སྐུ་གསུང་ཐུགས། །


DNG019_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་བཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པོ་ཏི་གསུང་གི་གཞི་དང་ལྷ་ནི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན་ཐུགས་ཀྱི་གཞི་དང་ལྷ་ནི། །མི་བསྐྱོད་རྡོ་རྗེ་འཛིན་པ་འམ། །གང་ཡིན་རིགས་སམ་ཡི་དམ་ལྷ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། ༈ །དང་པོ་ཤིང་ཤུན་རས་ལ་སོགས། །སྐུ་ནི་ཤིན་ཏུ་ཕྱི་བར་བྱ། །དྲི་བཟང་ཕྱུགས་ནས་གཙང་མ་ལས། །ལྷ་ཡི་དཀྱིལ་འཁོར་རབ་བསྐྱེད་ནས། །ཡེ་ཤེས་དཀྱིལ་འཁོར་གཞུག་པར་བྱ། །དབང་པོ་སྐྱོན་རྣམས་རབ་བསལ་ཏེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །རྨད་དུ་བྱུང་བའི་གཏོར་མ་དབུལ། །སྤོས་དང་མར་མེ་མེ་ཏོག་བཤོས། །དྲི་ཆབ་ལ་སོགས་མཆོད་པ་འབུལ། །གདན་དང་རྒྱན་དང་ན་བཟའ་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་འབུལ། ༈ །རིག་པའི་དབང་ལྔ་བསྐུར་བར་བྱ། །བུམ་པའི་ཆུ་ནི་མི་བསྐྱོད་དབང་། །ཅོད་པན་རིན་ཆེན་འབྱུང་ལྡན་ལ། །རྡོ་རྗེ་སྣང་བ་མཐའ་ཡས་ཉིད། །དྲིལ་བུ་དོན་ཡོད་གྲུབ་པ་སྟེ། །མིང་ནི་རྣམ་པར་སྣང་མཛད་དོ། །སྐུ་ལ་བྱིན་རློབ་གསང་བའི་དབང་། །གསུང་ལ་ཤེས་རབ་ཡེ་ཤེས་ཉིད། །ཐུགས་ལ་བདེ་བ་ཆེན་པོའི་དབང་། །མི་ཟད་རྒྱན་གྱི་འཁོར་ལོར་འགྱུར། ༈ །འདོད་པའི་ཡོན་ཏན་རྣམ་པ་ལྔས། །ཚོགས་ཀྱི་འཁོར་ལོ་རབ་བསྐོར་ནས། །ཞལ་བསྲོ་ཆེན་པོ་རབ་མཛད་ལ། །འཇིག་རྟེན་མ་སྟོངས་བར་གྱི་དུས། །སེམས་ཅན་ལུས་ངག་སྒྲིབ་སྦྱོང་བའི། །དོན་མཛད་ཆོས་ཀྱི་འཁོར་ལོ་བསྐོར། །བཞུགས་པར་གསོལ་བ་གདབ་པར་བྱ། ༈ །འཁོར་ན་གནས་པའི་ཆོས་སྐྱོང་རྣམས། །གསང་སྔགས་སྲུང་མར་གཉེར་གཏད་ལ། །དགྲ་ཡི་འཇིགས་པ་སྲུང་བྱེད་པའི། །དཀོར་སྲུང་བྱེད་པར་བཀའ་ཡང་བསྒོ། །


DNG019_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ཆེན་པོ་ལས། སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་བརྟག་པ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་གཏོར་ཆེན་པོ་འདི་གསུངས་སོ། །སྦྱིན་བསྲེག་ལ་བཟླ་མཁའ་འགྲོ་བསྐྱང་། །ཚོགས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །གསང་སྔགས་དོན་རྣམས་ཀུན་བསྡུས་པ། །ཚོགས་དང་གཏོར་མར་རབ་ཏུ་འདུས། ༈ །དབེན་པའི་གནས་སུ་མཚམས་བཅད་ནས། །ཚོགས་ཀྱི་ནང་དུ་འདུ་བ་ནི། །སྐལ་ལྡན་མིའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། དགའ་ལྡན་ལྷའི་ཚོགས་སོ། །ཁྲོ་བོ་སྔོན་པོ་ཤིན་ཏུ་མཛེས། །སྒོ་སྲུང་མི་གཡོ་བ་དང་གཤིན་རྗེ་གཤེད། ཁྱོད་ནི་དམ་ཚིག་བསྲུང་ཞིང་བསྒྲུབ་པ་དེ་ང་ཡང་ཡིད་དུ་འོང་། །ནོར་བུ་གཅེས་པའི་རིན་ཆེན་བཅིངས། །མི་གཡོ་བ་ལ་ནོར་བུ་ཞགས་པ། དབྱུག་པ་གཤིན་རྗེའི་ཕྱག་ན་བེ་ཅོན་བསྣམས་མཛད་པ། །འཁོར་བ་ལས་ནི་བདག་བསྒྲལ་ཕྱིར། །དཔའ་བོས་བླ་མས་གནང་བས་སྒོ་སྲུང་གི་ནང་དུ་གཏང་དུ་གསོལ། །རྡོ་རྗེ་ཚེ་ཟན་དང་གལ་ཕྱི་དང་ཞོ་ཕྱེ་མར་ཟེར། །འཇམ་དེས་མ་ཟླ་ཕྲོམ་ཐུང་ཟླ་རྒྱས་ཁུར་བ་དང་། །ཚེ་ཁྲིད་སྐྱུར་བོ་ཛ་གད་ཆང་ཛཀྟི་ཤ་དང་། །བྲན་མོ་ཚོད་མ་ཤམ་མོ་སིང་པོ་ཀུན་ཏུ་རྒྱུ་ཚྭ། །ཨ་མྲ་མི་ཤ་རྒུན་འབྲུམ་གླང་པོའི་ཤ་ཨ་ག་རུ་རྟ་ཤ། །ན་ལི་བ་ལང་ཤ་གེ་རྒྱས་ཁྱི་ཤ་ལ་སོགས་དྲངས། །བསང་བ་ནི་བདུད་རྩི་འམ་ཆུ་རྡོ་རྗེ་འམ་མཐེབ་སྲིན་གྱིས་གཏོར་ཞིང་སྔགས་བརྗོད། །ཚོགས་ལ་གཏོར་བ་དམ་ཚིག་ཅན་གྱི་རྫས་ཀྱིས་བསང་བའོ། །ཨཱོཾ་ཀྲོ་དྷཱི་ཤྭ་རཱི་སརྦ་ནུས་པ་ཅན་གྱི་སྔགས་ཀྱིས་བསང་བའོ། །དྲ་བྱ་མ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱྀཿཋ། བྱིན་རླབས་ཅན་གྱི་ཏིང་ངེ་འཛིན་གྱིས་བསང་བའོ། །ཨ་ཡི་རང་བཞིན་བདུད་རྩི་ཆུ། །བདུད་རྩིའི་ཆུ་ཡི་གེ་ཨའི་རང་བཞིན་དུ་རྫས་ལ་སྤྲོས་ཏེ་ཐིམ་པ་ནི། །གཟུང་བ་ཡུལ་གྱི་དྲི་མ་དག་པས་ཡུལ་སྣང་སྟོང་ཆོས་ཀྱི་དབྱིངས་སུ་བསམ་འཛིན་པ་སེམས་ཀྱི་དྲི་མ་དག་པས་སེམས་རིག་སྟོང་ཆོས་ཀྱི་སྐུར་བསམ་མཚན་མ་ཐམས་ཅད་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་དག །རཾ་ལས་ཡེ་ཤེས་གྱིས་མེ་བྱུང་བས་དངོས་


DNG019_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་རྟོག་པ་ཐམས་ཅད་མེ་ཡིས་བསྲེག་པར་བསམ། །ཡཾ་ལས་ཡེ་ཤེས་ཀྱི་རླུང་བྱུང་བས་དངོས་པོ་ཐམས་ཅད་གིས་གཏོར་བར་བསམ་བྱས་ནས། །ཁཾ་ལས་ཡེ་ཤེས་ཀྱི་ཆུ་བྱུང་བས་ཡིས་དངོས་པོ་ཐམས་ཅད་བཀྲུས་པས་རྣམ་པར་དག་པར་བསམ་པ་ནི། །རཾ་ཡཾ་ཁཾ་གི་མཐུ་ལས་བྱུང་། ༈ །བྱིན་གྱིས་བརླབ་པ་ནི་སྣོད་རིན་ཆེན་ལས་གྲུབ་པའི་གཞོང་པ་འི་ནང་དུ་ཧྲཱྀཿ ལས་གྲུབ། །ཞལ་ཟས་ཀྱི་རྣམ་པར་དམིགས་ཏེ་ཧྲཱྀཿཞེས་བརྗོད་པས་བདག་གི་ཐུགས་ཀ་ནས་ཡི་གེ་ཧྲཱྀཿལས་ཏྲཱཾ་གཅིག་ཆད་ནས་ཡོ་བྱད་ལ་ཕོག་པས་ཏྲཱཾ་ལས་ཞལ་ཟས་རིན་པོ་ཆེ། །ཨོཾ་ཏྲཱཾ་རཏྣ་ཏྲེ་ལོཀྱ་སྥ་ར་ཎ་ཕཊ། བདུད་རྩི་ལྔ་ལས་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉི་མ་སྟོང་བས་གཟི་བྱིན་ཆེ་བ་ཙེ་རེ་རེ་གསལ་བར་བསྒོམ་མོ། །ཧཱུྃ་གི་འཕྲོ་འདུས་ཆོས་ཐམས་ཅད་སྟོང་ཉིད་དག་པར་སྦྱངས་ནས་ཆོས་ཉིད་དུ་བསམ། །ཨཱཿལས་ཕྱི་ནང་གི་ཆོས་ཐམས་ཅད་བདུད་རྩི་དཀར་པོ་དྲི་མ་མེད་པར་བསམ། །ཨཱོཾ་ལས་བདུད་རྩི་དེ་འདོད་ཡོན་གྱི་ལྷ་མོ་དྲུག་བསམ་གྱིས་མི་ཁྱབ་པར་བསམ་མོ། ༈ །ཡེ་ཤེས་གྲུབ་པ་སྤྱན་དྲངས་ལ། །ཚད་མེད་བཞི་ལས་གྲུབ་པ་ཡི། །བྱམས་པ་བདུག་སྤོས་དཀར་མོ་དང་སྙིང་རྗེ་མེ་ཏོག་མཐིང་ག་དགའ་བ་མར་མེ་དམར་མེ་བཏང་སྙོམས་དྲི་ཆབ་མ་ལྗང་གུའོ། །ཡེ་ཤེས་བཞི་ལས་ཤར་བ་ཡི། །མེ་ལོང་ཡེ་ཤེས་ལས་སྒེག་མོ། མཉམ་ཉིད་ཡེ་ཤེས་ལས་ཕྲེང་བ་མ་དང་སོ་སོར་རྟོག་པ་ལས་གླིང་བུ་མ་དང་བྱ་བ་གྲུབ་པ་ལས་གར་མཁན་མོ། །གཟུགས་ཀྱི་ལྷ་མོ་དཀར་མོ་ནི་རྣམ་པར་སྣང་མཛད་ལ་འབུལ། །དྲི་འི་ལྷ་མོ་སེར་མོ་ནི་རིན་ཆེན་འབྱུང་ལྡན་ལ་འབུལ། །སྒྲ་འི་ལྷ་མོ་དམར་མོ་ནི་སྣང་བ་མཐའ་ཡས་ཉིད་ལ་འབུལ་ལོ། །རོ་འི་ལྷ་མོ་ལྗང་གུ་ནི་དོན་ཡོད་གྲུབ་པ་ལ་འབུལ་སྟེ། །རེག་གི་ལྷ་མོ་མཐིང་ག་ནི་རྡོ་རྗེ་སེམས་དཔའ་ལ་འབུལ། ༈ །སྔགས་ཀྱིས་སྤྲོ་ཐབས་གསུམ་གྱིས་གཟུང་འཛིན་གྱི་དམིགས་པ་སོ་སོར་བྱའོ། །ཚོགས་བསྒྲལ་སྤྲོ་བར་བྱ། །ཛ་ལེནྡྲ། ཛུ་ལེནྡྲ། སྥ་ར་ཎ་ཙཀྲ། འཁོར་ལོ་སྤྲོ་བ། ཨོཾ་བྷྲཱུཾ། འཁོར་ལོ་རྣམ་སྣང་། ཧཱུྃ་བྷྲཱུཾ། རྡོ་རྗེ་མི་བསྐྱོད། སྭཱ་བྷྲཱུཾ། རིན་ཆེན་དཀོན་མཆོག་དཔལ། ཨ་བྷྲཱུཾ། པདྨ་སྣང་མཐའ། ཧཱ་བྷྲཱུཾ། རལ་གྲི་དོན་གྲུབ། དང་པོ་ཕུད་


DNG019_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་དྲུག་གིས་ལྷ་མོར་བསམས་ལ་མཆོད། །གཉིས་པ་དམ་རྫས་བདུད་རྩིས་ལྔར་བསམ་པ་བཤགས་པར་བྱ། །གསུམ་པ་ཐ་མ་ལ་དགྲ་བགེགས་ཀྱི་གཟུགས་ཕུད་བྱས་ལ་བསྟབ་པར་བྱའོ། ༈ །ཚོགས་འདྲེན་པ་པོས་བརྗོད་པ་ཚོགས་ཀྱི་ཞལ་ཟས་ལ་གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་བདུད་རྩི་ལྔའི་རྒྱུ་ལས་བྱས་པ་ཡིན་ཞེས་གཙང་མི་གཙང་གི་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་གཙང་སྦྲ་ཆེ་བ་ཁྱི་དང་ཕག་གདོལ་པ་ལྟ་བུ་གཙང་བཙོག་མེད་པ་གསུམ། །རང་བཞིན་གཅིག་ལ་དགོངས་ལ་གསོལ། །ལེན་པ་པོས་བརྗོད་པ་བདེ་བར་གཤེགས་སོ་ཆོས་ཀྱི་མཆོག །གཟུང་འཛིན་དྲི་མ་མེད་པ་ཡི། །ཐ་མལ་གྱི་ཞེན་པ་དག་པས་འདོད་ཆགས་དྲི་མ་དང་བྲལ་བས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། ༈ །དེ་ནས་སྨོན་ལམ་གདབ་པར་བྱ། ༈ །ལྷག་མའི་གཏོར་མ་ཆས་སུ་གཞུག་པ་ནི་ལྷག་གཏོར་བསྡུས་ཏེ་དུག་གསུམ་ཤ་ཁྲག་རུས་པའི་རང་བཞིན་ལ་འདོད་ཡོན་སྣ་ཚོགས་དང་ལྡན་པར་བྱིན་བརླབ་བོ། །ལྷག་མའི་དཀྱིལ་འཁོར་ཆས་སུ་གཞུག་པ་ནི་བྱང་ཤར་མཚམས། །ཞིང་ལྤགས་མགོ་ལུས་མ་ཉམས་པ་ལ་རྐང་པའི་བར་དུ་ཨེའམ་ཟླ་གམ་བདུན་བྲི་རཀྟས་ཟླ་གམ་ཨེ། །རྣལ་འབྱོར་པ་ཆས་སུ་གཞུག་པ་ནི་དཔལ་གྱི་ཆས་བརྒྱད་གསོལ། །གཏོར་མ་ཆས་སུ་གཞུག་པ་ནི། ཧཱུྃ་ཧེ་ཕཊ་བྷྱོའི་སྔགས་ཀྱིས་དཔལ་གྱི་གཏོར་མ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ་ལས་ཀྱི་བཟླས་པ་བྱ་ཞིང་མཆོད་བསྟབ་བྱའོ། །ཧཱུྃ་ཧ་ཧེ་ཕཊ་བྷྱོ། དང་པོ་དབྱིངས་ནས་རྣམ་པར་བསྐུལ་བ་འི་གནས་ནི། །གཉིས་པ་བྱིན་གྱིས་ཡང་དག་པར་བརླབ་པ་འི་གནས་དང་། །གསུམ་པ་ཐབས་ཆེན་ཡབ་ཀྱི་གནས་ཏུ་བསྟན་པ་དང་། །བཞི་པ་ཤེས་རབ་ཡུམ་གྱི་གནས་དུ་གནས་པ་དང་། །ལྔ་པ་ཁྲོ་མོ་གཽ་རཱི་བརྒྱད་ཀྱི་གནས་རྣམས་དང་། །དྲུག་པ་ཡུལ་གྱི་ཕྲ་མེན་གྱི་གནས་ཆེན་མོ་དང་། །བདུན་པ་ཡེ་ཤེས་སྒོ་མ་བཞི་པོ་འི་གནས་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་སྟེང་། ༈ །མ་ཧཱ་རཱུ་ཏྲ་ཕཊ་ཕཊ། ཨ་ལི་བཟའ་བ་ཨུ་ལི་བཏུང་བ་ཏཱ་ལི་བཅའ་བ་ཏ་པ་ལི་བགོ་བ །དཾཥྚ་མཆེ་བ་ཅན་གོ་ནཱ་ཡོན་ཏན་རོའུ་ཏྲི་དྲག་མོ །ཁ་རཾ་ཟོ་ཞིག་ཡོ་གི་ནཱི་རྣལ་


DNG019_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ །ཁ་རཾ་ཟོ་ཞིག་དྷ་ཀི་ནཱི་མཁའ་འགྲོ་མ ། མ་ཧཱ་མཱཾ་ས། ཤ་ཆེན་པོ། མ་ཧཱ་རཀྟ། ཁྲག་ཆེན་པོ། མ་ཧཱ་ཀེང་ནི་རི་ཏི། རུས་པ་ཆེན་པོ། མ་ཧཱ་པཉྩ་ཆེན་པོ་ལྔ་ཨ་མྲྀ་ཏ་བདུད་རྩི ། མ་ཧཱ་སུ་ཁ་ཧོཿ། བདེ་བ་ཆེན་ལ། གྲུ་གསུམ་མེ་ཐབ་ནང་དག་ཏུ། །གཏོར་མ་སྦྱིན་བསྲེག་དབུལ་བར་བྱ། ༈ །དཔལ་གྱི་ལྕེ་ལ་རྟ་མགྲིན་ཧྲཱྀཿ། །དེ་ནས་ལྷག་མའི་སྟེང་དུ་ཕུད་ཕམ་ཕབ་ཀྱི་ཚུལ་དུ་བཙལ། བདག་ཉིད་དཔལ་ཆེན་པོར་བསྒོམས་ཏེ། བདག་གི་ལྕེ་སྟེང་དུ་ཧྲཱྀཿདམར་པོ་གཅིག་ལས་རྟ་མགྲིན་ཡབ་ཡུམ་བསྒོམས་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་སྤྲོས་ཏེ། འདུས་མ་བྱས་མཁའ་དབྱིངས་ཀྱི་ཕྱག་རྒྱ་གཏོར་མའི་སྟེང་དུ་བཅས་ཏེ་རབ་ལྡན་པས། །བདུད་རྩིའི་ཁ་ཆུ་ལན་གསུམ་བཏབ་པས་དང་པོས་གཏོར་མའི་དངོས་པོ་རྟོགས་སྲེགས་བར་པས་གཏོར་མ་བདུད་རྩི་ཆེན་པོའི་རང་བཞིན་དུ་བསམ། ཐ་མས་མཁའ་འགྲོ་མ་རྣམས་ལ་སྦྱོར་བའི་མཆོད་པ་འབུལ་ཏེ་ཕུལ་བས་དབང་དུ་འདུས་པར་བསམ་མོ། །གཞི་ལྷག་མ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་ཁ་ཆུ་གདབ་པའི་སྔགས་སོ། །རང་གི་ལྕེ་ཐོག་ཏུ་བཞག་ལ་དངོས་གྲུབ་ཐོབ་པའོ། །ཨོཾ་སརྦ་ཏ་ཐ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་བདག་གི་ཐུགས་ཀ་ནས་ཛཿསྔོན་པོ་འཕྲོས་ཏེ་ཛཿཧཱུྃ་བཾ་ཧོཿ། ཨཱ་གཏྟ་ཡཱ་ཨ་གཏྟ་ཡ། ཏ་ཀི་རཱ་ཛ་ལག་ན་ལྕགས་ཀྱུ་ཐོགས་པ་མང་པོ་སྤྲོས་ཏེ། ཊ་ཀི་རཱ་ཛས་ལྷག་མ་ལ་དབང་བ་དགུག་པའི་སྔགས་སོ། །པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ། བཛྲ་ཊཀྐི་ཧཱུྃ་ཛ་ཛ། རྟ་མགྲིན་གྱིས་དབང་དུ་བསྡུ་བའི་སྔགས་ཧྲཱྀཿབ་ཤ་ཨ་ལོ་ཀ །ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། བཛྲ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཧ་ཡ་གྲཱི་བ་ཧ་ཧ་ཧི་ཧི། འདོད་པའི་རྒྱལ་པོ་སྐུ་མདོག་སྔོན་པོ་ལག་ན་ལྕགས་ཀྱུས་དགུག །རྟ་མགྲིན་དམར་པོས་ལག་ན་ལྕགས་སྒྲོག་ཐོགས་པས་དབང་དུ་བསྡུ་བར་བྱ། །བཛྲ་ཧེ་རུ་ཀ་མཐིང་ག་ཕྱག་མཐེ་བོང་གཉིས་གཤིབས་ནས་གཤོག་པ་ལྟར་བརྐྱང་བ་ཡིས་ཟིལ་གྱིས་མནན། །སྔགས་འདིས་མཆོད་པར་རབ་ཏུ་འབུལ། །ཨོཾ་བུད་དྷ་དྷཱ་ཀི་


DNG019_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནཱི་པྲ་ཏཱིཙྪ་སངས་རྒྱས་མཁའ་འགྲོ་ལ་མཆོད་པའོ། །མཾ་བ་ལིནྟ་ཨཱོཾ་ཕཊ། ཨཱོཾ་བཛྲ་རྡོ་རྗེ་རིགས་ཀྱི་དྷཱ་ཀི་ནཱི་པྲ་ཏཱིཙྪ་མཾ་མཁའ་འགྲོ་མ་མཆོད་པའོ། །བ་ལིནྟ་ཧཱུྃ་ཕཊ། ཨོཾ་རཏྣ་དྷཱ་ཀི་ནཱི་རིན་ཆེན་རིགས་པྲ་ཏཱིཙྪ་མཾ་བ་ལིནྟ་ཏྲཱཾ་ཕཊ། ཨོཾ་པདྨ་དྷཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིནྟ་ཧྲཱྀཿཕཊ། ཨོཾ་ཀརྨ་དྷཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིནྟ་ཧཱ་ཕཊ། དང་པོ་རྫུ་འཕྲུལ་མཁའ་ལ་འགྲོ་བ་མཁའ་འགྲོ་མའི་གནས་སུམ་ཅུ་གཉིས། །གསུང་གི་རྒྱུད་ཟླ་གསང་ཐིག་ལེ་ན་རྒྱས་སོ། །གཉིས་པ་སྦྱོར་དང་སྒྲོལ་ལ་དགའ་བའི་ས་སྦྱོར་སྒྲོལ་གྱི་གནས་གིང་ཆེན་བརྒྱད། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ན་རྒྱས་སོ། །གསུམ་པ་ལང་ཀ་ཚར་གསུམ་ཡང་དག་ནས་འབྱུང་རྟོགས་ཚད་འབུལ་བ་འི་གནས་དང་། །བཞི་པ་ལུས་ངག་ཡིད་གསུམ་ཀྱི་གནོད་པའི་མེ་ལྟར་འབར་བའི་འབར་མ་སྒྱུ་འཕྲུལ་བླ་མ་ནས་འབྱུང་བརྒྱད་ཀྱི་གནས་དང་། །བདུད་དང་སྲིན་པོའི་མ་དང་སྲིང་མོར་གྱུར་པ་མ་མོ་རྒྱུད་ལུང་ནས་འབྱུང་སྲིང་མ་མོ་བདུན་དང་སྲིང་མོ་བཞི་འི་གནས་དང་ལྔའོ། །དྲུག་ཅུ་རྩ་བཞི་པདྨ་དབང་ཆེན་ནས་འབྱུང་ཕོ་ཉ་འི་གནས་དང་དྲུག་གོ། །རྣམས། །དེ་ཡན་ཆད་ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན་ནོ། །འདི་ཉིད་གསང་བ་སྙིང་པོ་ནས་འབྱུང་བའི་དབང་མོ་ཉི་ཤུ་རྩ་བརྒྱད་ཕུད་དང་ལྷག་མ་གཉིས་ཀ་ལ་དབང་བའོ། །མར་གྱི་གནས་བདུན་སོ་སོའི་སྲོག་ནས་དྲང་། ༈ །ཛཿཧཱུྃ་བཾ་ཧོཿ། མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི་སྔགས་ཙོད་ཏོར་ཙོད་ཏོར། ཤེ་པ་ཤེ་པ། པ་ར་པ་ཏི་པ་ར་པ་ཏི། རེ་མ་མ་ར། ཏྲ་མི་མུ་ཏེ་ཧཱུྃ། ཁཱ་ཧི་ཁཱ་ཧི། གིང་ཆེན་བཅོ་བརྒྱད་ཀྱི་སྔགས་ཀིངྈ་ར་ཀིངྈ་ར། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། ཀརྨ་རཀྵ་སཱི་བྷྱོ། དབང་མོ་སྤྱིའི་སྔགས་བྷྱོ་བྷྱོ་མ་མ་བྷྱོ་བྷྱོ། ས་མ་ཡ་བྷྱོ་ཛ། ལང་ཀའི་སྔགས་ཏྲག་རཀྴ་སི་ཏ་ཙ་ར་ས་མ་ཡ་བྷྱོ། མ་བདུན་སྲིང་བཞིའི་སྔགས་ཏྲག་རཀྴ་ཏྲག་རཀྴ་མ་མ་བྷྱོ། མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། འབར་མ་བརྒྱད་ཀྱི་སྔགས་ཛྭ་ལ་ཛྭ་ལ་ས་མ་ཡ་རུ་ལུ་རུ་ལུ་བྷྱོ། ཕོ་ཉ་དྲུག་ཅུ་རྩ་བཞིའི་སྔགས་དུ་ནེ་དུ་ནེ་ས་མ་


DNG019_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་རུ་ལུ་རུ་ལུ་བྷྱོ། སྤྱིར་མཆོད་སྔགས་སོ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ཆེན་པོ་ལས། ཚོགས་ཀྱི་འཁོར་ལོས་མཉེས་པར་བྱ་བ་དང་། ལྷག་མས་མཉེས་པར་བྱ་བའི་བརྟག་པ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཕྲ་མོ་འདི་དག་གསུངས་སོ། །རྣལ་འབྱོར་བསྐྱེད་དང་འདྲེལ་བའི་ལས། །དེ་བཞིན་རྫོགས་པ་དག་དང་འདྲེལ། །ཐུན་མོང་ལས་ནི་དང་པོ་དག །རོལ་མོ་འདི་དག་རབ་ཏུ་བསྒོམ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །བདག་གི་ལུས་ལ་སྣང་མཛད་གཞག །སྙིང་གར་ཡི་གེ་ཨོཾ་བསམས་པས། །སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ། །འགོག་པའི་རྡོ་རྗེ་སེམས་ཉིད་དུ། །ནམ་ཞིག་དེ་ལ་རབ་ཏུ་འགྱུར། །སངས་རྒྱས་ཀུན་གྱི་མཛོད་འཛིན་པ། །ཡིད་བཞིན་དཔལ་ལྡན་འདྲ་བར་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །བདག་གི་ལུས་ལ་མཐའ་ཡས་གཞག །སྙིང་གའི་ཨ་ལ་རྣམ་ཤེས་གཏད། །འགོག་པ་སེམས་ཉིད་སངས་རྒྱས་མཆོག །ནམ་མཁའ་དབུས་སུ་སངས་རྒྱས་རྣམས། །བདག་ལུས་རྡོ་རྗེ་སེམས་དཔའ་ཉིད། །ཧཱུྃ་གི་འགོག་པ་རེག་གྱུར་ན། །སངས་རྒྱས་མཆོག་འཛིན་དཔལ་ལྡན་འགྱུར། །འདི་ནི་འགོག་པའི་རྣལ་འབྱོར་པ། །སྐུ་དང་གསུང་ཐུགས་སྒྲུབ་པའོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཨོཾ་བསམས་ནས། །སེམས་ཉིད་ཐིག་ལེར་གྱུར་པ་གཞག །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཨཱཾ་ཨཿཡང་བསམས་ཏེ། །སེམས་ནི་ཐིག་ལེར་གྱུར་པར་གཞག །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཧཱུྃ་བསམས་ནས། །སེམས་ནི་ཐིག་


DNG019_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལེར་གྱུར་པར་གཞག །འདི་ནི་ཐིག་ལེའི་རྣལ་འབྱོར་ཏེ། །སྐུ་དང་གསུང་ཐུགས་སྒྲུབ་པའོ། །རྡོ་རྗེ་ནམ་མཁའི་དབྱིངས་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །བསམས་ན་དེ་ནི་བསྐལ་པར་གནས། །རྡོ་རྗེ་ནམ་མཁའི་དབྱིངས་གནས་པར། །ཆོས་ཀྱི་འཁོར་ལོ་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཨཱཿ། །བསམས་ན་དེ་ནི་བསྐལ་པར་གནས། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཧཱུྃ། །བསམས་ན་དེ་ནི་བསྐལ་པར་གནས། །དེ་ནི་བསྐལ་པར་གནས་པ་ཡི། །ཚེ་ཡི་རིག་འཛིན་གསུམ་བསྒྲུབ་པོ། །དུར་གྱི་ཁྲོད་ལ་སོགས་པའི་གནས། །བསམ་གཏན་བསྡུས་པ་འདི་དག་བསྒོམ། །མི་བསྐྱོད་ཡེ་ཤེས་དག་ལ་སོགས། །རྡོ་རྗེ་ནམ་མཁའི་དཀྱིལ་དུ་བསམ། །མངོན་ཤེས་ལྔ་པོའི་སྦྱོར་བ་ཡིས། །སངས་རྒྱས་མཆོག་གི་གནས་སུ་བསྒོམ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །འབར་བ་ལྔ་ལ་སོགས་པས་བརྒྱན། །གནས་ལྔ་དག་ཏུ་སྦྱོར་བ་ཡིས། །རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར། །ག་པུར་ཙནྡན་སྦྱར་བ་ཡི། །རི་ལུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །གླང་པོ་ཨ་ག་རུ་སྦྱར་བའི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རྡོ་རྗེ་སྟོབས་པོ་ཆེར་འགྱུར་རོ། །རྡོ་རྗེ་འཛིན་པ་གང་ཡང་རུང་། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ནས། །དེ་ནི་དཔལ་དང་ལྡན་པ་ཡི། །སངས་རྒྱས་འོད་དང་འདྲ་བར་འགྱུར། །འདོད་ཁམས་གནས་པའི་བུ་མོ་ནི། །ལྷ་ཡི་ལོངས་སྤྱོད་བརྟུལ་ཞུགས་མའམ། །ཡང་ན་གཟུགས་ཁམས་གནས་པ་ལ། །སྟོབས་ཆེན་གྱིས་ནི་འདོད་པ་སྤྱད། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །མཆོད་རྟེན་དག་གི་ལས་མི་བྱ། །གླེགས་བམ་བཀླག་པར་མི་བྱ་ཞིང་། །དཀྱིལ་འཁོར་དག་ཀྱང་ཡོངས་མི་བྲི། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །སངས་


DNG019_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་དེ་བཞིན་ཏེ། །སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཕྱག་འཚལ་ན་ནི་མ་རུངས་འགྱུར། །སེམས་ཅན་རྣམས་ལ་མདོ་རུ་ནི། །བསམ་གཏན་རྡོ་རྗེ་བསྐུལ་བར་བྱ། །རྡོ་རྗེ་གསུམ་གྱི་ཕྱག་འཚལ་མཆོག །རྡོ་རྗེའི་ཐིག་ནི་གདབ་པ་དང་། །ཚོན་རྩི་རྣམས་ནི་འགྱེད་པ་དང་། །སྔགས་ནི་སེམས་དཔས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི། །རྣལ་འབྱོར་འདི་གྱུར་ཕྱིན་ཆད་ནི། །བཀླག་གམ་ཡང་ན་སེམས་ཀྱང་རུང་། །རྡོ་རྗེ་འཛིན་པར་དེ་ཡང་འགྱུར། །གཏེར་སྦ་བཟོད་གསོལ་དཀྱིལ་འཁོར་བསྡུ། །སྨོན་ལམ་བཀྲ་ཤིས་བྲོ་བརྡུངས་ཏེ། །དགེ་བསྔོ་མ་དག་བཤགས་པ་དང་། །རྒྱུན་གྱི་ཏིང་འཛིན་ནན་ཏན་བྱ། །བསྐང་གསོའི་ལས་ལ་རབ་འབད་ནས། །སྒོས་མདོས་བརྒྱ་དང་རྩ་བརྒྱད་ཀྱིས། །བཀའ་ཡི་སྲུང་མ་བསྐང་བ་དང་། །ཧེ་རུ་ཀ་ཡི་ཐུགས་མདོས་བྱ། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཧེ་རུ་ཀའི་གལ་པོ་ཆེན་པོ་ལས། བསམ་གཏན་གྱི་བརྟག་པ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་དམ་པའི་རིགས་ཅན་རྣམ་པ་ལྔས་མཆོད་པས་མཆོད་དེ། པདྨ་རཀྟ་ནིརྨ་ལ། ཀ་མ་ལ་མུཀྟ་ནི། ལོ་ཀ་བན་དྷ་ནི། སརྦ་ཀརྨ་སུ་ཙ་མེ། ཆོས་ལ་ཆགས་པ་ཆགས་པ་སྟེ། །ཡུལ་ལ་ཆགས་པ་ཆགས་པའི་མཆོག །འགྲོ་བའི་གཙོ་ལ་ཕྱག་འཚལ་ལོ། །ལས་རྣམས་ཐམས་ཅད་རྫོགས་གྱུར་ཏེ། །གཡར་དམ་ཉམས་ཆག་བསྐང་གྱུར་ཅིག །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཅག་ལུང་འདི་གཟུང་བར་བགྱི། །ཞེས་བརྗོད་པས། གསང་བའི་བདག་པོ་ཆོས་ཀྱི་སྐུར་ཐིམ། དམ་པའི་རིགས་ཅན་རྣམས་ཀྱིས་རྗེས་སུ་བཟུང་ངོ་། །ཧེ་རུ་ཀའི་གལ་པོ་ཞེས་བྱ་བ་ལུང་ཐམས་ཅད་ཀྱི་རྒྱལ་པོ་རྫོགས་སོ།། །། པདྨ་སམྦྷ་ཝས་བ་སུ་དྷ་ར་ལ་གནང་། དེས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལའོ།། །།


no previousདཔལ་ཁྲག་འཐུང་གལ་པོ་ཞེས་བྱ་བ།next