Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཅིག་པ། ཞ༽


   
   
   
   
   
   
   
   
   
   
   
ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་རྒྱུད། next

ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་རྒྱུད།


DNG021_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲོ་ཏ་ཧ་ཡ་གྲཱྀ་ཝ་རཱ་ཛ་ཏནྟྲ། བོད་སྐད་དུ།ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། གྲུ་གསུམ་ཨེའི་དཀྱིལ་འཁོར་འབྱམས་པ་ན། བཙུན་མོའི་བྷ་ག་དྷརྨ་དྷཱ་ཏུ་ཆོས་ཀྱི་འབྱུང་གནས། པདྨ་བདེ་བ་ཅན་གྱི་ཞིང་ཁམས་དེ་ན། ཡུམ་དང་གཉིས་སུ་མེད་པར་ལྷུན་གྱིས་སྦྱོར་བ་ལ། པདྨ་ཧེ་རུ་ཀ་དང་། བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་རྡོ་རྗེའི་ངང་ཉིད་ལས། །གདུག་པ་ལོག་ལྟ་གདུལ་སླད་དུ། །སྔོན་གྱི་སྨོན་ལམ་ཆེར་དགོངས་ཏེ། །སྙིང་རྗེ་ཆེན་པོ་བདག་ལ་སྟོན། །ཞེས་བསྐུལ་བས། དཔལ་ཁྲག་འཐུང་གི་རྒྱལ་པོས་ཏིང་ངེ་འཛིན་ལས་བཞེངས་ཏེ། སྐུ་གསུང་ཐུགས་སུ་ཆུད། སྐུ་གསུང་ཐུགས་དེ་ཉིད་ཀྱི་ངང་ལས། སྨོན་ལམ་གྱི་དབང་གིས་རོལ་པའི་ཆོ་འཕྲུལ་མང་པོ་བྱུང་སྟེ། རྣམ་པར་གསལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རང་བཞིན་གྱི་ངང་ལ་བཞུགས་སོ། །དེའི་ཚེ་ཡང་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ།


DNG021_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་སྐུ་མཆོག་གསང་བའི་ངང་། །རྣམ་དག་དྲི་མ་མེད་པའི་འོད། །ཡོངས་གསལ་ངང་ལས་སེམས་ཅན་དོན། །ཁྲོས་པའི་སྐུ་མཆོག་བསྟན་དུ་གསོལ། །ཞེས་རྣམ་པར་བསྐུལ་བས། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་མཁྱེན་ནས། ཁྲོ་བོ་རོལ་པའི་ཕྱག་རྒྱ་བཅས་ཏེ། གཟུགས་སྐུ་རྣམ་གཉིས་སུ་བཞེངས་ནས། གདུག་པ་ཐམས་ཅད་ཚར་བཅད་ནས། ཁྲག་འཐུང་གི་ཚོགས་དབང་དུ་བསྡུས་ནས་བསྐྱེད་པའི་རིམ་པ་ལ་བཞུགས་སོ། །རྟ་མགྲིན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲག་འཐུང་གི་རྒྱལ་པོ་དེས། རྟ་མགྲིན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ནི། །དམར་ནག་གྲུ་གསུམ་འབར་བ་ལ། །ལོགས་གསུམ་ཟླ་གམ་གསུམ་བྱས་ལ། །ཐོད་པ་འཇིགས་པ་གསུམ་ཡང་དགོད། །ཕྱི་རིམ་པདྨ་འདབ་བརྒྱད་བྲི། །དབུས་སུ་ཀླུ་ཡི་རྒྱལ་པོ་བསམ། །དེ་སྟེང་ས་བོན་གསལ་བལྟས་ལ། །འོད་ཀྱི་འཕྲོས་པའི་འོད་ཕུང་ལས། །རང་སྔགས་སྒྲ་ཡིས་རབ་བསྐུལ་བས། །ཡོངས་སུ་རྫོགས་པའི་སྐུར་གསལ་གྱུར། །དེ་རྗེས་ཡེ་ཤེས་རྗེས་དྲན་པས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །མཆོད་ཅིང་བསྡིམ་པ་བྱས་ནས་ནི། །སྲས་མཆོག་ཟངས་མའི་སྐུ་མཆོག་ལ། །དབང་བསྐུར་བྱིན་བརླབས་བྱས་ནས་ནི། །བདག་ཉིད་མདུན་ན་གནས་པར་བརྟག །སྙིང་པོ་རང་སྔགས་བཀོད་ནས་ནི། །བཟླས་པ་ཁྲི་ཕྲག་གཅིག་ཏུ་བྱ། །དེ་ནས་ལས་ལ་མྱུར་དུ་སྦྱར། །ཁྲོས་པའི་སེམས་ཀྱིས་བླངས་པ་ནི། །གྲོག་མ་རྒྱལ་པོའི་མཁར་ས་བླང་། །སྡོང་པོ་རྐང་གཅིག་ཐང་ཆུས་སྦྲུ། །གཟུགས་བརྙན་སོར་བརྒྱད་ཚད་དུ་བྱ། །ཀླུ་ཡི་རྒྱལ་པོའི་ཁར་བཅུག་ལ། །དེ་ལ་དགུག་ཅིང་བསྡིམ་པ་ཡིན། །དེ་ནས་ཕུར་པ་གདབ་པ་བརྩམ། །སངས་རྒྱས་ཉིད་ཀྱང་འཇིག་པར་འགྱུར། །སེམས་ཅན་ཕལ་པ་སྨོས་ཅི་དགོས། །བུམ་པ་བཟང་པོ་བསྟར་བྱས་ལ། །ནང་དུ་བདུག་རྩི་ལྔ་ཡང་བླུག །དེ་


DNG021_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནང་དུ་ཡིག་འབྲུ་དགོད། །དེ་ལ་བདུད་རྩིས་གང་བར་བསམ། །དེ་ནས་མཎྜལ་པདྨ་བྱ། །དེ་སྟེང་དམིགས་པ་དེ་བཞག་ལ། །སྔོན་ལ་སྟེང་གི་སྒོ་བཞིར་གཏུག །དེ་ནས་ཚངས་པའི་བུ་ག་ནས། །བདུད་རྩི་ཆུ་རྒྱུན་བླུགས་ནས་ནི། །ལུས་ལ་དུག་རྣམས་མི་གནས་པར། །འོག་གི་སྒོ་ནས་དབྱུང་བར་བསམ། །དེ་ལྟར་ཡང་དང་ཡང་བྱས་པས། །དུག་རྣམས་ངེས་པར་འཇོམས་པར་བྱེད། །ཐལ་ཆེན་མཚན་མ་གདོང་ལ་གདབ། །ཐལ་ཆེན་ཡུངས་ཀར་བསྲེས་བྱས་ལ། །སྤྱན་བཟློག་བལྟས་ལ་དྲག་སྔགས་བཟླས། །དེ་ཡིས་སེར་བ་ངེས་པར་བཟློག །པདྨའི་སྣོད་དུ་བདུད་རྩི་ལྔ། །དེ་སྟེང་སྨན་ལྔ་བླུགས་ནས་ནི། །བཟླས་པ་སྟོང་ཕྲག་བརྒྱད་དུ་བྱ། །དེ་ནས་སྨན་རྣམས་དར་ཁྲུད་བཏུམ། །སྤྱི་བོ་དག་ཏུ་བཞག་ནས་ནི། །འཇིགས་པའི་གནས་ནས་ཐར་པར་ངེས། །ཁྲོ་བོ་རྟ་མགྲིན་རྒྱལ་པོའི་རྒྱུད་ལས། དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། གསུང་གི་དཀྱིལ་འཁོར་འདི་ཕྱེ་སྟེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧྲླཱཾ ་ཧྲླཱཾ ་ཧྲླཱཾ ་ཧྲླཱཾ ་ཧྲླཱཾ ། ཧྲླཱཾ ་ཧྲླཱཾ ་ཧྲླཱཾ ་ཧྲླཱཾ ་ཧྲླཱཾ ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་རཱ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏེ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ལཱ་སེ་ཀི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཛ་ན་པ་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤཱ་ན་པ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མུ་པ་ལཱི་ཧྲླཱཾ ། ཨོཾ་བཛྲ་ཀྲོ་དྷཱི་ཙཎྜ་ལཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱཱ་ཏི་ཧྲླཱཾ ། ཨོཾ་བཛྲ་ཀྲོ་དྷཱི་མ་ར་ཎ་ཧྲླཱཾ ། ཨོཾ་བཛྲ་ཀྲོ་དྷཱི་ཙུནྡ་པ་ཏི་ཧྲླཱཾ ། ཨོཾ་བཛྲ་ཧྲི་ཧྲི་ཏ་ལ་ཀྲོ་དྷ་ཡ་ཛྭ་ལ་ཀ་ལ་ཀ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཊ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྤུ་ཏ་སྤུ་ཏ། སྤུ་ཏ་ཡ་སྤུ་ཏ་ཡ། སརྦ་ནཱ་ག་བྷ་བ་མ་ཎི་པ་ར་ས་ར་ས་ར། སརྦ་དུཥྚཾ་


DNG021_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲི་ད་ཡ། ཤོ་དྷ་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཱཾ། འཁོར་གྱི་སྔགས་རྣམས་ཚུལ་བཞིན་དུ། དྷཱུ་པེ། པུཥ྇། ཨཱ་ལོ་ཀེ། གན་དྷི། ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གཱི་ར་ཏི་ཧྲཱྀཿ། ནིར་ཏི་ཨཱཿ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་མྲྀ་ཏ། མ་ཧཱ་ཨ་མྲྀ་ཏ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏོ་ཧྲི་ད་ཨ་ནུ་ཏ་ན་ཨ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏོ་པཱུ་ཙ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། ཨོཾ་ལཾ། ཨཱ་ལཾ། ཧཱུཾ་ལཾ། སྟཾ་བྷ་ནི། མོ་ཧ་གྷ་ཡ་བྷ་ག་བཱན། ཤྲཱི་ཏྲི་བི་ཏྲི། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་སརྦ་བིགྷ་ནཱན། ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨཱོཾ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨཱ། ཚིན་དྷ་ཚིན་དྷ་བཛྲ་ཧཱུཾ་ཕཊ། བིན་དྷ་བིན་དྷ་ཧཱུཾ་བཛྲ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་བཛྲ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ཏ་ཐ་ཡ་ཏ་ཐ་ཡ་བཛྲ་ཧཱུཾ་ཕཊ། ཧ་ས་ཡ་ཧྲི་བཛྲ་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་བཛྲ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་བཛྲ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་བཛྲ་ཧཱུཾ་ཕཊ། བྷིན་དྷ་ཡ་བྷིན་དྷ་ཡ་བཛྲ་ཧཱུཾ་ཕཊ། ད་ཧ་ད་ཧ་བཛྲ་ཧཱུཾ་ཕཊ། པ་ཙ་པ་ཙ་བཛྲ་ཧཱུཾ་ཕཊ། མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ། སུ་རུ་སུ་རུ་བཛྲ་ཧཱུཾ་ཕཊ། མུ་རུ་མུ་རུ་བཛྲ་ཧཱུཾ་ཕཊ། ཀ་ཊཾ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་མཱ་ར་སེ་ན་པྲ་མར་དྷ་ན་ཡེ་བཛྲ་ཧཱུཾ་ཕཊ། ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཀ་ར་ཨི་དན་ཏེ། མ་མ་ཀརྨ་ཤཱི་གྷྲཾ་ཀ་ཏ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ན་ཡ་བཛྲ་ཧཱུཾ་ཕཊ། ཏདྱ་ཐཱ་བཛྲ་ཧཱུཾ་ཕཊ། ཨོཾ་སུ་རུ་སུ་རུ་ཧཱུཾ་ཕཊ། ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཧཱུཾ་ཡ་ཧཱུཾ་ཡ་ཕུ་ཕུ་ནཱ་ག་ནཱ་ག་དུམ་པ་ལི་ཕཊ།ཤཱིནྟཾ་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་སྭཱ་ཧཱ། བ་ཤཾ་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཧཱུཾ་ཕཊ།བཏུ་བའི་ཡི་གེ་གཞན་དུ་བརྗོད། །རྟ་མགྲིན་རྒྱལ་པོའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།


DNG021_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དཔལ་ཁྲག་འཐུང་གིས་ས་བདག་བསྲུང་བ་བསྟན་ཏེ། གང་ནས་གནོད་པའི་ས་ཕྱོགས་ནས། །ས་བླང་སྦལ་པའི་གཟུགས་བྱས་ཏེ། །དེ་ལ་གླ་རྩི་ལན་ཚྭ་དང་། །སྐྱེ་ཚོ་ཁྲག་སྐམ་གཟུགས་བྱས་ལ། །ཤོག་བུར་སྦལ་པའི་གཟུགས་བྲིས་ལ། །དེ་ཡི་མཐའ་ལ་འཁོར་ལོ་རྩིབས་དྲུག་བྲི། །དེ་ལ་གབ་པའི་སྔགས་དྲུག་བྲི། །མགོ་བོ་ཡན་ལག་འབྲུ་དགུས་བསྐོར། །འདོམས་སུ་མཱ་ར་ས་ན་བྲི། །སྙིང་གར་སྲུང་མ་གསུམ་གྱི་སྔགས་བྲིས་ལ། །གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ། །མཐའ་མ་ཁྲོ་བཅུའི་སྔགས་ཀྱིས་བསྐོར། །ས་ཆོག་སྔོན་འགྲོ་མཚམས་གཅད་བྱ། །བསྙེན་བསྒྲུབ་གནན་སྲེག་འཕང་དང་གདབ། །སྒྲུབ་པ་ཆེན་པོའི་བཀའ་བཞིན་བྱའོ། །གནོད་ཚབས་ཆུང་ལ་རང་སྔགས་བསྲུངས། །གནོད་ཚབས་ཆེ་ན་གདབ་ལས་བྱ། །དེ་ལྟར་བྱས་ན་ཐེ་ཚོམ་མེད། །རྟ་མགྲིན་རྒྱལ་པོའི་རྒྱུད་ལས། ས་བདག་བསྲུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའི་དོན་བསྟན་ཏེ། ལྟེ་བར་གཏུམ་མོ་འབར་བ་ལ། །འཁོར་ལོ་རྩིབས་བཅུ་རབ་ཏུ་བསྟན། །ཆོས་ཀྱི་འཁོར་ལོ་བཅུ་དྲུག་པོ། །ལོངས་སྤྱོད་འཁོར་ལོ་རླབས་ཆེན་པོ། །བཅུ་དྲུག་ཆ་ལ་མཉམ་པར་བསྒོམ། །བདེ་བ་ཆེན་པོའི་འཁོར་ལོ་ནི། །སོ་གཉིས་པར་ནི་རབ་ཏུ་བཤད། །གཡས་པའི་རྩ་ནི་བྱང་ཆུབ་སེམས། །གཡོན་པའི་རྩ་ནི་མི་མཐོང་བཀྲ། །དབུས་ནི་དྷུ་མ་ཨ་བ་དྷཱུ། །བདེ་བ་ཆེན་པོའི་འཁོར་ལོ་ལ། །མིང་གི་ཡི་གེ་སོ་གཉིས་དགོད། །ཆོས་དང་ལོངས་སྤྱོད་འཁོར་ལོ་ལ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་དགོད། །ལྟེ་བ་ཤེས་རབ་འཁོར་ལོ་ལ། །ཨ་ཐུང་བཅུ་གཉིས་མཐའ་མ་ཨཱ། །མ་བསྒོམས་སེར་ལ་བསྒོམས་པས་དམར། །ཛྭ་ལ་རཾ་གྱིས་མེ་སྦར་ལ། །དབབ་དང་བཟློག་པ་ཚུལ་བཞིན་བྱ། །གསང་བའི་དབང་ཆེན་དེ་རུ་བསྐུར། །ཤེས་རབ་ཡེ་ཤེས་དབང་རྣམས་ནི། །དགའ་བ་བཞི་ཡི་ཉམས་མྱོང་སྐྱེད། །ལས་
བཞིའི་བུད་མེད་གང་ཡང་ཤིས། །བྱང་ཆུབ་སེམས་ཀྱི་ལམ་ལ་འཇུག །མཉམ་པ་ཆེན་པོའི་ངང་ལ་གནས། །རྟ་མགྲིན་རྒྱལ་པོའི་རྒྱུད་ལས། རྫོགས་རིམ་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀ་ལ་སོགས་ཏེ། འཁོར་རྣམས་ཀྱིས་ཞུས་པ། ཨེ་མ་ཧོ། བསྐྱེད་པའི་རིམ་པ་ཇི་ལྟར་ལགས། །རྫོགས་པའི་རིམ་པ་ཇི་ལྟར་ལགས། །སྔགས་ཀྱི་མཚན་ཉིད་ཇི་ལྟར་ལགས། །མཉམ་པའི་མཚན་ཉིད་ཇི་ལྟར་ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐྱེད་པའི་རིམ་པ་ཧཱུཾ་ལས་སྤྲོ། །རྫོགས་པའི་རིམ་པ་ཨ་ལ་བསྡུ། །སྔགས་ཀྱི་མཚན་ཉིད་བཞི་རུ་དབྱེ། །མཉམ་པའི་མཚན་ཉིད་ངང་ལ་བཞག །ཅེས་གསུངས་སོ། །དེ་ནས་འཁོར་རྣམས་དགྱེས་ནས། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་བསྟོད་དོ། །མངོན་རྫོགས་རྒྱལ་པོ་ཡབ་ལ་བསྟོད། །ཁྲག་འཐུང་སྙིང་རྗེ་རྒྱལ་ལ་བསྟོད། །གསུང་མཆོག་རྒྱལ་པོ་ཁྱོད་ལ་བསྟོད། །མེ་དཔུང་ཆས་བརྒྱད་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །ཁྲོ་བོ་རྟ་མགྲིན་གྱི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་པའོ།། །།ཁྲོ་བོ་རྟ་མགྲིན་གྱི་རྒྱུད་རྫོགས་སོ།། །།


previousཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་རྒྱུད། next