Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ།

3 occurrences of ཆོས་རྒྱལ་ཕུག་
[Clear Hits]


expand section
  
  
collapse section
གསུང་འབུམ་དཀར་ཆག
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousགསུང་འབུམ་དཀར་ཆགno next

གསུང་འབུམ་དཀར་ཆག

དེ་ལྟ་བུའི་རྨད་བྱུང་རྣམ་ཐར་གྱི་མཛད་པ་རྒྱ་མཚོའི་མངའ་བདག་གཏེར་ཆེན་མཆོག་གི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཐེག་པ་རིམ་དགུ་མཚོན་པའི་པོད་གྲངས་ཅན་བཞུགས་པ་དེ་རྣམས་ཀྱི་དཀར་ཆག་ཉུང་བསྡུས་སུ་བཀོད་པ་ལ།

༼ཀ༽རྟགས་ཅན། གསོལ་འདེབས་དང་བླ་སྒྲུབ་གཞན་ཆོས་ཚན་ཐོར་བུའི་སྐོར་བཞུགས།

རྣམ་ཐར་གསོལ་འདེབས་ཡོན་ཏན་རྗེས་དྲན་ལྡེབ།༧ སྤྲོས་བྲལ་རིག་པའི་རྡོ་རྗེའི་སྐྱེ་འཕྲེང་གསོལ་འདེབས་ལྡེབ།༢ གསོལ་འདེབས་ཕྱོགས་བསྡུས་སྐོར་ལྡེབ།༦ གསོལ་འདེབས་ཕྱོགས་བསྡུས་ཆེ་བ་ལྡེབ།༡༡ ཀློང་སྙིང་སྔོན་འགྲོའི་བརྒྱུད་འདེབས་ཁ་བསྐང་ཁྱབ་བདག་འཇིགས་མེད་ལྡེབ།༡ ཆོས་དབྱིངས་མི་འགྱུར་ལྡེབ།༡ ཨེ་མ་ཧོ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ལྡེབ།༡ ན་མོ་ཕྱོགས་བཅུ་དུས་བཞིར་ལྡེབ།༡ ཨེ་མ་ཧོ་སྐྱབས་གནས་ཀུན་འདུས་ལྡེབ།༡ ན་མོ་སངས་རྒྱས་ཀུན་འདུས་ལྡེབ།༡ སྐྱབས་ཀུན་འདུས་ཞལ་ལྡེབ།༡ ཆོས་སྐུ་ཀུན་ཏུ་བཟང་སོགས་ལྡེབ།༡ ཀུན་བཟང་པད་འབྱུང་ལྡེབ།༡ ཐུབ་དབང་འོད་སྲུང་ཆེན་པོ་ལྡེབ།༡ ཐོད་རྒལ་བྱིན་འབེབས་ཡེ་ཤེས་སྣང་བ་ལྡེབ།༣ བྱིན་འབེབས་དངོས་གྲུབ་ཆར་འབེབས་ལྡེབ།༣ ཐོད་རྒལ་གསོལ་འདེབས་བྱིན་རླབས་གཟེར་བུ་ལྡེབ།༢ ཟབ་མོ་གཏེར་བརྒྱུད་ཀྱི་བླ་མའི་དགོངས་གསོལ་ལྡེབ།༥ བླ་མའི་རྒྱང་འབོད་ཐུགས་རྗེའི་སྣང་བ་ལྡེབ།༧ བླ་མའི་རྒྱང་འབོད་དབང་གི་བུམ་བཟང་ལྡེབ།༨ བླ་མའི་རྒྱང་འབོད་ཚིག་འདས་ཀ་དག་ལྡེབ།༢ དུས་འཁྲུགས་དང་ཆོས་གེགས་སེལ་བྱེད་བསམ་པ་མྱུར་འགྲུབ་བཅས་ལྡེབ།༤ གསོལ་འདེབས་བསམ་པ་ལྷུན་འགྲུབ་ལྡེབ།༣ བཀའ་བརྒྱུད་པའི་སྐྱེས་མཆོག་རྣམས་ཀྱི་གསོལ་འདེབས་ལྡེབ།༡ མཁན་ཀུན་དཔལ་གྱི་སྐུ་ཕྲེང་གསོལ་འདེབས་ལྡེབ།༢ ཡང་མཁན་ཀུན་དཔལ་གསོལ་འདེབས་སྐུ་གསུམ་རྒྱལ་བའི་ལྡེབ།༡ འབྲུག་པ་རིན་པོ་ཆེ་དང་བླ་མ་ཤེར་དགའི་སྐུ་ཕྲེང་གསོལ་འདེབས་ལྡེབ།༧ མཁན་ཡོན་དགའི་སྐུ་ཕྲེང་གསོལ་འདེབས་ལྡེབ།༡ ཨོ་རྒྱན་ཐེག་མཆོག་རྡོ་རྗེའི་སྐུ་ཕྲེང་གསོལ་འདེབས་ལྡེབ།༡ བསང་གི་རྡོ་མཁར་གསོལ་འདེབས་ལྡེབ།༤ འཆི་མེད་མགོན་པོའི་གསོལ་འདེབས་སྔགས་ཚིག་སྤེལ་མ་ལྡེབ།༢ བྱིན་རླབས་བླ་མའི་སྒྲུབ་པ་ལྡེབ།༤ བླ་མ་ཡོངས་འདུས་ཀྱི་ལུས་དཀྱིལ་ལྡེབ།༢ ཕྲ་བཀོད་སྔོན་འགྲོ་ལྡེབ།༣ རིག་འཛིན་ཚོམ་བུ་འདུས་པའི་ལུས་དཀྱིལ་ཕྲ་བཀོད་དང་དེའི་ཚོགས་མཆོད་ལྡེབ།༧ ཚོགས་གླུ་ཕྱི་སྣོད་རྣམ་དག་ལྡེབ།༢ བླ་མ་རིག་འཛིན་འདུས་པའི་དབང་ཆོག་ལྡེབ།༡༤ བཀའ་རབ་འབྱམས་ཀྱི་དབང་གི་བསྐུར་ཚིག་ལྡེབ།༡ དབང་བཤད་ལྡེབ།༤ བླ་སྒྲུབ་དཀྱིལ་འཁོར་ཡོངས་ཀྱི་ཟ་མ་ཏོག་ལྡེབ།༤ བླ་སྒྲུབ་བྱིན་རླབས་སྤྲིན་གྱི་རོལ་མོ་ལྡེབ།༡༡ བླ་མའི་རྣལ་འབྱོར་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ལྡེབ།༡༡ བླ་སྒྲུབ་ཐིག་ལེ་ཉག་གཅིག་དོན་སྦྱོར་ལྡེབ།༨ བླ་མའི་རྣལ་འབྱོར་དབང་གི་ནོར་བུ་ལྡེབ།༢ བླ་རྣམ་བསྡུས་པ་དབང་གི་ཆུ་རྒྱུན་ལྡེབ།༣ བླ་སྒྲུབ་ཡང་གསང་བླ་མེད་ཐབས་ཤེས་ལྟོ་སྦྱོར་ལྡེབ།༩ མཁན་ཐུབ་དགའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལྡེབ།༡༢ མཁན་ཀུན་དཔལ་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ལྡེབ།༡༡ ཨོ་རྒྱན་ཐེག་མཆོག་རྡོ་རྗེའི་བླ་རྣམ་བྱིན་རླབས་གཏེར་མཛོད་ལྡེབ།༥ ཨོ་རྒྱན་ཐེག་མཆོག་བསྟན་འཛིན་བླ་རྣམ་བྱིན་རླབས་ལྗོན་བཟང་ལྡེབ།༢ ཡོན་དགའི་བླ་སྒྲུབ་རྟོགས་དཀའི་སྣང་བ་ལྡེབ།༡ བླ་སྒྲུབ་བྱིན་རླབས་མྱུར་འཇུག་ལྡེབ།༦ འོད་གསལ་ཐོད་རྒལ་གྱི་རྣལ་འབྱོར་ལྡེབ།༥ འོད་གསལ་སྙིང་བོའི་སྒྲུབ་པ་ལྡེབ།༣ སྤོམ་གཏད་འུབ་ཆུབ་རོལ་མོ་ལྡེབ།༧ སྙན་གསན་འདོད་འཇོའི་བུམ་བཟང་ལྡེབ།༡༡ རྣམ་འདྲེན་སྟོང་གི་ཕྱག་འཚལ་ལྡེབ།༢༢ ཐར་མདོ་འགྱོད་ཚངས་ཀྱི་སྡིག་སྦྱོང་ལྡེབ།༡༢ བཤགས་རྒྱུད་ཉི་མའི་འོད་ཟེར་ལྡེབ།༥ ཉམས་ཆགས་ཉེས་ལྟུང་བཤགས་པའི་ངག་འདོན་ཕྱོགས་བསྡུས་ལྡེབ།༣༨ བསམ་བཞིན་ཁུ་འབྱིན་བཤགས་ཐབས་ལྡེབ།༡ ཁྱི་སྦལ་སྡིག་བཤགས་ལྡེབ།༡ མཚན་བརྗོད་མཁྱེན་རབ་ཉི་ཟླ་ཟུང་འབྲེལ་ལྡེབ།༢ སྔོན་འགྲོ་བྱང་ཆུབ་ལམ་སྒྲོན་ལྡེབ།༢ སྔོན་འགྲོ་རྣམ་གྲོལ་ཤིང་རྟ་ལྡེབ།༥ བཀྲ་ཤིས་བརྒྱད་པ་ཉུང་ངུ་ལྡེབ།༡ དཔུང་རྒྱན་བསྡུས་པ་ལྡེབ།༡ སྒྲོལ་མའི་ཐུགས་དམ་གནད་བསྐུལ་ལྡེབ།༡ ལུང་ལེན་བསྡུས་པ་ལྡེབ།༡ གཟའ་གདོན་གྲོལ་བའི་གསོལ་འདེབས་ལྡེབ།༡ གཟུངས་གཞུག་བསྡུས་པ་ལྡེབ།༡ ཡོངས་སུ་རྣལ་འབྱོར་ཆེན་པོའི་སྨོན་ལམ་ལྡེབ།༨ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལྡེབ།༢ འོད་གསལ་གནད་བཞི་སྦྱང་བའི་སྨོན་ལམ་ལྡེབ།༢ སྨོན་ལམ་འབྲེལ་ཚད་དོན་ལྡན་ལྡེབ།༢ ཤམ་བྷ་ལའི་སྨོན་ལམ་ལྡེབ།༢ དཔལ་རིའི་སྨོན་ལམ་དང་ཤམ་བྷ་ལའི་སྨོན་ལམ་ལྡེབ།༢ འབེལ་གཏམ་ཉུང་ངུ་ལྡེབ།༥ ཕུག་སྤྲུལ་ཞབས་བརྟན་ལྡེབ།༢ དྲིན་ཆེན་བླ་མའི་སྤྲུལ་སྐུ་མྱུར་འབྱོན་ཐུགས་རྗེའི་རྒྱུད་བསྐུལ་ལྡེབ།༡ ཀྱེ་མ་རྒྱལ་བའི་རྣམ་སྤྲུལ་ཆོས་ཀྱི་སོགས་ལྡེབ།༡ ཨོཾ་སྭ་སྟི་རྒྱལ་ཀུན་མཁྱེན་པའི་གཏེར་ཆེན་སོགས་ལྡེབ།༡ ཟླ་རྒྱལ་དགོན་གྱི་གསོལ་འདེབས་ལྡེབ།༡ བསྟན་རྒྱས་སྨོན་ལམ་ལྡེབ་༡བཅས། རིག་འཛིན་ཁྱབ་བརྡལ་རྡོ་རྗེའི་གསུང་སྤྲུལ་བའི་སྐུ་མཆོག་ཁྲག་འཐུང་ནམ་མཁའ་འཇིགས་མེད་སྤྲོས་བྲལ་རིག་པའི་རྡོ་རྗེའི་ཞབས་བརྟན་རྡོ་རྗེའི་ཁྲི་འབུལ་ལྡེབ།༣ ཀཿཐོག་རྨོག་སྤྲུལ་གསུང་ཞབས་བརྟན་སྨོན་ཚིག་ལྡེབ།༢ ཀུན་གཟིགས་མཁན་ཆེན་བླ་མ་དགེ་ལེགས་ཆོས་འཕེལ་གྱི་ཞལ་གསུང་བསྟོད་ཚིག་ཚན་གཉིས་ལྡེབ་༨བཅས་བཞུགས།

༼ཁ༽རྟགས་ཅན། ཞི་ཁྲོ་སྒྱུ་འཕྲུལ་ཆ་ལག་ཡོངས་རྫོགས་དང་དེ་དང་འབྲེལ་བའི་སྨིན་བྱེད་དབང་གི་སྐོར་བཞུགས།

སྔོན་འགྲོ་ཐར་བའི་ཐེམ་སྐས་ལྡེབ།༨ བརྒྱུད་འདེབས་དཔག་བསམ་ལྷུན་གྲུབ་ལྡེབ།༢ རྩ་སྒྲུབ་དཀྱིལ་འཁོར་ཡོངས་འདུས་ལྡེབ།༢༧ སྔགས་བྱང་རྡོ་རྗེའི་སྒྲ་དབྱངས་ལྡེབ།༤ ལྷན་ཐབས་དོན་གཉིས་ལྷུན་གྲུབ་ལྡེབ།༢༧ བརྒྱ་ཕྱག་ཀློང་བཤགས་བསྡུས་པ་ལྡེབ།༥ ཉམས་ཆག་བཤགས་པའི་ལུང་བྱང་རྟོག་སྒྲིབ་རང་གྲོལ་ལྡེབ།༢༣ བསྐང་བ་རིན་ཆེན་ཕྲེང་མཛེས་ལྡེབ།༡༦ བགྲང་ཕྲེང་བྱིན་རླབས་ལྡེབ།༡ སྨན་མཆོད་ལྡེབ།༢ བུམ་པ་སྒྲུབ་ཐབས་ལྡེབ།༤ དངོས་གྲུབ་བསྐུལ་བ་ལྡེབ།༤ ཞི་ཁྲོའི་རྩ་སྒྲུབ་བསྡུས་པ་སྔགས་བྱང་བརྒྱུད་འདེབས་བཅས་ལྡེབ།༨ གནས་སྦྱོང་ཆོ་ག་གཞན་ཕན་ཐུགས་རྗེའི་ཟླ་བ་ལྡེབ།༡༠ ལྷན་ཐབས་གཞན་ཕན་ཐུགས་རྗེའི་འོད་ཟེར་ལྡེབ།༣༨ དེའི་ལྷན་ཐབས་གཞན་ཕན་ཐུགས་རྗེའི་ཉི་མ་ལྡེབ།༥ ལྷ་དབང་འབྲིང་བོ་ལྡེབ།༤ དབང་ཆོག་འབྲིང་བོ་རིན་པོ་ཆེའི་འཁོར་ལོར་ལྡེབ།༢༡ གཏོར་དབང་ཆུ་ལྔ་རྒྱུན་གཅོད་ལྡེབ།༣ དབང་གི་མཐའ་བརྟེན་ལྡེབ།༣ ཞི་ཁྲོའི་སྦྱིན་བསྲེགས་ལྡེབ། ༡༥ རྣམ་འདྲེན་སྟོང་གི་དབང་ཆོག་ལྡེབ།༢༣ གཙུག་ཏོར་འཁོར་ལོར་དབང་གི་སྙིང་པོ་ལྡེབ། ༨ སྐྲ་དབང་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་ལྡེབ།༨ རྡོ་རྗེ་གཙུག་ཏོར་གྱི་དབང་དང་བཏགས་གྲོལ་རྒྱུག་བྱང་བཅས་ལྡེབ།༡༩ རྡོ་རྗེ་གཙུག་ཏོར་གྱི་དབང་འགྱུར་མེད་རྡོ་རྗེའི་རྒྱ་ཆིངས་ལྡེབ།༡༠ བཏགས་གྲོལ་གྱི་ལྷ་བསྐྱེད་དམིགས་བསལ་ལྡེབ།༥ དཀྱིལ་འཁོར་སྤྱི་འདུས་ཀྱི་སྲོག་འཁོར་ལྡེབ།༤ ཞི་ཁྲོའི་མཚམས་སྦྱོར་ལྡེབ།༧ བར་དོ་ངོ་སྤྲོད་ལྡེབ།༨ ཞི་ཁྲོའི་ལོ་རྒྱུས་ཉུང་ངུ་ལྡེབ། ༨ གཤིན་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་མདངས་ལྡེབ། ༡༤ འཕོ་བའི་ངག་འདོན་སྐོར་ཕྱོགས་བསྡུས་ལྡེབ།༢༠ སྒྲུབ་པའི་ཆ་ལག་ཐོ་བཞི་བཙུགས་པ་ལྡེབ།༡༠ རྒྱལ་ཐོ་བསྡུས་པ་ལྡེབ།༡ ཞི་ཁྲོ་འབྲིང་བོའི་སྒོམ་རིམ་ལྡེབ།༡༡ ཆོས་རྣམས་ཡབ་ཡུམ་གྱི་དོན་ལྡེབ་༦བཅས་བཞུགས།

༼ག༽རྟགས་ཅན། སྟོང་ཐུན་དང་སྒྲུབ་སྐོར་སོགས་ངག་འདོན་སྣ་ཚོགས་བཞུགས།

སྒྲུབ་ཆེན་ཞལ་བཀོད་གདམས་པ་ནོར་བུའི་ཕྲེང་བ་ལྡེབ།༤༢ ལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་རྡོ་རྗེའི་ཕྲེང་བ་ལྡེབ།༢༩ སྒྲོན་མེའི་སྟོང་ཐུན་ཡེ་ཤེས་གསལ་བྱེད་ལྡེབ།༨ ཐང་རྒྱལ་གསང་སྒྲུབ་མ་རྒྱུད་འབུམ་གྱི་སྙིང་བོ་ལྡེབ།༡༤ གསོལ་འདེབས་ལྡེབ།༢ རྩ་དཀྱིལ་ལྡེབ།༡ ཐང་རྒྱལ་དབང་ཆོག་བྱིན་རླབས་འོད་ཕྲེང་ལྡེབ།༡༡ འཇམ་དཔལ་ལས་བྱང་བྱིན་རླབས་འོད་ཕྲེང་ལྡེབ།༡༤ འཇམ་དཔལ་དབང་ཆོག་དངོས་གྲུབ་གཏེར་མཛོད་ལྡེབ།༨ འཇམ་དཔལ་ལུས་དཀྱིལ་ཤེས་རབ་བློ་གཏེར་ལྡེབ།༢ འཇམ་དཔལ་རྩ་དཀྱིལ་བློ་གྲོས་ཉི་མའི་སྣང་བ་ལྡེབ།༤ འཇམ་དཔལ་ཤེས་རབ་བློ་འཕེལ་ལྡེབ།༢ གཤིན་རྗེའི་ལས་བྱང་རྡོ་རྗེའི་ཐོག་ཆར་དང་བརྒྱུད་འདེབས་བཅས་ལྡེབ།༤༩ གཤིན་རྗེ་བསྡུས་པ་ལྡེབ།༤ ཕུར་བའི་ཐུགས་སྒྲུབ་བར་ཆད་དབྱིངས་སྒྲོལ་བརྒྱུད་འདེབས་ལས་བྱང་ཚོགས་བཅས་ལྡེབ།༡༧ ཕུར་བའི་རྒྱུན་ཁྱེར་ཉོན་མོངས་ཐལ་འབྱིན་དང་གསང་བ་ཡོངས་རྫོགས་ལྡེབ།༦ ཕུར་བའི་ལུས་དཀྱིལ་བསྡུས་པ་རྡོ་རྗེའི་ཕྲེང་བ་ལྡེབ།༢ ཕུར་བའི་ལུས་དཀྱིལ་ནོར་བུ་མིག་གཅིག་ལྡེབ།༤ དཔལ་ཆེན་ཕུར་བའི་ཁ་བསྐང་སྲི་མནན་ལྡེབ།༡༡ སྲི་འགུགས་ལྡེབ།༡ རྒྱལ་སྲི་གངས་དཀར་ཆེ་བ་ལྡེབ།༡ ཆུང་བ་ལྡེབ༡ མཐོ་རྒྱལ་ས་ནས་ལྡེབ།༢ ཕུར་བའི་དབང་གི་ལྷན་ཐབས་མཚམས་སྦྱོར་ལྡེབ།༢ ཚེ་སྒྲུབ་འཆི་མེད་མཆོག་སྩོལ་གྱི་ལས་བྱང་བརྒྱུད་འདེབས་སྔགས་བྱང་འདོན་སྒྲིག་བཅས་ལྡེབ།༡༩ ཚེ་སྒྲུབ་རྡོ་རྗེའི་རྒྱ་ཅན་ལྡེབ།༣ ཚེ་སྒྲུབ་འཆི་མེད་མཆོག་སྒྲུབ་ལྡེབ།༡ ཚེ་སྒྲུབ་སྤྱི་ལ་སྦྱར་རུང་བའི་སྦྱིན་བསྲེགས་ལྡེབ།༡༦ འཆི་ལྟས་བཟློག་པའི་བྱེ་བྲག་སྨན་གྱི་ལྗོན་པ་ལྡེབ། ༡༠ ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར་ལྡེབ།༢ ཐུགས་ཆེན་དབང་བསྡུས་འཁོར་ལོར་ཡོངས་རྫོགས་ལྡེབ།༩ ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ལྡེབ།༥ མིག་འབྱེད་ཐུགས་རྗེའི་གསེར་ཐུར་ལྡེབ།༣ མིག་འབྱེད་ཡེ་ཤེས་སྣང་གསལ་ལྡེབ།༣ རྩ་གསུམ་དྲིལ་སྒྲུབ་བསྡུས་པ་ལྡེབ།༢ སྣང་མཐའི་ལུས་དཀྱིལ་ལྡེབ།༡ རྡོར་སེམས་ལུས་དཀྱིལ་ལྡེབ།༡ ཕ་དམ་པ་དང་ཐང་རྒྱལ་ལུས་དཀྱིལ་ལྡེབ།༣ སྨན་བླའི་རྒྱུན་ཁྱེར་ལྡེབ།༢ རྟ་མགྲིན་ནག་པོའི་ལུས་དཀྱིལ་ལྡེབ། ༤ གུ་དྲག་ལུས་དཀྱིལ་ལྡེབ།༢ ཕྱག་རྡོར་ལུས་དཀྱིལ་ལྡེབ།༢ བྱ་ཁྱུང་ལུས་དཀྱིལ་ལྡེབ།༢ མགོན་པོ་གཟི་བརྗིད་རྒྱལ་པོའི་རྒྱུན་ཁྱེར་ལྡེབ།༤ ལོཀྟྲི་ལྡེབ།༡ གདུགས་དཀར་རྒྱུན་ཁྱེར་ལྡེབ།༡ རྡོ་རྗེ་སྡེར་མོའི་དགྲ་བཟློག་ལྡེབ།༡ དབྱངས་ཅན་སྒྲུབ་པ་ངག་གི་མེ་ཏོག་ལྡེབ།༤ དབྱངས་ཅན་ལུས་དཀྱིལ་ལྡེབ།༢ ཁྲོས་མའི་རྒྱུན་ཁྱེར་སྟོང་ཉིད་དོན་སྦྱོར་ལྡེབ།༨ ཁྲོས་མའི་དབང་ཆོག་ཐུགས་རྗེའི་ཉི་གཞོན་ལྡེབ།༡༠ ཁྲོས་མའི་རྒྱུན་ཁྱེར་དང་བྱིས་པ་ལྷ་ལྔ་བཅས་ལྡེབ།༢ རིག་བྱེད་ལྷ་མོའི་གསང་སྒྲུབ་ལྡེབ།༧ རིག་བྱེད་ལུས་དཀྱིལ་ལྡེབ།༣ ཛམ་ལྷའི་སྒྲུབ་ཐབས་བསྡུས་པ་བཀྲ་ཤིས་དཔྱིད་དཔལ་ལྡེབ།༣ ཛམ་ལྷའི་རྒྱུན་ཁྱེར་དང་ཆུ་སྦྱིན་བཅས་ལྡེབ། ༤ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་རྟ་ཕྱག་ཁྱུང་གསུམ་དྲིལ་སྒྲུབ་ཀྱི་ཁ་བསྐང་ཚོགས་མཆོད་ལྡེབ།༧ ནོར་གཟུངས་ལྡེབ།༡ ཚོགས་བསྡུས་ཚོགས་གཉིས་མྱུར་རྫོགས་ལྡེབ།༡ ཡང་གཅིག་ལྷ་ཡི་ཚོགས་བསྡུས་སོགས་ལྡེབ།༡ ཚོགས་བསྡུས་འཁོར་གསུམ་གཞིར་བཞེངས་ལྡེབ། ༡ ཚོགས་བསྡུས་དང་ཆུ་གཏོར་སྦྲེལ་མ་ལྡེབ།༢ བཟའ་བཏུང་ལམ་ཁྱེར་ལྡེབ།༡ མེ་མཆོད་བསྡུས་པ་དཔལ་གྱི་བུམ་བཟང་ལྡེབ།༣ ཕུར་བའི་བཀའ་བསྒོ་ལྡེབ།༦ བླ་འགུགས་རྡོ་རྗེའི་ལྕགས་ཀྱུ་ལྡེབ།༡༡ གཅོད་ཀྱི་ཉམས་ལེན་ཚོགས་གཉིས་ལྷུན་གྲུབ་ལྡེབ།༨ ལུས་སྦྱིན་སྐུ་གཉིས་ས་བོན་དང་ཚོགས་གཉིས་མྱུར་རྫོགས་ལྡེབ།༥ མ་དབུས་ཕྱོགས་སོགས་ལྡེབ།༣ ཁྲོས་མས་འཆི་ཞགས་གཅོད་པའི་གྲི་གུག་ལྡེབ།༨ གཅོད་བསྡུས་བདག་འཛིན་གཅོད་པའི་རལ་གྲི་ལྡེབ།༢ བྱ་འབོད་མཁའ་འགྲོ་བཞེངས་བསྐུལ་ལྡེབ།༤ ཀླུད་བསྔོ་འཆི་བདག་ཞགས་འགྲོལ་ལྡེབ།༤ དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ལྡེབ།༣ གསུར་མཆོད་བདུད་རྩིའི་སྤྲིན་ཕུང་དང་ཤིག་གསུར་སྲིད་པ་སྒོ་འགེགས་བསེ་རག་ཕྲན་བུ་བསལ་བའི་གསུར་བཅས་ལྡེབ།༥ གསུར་ཆུ་སྦྱིན་གང་ལའང་འདི། ཨོཾ་ཨ་ཧཱུཾཿརང་ཉིད་སྤྱན་ལྡེབ་༢བཅས་བཞུགས།

༼ང༽རྟགས་ཅན། ཆོས་སྐྱོང་ཡིད་བཞིན་དབང་རྒྱལ་གྱིས་གཙོས་ཆོས་སྐྱོང་ཡུལ་ལྷའི་བསང་གསོལ་སྐོར་བཞུགས།

ཐོག་མར་ཆོས་སྐྱོང་ཡིད་བཞིན་དབང་གི་རྒྱལ་པོའི་སྐོར། བརྒྱུད་འདེབས་དངོས་གྲུབ་བང་མཛོད་དང་སྔོན་འགྲོའི་སྐོར་བཅས་ལྡེབ།༤ གོང་མནན་བསྡུས་པ་ལྡེབ།༡ སྐྱབས་ཡུལ་སྤྱན་འདྲེན་ལྡེབ།༡ རྩ་སྒྲུབ་དཔག་བསམ་ལྷུན་གྲུབ་ལྡེབ།༨ གསང་སྒྲུབ་དངོས་གྲུབ་གཏེར་མཛོད་ལྡེབ།༢༢ སྔགས་བྱང་ཕྲིན་ལས་ལྷུན་གྲུབ་ལྡེབ།༦ སྨན་རཀ་མཆོད་པ་ལྡེབ།༣ མདུན་དཀྱིལ་འཕྲིན་ལས་འོད་ཕྲེང་ལྡེབ།༣ བསྙེན་དམིགས་ལྡེབ།༤ ཚོགས་བསྡུས་སྣ་ཚོགས་ལྡེབ། ༣ ཚོགས་མཆོད་འདོད་ཡོན་རྒྱ་མཚོ་ལྡེབ།༥ དྲག་བསྐུལ་རྡོ་རྗེའི་ཐོག་ཆར་ལྡེབ།༡༣ བསྟོད་དབྱངས་ཚངས་པའི་སྒྲ་ཆེན་ལྡེབ།༨ གསོལ་མཆོད་ཕྱོགས་བསྡུས་སྐོར་ལྡེབ།༡༩ གཏོར་མཆོད་མི་དམིགས་ལྡེབ།༢ དབང་གི་མངའ་གསོལ་ལྡེབ།༡༢ མངའ་གསོལ་གཞན་སྣང་དབང་བསྒྱུར་ལྡེབ།༥ ཕྲིན་བཅོལ་འདོད་དགུའི་སྙེ་མ་ལྡེབ།༥ ཆོས་སྐྱོང་ཆེན་པོ་བདག་ལ་ལྡེབ། ༥ ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ་ལྡེབ།༧ ཟ་ངུ་བསྡུས་པ་ཚན་གསུམ་ལྡེབ།༤ སྨད་ལས་དྲེགས་པའི་སྟོབས་འདུས་ལྡེབ།༩ ཕུར་གདབ་གཤིན་རྗེའི་རྐན་སྒྲ་ལྡེབ།༡༡ སྨད་ལས་གཞུང་བྱང་ལྡེབ།༣ དམོད་བཅོལ་དུས་ཀྱི་ཞགས་པ་ལྡེབ།༤ རྒབ་འདྲེ་མནན་པ་ལྡེབ།༣ ཟོར་བཟློག་དགྲ་བགེགས་དཔུང་འཇོམས་ལྡེབ།༡༦ བཟློག་བསྡུས་ལྡེབ།༢ བླ་ཚེ་འགུག་པའི་སྔགས་བྱང་ལྡེབ།༡ དགྲ་ཆོས་དང་དྲག་བསྐུལ་ཉུང་ངུ་བཅས་ལྡེབ།༣ གཏོར་འབུལ་བཀྲ་ཤིས་མེ་ཏོག་ལྡེབ།༤ གཡང་སྒྲུབ་འཁོར་ལོ་བསྒྱུར་བའི་དཔལ་སྟེར་ལྡེབ།༡༩ བཅའ་ཐབས་ལྡེབ།༡ གཡང་གི་བྱིན་འབེབས་ལྡེབ།༣ བསང་ཁྲུས་ལྡེབ།༤ གཡང་བསང་བདུད་རྩིའི་ཆར་བ་ལྡེབ།༦ བསང་མཆོད་བཀྲ་ཤིས་ལྷུན་གྲུབ་དང་བསང་བསྡུས་བཅས་ལྡེབ།༥ དབང་བསྐུལ་འཕྲིན་ལས་ལྷུན་གྲུབ་ལྡེབ།༣ གཡང་འབོད་ཕྱོགས་བསྡུས་ལྡེབ།༥ གཡང་གི་རྟེན་འཛུགས་ལྡེབ།༣ ཕྱུག་བཏའ་སྡོམ་པ་ལྡེབ།༤ བསེ་རག་འགུགས་པ་ལྡེབ།༡ ཚེ་གཡང་ལག་ལེན་ལྡེབ།༡ ཚེ་སྒྲུབ་ཆོ་ག་འཆི་མེད་དཔལ་སྟེར་ལྡེབ།༦ བདུད་རྩི་སྨན་གྱི་སྒྲུབ་པ་ལྡེབ།༡༠ རྟེན་བཞུགས་ལྡེབ།༡ སྲོག་གཏད་དྲེགས་པ་བྲན་ཁོལ་ལྡེབ།༩ དབང་གི་མཚམས་སྦྱོར་དགེ་ལེགས་ནོར་བུའི་གཙུག་རྒྱན་དང་དམ་ཚིག་གི་རིམ་པ་རྣམ་གྲོལ་སྙིང་བོ་ལྡེབ།༡༡ ལས་འགྲིགས་ལྡེབ།༤ རླུང་རྟ་བསྐྱེད་པ་ལྡེབ།༡ བཀྲ་ཤིས་བདེ་ལེགས་འབྱུང་གནས་ལྡེབ།༤ རྟོགས་བརྗོད་ཐབས་མཁས་རྣམ་རོལ་ལྡེབ།༡༡ སྒྲུབ་པའི་ངེས་བརྗོད་རྩེ་མོ་ལྡེབ།༥ ཧོར་མོའི་སྒྲུབ་པ་ཤེལ་གྱི་ཟ་མ་ཏོག་ལྡེབ།༡༡ ཕྱག་རྒྱ་རྒྱས་སྤྲོས་ལྡེབ།༣ ཧོར་མོའི་སྒྲུབ་མཆོད་བཀྲ་ཤིས་སྙེ་མ་ལྡེབ།༢ ཧོར་མོའི་ཟ་ངུ་ལྡེབ།༢ ཧོར་མོའི་མཆོད་གསོལ་ཕྲིན་ལས་ལྷུན་གྲུབ་ལྡེབ།༢ ཕྲིན་བཅོལ་སྔགས་སྲུང་ཤ་ཟ་ཧོར་མོ་ལྡེབ།༡ ཧོར་མོའི་མངའ་གསོལ་ཕྲིན་ལས་དཔལ་ཕྲེང་དང་གསོལ་བསྡུས་བཅས་ལྡེབ།༣ ཡང་ཕྲིན་བཅོལ་སྔོན་ཚེ་སྤྱི་དཔལ་ལྡེབ།༡ ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་ལྡེབ།༣ ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས་ལྡེབ།༣ དཔལ་ལྡན་ནག་པོ་ཆེན་པོའི་མངའ་གསོལ་ལྡེབ།༦ ཡང་མངའ་གསོལ་དབང་གི་ཞགས་པ་ལྡེབ།༢ ཨེ་ཀ་ཛ་ཊིའི་མཆོད་སྤྲིན་བསྡུས་པ་ལྡེབ།༣ དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ་ལྡེབ།༡༡ དུར་ཁྲོད་ལྷ་མོའི་ཕྲིན་ལས་ཉེར་མཁོའི་བུམ་བཟང་ལྡེབ།༥ ཙིའུ་དམར་འཁྲུགས་བསྐང་ལྡེབ། ༨ དམ་ཅན་གསོལ་བསྡུས་ལྡེབ།༢ ཞིང་སྐྱོང་མ་མོའི་གསོལ་མཆོད་ལྡེབ།༢ དུར་ཁྲོད་ལྷ་མོའི་འཁྲུགས་བསྐང་ལྡེབ།༡ ཟངས་རིའི་གསོལ་མཆོད་ལྡེབ།༢ ཕུར་བསྲུང་གསོལ་བསྡུས་ལྡེབ།༡ ཚེ་རིང་མའི་བསྐང་གསོལ་ཕྲིན་ལས་འཁོར་ལོ་ལྡེབ།༣ ཚེ་རིང་མ་དཔག་བསམ་ལྗོན་བཟང་དང་རེ་ཏི་དཔོན་གཡོག་གི་གསོལ་མཆོད་ལྡེབ།༣ ཟླ་བའི་དབང་བོ་ཚེ་རིང་ལྡེབ།༡ མ་གཟའི་བསྐང་བསྡུས་ལྡེབ།༡ གཟའ་བདུད་ལས་བྱང་དགྲ་བགེགས་ཚར་གཅོད་ལྡེབ།༦ གཟའི་སྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ་ལྡེབ།༤ གཟའི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་ལྡེབ།༥ དྲང་སྲོང་ཆེན་པོའི་རྗེས་གནང་ལྡེབ།༥ ཤན་པའི་སྲོག་དབང་ཕྲིན་ལས་གཏེར་ཆེན་ལྡེབ།༧ ཤན་དམར་སྒྲུབ་ཐབས་བསྡུས་པ་གནོད་སྦྱིན་བྲན་ཁོལ་ལྡེབ།༥ གནོད་སྦྱིན་དམར་ནག་གི་མཆོད་ཕྲིན་བསྡུས་པ་དཔག་བསམ་ལྗོན་ཤིང་ལྡེབ།༡ རེ་ཏིའི་གསོལ་བསྡུས་ལྡེབ།༡ ལྷ་མོའི་འཁྲུགས་བསྐང་ལྡེབ།༡ རྡོ་རྗེ་མཁའ་འགྲོ་ཆེན་མོ་དབང་གི་ཆོ་ག་དམ་ཚིག་འཁོར་ལོར་ལྡེབ། ༡༤ བསྟན་སྲུང་སྤྱིའི་གསོལ་བསྡུས་ལྡེབ།༡ ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ་ལྡེབ།༢ ཐང་ལྷའི་དབང་བསྐུལ་དུས་ཀྱི་ཞགས་པ་ལྡེབ།༢ ཐང་ལྷའི་མཆོད་སྤྲིན་དངོས་གྲུབ་གཏེར་མཛོད་ལྡེ།༨ རྨ་སྤོམ་རའི་སྒྲུབ་ཐབས་བསོད་ནམས་ལྗོན་ཤིང་ལྡེབ།༦ བསྟན་སྲུང་སྤྱིའི་གསོལ་བསྡུས་གཙང་སྦྱར་གཏོར་མ་ལྡེབ།༢ སྲུང་མ་སྤྱིའི་ཕྲིན་བཅོལ་ཧོ་བླ་མ་ཡི་དམ་དཔའ་བོ་སོགས་ལྡེབ།༢ སྲུང་མ་སྤྱིའི་ཕྲིན་བཅོལ་གཟོད་ནས་སྤྲོས་བྲལ་ལྡེབ།༢ སེང་ཆེན་གསོལ་བསྡུས་ལྡེབ།༡ ཨ་ཕྱི་དང་སྨན་སྲུང་གསོལ་བསྡུས་ལྡེབ།༣ གྲི་བཙན་གསོལ་བསྡུས་ལྡེབ།༡ ཚོགས་བདག་དམ་ཅན་སྐྱེས་བུ་ལྡེབ།༡ ཕོ་རོག་རྒྱལ་མོའི་གསོལ་མཆོད་འཇིགས་པ་ཀུན་སྐྱོབས་ལྡེབ།༤ གངས་ཞོད་སྐྱོབས་པའི་གསོལ་མཆོད་ལྡེབ།༡ ནོར་བུ་དགྲ་འདུལ་གསོལ་མཆོད་ལྡེབ།༨ ཨུ་འདུལ་ཁྲ་ཟུག་བསང་ལྡེབ།༡ གསེར་འཛོང་བསང་ལྡེབ།༡ སྒོ་རྒྱ་དང་རྫ་དམར་བསང་ལྡེབ།༡ རི་མོ་དང་ཨུ་འདུལ་ཙི་ཏ་བཅས་བསང་ལྡེབ།༡ ཡུལ་ལྷ་སྤྱིའི་གསེར་སྐྱེམས་ལྡེབ།༡ ཡུལ་ལྷ་སྤྱིའི་བསང་བསྡུས་ལྡེབ།༡ ཀླུ་མཆོད་བསྡུས་པ་ལྡེབ།༡ རོལ་མོ་དབང་ཞུའི་བསང་དགོས་འདོད་ཀུན་འབྱུང་ལྡེབ།༣ ཁྱིམ་ལྷ་ཕུག་ལྷ་ལྡེབ།༡ བསང་བསྡུས་བདེ་ལེགས་ཀུན་འབྱུང་ལྡེབ།༤ འོད་ཟེར་ཅན་མའི་རྒྱུན་བསང་ལྡེབ།༢ ས་ཕྱོགས་འདི་ན་ལྡེབ།༡ ཡུལ་ལྷ་རྡོ་རྗེ་དགྲ་འཇོམས་ལྡེབ།༡ མནོལ་བསང་ལྡེབ།༡ ཆོས་སྲུང་གང་ཡིན་ལ་སྦྱར་ཆོག་པའི་འཕྲིན་བཅོལ་ལྡེབ།༢ ཆོས་སྲུང་བསྟོད་ཚིག་ལྡེབ་༡བཅས་བཞུགས།

པོད་༼ཅ་༽ ༼ཆ་༽ ༼ཇ་༽གསུམ་གྱི་དཀར་ཆག

༼ཅ༽རྟགས་ཅན། ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་གསལ་བར་སྟོན་པ་དེ་ཉིད་གསལ་བའི་རྒྱན་ལྡེབ།༣༥༥ རྒྱན་གཉིས་དབང་ཆོག་ཡེ་ཤེས་སྤྱི་བླུགས་ལྡེབ་༢༠བཅས་བཞུགས།

༼ཆ༽རྟགས་ཅན། ཐིག་ལེ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་དོན་འགྲེལ་འོད་གསལ་ཐོད་རྒལ་གྱི་གནད་གསང་ལྷུག་པོར་བཀྲལ་བ་སྒྲོན་མ་གསལ་བའི་རྒྱན་ལྡེབ། ༥༥༩ སྒྲོན་མ་གསལ་བའི་རྒྱན་གྱི་ཀླད་དོན་ལྡེབ་༢༥བཅས་བཞུགས།

༼ཇ༽རྟགས་ཅན། ཟངས་ཤོག་དམར་པོའི་རྩ་བ་ལྡེབ་༢༩ འབྲི་གུང་ཟངས་ཤོག་དམར་པོའི་འགྲེལ་བ་རྒྱ་ཆེར་འགྲེལ་༣༡༣བཅས་བཞུགས།

༼ཉ༽རྟགས་ཅན། བར་དོ་དྲུག་གི་ཁྲིད་ལས་ཉོན་ཆུ་བོ་རྒྱུན་གཅོད་ཆ་ལག་ཡོངས་རྫོགས་བཅས་བཞུགས།

རིག་འཛིན་སྡེ་སྣོད་བྱེ་བའི་དགོངས་ཀློང་ལས་ཉོན་ཆུ་བོ་རྒྱུན་གཅོད་ལྡེབ། ༡༤༠ ཆོས་ཉིད་དོན་གསལ་ལྡེབ་༨༠ མན་ངག་སྒྲོན་མ་སྤུངས་བ་ལྡེབ།༣༢ རུ་ཤན་འཁྲུལ་བ་གཞིར་གྲོལ་ལྡེབ།༡༥ དཔེ་རིས་ལྡེབ།༣ འོད་གསལ་སྦྱོང་བ་ཞེ་སྡང་རང་གྲོལ་ལྡེབ།༡༠ རྨི་ལམ་སྦྱོང་བའི་མན་ངག་གཏི་མུག་རང་གྲོལ་ལྡེབ།༩ ཁྲེགས་ཆོད་གཟེར་ཡིག་གནད་ཀྱི་མེ་བཙའ་ལྡེབ།༤ ཁྲེགས་ཆོད་གཟེར་ཡིག་སྙིང་པོའི་དོན་བསྡུས་ལྡེབ།༣ ཐོད་རྒལ་བསྡུས་དོན་རིན་ཆེན་གཟེར་ཡིག་ལྡེབ།༧ ཐོད་རྒལ་བསྡུས་དོན།༢ ཐོད་རྒལ་གནད་དྲུག་ལྡེབ།༢ སེམས་འཛིན་ཉེར་གཅིག་ལྡེབ།༢ འཕོ་བའི་གནད་བསྡུས་ལྡེབ།༢ འཕོ་བ་ཡེ་ཤེས་གསང་ལམ་བར་དོ་ཟང་ཐལ་ལྡེབ།༡༣ སྣང་སྟོང་གི་ལམ་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་བྱེད་པའི་གདམས་ངག་འོད་གསལ་འཁོར་ལོ་ལྡེབ།༧ བར་དོ་དྲུག་ཁྲིད་བསྡུས་དོན་ལྡེབ།༩ ཐོད་རྒལ་རྩ་དཔེ་ལྡེབ།༡ ཕྲ་མོ་ལྔ་འམ་དྲུག་གི་ལམ་བྱེད་ལྡེབ།༤ ཕྲ་མོ་གསུམ་གྱི་རྣལ་འབྱོར་ལྡེབ།༡༨ རང་གནས་ཞི་ཁྲོའི་སྨིན་བྱེད་གསང་ལམ་རྩ་འགྲེལ་ལྡེབ།༤༠ བདེ་སྟོང་དཔྱིད་ཀྱི་ཐིག་ལེ་རྩ་འགྲེལ་ལྡེབ། ༣༦ རྩ་རླུང་འཕྲུལ་འཁོར་སྒྱུ་མ་གར་གྱི་ཆོ་འཕྲུལ་དང་རྡོར་བསྡུས་དང་དུས་འཁོར་དང་དགྱེས་པ་རྡོ་རྗེ་སོགས་ཀྱི་རྫོགས་རིམ་བསྡུས་དོན་བཅས་ལྡེབ།༤༣ གཏུམ་མོའི་ལག་ལེན་ལྡེབ།༢ རླུང་རྒྱུ་ཚུལ་གྱི་རྣམ་གཞག་ལྡེབ།༣ འོད་གསལ་ཐེམ་བཅུ་གཅིག་ཉི་མའི་འཁོར་ལོ་ལྡེབ།༦ གནད་གཅིག་ཆོས་ཉིད་འཁོར་ལོ་ལྡེབ།༡ ཡེ་ཤེས་སྣང་བྱེད་ལམ་མཆོག་ལྡེབ།༦ ཚིག་གསུམ་གནད་བརྡེག་བསྡུས་དོན་ལྡེབ།༢ སྣང་མཆེད་ཐོབ་གསུམ་ལྡེབ།༡ ཟབ་དོན་གཅོད་ཀྱི་གནད་བསྡུས་ལྡེབ།༥ གཞན་ལུས་ཐབས་ལྡན་ཡེ་ཤེས་སྙིང་བོ་ལྡེབ།༡༢ ཐིག་ལེའི་དངོས་གཞི་བསྡུས་པ་ལྡེབ།༢ བཏགས་གྲོལ་རྒྱབ་ཡིག་འདུ་བྱེད་རང་གྲོལ་ལྡེབ།༨ ཡེ་ཤེས་ཐིག་ལེ་བཞི་བ་ལྡེབ།༥ སྐུ་གསུམ་ཡེ་ཤེས་དང་བཅས་པའི་རྣམ་པར་ངེས་པ་ཤིན་ཏུ་རྣལ་འབྱོར་ལྡེབ།༨ ཡེ་ཤེས་ཐིག་ལེ་བཞི་བ་ཙཀྲ་དཔེ་རིས་ལྡེབ།༢༧ རྒྱུད་སྡེ་སྤྱི་དང་གསང་སྔགས་གསར་རྙིང་གི་དགོངས་དོན་གསལ་བའི་རྩ་དཔེ་ངོ་མཚར་ཅན། རྫོགས་རིམ་བར་དོ་དྲུག་གི་ཁ་བྱང་རྡོ་རྗེའི་ཕྲེང་བ་ལྡེབ༢བཅས་བཞུགས།

༼ཨ༽རྟགས་ཅན། ཁྲིད་ཡིག་སྣ་ཚོགས་དང་ཞལ་གདམས་ལྟ་མགུར་སྔགས་དང་ལས་སྣ་ཚོགས་བཅས་བཞུགས།

དག་སྣང་རིན་པོ་ཆེའི་སྒྲོམ་བུ་ལྡེབ།༣༥ འོག་སྒོའི་གནད་བསྡུས་བདེ་ཆེན་མྱུར་འདྲེན་ལྡེབ།༢༤ རྩ་རླུང་སྤྱི་ལ་ཕན་པའི་གནད་ཀྱི་ཆིངས་ལྡེབ།༥༢ འོད་གསལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གསལ་བའི་ཨུ་པ་དེ་ཤ་ལྡེབ།༥༩ ཡེ་ཤེས་བླ་མའི་མུ་བཞི་ལྡེབ།༡༣ ལེགས་བཤད་རིན་པོ་ཆེའི་བང་མཛོད་ལྡེབ།༧ ཚིག་གསུམ་གནད་བརྡེག་ལྡེབ།༡༠ ལྟ་བ་དོན་གྱི་ཞེ་ཕུག་ལ་བརྣག་པ་ལྡེབ།༡༠ རྟོགས་པའི་ཐོལ་གླུ་ལྡེབ།༨ རིག་པའི་ཐོལ་གླུ་ལྡེབ།༦ ལྟ་བའི་རྒྱང་གླུ་ལྡེབ།༤ རྟོགས་པའི་དོན་གྱི་འདྲ་འབག་རྡོ་རྗེའི་དོ་ཧའི་རྩེ་མོ་ལྡེབ།༡༨ སྐྱེལ་སོ་ལྡེབ།༥ ཉམས་ལེན་དམར་བྱང་ལྡེབ།༥ གསུང་མགུར་ལྷའི་རྔ་སྒྲ་ལྡེབ།༡༨ ཞལ་གདམས་མཆིད་ལྷན་རྡོ་རྗེའི་ཐོ་ཆེན་ལྡེབ།༢༧ བདེན་གཏམ་དྲང་སྲོང་ཡོངས་ཀྱི་བླ་མ་ལྡེབ།༥ ཡིན་པ་དང་མིན་པ་སོགས་ཀྱི་གླུ་ལྡེབ།༥ ཞལ་གདམས་སྐྱོན་ཐོག་མདའ་མོ་ལྡེབ།༣ ཞལ་གདམས་ཀ་རྩོམ་ལྡེབ།༨ ཆོས་པ་བརྟགས་པའི་རབས་ལྡེབ།༢ སྐྱེ་མེད་རྡོ་རྗེའི་སྒྲ་དབྱངས་ལྡེབ།༣ སྐུ་ལུས་སྐྱོན་གྱིས་མ་གོས་ལྡེབ།༢ རང་སེམས་ཕུགས་དེད་ལྡེབ།༡ ཉམས་སྣང་རང་གྲོལ་ལྡེབ།༡ སྟོང་སྤྲུལ་ཕྱག་རྒྱའི་ངོ་སྐལ་ལྡེབ།༢ སེམས་དོན་བདུད་རྩིའི་བཅུད་ཐིག་ལྡེབ།༢ སེམས་དོན་གནད་ཀྱི་མེ་ལོང་ལྡེབ།༡ ཆོས་འབྱོར་ལ་གདམས་པ་ལྡེབ།༡ ཤིན་ཏུ་སྤྲོས་མེད་རྣལ་འབྱོར་ལྡེབ།༢ སྙིང་གཏམ་ཚིག་གསུམ་ལྡེབ།༣ དམ་པ་གསུམ་གྱི་ཟིན་བྲིས་ལྡེབ།༢ མཁན་བསོད་རྡིས་ལ་གདམས་པ་ལྡེབ།༡ བླ་མ་ཨོ་མུག་ལ་སྤྲིངས་བ་ལྡེབ།༦ ཞལ་གདམས་སྙིང་གི་ཐུར་མ་ལྡེབ།༦ སྐྱོན་མཚང་སུན་འབྱིན་ལྡེབ།༡༣ ཆོས་སྐུའི་བླ་མའི་ལྡེབ།༣ སྐུ་གསུམ་ལམ་སྣང་དུ་སྦྱང་བ་ལྡེབ།༡ ཞལ་གདམས་ངེས་འབྱུང་ཤིང་རྟ་ལྡེབ།༥ མངོན་མཐོ་སྤོ་ལ་ལྡེབ།༢ ཀྱེེ་ཧོ་རང་གི་སེམས་ལ་ལྡེབ།༡ ཀྱེ་བདག་འཛིན་བློ་ཡིས་ལྡེབ།༡ འདས་རྗེས་ལྡེབ།༥ ཚོགས་བཤད་འབུལ་གཏམ་གྱི་མགོ་མཇུག་ལྡེབ།༢ ཡུམ་ཀའི་ཚོགས་ཀྱི་སྐབས་དང་འབྲེལ་བའི་ལུས་གནས་སྐོར་བཤད་པ་ལྡེབ།༥ ས་དཔྱད་རིན་ཆེན་བང་མཛོད་ལྡེབ།༡༤ སྔགས་འབུམ་ཉེར་མཁོ་རིན་ཆེན་ཕྲེང་བ་དང་བཟླས་ཆོག་རྡོ་རྗེའི་གོ་ཁྲབ་དང་མཁའ་འགྲོ་འགུག་སྔགས་བཅས་ལྡེབ།༢༠ འབྱུང་བ་གཡོ་འཁྲུགས་བཟློག་པའི་ལས་མཐའ་ལྡེབ།༤ གསོ་བ་རིག་པའི་རྣོ་མདེའུ་གདུང་སེལ་ཟིལ་ཐིག་བརྒྱད་པ་ལྡེབ།༡༠ གློ་རྩི་བླུད་ཐབས་ལྡེབ།༣ འབྱུང་བ་དགྲར་ལངས་བཟློག་ཐབས་ལྡེབ།༢ རྔ་བསྲུང་རྡོ་རྗེའི་རྒྱ་ཆིངས་ལྡེབ་༢བཅས་བཞུགས། དེ་ལྟར་བཞུགས་བྱང་ཉུང་བསྡུས་སུ་བཀོད་པ་འདི་ནང་མ་འཁོད་པའི་ཆོས་ཚན་ཐོར་བུ་འགའ་ད་དུང་ཡོད་ངེས་ཀྱང་འདིར་ཕྱོགས་མགོ་དཔེ་ཆ་རེ་ལྟ་ཞིབ་བདེ་བའི་ཆེད་དུ་འབྲི་ཁུལ་བྱས་པ་ཡིན་ལ།ལྡེབ་གྲངས་སོགས་ཁོང་གི་དངོས་སློབ་དམ་པ་གྲུབ་དབང་ཤེས་རབ་མེ་འབར་གྱིས་previous hit རྒྱལ་བ་ཕུག་ཁང་དགོན་དུ་གསར་བཞེངས་གནང་བའི་སྤར་ཁང་མདོ་སྔགས་ཆོས ་མཛོད་དུ་བཞུགས་པའི་པར་ཤིང་གི་ལྡེབ་གྲངས་དང་མཐུན་པར་བཀོད་པ་ཡིན། ཐེག་དགུ་མཚོན་པའི་ཕྱིར་པོད་གྲངས་དགུར་ཕྱེས་པ་དེ་གཏེར་ཆེན་ཉིད་ཀྱི་གསུང་རྒྱུན་དང་། ཆོས་ཚན་སོགས་ཀྱི་གོ་རིམ་སྒྲིག་སྟངས་ཕལ་མོ་ཆེ་ནི་མཁན་ཆེན་བསོད་ནམས་ཚེ་རིང་གི་ཐུགས་བཀོད་ལྟར་ཡིན་ནོ། །

དེ་ལ་སྤྱིར་མཉམ་མེད་ཐུབ་པའི་དབང་པོ་དང་། འཕགས་བོད་མཁས་གྲུབ་གོང་མའི་གསུང་རྣམས་ནི། ཐར་དང་རྣམ་མཁྱེན་གྱི་ལམ་མཆོག་གཅིག་པུར་གྱུར་བ་ཡིན་ཞིང་། ཁྱད་པར་འཁྲུལ་བྲལ་གྲུབ་བརྙེས་ཀྱི་སྤྲུལ་བའི་གཏེར་སྟོན་ཆེན་པོ་རྣམས་ཀྱི་ཟབ་གཏེར་རྡོ་རྗེའི་གསུང་རྣམས་ནི་བྱིན་རླབས་དང་དངོས་གྲུབ་ཀྱི་མཚན་མ་གཞན་ལས་ལྷག་པར་མྱུར་བ་དང་། ལྷག་པར་དུ་གཏེར་ཆེན་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར་གྱི་ཆོས་སྡེ་འདི་རྣམས་ནི། བརྒྱུད་ཐག་ཉེ་བ། བྱིན་རླབས་ཀྱི་ནུས་པ་ཆེ་བ། མན་ངག་གི་ཁྲིད་རྐང་ཁ་ཚང་བ། གང་ཟག་གི་བློ་ནུས་དང་བསྟུན་པའི་རྒྱས་བསྡུས་སྣ་ཚོགས་བཞུགས་པ་ཡིན་པས། རྗེས་འཇུག་སྐལ་ལྡན་གྱི་གང་ཟག་ཚོ་གྲོང་ཆོག་གཏོ་ཡས་ཙམ་ཞིག་བྱ་བའི་སྙིང་བོར་མི་འཛིན་པར། ངེས་གསང་རྫོགས་པ་ཆེན་པོའི་མན་ངག་གསལ་བར་སྟོན་པའི་རྟོགས་པའི་འདྲ་འབག་ཆེན་པོ་རྣམས་ལ་རང་ནུས་དང་བསྟུན་པའི་འཆད་ཉན་དང་ཉམས་ལེན་རེ་བྱས་ན་རང་དྲིན་རང་ལ་ཆེ་བ་ཡིན་པས་དེ་ལྟར་ཐུགས་ལ་གཞག་འཚལ་ལོ། །

སླར་སྨྲས་པ།

ཁྱབ་བདག་ཀུན་བཟང་པདྨ་ཀཱ་ར་ཡི། །

གང་འདུལ་སྤྲུལ་བའི་ཟོལ་བསྒྱུར་སྙིགས་འགྲོའི་མགོན། །

ངེས་གསང་ཐེག་མཆོག་བསྟན་པའི་སྣང་བྱེད་མཆོག །

ནམ་མཁའ་འཇིགས་མེད་སླར་ཡང་ཕྱག་བགྱིའོ། །

བརྒྱུད་གསུམ་གསང་མཛོད་འོ་མཚོ་བསྲུབ་པ་ལས། །

བྱུང་བའི་ཟབ་གཏེར་རོ་མཆོག་བརྒྱ་ལྡན་ཟས། །

རྗེས་འཇུག་ཁས་མཆེ་དམར་སེར་རྟགས་འཆང་རྣམས། །

རབ་གུས་དྭངས་བའི་ཡི་གར་ཅིས་མི་འོང་། །

སྙིགས་དུས་མི་མཐུན་རྒུད་པ་ཆེས་ཆེར་གཡོ། །

ཕྱི་ནང་སྣོད་བཅུད་སྒྱུ་མའི་གར་སྟབས་ངོམས། །

བདེན་མེད་འཁྲུལ་བའི་རང་མཚང་དེ་མཐོང་ཚེ། །

གཏན་བདེ་ཐར་བའི་ལམ་བཟང་གཉེར་ན་ལེགས། །

འདི་ལྟར་བགྱིས་མཚོན་བདག་གཞན་འགྲོ་ཀུན་གྱི། །

དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་ཚོགས། །

གཅིག་ཏུ་བསྡོམས་ཏེ་ཕངས་བ་མེད་པའི་བློས། །

ཤེས་རབ་རལ་གྲི་ཕྱར་དེའི་རྗེས་སུ་གཞོལ། །

གང་ཞིག་དྲན་པའི་མོད་ལ་སྲིད་གསུམ་དཔུང་། །

འཇོམས་པའི་སྟོབས་མངའ་ཕན་བདེའི་བྱེད་པོ་མཆོག །

བསྟན་པའི་སྲུང་མ་ཡིད་བཞིན་དབང་གི་རྒྱལ། །

ངེས་གསང་ཐེག་མཆོག་ཆོས་ཀྱི་བྱ་ར་གྱིས། །

རིག་འཛིན་སྡེ་སྣོད་ཡོངས་ཀྱི་སྤྱི་ཕུད་མཆོག །

འོད་གསལ་ཐིག་ལེ་ཉག་གཅིག་བསྟན་པའི་དོན། །

གསལ་མཛད་གྲུབ་ཆེན་ནམ་མཁའ་འཇིགས་མེད་ཀྱི། །

བསྟན་པ་དར་རྒྱས་ཡུན་རིང་གནས་གྱུར་ཅིག །

ཅེས་རྒྱལ་དབང་པདྨའི་རྒྱལ་ཚབ་སྤྲུལ་བའི་གཏེར་ཆེན་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་རགས་རིམ་ཙམ་ཞིག་དང་། གསུང་འབུམ་གྱི་དཀར་ཆག་ཉུང་བསྡུས་སུ་བཀོད་པ་ནི། ས་ཕྱོགས་འདི་གར་གཏེར་ཆེན་འདིའི་གསུང་རྣམས་ལ་ཤིན་ཏུ་གལ་ཆེན་དུ་བརྩི་བ་དང་འཆད་ཉན་རེ་ཡོད་ཀྱང་། རྣམ་ཐར་སོགས་ངག་རྒྱུན་ཙམ་རེ་ལས་མེད་པས་ད་ཕྱིན་ལོ་རྒྱུས་ཀྱི་མཚམས་སྦྱོར་རེ་ལ་ཨེ་ཕན་སྙམ་པའི་བློས། རྒྱལ་བ་ཕུག་ཁང་པའི་ངེས་དོན་དགེ་བའི་བཤེས་གཉེན་རྣམ་གསུམ་༼ཀུན་གཟིགས་མཁན་ཆེན་བླ་མ་དགེ་ལེགས་ཆོས་འཕེལ། རྟོགས་པའི་དབང་ཕྱུག་མཁན་ཆེན་བསོད་ནམས་ཚེ་རིང་། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་པདྨ་འོད་ཟེར།༽གྱི་ཞབས་རྡུལ་སྤྱི་བོས་ལེན་ཞིང་། གཏེར་ཆེན་མཆོག་གི་ཟབ་ཆོས་ཡོངས་ཀྱི་སྐལ་བཟང་ཐོབ་པའི་བཙུན་གཟུགས་ཐ་ཤལ་བ་འཇིགས་བྲལ་པདྨ་རིག་འཛིན་དེས་སྔ་མོ་ནས་སུག་བྲིས་བགྱིས་ཟིན་ཀྱང་། ཕྱིས་སུ་གཏེར་ཆེན་གང་ལ་མི་ཕྱེད་པའི་དད་པ་མཆོག་ཏུ་མངའ་ཞིང་གསུང་ཆོས་དར་སྤེལ་སོགས་ལ་ཕྱག་ལས་མང་དུ་བགྱིས་པའི་མཁན་འཇིགས་མེད་རྡོ་རྗེས་སྔར་མ་འཁོད་པའི་ཞལ་རྒྱུན་སོགས་ཀྱི་ཁ་སྐོང་བྱས་ནས་ཡང་བསྐྱར་འབྲི་བའི་བསྐུལ་མ་ནན་ཏན་དུ་བྱས་པ་ལྟར། གཏེར་ཆེན་ཁོང་གི་རྣམ་ཐར་གྱི་སྐོར་ལ་ཅུང་རྒྱུས་ཆ་མངའ་བའི་འབྲེལ་ཡོད་མི་སྣ་ཁག་ལ་བཀའ་འདྲི་དང་། ཁ་གསབ་འབྲི་སྣོན་ཅི་རིགས་གསར་དུ་བྱས་པའི་ཡི་གེ་པ་ནི་མཁྱེན་དཔྱོད་ལྡན་པ་ཕུར་བ་རྣམ་རྒྱལ་ནས་བགྱིས་ཤིང་།འདི་ཡི་རྣམ་དཀར་དགེ་བས་སྐྱེ་ཀུན་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པའི་གདུལ་བྱར་འགྱུར་བའི་རྒྱུར་གྱུར་ཅིག་གུ། །ཕྱི་ལོ༢༠༢༢ ལོའི་ཟླ༤པའི་ཚེས༡༠ལའོ།


previousགསུང་འབུམ་དཀར་ཆགno next