Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
འཇིགས་གཤེད་གཤིན་རྗེ་གཤེད་ཀྱི་ལས་བྱང་རྡོ་རྗེའི་ཐོག་ཆར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousའཇིགས་གཤེད་གཤིན་རྗེ་གཤེད་ཀྱི་ལས་བྱང་རྡོ་རྗེའི་ཐོག་ཆར།next

འཇིགས་གཤེད་གཤིན་རྗེ་གཤེད་ཀྱི་ལས་བྱང་རྡོ་རྗེའི་ཐོག་ཆར།

རིག་འཛིན་དགོངས་པ་འདུས་པ་ལས༔ འཇིགས་གཤེད་གཤིན་རྗེ་གཤེད་ཀྱི་ལས་བྱང་རྡོ་རྗེའི་ཐོག་ཆར་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡ༔ བརྡ་ཡིག །མ་འོངས་སྙིགས་མའི་མཐར་ཐུག་ཉེ་བ་ན༔ བར་ཆད་སྦུ་ཡུག་བཞིན་ཏུ་འཚུབས་ཅིང་ལྡང་༔ ནད་མུག་མཚོན་གསུམ་ཤིན་ཏུ་དར་བ་དང་༔ རྒྱ་འདྲེ་འགོང་བོས་བོད་ཁམས་ཕུང་བྱེད་ཅིང་༔ བསྟན་པའི་གཞི་མ་ཆོས་འཁོར་གཉན་པོ་བཤིགས༔ བསྟན་འཛིན་དབུ་འཕང་སྨད་པའི་དུས་ཀྱི་ཚེ༔ གཉེན་པོ་སྟོབས་ཀྱི་ལྷ་འདི་མེད་པ་ན༔ རྒྱལ་བའི་ཕྲིན་ལས་དུས་ལས་ཡོལ་བར་གྲང་༔ དེ་ཕྱིར་ཨོ་རྒྱན་མཁན་པོ་པདྨ་ངས༔ རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ནས༔ བརྒྱུད་ཐག་ཉེ་ཞིང་བྱིན་རླབས་དངོས་གྲུབ་ཆེ༔ ཕྲིན་ལས་མྱུར་མགྱོགས་རྡོ་རྗེའི་ཐོག་ཆར་སྤྲོས༔ འདི་ཉིད་སྒྲུབ་པའི་གནས་ཀྱི་མཚན་ཉིད་ནི༔ དུར་ཁྲོད་བས་མཐའ་ས་རྩུབ་འཇིགས་སུ་རུང་༔ དུར་ཤིང་རྩུབ་ཤིང་ཚེར་མ་ཅན་གྱི་ཤིང་༔ ཨེ་ཡི་དབྱིབས་ཅན་རི་རྩེ་གཡའ་སྔོན་བཟུང་༔ གཅནགཟན་མི་རྒོད་ལྷ་འདྲེའི་རྒྱུ་བ་དྲག༔ གནམ་ས་འཁོར་ལོ་རྩིབས་གསུམ་མཆེ་བ་ཟུག༔ མདོག་ནག་གྲུ་གསུམ་སྐྱི་བུང་བྱེད་པ་དང་༔ ཆུ་བོ་རྦ་རླབས་འཕྱོ་འུར་སར་ཕྱིན་ཏེ༔ ས་བརྟགས་བསླང་བཟུང་བསྲུང་དང་རླབས་བྱས་ཏེ༔ ཐིག་གདབ་དཀྱིལ་འཁོར་བྲི་ཞིང་ཚོན་དགྱེ་བ༔ བཀའ་བརྒྱད་དང་ནི་གཤིན་རྗེ་སྤྱི་ལྟར་བྱ༔ བཅའ་བཤོམ་ཉེར་བསྡོགས་ཡན་ལག་ཞལ་ཤེས་བཞིན༔ སྒྲུབ་པའི་དུས་གཉན་སྲོད་འཁོར་མགོ་བཟུང་ནས༔ ལྷོ་ཕྱོགས་ཁ་བལྟས་སམ་ནི་འདུན་པས་བསྐྱང་༔ དམ་སེལ་མེད་པའི་གྲོགས་དང་ཡོ་བྱད་ལྔ༔ ཚོགས་པའི་གསང་བཅུའི་དམ་ཚིག་མ་ཉམས་ངང་༔ འདུག་གནས་དུར་ཁྲོད་ཆེན་པོ་ཞིག་ཏུ་བསྒོམ༔ སྦྱོར་བ་དང་ནི་དངོས་གཞི་རྗེས་དང་གསུམ༔ དང་པོ་ས་བཅད་རྣམ་པ་བཅུ་གཅིག་སྟེ༔ ཐོག་མར་གསུམ་ལ་སྐྱབས་སུ་འགྲོ་བ་ནི༔ ཨེ་མ༔ རྒྱལ་མཛད་རྣམ་རྒྱལ་བདུད་ལས་རྒྱལ༔ བདུད་ལས་རྒྱལ་བའི་གཟི་བྱིན་གྱིས༔ འཇིགས་པ་གསུམ་གྱི་གཡང་ས་ལས༔ དབུགས་དབྱུང་མཛད་ཕྱིར་སྐྱབས་སུ་མཆི༔ ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་པ༔ ཀྱེ་མ༔ ཉོན་མོངས་འཁྲུལ་བའི་སེམས་ཅན་ཀུན༔ སྡུག་བསྔལ་ཉམ་ཐག་བདེ་བས་དབུལ༔ གཏན་བདེའི་གོ་འཕང་ལ་འགོད་ཕྱིར༔ བྱང་ཆུབ་སེམས་བསྐྱེད་བསླབ་སྡོམ་བཟུང་༔ སྒྲིབ་སྦྱངས་ཚོགས་གཉིས་བསགས་པ་བདུན་རྣམ་དག༔ ན་མོ༔ འཇམ་དཔལ་སྲིད་ཞི་མཉམ་ཉིད་ཀློང་༔ འདུ་འབྲལ་མེད་པས་ཕྱག་འཚལ་ལོ༔ བླ་མེད་མཆོག་གི་དམ་པ་ཡི༔ ཡེ་ཤེས་འོད་ཟེར་འབར་བས་མཆོད༔ མ་རིག་ཉོན་ཤེས་སྒྲིབ་དབང་གིས༔ སྡིག་ལྟུང་ཉམས་ཆགས་མཐོལ་ལོ་བཤགས༔ སུ་དག་རྣམ་པར་དཀར་བའི་ལས༔ ཇི་སྙེད་བསྒྲུབ་ལ་རྗེས་ཡི་རང་༔ འགྲོ་ཁམས་དབང་ཆེན་རྡུལ་སྙེད་གྲངས༔ གདུལ་ཐབས་ཆོས་འཁོར་བསྐོར་དུ་གསོལ༔ ཐུགས་བསྐྱེད་བྱང་ཆུབ་སྤྱོད་པའི་གྲོགས༔ ངེས་འབྱུང་བསྐུལ་བའི་ཐུགས་དམ་དགོངས༔ འདིས་མཚོན་དུས་གསུམ་བསགས་པའི་དགེ༔ འཁོར་གསུམ་དམིག་མེད་ངང་དུ་བསྔོ༔ བསླུ་མེད་རྟེན་ཅིང་འབྲེལ་འབྱུང་མཐུས༔ འགྲོ་ཀུན་སངས་རྒྱས་ས་ཐོབ་ཤོག༔ བདག་འཛིན་རྣམ་རྟོག་བར་ཆད་བགེགས་བསྐྲད་པ༔ ཧཱུྃ༔ ང་རྒྱལ་གཤིན་པོ་ཀུན་གྱི་རྗེ༔ ཆོ་འཕྲུལ་ཁྲི་ཕྲག་བརྒྱད་ཀྱི་གདོན༔ སྐྱེ་འགྲོའི་ཚེ་རྐུ་སྲོག་ལ་རློམ༔ རྣལ་འབྱོར་བྱང་ཆུབ་བསྒྲུབ་པའི་གེགས༔ གཉུག་གནས་གློ་བུར་ལྷག་པ་ཀུན༔ ཟག་མེད་ཡེ་ཤེས་རྒྱུ་འཕྲུལ་སྤྲིན༔ ཅི་འདོད་དངོས་པོའི་འདོད་ཡོན་དུ༔ རྟག་འཆར་འཛད་པ་མེད་པའི་གཏེར༔ འདི་དག་འབུལ་གྱི་བསྣམ་ནས་ཀྱང་༔ དེང་ནས་ཕྱིན་ཆད་བགེགས་མ་བྱེད༔ ཅི་ཕྱིར་བདག་གཞན་ཀུན་དོན་སླད༔ ངས་ནི་བསམ་པ་རྣམ་དཀར་བས༔ བཅོམ་ལྡན་བྱམས་པའི་ཏིང་འཛིན་གྱིས༔ བདུད་སྡེའི་མཚོན་ཆར་ཕབས་པའང་༔ མེ་ཏོག་སིལ་མའི་བསྟི་སྟིངས་ ༼ སྟང་དཔྱད། ༽ གྱུར༔ བདེན་པ་དེ་ཡིས་གླགས་མ་མཆིས༔ ཨོཾ་སརྦ་བིགྣཾ་ཨ་གཙྪ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ རྐུན་པོ་ཕྱིར་ཕྱུང་ཁྱིམ་གྱི་སྒོ་བསྡམ་ཚུལ༔ ཧཱུྃ༔ འཁོར་འདས་བྱང་ཆུབ་སེམས་ཀྱི་ངང་༔ ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ཀྱང་༔ རང་ས་མ་ཟིན་གསུམ་གྱིས་ལན༔ བསྲུང་དང་བསྲུང་བྱར་ཨ་འཐས་པའི༔ གཟུང་དང་འཛིན་པའི་འདུ་འཛི་ཀུན༔ ཕྱོགས་བཅིངས་ང་རྒྱལ་མ་ལགས་པར༔ ཡེ་སངས་རྒྱས་པ་ཡང་སངས་རྒྱས༔ རྒྱ་གྲོལ་ཆོས་སྐུའི་ཡོ་ལང་ལ༔ རེ་དོགས་སྤངས་བླང་མཚན་མ་ཀུན༔ རྨི་ལམ་སྒྱུ་མའི་སྤྲོས་རྟོགས་ལྟར༔ ཨོཾ་བཛྲ་མུ་ག་རཱ་ཛ་དནྟྲི་ཧཱུྃ༔ པདྨ་བམ་ཁརྒ་ཧོ༔ ཛཿཧཱུྃ་བཾ་ཧོ༔ མ་རིག་མུན་བསལ་ཡེ་ཤེས་སྒོ་ཕྱེས་པ༔ ཀྱཻ༔ འཇམ་དཔལ་ཡེ་ཤེས་རང་གནས་ཀྱང་༔ མ་རིག་འཁྲུལ་པའི་རྫས་ཀྱི་རྨོངས༔ ཤེས་རབ་ལྟ་བའི་སྨན་ཆེན་གྱིས༔ འཁོར་སྒོ་བསྡམས་ནས་ཡང་དག་འཆར་སྒོ་ཕྱེས༔ ཧཱུྃ༔ དོན་དམ་ཀུན་རྫོབ་དབྱེར་མེད་པའི༔ རང་གནས་སྐུ་བཞིའི་དཀྱིལ་འཁོར་ཀྱང་༔ ཡེ་དང་རང་བཞིན་དངོས་པོའི་གསང་༔ ད་ནི་རང་ཞལ་མཐོང་བ་བརྟོལ༔ ཨོཾ་བཛྲ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ དཀྱིལ་འཁོར་ལྷ་ལ་བརྡའ་ཕྱག་འཚལ་བ་ནི༔ རང་བཞིན་བཟང་ངན་མེད་མཉམ་པས༔ ལྟ་བའི་ངར་བསྐྱེད་བརྡའ་ཕྱག་འཚལ༔ ཧཱུྃ༔ བདག་ཉིད་ཡེ་ནས་རྡོ་རྗེ་ལྡན༔ རང་བཞིན་གཞི་ཡི་ཧེ་རུ་ཀའི༔ འབྲས་བུ་མངོན་གྱུར་དོན་མཚོན་པས༔ བསྒྲུབ་པ་ཐབས་ཀྱི་བརྡའ་ཕྱག་འཚལ༔ ཨོཾ་བཛྲ་ས་མ་ཡཱ་ཛྙཱ་ན་མནྜ་ལ་ས་མ་ཏི་ན་མ་ཧོ༔ ནོངས་བ་བཤགས་པར་བྱ་བ་ནི༔ ཧཱུྃ༔ སྒྲིབ་པའི་དབང་བྱས་འཁྲུལ་པའི་བག༔ ཆུ་བོ་བཞི་ཡི་རྒྱུན་ཕྱོགས་གཡེངས༔ དེ་ཡང་མགོན་པོའི་འོད་ཟེར་གྱིས༔ བཟུང་བྱས་ཡང་དག་ལྟ་ལ་གནས༔ བཛྲ་བི་ཤུུངྡྷེ་ཨཱཿ ཡང་ཅིག་མི་འདའ་རྡོ་རྗེའི་དམ་བཅའཿ ཧཱུྃཿ བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་༔ རྡོ་རྗེ་སློབ་དཔོན་རྡོ་རྗེའི་མཆེད་ལྕམ་དྲྭལ༔ ཡི་དམ་རྒྱལ་བ་ཁྱེད་ནི་སྲོག་ཕྱིར་ཡང་༔ སྤང་བར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས༔ ས་མ་ཡཱ༔ ཏིཥྛ་བཛྲ༔ ཡེ་ཤེས་ཆེན་པོའི་བྱིན་ཆེན་དབབས་པ་ནི༔ ཀྱེ་ཀྱེ་ཀྱེ༔ ཆོས་རྣམས་རང་བཞིན་འཇམ་དཔལ་ཀུན་གྱི་དངོས༔ སྐྱེ་མེད་འགགས་མེད་འགྲོ་འོང་མེད་པའི་བདག༔ ནམ་མཁའ་བཞིན་དུ་འཕོ་འགྱུར་ཀུན་བྲལ་ཡང་༔ ཆུ་ཟླའི་ཚུལ་བཞིན་དེར་སྣང་བྱིན་ཆེན་ཕོབ༔ རྒྱལ་ཀུན་ཐུགས་བཞུགས་རྗེ་བཙུན་མཁྱེན་པའི་གཏེར༔ འཆི་བདུད་སྡེར་གཏོགས་མ་ལུས་འདུལ་བྱེད་པ༔ ལས་མཛད་རང་རྩལ་གཤེད་ཆེན་འཁོར་དང་བཅས༔ རྣམ་འབྱོར་བརྩེ་བྱིན་རློབས་པའི་དུས་ལ་བབས༔ དད་དང་ཤུགས་བྱུང་ཐུགས་རྗེའི་སྒྲོལ་བའི་དམ༔ མགོན་ཁྱོད་སྟོང་ཉིད་བཞུགས་པའི་དགྱེས་ཚོལ་ལ༔ བསེ་རུ་ལྟ་བུའི་བརྟུལ་ཞུགས་རྗེས་དགོངས་སམ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཛྙཱ་ན་ཙཀྲ་མནྜ་ལ་ཨ་ཝཱེ་ ༼ བེ་དཔྱད། ༽ཤ་ཡ་ཕེཾ་ཕེཾ༔ རང་བྱུང་ཡེ་ཤེས་དག་པའི་ཕབ་བྲན་པ༔ ཧཱུྃ༔ གཙང་དམེ་གཉིས་སུ་སྣང་བའི་ཡུལ་རྣམས་དང་༔ ཇི་ལྟར་དེ་བཞིན་འཛིན་པའི་སེམས་རྟོག་ཀུན༔ མེད་མཉམ་དག་མཉམ་བདག་ཉིད་ཆེན་པོར་མཉམ༔ ཨརྒྷཾ་ནས་ཤབྟ་རཱུ་པ་སོགས་སྤརྴེ་སརྦ་པཉྩ་རཀྟ་བྷ་ལིངྟ་ཏཱ་ན་ག་ན་གུ་ཧྱ་བྷོ་དྷི་ཨ་ཧཱུྃ༔ ད་ནི་དངོས་གཞིའི་རིམ་པ་ལ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི༔ ཧཱུྃ༔ ཐམས་ཅད་མ་ལུས་འཁོར་འདས་ཆོས་སོ་ཅོག༔ བཱཻ་ཏ་ཡུམ་གྱི་མཁའ་ཀློང་ཡངས་པར་འཁྱིལ༔ སྐྱེ་འགགས་འགྱུར་མེད་སེམས་ཡིད་རྣམ་རྟོག་བྲལ༔ མ་ལུས་རང་གི་ཡང་དག་མཐའ་ལ་བལྟ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི༔ ཧཱུྃ༔ མ་རྟོགས་སྲིད་པའི་འཁོར་ལོ་སྙིང་རྗེའི་ཡུལ༔ རྒྱུ་བ་ཀུན་ལ་དམིགས་པའི་སྒྱུ་མ་ནི༔ དམིགས་མེད་རང་མདངས་རྩལ་སྟོབས་གཞི་ལ་རྫོགས༔ རང་བྱུང་ཡེ་ཤེས་ཆེན་པོའི་ཡེ་ནས་བརྡལ༔ ཨོཾ་བཛྲ་ས་མཎྟ་ལོ་ཀ་མ་ཧཱ་ཀ་རུ་ཎི་ཀ་ས་མ་ཏི་ཨཱ༔ ལྟ་བའི་ངར་གདེངས་བསྐྱེད་པ་གཞི༔ ཧཱུྃ༔ རང་གྲོལ་གནས་པ་གཞི་ཡི་འཁོར་ལོ་ནི༔ བཅོས་མེད་སྙིང་རྗེ་རྡོ་རྗེའི་དོན་དང་ལྡན༔ སྐུ་དང་ཡེ་ཤེས་འཁོར་འདས་བདེན་པ་གཉིས༔ ལྟ་བསྒོམ་ཐབས་ཤེས་ཞི་ལྷག་ཤེར་ཏིང་འཛིན༔ འཇམ་དཔལ་ཡ་མནྟ་ཀའི་ཐུགས་ལ་གནས༔ ཀུན་གྱི་སྟོང་སྲོག་བདེ་ཆེན་བྱང་ཆུབ་སེམས༔ ཧཱུྃ་ཧེ་རུ་སྱ་ཏྱ་ཡ༔ ཨ་ན་བྷོ་ག༔ སུ་ག་ཏ་གརྦྷ་བུདྡྷ་མ་ཧརྨཱ་ཀོ྅་ཧཾ༔ རྒྱ་གཅིག་ཕྲ་བ་ཡིག་འབྲུ་ལ་བསླབས་པ༔ ཧཱུྃ༔ ཆོ་འཕྲུལ་སྤྲུལ་བ་མཆོག་གི་འཁོར་ལོ་ནི༔ སེམས་དཔའ་གཉིས་ཀྱིས་ཞབས་ཀྱི་འོག་ན་གནས༔ ཡེ་ཤེས་ལྔ་ཡི་ཡོན་ཏན་ཟེར་ཐིག་ལེའི༔ ཐུགས་ལྔའི་དེ་ཉིད་རྒྱུ་ཡི་ཡི་གེ་འབར༔ གཟི་བྱིན་རབ་འབར་ནུས་པ་རྩལ་ལྡན་བྷེཾ༔ རགས་པ་ལྷ་ཡི་སྐུ་ལ་བསླབས་པ་ཉིད༔ དང་པོ་བདག་གི་སྲས་སུ་གཞན་བྱ་བ༔ དེ་ཉིད་གནས་འགྱུར་རྒྱུ་ཡི་རྡོ་རྗེ་འཛིན༔ མངོན་སྤྱོད་དབང་ཕྱུག་འཇམ་དཔལ་དྲག་པོ་རྩལ༔ དབུ་གསུམ་གཡས་དཀར་གཡོན་དམར་དབུས་ཀྱི་ཞལ༔ མཐིང་ནག་ཁྲོ་གཏུམ་རྔམ་བརྗིད་འབར་བའི་སྐུ༔ རྩ་བའི་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི་དང་༔ གཡོན་པས་འཁོར་ལོ་ཆུ་སྐྱེས་བསྣམས་ནས་རྔམ༔ ཞབས་གཉིས་ཕྱེད་ཀྲུང་རང་འོད་ཡུམ་དང་འཁྲིལ༔ སྟག་ཤམ་རུས་རྒྱན་སྦྲུལ་དང་ཐོད་པས་ཐོད༔ ནམ་མཁའི་དབྱིངས་ནས་ཕཻཾ་དང་ཀ་ར་སྒྲོགས༔ ཐུགས་ལྔའི་རང་འོད་འབྱུང་ལྔའི་ས་བོན་ནི༔ ཨེ་ཡཾ་ར་སུཾ་རཾ་དང་ཀཾ་འཕྲོས་པས༔ ཨེ་ལས་ནམ་མཁའ་མཐིང་ནག་གཟུགས་བྲལ་དབྱིངས༔ ཡཾཿལས་རླུང་དཀྱིལ་ལྗང་གུ་གཞུ་ཡི་དབྱིབས༔ རཿལས་རཀྟའི་རྒྱ་མཚོ་གྲུ་གསུམ་དམར༔ སུཾཿལས་ཞིང་ཆེན་ས་གཞི་ཟླ་གམ་སེར༔ ཀཾཿལས་རུས་པའི་རི་རབ་གྲུ་བཞི་དཀར༔ རཾཿལས་རྡོ་རྗེའི་མེ་ཡི་རྭ་བའི་དཀྱིལ༔ དབྱངས་ཅན་བཻཾ་ཏ་ཡུམ་ལྔའི་མཁའ་དབྱིངས་སུ༔ ཏྲི་ཤུལ་ལ་སོགས་མཚོན་ཆའི་རྭ་བའི་དབུས༔ གཏུམ་དྲག་ལ་སོགས་དུར་ཁྲོད་རྣམ་བརྒྱད་དུ༔ ཤིརྵ་ལ་སོགས་ཤིང་བརྒྱད་རྩ་བ་རུ༔ བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་ཆེན་པོ་བརྒྱད༔ ཤིང་རྩེར་རྫུ་འཕྲུལ་ཆེ་སོགས་ཞིང་སྐྱོངས་བརྒྱད༔ ཤིང་གི་གཡས་སུ་ཐུགས་རྗེའི་ཆུ་བོ་བརྒྱད༔ དེ་ལ་ནོར་རྒྱས་ལ་སོགས་ཀླུ་བརྒྱད་གནས༔ གཡོན་ཕྱོགས་མ་ལ་ཡ་སོགས་རི་བརྒྱད་ཀྱི༔ གཤམ་དུ་མེ་བརྒྱད་རྐེད་པར་རིག་འཛིན་བརྒྱད༔ རྩེ་མོར་བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྒྱད༔ མཁའ་ལ་སྒྲོགས་ལྡན་ལ་སོགས་སྤྲིན་བརྒྱད་དེ༔ གཞན་ཡང་ཀེང་རུས་ཕྱེད་ཚལ་རོ་ལངས་དང་༔ བམ་རིལ་གསར་རྙིང་ར་རི་གྲམ་ཁྲོད་བརྡལ༔ གནོད་སྦྱིན་སྲིན་པོ་ཤ་ཟ་ཡི་དྭགས་དང་༔ འབྱུང་པོ་སྟག་གཟིགས་ཁྱི་སྤྱང་བྱ་རོག་རྒོད༔ ཁྭ་ཏ་འུག་པ་དུར་བྱ་ཀང་ཀ་ཡིས༔ ཅ་ཅོ་སྒྲོགས་ལྡན་རབ་ཏུ་འཇིགས་པའི་དབུས༔ གཞལ་ཡས་ས་བོན་འཁོར་ལོ་བྷྲུཾ་མཚན་ཅན༔ ཡོངས་གྱུར་གཏི་མུག་གཤིན་རྗེ་སྐུ་མདོག་ནག༔ འཁོར་ལོའི་ཐུགས་བསྣོལ་རང་འདྲེའི་ཡུམ་ལ་འཁྱུད༔ བདེ་སྟོང་དབྱེར་མེད་རྗེས་ཆགས་འཇུ་འདུལ་ལས༔ སྐད་ཅིག་ཡོངས་གྱུར་དྲག་པོའི་གཞལ་ཡས་ཁང་༔ ཕྱི་ནང་ཐབས་དང་ཤེས་རབ་མཚོན་པའི་བརྡར༔ ནང་དུ་ཐོད་པ་སྐམ་རློན་རྙིད་གསུམ་དང་༔ ༼ འགའ་ཞིག་ལས་ཕྱི་རིན་ཆེན་ནང་ཐོད་མཁར་དུ་གསུངས་ཀྱང་འདིར་ནི་རྒྱུད་སྒྱུ་འཕྲུལ་རྒྱས་པ་ལྟར། ༽ ཕྱི་རིམ་ཐོད་རློན་རྩིག་པ་རིམ་པ་ལྔ༔ ཁ་ནས་མེ་འབར་མིག་ནས་ཁྲག་ཆར་འབེབས༔ སྣ་ནས་དུད་འཐུལ་རཀྟའི་སྤྱིན་ཐབས་སྦྱར༔ གནམ་ལྕགས་གཟེར་གདབས་རྩིག་གསེང་ཁྲོ་ཆུང་དང་༔ སྣ་ཚོགས་མཚོན་ཆ་འབར་བའི་རྩེ་རྣོན་གཟེངས༔ རྩིག་སྟེང་ཐོད་པ་སྣ་ཚོགས་ཕ་གུ་བསྒྲིགས༔ སྦྲུལ་ཆེན་མགུལ་འཁོར་དཀར་ནག་ཁྲ་བོའི་སྟེང་༔ སྒལ་ཚིག་ཀ་ཐུང་རྩིབ་ཆེན་གདུང་ལེབ་བརྟེན༔ ནང་དུ་ལྷ་བརྒྱད་ཀ་བ་ཀླུ་བརྒྱད་གདུང་༔ གཟའ་བརྒྱད་ཀ་གཞུ་སྡེ་བརྒྱད་ཀ་བའི་གདན༔ ལྷ་ཕྲན་ཕྱམ་དང་རྒྱུ་སྐར་གྲལ་ཟིབ་བྱས༔ ཕྱམ་སྣེར་ཆུ་སྲིན་ཁ་ནས་སྦྲུལ་ཆུན་སྐྱུགས༔ དེ་ཉིད་ལ་བརྒྱུས་ཐོད་ཕྲེང་དྲྭ་བ་ཕྱེད༔ ཙིཏྟའི་ཕོ་ལོང་རོ་ཡི་སྐྲའི་རྔ་ཡབ༔ མུན་པར་ཉི་ཟླའི་སྒྲོན་མེའི་འོད་ཟེར་འབར༔ ཕྱ་འདབས་ལས་འཕྱང་རྐང་ལག་ཤར་བུ་བསྒྲིགས༔ མཆོག་ཕྲན་སྤང་ལེབ་མཆོག་ཆེན་ཐོག་སར་བཀྲམ༔ རཱུ་ཏྲའི་ལྷུ་ཆེན་དཱ་རི་ཀ་ཡི་སྟེང་༔ བྲང་གི་པུ་ཤུ་ཁ་ཁྱེར་མུ་རན་ལ༔ མི་ནུབ་རྒྱལ་མཚན་བཅུ་ཡི་རབ་ཏུ་རྔམ༔ སླག་ཆེན་བླ་བྲེ་རུ་ཏྲའི་ཞིང་གི་སྟེང་༔ རྡོ་རྗེ་ཏྲི་ཤུལ་འབར་བའི་ཏོག་གིས་གཟིར༔ རྒྱུ་ཞགས་རློན་པའི་རྟ་བབས་མཆོད་རྟེན་སྦྲེལ༔ གློ་མཚེར་མཁལ་སྙིང་མཆིན་པའི་རྒྱན་གྱིས་སྤུད༔ སྒོ་བཞི་རུས་སྦལ་མ་ཐེམ་ཆུ་སྲིན་གྱི༔ ཡ་ཐེམ་སྦྲུལ་ནག་སྐྱེས་བུའི་བམ་སྨུག་འདེགས༔ ཞིང་གི་སྒོ་གླེགས་སྟེང་དུ་རྟ་བབས་ནི༔ སོ་དང་སོར་མཛུབ་གསོན་མས་མི་མགོ་དང་༔ མཆོག་དབང་བཅུ་གཅིག་རྡོ་རྗེའི་གསང་མ་ལ༔ ཉི་ཟླ་ནོར་བུ་སྒྲོན་གསུམ་འོད་ཟེར་འགྱེད༔ མིག་དང་རྣ་བ་སྣ་ལྕེ་སྙིང་དབང་པོ༔ ཆུ་སྲིན་སེང་གེ་ཁྱུང་མགོ་རིམ་པར་དཀྲིགས༔ ཚར་ནོན་འཁོར་ལོའི་རྩིབས་ཀྱི་ཤར་བུ་ཅན༔ ཐོག་ཕུབ་གཤིན་རྗེའི་ཐོད་པ་ཁ་སྦུབ་སྟེང་༔ ཆོས་འཁོར་གདུགས་ཏོག་རཀྴའི་རོ་བརྒྱང་བ༔ གཡས་གཡོན་ཆུ་སྲིན་ཕྲུ་གུའི་ཆོས་སྒྲ་ཉན༔ འདོད་སྣམ་མཆོད་པའི་ལྷ་མོའི་གར་བསྐོར་སྒེག༔ གྲྭ་བཞིར་ཟླ་ཕྱེད་རྡོ་རྗེའི་མཚན་པས་སྤྲས༔ ཕྱི་ནང་གསེར་དང་ཁྲག་ཁྱམས་རིམ་པ་གཉིས༔ མཐའ་བསྐོར་ལྕགས་མཁར་ཚ་བསྲེགས་དྲུག་ཅུ་དང་༔ འཁོར་ས་འོབ་ཆེན་བཅུ་གཉིས་ལ་སོགས་པ༔ རང་གི་ཁམས་དང་བྱེད་པ་དང་མཐུན་ཅིང་༔ གདུལ་བྱ་དང་ནི་འདུལ་བར་བྱེད་པའི་ཚུལ༔ གང་ལ་གང་ཞིག་བསྔགས་པ་དེར་སྣང་ཞིང་༔ རྒྱ་ཁྱོན་ཚད་མེད་རྫོགས་པ་ཉིད་ཀྱིས་གསལ༔ བྷྲཱུྃ་བྷ་ཡ་ན་ཀ༔ ཀ་པཱ་ལ་ཨ་མ་ཏྲཾ་ཤ་མ་ཤ་ན་ཨ་ལངྐ་རིཥྞ་སྭཱ་ཧཱ༔ ཧཱུྃ༔ རང་སྔགས་སྙིང་པོ་ལས་ཀྱི་གཞི༔ བྱིན་རླབས་ཆོ་འཕྲུལ་འབྱུང་བ་ནི༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ ཨཿམཿཔཾཿདང་ཧ་སྤྲོས་པས༔ མ་ཧེ་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ གསལ་བྱེད་སྙིང་པོ་བསིལ་བྱེད་དང་༔ ཆུ་གླང་གཤིན་རྗེ་བརྫིས་པའི་སྟེང་༔ བདག་ཉིད་རྒྱུ་ཡི་ཧེ་རུ་ཀ༔ ཡབ་ཡུམ་དབུས་ཀྱི་གདན་ལ་བབས༔ མཉམ་སྦྱོར་འཁོར་འདས་མཁར་སྡུད་ཅིང་༔ གཉིས་མེད་ཆེ་བའི་ང་རྒྱལ་བསྐྱེད༔ འཇམ་དཔལ་མཁའ་ལས་བྱུང་བ་ཡི༔ ལྷ་ཚོགས་ཡོངས་རྫོགས་མངལ་འབྱིན་ནས༔ གཙོ་འཁོར་སོ་སོའི་གདན་ལ་བཀོད༔ གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད༔ གཙོ་ཆེན་བདེ་སྟོང་ངོ་བོར་ཞུ༔ ཐུགས་སྲོག་ཧཱུྃ་མཚན་ཐོད་དབྱུག་ལས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ གཤིན་རྗེའི་གཤེད་པོ་བགེགས་ཀྱི་རྒྱལ༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ༼ མགྲིན་པ་གསུམ་ཡོད་པ་ཡིན། ༽ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་ཞལ་དཀར་པོ་ཞི་ཞིང་སྒེག༔ རྩ་ཞལ་འཇིགས་རུང་མ་ཧེའི་གདོང་༔ ༼ རྭའི་ནང་ན་དབུ་རྒྱན་ཡོད། ༽ གླང་རྭ་སྔོན་པོ་གནམ་དུ་གཟེངས༔ གཡོན་ཞལ་དམར་པོ་དཔའ་གཏུམ་རྔམ༔ སྤྱན་དགུའི་སྡང་མིག་ཕྱོགས་བཅུར་གཟིར༔ སྤྱན་རྩ་དམར་པོ་གློག་སྟོང་འཁྱུགས༔ སྨྲ་ར་སྨིན་མ་མེ་ཞགས་འཕྲོ༔ བཅུ་གཉིས་མཆེ་བ་རབ་ཏུ་གཙིགས༔ ཤངས་ནས་ཡེ་ཤེས་འཐོར་རླུང་འཚུབས༔ ཞལ་ནས་ཧཱུྃ་དང་ཕེམ་ཀ་ར༔ འབྲུག་སྟོང་དུས་གཅིག་ལྡིར་བ་ལྟས༔ དགོད་དང་གཤེ་དང་དྲག་ཤུལ་ལྡན༔ ཚེམས་ཕྲེང་བཞི་བཅུའི་ཟླ་ཚེས་ལ༔ དམར་ནག་རཀྟའི་འདམ་གྱི་བསྒོས༔ ཚེམས་གསེང་ཤ་རུས་དུམ་བུར་འཁྲིགས༔ གཡས་ཀྱི་ཕྱག་གསུམ་རིམ་པ་བཞིན༔ བེ་ཅོན་རལ་གྲི་དགྲ་སྟྭ་ལ༔ གཡོན་གསུམ་སྡིགས་མཛུབ་མདུང་རིང་དང་༔ འཁོར་འདས་དབང་བསྒྱུར་ཐོད་ཁྲག་བསྣམས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ སྐུ་གསུམ་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རང་བཞིན་ལྷུན་གྲུབ་པའི་༔ ཐོད་སྐམ་བཅོ་ལྔས་དབུ་བརྒྱན་ཅིང་༔ དེ་ལ་རིན་ཆེན་ཟེ་སྲོག་བཙུགས༔ ནང་ན་རྒྱལ་བ་རིགས་ལྔ་བཞུགས༔ ཁྲག་འཛག་ལྔ་བཅུའི་དོ་ཤལ་གསོལ༔ སྐམ་གཤེར་སྤེལ་མའི་མགུལ་ཆུན་དང་༔ ཐུགས་ཀར་སླེབ་པའི་སེ་མོ་དོ༔ དབུ་སྐྲ་རལ་པའི་ཐོར་གཙུག་ལྔ༔ མཐའ་ཡས་སྔོན་པོའི་སྐྲ་ཆིངས་བྱས༔ འཇོག་པོ་དམར་པོའི་རྣ་ཆ་བྱས༔ རིགས་ལྡན་ཁྲ་བོའི་དཔུང་བ་བརྒྱན༔ དུང་སྐྱོང་སེར་པོའི་ཕྱག་གདུབ་མཛེས༔ པདྨ་དཀར་པོའི་མགུལ་རྒྱན་གསལ༔ སྟོབས་རྒྱུ་ལྗང་གུའི་མཆོད་བྱུར་ཏོག༔ ནོར་རྒྱས་བདུད་རྩིའི་སྐེད་རགས་བཅིངས༔ པདྨ་ཆེན་པོའི་ཕྱག་ཞབས་གདུབ༔ དུག་སྦྲུལ་གསོན་མའི་རྒྱན་བརྒྱད་པོའི༔ ཁ་ནས་ཕུད་སྒྲའི་རྒྱང་གྲགས་འགེངས༔ ལྕེ་གཉིས་བ་དན་དགུང་ལ་གཡུག༔ ཁ་རླངས་དུག་གི་བུ་ཡུག་འཚུབས༔ སྐུ་སྟོད་གླང་ཆེན་གོ་རློན་གཡོགས༔ རྐེད་པར་ཞིང་ཆེན་གཡང་གཞི་གསོལ༔ སྟག་གི་ལྤགས་པའི་ཤམ་ཐབས་གྲོལ༔ དཔྲལ་བར་ཐལ་ཆེན་ཚོམ་བུ་དང་༔ མཁུར་ཚོས་རཀྟའི་ཐིག་ལེ་རྔམ༔ ཞལ་ལ་ཞག་གི་ཟོ་རིས་བྱུག༔ དཔལ་གྱི་ཆས་བཅུ་ལྷུན་གྱིས་གྲུབ༔ སྐུ་ལ་བསྐལ་བའི་མེ་ཆེན་འབར༔ སྤྱི་བོར་མགྲིན་པ་སྙིང་ཀ་དང་༔ ལྟེ་བ་གསང་གནས་རིམ་པ་བཞིན༔ འཇམ་དཔལ་ཞི་བ་རྟ་མགྲིན་རྒྱལ༔ ཡང་དག་ཆེ་མཆོག་བདུད་རྩི་འཁྱིལ༔ དཔལ་ཆེན་བཛྲ་ཀུ་མ་ར༔ ཕྱག་གཡས་རལ་གྲི་དབྱུག་ཏོ་དང་༔ རྡོ་རྗེ་བྱ་ཁྱུང་ཕུར་བུ་བསྣམས༔ གཡོན་རྣམས་སྡིགས་མཇུབ་ཕྱོགས་བཅུར་གཟིར༔ ཞབས་བཞིའི་འཆི་བདུད་སྟེང་ན་འགྱིངས༔ དབྱངས་ཅན་རབ་འཁྲོས་བཻ་ཏཱ་ལི༔ ནག་མོ་གཏུམ་ཆེན་འབར་བའི་ཉམས༔ ཁྲོ་གཉེར་ཆུ་བོའི་རླབས་བཞིན་འཁྲུགས༔ སྐུ་གསུམ་རྫོགས་པའི་སྤྱན་གསུམ་ལྡན༔ དབུ་སྐྲ་ཁམ་ནག་རབ་ཏུ་འཚེར༔ ཟ་བྱེད་རྔམ་ཞིང་རོལ་པའི་སྟབས༔ ཞལ་གདེངས་ལྗགས་འགྲིལ་མཆེ་བ་གཙིགས༔ འགེམས་བྱེད་དགྲ་སྟྭ་འབར་བ་གཡས༔ གཡོན་པས་བྷན་དྷ་ཁྲག་བཀང་བ༔ ཡབ་ཀྱི་ཞལ་དུ་སྟོབས་པར་བྱེད༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ ཞབས་གཡོན་ཡབ་ཀྱི་རྐེད་ལ་འཁྲིལ༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ གཟིག་ཤམ་རུས་རྒྱན་གཡང་གཞི་གསོལ༔ མེ་དཔུང་འབར་བའི་དབུས་ན་རོལ༔ གཡོན་ཏུ་སྒྲོལ་ཡུམ་ཨེ་ཀ་ཛ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡུ་ཡི་རལ་བ་གཙུག་ཏུ་འཁྱིལ༔ གཡས་ཕྱག་ཏྲི་ཤུལ་འབར་བ་ལ༔ ཞིང་ཆེན་གཡང་གཞིའི་རུ་མཚོན་ཅན༔ གཡོན་པས་གཡུ་སྤྱང་ཁྲ་ཐབས་འགྱེད༔ ཁྲོ་གཉེར་དུག་ ༼ དྲུག་ ༽གི་རླབས་ཕྲེང་འཁྲུགས༔ གཡང་གཞི་རློན་པའི་ནབ་བཟའ་ཀླུབས༔ ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན༔ ཡབ་ཀྱི་རྟོག་པ་ཡི་གེར་གྱུར༔ ཧི་ཧིའི་གད་མོའི་གླུས་བསྐུལ་ཞིང་༔ རིན་ཆེན་པདྨོ་རྒྱས་པར་མཛད༔ འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀུན༔ འོད་ཞུ་གཙོ་བོའི་ཐུགས་སུ་གྱུར༔ ཡབ་ཡུམ་ཐབས་ཤེས་མཉམ་སྦྱོར་བའི༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ ཆོས་འབྱུང་ཀློང་དུ་རྟེན་བརྟེན་པའི༔ དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ཤར༔ ཡཿཀྵེ་མ་མེ་ད་ཡཙྪ་ནི་རཱ་ཛ་ས་དོ་རུ༔ ཡི་གེའི་རྣམ་པའི་ཆོ་འཕྲུལ་གྱིས༔ ཕྱིར་བྱོན་རང་རང་གདན་ལ་བཀོད༔ གཙོ་བོ་འབྲས་བུ་ཧེ་རུར་ཐིམ༔ ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་དུ༔ མཐིང་ནག་ཧཱུྃ་གི་ཡི་གེ་འཕྲོས༔ ཉི་ཟླ་པདྨའི་ལྟེ་བ་རུ༔ གདུག་པ་སྦྲུལ་མགོའི་བམ་གྱི་སྟེང་༔ ཐུགས་སྲས་ཡ་མ་རཱ་ཛ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ མཐིང་དཀར་དམར་བའི་ཞལ་གསུམ་པ༔ སྐུ་མདོག་དབྱར་ཁའི་ཆར་སྤྲིན་འདྲ༔ གཡས་གསུམ་འཁོར་ལོ་རལ་གྲི་དང་༔ དྲེགས་ཚོགས་འགུགས་པའི་ལྕགས་ཀྱུ་བསྣམ༔ གཡོན་གསུམ་ཁ་ཊྭཱཾ་དགྲ་སྟྭ་ཞགས༔ སྦྱོར་ཡུམ་གཡུ་ཡི་རལ་གཅིག་མ༔ གཡས་པས་ཁ་ཊྭཱཾ་གཡོན་དུང་དམར༔ སྒྲོལ་ཡུམ་ནག་མོ་རེ་མ་ཏི༔ རལ་གྲི་ནེའུ་ལེའི་རྐྱལ་བ་བསྣམས༔ ལྷོ་རུ་པདྨ་ཟླ་ཉི་དང་༔ ང་རྒྱལ་སེང་མགོའི་ཏི་རའི་སྟེང་༔ ཡོན་ཏན་སྲས་མཆོག་མྱོས་བྱེད་འབར༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་ཞལ་སེར༔ བེ་ཅོན་རལ་གྲི་དགྲ་སྟྭ་གཡས༔ ཐོད་ཁྲག་ཚར་རྣོན་རྒྱུ་ཞགས་གཡོན༔ གཏུམ་མོ་གྲི་ཐོད་འཛིན་པས་འཁྱུད༔ སྒྲོལ་ཡུམ་སེར་ནག་ཁྲག་གི་བདག༔ གཡས་ན་སྙིང་དང་གཡོན་ཞགས་པ༔ ནུབ་ཏུ་པདྨ་ཉི་ཟླའི་སྟེང་༔ དྷརྨ་སྤྲེལ་མགོའི་གདན་སྟེངས་སུ༔ གསུང་སྲས་འཕགས་པ་མ་རུ་རྩེ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་དབུས་དམར་ནག༔ བེ་ཅོན་དབྱུག་ཏོ་ཁ་ཊྭཱཾ་གཡས༔ བྷན་དམར་འཁོར་ལོ་རྒྱུ་ཞགས་གཡོན༔ སྦྱོར་བའི་ཡུམ་མཆོག་འོད་ཟེར་ཅན༔ གཡས་པས་གཙོ་འཁྱུད་གཡོན་དུང་དམར༔ སྒྲོལ་ཡུམ་གླིང་བཞི་གཙུག་འབྱམས་དམར༔ མི་སྙིང་གཡས་ལ་ཐོད་ཁྲག་གཡོན༔ བྱང་དུ་པདྨ་ཉི་ཟླའི་སྟེང་༔ ཡཀྴ་ཕག་མགོའི་ཏི་རའི་སྟེང་༔ ཕྲིན་ལས་རལ་བ་ཚར་དགུ་ནི༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་ཞལ་ལྗང་༔ བེ་ཅོན་གཏུན་ཤིང་རྒྱ་གྲམ་གཡས༔ འཁོར་ལོ་དམར་གྱི་དུང་ཆེན་དང་༔ བ་སུ་ཏ་ཡི་ཞགས་པ་གཡོན༔ སྦྱོར་བའི་ཡུམ་མཆོག་རེ་མ་ཏི༔ གཡས་པས་རལ་གྲི་གཡོན་ཐོད་ཁྲག༔ སྒྲོལ་ཡུམ་ལྗང་ནག་མགོ་འཕྱང་མ༔ དགྲ་སྟྭ་ཕྱར་ཞིང་དུང་ཁྲག་སྟོབས༔ དེ་ལྟར་སྲས་མཆོག་ཆེན་པོ་རྣམས༔ ཞབས་བཞིའི་རུ་ཏྲ་ཕོ་མོ་བརྫིས༔ དུར་ཁྲོད་རོལ་བའི་ཆས་ཀྱིས་བརྒྱན༔ གཙོ་ཆེན་ཡབ་ཡུམ་ཇི་བཞིན་པས༔ རྒྱན་དང་ཆ་ལུགས་ཚུལ་ལྡན་རྫོགས༔ ཤིན་ཏུ་བསྡུ་ན༔ གཞན་ཡང་སྤྲུལ་འཁོར་བཀའ་སྡོད་བཅས༔ བདེ་གཤེགས་གཅིག་གི་སོགས་ནས་འགྱུར་བ་མེད་པར་བསྒོམ༔ གནས་གསུམ་བྱིན་རླབས་དང་དབང་བསྐུར་བསྡུས་པ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿ ཨ་བྷི་ཥིཉྩ༔ དེ་ལྟར་ལྷ་ཚོགས༴ སོགས་ནས་འཇུག །རྒྱས་སྤྲོས། དེ་ཡི་ཕྱི་རིམ་གསེར་ཁྱམས་ལ༔ འཁོར་ལོ་འབར་བ་བཅུ་གཉིས་དང་༔ ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ་དཔལ་ཆེན་མཆོག་གི་སྤྲུལ་བ་ནི༔ གདུལ་བྱའི་གཤིན་རྗེའི་ཚུལ་འཛིན་པ༔ སྟེང་གི་ཕྱོགས་ན་གནས་པ་ནི༔ ནག་པོའི་ཚོགས་འཇོམས་མཐིང་ནག་ཞལ༔ གཡས་གཡོན་རིན་ཆེན་དགྲ་སྟྭ་བསྣམས༔ ཞབས་གཉིས་གྱད་ཀྱི་དོར་སྟབས་མཛད༔ ནག་མོ་རལ་གཅིག་གཡོན་ནས་འཁྲིལ༔ ༼ ཁ་ཊྭཱཾ་མཆན། ༽ གཡས་གཡོན་ཡབ་འཁྱུད་དུང་དམར་སྟོབས༔ གཤིན་རྗེ་ཕྱ་སངས་སྐུ་མདོག་དཀར༔ གཡས་གཡོན་ཚེ་བུམ་རྡོ་རྗེའི་གཤོལ༔ གདོང་དགུ་མ་ནི་སྦྱོར་བའི་ཡུམ༔ ཤེལ་གྲི་ཐོགས་ནས་བདེ་སྐྱོང་སྟོབས༔ ཀོང་ཚེ་བྲག་འཇོམས་དཀར་སེར་མདོག༔ རྡོ་རྗེ་བྲག་ནག་མེ་འཁོར་བསྣམས༔ ཤེལ་མིག་ལྕགས་ཀྱུ་བྷན་སྟོབས་འཁྲིལ༔ དཀར་མོ་སྒེག་པའི་ཉམས་ཀྱིས་དགྱེས༔ སྨུག་ནག་གླང་གདོང་ཁ་ཊྭཱཾ་གཡས༔ གཡོན་པའི་ཕྱག་ན་ལྕགས་ཀྱུ་འཛིན༔ མཆེ་གཙིགས་མ་དང་འཁྲིལ་སྦྱོར་རོལ༔ གཡས་གཡོན་སྐར་མདའ་བྷནྡྷ་སྟོབས༔ ཡ་བཱ་ཏི་ནི་སྔོ་ནག་ལས༔ གཡས་གཡོན་རལ་གྲི་ལྕགས་ཀྱུ་འཛིན༔ དྲེད་ཀྱི་ཨབ་ཤམ་ཅན་དང་འཁྲིལ༔ ཁྲམ་ཤིང་གིས་འཁྱུད་དུང་ཞལ་སྟོབས༔ གཤིན་རྗེ་མིག་དམར་སྐུ་མདོག་སྨུག༔ གཡས་གཡོན་རལ་གྲི་དབུགས་བྲལ་དབྱུག༔ དམར་མོ་ཁྲག་གི་རལ་གཅིག་ཡུམ༔ གཡས་པས་གཏུན་ཤིང་གཡོན་དུང་དམར༔ རབ་ཏུ་རྨིག་པ་དུད་ཁའི་མདོག༔ ཐོད་ཕྲེང་དང་ནི་ལྕགས་སྒྲོག་སྡོམ༔ ནག་མོ་པུས་འགྲོ་ཀླུ་ཡི་ཡུམ༔ སྤྲིར་མགོ་གཡས་ལ་དུང་ཞགས་གཡོན༔ འཇིགས་བྱེད་ཏིལ་བ་སྐུ་མདོག་སྔོ༔ སྤུ་གྲི་དང་ནི་དབྱུག་ཏོ་འཛིན༔ སྦྱོར་ཡུམ་སྤྱན་གསུམ་མཆེ་གཙིགས་མ༔ གཡས་པས་ཡབ་འཁྱུད་གཡོན་བྷནྡྷ༔ གཤིན་རྗེ་བདུད་འཇོམས་སྐུ་མདོག་སྨུག༔ དགྲ་སྟྭ་གཡས་ལ་ཐོ་བ་གཡོན༔ སྨུག་ནག་རལ་གཅིག་ཆེན་མོ་ཡུམ༔ བམ་ཆེན་གྱིས་འཁྱུད་དུང་ཕོར་སྟོབས༔ ཆོས་ཀྱི་རྒྱལ་པོ་དཀར་སེར་ལ༔ རྡོ་རྗེ་རྩེ་གསུམ་ཁྲམ་ཤིང་འཛིན༔ སྦྱོར་ཡུམ་རྡོ་རྗེ་རལ་གཅིག་མ༔ ཉི་ཟེར་ཞགས་པ་རུ་དྷི་ར༔ འབར་བ་ཆེན་པོ་སྐུ་མདོག་དམར༔ རྩིས་བྱང་གཡས་ལ་གཏུན་ཤིང་གཡོན༔ དམར་མོ་མགོ་དགུ་འཁྲིལ་སྦྱོར་རོལ༔ ཏྲི་ཤུལ་དང་ནི་དུང་ཁྲག་འཛིན༔ དབྱུག་ཏོ་གཤིན་རྗེ་གཤེད་མཐིང་ནག༔ བམ་དབྱུག་གཡས་ལ་རྩིས་རྡིལ་གཡོན༔ ནག་མོ་ཕག་གི་མགོ་ཅན་མ༔ གཡས་པས་སྦྲུལ་ཞགས་གཡོན་ཁྲག་སྐྱེམས༔ སྒོ་བཞི་སྲུང་བའི་ཕྲ་མེན་གཟུགས༔ དུང་གི་སྒོ་མ་བྱ་རྒོད་མགོ༔ དཀར་འཚེར་རྡོ་རྗེ་ལྕགས་ཀྱུ་འཛིན༔ མཐིང་ནག་འབར་བ་སྟག་གི་མགོ༔ གཡས་གཡོན་དབྱུག་པ་རྒྱ་ཞགས་ཐོགས༔ ལེ་བརྒན་འབར་བ་ཀིངྐའི་ ༼ ཀང་ཀའི་དཔྱད། ༽མགོ༔ མེ་ཡི་པདྨ་ལྕགས་སྒྲོག་འབར༔ བྱང་དུ་ལྕགས་ཀྱི་སྤྱང་གདོང་ལྗང་༔ རྒྱ་གྲམ་ཤེལ་གྱི་དྲིལ་བུ་འཛིན༔ དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱང་༔ ཁྲོ་བོའི་གར་དང་ལྡན་པ་ལ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ སྐམ་རློན་ཐོད་པའི་དབུ་བརྒྱན་ཕྲེང་༔ ཞལ་རེར་སྤྱན་ནི་གསུམ་གསུམ་ལྡན༔ སྦྲུལ་རིགས་ལྔ་ཡི་སྐུ་ལ་བརྒྱན༔ དུར་ཁྲོད་རོལ་བའི་ཆས་དང་ལྡན༔ འབྲིང་པོ་ལྟར་ན་འདི་ནས་བསྡས་ཏེ༔ གཞན་ཡང་སྤྲུལ་འཁོར་སོགས་ནས་འཇུག་ཀྱང་རུང་༔ ༈ཤིན་ཏུ་སྤྲོ་ན༔ ཕྱི་རིམ་ཁྲག་ཁྱམས་ལ་རྫོགས་པའི༔ ཐོད་མཁར་ཉེར་ལྔའི་ནང་རོལ་དུ༔ སྦྱོར་སྒྲོལ་ཀིང་གི་བཀའ་བསྲུང་བཞི༔ དབུ་ནི་ཀིང་རུས་མཆེ་བ་གཙིགས༔ ཤར་བདུད་དཀར་བོ་དུང་ཁྲབ་ཅན༔ ཕྱག་ན་དུང་གི་རལ་གྲི་བསྣམས༔ ལྷོར་ཀིང་སེར་པོ་གསེར་ཁྲབ་ཅན༔ ཕྱག་ན་གསེར་གྱི་རལ་གྲི་བསྣམས༔ ནུབ་ཀིང་དམར་པོ་བསེ་ཁྲབ་ཅན༔ ཕྱག་ན་བསེ་ཡི་རལ་གྲི་ཅན༔ བྱང་ཀིང་སྔོན་པོ་གཡུ་ཁྲབ་ཅན༔ ཕྱག་ན་གཡུ་ཡི་རལ་གྲི་བསྣམས༔ ཀུན་ཀྱང་དགྲ་བགེགས་བམ་སྟེང་དུ༔ གར་སྟབས་འགྱིང་བག་ཚུལ་གྱིས་རོལ༔ གསོད་པར་བྱེད་པའི་ཕོ་ཉ་བཞི༔ ཕོ་ཉ་དགྲ་བགེགས་སྙིང་འབྱིན་ནི༔ དམར་སྙིང་དང་ནི་མཚེར་བ་འཛིན༔ ཕོ་ཉ་མ་ཧཱ་ཀཱ་ལཱ་ནི༔ དུག་རི་དང་ནི་རླུང་ཞགས་འཛིན༔ ཕོ་ཉ་ཡབ་རྗེ་ནག་པོ་ནི༔ ཕྱག་ན་རྒྱུ་ཞགས་མཁལ་མ་བསྣམས༔ ཕོ་ཉ་སྐུ་མཆོག་ནག་པོ་ནི༔ མགོ་རློན་དང་ནི་གློ་བ་འཛིན༔ ཁྲམ་ཐོགས་བདུད་ཀྱི་ཕོ་ཉ་ནི༔ ཤར་བདུད་རོལ་པོ་རལ་བ་ཅན༔ ཕྱག་ན་བདུད་ཀྱི་ཁྲམ་ཤིང་ནག༔ ཁྲམ་ནག་སྲོག་བདུད་མཆེ་བ་གཙིགས༔ དུད་ཁ་གཡས་ན་ཁྲམ་ཤིང་འཛིན༔ ཟླ་བ་གཡོར་པོ་ཞགས་པ་ཅན༔ བདུད་ཀྱི་ཁྲམ་ཤིང་ཧོམ་རིས་ཅན༔ ཚེ་བདུད་གསེར་གྱི་སྟྭ་རེ་ཅན༔ བདུད་ཀྱི་ཁྲམ་ཤིང་རླུང་རིས་ཅན༔ གཡོན་རྣམས་ཁྲག་སྐྱོག་འབར་བ་བསྣམས༔ ཡུམ་ནི་བདུད་མོ་ནག་མོ་བཞི༔ གཡང་གཞི་གྱོན་ནས་རཀྟ་འཐུང་༔ ཤྭ་ཐོགས་རྩིས་ཀྱི་བདག་པོ་བཞི༔ ཞག་གཅིག་ཞག་གཉིས་ཞག་གསུམ་བཞི༔ སང་ཕོད་ལོ་ཟླ་ཞག་དུས་འཆི༔ ད་ལོ་རྩིས་ལ་འདེབས་བྱེད་པ༔ དཀར་སེར་དམར་དང་མཐིང་ཀའི་མདོག༔ ལག་ན་ཤྭ་དང་རྡེའུ་ཐོགས༔ ནད་གཏོང་ཤན་པ་སྡེ་བཞི་ནི༔ མ་མོ་ཁ་གདེངས་སྐུ་མདོག་ནག༔ ལག་ན་ཐུན་དང་རལ་གྲི་འཛིན༔ ནད་རྐྱལ་བརྡེག་ཅིང་དུག་གི་ཁ་ཕྲུས་འདེབས༔ མྱོས་བྱེད་བཙན་གྱི་ཤན་པ་ནི༔ དམར་པོའི་ལག་ན་ཤན་གྲི་ཐོགས༔ གདོང་དང་ཟུར་ཐུག་རྒྱུགས་འགྱེལ་གཏོང་༔ གླེན་པ་ཀླུ་ཡི་ཤན་པ་ནི༔ སྔོན་པོ་སྦྲུལ་གྱི་ལྤགས་པ་གྱོན༔ སྦྲུལ་ཞགས་བསྣམས་ནས་རེག་དུག་གཏོང་༔ གདུག་རྩུབ་གཟའ་ཡི་ཤན་པ་ནག༔ གཡས་གཡོན་མདུང་དར་སྙིང་ཞགས་བསྡམ༔ ཁ་རླངས་དུག་གི་སྤུ་གྲི་གཏོང་༔ ཟ་བར་བྱེད་པའི་མོན་པ་བཞི༔ དུང་གི་མོན་པ་སེང་གེའི་གདོང་༔ དགྲ་སྟྭ་གདེངས་ཤིང་སྡེར་མོ་གཟེངས༔ ལྕགས་ཀྱིས་མོན་པ་སྟག་གི་མགོ༔ ཕྱག་གཉིས་སྤུ་གྲི་བྷ་ལ་ཧ༔ ཟངས་ཀྱི་མོན་པ་དྲེད་མོང་ཞལ༔ ཕྱག་ན་ཀིང་རུས་གསལ་ཤིང་བསྣམས༔ གསེར་གྱིས་མོན་པ་ཁྱུང་གི་གདོང་༔ ཕུང་ཟོར་གཡས་ལ་དུག་སྡོང་ ༼ དུག་སྦྲུལ་གྱིས་དཀྲིས་པ། མཆན། ༽གཡོན༔ ཡུམ་ནི་མོན་མོ་ནག་མོ་བཞི༔ དུག་གི་མདའ་གཞུའི་ཡབ་ལ་འཁྱུད༔ ཞལ་ནས་དྲག་སྔགས་འབྲུག་ལྟར་ལྡིར༔ མ་འདྲེས་ཡོངས་སུ་རྫོགས་པར་བསྒོམ༔ བསྡུ་ན། ༈ སྦྱོར་སྒྲོལ་གིང་གི་བཀའ་བསྲུང་བཞི༔ གསོད་པར་བྱེད་པའི་ཕོ་ཉ་བཞི༔ བར་ཆད་བྱེད་པའི་བདུད་བཞི་དང་༔ ཁྲམ་ལ་འདེབས་པའི་རྩིས་པ་བཞི༔ སྲོག་ལ་དབང་བྱེད་ཤན་པ་བཞི༔ ཟ་བྱེད་མོན་པ་བཞི་དང་བཅས༔ མ་འདྲེས་ཡོངས་སུ་རྫོགས་པར་བསྒོམ༔ ༈ མཐའ་བསྐོར་ལྕགས་མཁར་དྲུག་ཅུ་ལ༔ ལོ་ཟླ་ཞག་གི་འཆི་བདག་དང་༔ ཕོ་གཤེད་མོ་གཤེད་ཤ་ཟ་ཀིང་༔ འོབ་བསྲུང་བཅུ་དྲུག་སྒོ་བསྲུང་སོགས༔ བདུན་བརྒྱ་ཉི་ཤུའི་འཁོར་བཅས་གསལ༔ ༈ བདེ་གཤེགས་གཅིག་གི་སྒྱུ་འཕྲུལ་གར༔ གང་ལ་གང་འདུལ་ཐབས་ཀྱི་སྒོ༔ འོག་མིན་གནས་སུ་གོ་ཕྱེད་དོན༔ ཇི་ལྟར་སྣང་བ་དེ་བཞིན་དུ༔ གཟུགས་བརྙན་ཏིང་འཛིན་དཀྱིལ་འཁོར་བཀོད༔ སྣང་སྟོང་དབྱེར་མེད་ཆུ་ཟླ་བཞིན༔ ལྷུན་གྲུབ་འགྱུར་བ་མེད་པར་བསྒོམ༔ བྱིན་རླབས་དབང་བསྐུར་རྒྱས་གདབས་པ༔ ཧཱུྃ༔ མ་བཅོས་རང་བྱུང་ཡེ་ཤེས་ལྷ༔ རྟོགས་པ་མངོན་གྱུར་སངས་རྒྱས་སུ༔ རང་དབང་རང་བཞིན་ཉིད་བསྒྱུར་བའི༔ དགོངས་པ་མངོན་པར་མཛད་པའི་ཕྱིར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མནྜ་ལ་ཨ་བྷི་ཥིཉྩ་ས་མ་ཡ་ཛ་ཛ༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ༔ རིན་ཆེན་ཀུན་བདག་དབང་ཕྱུག་སྟེ༔ འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག༔ རྡོ་རྗེ་འཆང་བ་ཀུན་གྱི་རྗེ༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སངས་རྒྱས་ཀུན་གྱི་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་གསུང་ཡང་ཡིན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡཱ་ཝཀྐ་ཙིཏྟ་སྭཱ་བྷ་ཝ་ཡ་མནྟ་ཀ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ༔ མ་རིག་སྒོ་ངའི་སྦུབས་འབྱེད་པ༔ སྲིད་པའི་དྲྭ་བ་འཇོམས་པ་པོ༔ ཉོན་མོངས་མ་ལུས་ཞི་བྱེད་པ༔ འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན༔ ཡེ་ཤེས་དབང་བསྐུར་ཅོད་པན་ཅན༔ རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི༔ གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ༔ སྒྲིབ་པ་ཀུན་ལས་ངེས་པར་གྲོལ༔ མཁའ་ལྟར་མཉམ་པ་ཉིད་ལ་གནས༔ ཉོན་མོངས་དྲི་མ་ཀུན་ལས་འདས༔ དུས་གསུམ་དུས་མེད་རྟོགས་པ་པོ༔ སེམས་ཅན་ཀུན་གྱི་ཀླུ་ཆེན་པོ༔ ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད༔ ༼ ཀིང་རུས་ཀྱི་ཐོད་པ་ན་བརྒྱན་ཡོད་པ་ལ་འཇམ་དཔལ་གཡས་རལ་གྲི་གཡོན་པུ་ཏི་བསྣམས་པ༔ ༽ ༈ དེ་ལྟར་ལྷ་ཚོགས་འཁོར་བཅས་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གི་ཡི་གེ་ལས༔ འོད་ཟེར་ཕྱག་རྒྱའི་ལྷ་མོ་བཞིའི༔ རང་བཞིན་དབྱིངས་ན་བཞུགས་པ་ཡི༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལ༔ མཁྱེན་བརྩེ་ནུས་པའི་རྗེས་དགོངས་ནས༔ དབྱིངས་ལས་དགོངས་པ་བསྐྱོད་དེ་གཤེགས༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་པ༔ ཧཱུྃ༔ འཁོར་འདས་མཉམ་ཉིད་དོན་དམ་ཡེ་ཀློང་དུ༔ སངས་རྒྱས་སེམས་ཅན་གཉིས་སྣང་སྤྱོད་ཡུལ་ཀུན༔ ཡིན་དང་གྲུབ་པ་མེད་པའི་བྱང་ཆུབ་སེམས༔ གཤེགས་བཞུད་འབྱོན་པར་སྨོན་པའི་རྣམ་ཐར་སྒོའི༔ ཚུལ་བཞིན་ཞུགས་ལ་དགོངས་རྩལ་སྟོབས་ཞན་པ༔ གློ་བུར་མ་རིག་འཁྲུལ་འཁོར་འདིའི་བྱས་ངོར༔ སྤྲོས་མེད་སྤྲོས་པའི་རྒྱུ་འཕྲུལ་ཅིར་ཡང་བསྒྱུར༔ འཇམ་པའི་ངང་ལས་འཁྲོས་དཔལ་ཧེ་རུ་ཀ༔ ཡབ་ཡུམ་སྲས་དང་གཙོ་འཁོར་སྤྲུལ་བར་བཅས༔ སངས་རྒྱས་བསྟན་པའི་གཉེན་ཏུ་གཤེགས་སུ་གསོལ༔ སྐྱེ་འགྲོ་ཡོངས་ཀྱི་མགོན་པོར་གཤེགས་སུ་གསོལ༔ ལོག་འདྲེན་གདུག་པ་བསྒྲལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ རབ་བརྟན་གནས་པར་བྱ་བའི་རིམ༔ ཧཱུྃ༔ རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན༔ གཉིས་མེད་ཡེ་ཤེས་དཀྱིལ་འཁོར་ཡངས་བ་ཆེ༔ ལོག་རྟོག་ཐ་དད་མཚན་འཛིན་སྦྱོང་བའི་ཕྱིར༔ ཆུ་ལ་ཆུ་བཞག་ཚུལ་གྱི་རྗེས་ཞུགས་ནས༔ དུར་ཁྲོད་རབ་འཇིགས་དྲག་པོའི་དཀྱིལ་འཁོར་འདིར༔ བདག་ལྟའི་ཡི་དྭགས་སྤྱི་ཆིངས་བསྣོལ་བ་དང་༔ ཆུ་གླང་ཉི་ཟླ་པདྨ་རྔམ་མཛེས་སྟེང་༔ བཅོམ་ལྡན་གཤིན་རྗེའི་གཤེད་པོ་འཁོར་དང་བཅས༔ འདུ་འབྲལ་མེད་པའི་དམ་ཚིག་མཆོག་ཏུ་དགོངས༔ ཡེ་ཡིན་ལྟ་བའི་གདེངས་ཐོག་བརྟུལ་ཞུགས་རོལ༔ ཨོཾ་བཛྲ་ཀ་ལ་རུ་པ་ས་མ་ཡ་ཏིཥྛ་ལྷན༔ ལས་ཀྱི་སེམས་དཔས་ཕྱག་འཚལ་བ༔ ཧཱུྃ༔ གཟོད་ནས་རྣམ་དག་དཀྱིལ་འཁོར་འཁོར་ལོ་ལ༔ རང་གདངས་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས༔ རྣལ་འབྱོར་ཆེན་པོའི་ངང་དུ་བརྟན་གྱུར་བར༔ གཉིས་མེད་ཡེ་ཤེས་ནན་ཏན་འདྲེས་པའི་ཆོ༔ འཇིག་རྟེན་སྒོར་བསྟུན་བརྡའ་དང་བརྡའ་ལན་གྱིས༔ མཆོད་འོས་བརྗོད་འོས་ཕྱག་གནས་བླ་མའི་རབ༔ བདེ་ཆེན་ངོ་བོ་འཇིགས་པའི་གར་མཛད་པ༔ སྙིང་རྗེ་འཁྲོས་པའི་དད་ ༼ ངང་དཔྱད། ༽སྒྲོལ་དབྱིངས་ཕྱག་འཚལ༔ ཨོཾ་ཡ་མནྟ་ཀ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཐུན་མོང་ཕྱི་ཡི་མཆོད་པ་བཟང་༔ ཧཱུྃ༔ དངོས་སུ་བཤམས་དང་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་ཀུན་བཟང་རྒྱན་གྱི་རང་བཞིན་ཅན༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ གཤེད་པོ་ཁྲོ་བོ་དྲག་པོའི་ལྷ་ཚོགས་ལ༔ འགྲོ་ཀུན་ཚོགས་གཉིས་རྫོགས་ཕྱིར་མཆོད་པར་འབུལ༔ དགྱེས་པར་བཞེས་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་སྩོལ་ཅིག་ཐུགས་རྗེའི་བདག༔ ཨོཾ་ཧྲིཥྚི་ཝིཥྚི་ཏ་ན་ན་ཨརྒྷཾ་སོགས་ནས་རཱུ་པ་ནས་སྤརྴེ་ཨ་ཧཱུྃ༔ ཐུན་མིན་དྲག་པོའི་མཆོད་པ་ནི༔ ཧཱུྃ༔ མ་རུང་མི་སྲུན་གདུག་པའི་འབྱུང་པོ་ཡི༔ ཁྲག་གི་ཡོན་ཆབ་ཆུ་བཞིའི་ཆུ་སེར་བསིལ༔ དབང་པོའི་མེ་ཏོག་ཤ་ཚིལ་བདུག་སྤོས་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དང་༔ ཤ་རུས་ཞལ་ཟས་སླག་ཆེན་ན་བཟའ་སྟེ༔ རང་བྱུང་ནང་གི་ཉེར་སྤྱོད་རྣམ་པ་བདུན༔ རྡོ་རྗེ་སྲིན་པོའི་ལྷ་ལ་མཆོད་པར་འབུལ༔ དུག་གསུམ་གནས་དག་གསང་གསུམ་དངོས་གྲུབ་སྩོལ༔ ཨོཾ་རུ་ཏྲ་ཨནྟར་ཨརྩི་ཏ་བྱེ་ཏརྵ་ཡུ་ཀ་ཧོ༔ སྤྱོད་མཐུན་གྲོལ་བའི་མཆོད་པ་ནི༔ཧཱུྃ༔ མཆོད་པ་ཆེན་པོ་ཞེ་སྡང་ཆེ༔ ཉོན་མོངས་ཀུན་གྱི་དགྲ་ཆེ་བ༔ མཆོད་པ་ཆེན་པོ་གཏི་མུག་ཆེ༔ གཏི་མུག་བློ་སྟེང་གཏི་མུག་སེལ༔ མཆོད་པ་ཆེན་པོ་ཁྲོ་བ་ཆེ༔ ཁྲོ་བ་ཆེན་པོ་དགྲ་ཆེ་བ༔ མཆོད་པ་ཆེན་པོ་ཆགས་པ་ཆེ༔ ཆགས་པ་ཐམས་ཅད་སེལ་བར་བྱེད༔ ཨོཾ་དཱེ་ཥ་མོ་ཧ་རོ་ཥ་ཎ་སཾ་ག་ཛྙཱ་ན་པཉྩ་པཱུ་ཛ་ཧོ༔ གསང་བའི་དབང་སྨིན་མཆོད་པ་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་མེད་རོལ་བ་ལས༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་སྤྲིན༔ གསང་ཆེན་རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔ ཉོན་མོངས་དུག་ལྔ་འཇོམས་པའི་བདུད་ཆེན་པོ༔ རྒྱུད་དྲུག་སྡུག་བསྔལ་མ་ལུས་སེལ་བའི་རྩི༔ རིགས་ལྔ་དམ་ཚིག་ལྔ་ཡི་ངོ་བོ་ཉིད༔ ཡེ་ཤེས་ལྔ་རྫོགས་སྐུ་ལྔ་གྲུབ་པའི་རྫས༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་དངོས༔ འཇིགས་བྱེད་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཆོད་པར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨ་དྷི་དེ་ཝ་མཉྫུ་ཤྲི་ཡ་མནྟ་ཀ་ས་པཱ་རི་ཝ་ར་སརྦ་པཉྩ་ཨ་མྲ་ཏ་ལ་ཁ་རཾ་ཁཱ་ཧི༔ མཉམ་པའི་བརྟུལ་ཞུགས་བསྐྱང་བ་ནི༔ ཧཱུྃ༔ གསང་བའི་དབང་གི་དམ་ཚིག་ཆེན་པོ་ནི༔ ཡིན་པ་གསུམ་དང་གྲུབ་པ་བཞི་ལྡན་ཏེ༔ མཉམ་པའི་བརྟུལ་ཞུགས་མཆོག་གིས་བླངས་ཟོས་ན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབང་གི་མཆོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བ་ལིང་གཏོར་མའི་འདོད་ཡོན་སྤྲིན༔ ཧཱུྃ༔ ཕུན་ཚོགས་འབྱོར་དགུ་སྤུངས་བའི་གཏོར་མ་ལས༔ འདོད་ཡོན་ལྷ་མོའི་ནམ་མཁའ་དོག་པོར་བྱས༔ ཟིལ་གནོན་དྲག་པོའི་དཀྱིལ་འཁོར་ཐམས་ཅད་ཀྱི༔ སྤྱན་སོགས་ཡུལ་ལ་ཐིམ་པའི་དགྱེས་པ་བསྐྱེད༔ ཨོཾ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་ཀཱ་མཱཾ་ས་ལཀྵིཾ་ཀཱ་ར་དེ་ཝི་སྭཱ་བྷ་ཝ་པཱུ་ཛ་ཁཱ་ཧི༔ བྷནྡྷ་རཀྟའི་མཆོད་པ་ནི༔ ཧཱུྃ༔ བདག་དང་ཁམས་གསུམ་རྒྱུ་དང་མི་རྒྱུ་བའི༔ ཆགས་རྟོག་མཚན་མར་ལྟ་བའི་རཱུ་ཏྲ་ཀུན༔ བསྒྲལ་བའི་རྩ་བརྒྱད་སྟོང་སྦྱར་རཀྟའི་རྒྱུན༔ ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་ལ་མཆོད༔ ཏྲི་དྷ་རུ་རཱ་ག་ཨུརྟ་ར་ཎཾ་རཱུ་དྷི་ར་ཧེ་ལ་ཁཱ་ཧི༔ སྐབས་འདིར་དྲག་པོའི་ཁཱ་ཧི་སྦྱར༔ ཚར་གསུམ་དགོས་པ་དོན་གྱིས་སྦྲེང་༔ ཧཱུྃ༔ དངས་མ་ཚར་གཅིག་བདུད་རྩིའི་རང་བཞིན་ལ༔ ཚར་གཉིས་ཞིང་བཅུའི་དགྲ་བགེགས་ངོ་བོ་ཉིད༔ ཚར་གསུམ་རྣམ་སྨིན་ལྷག་མའི་འཁྲུལ་འཁོར་ལོ༔ གདུལ་དཀའི་དགྲ་བགེགས་བསྒྲལ་འདྲེན་འཕྲིན་ལས་མཛོད༔ ཛཿཧཱུྃ་བཾ་ཧོ༔ ཀ་ལ་རཱུ་པ་བཛྲ་ས་མ་ཡ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀིང་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཉྩ་ལ་ཁཱ་ཧི༔ མ་ཧཱ་པགྩ་ལ་ཁཱ་ཧི༔ མ་ཧཱ་ཙ་ཁུག་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞིང་གྱུར་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ བདག་མེད་ལྟ་བ་གྱད་ཀྱི་ཧེ་རུ་ཀས༔ བདག་ལྟ་གཉིས་སུ་འཛིན་པའི་རཱུ་ཏྲ་ཀུན༔ སོར་རྟོགས་ཤེས་རབ་ཡེ་ཤེས་མེ་ཡིས་བསྲེགས༔ སྙིང་རྗེའི་གཞན་དོན་འཁོར་འདས་དུས་གཅིག་བསྒྲལ༔ ཨོཾ་མ་ཧཱ་ཏཱ་ར་པཱུ་ཛ་ཧོ༔ བདེ་བ་ཆེན་པོའི་མཆོད་པ་ཉིད༔ ཧཱུྃ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རིགས་ཅན་གསང་མཆོག་རིག་མ་གྲངས་མེད་ཀྱིས༔ ཕྱག་རྒྱའི་གར་བསྐོར་སྐུ་ལ་དགྱེས་པར་འཁྲིལ༔ བདེ་སྟོང་མཆོག་གི་མཆོད་པ་བཞེས་སུ་གསོལ༔ ས་མ་ཡ་སྟྭཾ༔ ས་མ་ཡ་ཧོ༔ ཨ་ན་རཱ་གོ་ཧཾ༔ ཨ་ནུ་རཱ་ག་ཡ་མྱེ༔ ཛཿཧཱུྃ་བཾ་ཧོ༔ བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཨཱཏྨ་ཀོ྅་ཧཾ༔ ཡེ་ཤེས་རོལ་མོའི་གླུའི་བསྟོད་པ༔ ཨྱཻེ་ཨྱཻེ་ཨྱཻེ་ཀྱཻེ༔ འཇམ་དཔལ་མཁའ་ལས་བྱུང་བ་མུན་པའི་མདོག༔ མཚན་མའི་ལུས་ལྔའི་འཇམ་མཛད་ལུས་ཀྱི་མཆོག༔ སྒེག་དཔའ་འཇིགས་རུང་ཆས་བཅུའི་མཚན་དཔེ་འབར༔ མཐོང་བའི་ངོ་མཚར་འཇིགས་པའི་སྐུ་ལ་བསྟོད༔ འཇམ་དཔལ་ཀློང་ལས་བྱིན་གྱི་རླབས་པའི་བརྡའ༔ སྒྲ་ཚིག་རྩོལ་བྱུང་འཇམ་མཛད་ན་དཱའི་ངང་༔ དགོད་གཤེ་དྲག་ཤུལ་གད་རྒྱང་ཧ་ཧི་ཧཱུྃ༔ ཐོས་པས་རྣམ་གྲོལ་ཚངས་པའི་དབྱངས་ལ་བསྟོད༔ འཇམ་དཔལ་ཐིག་ལེ་ཉག་གཅིག་བྱང་ཆུབ་སེམས༔ སེམས་དང་སེམས་བྱུང་འཇམ་པའི་ཡེ་ཤེས་ལྔ༔ སྟོབས་བཅུ་མི་འཇིགས་སྙིང་རྗེ་རྔམ་དང་ཞིའི༔ ཐུགས་རྗེའི་ཐབས་ཚུལ་མཁྱེན་པའི་དབྱིངས་ལ་བསྟོད༔ ཐབས་དང་ཤེས་རབ་གཉིས་མེད་རང་མདངས་ལས༔ ཆགས་ཅན་འདོད་ཆགས་ཆེན་པོས་འདུལ་བའི་ཕྱིར༔ ཡུམ་ཆེན་བཻ་ཏཱ་ལི་དང་རལ་གཅིག་སྟེ༔ སྦྱོར་སྒྲོལ་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས་མཆོག་ནི༔ ཞེ་སྡང་གཏི་མུག་འདོད་ཆགས་ཕྲག་དོག་གི༔ ཡེ་ཤེས་ཁྲོས་པ་གཤེད་ཆེན་རིགས་བཞི་དང་༔ སྦྱོར་སྒྲོལ་ཕྱག་རྒྱར་བཅས་ལ་ཕྱག་འཚལ་བསྟོད༔ རྫུ་འཕྲུལ་སྟོབས་ལྡན་ཤུགས་ཆེན་ཡིད་ལྟར་མགྱོགས༔ སྲིད་པ་གནས་སྟོང་མི་འགྱུར་སྲ་ཞིང་མཁྲེགས༔ རྡོ་རྗེའི་ཆོས་ལྡན་བྱམས་ཆེན་སྲིན་པོའི་གཟུགས༔ རྒྱལ་བྱེད་དཔའ་རྟགས་ཆས་ཀྱིས་བརྒྱན་ལ་བསྟོད༔ ལག་བརྒྱས་གར་གྱིས་ཚངས་པ་ཟིལ་གནོན་མཛད༔ ཞབས་སེན་ཁྱོན་གྱིས་ཁྱབ་འཇུག་ཁེངས་པ་འཕྲོག༔ རྗེས་ཆགས་ཟོལ་གྱིས་ཚོགས་བདག་གླང་སྣ་འདུལ༔ ཆེ་དགུ་དཔའ་བསྐྱུངས་ ༼ བཀོང་དཔྱད། ༽ མཛད་ལ་ཕྱག་འཚལ་བསྟོད༔ གཤིན་རྗེའི་ཚོགས་དང་བྱི་ན་ཡ་ཀ་དང་༔ གཏུམ་པོ་ཀླུ་དང་སྡེ་བརྒྱད་མ་རུང་བ༔ བདུད་དང་བར་ཆད་ཡི་དྭགས་འབྱུང་པོའི་སྡེ༔ མཐར་བྱེད་དཔའ་བོ་ཆེ་ལ་ཕྱག་འཚལ་བསྟོད༔ ཕོ་རྒྱུད་དྲེགས་པ་མཐའ་དག་སྒྲོལ་བས་འདུལ༔ མོ་རྒྱུད་གཡོན་ཅན་རིགས་ཀུན་སྦྱོར་བས་བསྡུད༔ ཏ་ན་གྷཱ་ཎའི་བརྟུལ་ཞུགས་གསལ་མཛད་པ༔ ང་རྒྱལ་རཱུ་ཏྲའི་གཤེད་པོར་ཕྱག་འཚལ་བསྟོད༔ བཅོམ་ལྡན་སྔོན་གྱི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ གཏུམ་ཆེན་རྔམ་འབར་ལས་བྱེད་བཅུ་གཉིས་དང་༔ སྒོ་བཞི་བསྲུངས་མཛད་ཕྲ་མེན་ཆེན་པོ་བཞི༔ ཐབས་མཁས་འགྲོ་འདུལ་མཛད་ལ་ཕྱག་འཚལ་བསྟོད༔ ཕོ་ཉ་ཀིང་བདུད་ཤན་པ་ཁྲམ་བདག་དང་༔ མོན་པ་ལོ་ཟླ་ཞག་གཤེད་འོབ་བསྲུང་སོགས༔ བདུན་བརྒྱ་ཉི་ཤུའི་ཆོ་རོལ་ཡང་སྤྲུལ་འཁོར༔ ངོ་བོ་ཐ་མི་དད་ལ་ཕྱག་འཚལ་བསྟོད༔ ཆ་ལུགས་སྣ་ཚོགས་སྣང་ཐབས་མ་འགགས་ཀྱང་༔ ཀུན་ཁྱབ་བྱང་ཆུབ་ཨེཿདབྱིངས་ཆ་ལུགས་བྲལ༔ འཁོར་འདས་རོ་གཅིག་མཉམ་པ་ཉིད་མཉམ་པའི༔ འཇམ་དཔལ་ཡ་མནྟ་ཀའི་ཀློང་ལ་བསྟོད༔ འཇིགས་བྱེད་སྲིན་པོའི་གད་རྒྱང་གིས༔ དུས་དགྲའི་འོ་དོད་སློང་བྱེད་སྔགས༔ འཛབ་བཟླས་གད་ཆེན་གད་རྒྱང་ནི༔ ཧཱུྃ༔ རང་ཉིད་གཤེད་པོ་ཁྲོ་བོའི་ཐུགས་ཀ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་བཅས༔ ལྟེ་བར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས༔ རྩིབས་ལ་སྐུ་ཡི་སྙིང་པོའི་རིགས་སྔགས་འཁོར༔ འོད་འཕྲོས་འཕགས་མཆོད་དབང་བྱིན་དངོས་གྲུབ་བསྡུས༔ འགྲོ་ཀུན་རགས་པའི་སྒོ་གསུམ་སྡིག་སྒྲིབ་སྦྱངས༔ ཀུན་ཀྱང་ཡ་མཱནྟ་ཀའི་སྐུ་རུ་བྱས༔ ཚུར་འདུས་དམ་ཚིག་དབྱིབས་ཀྱི་སེམས་དཔར་བསྟིམས༔ བསྐྱེད་རིམ་རགས་པའི་རྣལ་འབྱོར་མཐར་ཕྱིན་ནས༔ ལྷ་སྐུ་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཅིང་༔ སྤྲུལ་བ་སྐུ་ཡི་གོ་འཕང་ཐོབ་པར་བསམ༔ ཨཱོཾ་ཀ་ལ་རཱུ་པ་ཡཱ་ཧཱུྃ་ཕཊ༔ འདི་ནི་སྐུ་ཡི་སྙིང་པོ་སྟེ༔ གསལ་བརྟན་གྱད་དུ་གྱུར་ན་ཚད༔ ཨཱ༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་ཐུགས་ཀ་རུ༔ ཨུཏྤལ་དམར་སེར་འདབ་མ་བརྒྱད་པའི་ལྟེར༔ ཏིང་འཛིན་སེམས་དཔའ་ཐོད་དབྱུག་རྡོ་རྗེའི་མཚན༔ གསུང་གི་སྙིང་པོ་གཟུངས་སྔགས་འབྲུ་བརྒྱད་གསལ༔ བཟླས་པས་རྒྱལ་ཀུན་གསུང་གི་དབང་ཕྱིན་ཐོབ༔ མཐའ་ཀླས་འགྲོ་བའི་ཕྲ་བའི་སྒོ་གསུམ་གྱི༔ སྒྲིབ་བྱང་ཡེ་ཤེས་སེམས་དཔའི་གསུང་དུ་བྱས༔ ཚུར་འདུས་ཆོས་ཀྱི་ཕྱག་རྒྱ་ལ་ཐིམ་པས༔ ནང་ལ་གཞོལ་བའི་རྣལ་འབྱོར་མཐར་ཕྱིན་ནས༔ ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཐོབ་པར་བསམ༔ ཨཱོཾ་ཡ་མཱནྟ་ཀ་ཨཱཿཧཱུྃ་ཕཊ༔ འདི་ནི་གསུང་གི་བཟླས་པ་སྟེ༔ ངག་ལ་བདེན་པ་གྲུབ་ན་ཚད༔ཧཱུྃ༔ ཏིང་འཛིན་སེམས་དཔའ་ཐོད་དབྱུག་རྡོ་རྗེའི་མཚན༔ ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་དབུས༔ མི་ཤིག་ཐིག་ལེའི་ཁོང་སེང་ཡི་གེ་ཧཱུྃ༔ མཐའ་མར་ཐུགས་ཀྱི་སྙིང་པོའི་གསང་སྔགས་ནི༔ འབྲུ་བརྒྱད་བཀླག་ཐབས་འཁོར་བའི་འོད་ཟེར་གྱིས༔ རྒྱལ་ཀུན་ཐུགས་ལ་བདེ་སྟོང་རོལ་མོའི་མཆོད༔ ཤིན་ཏུ་ཕྲ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ དམ་ཚིག་ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ནས༔ སངས་རྒྱས་ཆོས་ཀྱི་སྐུ་གསུམ་ཐོབ་པར་ཤོག༔ ཨཱོཾ་ཧྲཱིཿཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ༔ སྤོབས་པའི་གཏེར་བརྒྱད་གྲོལ་ན་ཚད༔ གཞན་ཡང་ངེས་རྫོགས་མ་ཐོབ་ཀྱང་ཿ བསྙེན་བསྒྲུབ་ཚུལ་གྱིས་མོས་བསྒོམས་ལ༔ སྐུ་ཡི་སྙིང་པོའི་བསྙེན་པ་ཙམ༔ གསུང་ནི་ཉེ་བའི་བསྙེན་པ་ཞེས༔ ཐུགས་ཀྱི་སྙིང་པོའི་བསྒྲུབ་པར་འདྲེན༔ འདིར་བསྟན་བསྒྲུབ་པར་ཆེན་པོ་ལ༔ མཆོག་ཐུན་དངོས་གྲུབ་བསྒྲུབ་བསྐུལ་བླང་༔ ཕྱི་དང་ནང་དང་གསང་བ་ཡིས༔ ལས་ཀྱི་རྒྱལ་མཆོག་སྒྲུབ་པ་ནི༔ དཀྱིལ་འཁོར་རྒྱལ་མཆོག་སྒྲུབ་པ་གཅེས༔ གཞན་ཏུ་སྐྱེ་མཆེད་ཐམས་ཅད་ཀུན༔ རྫོགས་རིམ་ལྷ་རུ་སྨིན་མི་སྲིད༔ དེས་ན་བསམ་ཡས་ལྷུན་གྲུབ་སོགས༔ སྤྲོ་བའི་རིམ་པའི་ས་བོན་ཙམ༔ དཀྱིལ་འཁོར་ཡོངས་རྫོགས་རྒྱས་པར་བསྒོམ༔ ཧཱུྃཿ དེ་ལྟར་ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ཀར་རང་རང་སྲོག་གི་སྙིང་པོའི་མཐར༔ བསྐྱེད་དང་ལས་དང་མཚན་སྔགས་ཀྱིས་བསྐོར་བའི༔ འཕྲོ་འདུ་འཕྲིན་ལས་གཟེར་གྱིས་རབ་བསྒྱུར་བའི༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཆེན་པོར་དག༔ སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟར༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་རོལ་བར་རྫོགས༔ ཐུགས་ནི་སྒྲིབ་བྲལ་ཡེ་ཤེས་རྡོ་རྗེའི་ངང་༔ ཆོས་ཉིད་སྙིང་པོའི་དེ་ཁོ་ན་རུ་སྨིན༔ སྔགས་ཀྱི་དོན་དམ་མངོན་གྱུར་ངང་ནས་བཟླའ༔ གཙོ་བོ་སྦྱོར་སྒྲོལ་ཡུམ་བཅས་སྔགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུྃ་ཕཊ༔ ཨཱོཾ་བྷེ་ཏཱ་ལི་རཀྴ་མ་ན་ཧཱུྃ་ཕཊ༔ ཨེ་ཀ་ཛ་ཊི་ཏྲག་རཀྴ་སྙིང་ཁ་རཀ་མོ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ སྲས་བཞི་སྦྱོར་སྒྲོལ་ཡུམ་བཅས་སྔགས༔ ཨཱོཾ་ཡ་མ་རཱ་ཛ་ཏི་ཏ་ཐ་ཐོ་ལ་ཡ་ཧཱུྃ་ཕཊ༔ ཨཱོཾ་རག་མོ་རག་མོ་སྙིང་རྩ་ལ་ཤ་ལ་བྷྱོ་ཧཱུྃ་ཕཊ༔ ཨཱོཾ་ཧེ་མ་དེ་བྷྱོ་ཧཱུྃ་ཕཊ༔ ཨོཾ་ཡ་མ་རཱ་ཛ་པྲེ་ཏ་བྷི་ཏྲི་ཏི ༼ བི་དཔྱད། ༽མ་ར་ཏ་ཀ་ཧཱུྃ་ཕཊ༔ ཨཱོཾ་རག་མོ་རག་མོ་ཁྲག་ལ་མུ་ཤམ་བྷྱོ༔ ཨཱོཾ་ཡ་མ་དེ་ཕྱིང་ཧཱུྃ་ཕཊ༔ ཨཱོཾ་ཡ་མ་རཱ་ཛ་པྲེ་ཏེ་ཛ་ལ་ཧཱུྃ་ཕཊ༔ ཨཱོཾ་རག་མོ་རག་མོ་ཏི་ས་མ་མ་མ་བྷྱོ༔ ཨཱོཾ་ནཱ་ག་དེ་བྷྱོ་ཧཱུྃ༔ ཨཱོཾ་ཡ་མ་ར་ཛ་ཀ་ལ་ཀྵེ་པྲེ་ཏོད་ཀ་ཏ་ཧཱུྃ་ཕཊ༔ ཨཱོཾ་རག་མོ་རག་མོ་ཏིང་ཏིང་ཀ་ལ་མ་བྷྱོ༔ ཨོཾ་ཁ་རག་དེ་བྱི་ཧཱུྃ༔ ཕྱོགས་སྐྱོངས་བཅུ་གཉིས་ཀྱི་སྔགས་ནི༔ ཨཱོཾ་ཡ་མ་བཛྲ་ཀྲོ་ཏ་རཀྵ་ཧཱྃ་ཕཊ༔ ཨོཾ་མ་མ་རག་མོ་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་ཧྲི་ཏི་ཧཱུྃ་ཕཊ༔ཨཱོཾ་རག་མོ་རཀྴ་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་མ་ཧཱ་པ་ཏ་ཧཱུྃ་ཕཊ༔ ཨཱོཾ་མ་མ་ཡག་མོ་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་ཧྲི་ཀུ་རུ་ཧཱུྃ་ཕཊ༔ ཨཱོཾ་མ་མ་རཀྵ་ཧྲི་ཏི་སྙིང་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་ཡ་བ་ཏི་ཧཱུྃ་ཕཊ༔ ཨཱོཾ་མ་མ་རཀྵ་མ་ཧེ་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་ཨརྱ་ད་ར་ཧཱུྃ༔ཕཊ༔ ཨཱོཾ་རག་མོ་སྟ་ན་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་རཀྵ་ཙ་ལི་ཧཱུྃ་ཕཊ༔ ཨཱོཾ་མ་མ་ན་ག་རུ་ལུ་བྷྱོ༔ ཨོ་ཡ་མ་སརྦ་པ་ཏ་ཧཱུྃ་ཕཊ༔ ཨཱོཾ་བ་ཡ་དྷེ་བ་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་ཨ་སྨྲི་ར་ར་མ་ཧཱུྃ་ཕཊ༔ ཨཱོཾ་ཡག་མོ་ཡག་མོ་རུ་ལུ་བྷྱོ༔ ཨཱོཾ་ཡ་མ་ད་ན་རི་ཙ་ཧཱུྃ་ཕཊ༔ ཨཱོཾ་མ་མ་བཛྲ་ཨེ་ཀ་རུ་ལུ་ཧཱུྃ༔ ཨཱོཾ་ཡ་བ་དེ་བ་རཾ་ཧཱུྃ་ཕཊ༔ ཨཱོཾ་ཨེ་ཀ་རག་མོ་རུ་ལུ་བྷྱོ༔ ཨོཾ་ཡ་མ་ཧྲི་ཏི་བཾ་ཧཱུྃ་ཕཊ༔ ཨོཾ་ཀ་ལི་རག་མོ་རུ་ལུ་བྷྱོ༔ སྒོ་བཞིའི་སྔགས་ནི༔ ཨཱོཾ་ཡ་མ་ཨཾ་ཀུ་ཤ་ཛ༔ ཨོཾ་ཡ་མ་པ་ཤ་ཧཱུྃ༔ ཨོཾ་ཡ་མ་སྥོ་ཊ་བཾ༔ ཨཱོཾ་ཡ་མ་གྷནྡྷེ་ ༼ གྷནྜེ་ ༽ཧོ༔ ཞེས་དང་ཡང་ན་དཀྱིལ་འཁོར་སྤྱི་དྲིལ་གྱི༔ རབ་ཏུ་གསང་བའི་སྙིང་པོ་ནི༔ ཨཱོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ༔ ཡ་མེ་དོ་རུ་ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊཿསྭཱ་ཧཱ༔ བསྡུ་ན་འདིས་ཀྱང་ཆོག་གོ༔ ཡཿཀྵེ་མ་མེ་ད་ཡཙྪ་ནི་རཱ་ཛ་ས་དོ་རུ༔ རྒྱུ་མ་ནོར་བ་རྩ་བའི་སྔགས་སོ༔ བསྙེན་བསྒྲུབ་ལས་གསུམ་ཡོངས་རྫོགས་པས༔ ཡང་གསང་སྔགས་རྒོད་འདི་ཉིད་དོ༔ ཨྱཻ་ཨྱཻ་ཨྱཻ༔ ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ་ཨོཾ༔ ཧཱུྃ༔ ཟིལ་གནོན་ཐུགས་ཀར་རིན་ཆེན་གུར་ཁང་དབུས༔ རྟ་བདུན་ལ་གནས་ཧཱུྃ་མཐར་གསང་སྔགས་འཁོར༔ འོད་འཕྲོས་ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔ སྒོ་གསུམ་སྒྲིབ་དག་རྒྱལ་ཀུན་དབང་བྱིན་བསྡུས༔ སེམས་ཅན་སྒྲིབ་སྦྱངས་གདུག་པ་ཚར་བཅད་ནས༔ མཐུ་སྟོབས་གཟི་བརྗིད་མ་ལུས་ཚུར་བསྡུས་ཏེ༔ རང་ལུས་ཁྲོ་ཆུང་རྡོ་རྗེས་གཏམས་བསམ་ཞིང་༔ ཆོས་ཉིད་རོལ་བའི་ངང་ནས་དྲག་སྔགས་བཟླའ༔ ཨྱཻ་ཨྱཻ་ཨྱཻ༔ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ་ཨོཾ༔ ཀཱ་ལ་རཱུ་པ་ཡེ་ཨཱ༔ ཧྲཱིཿཥྚི་ཨ་པ་ཡ་ཧཱུྃ༔ ཨ་ཨ་ཨ་ནི་ཨ་ནི༔ ཨཱུ་ཨཱུ༔ ཨཱུ་ནི་ཨཱུ་ནི༔ དུ་དུ༔ དུ་ནི་དུ་ནི༔ ཨ་ཨི༔ ཨུ་ཨེ༔ ཨོ་ཨཾ༔ ར་རི༔ ལ་ལི༔ དུ་རི་ཡེ༔ བྱ་ཚ་ཡེ༔ སིང་ཧ་ཡེ༔ ཧྲཱི་ཧ་ཡེ༔ བི་ད་ཡེ༔ ཧ་ལ་ཡེ༔ མུ་ཁ་ཡེ༔ ཨུ་ཨུ་ནི་ཨུ་ནི༔ བུ་ཌི་ཏ༔ ཨ་ཨ་ན་ན༔ ཡ་མ་རཱ་ཛ༔ ཡ་མ་རཀྵ༔ ཡ་མ་རཀ་ཨ༔ ཡ་མ་རཀྵ༔ བེ་ཏཱ་ལི་ཀྲོ་ཏཱི་ཤྭ་རི་མ་མ་ཨེ་ཀ་ཛ་ཊི་དྷེ་མ་ཀཱ་ལི་བཾ་རིལ་རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷི་ཙཎྚ་རཀྵ་མོནྟ་ཨ་ཧཱུྃ་ཛ༔ ཧཱུྃ༔ དེ་དག་ཀུན་གྱི་ཕྲིན་ལས་ཚོགས༔ མ་ལུས་སྒྲུབ་བྱེད་ནུས་པ་ནི༔ དམིགས་པའི་ཡུལ་གྱི་བྱ་བ་དང་༔ ལམ་དང་གང་ཟག་འབྲས་བུ་རྣམས༔ འཐོབ་བྱེད་གསང་སྔགས་འདི་ཉིད་དོ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ གཙོ་སྔགས་བྱེ་བ་གཅིག་གི་ཚད༔ སྲས་སྔགས་རེ་རེར་འབུམ་ཕྲག་གཉིས༔ འཁོར་རྣམས་འབུམ་ཕྲག་གཅིག་གི་གྲུབ༔ སྤྱི་དྲུལ་ས་ཡ་དྲག་པོའི་སྔགས༔ འབུམ་ཕྲག་གཅིག་གི་བསྙེན་ཚད་གྲངས༔ དུས་ཀྱི་བསྙེན་པར་བཅས་པ་རྫོགས༔ རྟགས་བསྙེན་བདེན་པ་མཐོང་བ་དང་༔ ཕྲིན་ལས་རང་དབང་གྱུར་བ་ཡིན༔ ས་མ་ཡཱ༔ རྗེས་ལ་བསོད་ནམས་ཡེ་ཤེས་ཀྱི༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ སྔགས་ཀྱི་སྤྱོད་པའི་ཐབས་མཁས་སྒོ༔ གཱ་ཎ་ཙཀྲའི་མཆོད་པ་ལ༔ བྱིན་གྱི་བརླབས་ཀྱིས་ས་མ་ཏི༔ ཧཱུྃ༔ རྒྱུ་གཅིག་འབྱེད་མེད་རྩ་བ་བས༔ ག་ཎའི་དངོས་པོ་འཇམ་པའི་སྒྲའི༔ བླ་དག་ན་དཱའི་དབྱིངས་སུ་ཟད༔ རྟོག་ཚོགས་མཚན་མ་གཞི་ལ་མེད༔ སོར་རྟོགས་ཤེས་རབ་མེ་ཡིས་བསྲེགས༔ ངོ་བོ་ཀ་དག་ཆུ་ཡིས་བཀྲུས༔ ཕྱོགས་མེད་ཐུགས་རྗེའི་རླུང་གིས་གཏོར༔ ཐིག་ལེ་ཉག་གཅིག་གདལ་བ་ཆེ༔ རཾ་ཡཾ་ཁཾ༔ ཧཱུྃ༔ ཚོགས་ཀྱི་རང་བཞིན་རྟག་ཆད་མེད༔ རྐྱེན་ལ་མ་ལྟོས་སྲིད་ཞིའི་དཔལ༔ བདག་ཉིད་ཆེན་པོ་ལོངས་སྤྱོད་རྫོགས༔ སྤྱོད་ཡུལ་ཀུན་ཏུ་བཟང་པོ་དག༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ཆོས་རྣམས་ཀུན་གྱི་ཡང་དག་མཐའ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་མཁའ༔ ཚོགས་ཀྱི་གན༵ས་ནི་ཞིང་ཁམས་གསུམ༔ ཕུན་སུམ་ཚོགས་པའི་དཔལ་ཡོན་ལྡན༔ མིང་མེད་མཐར་སྟོང་ཡེ་ཤེས་སེམས༔ རྒྱལ་བ་ཀུན་གྱི་ཐུགས་ཀར་བཞུགས༔ འཆི་མེད་གཉུག་མ་གཤིན་རྗེ་གཤེད༔ གཱ་ཎའི་སྟོན༵་པ༵་ཕུན་སུམ་ཚོགས༔ རྟོག་ཚོགས་བྱང་ཆུབ་སེམས་ཀྱི་རྩལ༔ སྤྲུལ་བ་བཀའ་སྡོད་ཕྱོགས་སྐྱོང་དང་༔ སྒོ་སྲུང་གདུལ་བྱའི་ཡི་དྭགས་སོགས༔ གཱ་ཎའི་ཕུན་སུམ་ཚོགས་པའི་འཁོར༵༔ གནས་པ་བཞི་ལྡན་འཁོར་ལོའི་ཐུགས༔ ཆོས་ཉིད་ཨ་ཀྲོ་ཏ་ཀ་ཡཱ༔ རྒྱལ་བའི་གསུངས་དང་ལོག་འགྲོའི་སྐད༔ གཱ་ཎའི་ཆོས༵་འཁོར་ཕུན་སུམ་ཚོགས༔ ཐོག་མ་བར་དང་ཐ་མའི་མཐའ༔ གང་དུ་མ་ངེས་ཀ་དག་དུས༔ མཉམ་པ་ཉིད་ལ་སྤྲོས་པ་མེད༔ གཱ་ཎའི་ཕུན་སུམ་ཚོགས་པའི་དུས༵༔ ཕྱོགས་དང་དབུས་མཐའ་བྲལ་བའི་ཀློང་༔ འགྲོ་འོང་འདུ་འབྲལ་མེད་པའི་སྐུ༔ གཤེགས་བཞུགས་སྒོར་བསྟུན་ཀུན་ཏུ་བཏགས༔ ཟིལ་གནོན་དཀྱིལ་འཁོར་འཆར་སྒོ་ཕྱེས༔ མགྲོན་ཐབས་དཀྱིལ་འཁོར་སྤྱན་འདྲེན་པ༔ ཧཱུྃ༔ སེམས་ཀྱི་རྡོ་རྗེ་གཤིན་རྗེའི་གཤེད༔ སྤྲོས་པ་མེད་ལས་སྤྲོས་པའི་ཚུལ༔ རྒྱལ་བ་རྒྱ་མཚོའི་སྐུར་བཞེངས་ནས༔ འདུས་པ་ཆེན་པོའི་ཚོགས་སུ་བྱོན༔ ཕྱི་ལྟར་སྣང་སྲིད་སྐྱེ་འགྲོའི་གཟུགས༔ སྐལ་ལྡན་འདུས་པའི་ཚོགས་སུ་བྱོན༔ འཁོར་འདས་གཉིས་ཀྱི་དཔལ་ཡོན་ཀུན༔ འབྱོར་ལྡན་ཡོ་བྱད་ཚོགས་སུ་བྱོན༔ བསོད་ནམས་ལྡན་པ་བསོད་ནམས་ཚོགས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ ཡེ་ཤེས་ལྡན་པ་ཡོད་མེད་ཤེས༔ ཚོགས་ཆེན་པོ་ཡི་ཚོགས་ལ་བྱོན༔ ཨཱོཾ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་གཱ་ཎ་ཙཀྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ ཚོགས་ཁང་དུར་ཁྲོད་རོལ་བའི་གནས༔ རྣལ་འབྱོར་དམ་གཙང་རྡོ་རྗེའི་གྲོགས༔ ཤགས་དང་རྩོད་པ་ཀུ་ཅོ་མེད༔ སྡིག་ཟས་ལོག་འཚོའི་མ་བསླད་ཅིང་༔ དམ་སྲི་ངན་པའི་ལག་མ་འགྲིམས༔ དམ་ཚིག་གསོ་བའི་རྫས་སུ་འོས༔ ཟག་མེད་ཡེ་ཤེས་ཕབས་ཀྱིས་བྲན༔ བརྟུལ་བཞུགས་རིག་པའི་ཉམས་དང་ལྡན༔ དམ་ཚིག་འདི་ནི་དང་དུ་བཞེས༔ གཱ་ཎ་ཚོགས་ཀྱི་མཆོད་པ་ནི༔ ཧཱུྃ༔ སྲིད་པར་གཏོགས་པའི་འཚོ་བྱེད་སྨན༔ རྡོ་རྗེའི་ཚེ་དང་གལ་ཕྱེ་དང་༔ གཉིས་མེད་མཐུན་སྡེབ་ཐུགས་ཀྱི་རྫས༔ འཇམ་དེས་ཟླ་རྒྱས་ཟླ་བའི་ཕྲུམ༔ ཚེ་ཁྲིད་ཛ་གད་ཛ་གྲི་བ༔ བྲན་མོ་ཤ་མོ་ཀུན་ཏུ་རྒྱུག༔ བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས༔ ཡེ་ཤེས་བདུད་རྩིར་ཕབས་ཀྱིས་བྲན༔ འཇོམས་བྱེད་སྐུ་གསུམ་ལྷ་ལ་འབུམ༔ ཨཱོཾ་ཨ་ལི༔ ཨུ་ལི༔ ཏཱ་ལི་ཏ་པཱ་ལི་དཾཥྚ་གོ་ནཱ་རཽ་ཏྲི་ཡ་མནྟ་ཀ་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ༔ ཧཱུྃ༔ སྲིད་ཞི་ཀུན་གྱི་དམ་ཚིག་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་གི༔ ཕྱག་རྒྱ་གར་དང་གླུ་ཚིག་བྲོ༔ འཇོམས་བྱེད་ལྷ་ཚོགས་རྒྱུ་འཕྲུལ་གར༔ སངས་རྒྱས་ཆོས་དང་དགེ་འདུན་སྡེ༔ རྩ་གསུམ་སྐུ་གསུམ་ལྷ་ཚོགས་ལ༔ འགྲོ་ཀུན་ཚོགས་གཉིས་རྫོགས་ཕྱིར་འབུལ༔ སྐུ་གཉིས་མངོན་གྱུར་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ༔ ཤནྟ་ས་པ་རི་ཨ་ན་ནཱ་ཨརྩི་ཏ་བྱ༔ སུ་མ་བྷ་ལ་བྷ་ལར་ཨརྟ་གཱ་ཎ་ཙཀྲ་ལ་ཁཱ་ཧི༔ ཧཱུྃ༔ སངས་རྒྱས་དམ་ཚིག་རྨད་པོ་ཆེ༔ ཨ་མྲ་རྒུན་འབྲུམ་ཨ་ཀ་རུ༔ ན་ལིང་གེར་རྒྱས་རྣམ་སྣང་མཛད༔ དཀར་རྩི་དམར་རྩི་མཱཾ་ས་དང་༔ མི་བསྐྱོད་རང་བཞིན་རྫོགས་སངས་རྒྱས༔ བདུད་རྩི་སྨན་དང་རཀྟ་འཁྱིལ༔ བྷ་ལིང་ཞི་དྲག་མཆོད་འོས་ཀུན༔ འཇིགས་བྱེད་དཀྱིལ་འཁོར་ལྷ་ལ་མཆོད༔ ཧཱུྃ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་༔ འབྲེལ་བའི་རྩ་གསུམ་ལྷ་ཚོགས་ལ༔ བདེ་ཆེན་བདེ་བའི་འབྱུང་གནས་ཀྱིས༔ དགའ་ཆེན་རོལ་མོའི་མཆོད་པ་འབུལ༔ ཕྱི་དང་ནང་གི་ཉེ་རྒྱུ་ཡིས༔ ཚོགས་ཀྱི་སྤྱོད་པ་མཐར་ཕྱིན་ནས༔ ལྷན་ཅིག་སྐྱེས་པ་མཆོག་གི་དངོས༔ ཕྱག་རྒྱ་ཆེན་པོའི་སིདྡྷི་སྩོལ༔ ཨ་ཧོ་མ་ཧཱ་སུ་ཁ་གྷཱ་ན་ཙཀྲ་ཁཱ་ཧི༔ བར་བ་བཤགས་པ་བྱ་བ་ནི༔ ཀྱཻ་ཨྱཻ༔ འཇམ་དཔལ་ཡ་མནྟ་ཀ་བྱང་ཆུབ་སེམས༔ རང་བཞིན་རྫོགས་པ་ཆེན་པོ་ཆོས་སྐུ་ཡི༔ རང་ཞལ་མ་རིག་གློ་བུར་དྲི་མས་བསྒྲིབ༔ ལུས་གསུམ་བག་ཆགས་བརྟེན་པ་དེ་སྲིད་དུ༔ ཉོན་མོངས་དབང་གིས་མི་དགེ་སྡིག་བགྱིས་དང་༔ ཁྱད་པར་སྡོམ་གསུམ་བརྟུལ་ཞུགས་བཟང་མནོས་ནས༔ རང་ལྡོག་མ་ཉམས་སོ་སོར་བསྲུང་རྒྱུ་ལ༔ བཀའ་བཅག་ལུང་བོར་བླ་མ་མཁན་སློབ་བསླུས༔ བསླབ་སྡོམ་དམ་ཚིག་ཉམས་ཆགས་འགལ་འདས་རལ༔ ཁྱད་པར་རྡོ་རྗེའི་རྣལ་འབྱོར་ཆེན་པོ་ཡི༔ སྐུ་གསུང་ཐུགས་སུ་སྒྲུབ་པར་དམ་བཅས་ཀྱང་༔ སྒྲུབ་དང་བསྲུང་བྱའི་དམ་ཚིག་ཉམས་པ་དང་༔ འཁྱེར་སོ་གསུམ་དང་སྤྱི་དང་ཁྱད་པར་ལྷག༔ འགལ་འཁྲུལ་ཉམས་ཆགས་ཉེས་ལྟུང་ཐམས་ཅད་ཀུན༔ ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་༔ མ་གཤིན་ལས་ལ་དབང་བ་གཡར་དམ་ཅན༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པས༔ མཁའ་འགྲོ་དམ་ཅན་སྔགས་བདག་རྒྱ་མཚོ་ཡི༔ ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པ༔ གྷ་ཎ་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླའོ༔ ཨོཾ་ཡ་མཱནྟ་ཀ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛཿ དྲ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་མཱ་མེ་མུཉྩ༔ ཡ་མཱནྟ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཚོགས་ཕུད་གསུམ་པ་བསྒྲལ་བསྟབས་ནི༔ གནོད་བྱེད་དགྲ་བགེགས་འགུགས་གཞུགས་བྱ༔ དོན་སྟོང་སེམས་དང་ལྡན་པའི་ངང་༔ ཧཱུྃ༔ འཇིགས་ཚོགས་ཀུན་ཀྱང་འཇིགས་པར་བྱེད༔ འཁོར་འདས་དབང་ཕྱུག་ཧེ་རུ་ཀ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་བདག༔ སྲིད་པའི་འཁོར་ལོ་ཡོངས་བསྒྲལ་ཕྱིར༔ ཐམས་ཅད་གཤིན་རྗེའི་ལྟོ་བར་གནས༔ དེ་ཡང་ཁྱོད་ཀྱི་ཀློང་ན་འགུམ༔ སྲིད་པ་གསུམ་པོ་གར་གནས་ཀྱང་༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནི༔ ཧཱུྃ༔ ཞེ་སྡང་གཤིན་རྗེ་འཁོར་བཅས་ཀྱི༔ དགྲ་བགེགས་འགུགས་པའི་ཕྲིན་ལས་མཛོད༔ སེར་སྣ་གཤིན་རྗེ་འཁོར་བཅས་ཀྱི༔ དགྲ་བགེགས་འཆིང་པའི་ཕྲིན་ལས་མཛོད༔ འདོད་ཆགས་གཤེད་པོ་འཁོར་བཅས་ཀྱི༔ དགྲ་བགེགས་སྡོམ་པའི་ཕྲིན་ལས་མཛོད༔ གཏི་མུག་གཤེད་པོ་འཁོར་བཅས་ཀྱི༔ དགྲ་བགེགས་མྱོས་པའི་ཕྲིན་ལས་མཛོད༔ དབྱུག་ཏོ་གཤེད་པོ་འཁོར་བཅས་ཀྱི༔ དགྲ་བགེགས་སྐྱོབས་བྱེད་ལྷ་དང་ཕྲོལ༔ ང་རྒྱལ་གཤེད་པོ་འཁོར་བཅས་ཀྱི༔ དགྲ་བགེགས་སྨྱོ་བརྒྱལ་རེངས་སུ་ཆུགས༔ པདྨ་མཐར་བྱེད་འཁོར་བཅས་ཀྱི༔ དགྲ་བགེགས་གྲུ་གུ་ཐུལ་དུ་ཆིངས༔ ཧཱུྃ༔ ཐོ་བ་གཤིན་རྗེ་གཤེད་ཆེན་གྱིས༔ དགྲ་བགེགས་རྡོ་རྗེའི་གཏུན་དུ་བརྡུང་༔ རལ་གྲི་གཤིན་རྗེ་གཤེད་པོ་ཡི༔ དགྲ་བགེགས་དུམ་བུ་སྟོང་དུ་གཏུབ༔ ནག་འཇོམས་ལ་སོགས་གཤེད་ཆེན་གྱིས༔ ཕྱོགས་བཅུར་གནས་པའི་དགྲ་བགེགས་སྒྲོལ༔ གསོད་པར་བྱེད་པའི་ཕོ་ཉ་བཞིས༔ དགྲ་བགེགས་ལུས་སེམས་འབྲེལ་ཐག་ཆོད༔ བར་ཆད་བྱེད་པའི་བདུད་པོ་བཞིས༔ སྐྱེ་བ་ཕྱི་མར་དུས་མ་བཏབ༔ ཁྲམ་ལ་འདེབས་པའི་རྩིས་པ་བཞིས༔ བྱད་ཁྲམ་ཧོམ་ཟོར་གདོང་ལ་སྤྲོད༔ སྲོག་རྩ་གཅོད་པའི་ཤན་པ་བཞིས༔ དགྲ་བགེགས་སོྲོག་དབུགས་ད་ཆོད་ཅིག༔ མོན་ནག་ཨ་ཙར་ནག་པོ་བཞིས༔ ངན་སྔགས་དུག་ཆུའི་འོལ་ཁ་སྟོན༔ ལོ་ཟླ་ཞག་གི་འཆི་བདག་གིས༔ དུས་ལས་མ་ཡོལ་ཕྲིན་ལས་མྱུར༔ ཕོ་གཤེད་མོ་གཤེད་ཚོགས་ཀུན་གྱིས༔ སྐད་ཅིག་གཅིག་གི་ཤོལ་མ་འདེབས༔ འོབ་བསྲུང་བཅུ་གཉིས་སྒོ་བསྲུང་སོགས༔ བདུན་བརྒྱ་ཉི་ཤུའི་ལྷ་ཚོགས་ཀྱིས༔ བསྟན་དགྲ་ལང་ལ་མ་ཤོར་ཅིག༔ སངས་རྒྱས་བསྟན་པ་ཡལ་མ་དོར༔ སྔགས་འཆང་རྣལ་འབྱོར་ཡིད་མ་བཅད༔ ལྷ་དང་བསྲུངས་མ་མཐུ་མ་ཆུང་༔ འཛིན་སྦྱོར་སྒྲོལ་བའི་གིང་ཆེན་བཞིས༔ བསྒྲལ་འདྲེན་དྲག་པོའི་དགོངས་ཀློང་སྐྱོད༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བཛྲ་རཏྣ་པདྨ་ཀརྨ་བུདྷ་མུད་ག་ར་དཎྚ་པདྨ་ཁརྒ་ཡ་མ་ར་ཛ་ས་པཱ་རི་ཝ་ར་སརྦ་ཤ་ཏྲུན་ཛཿཧཱུྃ་བཾ་ཧོ་དེ་ཝ་བྷྲི་ཏ་ཡ་ཕཊ༔ ཀ་ཁོ་དྷ་བྲིནྟཾ་བྷནྡྷ་བཾ་ཏྭ་ཊ་ཡ་ཏ་ཐ་ཡཙྪད་ཏ་མ་ར་ཡ་ཕཊ༔ ཚེ་ཁྲུས་ཀྱི་དགོངས་པ་བསྐྱངས༔ རྒྱས་པར་སྤྲོ་ན་སྨད་ལས་ཏེ༔ རྣ་རྒྱན་རྣམ་པ་བཅུ་གཉིས་སྤྲད༔ གཤོལ་གྱི་འཁྲུལ་འཁོར་རྣམ་བདུན་ཡང་༔ ཟླ་གསང་རྒྱུད་ལས་བདག་གིས་བསྟན༔ རྗེས་འབྲེལ་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ འཇམ་དཔལ་རང་བཞིན་བྱམས་སྡང་ལ་སོགས་པའི༔ རྩོལ་རྟོག་བཞེས་སྤྲོའི་མཚན་མ་མི་དམིགས་ཀྱང་༔ འགྲོ་ལ་དགོངས་པའི་སྔོན་རབས་ཐུགས་རྗེའི་ཤུགས༔ མ་འགགས་བདེན་དོན་རྣམ་པར་སྨིན་པའི་དབང་༔ ཨྱཻ་ཞེས་བྱ་བ་དུས་གསུམ་རྒྱལ་བའི་ཞལ༔ ཉོན་མོངས་རྣམ་སྨིན་སྡུག་བསྔལ་ཟ་བའི་ཧོམ༔ ཁྲོ་ཆེན་གཅོད་པའི་འཁོར་ལོའི་ཕྲིན་ལས་ཀྱིས༔ བདག་མེད་རྟོགས་པའི་ཀིང་རུས་མཆེ་བ་གཙིགས༔ འཁོར་འདས་ཀ་དག་ཀློང་དུ་རོལ་བར་མཛོད༔ ཧཱུྃ༔རང་བཞིན་ཏིང་འཛིན་གཟུགས་བརྙན་དབྱེར་མེད་པའི༔ ཐུགས་རྗེ་དགྱེས་པ་བདེ་འཁྲོས་ཧེ་རུ་ཀ༔ འཇམ་དཔལ་ཡ་མནྟ་ཀའི་དཀྱིལ་འཁོར་དུ༔ ང་རྒྱལ་རུ་ཏྲའི་གཤེད་པོར་དབང་སྤྱོད་ནས༔ གཟུགས་པོར་སྒྱུ་མའི་དཔུང་ཚོགས་འཇིགས་པའི་དགྲའི༔ རྣམ་སྨིན་ལྷག་མ་ཡེ་ཤེས་དབྱིངས་སྡུད་ཕྱིར༔ དགྲ་བོའི་ཤ་ནི་བུར་སྦྲང་ལས་ཀྱང་མངར༔ གཏི་མུག་འཁྲུལ་འཁོར་ཆོས་དབྱིངས་ཀློང་དུ་སྟོབས༔ དགྲ་བོའི་ཁྲག་ནི་ཛ་གད་ལས་ཀྱང་ཚིམས༔ འདོད་ཆགས་སོར་རྟོགས་ཡེ་ཤེས་ཀློང་དུ་སྟོབས༔ དགྲ་བོའི་རུས་པ་རོ་བརྒྱའི་བཅུད་ལས་དངར༔ ཞེ་སྡང་མེ་ལོང་ཡེ་ཤེས་ཀློང་དུ་སྟོབས༔ ལྔ་ཕུང་སྐྱེ་མཆེད་དོན་སྣོད་མ་ལུས་པ༔ ཁྲོ་རྒྱལ་འབར་བ་ཆེན་པོའི་ཞལ་དུ་སྟོབས༔ རྟོག་ཚོགས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ ཆོས་ཀློང་ཡངས་བ་ཡེ་ཤེས་ཞལ་ཏུ་སྟོབས༔ སེམས་ཅན་དོན་དུ་དགོངས་ཏེ་བཞེས་སུ་གསོལ༔ ཕྱིན་ཆད་འཁྲུལ་མི་ཤེས་པའི་རྒྱས་ཐོབ་ཅིག༔ ཨོཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཛྙཱ་ན་པཉྩ༔ ཀ་ཡ་པཉྩ༔ པཉྩ་པཱུ་ཛ༔ ལཱ་ལི་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཞིང་ལྤགས་སྟེང་དུ་ཆོས་འབྱུང་ལྟེར༔ གཙང་དང་དམེ་པའི་གཏོར་མ་བཤམས༔ ལྷག་དཀྱིལ་གཞལ་ཡས་ཁང་གི་ནང༔ ཡར་གྱི་མཆོད་གནས་གསལ་གདབས་ལ༔ དམ་ཚིག་རྫས་ཀྱི་འོད་ཟེར་གྱིས༔ ཡེ་ཤེས་བདུད་རྩི་བཀུགས་བསྟིམས་བརླབས༔ འཁོར་འདས་མགྲོན་ཀུན་སྤྱན་དྲངས་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨུཥྩི་ཊ་མནྜ་ཎ་པུ་ནུ་བ་ར་ས་མ་ཡ་ཛ་ཛ༔ ཧཱུྃ༔ ལྷག་ཕུད་མཆོད་པར་འོས་པ་ཡར་གྱི་གནས༔ ཡོངས་རྫོགས་འཇིགས་བྱེད་དུས་དགྲའི་དཀྱིལ་འཁོར་དང་༔ རིགས་ལྔ་གནས་ཡུལ་སྒོ་དབང་བཅས་པ་ལ༔ འདོད་ཡོན་རྣམ་པའི་ཡེ་ཤེས་དགའ་སྟོན་འགྱེད༔ དགྱེས་བཞེས་དངོས་གྲུབ་རྒྱ་མཚོའི་གཏེར་སྒོ་ཕྱེས༔ ཨོཾ་མ་ཧཱ་གཱ་ཎ་ཙཀྲ་ཨུཥྩི་ཊ་པཱུ་ཛ་ཁ་ཧཱི༔ ཅེས་བརྗོད་ཡར་གྱི་གནས་བདུན་མཆོད༔ དེ་ནས་ངེས་པ་བརྗོད་པ་ནི༔ ཀྱཻ༔ ཚོགས་ཀྱི་ཕུད་ལ་རྩ་གསུམ་དཀྱིལ་འཁོར་དབང་༔ དེ་ནས་རྣལ་འབྱོར་དམ་ཚིག་གཉན་ལ་གཟེས༔ རྟོགས་པས་བདག་བསྒྲལ་ཐུགས་རྗེས་གཞན་སྒྲོལ་བས༔ ཕྲིན་ལས་ཆོ་ག་གཞུང་བཞིན་བགྱིད་འོས་པ༔ དང་དུ་བླང་ནས་ད་ལྟ་ལྷག་མས་མཆོད༔ འཇིག་རྟེན་ཆོས་མཐུན་རྗེ་འབངས་རིམ་པས་དབང་༔ དེ་ནས་འཁོར་འདས་རོ་གཅིག་དགོངས་སྤྱོད་ཀྱིས༔ ཐམས་ཅད་གཉིས་སུ་མེད་པར་བསྲེ་བར་བྱ༔ ཆོས་ཉིད་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ དེ་ནས་རྡོ་རྗེ་རྒྱལ་པོའི་ཞལ་ཆབ་བྲན༔ ཧཱུྃ༔ སྔོན་ཚེ་དྲེགས་པའི་སྡེ་དཔོན་འདུལ་བའི་ཚེ༔ དཔལ་གྱིས་སྤྲུལ་བ་ཐབས་མཁས་རྣམ་རོལ་དུ༔ འབར་མ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་པོ༔ ཡེ་ཤེས་འཇིག་རྟེན་ཚུལ་དུ་སྣང་མཛད་པའི༔ ཕུད་དང་ལྷག་ལ་དབང་བ་ཕྱི་མོའི་ཚུལ༔ ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཕེཾ༔ ཡེ་ཤེས་མཁའ་འགྲོ་ཤུགས་འགྲོ་རྟག་འགྲོ་མ༔ ཟ་བྱེད་ཁ་འབར་རེ་ཏི་གསལ་འགྲོ་བདུན༔ ༼ མ་མོ་མཆན། ༽ འཚོ་བྱེད་འཆིང་བྱེད་སྡོམ་བྱེད་རླུང་འབྱིན་བཞི༔ ༼ སྲིང་མོ་མཆན། ༽རིགས་བཞིར་སྟེང་འོག་ཀིང་ཆེན་བཅོ་བརྒྱད་དང་༔ སྐུ་འབར་མེ་ཁྱེར་གློག་ཕྲེང་སྐར་མདའ་གདོང་༔ སྲིན་མོ་མདུང་ཐུང་འཕེན་དང་ཀླུ་མོ་ནི༔ ལྕེ་འབེབས་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ བཅུ་དྲུག་བཞི་སྟེ་ཕོ་ཉ་དྲུག་ཅུ་བཞི༔ དགའ་བྱེད་ལ་སོགས་ཞི་བའི་མཁའ་འགྲོ་བརྒྱད༔ འཇོམས་བྱེད་ལ་སོགས་རྒྱས་པའི་མཁའ་འགྲོ་བརྒྱད༔ གནོད་སྦྱིན་ལ་སོགས་དབང་གི་མཁའ་འགྲོ་བརྒྱད༔ ཕག་གདོང་ལ་སོགས་དྲག་པོའི་མཁའ་འགྲོ་བརྒྱད༔ མགྲིན་བཅུ་ལ་སོགས་ལིང་ཀ་ཆེན་པོ་འབུམ༔ རྡོ་རྗེ་རྣམ་རྒྱལ་ ༼ ལ་སོགས་ཁྲོ་ཚུལ་མཆན། ༽ རྡོ་རྗེ་འབར་བ་ ༼ བའི་ཕོ་ཉ་དྲུག་ཅུ་མཆན། ༽དང་༔ མཐོང་བྱེད་ཀྱིས་མཚོན་དུང་གི་ཕོ་ཉ་༦༠བ༔ རྡོ་རྗེ་དབང་ཕྱུག་དབུར་བཞུགས་གསེར་གྱི་ཕོ་ཉ་༦༠བ༔ རྡོ་རྗེ་ཐོག་འབེབས་དང་བཅས་བསེ་ཡི་ཕོ་ཉ་༦༠བ༔ འཇོམས་མ་ལ་སོགས་གཡུའི་ཕོ་ཉ་༦༠བ༔ རལ་གཅིག་ལ་སོགས་མ་མོའི་ཕོ་ཉ་༦༠སྟེ༔ དྲུག་ཅུ་དྲུག་ཅུ་སུམ་བརྒྱ་དྲུག་ཅུའི་ཚོགས༔ དཀར་མོ་མིག་གཅིག་ལ་སོགས་མགྱོགས་མ་བཞི༔ གཞན་ཡང་ལྷག་ལ་དབང་བ་ཐམས་ཅད་ཀྱིས༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ སྐུ་ལྔ་མཐར་ཕྱིན་ཡེ་ཤེས་སར་བརྟན་ནས༔ ཉོན་ཤེས་སྒྲིབ་པའི་བདུད་བཞི་དབྱིངས་རོལ་ཞིང་༔ རྣལ་འབྱོར་དགོངས་པའི་རྩལ་གྱི་ཤུགས་རྫོགས་པའི༔ འབྱུང་ལྔའི་ལྷག་མ་ཡུམ་ལྔའི་ཀློང་དུ་རོལ༔ ཕུང་ལྔའི་ལྷག་མ་སྐུ་ལྔའི་ཀློང་དུ་བསྡུས༔ རྟོག་ཚོགས་སྐྱེ་མཆེད་སེམས་དཔའ་སེམས་མའི་ངང་༔ བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་ངོ་བོར་རོལ༔ ཟག་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ལྷག་མེད་མངོན་རྫོགས་སངས་རྒྱས་དཔལ་ཐོབ་ཕྱིར༔ ལྷག་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད༔ ཐུགས་དམ་གཉན་པོ་གནད་བསྐུལ་ནི༔ ཧཱུྃཿབྷྱོ་ཛ༔ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཆོས་སྐུ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ཀུན༔ རྩོལ་རྟོག་མེད་པའི་ཕྲིན་ལས་མ་འགགས་པས༔ འགྲོ་བའི་དོན་ཕྱིར་དགོངས་པ་གནད་ནས་བསྐུལ༔ རང་བྱུང་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་ལས༔ ངེས་པ་ལྔ་ལྡན་བཅོམ་ལྡན་འབར་བའི་ཉམས༔ ཁྲོ་བདག་གསང་ཆེན་རོལ་བའི་རང་མདངས་སྐུ༔ འགྲོ་བའི་དོན་ཕྱིར་དགོངས་པ་གནད་ནས་བསྐུལ༔ གཟུགས་བརྙན་བཟང་ངན་སྣ་ཚོགས་ཅིར་སྣང་ཡང་༔ དོན་ལ་རང་བཞིན་མཉམ་པའི་དཔེས་མཚོན་ཏེ༔ དུས་གསུམ་རྒྱལ་བའི་དགོངས་ཀློང་གཅིག་ཏུ་འཁྱིལ༔ ཡ་མཱནྟ་ཀའི་ཐུགས་དམ་གནད་ནས་བསྐུལ༔ སེམས་ཅན་ཐམས་ཅད་ཕྲིན་ལས་ཞིང་ཡིན་ན༔ བཏང་སྙོམས་ཡལ་བར་འདོར་བ་ག་ལ་སྲིད༔ གཙོ་བོ་རྒྱལ་བ་ཕྲིན་ལས་མངའ་བདག་ནི༔ ཕྱོགས་གཅིག་ཞི་ལ་གཞོལ་བར་མཛད་དམ་ཅི༔ གཅོད་པའི་འཁོར་ལོ་ཕྲིན་ལས་དངོས་ཡིན་ན༔ ནུས་པའི་སྟོབས་ཤུགས་ཕྱུང་བར་མི་མཛད་དམ༔ དེ་བས་རིགས་དྲུག་སྡུག་བསྔལ་ཉམ་ཐག་འགྲོ༔ གཡང་ས་ཆེ་ལས་ཐུགས་རྗེའི་ཕྱག་གིས་ཟུངས༔ ཁྱད་པར་ཕན་བདེའི་རྩ་ལག་གཅིག་གྱུར་བ༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་རྒྱས་པར་མཛོད༔ དེར་འཛིན་དགེ་འདུན་སྡེ་ཚོགས་དར་ཞིང་རྒྱས༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་ནས་ཀྱང་༔ སྣོད་བཅུད་དུས་ཀྱི་རྒུད་པ་ཀུན་བསལ་བས༔ ས་ལམ་བར་ཆད་མི་མཐུན་དབྱིངས་སུ་སོལ༔ མཐར་ཐུག་ཡིད་ཅན་ཀུན་ལ་འཚེ་བའི་དགྲ༔ དུས་ཀྱང་འཇོམས་པའི་དཔའ་བོའི་གོ་འཕང་ཉིད༔ སྒྲུབ་པའི་འབྲས་བུ་ཡང་དག་མཆིས་པར་མཛོད༔ ཨཱོཾ་ཡ་མཱནྟ་ཀ་ཀརྨ་ཤིནྟཾ་པུཥྚཾ་ཝ་ཤཾ་མ་ར་ཡ་དྲ་ཡ་ཡ་ཀུརྦནྟུ༔ དེ་ནས་ཆད་ཐོ་བསྐྱངས་བ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་ཐོག་མ་ལ༔ བཅོམ་ལྡན་འཇམ་དཔལ་རྡོ་རྗེ་སྲིན་པོ་ཡིས༔ འཆི་བདག་གཤིན་རྗེའི་སྡེ་དཔུང་བཏུལ་བའི་ཚེ༔ འདུལ་བྱེད་ཡེ་ཤེས་ཁྲོ་བོའི་ཚུལ་བསྟན་ཟོལ༔ ཕོ་ཉ་མོན་པ་བདུད་དང་གནོད་སྦྱིན་ཚོགས༔ ཀིང་དང་ཤན་པ་ལོ་ཟླ་ཞག་གི་གཤེད༔ ཁྲམ་བདག་རྩིས་ཀྱི་བདག་པོ་ཐམས་ཅད་ཀྱིས༔ རང་རང་གཟུགས་ཀྱི་སྐུ་མཆོག་མངོན་མཛད་དེ༔ ཁས་བླངས་དམ་བཅས་དམོད་པའི་བརྫུ་བག་ཀྱིས༔ བཀའ་ཡི་བསྟན་པ་བསྲུང་བར་གཉེར་བླང་སྟེ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་དབུ་འཕང་བསྟོད་པར་མ་བྱས་སམ༔ བསྒྲུབ་མཆོག་བར་ཆད་བསྲུང་བར་མ་ཆད་དམ༔ རབ་འབྱམས་ཕྲིན་ལས་བསྒྲུབ་ཞེས་མ་བྱས་སམ༔ སྔོན་ཚེ་ཚུལ་བསྟན་དགོངས་གཞི་ཅི་ཞིག་ན༔ དེང་འདིར་དེ་བཞིན་གཡར་དམ་མི་སྐྱོང་ན༔ ཕྲིན་ལས་དུས་ལས་ཡོལ་བར་མ་གྱུར་རམ༔ ཐུགས་བསྐྱེད་དམ་བཅའ་ཉམས་པར་མ་གྱུར་དམ༔ དེ་ཕྱིར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་རིག་འཛིན་རྒྱལ་བོ་རྡོ་རྗེ་ཆོས༔ ཕྲིན་ལས་སྤེལ་བའི་མདུན་འདོན་ཕོ་ཉར་བཞེངས༔ འཇམ་དཔལ་སྒྱུ་འཕྲུལ་ལྷ་ཚོགས་གར་བསྒྱུར་ནས༔ དམ་པའི་རིགས་ཅན་ལྔ་ལ་དབང་བསྐུར་ནས༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཆོ་འཕྲུལ་སྤྲུལ་བའི་འཁོར་ཚོགས་ཐམས་ཅད་དང་༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་རྒྱུ་སྐར་སྡེ༔ ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ༔ རྒྱལ་ཆེན་བཞི་སྟེ་དཔལ་མགོན་དྲེགས་ཆེན་གྱིས༔ རང་རང་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཆད་དམ༔ ལོག་འདྲེན་དམ་སྲི་འདུལ་བར་མ་ཆད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ ཆད་དོན་དམར་གྱི་གཏོར་མ་འདིར་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་རིག་འཛིན་མཉྫུ་མི་ཏྲ་ལ༔ རང་བྱུང་མཆོད་རྟེན་རིན་ཆེན་འོད་འཕྲོའི་དྲུང་༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཡིས༔ ཚེ་བདག་ཆེན་པོའི་སྒྲོམ་བུ་མངོན་གཏད་དེ༔ མཁའ་འགྲོའི་རྒྱ་མཚོ་ཀློང་གི་རྒྱ་བཀྲོལ་ནས༔ བཀའ་བབས་ཆོས་ཀྱི་བདག་པོར་མངའ་གསོལ་ནས༔ གཤིན་རྗེའི་གཤེད་ཀྱི་དངོས་གྲུབ་བརྙེས་པ་ན༔ ལས་གཤིན་ཆོས་ཀྱི་རྒྱལ་པོའི་དབུར་མཛད་པའི༔ བསྲུངས་མ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ རང་རང་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཆད་དམ༔ ལོག་འདྲེན་དམ་སྲི་འདུལ་བར་མ་ཆད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ ཆད་དོན་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་སངས་རྒྱས་པདྨ་འབྱུང་གནས་ཀྱིས༔ བོད་ཡུལ་ཁ་བ་ཅན་གྱི་གནས་མཆོག་ཏུ༔ ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དང༔ རྗེ་འབངསགྲུབ་ཆེན་ཉི་ཤུ་རྩ་ལྔ་ལ༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ དབང་བསྐུར་བསྒྲུབ་མཆོད་ཕྲིན་ལས་གཞུང་བསྲང་ཚེ༔ རྡོ་རྗེ་ཐེག་པའི་བསྲུངས་མ་ཐམས་ཅད་ཀྱིས༔ རང་རང་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཆད་དམ༔ ལོག་འདྲེན་དམ་སྲི་འདུལ་བར་མ་ཆད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ ཆད་དོན་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སླར་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སློབ་མ་མཐུ་སྟོབས་སངས་རྒྱས་ཡེ་ཤེས་དང་༔ ཏིང་འཛིན་བཟང་དང་ལྷུན་གྱིས་རྒྱལ་མཚན་ལ༔ དུས་དགྲའི་དབང་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ དབང་བསྐུར་སྒྲུབ་མཆོད་ཕྲིན་ལས་གཞུང་བསྲང་ཚེ༔ རྡོ་རྗེ་ཐེག་པའི་བསྲུངས་མ་ཐམས་ཅད་ཀྱིས༔ རང་རང་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཆད་དམ༔ ལོག་འདྲེན་དམ་སྲི་འདུལ་བར་མ་ཆད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ ཆད་དོན་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་དུས་གསུམ་སངས་རྒྱས་པད་འབྱུང་གིས༔ སྐྱབས་མེད་ཕྱི་རབས་དོན་དུ་ཉེར་དགོངས་ནས༔ གཏེར་རིགས་བྱེ་བ་བཅོ་བརྒྱད་སྦས་ནས་ཀྱང་༔ ཆོས་བདག་འདོན་དུས་ལ་སོགས་ལུང་བསྟན་ཏེ༔ གཞི་བདག་དབང་བསྡུས་གཏེར་གྱི་གཉེར་གཏད་ཚེ༔ རང་རང་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཆད་དམ༔ ལོག་འདྲེན་དམ་སྲི་འདུལ་བར་མ་ཆད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ ཆད་དོན་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེང་སང་སྨོན་ལམ་དུས་སུ་སྨིན་པའི་ཚེ༔ རང་སྣང་འོག་མིན་ཟངས་མདོག་དཔལ་གྱི་རིར༔ སྣང་བ་མཐར་ཡས་གུ་རུ་རིན་པོ་ཆེས༔ རིག་འཛིན་སྔགས་འཆང་ནམ་མཁའ་འཇིགས་མེད་ལ༔ དགོངས་བརྒྱུད་བྱིན་རླབས་ཟབ་གཏེར་བདག་པོ་རུ༔ དབང་བསྐུར་དབུགས་དབྱུང་མངའ་གསོལ་མཛད་པའི་དུས༔ ལྷན་གཅིག་གྲོགས་སུ་སྦྲན་པའི་བསྲུང་མ་ནི༔ དབང་ཆེན་རྣམ་སྤྲུལ་གནོད་སྦྱིན་དམར་ནག་དང་༔ ཡིད་བཞིན་དབང་རྒྱལ་གཟའ་བདུད་རཱ་ཧུ་ལ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་རྗེ་མོར་བཅས༔ འགྲོ་དོན་རྒྱ་ཆེན་འགྲུབ་པར་ཞལ་བཞེས་ཤིང་༔ རྫོགས་ཆེན་བསྟན་པ་སྐྱོངས་བར་གཉེར་བླང་ཞིང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཆད་དམ༔ ལོག་འདྲེན་དམ་སྲི་འདུལ་བར་མ་ཆད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ ཆད་དོན་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་དང་བསྟན་མ་སྐྱོང་བ་ནི༔ བཤལ་ཆུའམ་གཏོར་མར་བྱིན་གྱིས་རླབས་ལ༔ ཧཱུྃ༔ སྔོན་ཚེ་ཆེ་མཆོག་ཚོགས་ཆེན་དཀྱིལ་འཁོར་དུ༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་གར་མཛད་པས༔ ཕྱེ་བ་ཕྲག་བརྒྱའི་སྤྲུལ་སྐུའི་ཞིང་ཁམས་སུ༔ པད་འབྱུང་བྱེ་བ་ཕྲག་བརྒྱའི་བཀའ་སྡོད་ཚུལ༔ དུས་གསུམ་སངས་རྒྱས་བསྟན་པ་བསྲུང་པ་དང་༔ རྣལ་འབྱོར་ཅན་ལ་དངོས་གྲུབ་གེགས་བསལ་ཞིང་༔ མུ་སྟེགས་ཀླ་ཀློའི་སོ་ཁ་བསྡམ་པའི་སླད༔ སེམས་ཅན་ཀུན་ལ་ཕན་ཅིང་བདེ་མཛད་པའི༔ རྡོ་རྗེ་ཀུན་གྲགས་རྡོ་རྗེ་གཡའ་མ་སྐྱོང་༔ རྡོ་རྗེ་ཀུན་བཟང་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་མཐུ་ཆེན་རྣམ་པ་བཞི༔ འདིར་གཤེགས་དམ་རྫས་བཤལ་ཆུའི་གཏོར་མ་ལོངས༔ རྡོ་རྗེ་སྤྱན་གཅིག་རྡོ་རྗེ་དཔལ་གྱི་ཡུམ༔ རྡོ་རྗེ་ཀླུ་རྒྱལ་རྡོ་རྗེ་དྲག་མོ་སྟེ༔ གནོད་སྦྱིན་ནོར་གྱི་གཏེར་དབང་ཁྱེད་བཞི་ཡང་༔ འདིར་གཤེགས་དམ་རྫས་བཤལ་ཆུའི་གཏོར་མ་ལོངས༔ རྡོ་རྗེ་བདེ་སྐྱོང་རྡོ་རྗེ་སྨན་གཅིག་མ༔ རྡོ་རྗེ་གཡུ་རིང་རྡོ་རྗེ་གཡར་མོ་བསིལ༔ མཛེས་པས་རྨོངས་སེལ་སྨན་མོ་ཆེན་མོ་བཞི༔ འདིར་གཤེགས་དམ་རྫས་བཤལ་ཆུའི་གཏོར་མ་ལོངས༔ འཕྱོར་བག་རྒྱན་བཅས་སྲབ་འཇམ་ལྷབ་ལྷུབ་གོས༔ སིལ་སྙན་སྒྲར་བཅས་ངོ་མཚར་མཚན་དཔེར་བཅས༔ དགྱེས་པའི་གར་བཅས་མཐུ་སྟོབས་རྫུ་འཕྲུལ་བཅས༔ འདིར་བྱིན་དམ་སྐོངས་ཕྲིན་ལས་མཛད་དུ་གསོལ༔ སྔོན་ཚེ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ ཐུགས་རྗེ་ཡེ་སྤྲུལ་རྦ་མི་ཁྲི་གཞེར་གྱིས༔ ཞིང་ཆེན་གདན་བཀོད་ལག་ཏུ་རྡོ་རྗེ་གཏད༔ དབང་བསྐུར་གསང་མཚན་རྡོ་རྗེའི་བརྒྱན་པར་བཀོད༔ གསང་སྔགས་དཀྱིལ་འཁོར་རྡོ་རྗེའི་གྲྭལ་དུ་བཅུག༔ ཁྱད་པར་བོད་ཁམས་བསྲུང་སྐྱོབས་མགོན་ཏུ་གསོལ༔ རང་རང་རྣམས་ཀྱི་ཁས་བླངས་ཚུལ་བསྟན་ཟོལ༔ གཡར་དམ་གཉན་པོ་དེ་དག་རྗེས་དགོངས་ལ༔ དམ་རྫས་བཀའ་ཡི་བཤལ་ཆུའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་སྒྲུབ་པའི་ཡལ་གམ་སྐྱོངས༔ ཨོཾ་ལ་ལ་ལེ་ལེ་ཏཾ་ཏཾཿཏེ་ཏེཿརཾ་རཾ༔ ཁ་རགཿམ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ ཆོས་དབྱིངས་ཁྱབ་བརྡལ་ཨེ་ཡི་ཧོམ་ཁུང་དུ༔ འཁོར་གསུམ་འཛིན་པའི་བར་ཆད་དམ་སྲི་བྲུབ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་བྲོ་ལ་བསྐུལ༔ བཞེངས་ཤིག་ཕུང་འདྲེའི་གཡོ་འགུལ་མེད་པར་ཆོམས༔ བསྡུ་ན༔ ཧཱུྃ༔ ཕྱོགས་དང་ཕྱོགས་བྲལ༴ སོགས། ཧཱུྃ༔ དབུས་ཕྱོགས་མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་ནས༔ མི་འགྱུར་རྡོ་རྗེའི་འཇམ་དཔལ་གཤིན་རྗེ་གཤེད༔ ཐུགས་ཀྱི་ལྷ་ཚོགས་གླུ་བྲོ་གར་ལ་དགྱེས༔ སེམས་སུ་ལྟ་བའི་རུ་ཏྲ་མནན་ནོ་རྒྱ༔ གྲགས་སྟོང་རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་གྲགས༔ ཚིག་ནི་དོན་དམ་ལྟ་བ་རྟོགས་པའི་ཚིག༔ བྲོ་ནི་ཕྱག་རྒྱ་ཆེན་པོར་བཅོམ་ལྡན་མ༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ཤར་ཕྱོགས་མེ་ལོང་ཡེ་ཤེས་དཀྱིལ་འཁོར་ནས༔ ཡེ་ཤེས་ཆོས་སྐུ་ཞེ་སྡང་གཤིན་རྗེའི་གཤེད༔ སྐུ་ཡི་ལྷ་ཚོགས་གླུ་བྲོ་གར་ལ་དགྱེས༔ ལུས་སུ་ལྟ་བའི་རུ་ཏྲ་མནན་ནོ་རྒྱ༔ གླུ་ནི་སྐྱེ་མེད་ཡིད་དྲུག་རྡོ་རྗེའི་སྒྲ༔ ཚིག་ནི་དག་ཆེན་ལྟ་བ་རྟོགས་པའི་ཚིག༔ བྲོ་ནི་འགྱུར་མེད་ཡེ་གྲོལ་བཅོམ་ལྡན་འདས༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ལྷོ་ཕྱོགས་ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་ནས༔ མངོན་པར་བྱང་ཆུབ་སེར་སྣ་གཤིན་རྗེའི་གཤེད༔ ཡོན་ཏན་ལྷ་ཚོགས་གླུ་བྲོ་གར་ལ་དགྱེས༔ ཡུལ་དུ་ལྟ་བའི་རུ་ཏྲ་མནན་ནོ་རྒྱ༔ གླུ་ནི་རིག་པ་བྱིན་རླབས་གད་རྒྱང་ཆེ༔ ཚིག་ནི་དབྱེར་མེད་ལྟ་བ་རྟོགས་པའི་ཚིག༔ བྲོ་ནི་འཇིགས་ཆེན་འཇིགས་པར་བྱེད་པ་པོ༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ནུབ་ཕྱོགས་སོར་རྟོགས་ཡེ་ཤེས་དཀྱིལ་འཁོར་ནས༔ ལོངས་སྤྱོད་རྫོགས་སྐུ་འདོད་ཆགས་གཤིན་རྗེའི་གཤེད༔ གསུང་གི་ལྷ་ཚོགས་གླུ་བྲོ་གར་ལ་དགྱེས༔ ངག་དུ་ལྟ་བའི་རུ་ཏྲ་མནན་ནོ་རྒྱ༔ གླུ་ནི་དགོངས་པ་བརྡ་ཡིས་ཧ་ཧ་འཇིགས༔ ཚིག་ནི་ཅིར་ཡང་མ་ཡིན་རྟོགས་པའི་ཚིག༔ བྲོ་ནི་ཆོས་ཀྱི་ཕྱག་རྒྱ་བཅོམ་ལྡན་འདས༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ བྱང་ཕྱོགས་བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་ནས༔ སྤྲུལ་བའི་སྐུ་མཆོག་ཕྲག་དོག་གཤིན་རྗེའི་གཤེད༔ ཕྲིན་ལས་ལྷ་ཚོགས་གླུ་བྲོ་གར་ལ་དགྱེས༔ ལས་སུ་ལྟ་བའི་རུ་ཏྲ་མནོན་ནོ་རྒྱ༔ གླུ་ནི་བརྗོད་པ་ཚིག་གི་ཧི་ཧཱི་རྔམ༔ ཚིག་ནི་ཅིར་ཡང་མ་ཡིན་རྟོགས་པའི་ཚིག༔ བྲོ་ནི་ལས་ཀྱི་ཕྱག་རྒྱ་བཅོམ་ལྡན་འདས༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ཤར་ལྷོ་ཡེ་གྲོལ་ཡེ་ཤེས་དཀྱིལ་འཁོར་ནས༔ ཐོ་བ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས༔ ཉོན་མོངས་བདུད་དང་རུ་ཏྲ་མནོན་ནོ་རྒྱ༔ གླུ་ནི་ཚངས་པའི་དབྱངས་ཀྱི་འདྲེན་སྟངས་ཀྱིས༔ ཐམས་ཅད་མ་ལུས་དབང་དུ་སྡུད་པར་བྱེད༔ ཚིག་ནི་ཡུལ་མེད་ཟང་ཐལ་ཆེན་པོའི་ཚིག༔ བྲོ་ནི་རྡོ་རྗེའི་འགྲོས་སྟབས་ཆེམས་སེ་ཆེམ༔ གནོད་བྱེད་མ་ལུས་ཕྱེ་མར་འཐག་པའི་བྲོ༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ལྷོ་ནུབ་མི་གནས་ཡེ་ཤེས་དཀྱིལ་འཁོར་ནས༔ དབྱུག་པ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས༔ ཕུང་པོའི་བདུད་དང་རུ་ཏྲ་མནན་ནོ་རྒྱ༔ གླུ་ནི་འཁུར་བ་དབུགས་ཀྱིས་དབྱིངས་སུ་བླང་༔ ཁྲོ་བོ་ཁྲོ་མོའི་སྤྲུལ་བ་གྲངས་མེད་འཕྲོ༔ ཚིག་ནི་གཞི་མེད་རྩ་བ་བྲལ་བའི་ཚིག༔ བྲོ་ནི་མ་རུང་དྲེགས་པ་འདུལ་བ་ཡིས༔ དགྲ་བགེགས་དམ་སྲིའི་མགོ་ལུས་འགེམས་པའི་བྲོ༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ནུབ་བྱང་རང་གྲོལ་ཡེ་ཤེས་དཀྱིལ་འཁོར་ནས༔ པདྨ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས༔ དགའ་བྲོད་ལྷའི་བདུད་རུ་ཏྲ་མནན་ནོ་རྒྱ༔ འབྲུག་ལྟར་ཟབ་ཅིང་རྒྱ་ཆེའི་གླུ་བླང་བའི༔ གཏུམ་དང་གདུག་པ་མ་ལུས་ལྷན་ནེར་འགྱུར༔ ཚིག་ནི་མིང་མེད་སྤྲོས་ལས་འདས་པའི་ཚིག༔ བྲོ་ནི་དམ་སྲི་ཐལ་བར་བརླག་པ་ཡི༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ བྱང་ཤར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནས༔ རལ་གྲི་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས༔ འཆི་བདག་བདུད་ཀྱི་རུ་ཏྲ་མནན་ནོ་རྒྱ༔ གླུ་ནི་རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱིས༔ སྲི་གདོན་རྒབ་འདྲེ་མ་ལུས་དཔའ་སྐོང་འདུལ༔ ཚིག་ནི་ལ་བཟླའ་ཨ་ཏི་ཡོ་གའི་ཚིག༔ བྲོ་ནི་རྡོ་རྗེའི་ཟིལ་གནོན་འབར་བ་ཡིས༔ དགྲ་བགེགས་དམ་སྲིའི་བརྟན་པ་འཕྲོག་པར་ཕྱེད༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ རྟ་བྲོ་འདི་ལས་ནམ་ཡང་ལྡང་བ་མེད༔ ཧཱུྃ༔ ཕྱོགས་དང་ཕྱོགས་བྲལ་དཀྱིལ་འཁོར་ཡངས་བ་ཆེར༔ ཤེས་རབ་མཚོན་ཆེན་རྣམ་པར་འཇོམས་པའི་བདག༔ བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ གླུ་ནི་འཁུན་གདུང་ཧཱུྃ་ཧཱུྃ་སྒྲ་འབྱིན་ཅིང་༔ དྲེགས་པའི་གདུག་ཅིང་སྡང་ལྡན་རྡུལ་དུ་རློགས༔ ཚིག་ནི་ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཁྱོན༔ བྲོ་ནི་དྲེགས་པ་བདུད་དཔུང་འདུལ་བྱེད་པའི༔ ལོག་འདྲེན་ཡིད་སྲུབ་རྨེག་མེད་བརླགས་པའི་བྲོ༔ གཏུམ་ཆེན་ཁྲོ་བོའི་གར་སྟབས་ལོག་གེ་ལོག༔ གར་ནི་རྣམ་པར་རྒྱལ་བའི་དཔའ་རྟགས་གོ༔ ཕྱག་རྒྱ་འདི་ལས་ནམ་ཡང་འདའ་བ་མེད༔ ཧཱུྃ༔ རྟ་བྲོ་འཁོར་ཅིག་གནམ་ནས་བརྡུང་༔ སྙོམས་འཇུག་འཁྲུལ་རྟོག་མནན་ནོ་རྒྱ༔ གཟུགས་མེད་མུ་བཞི་ཟིལ་གྱིས་གནོན༔ ཆོས་ཀྱི་སྐུ་ཡི་བྲོ་རྒྱས་གདབས༔ རྟ་བྲོ་འཁོར་ཅིག་བར་ནས་བརྡུང་༔ བསམ་གཏན་འཁྲུལ་རྟོག་མནན་ནོ་རྒྱ༔ གཟུགས་ཁམས་བཅུ་བདུན་ཟིལ་གྱིས་གནོན༔ ལོངས་སྤྱོད་རྫོགས་སྐུའི་བྲོ་རྒྱས་གདབས༔ རྟ་བྲོ་འོག་མ་ས་ནས་བརྡུང་༔ འདོད་ཡོན་འཁྲུལ་རྟོག་མནན་ནོ་རྒྱ༔ འདོད་ཁམས་ཉི་ཤུ་ཟིལ་གྱིས་གནོན༔ སྤྲུལ་བ་སྐུ་ཡི་བྲོ་རྒྱས་གདབས༔ ཐབས་ཀྱི་བྲོ་བརྡུང་གཡས་སུ་བརྡུང་༔ ཞེ་སྡང་དགྲ་བགེགས་བསད་མནན་རྒྱ༔ ཤེས་རབ་བྲོ་བརྡུང་གཡོན་ཏུ་བརྡུང་༔ འདོད་ཆགས་དགྲ་བགེགས་བསད་མནན་རྒྱ༔ ཟུང་འཇུག་བྲོ་བརྡུང་བསྣོལ་མར་བརྡུང་༔ གཏི་མུག་དགྲ་བགེགས་བསད་མནན་རྒྱ༔ དགྲ་ནི་ཐལ་བར་བརླགས་པའི་བྲོ༔ བགེགས་ནི་ཕྱེ་མར་རློག་པའི་བྲོ༔ གླུ་བྲོ་གར་གྱི་ཕྱག་རྒྱ་ཆེས༔ བྱང་ཆུབ་སེམས་ནི་མ་སྐྱེས་པར༔ ནམ་ཡང་ལྡང་མེད་བརྟུལ་ཞུགས་སྤྱོད༔ ཨོཾ་ཕེཾ་ཀ་ར༔ ཧ་ཧ༔ ཧི་ཧི༔ ཧཱུྃ་ཧཱུྃ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ སརྦ་ཤ་ཏྲུན་ཀ་ཡ་ཝཀྐ་ཙིཏྟ་སྟྭཾ་བྷ་ཡ་ནན་མ་ར་ཡ་ནན ༔ ལུག་རྒྱུད་དལ་སྦྲེལ་རྒྱས་པའི་བྲོ༔ མནན་བསྲེགས་འཕང་གསུམ་ཕྲིན་ལས་ནི༔ སྤྲོས་ཤིང་དགོས་གལ་དུས་མ་གཏོགས༔ གཞན་དུ་བསྡུས་པ་ཙམ་གྱིས་ཆོག༔ དངོས་གྲུབ་བླང་བའི་རིམ་པ་ནི༔ ཧཱུྃ༔ རྒྱལ་ཀུན་རྒྱལ་མཛད་ཡང་དག་མཆོག་གི་སྐུའི༔ རྟེན་གྱུར་རྟེན་འབྲེལ་འདུས་བྱས་མཐའ་ལས་གྲོལ༔ ཟག་མེད་ཟག་བཅས་ཉེར་ལེན་སྡུག་བསྔལ་མཐའི༔ འཇིག་རྟེན་འཇིགས་བྱེད་འཇོམས་པའི་དགེ་མཚན་གྱིས༔ རྡོ་རྗེའི་རང་བཞིན་མི་འགྱུར་ཆོས་ཁམས་སུ༔ རྣམ་སྨིན་སྐྱེས་པའི་ཟུག་རྔུ་ངང་གྲོལ་ཁྱོད༔ ཡིད་ཅན་ཀུན་ལ་ཉེ་བར་མཛད་ནས་ཀྱང་༔ གཟུགས་མེད་གཟུགས་བཟང་དམ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ཡ་མཱནྟ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ༔ མ་སྐྱེས་མ་འགགས་གྲགས་སྟོང་ན་དཱའི་དབྱངས༔ རྩོལ་མེད་རྩོལ་བྱུང་འཁྲུལ་བའི་འཁོར་ལོ་གཅོད༔ རྣམ་རིགས་རྣམ་པའི་གཟུགས་དོན་ཅིར་ཡང་སྟོན༔ བརྗོད་མེད་བརྗོད་པའི་བརྡར་གྱུར་དགེ་མཚན་གྱིས༔ པདྨའི་རང་བཞིན་སངས་རྒྱས་དགྱེས་བཞད་རོལ༔ ཡང་དག་མཐའ་སྟེ་བདག་མེད་སེངྒེའི་སྒྲ༔ ཡི་གེ་མེད་པ་སྒྲ་དང་ལྡན་པའི་མཆོག༔ ཟབ་དང་རྒྱ་ཆེ་གསུང་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ཡ་མཱནྟ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨ་ཧཱུྃ༔ མཆོག་སྦྱིན་མཆོག་ཁྱོད་སངས་རྒྱས་བྱང་ཆུབ་ཐུགས༔ སྟོང་ཉིད་སྟོང་སྨོན་མཚན་མའི་རྣམ་དབེན་ཀྱང་༔ དེ་བཞིན་དེ་དང་རོ་མཉམ་རྟོགས་པ་རྒྱས༔ དུས་གསུམ་དུས་མེད་འཁོར་ལོ་སྡོམ་པའི་དཔལ༔ སྐད་ཅིག་ཆ་མེད་ཆོས་སུ་ཞེན་པའི་བློ༔ སེམས་དང་སེམས་བྱུང་ཁམས་གསུམ་རྟོག་བཏགས་ཀུན༔ སྒྲོ་བསྐུར་གཉིས་ཀྱི་སྣང་ཞེན་རང་གྲོལ་བའི༔ ཁྱད་ཆོས་དྲུག་གིས་གྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ཡ་མཱནྟ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྡིག་ལྟུང་ནོངས་པ་བཤགས་པ་ནི༔ ཧཱུྃ༔ ལུས་ཀྱི་དགེ་དང་མི་དགེའི་སྤྱོད་པ་ཀུན༔ འཇམ་དཔལ་ཡ་མཱནྟ་ཀའི་སྐུ་ཡི་ངང་༔ དེ་ལྟར་མ་རྟོགས་གཟུང་དང་འཛིན་པས་བཅིངས༔ ཅེར་གྲོལ་ཆེན་པོའི་ངང་དུ་ནོངས་མཛད་སུན༔ ཧཱུྃ༔ ངག་གི་དགེ་དང་མི་དགེའི་སྤྱོད་པ་ཀུན༔ འཇམ་དཔལ་ཡ་མཱནྟ་ཀའི་གསུང་གི་ངང་༔ དེ་ལྟར་མ་རྟོགས་གཟུང་དང་འཛིན་པས་བཅིངས༔ མཐའ་གྲོལ་ཆེན་པོའི་ངང་དུ་ནོངས་མཛད་སུན༔ ཧཱུྃ༔ སེམས་ཀྱི་དགེ་དང་མི་དགེའི་སྤྱོད་པ་ཀུན༔ འཇམ་དཔལ་ཡ་མཱནྟ་ཀའི་ཐུགས་ཀྱི་ངང་༔ དེ་ལྟར་མ་རྟོགས་གཟུང་དང་འཛིན་པས་བཅིངས༔ རང་གྲོལ་ཆེན་པོའི་ངང་དུ་ནོངས་མཛད་སུན༔ ཧཱུྃ༔ ཀུན་ཏུ་སྦྱོར་བའི་མཆོག་འཛིན་སྤྱོད་པ་ཀུན༔ འཇམ་དཔལ་ཡ་མཱནྟ་ཀའི་ཡོན་ཏན་ངང་༔ དེ་ལྟར་མ་རྟོགས་གཟུང་དང་འཛིན་པས་བཅིངས༔ ཡོངས་གྲོལ་ཀུན་ཏུ་སྤྱོད་པའི་ནོངས་མཛད་སུན༔ ཧཱུྃ༔ ཅིར་སྣང་ཅི་སྤྱོད་སྤྲུལ་བའི་མཛད་སྤྱོད་ཀུན༔ འཇམ་དཔལ་ཡ་མཱནྟ་ཀའི་ཕྲིན་ལས་ངང་༔ དེ་ལྟར་མ་རྟོགས་གཟུང་དང་འཛིན་པས་བཅིངས༔ གཅིག་གྲོལ་ཆེན་པོའི་ངང་དུ་ནོངས་མཛད་སུན༔ རྟེན་གྱི་སྟོབས་འདི་དུས་གསུམ་ཀུན་ཏུ་བཙུན༔ ཞེས་ཡིག་བརྒྱ་བཟླའོ༔ སྟོབས་ལྔ་ལྡན་པས་བཤགས་སོ༔ དགེ་བ་བསྔོ་བ་ནི༔ ཧཱུྃ༔ ཚོགས་བརྒྱད་ཡེ་ཤེས་ལྔ་རུ་སངས་རྒྱས་ཤིང་༔ ཕུང་པོ་འཇམ་དཔལ་རིགས་ལྔར་མངོན་བྱང་ཆུབ༔ འབྱུང་ལྔ་དབྱངས་ཅན་རིགས་ལྔར་ཡེ་གྲོལ་བས༔ ཁ་དོག་དབྱིངས་ཀྱི་ངོ་བོར་དག་རྫོགས་སྨིན༔ ཡུལ་དྲུག་ཀུན་བཟང་རྒྱན་གྱི་འཁོར་ལོ་ལ༔ རྟེན་འབྲེལ་དུས་སྦྱོར་བདེན་དོན་དེ་ཉིད་རིག༔ རྣམ་པ་ཉི་ཤུ་བྱང་ཆུབ་ལྷ་ཡི་ངང་༔ ཤེས་པས་སྲིད་འབྱུང་སྐྱེ་གནས་ཟད་པའི་དངོས༔ བདེན་དོན་དེས་གོ་སེམས་ཅན་གཅིག་ཀྱང་མེད༔ ཕྱམ་གཅིག་རང་གྲོལ་རྡོ་རྗེའི་ས་ལ་གནས༔ མ་རྟོགས་རྨི་ལམ་འཁྲུལ་བའི་བརྫུ་བག་ཀྱང་༔ ཅེར་གྲོལ་མཐོང་ཡལ་ཆེན་པོའི་ཀློང་དུ་ཨཱ༔ བསྔོ་ཞིང་སྨོན་ལམ་གདབ་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་དངོས་འཇམ་དཔལ་ཡེ་ཤེས་སེམས༔ འགྲོ་བ་ཡོངས་ལ་ཕྲི་བསྣན་མེད་པར་བཞུགས༔ དབྱེར་མེད་རང་བྱུང་ཡེ་ཤེས་དེ་བཞིན་ཉིད༔ འབྲས་བུ་ངོ་བོ་སྨོན་པ་མེད་པར་རྫོགས༔ ངང་བཞག་ལྷུན་འབྱམས་བརྡལ་བ་ཆེན་པོ་ཡིས༔ ངོ་བོ་མངོན་གྱུར་ལ་བཟླ་མཆོག་གི་མཐུས༔ རང་ཐོག་རང་གདེངས་ཐོབ་པའི་རྒྱལ་ས་ལས༔ མི་གཡོའི་གཏན་སྲིད་ཟིན་པའི་དགེ་མཚན་དེས༔ གདུལ་བྱའི་མངའ་རིས་ཡོངས་ལ་དབུགས་འབྱིན་གྱི༔ དགའ་ཆེན་རོལ་མོའི་དུས་སྟོན་རྒྱ་ཆེ་བ༔ གནས་སྐབས་ཕྱོགས་དུས་འཇིག་རྟེན་ཐམས་ཅད་དུ༔ ངན་སོང་ངན་འགྲོ་ལོག་པ་རྒྱུན་ཆད་ནས༔ གཞན་འཕྲུལ་ལྷ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ མཐར་ཐུགས་སྲིད་ཞིའི་གདུང་བ་ཀུན་བསལ་ཞིང་༔ འཆི་མེད་རྡོ་རྗེ་འཇིགས་བྱེད་ཚེ་ཡི་བདག༔ དམ་པ་དང་པོའི་སངས་རྒྱས་བླ་མེད་ཀྱི༔ གོ་འཕང་མཆོག་གི་བགོ་སྐལ་ཐོབ་པར་ཤོག༔ རྫོགས་པའི་རིམ་པའི་རྣལ་འབྱོར་ནི༔ ཨཱ༔ འཁོར་བའི་སྣང་བ་དག་པ་རབ་འབྱམས་ཀྱི༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་ཡེ་གྲོལ་ཏེ༔ མྱང་འདས་མཚན་མར་ཞེན་པའི་རྟོག་སྒྲིབ་ཀྱང་༔ ཆོས་སྐུ་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཡན༔ དམ་ཚིག་འདི་ཉིད་རྔོ་མ་ཐོགས་པ་ཡིས༔ ཞིང་ཁམས་ལྷ་དང་འཁོར་རྣམས་གཙོ་བོ་ལ༔ སེམས་དཔའ་སུམ་བརྩེགས་རིམ་ཡལ་གདོད་མའི་གཤིས༔ ཡུམ་ཆེན་བཱཻ་ཏ་ལི་ཡི་ཀློང་དུ་བཞག༔ སླར་ཡང་ཟུང་འཇུག་ཕྱག་རྒྱར་ལྡང་༔ ཧཱུྃ༔ སྦྱང་བྱ་དྲི་བཅས་གཞི་ཡི་འོད་གསལ་ལས༔ ལུགས་འབྱུང་སྣང་བ་གསུམ་གྱི་རྟེན་འབྲེལ་སྒོ༔ རྣམ་པར་སྨིན་པའི་རྒྱུད་དང་འབྲས་བུ་རུ༔ ཤར་བའི་རྣམ་པ་ཉིད་དང་མཐུན་པ་ཡི༔ སྦྱོང་བྱེད་ཆོས་སྐུའི་བསྲེ་བ་ལས་བཞེངས་ནས༔ གཟུགས་སྐུའི་བསྲ་བ་གསུམ་གྱི་ཉམས་ལེན་གྱིས༔ སྟོང་བ་ཆད་པོའི་གཡང་ས་ལས་བཟུང་སྟེ༔ ཟུང་འཇུག་ལམ་གྱི་གྲུབ་མཐའ་སྙོགས་པར་སྨོན༔ སྦྱང་འབྲས་ཆོས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས༔ འགྲོ་ལ་ཕན་མཛད་སྤྲུལ་སྐུའི་སྤྲིན་འཕྲོས་ནས༔ འགགས་མེད་ཕྲིན་ལས་སྲིད་ཞི་ཀུན་ཁྱབ་པའི༔ ཧེ་རུ་ཀ་དཔལ་རྡོ་རྗེའི་ཕྱག་རྒྱར་ལྡང་༔ ཨོཾ་བཛྲ་ཨ་ར་པ་ཙ་ན་ཡ་ཏེ༔ ན་མ་ཡ་མཱནྟ་ཀ་ཧོ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ བཀྲ་ཤིས་ཀུན་གྱི་གཏེར་འབྱུང་ཀ་ནས་དག༔ མཁྱེན་པའི་ཡེ་ཤེས་ནོར་བུའི་སྒྲོན་གཅིག་པུ༔ སྲས་བཅས་རྒྱལ་བའི་རིགས་བདག་བཅོམ་ལྡན་འདས༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་བཀྲ་ཤིས་ཤོག༔ ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་འོད་སྟོང་འབར༔ འགྲོ་བའི་འཆི་བདག་མུན་པའི་སྡེ་དཔུང་བཅིལ༔ ཁྲོ་ལ་ཁྲོས་པས་ཞི་མཛད་འབར་བའི་རྒྱལ༔ ཆེ་མཆོག་དུས་འགྲའི་དབང་པོའི་བཀྲ་ཤིས་ཤོག༔ ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ་ཆེན་མོ༔ སྦྱོར་དང་སྒྲོལ་བའི་གར་མཛད་ཁྲོས་པའི་ཚུལ༔ ཆགས་མེད་ཆགས་པས་འདུལ་ཚུལ་ཐབས་ལ་མཁས༔ དགྱེས་བསྐྱེད་རྡོ་རྗེ་བཙུན་མོའི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ སྒྱུ་འཕྲུལ་འཁོར་ལོའི་འདུལ་མཛད་གཤེད་ཆེན་བཞི༔ བཀའ་སྡོད་བཅུ་གཉིས་སྒོ་བསྲུང་གཤེད་བདུད་ཀིང་༔ བདུན་བརྒྱ་ཉི་ཤུའི་ལྷ་ཡི་བཀྲ་ཤིས་ཤོག༔ འཇམ་དཔལ་འཁོར་ལོའི་དབང་ཕྱུག་དཀོན་མཆོག་གསུམ༔ དགེ་མཚན་བཀྲ་ཤིས་དཔལ་གྱི་འཛད་མེད་གཏེར༔ གང་ལ་ཡོད་པའི་མཆོག་དང་ཐུན་མོང་གི༔ དངོས་གྲུབ་རྒྱ་མཚོའི་བརྒྱན་པའི་བཀྲ་ཤིས་ཤོག༔ གསང་ཆེན་བླ་ན་མེད་པའི་རྒྱུད་སྡེའི་དབྱིངས༔ མ་ལུས་ཀུན་འབྱུང་ཀུན་གྱི་སྤྱི་ཕུད་བསྡུས༔ གང་ལ་ཡོད་པའི་ཕན་བདེའི་དགེ་མཚན་དཔྱིད༔ དེང་འདིར་འཇིག་རྟེན་ཀུན་ལ་བཀྲ་ཤིས་ཤོག༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ༔ བྱང་ཆུབ་སེམས་དཔའ་སྔགས་ཀྱི་རིག་པ་འཛིན༔ གང་ལ་ཡོད་པའི་ཕན་བདེའི་དགེ་མཚན་དཔྱིད༔ དེང་འདིར་འཇིག་རྟེན་ཀུན་ལ་བཀྲ་ཤིས་ཤོག༔ ཕན་བདེའི་རྩ་ལག་བསྟན་དང་བསྟན་འཛིན་རྣམས༔ ཞབས་པད་སྲིད་པ་ཇི་སྲིད་བརྟན་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་རྒྱས་པ་ཡིས༔ དེང་འདིར་འཇིག་རྟེན་ཀུན་ལ་བཀྲ་ཤིས་ཤོག༔ སྒྲུབ་སྡེ་མཆོད་བསྟོད་འདི་ཡི་གཟི་བྱིན་གྱིས༔ མ་རུང་མི་སྲུན་དུས་ཀྱི་ཆར་གཏོགས་པ༔ ཚར་གཅོད་རྡུལ་དུ་བརླག་པར་མཛད་པ་ཡི༔ དེང་འདིར་འཇིག་རྟེན་ཀུན་ལ་བཀྲ་ཤིས་ཤོག༔ ལྔ་བདོའི་རྒུད་པའི་ནད་མུག་མཚོན་འཁྲུགས་དང་༔ བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཞི༔ མཐུན་རྐྱེན་སྨོན་དགུ་ཡིད་བཞིན་འགྲུབ་པ་ཡི༔ དེང་འདིར་འཇིག་རྟེན་ཀུན་ལ་བཀྲ་ཤིས་ཤོག༔ མཐར་ཐུག་འཆི་བདག་ལ་སོགས་བདུད་བཞི་བཅོམ༔ འཆི་མེད་གཉུག་མའི་རྡོ་རྗེ་འཇིགས་བྱེད་ཀྱི༔ གོ་འཕང་ཡང་དག་མཆོག་གི་གནས་ཐོབ་ནས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་བཀྲ་ཤིས་ཤོག༔ འདི་ལྟར་རྣམ་པར་བརྩོན་བྱས་ན༔ ཀླ་ཀློ་གདུག་པའི་རྒྱུ་སྲང་ཆད༔ རྣལ་འབྱོར་ཆོས་བྱེད་བར་ཆད་སེལ༔ གནས་སྐབས་འཆི་བའི་འཇིགས་ལས་སྐྱོབས༔ མཐར་ཐུག་མགོན་པོའི་སྐུ་ཐོབ་འགྱུར༔ གལ་ཏེ་བདེན་སྟོབས་མ་མཐོང་ན༔ པདྨས་བསླུས་སོ་ཕྱི་རབས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ནི་རིག་འཛིན་ཆེན་པོ་ཤེས་རབ་མེ་འབར་གྱིས་གསུངས་བསྐུལ་ངོར་སྔགས་སྨྱོན་ག་གཱ་ཨ་བྷྱེས་སོ། །དགེའོ། །དགེའོ། །དགེའོ། །


no previousའཇིགས་གཤེད་གཤིན་རྗེ་གཤེད་ཀྱི་ལས་བྱང་རྡོ་རྗེའི་ཐོག་ཆར།next