Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
འཇམ་དཔལ་ཤེས་རབ་བློ་འཕེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཤེས་རབ་བློ་འཕེལ།next

འཇམ་དཔལ་ཤེས་རབ་བློ་འཕེལ།

འཇམ་དཔལ་ཤེས་རབ་བློ་འཕེལ་བཞུགས༔

མཱུཾ༔ རང་སྣང་རྣམ་དག་འཇམ་པའི་མགོན་པོ་རུ༔ རང་ཉིད་སྐད་ཅིག་རྗེ་བཙུན་མཁྱེན་པའི་གཏེར༔ ཞལ་གཅིག་ཕྱག་གཉིས་རལ་གྲི་པུསྟི་བསྣམས༔ ལོངས་སྐུའི་རྒྱན་རྫོགས་ཐུགས་ཀར་ཨུཏྤ་ལའི༔ ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་ནང་༔ མཱུཾ་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་དུས་གསུམ་རྒྱལ་བའི་ཚོགས༔ ཐུགས་དམ་རྒྱུད་བསྐུལ་མཁྱེན་བརྩེའི་ནུས་སྟོབས་ཀུན༔ དམར་སེར་འོད་ཀྱིས་རྣམ་པར་བསྡུས་ཏེ་བསྟིམ༔ རྣོ་མྱུར་ཟབ་གསལ་རྒྱ་ཆེ་ཐོགས་མེད་ཀྱིས༔ ཤེས་རབ་ཇི་ལྟ་ཇི་སྙེད་ཤེས་བྱ་ལ༔ རབ་རྒྱས་དྲན་དང་གཟུངས་སྒོ་སོ་སོ་རིགས༔ སྤོབས་པའི་གཏེར་ཆེན་མཐའ་དག་ཡོངས་ཐོབ་ནས༔ དོན་གཉིས་ལྷུན་གྲུབ་གོ་འཕང་མཆོག་གྲུབ་བསམ༔ ཨོཾ་ཨཱཿམཉྫུ་ཤྲཱི་པྲཛྙཱ་ཛྙཱ་ན་མ་ཧཱ་སརྦ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ མཐར་ནི་མི་དམིགས་ངང་ལ་བཞག༔ པདྨ་མ་ཏིའི་ངོར་ག་གཱས་སོ། །ཨོཾ༔ མཆོད་པ་ཆེན་པོ་ཞེ་སྡང་ཆེ༔ ཁྲོ་བ་ཐམས་ཅད་སེལ་བར་བྱེད༔ མཆོད་པ་ཆེན་པོ་འདོད་ཆགས་ཆེ༔ ཆགས་པ་ཐམས་ཅད་སེལ་བར་བྱེད༔ མཆོད་པ་ཆེན་པོ་གཏི་མུག་ཆེ༔ མ་རིག་ཉོན་ཤེས་སྒྲིབ་པ་སེལ༔ མཉྫུ་ཤྲཱི་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་པུ་ཛ་ཁཱ་ཧི༔ ཞེས་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས༔ ཡེ་ཤེས་ལུས་ལ་བག་ཆགས་མེད༔ བཟང་ངན་མེད་མཉམ་འཇམ་དཔལ་ཉིད༔ ཀུན་ལ་འཆར་བྱེད་ཁྱོད་ལ་བསྟོད༔ སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་བསྟོད༔ སངས་རྒྱས་རོལ་སྟོན་ཁྱོད་ལ་བསྟོད༔ ཐམས་ཅད་ཐམས་ཅད་ཁྱོད་ལ་བསྟོད༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་བསྟོད༔ ག་གཱས་སོ། །


previousའཇམ་དཔལ་ཤེས་རབ་བློ་འཕེལ།next