Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
ཐང་རྒྱལ་སྐུ་གསུམ་དཀྱིལ་འཁོར་རྩ་བསྡུས་རིག་འཛིན་རིང་བསྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐང་རྒྱལ་སྐུ་གསུམ་དཀྱིལ་འཁོར་རྩ་བསྡུས་རིག་འཛིན་རིང་བསྲེལ།next

ཐང་རྒྱལ་སྐུ་གསུམ་དཀྱིལ་འཁོར་རྩ་བསྡུས་རིག་འཛིན་རིང་བསྲེལ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཐང་རྒྱལ་སྐུ་གསུམ་དཀྱིལ་འཁོར་རྩ་བསྡུས་རིག་འཛིན་རིང་བསྲེལ་བཞུགས་སོ༔

ཧཱུྃ༔ ཕྱི་ནང་དངོས་པོ་ཐམས་ཅད་ཀུན༔ ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་དུ༔ སྐད་ཅིག་དྲན་རྫོགས་རང་ཉིད་ནི༔ གྲུབ་ཐོབ་རྒྱ་མཚོའི་སྤྱི་གཟུགས་མཆོག༔ བརྩོན་འགྲུས་སྨྱོན་པའི་ ༼ ཐང་སྟོང་རྒྱལ་པོའི་ཞེས་པའང་གསུངས། ༽སྐུ་རུ་གསལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ ཧེ་རུ་ཀ་པའི་ཆ་ལུགས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ སྤྱི་བོར་ཚེ་དཔག་མེད་མགོན་དང་༔ ཐུགས་དབུས་གུ་རུ་པདྨ་གསལ༔ མཐའ་བསྐོར་གྲུབ་ཐོབ་རྒྱ་མཚོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་བསྐོར༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཕྱག་འཚལ་དངོས་ཡིད་མཆོད་པ་འབུལ༔ རྡོ་རྗེ་སྒྲ་དབྱངས་ན་དཱས་བསྟོད༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཏིང་འཛིན་རྡོ་རྗེ་ཧཱུྃ་མཚན་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་དོན་གཉིས་ལྷུན་གྱིས་གྲུབ༔ ཕྲིན་ལས་རབ་འབྱམས་གྲུབ་པར་བསམ༔ སླར་ཐིམ་སྔགས་འཕྲེང་འོད་དུ་འབར༔ སྔགས་གསུམ་ཕྱག་རྒྱ་བཞི་ལྡན་ཞིང་༔ ངོ་བོ་ཉིད་ཀྱི་རང་སྒྲ་རྫོགས༔ ཨོཾ་ཨཿབཛྲ་གུ་རུ་དྷརྨཱ་སཾ་བྷི་ནིརྨ་ཀ་ཡ་ཨཱ་ཡུཿཧཱུྃ་བྷྲཱུྃ་ཎི་ཛ༔ སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃ༔ ཅེས་ཀྱང་བླ་མ་རིན་པོ་ཆེ་ཐེག་མཆོག་ལ་ག་གཱས་སོ། །


previousཐང་རྒྱལ་སྐུ་གསུམ་དཀྱིལ་འཁོར་རྩ་བསྡུས་རིག་འཛིན་རིང་བསྲེལ།next