Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
བླ་མའི་གསོལ་འདེབས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་གསོལ་འདེབས་བསྡུས་པ།next

བླ་མའི་གསོལ་འདེབས་བསྡུས་པ།

བླ་མའི་གསོལ་འདེབས་བསྡུས་པ་ནི༔ ཨེ་མ་ཧོ༔ དུས་གསུམ་རྒྱལ་བའི་གསུང་གི་བདག་ཕྱུག་ཆེ༔ སོར་རྟོག་ཡེ་ཤེས་རྣམ་པ་རྟགས་ཀྱི་སྐུར༔ ཡོངས་བཞེངས་ཆོས་སྐུ་འོད་དཔག་མེད་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས༔ གངས་ཅན་འགྲོ་ལ་ཐུགས་རྗེའི་ལྷག་པར་བརྩེ༔ གསང་བ་ཡེ་ཤེས་བདེ་ཆེན་ཡུམ་གྱི་ངང་༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སླར་ཡང་མི་བསྲུན་གདུག་བ་འདུལ་ཕྱིར་དུ༔ འཇིགས་མེད་བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀ༔ པདྨ་གར་གྱི་དབང་ཕྱུག་རིན་པོ་ཆེར༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱི་རློབས༔ སྲིད་ལམ་མ་རིག་མལ་དུ་དུབ་པ་དང་༔ སྡུག་བསྔལ་ཆུ་བོ་བཞི་ལ་བྱིང་བའི་འགྲོ༔ ཐུགས་རྗེ་ཆེན་པོའི་གྲུ་ཆེན་གྱིས་སྒྲོལ་བའི༔ ལྕགས་ཟམ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ མཚན་དཔེ་དོན་རྟགས་རྒྱན་གྱི་འཁོར་ལོ་རུ༔ གནས་གསུམ་མཁའ་འགྲོ་གྲུབ་པའི་དབང་ཕྱུག་གཟུགས༔ དུས་གསུམ་རྒྱུན་ཆད་མེད་པའི་རང་བཞིན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རྩ་རླུང་ཐིག་ལེ་རགས་པའི་འགྲོས་ཐིམ་ནས༔ ཞུ་བདེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ རང་གྲོལ་དག་པ་རབ་འབྱམས་འཁོར་ལོའི་ངང་༔ སྣང་སྲིད་གཞིར་བཞེངས་མཉམ་པའི་དོན་རྟོགས་ནས༔ རིག་འཛིན་རྣམ་བཞིའི་གོ་འཕང་མངོན་བརྙེས་ཏེ༔ ལྕང་ལོ་ཅན་གྱི་ས་ལ་ལྷུན་གྲུབ་ཤོག༔ ཅེས་ཀྱང་ག་གཱས་སོ། །


previousབླ་མའི་གསོལ་འདེབས་བསྡུས་པ།next