Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་མཆོད་དངོས་གྲུབ་བང་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་མཆོད་དངོས་གྲུབ་བང་མཛོད།next

དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་མཆོད་དངོས་གྲུབ་བང་མཛོད།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་མཆོད་དངོས་གྲུབ་བང་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཚོགས་བཞིའི་མཚན་ཉིད་ཚང་བ་དང་༔ ཕུན་སུམ་ཚོགས་པ་ལྔ་ལྡན་པའི་བསྙེན་བསྒྲུབ་ཡན་ལག་རྫོགས་བྱས་པས༔ རྣལ་འབྱོར་ཅན་གྱི་གང་ཟག་གིས༔ ལྟ་དགོངས་ཏིང་འཛིན་གསལ་བའི་ངང་༔ ཤཊ་དང་ཀུ་ཅོ་མེད་པ་དང་༔ ཚོགས་ཀྱི་སྤྱང་ཀིར་མ་སོང་བས༔ དམ་ཚིག་ཚུལ་ལྡན་འདི་ལྟར་གྱེར༔ ས་མ་ཡཱ༔ ཚོགས་འཁོར་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བདག་ཉིད་ཧེ་རུའི་ཐུགས་ཀ་ནས༔ ཛྭ་བཾ་ཡཾ་གི་ཡི་གེ་འཕྲོས༔ ཐ་མར་དངོས་འཛིན་དྲི་མ་སྦྱངས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་རླབས༔ དེ་ཝི་མུ་ཌ་རཱ་ག་ཧོ༔ རཱ་ག་ར་ཏི་བྷྲཱུཾ་ཧཱུྃ་ཨཱ༔ ཨོཾ་ས་མ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ༔དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ༔ སྣང་སྟོང་གཉིས་མེད་རྡོ་རྗེའི་ངང་༔ རང་རིག་གཞོན་ནུ་བུམ་པའི་སྐུ༔ ཡེ་ཤེས་རྒྱ་མཚོའི་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ཀུ་མ་ར་ས་པཱ་རི་ཝ་ར་ཕཻམ་ཛ༔ མ་ཧཱ་ཀ་རུ་ཎི་ཀ་དྲ་ཤྱ་ཧོ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ འདོད་ཡོན་ལྷ་མོའི་ངོ་བོ་ཉིད༔ འཁོར་འདས་མཆོད་པའི་གར་བསྒྱུར་བ༔ བདེ་ཆེན་གཟི་བྱིན་འབར་བའི་སྤྲིན༔ འཁོར་གསུམ་རྣམ་དག་མཆོད་པ་འབུལ༔ མ་ཧཱ་གྷ་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ ཉམས་ཆགས་བཤགས་པའི་ལུང་བྱང་ནི༔ ཨཱ༔ གཞི་ནས་མ་བྱུང་མ་སྐྱེས་པས༔ བཤགས་བྱ་བཤགས་བྱེད་བཤགས་ཡུལ་བྲལ༔ རྣམ་དག་མི་དགེ་མེད་པའི་ངང་༔ རྡོ་རྗེ་གཞོན་ནུའི་དམ་ཚིག་དུའོ༔ བཛྲ་ཀུ་མ་ར་ཤུདྡྷེ་བི་ཤུདྡྷེ་ཨདྨ་ཀོ྅་ཧཾ༔ རྨད་བྱུང་ཏ་ནའི་མཆོད་པ་ནི༔ ཧཱུྃ༔ བདག་གཉིས་རྟོག་གཟུགས་ཁམས་གསུམ་པའི༔ ཕྱི་ནང་གསང་བའི་རུ་ཏྲ་ཀུན༔ སྲོག་མེད་སྐུ་རུ་ཡོངས་རིག་པས༔ བསྒྲལ་བའི་ཡུལ་མེད་རྫོགས་སངས་རྒྱས༔ རུ་ཏྲ་མ་ར་ཡ་ཕཊ༔ བདག་མེད་དོན་གྱི་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཀྱི་ཀློང་ཆེན་དུ༔ སྣང་སྲིད་འབྲས་བུས་གཞི་ལ་ཐིམ༔ ཚོགས་ཆེན་ཡེ་རྫོགས་ལྷུན་གྱིས་གྲུབ༔ མ་ཧཱ་ཏ་ན་པཱུ་ཛ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ ཆོས་ཉིད་ངང་གིས་ཁྲོ་བོ་ཡི༔ རང་རྩལ་སྒྱུ་འཕྲུལ་རོལ་བ་ལ༔ བསྐང་དང་མ་བསྐང་ཡེ་ནས་མཉམ༔ ཀློང་ཆེན་ཡངས་པའི་ཆོ་རོལ་དུ༔ སྣང་སྲིད་གཞིར་བཞེངས་ཆེན་པོར་བསྐངས༔ མ་ཧཱ་ཡ་ན་ས་མ་ཡ་སྟྭཾ༔ ཡང་ཅིག་ལྷག་མའི་ཆོ་ག་ནི༔ ཨ་ཀ་རོ་ཡིས་བྱིན་གྱིས་བརླབས༔ ཧཱུྃ༔ གྱང་ལོག་རི་མོའི་ཚུལ་བཞིན་དུ༔ གནས་ལུགས་ངོས་ནས་མཐོ་དམན་མེད༔ འོན་ཀྱང་འཁོར་བའི་སྒོར་བསྟུན་ཏེ༔ ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད༔ མ་ཧཱ་ཨུཙྪིཥྚ་ཁཱ་ཧི༔ བསྐུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་མི་རྩོལ་བཞིན༔ ངང་བྱུང་ཐུགས་རྗེ་ཁྲོས་པའི་རྔམ་གཟུགས་སུ༔ དུས་བབས་སྙིགས་མའི་རྒུད་པ་ཡོངས་བསལ་ཞིང་༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་ཐུགས་དམ་བསྐུལ༔ ད་ལྟ་ཉིད་དུ་གཟུགས་སྐུར་མངོན་འདུ་ཞིང་༔ ཕྲིན་ལས་རབ་འབྱམས་སྒྲུབ་འབྲས་འབྱིན་དུ་གསོལ༔ བཛྲ་ཀུ་མ་ར་སརྦ་ཀརྨ་ཀུརྦནཏུ་ཧོ༔ ཡལ་གམ་ཆད་མདོ་བསྐྱང་བ་ནི༔ ཧཱུྃ༔ འདོད་དོན་རྒྱན་གྱི་གཏོར་མ་ནི༔ ཐ་ཚིག་གསུམ་གྱིས་བསྲུང་བ་འདི༔ དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ༔ ཁས་བླངས་དམ་བཅས་ཕྲིན་ལས་མཛོད༔ བྷ་ལིངྟ་ཁཱ་ཧི༔ བསྟན་མ་སྐྱོང་མ་བརྔན་པ་ནི༔ ཧཱུྃ༔ བོད་སྐྱོང་བསྟན་མ་བཅུ་གཉིས་ནི༔ གཡའ་མ་བཅུ་གཉིས་ལ་སོགས་པ༔ སྔོན་ཚེ་རང་གི་དམ་བཅས་བཞིན༔ ཐ་ཚིག་རྒྱན་གྱི་མཆོད་པ་བཞེས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ རྒྱལ་ཁམས་འཇིག་རྟེན་ཆོས་བཞིན་སྐྱོངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་མ་ཧྲིང་ཧྲིང་ཨི་དཾ་བྷ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ གཞི་མེད་རྩ་བྲལ་ཧེ་རུ་ཀའི༔ བདག་མེད་ལྟ་བའི་བྲོ་བརྡུང་བས༔ བདག་ལྟ་ལོག་པར་འདྲེན་པའི་ཚོགས༔མཐར་བྱེད་ཨེ་ཝཾ་མ་ཡ་སྟྭཾ༔ ཏིཥྛ་བཛྲ་མཱཾ༔ དངོས་གྲུབ་ནི༔ ཧཱུྃ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་བཅས་ཀྱིས༔ སྒྲུབ་པའི་རྣལ་འབྱོར་རིག་འཛིན་བདག་ཅག་ལ༔ གྲུབ་པ་བརྒྱད་དང་རིག་འཛིན་རྣམ་པ་བཞི༔ དབང་བཅུ་ཕྱི་ནང་ཁ་སྦྱོར་བདེ་ཆེན་བདུན༔ ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པ་སྐུའི༔ རྡོ་རྗེ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་ཀུ་མ་ར་ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ སླར་ཡང་བཤགས་པ་བྱ་བ་ནི༔ རིགས་སྟོང་རྡོ་རྗེ་ཡེ་སངས་རྒྱས༔ བསྲུང་མེད་ཉམས་པའི་མཚན་དང་བྲལ༔ ཐ་མལ་མཚན་འཛིན་ཉམས་ཆགས་ཀུན༔ བཤགས་བྱ་བཤགས་བྱེད་བྲལ་བས་ཨཱ༔ རྫོགས་རིམ་ལྷ་སྐུ་གསལ་བ་ནི༔ ཧཱུྃ༔ མཚན་མ་བཟང་ཞེན་བཅོས་པའི་གཟུགས༔ ཏིང་འཛིན་སྤྲོས་བསྡུས་མ་བྱས་པར༔ མ་བཅོས་རང་བྱུང་ཡེ་རྫོགས་ལྷ༔ དཀྱིལ་འཁོར་འཁོར་ལོ་གདོད་ནས་གྲུབ༔ མ་ཧཱ་དེ་ཝ་ཙཀྲ་སན་ཏི་ཨོཾ༔ སྨོན་ལམ་བཀྲ་ཤིས་མཐའ་རྒྱན་ནི༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཆེ༔ རྣམ་ཀུན་སྐྱེ་རྒ་ན་འཆི་བྲལ༔ སྲིད་པའི་ཆུ་བོ་རྒྱ་མཚོ་བརྒལ༔ བདེན་པ་དེ་ཡིས་འགྲོ་བ་ཀུན༔ རྣམ་ཀུན་བདེ་ལེགས་བཀྲ་ཤིས་ཤོག༔ ཕྱམ་གཅིག་རྫོགས་པའི་བྱང་ཆུབ་ཀྱི༔ ཡེ་ཤེས་སེམས་དཔའ་རྟག་ཁྱབ་དེའི༔ ངོ་བོ་མངོན་གྱུར་བྱངཆུབ་ཤོག༔

ཅེས་ཀྱང་འགྱུར་མེད་སྐལ་བཟང་བསྐུལ་ངོར་ག་ག་ཨ་བྷྱེས་སོ། །


previousདཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་མཆོད་དངོས་གྲུབ་བང་མཛོད།next