Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་སྲུང་གསོལ་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་སྲུང་གསོལ་བསྡུས།next

ཕུར་སྲུང་གསོལ་བསྡུས།

ཕུར་སྲུང་གསོལ་བསྡུས་ནི༔ ཛ༔ ཕུར་པའི་སྲུང་མ་དམ་ཚིག་ཅན༔ སློབ་དཔོན་བཀའ་ཡི་བྱ་ར་བ༔ ཤྭ་ན་མ་བཞི་གཤེགས་སུ་གསོལ༔ ས་བདག་མ་བཞི་གཤེགས་སུ་གསོལ༔ སྐྱེས་བུ་གིང་བཞི་གཤེགས་སུ་གསོལ༔ རེ་ཏི་མཆེད་བཞི་གཤེགས་སུ་གསོལ༔ བསེ་མོ་མཆེད་བཞི་གཤེགས་སུ་གསོལ༔ བདག་ཉིད་མ་བཞི་གཤེགས་སུ་གསོལ༔ ཀིང་ཆེན་བཅོ་བརྒྱད་གཤེགས་སུ་གསོལ༔ བསེ་ལྕགས་དུང་གི་སྐྱེས་བུ་གཤེགས་སུ་གསོལ༔ བསྟན་མ་བཅུ་གཉིས་གཤེགས་སུ་གསོལ༔ དམ་ཚིག་གཉན་བཙུན་ཁྱེད་རྣམས་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ བྷ་ལིང་གཏོར་མས་མཆོད་པ་འབུལ༔ སྤྱན་གཟིགས་དཀོར་ཆའི་མཆོད་པ་འབུལ༔ ཡོ་བྱད་བཟང་དགུའི་མཆོད་པ་འབུལ༔ འདོད་ཡོན་ལོངས་སྤྱོད་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ དགྲ་ཤ་ཁྲག་གི་མཆོད་པ་འབུལ༔ བརྩེ་བའི་ཐུགས་ཀྱིས་དང་དུ་བཞེས༔ ཕྲིན་ལས་རབ་འབྱམས་ཐོགས་མེད་བསྒྲུབ༔ མ་འདའ་བཛྲ་ས་མ་ཡཱ༔ ཅེས་ཀྱང་འགྱུར་མེད་སྐལ་བཟང་བས་བསྐུལ་ངོར་ཨ་ག་གཱས་སོ། །གསོལ་འདེབས་ནི༔ རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ཧེ་རུ་ཀ༔ སྤྲུལ་འཁོར་ཕུར་བ་སྒྲུབ་པའི་རྒྱ་བོད་ཀྱི༔ རིག་འཛིན་གྲུབ་ཐོབ་རྩ་བརྒྱུད་བླ་མ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་ཀྱང་ག་གཱས་སོ། །


previousཕུར་སྲུང་གསོལ་བསྡུས།next