Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་ལུས་དཀྱིལ་ཤིན་ཏུ་བསྡུས་པ་རྡོ་རྗེ་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་ལུས་དཀྱིལ་ཤིན་ཏུ་བསྡུས་པ་རྡོ་རྗེ་ཕྲེང་བ།next

རྡོ་རྗེ་ཕུར་པའི་ལུས་དཀྱིལ་ཤིན་ཏུ་བསྡུས་པ་རྡོ་རྗེ་ཕྲེང་བ།

རྡོ་རྗེ་ཕུར་པའི་ལུས་དཀྱིལ་ཤིན་ཏུ་བསྡུས་པ་རྡོ་རྗེ་ཕྲེང་བ་བཞུགས་སོ༔

ཧཱུྃ༔ ཕྱི་སྣོད་དུར་ཁྲོད་གཞལ་ཡས་སུ༔ པད་ཉི་བདུད་བཞི་བསྣོལ་བའི་སྟེང་༔ རང་རིག་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ འབར་བའི་མེ་དང་ཁ་ཊྭཱྃ་གཡོན༔ མཐའ་གཉིས་རི་རབ་ཕུར་བ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཊྤལ་དུང་ཁྲག་སྟོབས༔ གཡོན་བསྐུམ་གཡས་བརྐྱང་གར་སྟབས་ཀྱིས༔ བདེ་ཆེན་ཡབ་དང་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་ལ་སྲས་མཆོག་རིགས་ལྔ་དང་༔ ཁྲོ་བཅུ་ཟ་གསོད་ཕྲ་མེད་འཁོར༔ སྤྲུལ་པའི་སྒོ་མ་བཞི་དང་བཅས༔ རྒྱ་མཚོར་གཟའ་སྐར་བཀྲ་བཞིན་རྫོགས༔ ཀུན་ཀྱང་དུར་ཁྲོད་དཔལ་ཆས་དང་༔ འབར་བའི་གར་དགུ་རྫོགས་པར་བསྐྱེད༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ མེ་རི་འབར་བའི་དུར་ཁྲོད་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམས༔ གནས་ལུགས་རྡོ་རྗེ་གཞོན་ནུ་ཡི༔ རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ སྦྱོར་སྒྲོལ་རྨད་བྱུང་མཆོད་པ་འབུལ༔ གསང་གསུམ་ཡོན་ཏན་ལྡན་ལ་བསྟོད༔ ཐུགས་དབུས་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་གསང་རྡོ་རྗེ་རྩེ་དགུུའི་རྩེར༔ ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་གིས༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ བདག་ཐིམ་གཟི་བརྗིད་རབ་འབར་ཞིང་༔ ཕྲིན་ལས་རྡོ་རྗེའི་ཕུར་པ་ལྔ༔ གདབས་པའི་ཡུལ་ལ་ཡོངས་ཐེབས་ནས༔ ཁམས་གསུམ་དུས་གཅིག་སྒྲོལ་བ་ཡི༔ མཐུ་བྱིན་ནུས་པ་ཡོངས་རྫོགས་གྱུར༔ ཨོཾ་བཛྲ་ཀཱི་ལི༴ ཐུན་མཐར་མཆོད་བསྟོད་གཞུང་བཞིན་བྱ༔ འདི་ཡང་བི་ཏོ་ཏ་མ་སོགས༔ རྒྱུད་སྡེ་ཀུན་གྱི་སྙིང་པོ་སྟེ༔ བསྐུལ་བོའི་ངག་མ་ལྡོག་པ་ཙམ༔ ག་གཱ་ཨ་བྷྱེས་སྨྲས་པའོ༔ སརྦ་མངྒ་ལཾ༔


previousརྡོ་རྗེ་ཕུར་པའི་ལུས་དཀྱིལ་ཤིན་ཏུ་བསྡུས་པ་རྡོ་རྗེ་ཕྲེང་བ།next