Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྲོ་མནན་ལ་བཏགས་ན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྲོ་མནན་ལ་བཏགས་ན།next

བྲོ་མནན་ལ་བཏགས་ན།

བྲོ་མནན་ལ་བཏགས་ན༔ མཐོ་རྒྱལ་ས་ནས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ གོང་དཔོན་པོའི་ས་ནས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཐད་རྗེ་བློན་གྱི་ས་ནས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དམའ་འབངས་སྡེ་ལས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ བྲན་འཁོར་གཡོག་ལས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ སྐྱེས་ཕོ་ས་ནས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དམན་མོ་ས་ནས་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ བུ་ཚ་ཆུང་གསུམ་གྱི་ས་ནསསྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དམ་སྲི་སློབ་དཔོན་དང་མཆད་ཀྱི་བར་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིངས་ཆིངས་ནན་ནན༔ དགྲ་སྲི་ཕྱི་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔གྱོད་སྲི་ནང་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ རྐུན་སྲི་མཚམས་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཕམ་སྲི་གཡུལ་དང་ཤཊ་ར་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ གྲི་སྲི་འཐབ་ར་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཆེ་སྲི་རྒན་ལས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཆུང་སྲི་རྒབ་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ གོད་སྲི་སླས་ནས་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ནད་སྲི་ལུས་ལ་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཤི་སྲི་སྲོག་ལ་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དབུལ་སྲི་དཔལ་ལ་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དམན་སྲི་དབང་ཐང་ལ་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དུར་སྲི་ཁྱིམ་ནས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ འགགས་སྲི་རྫས་ལས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ལྕེབ་སྲི་གཡང་ལས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཆག་སྲི་ཉེར་སྤྱད་ལས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ སྨྱོ་སྲི་སེམས་ལས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཡུག་སྲི་བུ་སྲིང་ནས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཕུང་སྲི་ཡུལ་ནས་ལྡངས་བ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ལོ་རྒྱལ་པོའི་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཟླ་བ་བློན་པོའི་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ ཞག་དམག་མིའི་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔ དུས་ཚོད་མཚོན་ཆའི་སྲི་ལངས་པ་ཐམས་ཅད་མ་ར་ཡ་རྦད་ཆིང་ཆིངས་ནན་ནན༔


previousབྲོ་མནན་ལ་བཏགས་ན།next