Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་དབང་གི་ལྷན་ཐབས་རིན་ཆེན་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་དབང་གི་ལྷན་ཐབས་རིན་ཆེན་ཕྲེང་བ།next

རྡོ་རྗེ་ཕུར་པའི་དབང་གི་ལྷན་ཐབས་རིན་ཆེན་ཕྲེང་བ།

རྡོ་རྗེ་ཕུར་པའི་དབང་གི་ལྷན་ཐབས་རིན་ཆེན་ཕྲེང་བ་བཞུགས་སོ། །

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་གྱི་དང་པོ་ལ་འཇུག་པར་བྱ་སྙམ་པའི་ངང་ནས་གནས་ངན་ལེན་གྱི་རྒྱུར་གྱུར་པའི་ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་སྤངས་ནས་གསན་འཚལ། དེ་ལ་ལོ་རྒྱུས་ཀྱི་སྒོ་ནས་ཡིད་ཆེས་ཅུང་ཟད་སྦྱིན་ན། སྤྱིར་སྟོན་པ་ཐུགས་རྗེ་ཅན་དང་རང་བྱུང་པདྨ་ཡབ་ཡུམ་སོགས་དབང་འབྱོར་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས། འགྲོ་བ་མཐའ་ཡས་པའི་དོན་དུ་དངོས་སུ་གསུངས་པའི་བཀའ་དང་བྱིན་རླབས་གཏེར་གྱི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་པར་གོང་འཕེལ་དུ་མཛད་པ་ལ་སུས་ཀྱང་འགོག་དུ་མེད་པ་དང་། བྱེ་བྲག་ཏུ་ཨོ་རྒྱན་སངས་རྒྱས་གཉིས་པ་ཡི་དམ་འདི་དང་ངོ་བོ་དབྱེར་མེད་པར་བཞུགས་པས་དགོངས་བརྒྱུད་ཁྱད་པར་བ་དང་ལྡན་པའི་ཕྱིར་འདི་ཉིད་ཀྱི་སྐུར་དངོས་སུ་བཞེངས་ནས་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་པར་མཛད་པ་དང་། བཀའ་བབས་ཆེན་པོ་པྲ་བྷ་ཧསྟི་ལས་བརྡ་དང་སྙན་བརྒྱུད་ཀྱི་ཆུ་བོ་མི་ནུབ་པའི་བཀའ་སྲོལ་བླངས་ཏེ། ཕྱི་རབས་སུ་བསྟན་པའི་རྒྱལ་མཚན་རྗེ་འབངས་གྲུབ་ཐོབ་རྒྱ་མཚོ་ལ་བསྒྲེངས་ཤིང་། ༼ སྦྲེང་ཞིང་དཔྱད། ༽ རྩ་བཤད་རྒྱུད་སྡེ་ཀུན་གྱི་ཁོང་སྙིང་བསྡེབ་ནས་ནོ་པི་ཀ་ལག་ལེན་འབྲེལ་བ་བཞི་ལྡན་དུ་སྦྱར་ཏེ། སྨོན་ལམ་དབང་བསྐུར་གཏད་རྒྱ་དང་བཅས་པས་རྒྱས་པར་བྱས་ནས་གཏེར་རིགས་བྱེ་བ་བཅོ་བརྒྱད་ཀྱི་གྲངས་ལྡན་དུ་སྦས་པའི་ནང་ཚན་རིག་འཛིན་ཨོ་རྒྱན་པདྨ་ཐེག་མཆོག་གི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། ཕུར་བ་བདུད་དགྲའི་དཔུང་འཇོམས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་འབུལ་བ་ཐུགས་ལ་གདགས་པར་འཚལ། ཅེས་ཀྱང་ག་གཱའི་མིང་གི་བསྟི་སྟངས་སུ་བྱས་ཏེ་བརྗོད་པའོ། །བཀྲ་ཤིས་པར་གྱུར་ཅིག །


previousརྡོ་རྗེ་ཕུར་པའི་དབང་གི་ལྷན་ཐབས་རིན་ཆེན་ཕྲེང་བ།next