Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱུད་འདེབས།next

བརྒྱུད་འདེབས།

བརྒྱུད་འདེབས་ནི༔ ན་མོ༔ ཀུན་བཟང་ཚེ་དཔག་མེད་དང་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ རྡོ་རྗེའི་ཚེ་མཆོག་འགྲུབ་པར་བྱིན་གྱིས་རློབས༔ མནྡ་ར་བ་ཡེ་ཤེས་མཚོ་རྒྱལ་དང་༔ བི་མ་མི་ཏྲ་ཏིང་འཛིན་བཟང་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ རྡོ་རྗེའི་ཚེ་མཆོག་འགྲུབ་པར་བྱིན་གྱིས་རློབས༔ ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས་པ༔ གཏེར་སྟོན་བརྒྱ་རྩ་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ རྡོ་རྗེའི་ཚེ་མཆོག་འགྲུབ་པར་བྱིན་གྱིས་རློབས༔ མཐར་ཐུག་འཆི་མེད་མགོན་པོའི་གསང་གསུམ་དང་༔ དབྱེར་མེད་མ་ཆགས་པདྨའི་ས་ཐོབ་ཤོག༔ འགྱུར་མེད་རྣམ་རྒྱལ་གསུངས་བསྐུལ་ངོར། །ག་གཱ་ཨ་བྷྱེའི་ཤར་མར་སྤེལ། །དགེའོ། །དགེའོ། །དགེའོ། །


previousབརྒྱུད་འདེབས།next