Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདོན་མཐར་ཚེ་འགུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདོན་མཐར་ཚེ་འགུགས།next

འདོན་མཐར་ཚེ་འགུགས།

སྔ་ཐུན་ལ་ལས་བྱང་རྒྱས་པའི་བསྙེན་པ་ཅི་འགྲུབ་མཐར་དཀྱིལ་འཁོར་རྒྱས་པའི་སྔགས་རེ་ཟུང་འདོན་མཐར་ཚེ་འགུགས། ཕྱོགས་བཞི་དབུས་ནས་ཚེ་འགུགས་མ་སོགས་དང་། རྒྱས་གདབ། ཧཱུྃ། བཅོམ་ལྡན་ཚེ་དཔག་མེད་པ་དང་༴ སོགས། དེ་ནས་གཞུང་མཇུག་འདོན། ཐུན་རྗེས་མ་རྣམས་ལ་བརྒྱུད་འདེབས་དང་། ཚེ་འགུགས་རྡོ་རྗེའི་རྒྱ་ཅན། བདག་ཉིད་སྐད་ཅིག་སོགས་འདོན། ལྷ་བསྐྱེད་འདྲ་མིན་གཉིས་ཡོད་པ་གཅིག་གིས་ཆོག །གིརྟི་ཧོའི་བར་འདོན་དེ་ནས་གཞུང་གི་བསྙེན་པ། ཨོཾ་ཨ་པུཎྱེ་ཨ་ཡུརྫྙཱ་ན་ཧྱ་སོགས་གཙོ་བོར་འདོན། ཐུན་མཐར་ཙམ་ལ། ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་སོགས། རྡོ་རྗེའི་རྒྱ་ཅན་བསྙེན་པ་ཅི་ནུས་མཐར། དཀྱིལ་འཁོར་རྒྱས་པའི་སྔགས་གཅིག་ཙམ་མམ། རེ་ཟུང་མཐར་ཚེ་འགུགས་སོགས༴ ཕྱི་ཐུན་མཐར་ཚོགས་སོགས་ཅི་ཙམ་སྡོད་པའི་མཐའི་ཞག་ལྔའམ་བདུན་ཙམ་ལ། སྔགས་ཐམས་ཅད་གཅིག་རྗེས་གཅིག་མཐུད་ཀྱིས་སྦྲེལ་མར་ཚང་བར་བཟླའོ། །ཞལ་རྒྱུན་ནོ། །


previousའདོན་མཐར་ཚེ་འགུགས།next