Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་འཆི་མེད་མཆོག་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་འཆི་མེད་མཆོག་གྲུབ།next

ཚེ་སྒྲུབ་འཆི་མེད་མཆོག་གྲུབ།

ཚེ་སྒྲུབ་འཆི་མེད་མཆོག་གྲུབ་ཞེས་བྱ་བ༔ ཧྲཱི༔ སྐད་ཆིག་དྲན་རྫོགས་རང་ཉིད་ཚེ་དཔག་མེད༔ དམར་གསལ་མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ སྐྱིལ་ཀྲུང་ལོངས་སྐུའི་རྒྱན་རྫོགས་ཐུགས་ཀར་ཧྲཱིའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་དོན་གཉིས་བྱས་ནས་འཁོར་འདས་ཀྱི༔ དངས་བཅུད་བྱིན་རླབས་ཚེ་དཔལ་མ་ལུས་པ༔ བདག་ཐིམ་རྡོ་རྗེ་ལྟ་བུའི་ཚེ་ཐོབ་བསམ༔ རྒྱལ་ཀུན་རིགས་གཅིག་ཡོངས་རྫོགས་ཆེན་པོར་བསྒྲུབ༔ ཨོཾ་བཛྲ་སརྦ་ཨ་ཡུརྫྙཱ་ན་སིདྡྷི་ཕ་ལ་སྭཱ་ཧཱ༔ ཅེས་དང་༔ ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ༔ མཐར༔ དངོས་བཤམས་ཏིང་འཛིན་མཆོད་སྤྲིན་དམ་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཆོག་ལ་བསྟོད༔ འགྲོ་ཀུན་འཆི་མེད་མགོན་པོའི་གནས་ཐོབ་ནས༔ སྲིད་ཞིའི་རྒུད་པ་སེལ་བའི་བཀྲ་ཤིས་ཤོག༔ ཅེས་ཀྱང་འགྱུར་མེད་རྣམ་པར་རྒྱལ་བ་དང་། ཚུལ་ཁྲིམས་ཤེས་རབ་བློ་འཕེལ་རྣམས་ཀྱི་བསྐུལ་བའི་ངོར་ག་གཱས་སོ། །


previousཚེ་སྒྲུབ་འཆི་མེད་མཆོག་གྲུབ།next