Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་འགུགས་རྡོ་རྗེའི་ཕྱག་རྒྱ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་འགུགས་རྡོ་རྗེའི་ཕྱག་རྒྱ་ཅན།next

ཚེ་འགུགས་རྡོ་རྗེའི་ཕྱག་རྒྱ་ཅན།

ཚེ་འགུགས་རྡོ་རྗེའི་ཕྱག་རྒྱ་ཅན་ཞེས་བྱ་བ་བཞུགས་སོ༔

བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ མགོན་པོ་ཚེ་དཔག་མེད་པ་ནི༔ སྐུ་མདོག་དམར་སྐྱ་མཛེས་རྒྱན་ལྡན༔ དཔེན་ན་མཚལ་ཉིད་བཟང་པོ་ལ༔ ཁ་བ་དག་ནི་བབས་པ་བཞིན༔ དམར་སྐྱ་འོད་ཟེར་འཕྲོ་བར་བསམ༔ ཞེས་སམ་ཡང་ན༔ སྐུ་སྟོད་སེར་ལ་འོད་ཟེར་འབར༔ ལྟེ་བ་མན་ཆད་ལྗང་གུ་སྟེ༔ གཡས་ན་ཚེ་ཡི་བུམ་པ་འཛིན༔ གཡོན་པས་རིན་ཆེན་འོད་འབར་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་ཅན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་དུ་རྡོ་རྗེ་ཡིད་གཟུགས་ཆེ༔ ལྷོ་རུ་རྡོ་རྗེ་ཡིད་མགྱོགས་མ༔ ནུབ་ཏུ་རྡོ་རྗེ་ཡིད་འཕྲོག་མ༔ བྱང་དུ་རྡོ་རྗེ་ཡིད་བསྐྱོད་མ༔ དབུས་སུ་རྡོ་རྗེ་སྣ་ཚོགས་མ༔ དཀར་སེར་དམར་ལྗང་མཐིང་སྔོན་མདོག༔ ས་ཆུ་མེ་རླུང་འཇའ་མཚོན་ཆིབས༔ གཡས་ན་སྣ་ཚོགས་མདའ་དར་དང་༔ གཡོན་ན་ལས་བཞིའི་ཚེ་བུམ་འཛིན༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་ཡུཿཛྙཱ་ན་བྷྲཱུ་ཏྲཱཾ་ཧཱུྃ་ཨཱ་ཧྲཱི༔ ཏིཥྛ་བཛྲ་ན་མོ་ཛྙཱ་ན་པཱུ་ཙ་སྟྭ་ཏྲ་གིརྟི་ཧོ༔ ཨོཾ་ཨཱཿཧཱུྃ་བཛྲ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་པ་རི་མི་ཏ་ཨཱ་ཡུཿཛྙཱ་ན་ཧཱུྃ་སྭཱ་ཧཱ༔ ཅི་ནུས་བརྗོད༔ དེ་ནས་ཚེ་འགུགས་ནི༔ ཧཱུྃ༔ ཕྱོགས་བཞི་དབུས་ནས་ཚེ་འགུགས་མ༔ དཀྱིལ་འཁོར་སྟོན་ཅིང་ཚེ་བཀྲག་སྡུད༔ ཚེ་དང་རྫས་ལ་དབང་བསྒྱུར་བ༔ ཚེ་དབང་རིག་འཛིན་འཁོར་བཅས་ཀྱིས༔ ཕྱོགས་སྐྱོངས་བཅུ་ཡི་ལག་པ་ནས༔ ཚེ་ཁུག་རྣལ་འབྱོར་བདག་ལ་སྩོལ༔ རིགས་ལྔའི་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ རྡོ་རྗེ་ཚེ་ཡི་སྒོ་ཕྱེས་ལ༔ བདུད་རྩི་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་མཆོག་དཀྱིལ་འཁོར་བབ་དུ་གསོལ༔ བཛྲ་ཨཱ་ཡུ་ཥེ་སརྦ་སིདྡྷི་ལོ་ཀ་སིདྡྷི་ཛྙཱ་ན་སིདྡྷི་ཕཱ་ལ་ཨཱཿཧཱུྃ༔ བཛྲ་ཨཱ་ཡུར་ཛྙཱ་ན་སྭཱ་ཧཱ༔ དེ་ནས་རྒྱས་གདབས་བཀྲ་ཤིས་ནི༔ ཧཱུྃ༔ བཅོམ་ལྡན་ཚེ་དཔག་མེད་པ་དང་༔ རིགས་ལྔའི་ལྷ་མོ་སེམས་དཔའི་འཁོར༔ མ་ལུས་ལུས་པ་མེད་པ་ཡིས༔ ཚེ་ཁུག་བསྟིམ་བརྟན་འགྱུར་མེད་ཀྱི༔ རྒྱས་གདབས་བཀྲ་ཤིས་བདེ་ལེགས་མཛོད༔ རྡོ་རྗེའི་ཚེ་དབང་མཆོག་གྲུབ་ནས༔ ནམ་མཁའ་ཇི་སྲིད་བརྟན་གྱུར་ཅིག༔ ཨོཾ་ཨཱ་ཡུ་ཛྙཱ་ན་བིདྱཱ་དྷ་ར་ཨ་བྷི་ཥིཉྩ་མངྒ་ལཾ་ཏིཥྛ་ལྷན༔ ཅེས་བརྗོད་མགོན་པོའི་ཐུགས་ཀ་ནས༔ འོད་ཟེར་དམར་པོའི་ཚྭ་ཚྭ་ཡི༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས༔ ཚེ་བཅུད་རང་དབང་མེད་པར་བསྡུས༔ རྒྱལ་ཀུན་ཚེ་ལ་དབང་བ་ཡི༔ བདེན་སྟོབས་ནུས་པ་ཀུན་བསྡུས་ཤིང་༔ རྣམ་སྨིན་ལུས་ལ་རྒྱས་གདབས་པས༔ རང་ལུས་ཚེ་དཔག་མེད་པར་གྱུར༔ རྣམ་རིག་སོར་རྟོགས་ཡེ་ཤེས་ངང་༔ དབྱེར་མེད་དུ་མ་རོ་གཅིག་བསམ༔ སངས་རྒྱས་ཀུན་གྱི་སྟོང་སྲོག་ཐོབ༔ འདི་ནི་རྫོགས་པ་ཆེན་པོའི་རྒྱུད༔ ཀུན་གྱི་ཡང་སྙིང་འདུས་པ་སྟེ༔ རྡོ་རྗེའི་སྲོག་ཐོབ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ཀྱང་རྫོགས་པ་རང་བྱུང་ནས་བསྡུས་ཏེ་འགྱུར་མེད་རྣམ་པར་རྒྱལ་བའི་གསུང་བསྐུལ་དོན་ཡོད་པའི་ཕྱིར་དུས་མཐའི་སྔགས་མིང་ག་གཱ་ཨ་བྷྱེ་ནས་བྲིས་པས་འགྲོ་ཀུན་འཆི་མེད་གཉུག་མའི་ཡེ་ཤེས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །ཨེ་མ་ཧོ༔ སྐུ་གསུམ་རྩ་གསུམ་མཆོག་གསུམ་ཚེ་ཡི་ལྷ༔ རྒྱལ་བ་རིགས་ལྔ་འཆི་མེད་མཆོག་གྲུབ་པའི༔ ཕྱོགས་བཅུའི་སངས་རྒྱས་པད་འབྱུང་བི་མ་སོགས༔ སྤྱི་གཟུགས་རྩ་བའི་བླ་མར་གསོལ་བ་འདེབས༔ ནད་གདོན་འཇིགས་བརྒྱད་རྐྱེན་དང་བར་ཆད་སོལ༔ དུས་མིན་འཆི་བའི་མཚན་མ་ཀུན་ཞི་ནས༔ གནས་སྐབས་ལོ་བརྒྱ་ཐུབ་པའི་ཚེ་དཔལ་དང་༔ མཐར་ཐུག་འཆི་མེད་མགོན་པོའི་གནས་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་རཏྣ་སརྦ་ཨ་ཡུརྫྙཱ་ན་བྷྲཱུཾ་འདུས༔ སརྦ་བིགྣན་མ་ར་ཡ་ཕཊ༔ ཞེས་བཟླས་ཉེར་འཚེ་མཐའ་དག་ཞི༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ འབྱོར་བ་དྲུག་གི་རྩེ་མོར་ཕྱིན༔ དེ་ཝའི་མིང་གིས་བསྐུལ་བའི་ངོར། སྔགས་རྒན་ག་གཱ་ཨ་བྷྱེས་སོ། །དགེའོ། །


previousཚེ་འགུགས་རྡོ་རྗེའི་ཕྱག་རྒྱ་ཅན།next