Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ཞགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ཞགས་པ།next

འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ཞགས་པ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ཞགས་པ་བཞུགས་སོ༔

ཎྲཿ རྟེན་བྱང་ཚེ་འདས་དངོས་སུ་གསལ༔ རྣམ་ཤེས་རིགས་དྲུག་གར་གནས་ཀྱང་༔ ཐུགས་རྗེའི་ཞགས་པས་བཀུགས་ཅིང་བསྟིམ༔ བྱིན་རླབས་སྟོབས་ཀྱིས་བག་ཕེབས་གྱུར༔ ཨཾ་ཀུ་ཤ་ཛ༔ ཏིཥྛ་ལྷན༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བར་སྡུག་བསྔལ་རང་བཞིན་ལས༔ ཐང་གཅིག་ཡང་དག་བདེ་བ་མེད༔ ཤེས་པར་གྱིས་ཤིག་ངེས་འབྱུང་ཕྱིར༔ ཆགས་ཞེན་སྤོངས་ལ་བདེན་ཚིག་ཉོན༔ བླ་མ་ལྷ་ལ་མོས་པ་བསྐྱེད༔ ཧཱུྃ༔ ལོག་འདྲེན་གསོན་བདུད་གཤིན་ལྕགས་རྣམས༔ ལན་ཆགས་རྐྱེན་གྱིས་གཏོར་མ་ཁྱེར༔ འདི་ལ་མ་གནོད་ཕྱིར་དེངས་ཤིག༔ བཀའ་ལས་འདའ་ན་རྡུལ་དུ་གཞོམ༔ སུམ་བྷ༴ བཛྲ་རཀྵ་རཀྵ༔ ཀྱེ་ཧོ༔ འགྲོ་མགོན་ཐུགས་རྗེའི་བདག་སྐྱོབས་ལ༔ རིགས་དྲུག་གནས་ནས་དྲངས་དུ་གསོལ༔ ཧཱུྃ༔ ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཕར་ཕྱིན་དྲུག་གི་ཆུ་རྒྱུན་གྱིས༔ རིགས་དྲུག་འདུ་བྱེད་དག་གྱུར་ཅིག༔ མཆོག་གསུམ་བདེན་པའི་བྱིན་བརླབས་ཀྱིས༔ དུག་བཅོམ་དུག་གིས་མི་ཚུག་ཤོག༔ རྩ་སྔགས་དང་ཡིག་བརྒྱ༔ སྐད་ཅིག་སྣང་བ་གནས་འགྱུར་དུ༔ རིགས་དྲུག་བག་ཆགས་རིམ་སད་གྱུར༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདིའི༔ རྒྱུད་དྲུག་ལན་ཆགས་སོད་གྱུར་ཅིག༔ བ་ལིངྟ་བིགྣན་ཨ་གཙྪ༔ ཧཱུྃ༔ ཡེ་ཤེས་དྲུག་གི་ཐུགས་རྗེ་སྐུའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འཇིགས་དྲུག་གིས་སྐྱབས་སྦྱིན་ནས༔ ཐུབ་དྲུག་ངོ་བོར་འཚང་རྒྱ་ཤོག༔ རྩ་སྔགས་དང་༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཐུགས་ཀའི་ཡིག་དྲུག་འོད་ཟེར་གྱིས༔ རིགས་དྲུག་ས་བོན་བག་ཆགས་བསྲེགས༔ འཁྲུལ་མི་ཤེས་པའི་གདེངས་ཐོབ་ཤོག༔ འཁོར་བ་འདི་ན་གཅོང་རེ་ཆེ༔ མ་ཆགས་བདེ་ཆེན་ཞིང་དུ་འདོང་༔ ཀྱཻ༔ སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ ལྷར་རྗེས་བདག་ནི་འཇུག་ཏུ་གསོལ༔ ཧོ༔ དམ་ཚིག་སྡོམ་པ་ལ་གནས་ཤིང་༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་འཚལ༔ ཀྱཻ༔ སོ་ཐར་བྱང་སེམས་སྔགས་ཕྱི་ནང་༔ སྡོམ་པ་དམ་ཚིག་བདག་གིས་བཟུང་༔ འགྲོ་མགོན་ཐུགས་རྗེའི་བཟུང་དུ་གསོལ༔ ཧོ༔ སྒྲིབ་པ་བཞི་ཡི་སྒོ་ལྕགས་ཁྲོལ༔ ཚད་མེད་བཞི་ཡི་འཆར་སྒོ་ཕྱེས༔ ཡེ་ཤེས་བཞི་ཡི་སྒོ་ནས་འཇུག༔ རང་བྱུང་ལྷ་ཞལ་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ པུཥྤེ་པྲ་ཏི་ཙ་ཧོ༔ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཨེ་མ་ཧོ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་འདི༔ མཇལ་བས་སྐལ་ལྡན་དད་སྤྲོ་བསྐྱེད༔ སྡིག་ཟད་ཉོན་མོངས་མཐོང་སྤངས་དག༔ ཐུགས་རྗེ་ཆེན་པོའི་རིགས་སུ་སྐྱེས༔ ཨོཾ་ཨཱཿཧཱུྃ༔ ཚེ་འདས་ལྷར་གསལ་གནས་གསུམ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ཛྙཱ་ན་དཱེ་ཝ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཏིཥྛ་བཛྲ༔ ཧཱུྃ༔ ཕུང་ལྔར་འཛིན་པ་རྣམ་དག་ཕྱིར༔ ཐུན་མོང་རིགས་ལྔའི་དབང་བསྐུར་རོ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་ལྔ་དང་སྐུ་ལྔ་རྫོགས༔ གཞོན་ནུ་བུམ་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ༔དུས་གསུམ་རྒྱལ་བའི་སྤྱི་གཟུགས་དཔལ༔ ཕྱག་ན་པདྨོའི་དབང་བསྐུར་རོ༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ སངས་རྒྱས་སྟོང་གི་དབང་བསྐུར་རོ༔ ཕྱི་ནང་མཚན་དཔེ་གསལ་བའི་རྒྱན༔ གྲུབ་ཐོབ་རྒྱ་མཚོའི་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་རྣམ་དག་ངང་༔ རྣམ་དག་མཁའ་འགྲོའི་དབང་བསྐུར་རོ༔ རྩ་ཁམས་སྤྲུལ་སྐུར་སྨིན་གྲོལ་ཤོག༔ ཨོཾ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱུ༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་སྤྲིན༔ ཡི་གེ་འཁོར་ལོའི་རྒྱུན་བཟང་པོའི༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ རླུང་དག་ལོངས་སྐུར་སྨིན་གྲོལ་ཤོག༔ ཨཱ༔ ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟོང་ཆེན་རིག་མའི་དབང་བསྐུར་བས༔ བདེ་ཆེན་འདུ་འབྲལ་མེད་པའི་དོན༔ ཐབས་མཆོག་འདི་ཡིས་མཐར་ཕྱིན་ཏེ༔ ཐིག་ལེ་ཆོས་སྐུར་སྨིན་གྲོལ་ཤོག༔ ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ བདེན་གསུམ་དབྱེར་མེད་དེ་ཁོ་ནའི༔ བདག་ཉིད་རང་རིག་བྱང་ཆུབ་སེམས༔ ཡེ་ཤེས་རྩལ་གྱི་དབང་ཐོབ་ནས༔ ངོ་བོ་ཉིད་སྐུ་སྨིན་གྲོལ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧཱུྃ༔ འདོད་ཡོན་དྲུག་གི་ལོངས་སྤྱོད་འདིས༔ ལྟོག་འཕོངས་དབུལ་སེལ་གཏེར་ཐོབ་ཅིང་༔ ཤེས་རབ་གསལ་བའི་སྒྲོན་མེ་ཡིས༔ ཡང་དག་ཐར་བའི་ལམ་སྣང་ཤོག༔ ཧྲཱི༔ ལྷོ་ཕྱོགས་རི་བོ་ཏ་ལ་ན༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་བཞུགས༔ རྣམ་ཤས་སྡུག་བསྔལ་རྟེན་དང་བཅས༔ འཕགས་པའི་སྐུ་གསུང་ཐུགས་མཆོག་དང་༔ དབྱེར་མེད་བསྲེ་འཕོ་མཐར་ཕྱིན་ཤོག༔ ཕཊ༔ རཾ༔ ཉོན་དྲུག་བསྲེགས་ཤིང་ཡེ་ཤེས་དྲུག་དང་ལྡན༔ ཤེས་རབ་རྣམ་དྲུག་ཡུམ་ཆེན་དྲུག་གི་མེའི༔ རྒྱུད་དྲུག་སྡུག་བསྔལ་ཉེར་ལེན་ཛྭ་ལ་རཾ༔ ཕྱིན་ཆད་འཁྲུལ་མི་ཤེས་པའི་གདེངས་རྙེད་ནས༔ ལྷ་ཚོགས་ཡོངས་རྫོགས་ངོ་བོར་སངས་རྒྱས་ཤོག༔ ཅེས་ཀྱང་པྲཉྫཱ་མ་ཏིའི་ངོར་ག་གཱས་སོ། །


previousའཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ཞགས་པ།next