Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་ནས་གཏོར་དབང་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ནས་གཏོར་དབང་བསྡུས་པ།next

དེ་ནས་གཏོར་དབང་བསྡུས་པ།

དེ་ནས་གཏོར་དབང་བསྡུས་པ་ནི༔ ཨོཾ༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ ངོ་བོ་ཉིད་སྐུའི་བུམ་པ་ན༔ ཡེ་ཤེས་ཐུགས་ཀྱི་ལྷ་ཚོགས་བཞུགས༔ རང་མདངས་ཤེས་རབ་ཁ་མིག་ཅན༔ ཐུགས་རྗེ་འོད་ཀྱི་དབང་པོ་དང་༔ ཡང་འབྱེད་ཟེར་གྱི་ཁ་མིག་ཅན༔ ཆོས་ཉིད་དོན་དང་ཆོས་ཅན་དག༔ ཀུན་འདུས་ཡིད་བཞིན་ནོར་བུ་འདིའི༔ ཉོན་ཤེས་སྒྲིབ་པའི་དྲི་མ་གཏོར༔ ཡེ་ཤེས་མ་དང་སྤྲོད་པར་བྱེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདུད་བཞི་གཅིག་ ༼ ཅིག་དཔྱད། ༽ ཆར་དག་ནས་ཀྱང་༔ མ་རིག་བག་ཆགས་ས་ལས་འདས༔ རྒྱུ་འབྲས་དྲི་མ་དབྱིངས་སུ་དག༔ རྡོ་རྗེ་འཛིན་བའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཀ་ཡ་ཛྙཱ་ན་པཉྩ་ན་ཨཏྨ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ཀྱང་བླ་མ་དམ་པ་པདྨ་ཡ་ནའི་གསུང་བསྐུལ་དོན་ཡོད་པའི་ཕྱིར་དུས་མཐའི་སྔགས་མིང་ག་གཱས་སོ། །


previousདེ་ནས་གཏོར་དབང་བསྡུས་པ།next