Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་དྲིལ་བསྒྲུབ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩ་གསུམ་དྲིལ་བསྒྲུབ་བསྡུས་པ།next

རྩ་གསུམ་དྲིལ་བསྒྲུབ་བསྡུས་པ།

རྩ་གསུམ་དྲིལ་བསྒྲུབ་བསྡུས་པ་བཞུགས་སོ༔

ཧཱུྃ༔ ཕྱི་སྣོད་ཐམས་ཅད་འོག་མིན་གནས༔ ཁང་ཁྱིམ་རྒྱན་རྫོགས་གཞལ་ཡས་ཁང་༔ རང་ལུས་རིག་འཛིན་བླ་མའི་སྐུ༔ དབུ་ལ་ཁྲག་འཐུང་སྒྲུབ་སྡེའི་ལྷ༔ ཐུགས་ཀར་ཞི་བ་རྒྱུད་སྡེ་རྫོགས༔ བ་སྤུའི་གྲངས་མཉམ་རྩ་འཁོར་ལ༔ དཀར་དམར་ཐིག་ལེ་དཔའ་བོ་དང་༔ མཁའ་འགྲོ་ཡོངས་འདུས་དཀྱིལ་འཁོར་དུ༔ མ་འདྲེས་ཡོངས་སུ་རྫོགས་པ་ཡིས༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ རང་བཞིན་གནས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཕྱག་འཚལ་མཆོད་འབུལ་གླུ་ཡིས་བསྟོད༔ གསང་སྔགས་སྙིང་པོའི་ཐིག་ལེ་ཆེ༔ མ་ཡེངས་མི་རྟོག་བྱང་ཆུབ་སེམས༔ དུ་མ་རོ་མཉམ་ངང་ནས་བཟླ༔ ཨོཾ་ཨཱཿཧཱུྃ༔ འདི་ཡི་རབ་འབྱམས་ལས་ཀུན་འགྲུབ༔ ས་མ་ཡཱ༔ ཧཱུྃ༔ ཚོགས་རྫས་འདོད་ཡོན་ལྷ་མོར་དག༔ དབྱིངས་ནས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཚེ་རབས་ཉམས་ཆགས་སྡིག་ལྟུང་བཤགས༔ གཟུང་འཛིན་རུ་ཏྲ་དབྱིངས་སུ་བསྒྲལ༔ ཡེ་སངས་ཆོས་ཉིད་ཆེན་པོར་སྟོབས༔ ཚོགས་གཉིས་རྫོགས་སླད་ཐུགས་དམ་བསྐངས༔ ཚིམ་པ་དྲུག་གིས་ཚོགས་ལ་སྤྱོད༔ ལྷག་སྐྱོང་ཕོ་མོ་ལྷག་ལ་རོལ༔ སེམས་ཅན་དོན་དུ་ཐུགས་དམ་བསྐུལ༔ བསྟན་བསྲུང་རྒྱ་མཚོའི་ཚོགས་རྣམས་མཆོད༔ ཆོས་སྐྱོང་རྐྱེན་བཟློག་ཕྲིན་ལས་མཛོད༔ རྟོག་གཉིས་སྐྱེ་མེད་ངང་དུ་མནན༔ འོད་གསལ་མངོན་གྱུར་དངོས་གྲུབ་སྩོལ༔ མ་རིག་ལས་ཉོན་མཐོལ་ལོ་བཤགས༔ ལྷར་སྣང་སྟོང་ཉིད་ཆེན་པོར་བསྡུ༔ སྟོང་པའི་རང་མདངས་འོད་གསལ་ལྷ༔ ཚོགས་གཉིས་མཐར་ཕྱིན་འདི་ཡི་དགེའི༔ འགྲོ་ཀུན་རང་གྲོལ་བཀྲ་ཤིས་ཤོག༔ བདྡྷའི་ངོར་ག་གཱས་སོ། །


previousརྩ་གསུམ་དྲིལ་བསྒྲུབ་བསྡུས་པ།next