Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྣང་མཐའི་ལུས་དཀྱིལ་བདེ་ཆེན་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྣང་མཐའི་ལུས་དཀྱིལ་བདེ་ཆེན་རང་གྲོལ།next

སྣང་མཐའི་ལུས་དཀྱིལ་བདེ་ཆེན་རང་གྲོལ།

སྣང་མཐའི་ལུས་དཀྱིལ་བདེ་ཆེན་རང་གྲོལ་ཞེས་བྱ་བ་བཞུགས༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གྷཏྲཿ ཧྲཱིཿ གཟུང་འཛིན་སྣང་སྲིད་སྟོང་བར་སྦྱངས༔ སྟོང་བའི་རང་མདངས་སྙིང་རྗེའི་རྩལ༔ རང་རིག་ཧྲཱི་དམར་འོད་ཟེར་ལས༔ ཞིང་ཁམས་ཚད་དང་མཚན་ཉིད་ལྡན༔ རིན་ཆེན་པདྨའི་གཞལ་ཡས་སུ༔ ཉི་ཟླ་པདྨའི་གདན་བརྩེགས་པའི༔ མཛོད་མིག་བདུན་ལྡན་རྨ་བྱའི་སྟེང་༔ ཐུགས་སྲོག་གདན་ལ་བབས་པ་ལས༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ སྣང་བ་མཐའ་ཡས་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད༔ ཡེ་ཤེས་བདུད་རྩིའི་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྲུལ་བ་སྐུ་ཡི་ཆ་བྱད་ཅན༔ ཐུགས་ཀར་ཚེ་དཔག་མེད་པ་ཡི༔ ཐུགས་གསང་པདྨ་འདབ་ལྔའི་དབུས༔ ཧྲཱིཿཨཱོཾ་ཨ་མི་དྷེ་ཝ་འཁོད༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཕྱག་འཚལ་མཆོད་འབུལ་གུས་པས་བསྟོད༔ ཐུགས་སྲོག་འོད་ཀྱི་སངས་རྒྱས་ཞིང་༔ ཀུན་ནས་བྱིན་རླབས་དངོས་གྲུབ་བསྡུས༔ མར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཁམས་གསུམ་དག་པ་རབ་འབྱམས་ངང་༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཅེས་བརྗོད་ཚེ་རབས་སྡིག་སྒྲིབ་སྦྱངས༔ པདྨ་དཔའ་བོ་མངོན་སུམ་འགྲུབ༔ ཚེ་ལུས་འདི་ལ་བྱང་ཆུབ་ཐོབ༔ གལ་ཏེ་དེ་བཞིན་མ་གྱུར་ནའང་༔ སྣང་མུན་འདྲེས་པའི་བར་དོ་རུ༔ འོད་དཔག་མེད་ཀྱི་ཞལ་མཐོང་འགྱུར༔ ས་མ་ཡཱ༔ ཅེས་ཀྱང་ག་གཱས་སོ། །


previousསྣང་མཐའི་ལུས་དཀྱིལ་བདེ་ཆེན་རང་གྲོལ།next