Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕ་དམ་པའི་ལུས་དཀྱིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕ་དམ་པའི་ལུས་དཀྱིལ།next

ཕ་དམ་པའི་ལུས་དཀྱིལ།

ཕ་དམ་པའི་ལུས་དཀྱིལ་བཞུགས་སོ༔

ཧཱུྃ༔ སྣང་བ་རྣམ་དག་ཆོས་ཀྱི་དབྱིངས༔ ཡེ་རྫོགས་ལྷུན་གྲུབ་གཞལ་ཡས་སུ༔ པདྨ་ཉི་མ་བམ་གྱི་སྟེང་༔ རང་སེམས་ཧཱུྃ་ཡིག་མཐིང་ནག་ཉིད༔ ཡོངས་གྱུར་དམ་པ་སངས་རྒྱས་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ དབུ་སྐྲ་ལྕང་ལོ་རྒྱབ་དུ་བཀྲམ༔ ཕྱག་གཡས་ཙན་དན་ཅང་ཏེའུ་འཁྲོལ༔ གཡོན་པས་མཆོག་ཆེན་རྐང་གླང་བསྣམས༔ ཧེ་རུ་ཀ་པའི་ཆ་བྱད་ཅན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ སྐུ་དབྱིངས་དྭངས་གསལ་ཆེན་པོ་རུ༔ དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ ཐུགས་དབུས་ཉི་སྟེང་ཧཱུྃ་ཡིག་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ ས་སྤྱོད་མཁའ་སྤྱོད་གནས་གསུམ་ནས༔ མ་རྒྱུད་མཁའ་འགྲོའི་ངོ་བོ་ཉིད༔ རང་རྩལ་འཁོར་དང་བཅས་པ་ཀུན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཐུགས་ཀར་རྡོ་རྗེ་ཕག་མོ་ནི༔ རྒྱན་མེད་གཅེར་བུ་འོད་འབར་བའི༔ སྲོག་གི་གོ་རུ་ཏིང་འཛིན་སེམས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པ་སྔགས་ཀྱིས་ཐུགས་དམ་བསྐུལ༔ རྣམ་སྨིན་ཆོས་ཉིད་འཁོར་ལོ་རུ༔ རང་གྲོལ་རོལ་པའི་གདེངས་ཐོབ་ཅིང༔ མངོན་གྱུར་ངང་ནས་འཛབ་དབྱངས་སྒྲོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཀ་ལ་ཙརྱ་བཾ་ཧ་རི་ནི་ས་ཨ་ཧཱུྃ༔ ཞེས་བཟླའོ༔ འདི་ལྟར་ཉམས་སུ་ལེན་སྲིད་ན། །གནས་སྐབས་མཐར་ཐུགས་དགོས་པ་འགྲུབ། །འོན་ཀྱང་དགོས་མེད་ཡིག་ཉོབས་ལས། །སྐྱབས་འགྲོ་ཚར་རེ་ལོས་དགའ་བསམ། །ཐེག་མཆོག་པདྨ་བློ་གྲོས་སོགས། །བསྐུལ་བོའི་དོན་དུ་དཀའ་ལས་བྱས། །ག་གཱས་སོ། །


previousཕ་དམ་པའི་ལུས་དཀྱིལ།next