Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐང་རྒྱལ་ལུས་དཀྱིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐང་རྒྱལ་ལུས་དཀྱིལ།next

ཐང་རྒྱལ་ལུས་དཀྱིལ།

ཐང་རྒྱལ་ལུས་དཀྱིལ་བཞུགས་སོ༔

ཧཱུྃ༔ སྣང་བ་རྣམ་དག་ཆོས་ཀྱི་དབྱིངས༔ ཡེ་རྫོགས་ལྷུན་གྲུབ་གཞལ་ཡས་སུ༔ པདྨ་ཉི་མ་བམ་གྱི་སྟེང་༔ རང་སེམས་ཧཱུྃ་ཡིག་མཐིང་ནག་ཉིད༔ ཡོངས་གྱུར་པད་འབྱུང་ཐང་སྟོང་རྒྱལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ སྨྲ་ར་ཨག་ཚོམ་ཐུགས་ཀར་སླེབས༔ དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས༔ ཕྱག་གཉིས་ཐུགས་རྗེའི་ལྕགས་ཐག་བསྣམས༔ ཧེ་རུ་ཀ་པའི་ཆ་བྱད་ཅན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ སྐུ་དབྱིངས་དྭངས་གསལ་ཆེན་པོ་རུ༔ དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ ཐུགས་དབུས་ཉི་སྟེང་ཧཱུྃ་ཡིག་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ ས་སྤྱོད་མཁའ་སྤྱོད་གནས་གསུམ་ནས༔ མ་རྒྱུད་མཁའ་འགྲོའི་ངོ་བོ་ཉིད༔ རང་རྩལ་འཁོར་དང་བཅས་པ་ཀུན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཐུགས་ཀར་རྡོ་རྗེ་ཕག་མོ་ནི༔ རྒྱན་མེད་གཅེར་བུ་འོད་འབར་བའི༔ སྲོག་གི་གོ་རུ་ཏིང་འཛིན་སེམས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པ་སྔགས་ཀྱིས་ཐུགས་དམ་བསྐུལ༔ རྣམ་སྨིན་ཆོས་ཉིད་འཁོར་ལོ་རུ༔ རང་གྲོལ་རོལ་པའི་གདེངས་ཐོབ་ཅིང་༔ མངོན་གྱུར་ངང་ནས་འཛབ་དབྱངས་སྒྲོགས༔ ཞེས་སོ༔ བཟླས་པ་ནི༔ ཨོཾ་ཨཱཿཧཱུྃཿ ཡོ་ག་ཤྭ་རི་མ་ཧཱ་བཻ་ཛྭ་སརྦ་སིདྡྷི་ཕ་ལ༔ ཞེས་བཟླའོ༔ འདི་ལྟར་ཉམས་སུ་ལེན་སྲིད་ན། །གནས་སྐབས་མཐར་ཐུག་དགོས་པ་འགྲུབ། །འོན་ཀྱང་དགོས་མེད་ཡིག་ཉོབ་ལས། །སྐྱབས་འགྲོ་ཚར་རེ་ལོས་དགའ་བསམ། །ཐེག་མཆོག་པདྨ་བློ་གྲོས་སོགས། །བསྐུལ་བོའི་དོན་དུ་དཀའ་ལས་བྱས། །ག་གཱས་སོ། །


previousཐང་རྒྱལ་ལུས་དཀྱིལ།next