Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་ལྷ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་ལྷ་བསྡུས་པ།next

སྨན་ལྷ་བསྡུས་པ།

སྨན་ལྷ་བསྡུས་པ་ནི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་བཻཌཱུརྱར་སྣང་དབུས༔ རིན་ཆེན་པདྨའི་གདན་སྟེང་རང་ཉིད་ནི༔ བཅོམ་ལྡན་སྨན་བླ་སྐུ་མདོག་མཐིང་ཀ་ལ༔ ཞལ་གཅིག་ཕྱག་གཡས་མཆོད་སྦྱིན་ཨ་རུ་རའི༔ སྡོང་པོ་ལོ་འདབ་དང་བཅས་གཡོན་མཉམ་བཞག༔ ལྷུང་བཟེད་འཆི་མེད་བདུད་རྩིའི་གང་བ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི༔ མཐའ་བསྐོར་ཕྱོགས་མཚམས་བདེ་གཤེགས་མཆེད་བདུན་དང་༔ བྱང་ཤར་ཨོ་རྒྱན་སྨན་བླ་སྐུ་མདོག་མཐིང་༔ ཕྱག་ན་ཚེ་བུམ་སྨན་གྱི་སྤར་བུ་ཅན༔ སྨན་གྱི་ལྷ་མོ་དྲང་སྲོང་རིག་འཛིན་འཁོར༔ མ་འདྲེས་ཡོངས་རྫོགས་ཏིལ་གོང་ཕྱུར་བཞིན་གསལ༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ༔ སླར་ཡང་འོད་འཕྲོས་འགྲོ་བའི་སྒྲིབ་གཉིས་ལས༔ བྱུང་བའི་བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན༔ བ་མོར་ཉི་འོད་ཕོག་བཞིན་ཡོངས་ཀྱི་དག༔ ཀུན་ཀྱང་སྨན་གྱི་ལྷ་ཚོགས་ངོ་བོར་གྲོལ༔ ཨོཾ་མ་ཧཱ་བེ་ཥ་ཛེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ཅེས་བརྗོད་རྒྱུ་འབྲས་ནད་རྣམས་ཀུན༔ བདེ་བ་ཆེན་པོའི་ངང་དུ་གྲོལ༔ ས་མ་ཡཱ༔ ཉེར་སྤྱོད་བཟང་དགུའི་མཆོད་པ་འབུལ༔ མཁྱེན་བརྩེ་ནུས་གསུམ་ལྡན་ལ་བསྟོད༔ ཡེ་ཤེས་གཤེགས་ནས་དམ་ཚིག་བསྡུ༔ སླར་ཡང་སྨན་པའི་རྒྱལ་པོར་ལྡང་༔ དགེ་དེས་འགྲོ་ཀུན་ཕྱམ་གཅིག་ཏུ༔ གོ་འཕང་མཆོག་ཐོབ་བཀྲ་ཤིས་ཤོག༔ ཅེས་ཀྱང་ཁ་ལོའི་ངོར་ག་གཱས་སོ། །དགེའོ། །


previousསྨན་ལྷ་བསྡུས་པ།next