Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་ཕྱག་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་ཕྱག་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་བསྡུས་པ།next

དཔལ་ཆེན་ཕྱག་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་བསྡུས་པ།

དཔལ་ཆེན་ཕྱག་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་བསྡུས་པ་བཞུགས་སོ༔

ཧཱུྃ༔ རང་ལུས་འཁོར་ལོ་ལྔ་པོ་ནི༔ ཡེ་ནས་འབྱུང་བ་རིམ་བརྩེགས་དང་༔ ཞིང་ཁམས་གཞལ་ཡས་བཀོད་པར་རྫོགས༔ མགོ་བོའི་ཐོད་མཁར་ཁྱོན་ཡངས་སུ༔ རང་སེམས་གཞི་ཡི་ཧེ་རུ་ཀ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོས་མ་ནག་མོ་ཡུམ་དང་འཁྲིལ༔ གཡས་པས་གསེར་གྱི་རྡོ་རྗེ་གསོར༔ གཡོན་པ་སྦྲུལ་གྱི་ཞགས་པ་འཛིན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ༔ སྡེ་བརྒྱད་ཉི་མར་འགྱིང་བག་དགྱེས༔ ཡུམ་ནི་གྲི་ཐོད་གར་སྟབས་བསྒྱུར༔ གཉིས་ཀ་དུར་ཁྲོད་ཆས་ཀྱིས་བརྗིད༔ འཁོར་དུ་སྒྲུབ་རྒྱུད་ཧེ་རུའི་ཚོགས༔ མ་ཚང་མེད་པས་བསྐོར་བ་ཡི༔ གནས་གསུམ་འོད་ཟེར་ལྷ་མོ་བཞིའི༔ ལྕང་ལོ་ཅན་གྱི་རྟེན་བརྟེན་པ༔ སྤྱན་དྲངས་དམ་ཚིག་འཁོར་ལོ་ལ༔ ཐུགས་དམ་དབྱེར་མེད་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ཏེ༔ མཉེས་མཆོད་མ་ཚང་མེད་སྤྲིན་འབུལ༔ གསང་བ་རྡོ་རྗེའི་གླུ་གར་མཆོད༔ སླར་ནི་རང་ཐིམ་གཉིས་མེད་པའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རྡོ་རྗེ་སེམས་དཔའ་ཚོན་གང་བ༔ ཐུགས་དབུས་ཉི་ཟླའི་གའུར་ཧཱུྃ༔ མཐར་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་ཀུན་མཐུ་སྟོབས་བསྡུས༔ སླར་ཡང་སྣང་སྲིད་དྲེགས་པ་ཡི༔ སྲོག་འཕྲོག་ཐུགས་སྲོག་གདན་ལ་བཀོད༔ བཀའ་ཉན་གསུང་སྡོད་བྲན་ཁོལ་བསམ༔ ཨོཾ་བཛྲ་ནི་ལམ་བྷ་ར་དྷ་ར་བཛྲ་པ་ཎི་རཱ་ཛྙཱ་པ་ཡི་ཏི་སྭཱ་ཧཱ༔ ཅི་འགྲུབ་མཐའ་མར་མཆོད་བསྟོད་དེ༔ བསྐྱེད་རྫོགས་ཟུང་འཇུག་ལྷ་སྐུར་བསྡུ༔ ཚུལ་འདིའི་རང་རྐང་ཐུབ་པའི་ཕྱིར༔ དེ་ཡང་བསྡུ་ན༔ ཧཱུྃ༔ སྣང་སྲིད་འདོད་ཡོན་མཆོད་པ་འབུལ༔ རྣམ་ཐར་མཆོག་ལ་རྗེས་ཡི་རང་༔ ལྷ་སྐུའི་མཚན་འཛིན་དབྱིངས་སུ་བསྡུ༔ འོད་གསལ་ལྷུན་གྲུབ་བཀྲ་ཤིས་ཤོག༔

ཅེས་པ་འདི་ཡང་དམ་པའི་མཛོད་གསུམ་འཛིན་པ་རྡོ་རྗེ་རྒྱལ་མཛན་ནས་གསུང་ངོར། སྔགས་བརྫུས་ག་གཱ་ཨ་བྷྱེས་ནས་གུས་པས་གསོལ་ལོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousདཔལ་ཆེན་ཕྱག་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་བསྡུས་པ།next