Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་བྱ་ཁྱུང་གི་སྒྲུབ་པ་གནམ་ལྕགས་མེ་འབར་གྱི་ལུས་དཀྱིལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་བྱ་ཁྱུང་གི་སྒྲུབ་པ་གནམ་ལྕགས་མེ་འབར་གྱི་ལུས་དཀྱིལ་བསྡུས་པ།next

ཡེ་ཤེས་བྱ་ཁྱུང་གི་སྒྲུབ་པ་གནམ་ལྕགས་མེ་འབར་གྱི་ལུས་དཀྱིལ་བསྡུས་པ།

ཡེ་ཤེས་བྱ་ཁྱུང་གི་སྒྲུབ་པ་གནམ་ལྕགས་མེ་འབར་གྱི་ལུས་དཀྱིལ་བསྡུས་པ་བཞུགས་སོ༔

ཧཱུྃཿ འཁོར་བའི་ཆོས་ཁམས་རྒྱ་མཚོ་ཀུན༔ ཆོས་ཉིད་དབྱིངས་སུ་སངས་རྒྱས་པས༔ ཡེ་རྫོགས་ལྷུན་གྲུབ་ཞིང་ཁམས་སུ༔ རྒྱན་བཀོད་ཕུན་ཚོགས་གཞལ་ཡས་ཁང་༔ ནང་ན་རིན་ཆེན་ཁྲི་རྐང་སྟེང་༔ ཀླུ་བརྒྱད་རང་བཞིན་རོ་ཉེ་བརྒྱད༔ ཆུན་འཕྱང་འགུལ་བའི་ཁྲི་ལ་བརྫིས༔ ཡེ་ཤེས་བྱ་ཁྱུང་རིགས་ལྔ་ནི༔ དཀར་སེར་དམར་ལྗང་སྔོ་ནག་མདོག༔ ཞལ་གཅིག་ཕྱག་གཉིས་ཕྲག་གོང་དུ༔ ཀླུ་རིགས་ལྔ་ཡི་རང་བཞིན་ཅན༔ ཁ་དོག་ལྔ་འཛིན་དུག་སྦྲུལ་བཟུང་༔ མགོ་བོའི་བརྩམས་ནས་ཞལ་དུ་གསོལ༔ རྒྱན་དུ་དེ་འདྲ་སྣ་ཚོགས་ཕྲེང་༔ མེ་ཡི་རལ་བ་གནམ་དུ་ཟིང་༔ གནམ་ལྕགས་ཕ་ལམ་མཆུ་སྡེར་གཟིང་༔ རྡོ་རྗེའི་རྭ་གཉིས་རྣོ་དབལ་འབར༔ རྭ་བར་ཆེ་མཆོག་ཡབ་ཡུམ་གསལ༔ ཐུགས་ཀར་ཀུན་ཏུ་བཟང་པོ་བཞུགས༔ རལ་གྲི་འཁོར་ལོའི་གཤོག་པ་གདེངས༔ སྤྱན་ནས་དུག་ཁྲག་བྱེ་ཚན་ཆར༔ མཛིང་ ༼ འཛིང་དཔྱད། ༽ བསྣོལ་ཚྭ་ཚྭ་ནད་རླངས་འཕྲོ༔ བ་སྦུའི་བུ་ག་ཐམས་ཅད་ནས༔ ཁྱུང་གི་ཕོ་ཉ་གྲངས་མེད་གཏམས༔ ས་བདག་ཀླུ་གཉན་ཟིལ་གྱིས་གནོན༔ གནས་གསུམ་འོད་ཟེར་རབ་འཕྲོས་ཏེ༔ ཡེ་ཤེས་ཁྲོ་བོ་སྤྱན་དྲངས་བསྟིམ༔ ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ༔ བཅོམ་ལྡན་ཡོན་ཏན་དཔལ་ལ་བསྟོད༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་དབུས་གནམ་ལྕགས་འཁོར་ལོའི་ལྟེར༔ ཁྲོཾ་དམར་མཐའ་མར་སྔགས་ཀྱི་བསྐོར༔ བཟླས་པས་འཁོར་འདས་ཁྱབ་གདལ་གྱི༔ འོད་ཟེར་འཕྲོས་པས་ཁྲོ་གཏུམ་རྔམ༔ དབང་བསྡུད་ཟིལ་གྱིས་མནན་ནས་ཀྱང་༔ ནཱ་ག་ཐུགས་སྲོག་གདན་དུ་བཀོད༔ གཟིར་བས་རབ་འབྱམས་ཕྲིན་ལས་ཀུན༔ ཡོངས་གྲུབ་བཀའ་ཉན་བྲན་ཁོལ་བསམ༔ ཨོཾ་ཁྲོཾ་ག་རུ་ཊ་ནཱ་ག་ར་ཛ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ ཅེས་བཟླས་དངོས་གྲུབ་རྣམ་གཉིས་འགྲུབ༔ ཕྱི་ནང་གསང་བའི་བར་ཆད་སེལ༔ མཆོག་དུ་ ༼ ཐུན་དཔྱད། ༽ ཡོན་ཏན་རྒྱ་མཚོ་དབང་༔ ས་མ་ཡཱ༔ ཅེས་ཀྱང་འཇིགས་དགའི་བསྐུལ་ངོར་ག་གཱ་ཨ་བྷྱེས་བྲིས་པ་རྣམ་ཀུན་དགེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །


previousཡེ་ཤེས་བྱ་ཁྱུང་གི་སྒྲུབ་པ་གནམ་ལྕགས་མེ་འབར་གྱི་ལུས་དཀྱིལ་བསྡུས་པ།next