Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་གཟི་བརྗིད་རྒྱལ་པོའི་རྒྱུན་ཁྱེར་བཀྲ་ཤིས་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་གཟི་བརྗིད་རྒྱལ་པོའི་རྒྱུན་ཁྱེར་བཀྲ་ཤིས་ལྷུན་གྲུབ།next

མགོན་པོ་གཟི་བརྗིད་རྒྱལ་པོའི་རྒྱུན་ཁྱེར་བཀྲ་ཤིས་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ལས༔ མགོན་པོ་གཟི་བརྗིད་རྒྱལ་པོའི་རྒྱུན་ཁྱེར་བཀྲ་ཤིས་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་སཾ་བྷ་ཝེ༔ བརྡ་ཡིག །རྩ་གསུམ་ཆོས་སྐྱོང་སྤྱི་འགྲོའི་སམ༔ ཡང་ན་ལྷ་བརྒྱ་གཏོར་གཅིག་ལ༔ བརྟེན་ནམ་རང་གི་ལུས་དཀྱིལ་འཁོར༔ རང་གཞིན་གྲུབ་པ་ཉིད་བརྟེན་རུང་༔ ཧཱུྃ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་སྐད་ཅིག་དྲན་རྫོགས་སུ༔ སྣང་སྲིད་ཡེ་ནས་དཀྱིལ་འཁོར་དུ༔ གཞིར་བཞེངས་དག་མཉམ་ཡོན་ཏན་རྫོགས༔ རྨ་བྱ་རིན་ཆེན་པདྨ་དང་༔ ཉི་ཟླ་ཏི་ར་བམ་གྱི་སྟེང་༔ རང་ཉིད་གཟི་བརྗིད་རྒྱལ་པོ་སྟེ༔ ཆེ་མཆོག་རྡོ་རྗེ་དྲག་པོ་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་གཡོན་རྡོ་རྗེ་ལྕགས་ཕུར་གདེང་༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ དམར་སེར་རལ་པས་སྐུ་རྒྱབ་ཁེབ༔ སྐུ་ལ་རྣལ་འབྱོར་ཆས་གོས་གསོལ༔ ཐོད་ཕྲེང་སྦྲུལ་ཆུན་རཏྣས་བརྒྱས༔ སྐུ་སྟོད་བཀའ་བརྒྱུད་བླ་མ་དང་༔ རྐེད་པར་ཡི་དམ་རྒྱུད་སྡེའི་ལྷ༔ སྐུ་སྨད་མ་རྒྱུད་མཁའ་འགྲོའི་དལ༔ མཚོ་ལ་གཟའ་སྐར་བཀྲ་བ་བཞིན༔ སྐུ་དབྱིངས་དང་གསལ་ཆེན་པོར་རྫོགས༔ མཐའ་བསྐོར་ནོར་དང་གཡང་གི་ལྷ༔ འདས་དང་མ་འདས་ཐམས་ཅད་དང་༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ འཕྲོ་འདུས་ཕྲིན་ལས་རྣམ་བཞི་བསྒྲུབ༔ དཀར་ཕྱོགས་སྐྱོངས་བའི་ཟོ་དོར་གྱིས༔ རྒྱ་འདྲེ་གདུག་པ་སྒྲོལ་ཞིང་བཟློག༔ གཟི་བྱིན་བཟོད་པར་དཀར་བ་ཡིས༔ མ་རུང་སྙིང་རྩ་འདར་བར་ཕྱེད༔ དུག་ཐུན་མཚོན་ཆའི་བུ་ཡུག་འཚུབས༔ དངོས་གྲུབ་བར་ཆད་རྡུལ་དུ་རློག༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི༔ ཐུགས་ལས་འོད་ཟེར་རབ་འཕྲོས་པས༔ རང་བཞིན་དམ་ཚིག་གནས་རྣམས་ནས༔ ལྷ་ཚོགས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་སོགས་ནི༔ ཧཱུྃ༔ ཆོས་དབྱིངས་ཀུན་ཁྱབ་ཆེན་པོ་ནས༔ བཅོམ་ལྡན་རིག་པའི་འཁོར་བཅས་དང་༔ འགྲོ་དོན་གང་འདུལ་གནས་མཆོག་ནས༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉར་བཅས༔ འགྲོ་བ་སེམས་ཅན་དོན་སླད་དུ༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ གུ་རུ་ཀྲོ་ཏ་བཛྲ་དེ་ཝ་ཊཱཀྐི་ནི་དྷརྨཱ་པཱ་ལ་ས་མ་ཡ་ཛ་ཛ༔ དམ་ཚིག་ཐུགས་དམ་གཉན་པོ་ཡིས༔ སྐྱེ་དགུ་ཀུན་ལ་སྨན་པ་ནི༔ ཐུན་མཆོག་དངོས་གྲུབ་སྩོལ་བའི་ཕྱིར༔ ཏིང་འཛིན་ཡེ་ཤེས་གཉིས་མེད་རོལ༔ ས་མ་ཡ་ཏིཥྛ་ལྷན༔ ལྷ་དང་དེ་ནི་རྣལ་འབྱོར་བ༔ རང་བཞིན་ཆོས་སྐུར་རོ་གཅིག་ཀྱང་༔ མ་རྟོགས་གཟུང་འཛིན་མཆོག་དམན་གོལ༔ ད་ནི་དབྱེར་མེད་མཇལ་ཕྱག་འཚལ༔ ན་མོ་ན་མ༔ཧཱུྃཿ ཕྱི་ནང་གསང་བ་ཡང་གསང་གི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ རིག་འཛིན་བླ་མ་དྲག་པོ་དང་༔ རྩ་གསུམ་ཆོས་སྐྱོང་དགྱེས་ཕྱིར་འབུལ༔ ཨོཾ་སརྦ་པཱུ་ཛ་རཱ་ཧོ་ཧཾ་ཁཱ་ཧིཿ ཨོཾཿ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས༔ ཚད་མེད་སྤྲུལ་པའི་རྣམ་རོལ་ཀུན༔ དོན་དམ་ཁྱོད་དབྱིངས་འུབ་ཆུབ་བརྡལ༔ ཀུན་བྱེད་རྒྱལ་པོ་ཁྱོད་ལ་བསྟོད༔ འབྲས་ཆོས་ཟག་མེད་རྣམ་དག་དང་༔ ཚད་མེད་མཁྱེན་བརྩེ་ནུས་པའི་སྟོབས༔ མཐར་ཐུག་གྱུར་པའི་མཆོག་ལྡན་པའི༔ གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད༔ དེ་ནས་བཟླས་དམིགས་ནི༔ ཧཱུྃ༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང་༔ ཐུགས་ཀར་ཉི་ཟླའི་གའུའི་སྦུབས༔ ཏིང་འཛིན་སེམས་དཔའ་ཧཱུྃ་དམར་ནག༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་སྲོག་གི་སྙིང་པོར་ཐིམ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས༔ ཨོཾ་གུ་རུ་བཛྲ་ཀྲོ་ཏ་སརྦ་སིདྡྷི་ཕ་ལ་ཨཱ་ཧཱུྃ༔ ཞེས་དང་ཞི་བའི་ཕྲིན་ལས་ལ༔ སརྦ་དུཿཁ་ཤིནྟཾ་ཀུ་རུ་ཧོཿ རྒྱས་པ་ལ༔ སརྦ་བ་ས་སིདྡྷི་སིདྡྷིཿ སརྦ་ཨ་ཡུར་སིདྡྷི་སིདྡྷིཿ སརྦ་ཤྲི་སིདྡྷི་སིདྡྷི༔ སརྦ་པུནྱེ་སིདྡྷི་སིདྡྷིཿ སརྦ་ཛྙཱ་ན་སིདྡྷིཿ སརྦ་གུ་ཎ་སིདྡྷི་སིདྡྷི༔ དབང་ལ༔ སརྦ་དེ་ཝ་ལོ་ཀ་མ་ནུ་ཝ་ཤཾ་ཀུ་རུ་ཧོ༔ དྲག་པོ་ལ༔ སརྦ་ཤ་ཏྲུཾ་བིགྞན་མ་ར་ཡཱ་ཕཊ༔ སོ་སོར་གཤམ་བུ་བྱས་པའམ༔ ཡང་ན་ཐམས་ཅད་རྫོགས་པར་བཟླས༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ བཀྲ་ཤིས་བདེ་ལེགས་དཔལ་གྱིས་ཕྱུག༔ སྣོད་བཅུད་སྲིད་ཞིའི་དགེ་མཚན་འཕེལ༔ རྒྱ་འདྲེ་གདུག་པའི་རྒྱུ་སྲང་ཁེགས༔ བསོད་ནམས་སྙན་གྲགས་ཞེས་བྱའི་ངོར། །སྤྲང་སྨྱོན་ག་གཱ་ཨ་བྷྱེས་སོ། །སུ་ལ་མི་བསྟན་བཀའ་རྒྱ་ཡོད་པ་ཡིན་ནོ། །ཨོཾ་བཛྲ་ལོཀྲི་པ་ལ་ནནཿ ས་ག་པ་ཤཱ་ནནཿ ན་ག་དུ་དུ་ནནཿ མཾ་མཾ་མ་མཾཿ ཙི་ཙ་ར་ཙི་ཙ་རཿ བཾ་རུ་ལུ་བཾ་རུ་ལུཿ རྦད་ཀྲ་ཀོ་ཤ་ཡཿ རྦད་ཀྲ་ཀོ་ཤ་ཡཿ ཧོ་ར་ཧོ་ར་གནོད་བྱེད་ཙི་ཏི་སོདཿ ཙི་ཏི་སོདཿ ལུས་ཤིག་ལྷུ་རུ་གཏུབཿ ཧ་ལ་པ་ཏི་ནནཿ འཁོར་བ་རུལཿ ཀ་ཡ་ཝཱཀྐ་ཙིཏྟ་བརླགཿ གནོད་བྱེད་འབྱུང་བོ་མ་རཱ་ཡ་ཕཊཿ ག་གཱས་སོ། །

རང་ཉིད་ཨོཾ་ལས་བཅོམ་ལྡན་གདུགས་དཀར་ནི༔ དཀར་གསལ་དབུ་སྟོང་རིགས་ལྔའི་ཁ་དོག་ཅན༔ ཕྱག་སྟོང་ཕྱག་མཚན་ལྔ་ཡིས་དགྲ་བགེགས་ཀུན༔ བཟློག་བསྒྱུར་སྤྱན་སྟོང་དུས་གསུམ་ས་ལེར་གཟིགས༔ དྲེགས་པ་ཆེ་དགུ་བསྣོལ་བའི་གདན་ལ་བཞེངས༔ རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་གཅིག་བསྡུས་པའི༔ ཐུགས་ལས་འོད་འཕྲོས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་དམ་ཡེ་གཉིས་སུ་མེད་པར་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ༔ བདུད་འཇོམས་དཔའ་བོ་ཆེ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཨོཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་ཀུན་དབང་ཕྱིན་དངོས་གྲུབ་བསྡུས༔ དྲེགས་པ་ཚར་བཅད་དགྲ་བགེགས་བྱད་ཕུར་དང་༔ ཀེག་རིགས་སྲི་གདོན་ཐམས་ཅད་ཕྱིར་ལ་བཟློག༔ འགྲོ་ཀུན་མི་མཐུན་ཕྱོུགས་ལས་རྣམ་རྒྱལ་བསམ༔ ཨོཾ་ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ༔ སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ་བྷྱོ་བཟློག༔ གདུགས་དཀར་ལུས་དཀྱིལ་འདི་འདྲ་ཞིག་དགོས་ཞེས་བསྟན་འཛིན་པས་བསྐུལ་ངོར་ག་གཱས་སོ། །


previousམགོན་པོ་གཟི་བརྗིད་རྒྱལ་པོའི་རྒྱུན་ཁྱེར་བཀྲ་ཤིས་ལྷུན་གྲུབ།next