Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབྱངས་ཅན་ལུས་དཀྱིལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབྱངས་ཅན་ལུས་དཀྱིལ་བསྡུས་པ།next

དབྱངས་ཅན་ལུས་དཀྱིལ་བསྡུས་པ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ དབྱངས་ཅན་ལུས་དཀྱིལ་བསྡུས་པ་བཞུགས༔

རྒྱལ་ཀུན་ཚངས་པའི་གསུང་གསང་འཆར་བའི་དབྱིངས་༼ དབྱངས་དཔྱད། ༽༔ གཞོམ་མེད་རྡོ་རྗེ་གསུམ་ལྡན་ན་དཱའི་དངོས༔ ཕྱག་རྒྱ་ཆེན་པོ་མཚོ་བྱུང་དགྱེས་པའི་གར༔ ཅིར་ཡང་བསྒྱུར་མཛད་ངག་དབང་དབྱངས་ཅན་མ༔ རབ་དཀར་ཟླ་བས་མི་མཚོན་མཚན་དཔེའི་ཞལ༔ ཞི་འཛུམ་གཞོན་ཚུལ་ལོངས་སྐུའི་རྒྱན་ཆས་ཅན༔ ཕྱག་གཉིས་ཏམྦུ་ར་ཡི་རྒྱུད་སྦྲེང་བས༔ བསྡུ་བ་རྣམ་བཞིའི་འགྲོ་ཀུན་རྗེས་སུ་འཛིན༔ ལུས་ལ་ཟག་མེད་བདེ་བ་ཆེན་པོ་སྤོར༔ ངག་ལ་ངག་གི་དཔལ་སྟེར་བཀྲ་ཤིས་སྦྱིན༔ ཡིད་ལ་ཡེ་ཤེས་མཆོག་གི་རྒྱས་འདེབས་པས༔ རང་བྱུང་ཡེ་ཤེས་ལྷ་མོར་རང་ཤར་པའི༔ ཐུགས་ཀར་ཟླ་བའི་གའུ་ཁ་སྦྱོར་དབུས༔ གསེར་འཁོར་རྩིབས་དྲུག་ལྟེ་བར་ཧྲཱིང་གི་མཐར༔ སྔགས་ཕྲེང་སྤུ་ཤད་ལྟ་བུའི་བསྐོར་བ་ལས༔ འོད་ཟེར་འཕྲོ་འདུས་རྒྱལ་ཀུན་དབང་བྱིན་བསྡུས༔ བདག་དང་འགྲོ་བློས་མི་ཤེས་མུན་པ་བསལ༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ངང་རྒྱས་བསམ༔ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོའི་སྔགས༔ གཅིག་དྲིལ་ངོ་བོ་ཉིད་དུ་སྔགས་སྒྲ་སྒྲོགས༔ རྩ་སྔགས་ནི༔ ཨོཾ་དེ་ཝི་སུ་གྷོ་ཥ་ཧྲིང་༔ ལས་སྔགས་ནི༔ པྲཛྙཱ་ཛྙཱ་ན་ཝཱ་ཀི་ཤཱ་ཁྱ་སརྦ་སིདྡྷི་ཕ་ལ་ཨ་ཧཱུྃ༔ ཞེས་བཟླའོ༔ ལར་གསུང་རྡོ་རྗེའི་མཐར་ཐུག་ངག་མི་ཤིགས་པའི་ཐིག་ལེ་བསྒྲུབ་གཞིར་བྱས་ཏེ་གནད་དུ་བསྣུན་པས་བསྐྱེད་རྫོགས་རྫོགས་ཆེན་གྱི་རྡོ་རྗེ་གསུམ་རོ་གཅིག་པའི་གནད་ཀྱིས་ལྷ་ཚོགས་མ་ལུས་པ་འགྲུབ་ཅིང་༔ ཤེས་རབ་ཡེ་ཤེས་ཆེན་པོའི་ངང་རྒྱས་པ་ནི་གཏན་ཚིག་གོ༔ འདི་ཀྲི་ཡ་སོགས་ཕྱི་རྒྱུད་ཀྱི་ལྷར་འདོད་པའང་གང་ཟག་གི་བློ་ཁྱད་ཀྱི་འབྱེད་པས་ན། འདིར་ལྷ་ལོངས་སྐུའི་ཆ་བྱད་དང་ལྡན་པས་བླ་མེད་ལུགས་སུ་འདྲེན་མི་ཆོག་ཅིང་། དེའི་ལུགས་ཀྱང་མེད་པར་རྣམ་པ་ཀུན་ཏུ་འགོགས་མི་ནུས་ཤིང་། གལ་ཏེ་ཀྲི་ཡ་ལྟར་འདོད་པ་ལ་ཡང་ལྷ་སྤྲུལ་སྐུའི་ཆ་བྱད་ལས་ལོངས་སྐུའི་རྒྱན་ཆས་ཅན་འོས་མིན་གཞན་ལའང་དཔྱད་པ་མཚུངས་སོ། །པདྨ་ཀཱ་རའི་གསུངས་དཀོན་མཆོག་མཚན་གྱི་བཞེད་སྐོངས་སུ་ག་གཱ་ཨ་བྷྱེས་དག་སྣང་ངོ་། །མངྒལཾ། །


previousདབྱངས་ཅན་ལུས་དཀྱིལ་བསྡུས་པ།next