Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་བྱེད་དམར་མོའི་ལུས་དཀྱིལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་བྱེད་དམར་མོའི་ལུས་དཀྱིལ་བསྡུས་པ།next

རིག་བྱེད་དམར་མོའི་ལུས་དཀྱིལ་བསྡུས་པ།

རིག་བྱེད་དམར་མོའི་ལུས་དཀྱིལ་བསྡུས་པ་བཞུགས་སོ། །

ཧཱུྃ་ཧྲཱིཿ རང་ཉིད་སྐད་ཅིག་ཡོངས་གྱུར་ལས། །ཕྱག་མཚན་ཨུཏྤལ་ཧྲཱིཿཡིས་མཚན། །གནས་གྱུར་རིག་བྱེད་དམར་མོའི་སྐུ། །གཅེར་བུ་པདྨའི་དོ་ཤལ་ཅན། །དབུ་ལ་པདྨའི་ཐོད་གདེངས་བརྒྱན། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བརྡ་ཡིག །ཞབས་གཉིས་པདྨའི་སྐྱིལ་ཀྲུང་བཞུགས༔ དཀར་འཛིན་འབུར་ཞིང་བཅུད་འཛིན་རྒྱས༔ རིན་ཆེན་ཕྲེང་བའི་མདོ་ཆིངས་སུ༔ གནས་ལྔར་རུས་པའི་ཕྱག་རྒྱ་ལྔ༔ དཀར་མཐིང་སེར་ལྗང་དར་དཔྱང་སྤུངས༔ ཟླ་བའི་རྒྱབ་ཡོལ་ལ་བརྟེན་བཞུགས༔ རི་དྭགས་ལྤགས་པས་ནུ་གཡོན་ཁེབས༔ ཕྱག་ཞབས་རཏྣའི་གདུབ་བུ་གསིལ༔ སྐུ་ལ་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ ཕྱག་གཡས་མདའ་དང་གྲི་གུག་དང་༔ གཡོན་ཕྱག་གནམ་ཏུ་བྷནྡྷ་འཛིན༔ མདའི་རྩེར་ཨུཏྤལ་མཛེས་རྟགས་ངོམ༔ གནས་གསུམ་འོད་ཀྱིས་འཕྲོ་འདུ་ལས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་བསྟིམས༔ ཕྱག་འཚལ་མཆོད་འབུལ་གུས་པས་བསྟོད༔ ཐུགས་སྲོག་ཧྲཱིཿལ་སྔགས་ཀྱིས་བསྐོར༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཆོད་པས་མཆོད་ཅིང་བསྟོད་པས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྡིག་ལྟུང་དམ་ཚིག་ཉམས་ཆགས་བཤགས༔ མཚན་རྟོག་ཆོས་ཀྱི་དབྱིངས་སུ་བསྡུ༔ སླར་ཡང་སྒྱུ་མའི་ལྷ་སྐུར་བཞེངས༔ དགེ་བས་འགྲོ་ཀུན་སངས་རྒྱས་ཤོག༔ དུས་གསུམ་ཀུན་ཏུ་བཀྲ་ཤིས་ཤོག༔ བསོ་རྡོར་བས་བསྐུལ་ངོར་ག་གཱས་སོ། །ཚོགས་མཆོད་འབུལ་ན༔ རྃ་ཡྃ་ཁྃ༔ ཚོགས་ཀྱི་ཉེས་སྐྱོན་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས༔ རང་བཞིན་དབྱིངས་ནས་ཡེ་ཤེས་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཱ་ཎ་ཙཀྲ་བཛྲ་ས་མ་ཡཱ་ཛ་ཛ༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་ཀུན༔ གཱ་ཎ་ཚོགས་ཀྱི་མཆོད་པས་བཤགས༔ བདག་ལྟ་ཁམས་གསུམ་འཁོར་བའི་འདྲེ༔ བདག་མེད་རྟོགས་པའི་སྟོབས་ཀྱིས་བསྒྲལ༔ ཆོས་ཉིད་སྟོང་པའི་དབྱིངས་སུ་བསྟབ༔ འཁྲུལ་མི་ཤེས་པའི་ངང་དུ་རོལ༔ མ་ཧཱ་ཏ་ན་པཱུ་ཙ་ཁཱ་ཧི༔ ལྷག་སྐྱོང་ཕོ་མོ་ལྷག་ལ་རོལ༔ ཆད་དོན་ཐ་ཚིག་གཏོར་མ་འབུལ༔ སྔོན་ཚེ་ཁས་བླང་དམ་བཅས་བཞིན༔ བསྟན་པ་བསྲུང་བའི་ཕྲིན་ལས་མཛོད༔ མ་ཧཱ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དམ་སྲི་འགབ་འདྲེ་ལོག་འདྲེན་ཀུན༔ མནར་བ་མེད་པའི་ངང་དུ་མནན༔ འཕར་ལྡངས་གཡོ་མགུལ་མེད་པ་རུ༔ ཆོས་བདུན་ལྡན་པའི་བྲོ་རྒྱས་གདབས༔ ཞེས་སོ། །བླ་མ་དམ་པ་ཐེག་མཆོག་གི་གསུང་བསྐུལ་བཞིན་དུ་ཁ་ལ་བབས་བབས་སུ་ག་གཱས་སྨྲས་སོ། །ཚིག་བཅད་ཕྱི་མ་འདིའི་དོན་ཐུགས་ལ་བཅག་པར་ཞུ་ཞུ་ཞུ།


previousརིག་བྱེད་དམར་མོའི་ལུས་དཀྱིལ་བསྡུས་པ།next