Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཟའ་བཏུང་ལམ་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཟའ་བཏུང་ལམ་ཁྱེར།next

བཟའ་བཏུང་ལམ་ཁྱེར།

བཟའ་བཏུང་ལམ་ཁྱེར་བཞུགས་སོ༔

ཨོཾ་ཨཱཿཧཱུྃ༔ རང་གི་ལུས་ངག་ཡིད་གསུམ་ནི༔ གདོད་ནས་མ་བཅོས་མངོན་སངས་རྒྱས༔ འདོད་པའི་ཡོན་ཏན་ཐམས་ཅད་ཀུན༔ ཕྱི་ནང་སྒེག་མོར་རྣམ་པར་དག༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཚིམ་པ་དྲུག་ལྡན་རོལ་བ་རུ༔ དགྱེས་མཉམ་བྱང་ཆུབ་སེམས་ཀྱིས་མཆོད༔ དང་དུ་བླང་བའི་དམ་ཚིག་མཐུས༔ ཉམས་ཆགས་སྡིག་སྒྲིབ་ཀུན་བྱང་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཅིག༔ མཆོག་ཐུན་དངོས་གྲུབ་ཡོངས་ཐོབ་ཅིང་༔ མཐར་ཐུག་འབྲས་བུ་མངོན་གྱུར་ཤོག༔ ཅེས་སམ་ཡང་བསྡུ་ན། ཨེ་མ་ཧོཿ འཁོར་འདས་ལུས་དང་སེམས་ལ་རྫོགས༔ འདོད་ཡོན་ལྔ་ལྡན་སྦྱིན་སྲེག་གིས༔ ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ བཛྲ་མ་ཧཱ་སིདྡྷི་ཧོ༔ ཅེས་ཀྱང་ཤྲཱི་བས་སོ། །


previousབཟའ་བཏུང་ལམ་ཁྱེར།next