Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུས་སྦྱིན་ཚོགས་གཉིས་མྱུར་རྫོགས།
   
   
   
   
   
   
   
   
   
   
   
   


 
previousལུས་སྦྱིན་ཚོགས་གཉིས་མྱུར་རྫོགས།next

ལུས་སྦྱིན་ཚོགས་གཉིས་མྱུར་རྫོགས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ལུས་སྦྱིན་ཚོགས་གཉིས་མྱུར་རྫོགས་བཞུགས༔

ཕཊཿ རང་སེམས་སྐད་ཅིག་སྟེང་གི་ནམ་མཁར་འཕོས༔ དྲན་རྫོགས་རྡོ་རྗེ་བླ་མའི་ཕྱག་རྒྱར་བཞེངས༔ རྣམ་སྨིན་ཕུང་པོ་ཀུན་བཟང་མཆོད་པའི་སྤྲིན༔ གདོད་ནས་རྣམ་དག་ཡེ་ཤེས་བདུད་རྩིར་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕཊ་ཕཊ་ཕཊཿ མཆོད་སྦྱིན་གནས་ཡུལ་མ་ལུས་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕཊ་ཕཊ་ཕཊཿ རང་རྩལ་ལས་ཀྱི་སེམས་མ་དཔག་མེད་ཀྱིས༔ མཉེས་མཆོད་ཕུལ་བས་བདེ་སྟོང་རོས་ཚིམ་ནས༔ བདག་དང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི༔ ཚོགས་རྫོགས་སྒྲིབ་དག་དོན་གཉིས་ལྷུན་གྲུབ་ནས༔ སླར་ཡང་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ ཆོས་ཉིད་ནམ་མཁའ་རྣམ་དག་ངང་དུ་ཨཱ༔ དེ་མཐར་ཆོས་ཀྱི་སྦྱིན་པས་རྒྱས་པར་བྱ། །ཚེགས་ཆུང་དོན་ཆེ་ཟབ་ལམ་སྙིང་པོ་འདི། །ཨ་བྷྱེ་ཤཱི་ལ་ཞེས་བྱས་བསྐུལ་བའི་ངོར། །དུས་མཐའི་སྔགས་མིང་ག་གཱ་ཨ་བྷྱེས་སོ། །


previousལུས་སྦྱིན་ཚོགས་གཉིས་མྱུར་རྫོགས།next