Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་ཁྲོས་མ་ནག་མོའི་སྒོ་ནས་དུས་མིན་འཆི་ཞགས་གཅོད་པའི་གྲི་གུག
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་ཁྲོས་མ་ནག་མོའི་སྒོ་ནས་དུས་མིན་འཆི་ཞགས་གཅོད་པའི་གྲི་གུགnext

མཁའ་འགྲོ་ཁྲོས་མ་ནག་མོའི་སྒོ་ནས་དུས་མིན་འཆི་ཞགས་གཅོད་པའི་གྲི་གུག

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ མཁའ་འགྲོ་ཁྲོས་མ་ནག་མོའི་སྒོ་ནས་དུས་མིན་འཆི་ཞགས་གཅོད་པའི་གྲི་གུག་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ དུར་གཅོད་རིམ་པ་མང་པོ་ལས༔ བསྡུ་ན་གཞུང་ལྟར་བྱེད་པས་འཐུས༔ དེ་ལ་ཡན་ལག་ས་བཅད་ཀྱི༔ རྣམ་གྲངས་དང་པོའི་དུམ་བུ་ནི༔ ཕཊ༔རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་གིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་མྱུ་གུ་རྩད་ནས་གཅོད་པར་མཛད་ཅིང་༔ གཡོན་པས་སྲིད་རྩ་ཆགས་སྲེད་ཀྱི་ཁྲག་མཚོ་བཏུང་བར་མཛད་པའི་ཐོད་ཁྲག་ཐུགས་ཀར་བརྟེན་ཅིང་༔ ཐབས་ཤེས་གཉིས་སུ་མེད་པའི་ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྣམས་པ༔ གར་ ༼ དར་དཔྱད། ༽ དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ༔ འཁོར་དུ་མ་འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་གྲངས་མེད་པས་བསྐོར་ནས་གནས་པར་བསམ༔ ཕཊ༔ ཅེས་སམ༔ ཡང་ན་བསྐྱེད་ཆོག་རྒྱས་ལྟར་བྱ༔ བར་འདིར་ཚེ་འདས་རྣམ་ཤེས་ནི༔ ཁྲོས་མའི་ངོ་བོ་བསྲེ་འཕོ་བྱ༔ དེ་ནས་བདེན་པའི་སྟོབས་བརྗོད་ནི༔ ན་མོ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ༔ རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡའི་བརྒྱུད་པ༔ གང་ཟག་སྙན་ཁུང་གི་བརྒྱུད་པ༔ བཀའ་བབས་ལུང་བསྟན་གྱི་བརྒྱུད་པ༔ ཤོག་སེར་ཚིག་གི ༴ མཁའ་འགྲོ་གཏད་རྒྱའི ༴ སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ལ་སོགས་པའི་བཀའ་བདེན་པ་དང་༔ རྒྱ་ཆེ་བ་ཟབ་མོའི་མདོ་དང་༔ དོན་བརླིང་བ་གསང་སྔགས་རྡོ་རྗེ་ཐེག་པ་ཀུན་གྱི་སྙིང་པོ་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་དོན་བརྒྱུད་ཁྱད་པར་ཅན་དམ་པའི་ཆོས་ཞི་བྱེད་བདུད་གཅོད་ཟབ་མོའི་བཀའ་བདེན་པ་དང་༔ རིམ་བརྒྱུད་བྱིན་རླབས་ཀྱི་མངའ་བདག་རྣལ་འབྱོར་རྩལ་འཆང་མཆོག་གི་དགེ་འདུན་རྒྱ་མཚོའི་བཀའ་བདེན་པ་དང་༔ གཞན་ཡང་ཡི་དམ་མ་ཅིག་ཁྲོས་མ་ནག་མོ་ཞི་ཁྲོ་རིགས་ལྔའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་༔ རྒྱུད་སྡེ་བཞི་དྲུག་གི་ཐེག་རིམ་དགུའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་༔ ཆོས་ཉིད་གདོད་ནས་སྟོང་ཞིང་བདག་མེད་དང་ཆོས་ཅན་རང་བཞིན་རྣམ་པར་དག་ཅིང་རྟེན་འབྱུང་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས་ཚེ་ལས་འདས་པ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ཀྱིས་སྲོག་འཕྲོག་པར་བྱེད་པའི་གནོད་བྱེད་འབྱུང་པོ་གྲི་སྲི་འགགས་སྲི་འགབ་འདྲེ་གཞོན་སྲི་རྒན་སྲི་དར་སྲི་ནད་སྲི་ཤི་སྲི་ཕུང་འདྲེ་ཐམས་ཅད་འགགས་ཐག་འདི་ལ་གཉིས་མེད་དུ་ཁུག་ཅིག༔ ཅེས་དང་༔ དེ་ནས་འགགས་ཐག་བཅད་པ་ནི༔ ཕཊ༔ ཕཊ༔ ཕཊ༔ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཀུན་ཏུ་བཟང་པོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཁྲོས་མ་ནག་མོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ སངས་རྒྱས་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ རྡོ་རྗེ་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི་༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ རིན་ཆེན་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ པདྨ་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཀརྨ་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ དམ་ཚིག་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤ་ཟ་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔མཁའ་སྤྱོད་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ས་སྤྱོད་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལས་བྱེད་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱི་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱེ་བ་འབུམ་ཕྲག་མཁའ་འགྲོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་ཡེ་ཤེས་མཁའ་འགྲོའི་བཀའ་སྡོད་ཆེ༔ ཆོས་སྐྱོང་སྲུང་མ་དབྱིངས་ནས་བཞིངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཕཊཿ ཕཊཿ ཕཊཿསངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ བཀའ་བརྒྱུད་བླ་མ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་མཆོག༔ ཡི་དམ་ལྷ་ཚོགས་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཆེ་བའི་ཡོན་ཏན་ཀུན་ལྡན་པ༔ དུས་གསུམ་སངས་རྒྱས་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔རང་བཞིན་བདེན་དོན་བསླུ་བ་མེད༔ ཆོས་སྐུ་རྣམ་གཉིས་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཐུགས་རྒྱུད་རྟོགས་པ་འདུ་འབྲལ་མེད༔ དགེ་འདུན་རྒྱ་མཚོ་དབྱིངས་ནས་བཞེངས༔ ཞི་བའི་ལས་ཀྱིས་མི་འདུལ་པའི༔ སེམས་ཅན་ལས་ངན་འདི་ཉིད་ལ༔ དྲག་པོའི་ཕྲིན་ལས་མཛད་ནས་ཀྱང་༔ བསྒྲལ་འདྲེན་སྙིང་རྗེ་རྔམ་པར་སྤྱོད༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ༔ གྲི་སྲི་ཤི་སྲི་གཅད་དུ་གསོལ༔ འགགས་སྲི་ལྕེབ་སྲི་གཅད་དུ་གསོལ༔ དམ་སྲི་ཕུང་སྲི་གཅད་དུ་གསོལ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཕཊཿ ཕཊཿ ཕཊཿ ཅེས་བསྐུལ་བའི་རྗེས་སུ༔ ཕཊཿ མ་ཁྲོས་མ་ནག་མོ་ལ་སོགས་པའི༔ སྐུ་གསུམ་མཁའ་འགྲོའི་ཕྲིན་ལས་མཚོན༔ ཚར་གནོན་གྲི་གུག་འབར་བ་འདིས༔ རྩེ་མོ་རྡོ་རྗེའི་ཁུང་སེང་ལ༔ རྩ་བརྒྱུད་བླ་མའི་དཀྱིལ་འཁོར་རྫོགས༔ ཡེ་ཤེས་ལྔ་ལྡན་རྭ་གདེང་ལ༔ རིགས་ལྔ་ཞི་ཁྲོ་དེ་ལ་འདུས༔ འཆང་ཟུང་པདྨ་ཁ་སྦྱོར་ལ༔ སྐུ་གསུམ་མཁའ་འགྲོ་མ་ལུས་བཞུགས༔ རྒྱ་མདུད་ཆོས་འབྱུང་འབར་བ་ན༔ ཕྲིན་ལས་སྒྲོལ་ཀིང་སྲུང་མ་སྟེ༔ ཁམས་གསུམ་སྐྱེ་ཤི་རྩད་གཅོད་ཀྱི༔ མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས༔ རྡོ་རྗེ་རལ་གྲིའི་མ་ལུས་གཅོད༔ རྣོ་དབལ་རྩེ་མོའི་འོད་ཟེར་ནི༔ དཀྱིལ་འཁོར་ཐུགས་རྗེའི་བྱིན་རླབས་ཀྱིས༔ གྲི་བོ་ཤི་གཤེད་ལས་ངན་པོའི༔ ཕཊ་དྲལ་སྙིང་ཀའི་སྒོ་ཕྱེས་ནས༔ རིགས་དྲུག་ས་བོན་གཉིད་དང་བཅས༔ ལས་ངན་བག་ཆགས་ཀུན་སྦྱངས་བསམ༔ ཕཊ་ཨ་ཨ་ཤུདྡྷེ་བི་ཤུདྡྷེ་སརྦ་པཱ་པཾ་ཤུདྡྷེ་ཕཊ་སྭཱ་ཧཱ༔ ཕཊཿ གྲི་གུག་སྙིང་ཁར་གདབས་པ་ཡིས༔ ཚེ་དང་བསོད་ནམས་མཐུ་ནུས་སྟོབས༔ རྣལ་འབྱོར་གཟི་བྱིན་ཕུལ་ཕྱུང་གྱུར༔ ཕཊཿ ཕཊཿ ཕཊཿ སླར་ཡང་གཟེར་པོའི་ཡེ་ཤེས་སེམས༔ ཁུང་སེང་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ཞུགས་དབྱེར་མེད་རོ་གཅིག་གིས༔ ཀློང་བརྒྱུད་སྐུ་གསུམ་འབྲས་བུའི་མཆོག༔ མངོན་གྱུར་རྫོགས་པའི་སངས་རྒྱས་ནས༔ འཁྲུལ་མི་ཤེས་པའི་གདེངས་ཐོབ་གྱུར༔ ཕཊཿ ཕཊཿ ཕཊཿ ཆོས་མིན་ཤེས་རབ་ཆེན་པོའི་ངང་༔ སྲོག་མེད་སྐུ་ལྔའི་ཕྲིན་ལས་མཚོན༔ སྐྱེ་བའི་མ་རིག་སྲོག་རྩར་གདབས༔ རྟོག་གཉིས་ཞགས་པ་འདི་བཅད་པས༔ སྡུག་བསྔལ་མྱུ་གུ་དྲུངས་ཕྱུང་ནས༔ ཡུམ་ཆེན་ས་ལ་འཁོད་པར་ཤོག༔ ཕཊཿ ཕཊཿ ཕཊཿ དེ་ནས་མདུན་དུ་མེ་ཐབ་ནི༔ དུག་ཤིང་ཚེར་མ་སོགས་ཀྱིས་བཅའ༔ ནི་པདྨ་ཊཱཀྐི་ནི་བཛྲ་ས་མ་ཡ་ཛ༔ ཞེས་བརྗོད་པས་མེ་ཉིད་ཡུམ་ཆེན་གོས་དཀར་མོར་པདྨ་མཁའ་འགྲོར་སྐད་ཅིག་གིས་གསལ་བའི་འོད་ཟེར་གྱིས་ནུབ་ཕྱོགས་རང་བཞིན་སྤྲུལ་བའི་ཞིང་ཁམས་ནས་རྟེན་དང་བརྟེན་པར་བཅས་པ་བསྟིམ་པའི་སྐུ་ལ་ལུས་དཀྱིལ་དུ༔ གནས་ལྔར་མཁའ་འགྲོ་ཁྲོས་མ་སྡེ་ལྔ༔ སྙིང་ཁར་ཞི་བ༔ སྤྱི་བོར་ཁྲག་འཐུང་༔ མགྲིན་པར་རིག་འཛིན་བླ་མའི་དཀྱིལ་འཁོར༔ ལྟེ་བར་འབུམ་ཕྲག་ཡངས་པའི་མཁའ་འགྲོ༔ གསང་གནས་སུ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་བཀའ་སྲུང་དུ་བསྐྱེད་གསལ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་ཏི་ཀཱ་ལི་བཾ་ཧ་རི་ནི་ས་གུ་རུ་དྷེ་ཝ་ཊཱཀྐི་ནི་རཏྣ་ཧྲཱིཿཧཱུྃ༔ ཞེས་བརྗོད་ལ༔ ཧཱུྃ༔ དབྱིངས་ཕྱུག་ཁྲོས་མ་ལྷ་ལྔ་དང་༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ གཤེད་པོ་ལས་ངན་སྡིག་ཅན་འདིའི༔ བསོད་ནམས་ཚོགས་གཉིས་རྫོགས་པའི་ཕྱིར༔ ཕུང་པོ་ཁམས་དང་སྐྱེ་མཆེད་ནི༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ ནང་གི་མཆོད་པ་རྣམ་པར་དག༔ ཏིང་འཛིན་རོལ་མོའི་བྱིན་རླབས་ཏེ༔ ཞལ་དུ་བསྟབས་པོ་ཁ་རཾ་ཁཱ་ཧི༔ གཤེད་པོའི་འཁྲུལ་པ་དབྱིངས་སུ་ཞིག༔ རྒྱལ་ཁམས་སྤྱོད་ངན་རྒྱུན་ཆོད་དེ༔ གྲི་སྲི་འགགས་སྲི་ཤི་སྲི་དང་༔ ལྕེབ་སྲི་ཕུང་སྲི་ལ་སོགས་པའི༔ འཁོར་པའི་རྒྱ་མཚོ་སྟོངས་གྱུར་ཅིག༔ མ་ཧཱ་མཾ་ས་རཀྟ་ཏི་ལ་ཨ་མྲ་ཏ་པཉྩ་པཱུ་ཛ་ཁཱ་ཧི་ཁ་ཧཱི༔ ཅེས་བརྗོད་ལ་ནི་མི་ཞིག་ཕྱིར༔ ཁྲོས་མ་གཞུང་གི་བྲོ་རྒྱས་གདབས༔ དེ་ནས་གཤིན་འཕོ་སོགས་ལ་འཇུག༔ པྲཛྙཱ་མ་ཏིའི་བསྐུལ་བའི་ངོར༔ སྔགས་རྒན་ག་གཱ་ཨ་བྷྱེ་ཡིས༔ མཁའ་འགྲོའི་ཀློང་མཛོད་ཆེ་ལས་བསྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགེའོ། །སརྦ་མངྒ་ལཾ། །ལེགས་སོ། །སེང་སྒྲ་གྲགས་ལེ་དགོས། འདོན་འགྲིགས་ནི། དབང་སྡུད་ཟིལ་གནོན་མཐར་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་བླ་མའི་རྣལ་འབྱོར་ཡན་གྲུབ་ནས། ཤི་གཤེད་ཕྲལ་ཞིང་འདུལ་བའི་སླད་དུ་ཕཊ་རང་ཉིད་སྐད་ཅིག་སོགས་གཞུང་ལ་འཇུག་ནས་རྫོགས་མཐར། ཚེ་འདས་ཀྱི་རྣམ་ཤེས་རྗེས་འཛིན་པའི་སླད་དུ་འཕོ་ལུང་དང་། དེའི་རྗེས་སུ་བྱ་འབོད་བྱེད་ན་དེའི་ཚུལ་ཚོགས་ལུས་སྦྱིན་དང་བཅས་པ་བྱ་འབོད་ཀྱི་གཞུང་ལྟར་འཇུག །མ་བྱས་ན། ཕུང་པོ་ཚོགས་སུ་བསྒྱུར་ནས་མགྲོན་བཞི་འཚེང་བའི་ཕྱིར་དུ་ལུས་སྦྱིན་བྱ་ཞིང་མཐར་དགེ་བ་བསྔོའོ། །ཅེས་ཀྱང་ག་གཱས་སོ། །


previousམཁའ་འགྲོ་ཁྲོས་མ་ནག་མོའི་སྒོ་ནས་དུས་མིན་འཆི་ཞགས་གཅོད་པའི་གྲི་གུགnext